དཔལ་ལྡན་ལྷ་མོ་དུད་གསོལ་མའི་སྒྲུབ་ཐབས།


TNT15_Page_1014
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ཡུམ་གྱུར་རྡོ་རྗེ་མཁའ་འགྲོ་མ། །མ་མོ་གཙོ་མོའི་ཚུལ་བཟུང་ནས། །རྡོ་རྗེ་འཛིན་པའི་བསྟན་པ་སྐྱོང༌། །དེ་ལ་བཏུད་ནས་སྒྲུབ་ཐབས་བཤད། །དཔལ་ལྡན་དུད་གསོལ་མར་གྲགས་པ་འདོད་ཁམས་དབང་ཕྱུག་མའི་སྒྲུབ་ཐབས་བཤད་པར་བྱའོ། །དེ་ལ་སྟེགས་བུ་གྲུ་བཞི་ལ་འབྲུབ་ཁུང་གྲུ་


TNT15_Page_1015
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། དེའི་དབུས་ཀྱི་ཐོད་པའི་ཟླུམ་སྐོར་ནང་ཟུར་གསུམ་དུ་རྡོ་རྗེ་ཕྱེད་པ་གསུམ་གྱིས་མཚན་པ། དབུས་སུ་ནས་ནག་གི་ཚོམ་བུ་བཀོད། མདུན་དུ་མཉྫི་ལ། ར་ནག་དང་བྱ་ནག་གི་ཤ་གཙོ་བོར་གྱུར་པའི་ཤ་ཁྲག་སྣ་ཚོགས་པས་སྦགས་པའི་གཏོར་མ་ཆེ་བ་ཞིག་བཤམ། མཆོད་པ་སྣ་ཚོགས་པས་མཐའ་བསྐོར། བདག་བསྐྱེད་བརྒྱུད་པ་འདི་ཉིད་དང་མཚུངས་པའི་དགེས་རྡོར་མ་ཡ་གདན་བཞི་ལ་སོགས་པའམ། ཁྲོ་བོ་གང་ཡང་རུང་བའི་མངོན་རྟོགས་སྔོན་དུ་འགྲོ་བས་མཆོད་པ་བྱིན་གྱིས་བརླབས། མདུན་དུ་སྐད་ཅིག་གིས་ལྷ་མོ་དུད་གསོལ་མ་བཞུགས་པའི་སྙིང་གར། ཨོཾ་དཀར་པོ་ལ་གནས་པའི་ར་ཡིག་དམར་པོ། ར་ལས་མེ་འོད་འཕྲོ་བ། སྐུ་ལུས་སྐད་ཅིག་གིས་བསྲེག །ཨོཾ་དེའི་སྟེང་དུ་བཾ་ཡོངས་སུ་གྱུར་པ་ལས་བུམ་པ་དཀར་པོ་བདུད་རྩིས་གང་བ། དེ་ལས་བདུད་རྩི་ལུད་དེ། ཨོཾ་བཀྲུས་པས་འོད་ཟེར་དཀར་པོ་རབ་ཏུ་འབར་བར་གྱུར། ཨོཾ་ཨཾ་མཧཱ་ཀ་ལི། དི་ཝཱི་ཀ་ར་ལི། བི་ཀྲནྟ་ཙཎྜ་རུ་པི་ཎི་ཧཱུཾ་ཕཊ། དེ་ཉིད་སྐད་ཅིག་གིས་དཔལ་ལྡན་ལྷ་མོའི་སྐུར་གྱུར་པ་ནི། སྐུ་མདོག་ནག་མོ། ཀེང་རུས་ལྟར་སྐེམ་པའི་ལུས་ཅན། ཞལ་གཅིག་ཕྱག་བཞི་ཞབས་གཉིས་པ། གཡས་ཀྱི་དང་པོ་ན་རལ་གྲི། གཉིས་པ་ན་པཉྫ་དམར་ཆེན་གྱིས་བསྐྱིལ་བ། གཡོན་གྱི་དང་པོ་ན་ཤཀྟི། གཉིས་པ་ཏྲི་ཤུ་ལ་དར་དཔྱངས་ཅན་འཛིན་པ། མི་རོ་རེངས་པ་ཁར་བཅུག་


TNT15_Page_1016
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མཆེ་བ་གཙིགས་པ། སྤྱན་གསུམ་དམར་བ། དབུ་སྐྲ་རལ་པ་དམར་སེར་གྱེན་བརྫེས་ལན་བུ་གཡོན་དུ་འཁྱིལ་བ། སྦྲུལ་དང་ཐོད་འཕྲེང་གིས་བརྒྱན་པ། སྙན་གཡས་ན་དྲིལ་བུའི་མགུལ་རྒྱན་ཅན་གྱི་སྦྲུལ་དང༌། གཡོན་ན་སེང་གེས་བརྒྱན་པ། མེ་ཏོག་དང་དར་ནག་གི་ཅོད་པན་ཅན། ལྷ་མ་ཡིན་གྱི་མགོ་བོའི་དོ་ཤལ་བྱས་པ། གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང༌། བ་གླང་གི་པགས་པ་རེ་ལྡེ་སེར་པོའི་ཤམ་བུ་ཅན་གྱིས་སྨད་དཀྲིས་པ་ལ། ཀླུའི་རྒྱལ་པོ་བཤིགས་པས་སྐེ་རགས་བྱས་པ། ལྕགས་སྒྲོག་གིས་བརྒྱན་པའི་ཞབས་གཉིས་བོང་བུ་གྭ་པའི་སྟེང་ན་བཙན་བསྐྱིལ་གྱིས་བཞུགས་པ། དུར་ཁྲོད་ཀྱི་དབུས་ན་སྒྲ་དྲག་པོ་སྒྲོག་ཅིང༌། མ་མོ་མཁའ་འགྲོ་ཤ་ཟ་འབུམ་སྡེས་བསྐོར་བ། དེའི་ཐུགས་ཀར་ཐུགས་ཀྱི་ཡེ་ཤེས་མར་མེ་ལྟར་འབར་བ་སྒོ་ངའི་དབྱིབས་ཅན་སོར་བཞི་པ། དེའི་དབུས་སུ་ཧཱུཾ། མཐའ་སྐོར་དུ་ཨོཾ་ཧཱུཾ་ཤྲཱི་ཡ། དེ་ཝཱི་ཀ་ལི་མཧཱ་ཀ་ལི་ཧཱུཾ་བྷྱོཿ ཞེས་པས་བསྐོར་བར་གྱུར། ཐུགས་ཀའི་ཧཱུཾ་ལས་ཧཱུཾ་གཅིག་ཆད་དེ་བྷ་གར་ཐིམ། བཛྲ་ལཱ་སྱ་རཱ་ག་ཡ་མི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། རང་བཞིན་གྱིས་གྲུབ་པའི་ལྷ་མོ་དཔལ་ནག་མོ་འབུམ་སྡེ་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས། ཨོཾ་ཤྲཱི་ཡ་དེ་ཝཱི་ཀ་ལི་ཀ་ལི་


TNT15_Page_1017
[མ་དཔེ་གཟིགས་ན་འདིར་གནོན།]

མཧཱ་ཀ་ལི་ཧཱུཾ་བྷྱོཿ དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿ ས་མ་ཡ་སྟྭཾ། ས་མ་ཧོ། ཞེས་པས་གཉིས་སུ་མེད་པར་ཐིམ། འཁོར་ནག་མོ་འབུམ་སྡེ་ཐམས་ཅད་ཀྱང་གཅེར་བུ་རལ་པ་ཅན། གཡས་མི་སྙིང་དང༌། གཡོན་བནྡྷ་སྐྲ་ཅན་ཐོགས་པའོ། །ཐམས་ཅད་ཀྱི་ཐུགས་ཀར་ཡང་བྷྱོཿཡིག་གིས་མཚན་པ། དུད་པའི་གསོལ་བ་མ་ཁྱོད་ཀྱི་སྐུ་མྱུར་དུ་སྟོན་ཅིགསྐུ་མི་སྟོན་ན་ཡང་ཡིད་ལ་གང་འདོད་པ་དེ་གྲུབ་པར་གྱིས་ཤིགནང་མཆོད་གཏོར་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་ཧ་ན་ཧ་ན་བཛྲ་ས་མ་ཡ་མ་ཏི་ཀྲ་མ་ནཾ་ཧཱུཾ་ཕཊ། ཅེས་དམ་ལ་བཞགཨོཾ་ཧཱུཾ་ཤྲི་ཡ་སོགས་སྙིང་པོའི་མཐར། བཛྲ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཕཊ། དེ་བཞིན་དུ། དྷུ་པེ། གནྡྷེ། ནཻ་ཝེ་ཏེ། ཨཱ་ལོ་ཀེ། ཞེས་སྦྱར། གཏོར་མའི་ནང་དུ་ཧ་སེར་པོ་ཧོ་དཀར་པོ་ཧྲཱིཿསྔོན་པོ་དེ་རྣམས་ཀྱི་འོད་ཀྱིས་ཁ་དོག་དྲི་རོ་ངན་པ་བཅོམ་སྟེ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཧ་ཧོ་ཧྲིཿསྭཱཧཱ། ལན་གསུམ་བརྗོད། ཨོཾ་ཧཱུཾ་སོགས་ཀྱིས་མཐར། ཨོཾ་མཧཱ་མཾ་ས་ཁཱ་ཧི། མཧཱ་གོ་རོ་ཙ་ན་ཁཱ་ཧི། མཧཱ་བ་སུ་ཏ་ཁཱ་ཧི། ཨི་དཾ་བཱ་ལིཾ་གྲྀཧྞ་གྲྀཧྞ་པཱ་ཡ་ཧཱུཾ་ཕཊ་སྭཱཧཱ། ཞེས་ལན་བདུན་གྱིས་ཕུལ་བས་འཁོར་དང་བཅས་པས་


TNT15_Page_1018
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བར་བསམ། བར་འདིར་བསྟོད་པ་ཏིལ་མར་མེ་དང༌། གཞན་ཡང་བསྟོད་པའི་བྱེ་བྲག་ཅི་ཤེས་ཀྱིས་བསྟོད་པ་ཡིན་ལ། བསྡུ་ན། དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །རང་དོན་སྒྲུབ་ཕྱིར་རྣམ་ཐར་ལ་གཞོལ་ཡང༌། །སྙིང་རྗེའི་དབང་གིས་རྗེས་ལ་ཐོབ་པ་ཡི། །ཤེས་རབ་སྣ་ཚོགས་དག་གིས་འགྲོ་དོན་མཛད། །ལྷོ་ཕྱོགས་གཤིན་རྗེའི་ཕོ་བྲང་རྟག་ཏུ་གནས། ཁམས་གསུམ་སྐད་ཅིག་ཙམ་གྱིས་སྐོར་བར་བྱེད། །གཞན་ལ་དབང་བསྒྱུར་འདོད་ཁམས་ཡ་མཐར་ཕྱིན། །དབང་ཕྱུག་ཆེན་པོའི་སྐུ་ལ་དགྱེས་འཁྲིལ་མ། །ལྷ་དབང་བརྒྱ་བྱིན་ལྷ་མིན་དབང་པོ་དང༌། །ཚངས་པའི་རྒྱལ་པོ་ས་འོག་དབང་པོ་དང༌། །རྒྱལ་ཆེན་བཞི་ལ་སོགས་པས་ཕྱག་བྱས་མ། །བདུད་དང་གཤིན་རྗེའི་རྒྱལ་པོ་འདར་ཞིང་འདུད། །མཚན་མོ་ནག་མོ་ཤིན་དུ་གཏུམ་པའི་གཟུགས། །མ་མོ་སྲིན་མོའི་ཚོགས་རྣམས་འདར་ཞིང་དངངས ། །ཕྱོགས་བཅུའི་དུག་བསྡུས་ཉི་མ་ཚིམས་པར་མཛད། །ནད་རྣམས་སློང་བྱེད་ནད་བདག་དམ་ལ་འདུ། །བདུད་རྩིའི་བདུད་བསྡུས་ཟླ་བར་ཐིམ་མཛད་མ། །ནད་ཡམས་གཅོད་མཛད་སྨན་མོ་དམ་ལ་འདུ། །གང་ཞིག་ཁྱོད་ལ་དད་ན་མ་བས་བྱམས། །ལྷ་མོ་ཁྱོད་ལ་བདག་གིས་རྟག་ཏུ་བསྟོད། །རཀྟ་དང་ཆང་གཏོར་མ་ལ་གཏོར་ཞིང༌། ཨོཾ་རོ་རུ་རོ་རུ་བི་ཏིཥྛ། བ་ཏོ་སི། ཀ་མ་ལ་རཀྵ་སི་ཧཱུཾ་བྷྱོཿ དགྲ་


TNT15_Page_1019
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་མ་ར་ཡ་ཧཱུཾ་ཕཊ། ཅེས་བརྗོད། སྔགས་དེ་ཉིད་དམ། ཨོཾ་ཧཱུཾ་ཤྲི་སོགས་གང་འགྲུབ་བཟླ། མཆེ་བའི་ཕྱག་རྒྱ་ཁའི་གྲྭར་བཅས་ལ། ཨོཾ་བྷྱཿབརྟ་ལི་བརྟ་ལི་ཚེ། ཁ་ཕྲུས་བཏབ་ལ། ཧཱུཾ། དུར་ཁྲོད་བདག་མོ་དངོས་གྲུབ་ཞལ། །གཏུམ་མོ་བརྩིགས་བྱེད་ཡི་དྭགས་ཁ། །དམ་ཚིག་སྲུང་མ་ཁྲག་དགའ་མོ། །ཀ་ལིའི་སྒྲ་སྒྲོགས་སྦྱོར་ཟིན་མ། །དུར་ཁྲོད་རོ་ཡི་ཚལ་དབུས་སུ། །ཚོགས་དང་ཕོ་ཉར་བཅས་པ་རུ། །གཙིགས་བྱེད་ལྷ་མོ་དུད་གསོལ་མ། །གསོལ་ཞིག་བཞེས་ཤིག་དམ་ཚིག་ལྷ། །གནས་ནས་གནས་སུ་མཛད་དུ་གསོལ། །བདག་གི་སེམས་ལ་ཅི་འདོད་པ། །དེ་ནི་ཁྱོད་ཀྱིས་གྲུབ་པར་གྱིས། །བདག་གིས་ལས་ནི་ཅི་བྱེད་ཀྱང༌། །དེ་ལ་ཀུན་གྱི་གྲོགས་གྱིས་ཤིག །གྲྀཧྞ་གྲྀཧྞ་སརྦ་དུཥྟཾ་བྷཀྵ་བྷཀྵ། ཕྲེཾ་ཕྲུཾ་ཕྲིཾ་ཕྲོཾ་ཕཊ་སྭཱཧཱ། ཞེས་བརྗོད་ལ་སེ་གོལ་གདབ། འཕྲིན་ལས་བཅོལ། འདོད་དོན་གསོལ་བཏབ་གང་འོས་བྱ། དེ་ལྟར་བགྱིའོ། །ཞེས་ཞལ་གྱིས་བཞེས་པར་བསམ། གཏོར་མ་གཙང་སར་བཏང༌། དགེ་བ་བསྔོ། འདིའི་རྗེས་གནང་བྱ་བར་འདོད་ན། མཎྜལ་གྲུ་གསུམ་གྱི་སྟེང་དུ། རྟེན་གཏོར་བཅས་ལ། མཐའ་མཆོད་གཏོར་གྱིས་བསྐོར། བདག་བསྐྱེད་མདུན་བསྐྱེད་གོང་དུ་བཤད་པ་ལྟར་བྱས་ལ། སློབ་མ་རྣམས་ཀྱིས། དཔལ་ལྡན་མགོན་པོ་བརྩེ་བ་ཅན། །ཡེ་ཤེས་ལྷ་མོ་འཁོར་བཅས་ཀྱི། །སྐུ་གསུང་ཐུགས་


TNT15_Page_1020
[མ་དཔེ་གཟིགས་ན་འདིར་གནོན།]

དང་འཕྲིན་ལས་ཀྱི། །རྗེས་སུ་གནང་བ་སྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ། གུར་ནས་འབྱུང་བའི་རྒྱུན་བཤགས་སམ་ཡན་ལག་ལྔ་པ་བྱ། གཏོར་མ་ལྷ་མོར་བསྐྱེད། མདུན་བསྐྱེད་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཟེར་སྤྱན་དྲངས་ཏེ་བསྟིམ་པས། སྡིག་སྒྲིབ་སྦྱངས། ཡང་ལྷ་མོའི་སྐུ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། རོལ་མོའི་སྒྲ་བྱ། སྤོས་བདུགསྙིང་པོའི་མཐར། ཨ་བེ་ཤཱ་ཡ། ཨ་བེ་ཤཱ་ཡ། ར་ར། ར་ར། ཙཱ་ལ་ཡ། ཙཱ་ལ་ཡ། ཧཱུཾ་ཨ་ཧ་ཛྷོཿ ཞེས་ལན་བརྒྱ་རྩ་བརྒྱད་བརྗོད། སློབ་མ་ལྷ་མོའི་སྐུར་བསྒོམ་དུ་གཞུགདཔྲལ་བར་དྲི་བཟང་གིས་ཐིག་ལེ་བྱས་ལ། སྙིང་པོའི་མཐར། ཨོཾ་ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་མཾ། ཏིཥྛ་བཛྲ་ཧཱུཾ། ཞེས་བརྗོད་དེ་བརྟན་པར་བྱ། སྐུའི་རྗེས་གནང་ངོ༌། །བཟླས་ལུང་སྤྱི་དང་མཐུན་པར་སྦྱིན་ལ། མགྲིན་པར་ཐིག་ལེ་བྱས་ལ། ཝཱཀ་བཛྲ་ཞེས་བརྗོད། གསུང་གི་རྗེས་གནང་ངོ༌། །ཕྱག་མཚན་སྙིང་གར་བསྟིམ་སྟེ། རོལ་མོའི་སྒྲ་བྱ། སྙིང་གར་ཐིག་ལེ་བྱས་ལ། ཙིཏྟ་བཛྲ་སོགས། ཐུགས་ཀྱི་རྗེས་གནང་ངོ༌། ཧཱུཾ་ལས་བྱུང་བའི་རལ་གྲི་ལ་སོགས་པའི་ཕྱག་མཚན་རབ་ཏུ་འབར་བར་གྱུར། སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས། ཡེ་ཤེས་པ་ཕྱག་མཚན་གྱི་རྣམ་པར་སྤྱན་དྲངས་ཏེ་བསྟིམ། རལ་གྲི་སློབ་མའི་ལག་ཏུ་གཏད་ལ། དེང་ནས་བྱང་ཆུབ་སྙིང་པོའི་བར། །གདུག་པ་ཅན་ཀུན་ཚར་གཅོད་དང༌། །སངས་


