གནོད་སྦྱིན་རེ་མ་ཏཱིའི་སྒྲུབ་ཐབས།


TNT15_Page_1038
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། བྱ་དཀར་ཅན་གྱི་གནས་མཆོག་ནི། །རོལ་ཞིང་དགྱེས་པའི་ལྷ་མོ་ནི། །གནོད་སྦྱིན་རྒྱལ་མོ་ལ་བཏུད་ནས། །དེ་ཡི་སྒྲུབ་ཐབས་ཁྱད་པར་བརྗོད། །མཎྜལ་གྲུ་བཞིའི་དབུས་སུ། ཁྲག་གི་མཎྜལ་གྲུ་གསུམ། དབུས་སུ་དྲི་བཟང་གི་ཐིག་ལེ་ཟླུམ་པོ་རྣམས་བཀོད། ས་བོན་ཀྵ་ལས་བསྐྱེད། ཕྱག་གཡས་རལ་གྲི། གཡོན་པས་གཏེར་གྱི་ནེའུ་ལེ་ནོར་བུའི་ཆར་འབེབས་པ་འཛིན་པ་དང༌། འཁོར་གནོད་སྦྱྀན་བརྒྱད་ནག་པོ་བེ་ཅོན་དང་ཐོད་ཁྲག་འཛིན་པ། གནོད་སྦྱིན་མོ་བརྒྱད་ནག་མོ་རལ་གྲི་


TNT15_Page_1039
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནེའུ་ལེ་འཛིན་པ། གནོད་སྦྱིན་མོ་འབུམ་སྡེ་ལྷ་སྲིན་སྡེ་བརྒྱད་ཀྱི་ཚོགས་དང་བཅས་པས་བསྐོར་བ། ཞེས་པ་དང༌། སྙིང་པོ་ནི། བྷྱོཿཛཿ ཨོཾ་ཙ་པ་ལ་ཨ་ཤུག་མེ་བྷྱོཿ ཨོཾ་རོ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མ་བྷྱོཿཛཿཛཿ ཞེས་དང༌། གཏོར་མ་འབུལ་བའི་ཚེ་རིན་པོ་ཆེའི་ཕྱག་རྒྱ་བཅས་ནས་འབུལ་བ་རྣམས་ཁྱད་པར་རོ། །ལྷག་མ་རྗེས་གནང་སོགས་ཐམས་ཅད་བདུད་མོ་རེ་མ་ཏཱིའི་སྐབས་དང་འདྲའོ། །ཀུན༵་ཁྱབ་སྒྲུབ་ཐབས་ཡིན་ནའང༌། །ད་ལྟ་དཀོན་ཕྱིར་ཐོབ་ན་དག༵འ། །ནོར་སྒྲུབ་སྙིང༵་པོ༵ར་བྱེད་རྣམས་ཀྱང༌། །འདི་སྒྲུབ་ཐོགས་མེད་མཐུ་ལྡན་འགྱུར། །ཧཱུཾ། གནོད་སྦྱིན་རེ་མ་ཏཱིའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །