Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྟག་ལུང་ཞབས་དྲུང་གི་གསུང་ལན།
   


 
previousསྟག་ལུང་ཞབས་དྲུང་གི་གསུང་ལན།next

སྟག་ལུང་ཞབས་དྲུང་གི་གསུང་ལན།


TNT18_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་ལུང་ཞབས་དྲུང་གི་གསུང་ལན་བཞུགས།


TNT18_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། གསུང་ཕེབས་པའི་དྲི་བ་དང་པོ། རང་ལུགས་ཀུན་མཁྱེན་ཆེན་པོའི་བཞེད་པ་ལ། དུས་ཞབས་པ་ཆེན་པོས་རིགས་ལྡན་གང་ལ་དུས་འཁོར་གསན་པར་བརྗེད། ཅེས་ཕེབས་པ་ལ། སྤྱིར་བོད་ཡུལ་འདིར་གྲགས་ཆེ་བ་ལ། ཤམྦྷ་ལའི་ཆོས་རྒྱལ་རིགས་ལྡན་ཐམས་ཅད། སྐུ་ཚེའི་ཚད་ལོ་བརྒྱ་ཕྲག་རེ་རེ་ཡིན་ཞེས་ཟེར་ཞིང༌། དེ་ལ་བརྟེན་ནས་རང་རང་གི་བློ་དཔྱད་པའི་གཏན་ཚིགས་འདོད་ཚུལ་མི་འདྲ་བ་དུ་མ་རང་ཞིག་བྱུང༌། དེ་ཡང་ཤོང་ལོ་དང་ཐང་སྟོན་མན་ཆད་འདི་ལ་བྱུང༌། སྔོན་གྱི་གྱི་ཇོ་དང་རྭ་འབྲོ་ཙ་མི་སོགས་ཀྱི་སྐབས་དཔྱད་པ་ཆེར་མེད། གཏན་ཚིགས་མི་འདྲ་བ་ལ་བརྟེན་ནས། སྤྱན་འདྲེན་རྒྱ་གར་དུ་དུས་འཁོར་གྱི་རྒྱུད་པ་པོ་རྣམས་ཀྱིས་རིགས་ལྡན་གང་ལ་ཐུག་འདོད་ཚུལ་མི་འདྲ་བ་སྣ་ཚོགས་བྱུང་པ་དེར་འདུག །རང་ལུགས་ལ་ཆོས་རྒྱལ་རིགས་ལྡན་རྣམས་མི་ལོ་བརྒྱ་ཕྲག་རེ་རེ་བཞུགས་བྱ་བ་དེ་ཡང༌། སྐུ་ཚེ་ཧྲིལ་པོའི་ཚད་མ་ཡིན། སེང་གེའི་ཁྲི་ལ་བཞུགས་ཏེ། ཆོས་སྟོན་པའི་ཚད་ཡིན། དོན་ལ་གདན་ས་མཛད་པའི་ལོ་གྲངས་སུ་གདའ། རིགས་ལྡན་རྒྱ་མཚོ་རྣམ་རྒྱལ་དང་རྒྱལ་དཀའ་གཉིས་མ་གཏོགས། གཞན་ཐམས་ཅད་ཁྲི་ཐོག་ཏུ་ལོ་