TNT15_Page_1021
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བསྟན་པ་རྒྱས་པ་ཡི། །འཕྲིན་ལས་རབ་འབྱམས་སྤྱོད་པར་གྱིས། །ཨོཾ་བཛྲ་ཁངྒ་ཨ་བྷི་ཥིཉྩ་ཧཱུཾ། ཐོད་པ་གཏད་ལ། གདུག་པ་ཅན་ཀུན་ཚར་གཅོད་དང༌། ཞེས་པའི་ཚབ་ཏུ། སྐལ་ལྡན་རྗེས་སུ་འཛིན་པ་དང༌། །ཞེས་པ་དང༌། ཁངྒའི་ཚབ་ཏུ། བཛྲ་ཀ་པཱ་ལ་ཞེས་འདོན་པ་སྤོ། ཤཀྟི་གཏད་ལ། ནད་དང་བར་ཆད་ཞི་བ་དང༌། །བཛྲ་ཤཀྟི། རྩེ་གསུམ་གཏད་ལ། འགྲོ་བ་དབང་དུ་སྡུད་པ་དང༌། །བཛྲ་ཏྲི་ཤུ་ལ། ཞེས་འདོན་པ་སྤོ། ལྟེ་བར་ཐིག་ལེ་བྱས་ལ། ཀརྨ་བཛྲ་སོགས། སློབ་མའི་སྙིང་གར་ཡི་དམ། དེའི་ཐུགས་ཀར་བྷྱོཿཡིག་གི་སྟེང་དུ་ཧཱུཾ་གི་མཐའ་སྐོར་དུ། ཡི་དམ་གྱིས་བསྐོར་བ། སྔགས་ཀྱི་འོད་ཟེར་གྱི་དྲ་བ་དམ་པོས་བྷྱོཿཡིག་བཅིངས་པར་བསམ། དེ་ནས་གཏོར་མའི་བཀའ་བསྒོ་སྤྱི་དང་འདྲ་བ་ལས། མཐར་གཏོར་མ་ལ། ནང་མཆོད་རྡོ་རྗེའི་རྩེ་མོས་གཏོར་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ནས། ཀྲ་མ་ཧཱུཾ། ལྷ་མོ་དམ་ལ་གནས་པར་བསམ། གཏོར་མ་དང་ནང་མཆོད་ནས་ཅུང་ཟད་གཅིག་སློབ་མ་ལ་སྦྱིན་ལ། ཨོཾ་རོ་རུ་རོ་རུ་སོགས་བརྗོད་དེ། དམ་ཚིག་བསྲེ་བའོ། །མཆོད་གཏོར་ལ་བརྩོན་པ་སོགས་དམ་ཚིག་ལ་གནས་པར་གདམས། སློབ་མ་དང༌། དཀྱིལ་འཁོར་གྱི་རྗེས་ཆོག་པ་རྣམས་སྤྱི་དང་འདྲའོ། །མ་མོ་ཀུན༵་གྱི་གཙོར་གྱུར་པ། །དག༵འ་ཆེན་ལྷན་ཅིག་སྐྱེས་པའི་དངོས། །བསྟན་སྲུང་བརྒྱ་དང་རྩ་བརྒྱད་ཀྱིས། །སྙིང༵་པོ༵་ཡིན་ཞེས་མར་པས་མངགས། །དཔལ་ལྡན་ལྷ་མོ་དུད་གསོལ་མའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །