Nitartha Digital Library
Tibetan
 
no previousདཔལ་སྒྲའི་སྙེ་མ་དུ་མའི་དོན་ཤེས་ཤིང་རྟོགས་པ།next

དཔལ་སྒྲའི་སྙེ་མ་དུ་མའི་དོན་ཤེས་ཤིང་རྟོགས་པ།


TNT19_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་སྒྲའི་སྙེ་མ་དུ་མའི་དོན་ཤེས་ཤིང་རྟོགས་པ་ཞེས་བྱ་བ་བཞུགས།


TNT19_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་དྷུ་ནི་མཉྫ་རི་ཨ་ནེ་ཀཱན྄་ཛྙཱ་བོ་དྷེ་ནཱ་མ། བོད་སྐད་དུ། །དཔལ་སྒྲའི་སྙེ་མ་དུ་མའི་དོན་ཤེས་ཤིང་རྟོགས་པ་ཞེས་བྱ་བ། འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །རྣམ་དག་ཡི་གེ་དུ་མའི་དོན། །སྒྲ་ཡི་མུ་ཏིག་འཕྲེང་བ་མཆོག །མཁས་པ་རྣམས་ཀྱི་མགྲིན་པར་བྱས། །ཉིན་དང་མཚན་དུ་ཐོས་པས་བཟུང༌། །སྒྲ་ཡི་ཆུ་གཏེར་མཐའ་ཡས་ལ། །སྨྲ་བས་སྒྲོད་པའི་ནུས་པ་ཅི། །སྨྲ་བའི་བདག་ཉིད་ཁྱོད་ལ་ནི། །རང་བློ་རྩེ་གཅིག་ཡིད་ཀྱིས་འདུད། །མཚོ་བྱུང་ལྷ་མོའི་བཀའ་དྲིན་གྱིས། །ཚིག་གི་ངེས་པ་བྱེད་པ་


TNT19_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

གང༌། །གྲགས་ཤིང་གྲུབ་དང་གྲུབ་མིན་པས། །ལེགས་པར་རབ་ཏུ་ཕྱག་འཚལ་ལོ། ༈ །ཤི་བཱིའི་སྒྲའོ། །ཤི་བཱ་བཟང་པོ་ཤི་བཱ་བདེ་འབྱུང་དང༌། །ཤཱི་བཱ་དཀར་མོ་ཤི་བཱ་འཇིགས་པ་མེད། །ཤི་བཱ་དུས་དང་ཤི་བཱ་ནོར་ཡིན་ཏེ། །ཤཱི་བཱ་ལྕེ་སྤྱང་དུ་འགྱུར་སྙིང་ཞོ་ཤ །ཤི་བཱ་དབང་ཕྱུག་ཤི་བཱ་དཀར་པོའོ། །ཤི་བཱ་དགེ་ལེགས་ཤི་བཱ་མནའ་མའོ། ༈ །གཽ་རཱིའི་སྒྲའོ། །གཽ་རཱི་ཞི་བ་དགྱེས་པའི་ལྷ་མོ་སྟེ། །གཽ་རཱི་གི་ཧཾ་ལ་ཡང་འདོད་པ་ཡིན། །བུ་མ་སྐྱེས་པའི་བུད་མེད་གཽ་རཱིར་དྲན། །གཽ་རཱི་གཙང་མ་དང་ནི་འཇིགས་པ་སེལ། ༈ །ཧ་རིའི་སྒྲའོ། །ཧ་རི་དབང་པོ་ཧ་རི་ཉི་མ་སྟེ། །ཧ་རི་ཁྱབ་འཇུག་ཧ་རི་རླུང་ལྷའོ། །སེང་གེ་ཧ་རི་སྦལ་བ་ཧ་རི་སྟེ། །ཧ་རི་རྟ་དང་སྤྲེའུ་དག་ལའོ། །འོད་ཟེར་ཧ་རི་ཧ་རི་རི་དྭགས་ལ། །ཧ་རི་རི་ཞུམ་ཧ་རི་ཟླ་བའོ། །ཧ་རི་གཤིན་རྗེ་


TNT19_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་རི་པ་སངས་སྦྲུལ། །གསེར་གྱི་མདོག་ཅན་ལ་ཡང་ཧ་རིར་དྲན། ༈ །ཀྵུ་དྲའི་སྒྲའོ། །ཀྵུ་དྲ་སྨད་འཚོང་ཀྵུ་དྲ་ཆུ་རྒྱུན་ལ། །ཀྵུ་དྲ་དེ་ནི་སྦྲང་རྩིའི་སྦྲང་མ་སྟེ། །ཉན་ཤེས་མེད་པའི་མི་ལའང་ཀྵུ་དྲའོ། །ཀན་ད་ཀ་རི་ལ་ཡང་ཀྵུ་དྲར་བརྗོད། ༈ །བཱ་ཧའི་སྒྲའོ། །བཱ་ཧ་ཟུང་དང་བཱ་ཧ་འདྲེན་པ་ལ། །བཱ་ཧ་འུ་ལག་ལ་ཡང་འདིར་བརྗོད་དེ། །བཱ་ཧ་བྱིས་པའི་བྱེ་བྲག་ལ། །བཱ་ཧ་མང་པོ་ལ་འདིར་བརྗོད། །བཱ་ཧ་སྒྱུ་མའི་བྱེ་བྲག་ཀྱང༌། །རབ་སྐྱེ་ལ་ཡང་བཱ་ཧ་སྟེ། །བཱ་ཧ་ཆུ་ཡི་ཁྱད་པར་ལའོ། །སོ་ཕག་བརྩེགས་པ་ལ་སོགས་དག །མུ་ཏིག་ཆུན་པོའི་དོ་ཤལ་ལའོ། །བཱ་ཧ་སྒྱུ་མའི་བྱེ་བྲག་སྟེ། །ཞིང་དང་ཧ་ར་རབ་ཏུ་བརྗོད། ༈ །གོ་ཡི་སྒྲའོ། །ཕྱོགས་དང་མིག་དང་སྣང་བྱེད་དང༌། །མཐོ་རིས་རྡོ་རྗེ་ངག་དང་མདའ། །ཆུ་རྣམས་ལ་སྟེ་ས་གཞི་དང༌། །གྲགས་པ་ལ་ཡང་གོ་སྒྲར་རིག །བཅུ་པོ་དེ་དག་རྣམས་སུ་དྲན། ༈ །མ་དྷུའི་སྒྲའོ། །མ་དྷུ་སྦྲང་འོས་མི་དང་ཆང་དང་ཆང་ངུ་དང༌། །མ་དྷུ་མེ་ཏོག་བཅུད་དུ་རིག །མ་དྷུ་ལྷ་མིན་བྱེ་བྲག་བ་ལ་ཟ་སྟེ། །སྦྲང་དཔྱིད་ཀ་རྩི་ཅན་ལའང་མ་དྷུར་ཤེས། ༈ །བྷ་བའི་སྒྲའོ། །བྷ་བ་བདག་དང་བྷ་བ་ཡིད། ཁྱོད་ཅེས་ལ་ཡང་བྷ་བ་དང༌། །བྷ་བ་མཆོད་པར་འོས་མི་དང༌། ཚིག་གི་དོན་ལའང་བྷ་བར་བཤད། ༈ །ཀུ་ཐཱའི་སྒྲའོ། ཀུ་ཐཱ་བེཾ་


TNT19_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

གོས་མཛེས་པ་ལ། །རབ་བརྗོད་ཀུ་ཐཱ་ཚེམས་བེམ་ལའང༌། །ཀུ་ཐཱ་ཐེར་ཟུག་ཀུ་ཐཱ་འབུ། །ཀུ་ཐཱ་གཉིས་སྐྱེས་ཞོག་ཁྲུས་བྱེད། ༈ །ཀུ་ཐཱ་པ་ཞེས་པའི་སྒྲའོ། །ཀུ་ཤ་དུས་དང་འབྲུ་ས་གཞི་མར་དང༌། །ར་སྐྱེས་སྣམ་བུ་ཆུ་གཙང་གོས། །གྲངས་གཉིས་གསུམ་དང་དྲུག་པ་དང༌། །ལམ་ལ་འགྲོ་དང་མེ་དག་ལ། །ཀུ་ཐཱ་པ་ཞེས་རབ་ཏུ་འཇུག ༈ །གོ་ཡི་སྒྲའོ། མདའ་དང་ངག་དང་དབྱིག་དང་ས། །ཕྱོགས་དང་འོད་ཟེར་ཆུ་དང་མིག།མཐོ་རིས་བརྡེག་དང་རྡོ་རྗེ་མེ། །བདེ་དང་འབྱོར་ལྡན་གོ་ཞེས་བརྗོད། །མཐོ་རིས་མདའ་དང་རྡོ་རྗེ་དང༌། །སྟོབས་ལྡན་གོ་སྒྲ་སྐྱེས་པའི་རྟགས། །འདྲེན་བྱེད་ཕྱོགས་མཚམས་མ་མོ་ངག །ཆུ་རྣམས་དང་ནི་བུད་མེད་ཀྱང༌། ༈ །བྷ་གའི་སྒྲའོ། །དཔལ་ལྡན་སྙན་གྲགས་ཅན་དང་ནི། །སྐལ་བཟང་སྐྱེ་གནས་གྲགས་པ་ཉམས། །ཉི་མའི་མིང་དང་དུག་དང་ནི། །གསེར་ཐལ་ལ་ཡང་བྷ་གའི་སྐད། །རྡོ་རྗེ་ནི་ཨེར་ནྱེད་གཟེར་ནད་བཀའ་ལུང་གླུ། །མདའ་དང་ཐ་སྙད་བསོ་བའོ། །བླུན་པོ་བྱིས་པ་རྒྱལ་འདོད་དང༌། །ལྷ་ཡི་ཚིག་དང་མཛེ་ཅན་མ། ༈ །པུཥྐཱ་རའི་སྒྲའོ། །རས་བལ་ཤིང་དང་དཔལ་འབྲས་པདྨ་དང༌། །གླང་ཆེན་ཤིན་དུ་