TNT18_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་ཕྲག་བཞུགས་པ་ཁོ་ན་ཡིན་པས། རགས་པའི་སྐད་དུ་རིགས་ལྡན་རྣམས་ལོ་བརྒྱར་ཆོས་སྟོན་ཅེས་པའང་མི་འགལ་ཏེ། ཤས་ཆེ་བ་བརྗོད་པ་ཡིན་པའི་ཕྱིར་རོ། །དཔེར་ན་ཚེ་ལོ་བརྒྱ་པའི་ཚེ་སངས་རྒྱས་འབྱོན་ཞེས་པ་ཡང༌། དེ་སྐབས་ཀྱི་མི་ཚེ་ལོ་བརྒྱ་ལས་རིང་བ་ཡང་ཡོད། ཐུང་བ་ཡང་ཡོད་མོད་ཀྱི། ཕལ་ཆེ་བའི་ཚེ་ཚད་ལོ་བརྒྱ་ཡིན་པ་ལ་བསམས་པ་བཞིན་དང༌། ཚོགས་པ་ཐམས་ཅད་ལ་ཁལ་རེ་བཀྱེའོ་ཞེས་ཟེར་ན། འགའ་ཞིག་ལ་ཉིས་མགོ་གསུམ་མགོ་བྱུང་ཡང་ཕལ་ཆེར་ལ་བསམས་པ་ཡིན་པས་མི་འགལ་བ་བཞིན་ནོ། །དེ་ལ་རིགས་ལྡན་རྒྱ་མཚོ་རྣམ་རྒྱལ་གྱིས་ལོ་བརྒྱ་དང་བརྒྱད་ཅུ་རྩ་གཉིས་ཆོས་བསྟན། དེ་རྗེས་རྒྱལ་དཀས་ཉིས་བརྒྱ་ཉི་ཤུ་རྩ་གཅིག་ཆོས་བསྟན། དེ་གཉིས་སྡོམས་པ་ལ་མེ་མཁའ་རྒྱ་མཚོ་སྟེ། ལོ་བཞི་བརྒྱ་དང་གསུམ་སོང༌། དེ་ཡང་ཀུན་མཁྱེན་ཆེན་པོ་ནས་སྐུ་ཚེའི་སྟོད་ལ་རྭ་འབྲོ་རྣམས་ཀྱི་གསུང་འཕྲོས་སྐྱར་བ་ལས་རང་བཞེད་གསལ་ཁ་མ་མཛད། སྐུ་ཚེའི་སྨད་ལ་རྒྱུད་འགྲེལ་གྱི་དགོངས་པ་དཔྱད་པ་མཐར་ཕྱིན་པའི་རང་བཞེད་ལ་འདི་ལྟར་མཛད། དེའི་དབང་དུ་བྱས་ན། རིགས་ལྡན་རྒྱལ་དཀས་ཆོས་བསྟན་པའི་འཇུག་གི་ཆ་ལ། དུས་འཁོར་ཞབས་པ་ཆེན་པོས་གསན།


TNT18_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་གྲངས་ཇི་ཙམ་བསྟེན་གྱི་ངེས་པ་མེད་དེ། རྒྱལ་དཀའི་གདན་སའི་དུས་རྫོགས་མཚམས་ལ་ཐུག་གི་བར་ཤམྦྷ་ལར་བཞུགས། མེ་མཁའ་རྒྱ་མཚོའི་ལོ་རྫོགས་མཚམས་དེ་ནས་རབ་བྱུང་གི་ལོ་ཤར་བའི་ནང་དུ། སློབ་དཔོན་དུས་འཁོར་ཞབས་འཇམ་པའི་རྡོ་རྗེས། འཕགས་ཡུལ་དུ་དུས་འཁོར་གྱི་རྒྱུད་སྤྱན་དྲངས་པ་ཡིན་ནོ། །ཞེས་པ་འདི་ཙམ་ཞིག་ཡིད་བརྟན་ཐུབ་པར་འདུག་ལགས། ༈ ལམ་འབྲས་ལུགས་སྲོལ་བཅོ་བརྒྱད་ལས་བཅུ་གཉིས་སུ་བསྡུ་ཚུལ་ཇི་ལྟར་ཡིན་གསུང་པ་ལ། གྱི་ཇོ། འབྲོམ་ཞང་སྟོན། ཞ་མ། ཀོ་བྲག་པ། མང་ལམ་པ། ཆ་གན་པ་ག་ཤི །ཀུན་སྤངས་ཆེན་པོ། དབང་རྒྱལ་བ། ས་སྐྱ་བ། ཁམས་ལུགས། ལྕེ་སྒོམ་ལུགས་ཏེ་བཅུ་གཉིས་པོར་འདུས། ཡང་ཉི་ཤུ་རྩ་བཞིར་དབྱེ་བ་གང་ཡིན་ཕེབས་པའང་དངོས་སུ་བཅོ་བརྒྱད་ལས་ལོགས་སུ་མེད། ཞ་མ་ཕོ་བརྒྱུད་ལ་སློབ་བརྒྱུད་སྲས་བརྒྱུད་གཉིས་ཡོད་པའི། སློབ་བརྒྱུད་ལ་སེ་སྒོམ་གྲགས་རྒྱལ་ལུགས་དང༌། རྗེ་མལ་གྲོ་བའི་ལུགས་གཉིས་བྱུང༌། སྲས་བརྒྱུད་ལ་གཅིགསློབ་བརྒྱུད་ལ་གཉིས་ཏེ། གསུམ་བྱུང་བའི་གཅིག་བཅོ་བརྒྱད་ཀྱི་དཀྱུས་ལ་བཅུགལྷག་མ་གཉིས་དང༌། མོ་བརྒྱུད་ལ་སྨོན་དཀར་བའི་ལུགས་དང༌། སྟོན་ཆུང་ལུགས་དང༌། དབོན་པོ་ཤེས་ཚུལ་གྱི་ལུགས་ཏེ་གསུམ་ཡོད་པ་ལས། དང་པོ་བཅོ་བརྒྱད་ཀྱི་དཀྱུས་སུ་བགྲོང༌། ཕྱི་མ་གཉིས་པོ་བསྣན་པས་བཞི། སེ་སྟོན་ཀུན་རིག་གི་སློབ་མ་ཞ་མ་ལྕམ་སྲིང་དང༌། ཞང་སྟོན་སྐུ་མཆེད་བཅོ་བརྒྱད་ཀྱི་དཀྱུས་ལ་ཡོད། སློབ་མ་གཞན་ལ་གནང་བ་ལ། སྒོམ་པ་བྱང་ཡེ་དང༌། གྲུབ་ཐོབ་ཉི་ཕུག་པ་ལ་གནང་བ་རྣམས། མན་ངག་ཐ་མར་ཐོབ་པ། ཞེས་གྲགས་པ་ལ་ཉི་ཕུག་པ་ནས་བརྒྱུད་པ་


TNT18_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

མེད། སྒོམ་པ་བྱང་ཡེ་ལུགས་ཏེ་ལྔ། དེ་ནས་རྗེ་བཙུན་གྲགས་པའི་མནལ་ལམ་དུ་ས་ཆེན་གྱིས་གནང་བ་བརྡ་དོན་གསལ་བ་སྟེ་དྲུག་གོ །བཅོ་བརྒྱད་ལ་དེ་རྣམས་བསྣན་པས་ཉེར་བཞིའོ། །ཡང་ལམ་འབྲས་རང་རེའི་བརྒྱུད་པ་འདི་ལ། ངོར་རྫོང་དུ་གྲགས་པ་གཉིས་ཀ་ཚང་ཚུལ་ཇི་ལྟར་ཡིན་ཕེབས་པ་ལ། སྤྱིར་ལམ་འབྲས་ས་ལུགས་ཉེ་བརྒྱུད་རིང་བརྒྱུད་གཅིག་ཏུ་གྲགས་པ་འདི་ལ། ཆོས་རྗེ་བླ་མ་ཡན་ཆད་དུ་ལྟ་ཅི་སྨོས། དེ་རྗེས་ཀྱང་གཟུངས་ཀྱི་དཔའ་བ་དང༌། དགེ་ལེགས་བཟང་པོ་དང༌། བཟང་པོ་རྒྱལ་མཚན་པ་སྟེ། རྫོང་པ་རྣམས་དང༌། རི་ཁྲོད་པ་བློ་བརྟན། དེའི་སློབ་མ་འགྲོ་མགོན་དཔལ་ལྡན་ཚུལ་ཁྲིམས་པ་དང༌། ཤར་པ་ཡེ་ཤེས་རྒྱལ་མཚན་དང༌། བུདྡྷ་ཤྲཱི་བ་ཤར་བ་པ་དང༌། ནམ་ཟ་བྲག་ཕུག་པའི་སློབ་མ་རྣམས་ཀྱི་དུས་ན་ཡང་ཕྱག་ལེན་མི་འདྲ་བ་ཡེ་མེད། ས་པཎ་ཡན་ཆད་འཁྲིད་འཆད་པའང་གླེགས་བམ་གྱི་ནང་ནས་འཛུབ་ཚུགས་སུ་བཏུས་ཏེ་འཆད། དེ་རྗེས་ཚོགས་སྒོམ་པས་འཁྲིད་ཡིག་མཛད། དེའི་སློབ་མ་ཉན་ཆེན་པ་དང༌། གཉག་སྙིང་པོ་རྒྱལ་མཚན་གྱིས་ཀྱང་འཁྲིད་ཡིག་རེ་བརྩམས། བར་སྐབས་དེར་ཞལ་ཤེས་དང་མ་བྲལ་བའི་ངོས་ནས་ཁྲིད་ཡིག་དེ་དག་ལ་ཡང་བརྟེན་ཏེ་འཆད། ཆོས་རྗེ་བླ་མས་ཀྱང་འཁྲིད་ཡིག་གི་རྩོམ་གཞི་དེ་རྣམས་ལ་མཛད། གླེགས་བམ་ཉིད་དང་ཡང་བཏུན་ཏེ། ཞལ་ཤེས་ལག་ལེན་གྱིས་བརྒྱན་པ་འདི་མཛད། དེ་རྗེས་ནས་ངོར་དགོན་གསར་མ་ཐེབས་ཀྱི་བར་ལ། ས་སྐྱ་བ་ཐམས་ཅད་འཁྲིད་ཡིག་འདི་ཀའི་སྟེང་ནས་བྱེད་པ་འདུག །ངོར་བཏབ་པ་ནས་གཟུང་སྟེ། ཕྱག་ལེན་མི་འདྲ་བ་རེ་མཛད། སྣང་གསུམ་ལྟ་ཁྲིད་བསྐྱེད་རིམ་རྣམས་ལ་དམིགས་པ་མི་འདྲ་བ་དུ་མ་རེ་ཡང་བྱུང་ངོ༌། །དེ་ལ་སྐབས་འདིར་ངོར་


TNT18_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཀྱི་དབང་དུ་བྱས་ན། རྗེ་ངོར་པ་མུས་ཆེན་དཀོན་མཆོག་རྒྱལ་མཆོག །བདག་ཆེན་བློ་གྲོས་རྒྱལ་མཚན། བྱང་སེམས་ཀུན་དགའ་མཆོག་གྲུབ། དེ་ལ་རྗེ་གྲོལ་མཆོག་གིས་ལམ་འབྲས་ཀྱི་དབང་བྱིན་རླབས་འཁྲིད་མན་ངག་ལུང་བཀའ་ཐམས་ཅད་མཐའ་རྒྱས་སུ་ལན་བཞི་གསན། བརྒྱུད་པའི་གཙོ་བོ་ཡང་འདི་ལ་མཛད། ཡང་རྗེ་ངོར་པ་པཎ་ཆེན་ཤཱཀ་མཆོག །རིན་པོ་ཆེ་གཞོན་ནུ་ཆོས་གྲུབ་པ་རྗེ་གྲོལ་མཆོག་སྟེ་སྔ་མའི་འགོ་ནས་བརྒྱུད་པ་འདི་གཙོ་བོར་ཡང་མཛད། གཞན་ཡང་ངོར་ཆེན། དབོན་པོ་ཀུན་དགའ་དབང་ཕྱུག་པ། གློ་བོ་མཁན་ཆེན་རྗེ་བཙུན། ཡང་ངོར་ཆེན་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ ངོར་པ་ལྷ་མཆོག་སེང་གེ རྗེ་བཙུན་རྣམས་བརྒྱུད་བྱང་ཆོག་གོ །ངོར་ལུགས་བརྒྱུད་པ་མི་འདྲ་བ་བཞི་འདུས། རྫོང་ལུགས་དང་ཕྱོགས་མཐུན་ཐེག་ཆེན་ལུགས་ལ། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ས་བཟང་མ་ཏི་པཎ་ཆེན། ཐེག་ཆེན་ཆོས་རྗེ། ལྕང་ལུང་པ་གཞོན་ནུ་ཆོས་གྲུབ། པཎ་ཆེན་ཤཱཀ་མཆོག །རྗེ་གཞོན་ནུ་ཆོས་གྲུབ་པའི་དྲུང་དུ་རྗེ་བཙུན་གྱྀས་གསན་པ་དང༌། དེ་རྣམས་ཐམས་ཅད་ངེད་ཀྱི་བླ་མ་རྗེ་བཙུན་རྡོ་རིང་བ་རྟིང་མ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། རྗེ་ཀུན་དགའ་རྒྱལ་མཚན་པའི་དྲུང་དུ་བདག་གིས་མནོས་པ་དང༌། རྫོང་ལུགས་དངོས་ལ། ཆོས་རྗེ་བླ་མ། གཟུངས་ཀྱི་དཔའ་བ། རྒྱལ་མཚན་དཀོན་མཆོག་པ། མུས་སྲད་པ་རྡོ་རྗེ་རྒྱལ་མཚན། དེ་ལ་དཀོན་མཆོག་དཔལ་པ་དང༌། ཤེས་རིན་པ་གཉིས་དེ་གཉིས་ཀ་ལ་པཎ་ཆེན་ལྷ་དབང་པ། རྗེ་ནམ་མཁའ་རིན་ཆེན། རྗེ་བཙུན་བྲག་སྟོང་པའི་དྲུང་དུ། རྒྱུ་ལམ་གྱི་དབང་དང་འཁྲིད་ཐོབ། ཡང་ཐེག་ཆེན་པ། བྲག་ཐོག་པ། རྡོ་རྗེ་གདན་པ། རིག་པའི་གློག་འཕྲེང༌། རྒྱ་སྟོན་བྱང་དབང༌། ཡང་ན་


TNT18_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

མུས་སྲད་པ་རྡོ་རྗེ་རྒྱལ་མཚན། བྱམས་པ་ཆོས་དཔལ་འབྱོར། རྒྱ་སྟོན་བྱང་དབང༌། དེ་ནས་ཤཱཀྱ་ཀུན་དགའ། རྗེ་ཡེ་ཤེས་དབང་པོའི་དྲུང་དུ་ཡབ་ཡུམ་གྱི་རྒྱུ་དབང་ལམ་དབང་འཁྲིད་ཀྱི་སྙིང་པོ་ཙམ་ཞུས་སོ། །རྫོང་པ་རང་དང་ཐེག་ཆེན་ལུགས་ལབརྟེན་པ་རྒྱུད་ལུགས་བཞི། དེ་དག་ནི་ངོར་རྫོང་གཉིས་ཀ་འདུས་ཚུལ་ལགས་སོ། །ཡང་ད་ལྟར་ལམ་འབྲས་བྱེད་པ་འདི་ལ། བརྒྱུད་པ་ལུགས་སྲོལ་བཅོ་བརྒྱད་ལས་ཇི་ཙམ་ཞིག་ཚང་བ་ཡིན་གསུང་པ་ནི་ས་ལུགས་ཀྱི་བརྒྱུད་པ་ཉེ་རིང་གཉིས་གཞིར་བཅས། ཞ་མ་ཕོ་བརྒྱུད་མོ་བརྒྱུད་གཉིས་འདྲེས། ཀོ་བྲག་པ་ཇོ་ནང་ལུགས་ཕག་གྲུ་ལུགས་རྣམས་ལ་འཁྲིད་གདམས་ངག་ཅི་རིགས་དང༌། ཐམས་ཅད་ལ་ལུང་རྒྱུན་ཆ་ཚང་ཙམ་ཡོད་པས། ལུགས་སྲོལ་བརྒྱད་འགྲེས་པར་བྱེད། ཆ་ག་ན་ལུགས་བླ་མ་བརྒྱུད་པའི་རྣམ་ཐར་གྱི་ལུང་ཙམ་ཡོད། རང་ལུགས་འདིར་ངོར་རྫོང་ལུགས་དང༌། སློབ་བཤད་དེ་གསུམ་པོ་ལ་གཅིག་ཏུ་ངེས་པར་ལྟོས་མེད་དགོས་པའི་ངེས་གནས་ཀྱང་ཅི་ཕེབས་པ། སློབ་བཤད་མར་གྲགས་པ་འདི་བརྒྱུད་པ་གོང་དུ་སྨོས་པའི་ངོར་ལུགས་དང་བདག་ཆེན་བློ་གྲོས་པ་ལ་ཐུག་པར་བྱེད། དེ་ལ་རྡོ་རིང་ཀུན་སྤངས་པ་དང༌། མཚར་ཆེན་གྱིས་ཞུས་ཟེར། ལག་ལེན་ངོར་ལུགས་སྤྱི་དང་མཐུན། འཁྲིད་ལ་ཤིན་ཏུ་ཁྱད་ཆེ། སྒྱུ་ལུས་རྨི་ལམ་འོད་གསལ་སོགས་ཀྱི་དམིགས་པ་ཡང་སྟོན་པར་འདུག མཚར་བའི་སློབ་མ་འགའ་ཞིག་གིས། སྣང་གསུམ་གྱི་སྐབས་སུ་དབུ་མ་ཐལ་འགྱུར་བའི་ལྟ་ཁྲིད་ཡོངས་རྫོགས་བཅུག་པའང་འདུག གང་ལྟར་ནའང་སློབ་བཤད་མ་ངོར་ལུགས་སུ་ཀ་འདུས་པར་འདོད། ངོར་ལུགས་སྤྱི་འདི་ལའང་གསར་རྙིང་གཉིས་ཡོད། དཀོན་མཆོག་ལྷུན་གྲུབ་ཀྱི་འདི་གསར་


TNT18_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཤོས་ཡིན་ལགས། རང་རེའི་བརྒྱུད་པའི་ལུགས་གཅིག་ལ་གོང་དུ་སྨོས་པ་དེ་འདུས་པ། ཆོས་རྗེ་བླ་མ་དམ་པ་ལ་ཉ་དབོན་གྱིས་གསན། ཡང་གངས་ཁྲོད་པ་ལ་བླ་ཆེན་རྡོ་རྗེ་རིན་ཆེན་གྱིས་གསན། དེ་གཉིས་ཀ་ལ་གྲུབ་ཆེན་ཀུན་བློས་གསན། ཡང་བླ་མ་དམ་པ་ལ་མཁན་རིན་ཆེན་རྒྱལ་མཚན་གྱིས་གསན། དེ་དང་གྲུབ་ཆེན་ཀུན་བློ་གཉིས་ཀ་ལ་འཇམ་དབྱངས་དཀོན་མཆོག་བཟང་པོས་གསན། དེ་ལ་བདག་ཆེན་བློ་གྲོས་པ། དེ་ལ་ཀུན་དགའ་མཆོག་གྲུབ། དེ་ལ་རྗེ་བཙུན་གྲོལ་མཆོག་གིས་གསན་པ་ཡིན་པས་བརྒྱུད་པ་འདི་ངོར་རྫཽང་གཉིས་ཀ་ལ་མི་ཐེ། ལག་ལེན་ནི་རྫོང་ལུགས་དང་མཐུན་ཤས་ཆེའོ། །རྫོང་པ་རྣམས་ཐོག་མ་རང་ནས་རྒྱུ་དབང་བསྐུར། ངོར་པ་སྣང་གསུམ་དང་རྒྱུད་གསུམ་གྱི་བར་དུ་རྒྱུ་དབང་བསྐུར། འདི་ལག་ལེན་མི་འདྲ་བ་ཆེ་ཤོས་སུ་འདུག དེ་ལ་བརྟེན་ནས་འཁྲིད་ཀྱི་སྔོན་འགྲོའི་དམིགས་པ་སོགས་ལ་མི་འདྲ་བ་མང་དུ་བྱུང་ནའང་རང་ལུགས་ལ་དབང་བསྐུར་མཚམས་རང་རྒྱུད་གསུམ་གྱི་སྔོན་དུ་བསྐུར་ཕྱིན། གང་དུ་བསྐུར་ཀྱང་འདྲ། འཁྲིད་ཀྱི་སྔོན་འགྲོའི་དམིགས་པ་སོགས་ལ་ཁྱད་མེད། ཡིག་བརྒྱ་མཎྜལ་ཡན་ལག་ལྔ་སྦྱོངས་རང་ཡི་དམ་དུ་དྲན་ཙམ་པ་སོགས་ལ། དབང་བསྐུར་སྔོན་དུ་སོང་ནའང་བཟང་མོད། མ་སོང་ན་ཡང་སྐྱོན་ཡེ་མེད་དེ། སློབ་དཔོན་ལ་གསང་སྒྲོགས་ཀྱང་མི་འབྱུང༌། སློབ་མ་སྒོམ་པ་ལ་མི་དབང་བ་ཡང་མ་ཡིན་ཏེ། ལྷ་སྒོམ་སྔགས་བཟླས་དེ་ཙམ་ནི་མ་ཎིའི་སྒོམ་བཟླས་ཀྱིས་རིག་པ་མཚུངས་པའི་ཕྱིར་དང༌། རླུང་ཙམ་བཟུང་ནས་ལུས་སྦྱོང་ཕྲན་བུ་བྱེད་པ་འདི་ཉ་པ་དང༌། མུ་ཏིག་གསོད་མཁན་སོགས་དང་ཡང་ཐུན་མོང་ཡིན་པའི་ཕྱིར་རོ། །དེས་ན་འཁྲིད་ཡིག་ཆོས་རྗེ་བླ་མ་ཡན་ཆད་ཀྱི་རྙིང་པ་རྣམས་དང་མ་མཐུན་ན་སྐྱོན་དུ་འགྱུར་བ་སྲིད། གསར་པ་རྣམས་དང་མ་མཐུན་


TNT18_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ཡོན་ཏན་ཡིན་ཀྱི་སྐྱོན་མ་ཡིན་ནོ། །གཞན་ཡང་རྒྱ་གར་གྱི་ཡུལ་ནས་གྲུབ་ཐོབ་ཤིང་རྟའི་སྲོལ་འབྱེད་རྩ་བ་ཐ་དད་པས་སོ་སོར་བཀྲལ་བའི་ལུགས་ཐ་དད་པ་རྣམས་མ་འདྲེས་པ་གཙང་མར་བྱུང་ན་ལེགས་མོད་ཀྱང༌། ངོར་རྫོང་སོགས་སོ་སོར་འབྱེད་པ་ནི། བོད་རང་དུའང་ཕྱིས་འབྱུང་རང་བྱུང་བ་ཡིན་པས། འདི་རྣམས་ཀྱི་སོ་སོའི་མི་འདྲ་བའི་ཁྱད་ཆོས་རྣམས་སོ་སོར་མ་འདྲེས་པ་དགོས་པ་མ་ཡིན་ཏེ། འཐད་ན་གཉིས་ཀ་ནས་ཀྱང་བླང་དུ་རུང༌། མི་འཐད་ན་གཉིས་ཀ་སྤངས་པས་ཀྱང་ཆོག་སྟེ། བོད་ཀྱི་དགེ་བཤེས་ཕལ་བའི་རྣམ་རྟོག་ཙམ་ཡིན་པའི་ཕྱིར་རོ། །ངོར་རྫོང་ལག་ལེན་མི་འདྲ་བ་བྱུང་ནས་ད་དུང་ལོ་ཉིས་བརྒྱ་མ་ལོན། ཕྱེད་ཉིས་བརྒྱ་ལྷག་ཙམ་གྱི་སྐབས་ན་ཡོད། སློབ་བཤད་མར་གྲགས་པ་བྱུང་ནས་བརྒྱ་ཡང་མ་ལོན། བདུན་བཅུའི་སྐོར་ལ་ཡོད། དེའི་ནང་ཚན་འགའ་ཞིག་བྱུང་ནས་ལོ་བཞི་བཅུ་ཙམ་ལས་མི་འགྲོ་བའང་ལགས། ལམ་འབྲས་ས་ལུགས་ལ་ལན་ཅིག་ཞུགས་ནས། གླེགས་བམ་ཡིག་སྣ་དྲུག་ཅུའི་ལུགས་སྐྱོང་དགོས་པ་ཡིན་གྱི། ཕྱིས་ཀྱི་གང་ཟག་འགའི་རྟོག་པའི་རི་མོ་ལ་ཆེ་ཐང་དུ་འབད་དོན་མི་འདུག །ཡང་ལམ་འབྲས་གླེགས་བམ་ལ་ཡང་དབང་པོ་རབ་འབྲིང་ཐ་གསུམ་གྱི་འཁྲིད་ཡིག་ཟེར་བ་ཡིག་ཆུང་དེ་ལ་ངོར་རྫོང་གཉིས་ལ་མི་འདྲ་བ་འདུག །འཁྲུལ་གཞི་དེ་རིགས་བདུད་ལས་སུ་འདུག་ནའང༌། རང་རེ་ཚིག་སྣ་རིང་ཞིང་རྒྱས་པ་དེ་དག་པར་བྱེད་ལགས། བླ་མ་དམ་པའི་འཁྲིད་ཡིག་འདི་གླེགས་བམ་རང་དང་མཐུན་ངེས་ལགས་ཤིང༌། རྩོམ་པ་པོ་གང་ཟག་གི་དབང་དུ་བྱས་ནའང༌། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་འགྲན་ཟླ་མེད་ཅིང༌། གོང་མ་ལྔ་ལས་ཀྱང་མི་ཞན་པ་ཡིན། དགེ་བཤེས་ཕལ་པ་མ་ཡིན་སྤྲུལ་པའི་སྐུ་ཡིན་པར་འདུག་


TNT18_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

པས། རང་རེ་ཁོང་གི་འཁྲིད་ཡིག་ལ་རྩིས་པོ་ཆེར་བྱེད་པ་ཡིན་ལགས། ཞུས་དག །དགེ་ལེགས་འཕེལ། བཀྲ་ཤིས། །


previousསྟག་ལུང་ཞབས་དྲུང་གི་གསུང་ལན།next