TNT19_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

བློན་པོ་ལྟ་བུ་བྱེད་དང་ལྷ་ཡི་ཡུལ། །གླིང་དང་འབབ་སྟེགས་སྒྲུབ་པའི་ཐབས་དང་ཡང༌། ཁྱད་འཕགས་རྣམས་ལ་པུཥྐཱ་ར་ཡི་སྒྲ། ༈ །ཀ་ཞེས་པའི་སྒྲའོ། །མགོ་དང་སེམས་དང་ཆུ་དང་སྤྲེལ། །བདེ་བ་ཚངས་མ་རླུང་ལྷ་དང༌། །འདོད་ཆགས་དུས་དང་གསེར་མདོག་དང༌། །སྐད་དང་ནོར་ལྡན་ཀ་ཞེས་བྱའོ། ༈ །ཧདྶའི་སྒྲའོ། །སྲོག་དང་བཙུན་མོ་ཚངས་པ་དང༌། །དཀའ་ཐུབ་ཅན་དང་མགྱོགས་འགྲོ་ཆོས། །དཀར་པོ་འདབ་ཆགས་བྱེ་བྲག་དང༌། །འཕྲོག་བྱེད་དག་ལའང་ཧདྶའི་སྒྲ། ༈ །ར་སའི་སྒྲའོ། །ར་ས་ཆུ་དང་ར་ས་མགུ་བ་དང༌། །ར་ས་དང་སྒེག་འཆོས་དང་ཚིག་འབྲུ་མེད་པའི་སྒྲ། བྷྲིདྒ་ར་ཤྲིངྒར། པོར་ལེན་པའི་སྒྲ་སྐད་དང༌། ར་ས་རོ་བཅུད་རྩོད་པ་གྲགས་མེད་དང༌། །ར་ས་ཕ་རོལ་སྦྱིན་དང་འཇིགས་པའོ། ༈ །པ་ལ་ཡའི་སྒྲའོ། ཏིལ་མར་ཉེད་དང་དྲི་མ་ཤ །ཆུའམ་འཇམ་པོ་ཁང་ཆུང་དང༌། །མི་རོ་འོ་མ་ནག་ནོག་དང༌། །ཤེས་རབ་བ་ལ་ལ་ཞེས་བརྗོད། ༈ །ཀཱི་ལཱ་མའི་སྒྲའོ། །འོ་མ་མེ་ཏོག་བཅུད་དང་ཆུ། །ཆང་དང་ཕྱེ་སྣོད་མར་དང་ནི། མ་ཟིན་ལས་ཏེ་བདུན་དོན་ལ། །མཁས་རྣམས་ཀཱི་ལཱ་ལ་ཞེས་སྨྲ། ༈ །ལ་ལཱ་མ་ཞེས་པའི་སྒྲའོ། །རྟག་དང་འཇུག་མ་རྒྱལ་མཚན་དང༌། །གོང་བུ་བྲག་རི་སྐྱེས་བུ་དང༌། །ཡོན་ཏན་ལྷག་


TNT19_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ནི་དུག །ནོར་བུའི་རྒྱན་ཞེས་བྱ་བ་ལ། །ལ་ལཱ་མ་ཞེས་ཡང་དག་དྲན། ༈ །ཝརྞ་ཞེས་པའི་སྒྲའོ། །ཡི་གེ་རྣམས་ལ་ཝརྞར་བརྗོད། །ཝརྞ་དཀར་པོ་ལ་སོགས་རྣམས། །ཝརྞ་བརྡུང་དཀྲོལ་ཚིག་བཅད་ཁ། །ཝརྞ་གོ་རིག་གཉིས་སྐྱེས་སོགས། ༈ །བ་སུ་ཡི་སྒྲའོ། །བ་སུ་ཉི་མ་བ་སུ་མེ། །བ་སུ་ལྷ་དང་བ་སུ་ས། །བ་སུ་རིན་ཆེན་བ་སུ་རྫས། །བ་སུ་ས་གཞིའི་གཏེར་བརྒྱད་སོགས ༈ །ཨརྫུ་ན་ཞེས་པའི་སྒྲའོ། །མདོག་དཀར་ཨ་རྫུ་ན་ཞེས་བྱ། །སྐྱ་སེང་བུ་ལའང་ཨརྫུ་ན། །ཨརྫུ་ན་ནི་རྩྭ་སྐྱེས་ཏེ། །རི་དང་ལྗོན་པ་ཨརྫུ་ན། ༈ །བ་ལི་ཡི་སྒྲའོ། བ་ལི་མཆོད་པའི་ཉེར་སྤྱོད་དེ། བ་ལི་སྦྱིན་སྐྱེས་དཔོན་དུ་བརྗོད། །བ་ལི་བུད་མེད་དབུས་ཀྱི་ཆ། །རྒྱ་མཚོའི་རླབས་སོགས་ཡང་བ་ལི། །མི་ཟད་རྒས་པ་ཉིད་ལ་བྱ། །བ་ལི་འཆི་མེད་དབྱུག་པ་ཡང༌། །བ་ལི་མཆོད་པ་ཉེ་བར་མཐོར། །བ་ལི་རྒས་པའི་སྡུག་བསྔལ་དང༌། །ལྤགས་དང་སྦོམ་པོ་ཡན་ལག་གོ ༈ །ཨནྟ་རའི་སྒྲའོ། བུ་ག་གོས་དང་བར་མཚམས་མེད་པ་དང༌། །ཡོལ་བས་བཅད་དང་བདག་ལ་ཨནྟར་སྒྲ། །ཕྱི་རོལ་ཕྲད་ལ་ཡང་སྟེ་གསལ་འབར་ལའང། ། ཨནྟར་ཨོཾ་བསོད་དུག་དང་དལ་བར་གནས་ལའོ། ༈ །པ་དའི་སྒྲའོ། པ་ད་ཕྱེ་མ་དང་ནི་རྡོ་ལ་སྟེ། །རྨ་ལ་སོགས་དག་ནགས་


TNT19_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ནོར་ལ་སྟེ། །དོན་བཞི་རྣམས་སོ་ཡང་སྟེ་རྒྱལ་པོ་ཡི། །བསྟན་པ་སོགས་དང་རྒྱབ་ལ་ཨནྟ་ར། །པ་ད་རྨ་ཡི་དཀྲིས་དང་པ་ད་ས། །འགེགས་པར་བྱེད་དང་གཟེབ་ལའང་པ་ད་སྟེ། །སྲིན་བུ་ལས་སྐྱེ་དར་དང་དར་གྱི་ནི། །དར་དཔྱངས་དེ་ལ་ཡང་སྟེ་གནས་ལའོ། ༈ །ཨ་རིཥྟའི་ངོ་མཚར་གྲུབ་རྟགས་ལའང་འཇུག་སྒྲའོ། །ཨ་རིཥྟ་ནི་བང་མ་སངས་པ་སྟེ། །ཨ་རིཥྟ་ནི་ཁྱིམ་ལ་འདིར་བརྗོད་དོ། །ལྷ་མིན་ཁྱུ་མཆོག་ལ་ཡང་ཨ་རིཥྟ། །བྱ་རོག་ནི་མ་པ་དག་ལའང་ཨ་རིཥྟ། །ཨརིཥྟ་ནི་དགེ་ལེགས་དག་ལའང་ཟེར། ༈ །ཀམྦ་ལའི་སྒྲའོ། ཀམྦ་ལ་ནི་ཞལ་ཞལ་ཏེ། །སྤུ་སྐྱེས་དར་ལའང་ཀམྦལ། །བ་ལང་ལྐོག་ཤལ་ཀམྦ་ལ། །པདྨ་ལམྦ་ལ་རུ་དྲན། ༈ །མཎྜ་ལའི་སྒྲའོ། །མཎྜལ་ནི་ཟླུམ་པོར་རབ་ཏུ་གྲགས། །སྒྲ་དྲག་པོ་ལའང་མཎྜལ་རུ་བརྗོད། །མཎྜལ་ནི་ས་གཞིའི་དུམ་བུ་ལའང༌། ཁྱི་མོའི་ཕྲུ་གུ་ལ་ཡང་མཎྜལ། ༈ །ཀུནྟ་ལ་ཡི་སྒྲའོ། །ཀུནྟ་ལ་ནི་སྒྲ་ཡི་ནང་ཚན་ཏེ། ཀུནྟ་ལ་ནི་ལྷ་ཡི་ངག་ཏུ་བརྗོད། །ཀུནྟ་ལ་ནི་ཐིག་སྐུད་འཛིན་པ་དང༌། །ལག་པ་དང་ནི་ཁ་


TNT19_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

འགྲམ་ཀུནྟ་ལ། །སྐྲ་དང་སྐྲ་ཡི་རྩེ་དང་བ་སྤུ་ལ། །ཀུནྟལ་ཏེ་དེ་ནི་མགོ་ལས་སྐྱེས། །ཚོགས་པ་རོག་ཅིག་པ་སྟེ་སྐྲ་ཙམ་ལའང༌། །ལྕང་ལོའི་རྒྱན་ལའང་ཀུནྟ་ལ་ཡིན་ནོ། ༈ །མ་ཎིའི་སྒྲའོ། །མ་ཎི་རྟགས་ཀྱི་རྩེ་དང་སྐལ་བ་ནི། །མ་ཎི་རབ་བརྗོད་སྐལ་ལྡན་རྒྱལ་མཚན་ཏེ། །མ་ཎི་ཁྲོན་པའི་ཁ་རྒྱན་བསྐོར་བར་བརྗོད། །མ་ཎི་པདྨ་རཱུ་ག་ལ་སོགས་སོ། ༈ །ཏནྟྲའི་སྒྲའོ། །ཏནྟྲ་བསྟན་བཅོས་རིགས་རྒྱུད་ཏནྟྲ་སྟེ། །ཏནྟྲ་གྲུབ་པའི་སྨན་གྱི་བྱ་བ་ལ། །ཏནྟྲ་བདེ་བ་ཏནྟྲ་སྟོབས་ལྡན་ཏེ། །རླུང་སྦྱོར་སྒྲུབ་ཐབས་རྣམས་ལ་ཏནྟྲའོ། ༈ །ནཻ་ཏྲའི་སྒྲའོ། །ནཻ་ཏྲ་གོས་ཀྱི་བྱེ་བྲག་ལ། །ནཻ་ཏྲ་མིག་ལ་བསྒྲེགས་པའོ། །ཡོངས་སུ་བསྐོར་བའང་ནཻ་ཏྲར་བརྗོད། །ནཻ་ཏྲ་ཞེས་པ་གླ་རྩི་ལའང༌། ༈ །དྷཱ་ཏུའི་སྒྲའོ། །རླུང་སོགས་རང་བཞིན་དྷཱ་ཏུར་སྨྲ། །དྷཱ་ཏུ་བྲག་ལས་བྱུང་བའི་རིགས། །བྱ་བ་དངོས་བདག་དྷཱ་ཏུ་སྟེ། །དྷཱ་ཏུ་ལུས་ཀྱི་བཅུད་སོགས་ལའོ། ༈ །སུ་དྷཱའི་སྒྲའོ། །སུ་དྷཱ་འོད་ལྡན་གཞལ་མེད་ཁང་ཡིན་ཏེ། །སུདྷཱ་རྫས་དང་སུ་དྷཱ་གློག་ཏུ་དྲན། །སུ་དྷཱ་ཁ་ཟས་དུས་ཅིག་བར་ཤེས་བྱ། །སུ་དྷཱ་ཀྱུ་རུ་སུ་དྷཱ་ཆུ་འདྲེན་པའོ། ༈ །ཀཎྜའི་སྒྲའོ། །ཀཎྜ་དཱ་སྟེ་སྲང་ལའང་ཀཎྜའོ། །ཀཎྜ་དམ་བཅའ་ལ་ཡང་རྣམ་པར་སྨྲ། །ཀཎྜ་ཏིང་ཤགས་སྟོབས་ལྡན་ཀཎྜའོ། །ཀཎྜ་ཤིང་གི་རྩ་བ་ལ་ཡང་ངོ༌། ༈ །བེ་ལཱ་ཡི་སྒྲའོ། བེ་ལཱ་དུས་ཀྱི་བྱེ་བྲག་སྟེ། བེ་ལཱ་རྒྱ་མཚོའི་ཆུ་གཉེར་ཡིན། །བེ་ལཱ་འུར་ཆེམ་སྐྱོད་པ་སྟེ། །བེ་ལཱ་བྲག་ཕུག་ཁོང་གི་སྒྲ། ༈ །ཀྵ་ཎའི་སྒྲའོ། །དགའ་བ་བསྐྱེད་དང་མཁར་ལྕགས་རི། །


TNT19_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ཚོད་གཉིས་དང་དེ་བཞིན་བསྒྲིགས། །ཀྵ་ཎའི་སྒྲ་ནི་གནས་སྐབས་ཏེ། །དུས་ལ་ཡང་ནི་ངེས་པར་བརྗོད། ༈ །བྷྲུ་ཎའི་སྒྲའོ། །འཇིགས་པ་བྷྲུ་ཎ་བྲམ་ཟེ་སྟེ། །བྷྲུ་ཎ་མངལ་དང་བུད་མེད་བུ་ཤོར་ལ། །བྷྲུ་ཎ་སྒོང་སྐྱེས་བྱིས་པའོ། བྷྲུ་ཎ་སྨྱོན་པ་ལ་ཡང་བརྗོད། ༈ །ཨིནྡྲིའི་སྒྲའོ། །གཙོ་བོ་ཨིནྡྲ་ཞེས་པར་བཤད། །ལྷ་ཡི་རྒྱལ་བོ་ཨིནྡྲར་སྨྲ། །སྒྲ་སོགས་ལྔ་ཡི་ཡུལ་ཅན་ལ། །དབང་པོའི་ཐ་སྙད་གྲགས་ཞེས་བརྗོད། ༈ །ཨ་ཧི་ཞེས་པའི་སྒྲའོ། །ཨ་ཧི་ལྷ་མིན་ཁྱད་པར་ཏེ། །ཉི་མ་ཨ་ཧི་རྒྱལ་མཚན་ལ། །ལག་འགྲོ་ཨ་ཧིར་ཡང་དག་བརྗོད། །སེང་གེའི་ཕྲུ་གུ་ཡང་ཨ་ཧིའོ། ༈ །བྱཱ་ལ་ཞེས་བའི་སྒྲའོ། །བྱཱ་ལ་སྤྲུལ་ཏེ་བྱཱ་ལ་གཅན་གཟན་ནོ། །བྱཱ་ལ་ཁ་ཞེ་འགལ་བའི་གཡོ་ལ་བྱེད། །བཀའ་དྲིན་ལྡན་པ་ལ་ཡང་བྱཱ་ལ་སྟེ། །བྱ་ལོ་ལ་ཡང་བྱཱ་ལ་ངེས་པར་བརྗོད། ༈ །དྷེ་ནུའི་སྒྲའོ། །འོ་མ་འཇོ་བར་བྱེད་མཁན་དྷེ་ནུ་སྟེ། །དྷེ་ནི་གླང་ཆེན་མོ་ནི་ཕྲུ་བུ་འབྲངས། །རལ་གྲི་ཆུང་ངུ་ཡང་ནི་དྷེ་ནུར་དྲན། དྷེ་ནུ་བརྟན་དང་ཞི་བར་བྱེད་པའོ། ༈ །པྲྀ་ཥའི་སྒྲའོ། །པྲྀ་ཥ་ཆོས་ཏེ་པྲྀ་ཥ་གཙོ་བོ་ཡིན། པྲྀ་ཥ་བ་ལང་བྲྀ་ཥ་ལྐུགས་པ་དང༌། །བྲྀ་ཥ་ཟུར་བུ་བྲྀ་ཥ་འདོད་ཆགས་ཏེ། །བྲྀ་ཥ་ཎ་གླང་ལའང་བྲྀ་ཥར་བརྗོད་པའོ། ༈ །ཤ་ལིའི་སྒྲའོ། །ཤ་ལི་བླུན་པོ་ཤ་ལི་དུས་ལ་སྟེ། །ཤ་ལི་བུང་བ་ཤ་ལི་ག་ཏའི་དབྱུག །ཤ་ལི་སྦྲུལ་གྱི་བྱེ་བྲག་ཉིད་ལ་འཇུག །ཤ་ལི་རྩོད་པ་ལ་ཡང་བཤད་པའོ། ༈ །ཡོ་གའི་སྒྲའོ། །ཡོ་ག་འོད་ཟེར་བྱེ་བྲག་ཡིན། །མཉམ་པར་སྦྱོར་ལའང་ཡོ་གར་བརྗོད། །ཡོ་ག་བཟང་པོའི་


TNT19_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་ཐོབ་པ། །ཏིང་ངེ་འཛིན་ལའང་ཡོ་གར་བཤད། ༈ །ཤཱི་ཏའི་སྒྲའོ། །ཤཱི་ཏ་དཔལ་མོ་བཟོད་པའང་ཤཱི་ཏ་སྟེ། །ཤཱི་ཏ་མས་ཀྱི་བདག་པོའི་ལྷ་ཉིད་ཡིན། །ཤཱི་ཏ་མགོ་དང་ཤཱི་ཏ་རྒྱལ་མཚན་ལྷ། །ཤཱི་ཏ་གངྒ་ལ་ཡང་འདོད་པ་ཡི། ༈ །ན་བྷིའི་སྒྲའོ། །ཐོག་མའི་རྒྱལ་རིགས་དག་ལ་ན་བྷི་སྟེ། ན་བྷི་འཁོར་ལོའི་ལྟེ་བ་དག་ལ་བརྗོད། །ཉེ་དུ་སྐྱོང་བ་ལ་ཡང་ན་བྷི་སྟེ། །ལྟོ་བའི་འོག་ཕྱོགས་ལྟེ་བའང་ན་བྷིར་འདོད། ༈ གོ་ཏྲའི་སྒྲའོ། །གོ་ཏྲ་མིང་དང་གོ་ཏྲ་རུས། །ས་གཞི་འཛིན་ལའང་གོ་ཏྲའོ། །ནོར་འཛིན་གོ་ཏྲར་རིག་པར་བྱ། །བདེན་པའི་ངག་ལའང་གོ་ཏྲར་དྲན། ༈ གྷ་ནའི་སྒྲའོ། །གྷ་ན་སྤྲིན་ཏེ་གྷན་མཁར་གཞོང་ངོ༌། །མཁར་དཀྲོལ་སྒྲ་དང་སྒྲ་ལ་གྷ་ནར་བརྗོད། །ཚོགས་ལ་གྷ་ན་རྟག་པ་གྷ་ན་སྟེ། ལྕགས་ཀྱི་ཐོ་བ་ཡང་ནི་གྷ་ནར་བརྗོད། །བྲ་བཱ་ལའི་སྒྲའོ། །པི་ཝཾ་དབྱུག་པ་དྲ་བཱ་ལ། །ལོ་མ་གསར་པའང་བྲ་བཱ་ལ། །བྱི་རུ་བྲ་བཱ་ལ་རབ་བརྗོད། །གླང་ཆེན་ཤམ་མ་ལི་ཡང་ངོ༌། ༈ །ཀོ་ཎའི་སྒྲའོ། །ཀོ་ཎ་འདུག་གནས་དང་དགའ་བ། ཀོ་ཎ་ཟུར་དང་བྱེ་བར་དྲན། །ཀོ་ཎ་པི་ཝཾ་ལ་སོགས་སྒྲོག ༈ །རཱ་མའི་སྒྲའོ། །རཱ་ན་བུད་མེད་གཤིན་རྗེ་མེ་ཡི་བུ། །དགའ་བྱེད་དགའ་བྱེད་དཀར་དང་དཀར་མིན་དང༌། རཱ་མ་ཕྱུགས་ཀྱི་བྱེ་བྲག་དང༌། །ཤིང་རྟ་བཅུད་པ་བདག་སྐྱེས་སོ། ༈ །ཏཱ་ལའི་སྒྲའོ། ཏཱ་ལ་དུས་དང་ལས་བྱེད་ལ། །ཏཱ་ལ་ས་འོག་འདོད་པ་ཡིན། །ལྗོན་པའི་ནང་ཚན་ཏཱ་ལར་དྲན། །ཏཱ་ལ་ལག་མཐིལ་བརྡབས་པའི་སྒྲ། ༈ །ཀཥྟཱའི་སྒྲའོ། །ཀཥྟཱ་དུས་ལའོ་ཀཥྟཱ་ཕྱོགས། ནོར་འཛིན་ཀཥྟཱར་རབ་ཏུ་བརྗོད། །དུས་ཀྱི་ཁྱད་པར་ཀཥྟཱ་ཡིན། །ཀཥྟཱ་ཤིང་ལ་རབ་ཏུ་བརྗོད།


TNT19_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

༈ །པ་ལཱ་ཤའི་སྒྲའོ། །པ་ལཱ་ཤ་ནི་སྲིན་པོར་བརྗོད། །པ་ལཱ་ཤ་ནི་འགེབས་པར་དྲན། ཁ་དོག་ལྗང་ཁུ་པ་ལཱ་ཤ །མིག་འཛུམ་ཚད་ཀྱང་པ་ལཱ་ཤར་བརྗོད་དོ། ༈ །ས་ཏྲའི་སྒྲའོ། །ས་ཏྲ་ཁང་པ་ནགས་ལའང་ས་ཏྲ་སྟེ། །ས་ཏྲ་འབྲུ་སོན་རྣམས་ལའང་དྲན། །ས་ཏྲ་འབྲས་དང་ས་ཏྲ་ནོར། །ས་ཏྲ་ལེགས་སྤྱོད་ལ་ཡང་སྨྲོས། ༈ །ཀལྤའི་སྒྲའོ། །ཀལྤ་སྒྱུ་རྩལ་རྣམས་བདེ་སྐྱིད། །ནད་མེད་པ་ལའང་ཀལྤར་ཤེས། །དུས་ལའང་ཀལྤར་རབ་ཏུ་བརྗོད། །མྱོས་བྱེད་འདི་ལའང་ཀལྤར་དྲན། ༈ །བིཥྟི་ར་ཡི་སྒྲའོ། །བིཥྟ་ར་ནི་རྨ་བྱའི་སྒྲོ་ཆུན་ཏེ། །གདན་ལའང་བིཥྟ་ར་རུ་ཤེས་པར་བྱ། །འདིར་ནི་དབང་པོའང་བིཥྟ་ར་རུ་བརྗོད། །བིཥྟ་ར་ནི་མཆོད་སྦྱིན་ལ་ཡང་སྨྲ། ༈ །ས་མི་ཏིའི་སྒྲའོ། །གྲལ་བསྒྲིགས་ས་མི་ཏི་རུ་བརྗོད། །གཡུལ་འཐབ་ལ་ཡང་ས་མི་ཏི། །མཚོན་ཆ་ས་མི་ཏི་རུ་དྲན། །གྲོགས་བཟང་ས་མི་ཏི་རུ་འདོད། ༈ །སི་ཏའི་སྒྲའོ། སི་ཏ་རྒན་པོ་སི་ཏ་དཀར། །སི་ཏ་དངུལ་དུ་འདོད་པ་སྟེ། །སྒྲོ་ལྡན་ལ་ཡང་སི་ཏར་ཤེས། །སི་ཏ་སྦྱིན་སྐྱེས་མདུན་ན་འདོན།༈ །ཙི་ཏྲ་ཀའི་སྒྲའོ། །ཙི་ཏྲ་ཀ་ནི་ཐིག་ལེར་རབ་ཏུ་བརྗོད། །བརྗོད་དོ་ཙི་ཏྲ་ཀ་ནི་གཟིག་ལ་འདོད། །ཙི་ཏྲ་ཀ་ནི་གདོང་གི་བཀྲག་མདངས་ལ། །ནང་གི་བྱེད་པ་ཙིཏྲ་ཀ་ཡིན་ནོ། ༈ །དྷཱ་ཏྲཱི་ཡི་སྒྲའོ། ཁམས་རྣམས་དྷཱ་ཏྲཱིར་མངོན་པར་བརྗོད། །དྷཱ་ཏྲཱི་སྐྱུ་རུའི་ཤིང་ལ་འདོད། །དྷཱ་ཏྲཱི་ས་གཞིར་བརྗོད་པ་སྟེ། །དྷཱ་ཏྲཱི་ནུ་མ་སྦྱིན་པ་ལ། ༈ །དྲོ་ཎའི་སྒྲའོ། །དྲོ་ཎ་སྒྲ་ངན་སློན་དཔོན་ཏེ། །དྲོ་ཎ་ཞེས་པ་བྱ་རོག་དྲན། །དྲོ་ཎ་ཞེས་པ་བྱ་རོག་དྲན། །དྲོ་ཎ་རི་ཡི་ཁྱད་པར་ལ། །དྲོ་ཎའི་ཤིན་དུ་བཞུ་བའི་སྦྱང་བ་ལ། །


TNT19_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཤུ་ཀྲའི་སྒྲའོ། །ཤུ་ཀྲ་ལྷ་མིན་བླ་མར་བརྗོད། །ཤུ་ཀྲ་ཟླ་རེར་སྦྱིན་སྲེག་སྟེ། །ཤུ་ཀྲ་སྟོབས་ཀྱི་ཁྱད་པར་རོ། །ཤུ་ཀྲ་ནང་གི་དངོས་པོ་ཡང༌། །ཤུ་ཀྲ་སྐར་མ་ལ་ཡང་བརྗོད། ༈ །རོ་ཧི་ཏའི་སྒྲའོ། །དབང་པོའི་ཆད་པ་རོ་ཧི་ཏ། །རོ་ཧི་ཏ་ནི་ཉའི་གཙོ་བོ། །མདོག་དམར་ལུས་ཀྱང་རོ་ཧི་ཏ། ༈ །བ་ལའི་སྒྲའོ། །བ་ལ་བསྐྱོད་འགྲོས་བ་ལ་དཔུང༌། །བ་ལ་བདེན་པ་བ་ལ་སྨན། །ནོར་བུའི་འོད་ཀྱང་བ་ལ་སྟེ། །བ་ལ་ལྷ་མིན་དཔལ་དང་ས། ༈ །པར་རི་གྲ་ཧ་ཞེས་པའི་སྒྲའོ། པ་རི་གྲ་ཧ་གཉིས་སྐྱེས་ཀྱིས་ལེན་པ། །དམག་གི་རྗེས་འགྲོ་པ་རི་གྲ་ཧའོ། །པ་རི་གྲ་ཧ་ནུ་ཁེབས་ལ་ཡང་སྟེ། །སོ་སོར་གནོད་བྱེད་པ་རི་གྲ་ཧའོ། ༈ །ཀ་དཾ་པ་ཞེས་པའི་སྒྲའོ། །མ་ཡར་ཀ་དམ་པ་ཞེས་ཏེ། །ཐོར་ཅོག་ཀ་དམ་པ་རུ་བརྫོད། །ཀ་དཾ་པ་ནི་ཤིང་ནང་ཚན། །སྐྱེས་བུ་ཡོན་ཏན་མེད་པ་ལའང༌། ༈ །པྲི་ཡ་ཀ་ཞེས་པའི་སྒྲའོ། །རི་དྭགས་དབང་རིག་པྲི་ཡ་ཀ །པྲི་ཡ་ཀ་ནི་སྙིང་ཉེའི་མཆོག །མུ་ཏིག་ལ་ཡང་པྲ་ཡ་ཀ །ཙི་ཏྲ་ཀ་ཡི་ས་བོན་ལ། །པྲི་ཡ་ཀ་ནི་འདབ་ཆགས་བཞད། །སྟག་རིས་དག་ལ་པྲི་ཡ་ཀ །པྲི་ཡ་ཀ་ནི་བཀོད་ཤོམས་ལེགས། །གྲོལ་དོན་དཀའ་སྤྱད་པྲི་ཡ་ཀ ༈ །ཙཀྲ་ཞེས་པའི་སྒྲའོ། །ཙཀྲ་འདབ་ཆགས་བྱེ་བྲག་སྟེ། །ཙཀྲ་ཤིང་རྟའི་ཡན་ལག་མཚོན། །ཙཀྲ་རྒྱལ་སྲིད་བཟང་ཚོགས་ལ། །ཙཀྲ་སྐོར་བ་བྱེད་ལ་འདོད། །བུ་ཊའི་དབྱེ་བ་རྣམས་ཙཀྲ། །ཆུ་ཡི་དོང་དང་ཆུ་འཁོར་ལའོ། ༈ །སྭ་ར་ཞེས་པའི་སྒྲའོ། །སྭ་ར་ཁྱོད་ཉིད་བདེན་པར་རིག །སྭ་ར་རི་མོ་མཁན་ལ་བརྗོད་འདིར་


TNT19_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་དཔེ་ལ་ཡིག་འབྲུ་བཞི་ཆད། །སྭ་ར་ཡང་ནི་སྐྱེས་བུའི་མཆོ །སྭ་ར་བོང་བུ་ལ་རབ་བརྗོད། །ཐ་སྙད་མཁས་ལའང་སྭ་ར་འོ། ༈ །ཛཱ་ཏའི་སྒྲའོ། །ཛཱ་ཏི་ལྷན་ཅིག་སྐྱེས་པར་བཤད། །མཱ་ལ་ཏི་ལའང་ཛཱ་ཏིར་བརྗོད། །ཛཱ་ཏི་རུས་སོགས་སྐྱེ་བ་ལའང། །ཐབ་ཁ་ལ་ཡང་ཡོངས་སུ་བརྗོད། ༈ །ཕ་ཎཱ་ཞེས་པའི་སྒྲའོ། །བ་གླང་ར་ཅོ་ཕ་ཎཱར་ཤེས། །ལག་འགྲོའི་གདེང་ཀ་ཕ་ཎཱ་སྟེ། །ཕ་ཎཱ་རལ་པ་ཕ་ཎཱ་སྲེད། །ཕ་ཎཱ་སྲུབ་དང་འཁྱིལ་བ་ལ། ༈ །ཏཱི་ལ་ཀའི་སྒྲའོ། །ལྗོན་ཤིང་ནད་ཚན་ཏཱི་ལ་ཀ །ཏཱི་ལ་ཀ་ནི་ཐིག་ལེ་རིས། །ཟླ་བའི་མིང་ལའང་ཏཱི་ལ་ཀ །གཙོ་བོའང་ཏཱི་ལ་ཀ་རུ་འདོད། །ཏཱི་ལ་ཀ་ནི་རི་མོ་མཁན་རབ་བརྗོད། །མཛེས་པའི་རི་མོའང་ཏཱི་ལ་ཀ །ནང་དང་ཤིང་གི་བྱེ་བྲག་དང༌། །ནམ་མཁའ་ཉི་མའི་གཟི་བརྗིད་ལའོ། གནྡྷརྦྷ་ཡི་སྒྲའོ། །གནྦྷརྦྷ་ནི་ལྷ་ཡི་ལུས། །མགྱོགས་འགྲོ་ལའང་གནྡྷརྦྷ། །དྲན་པ་གླུ་དབྱངས་གནྡྷརྦྷ། །གནྡྷརབྷ་ནི་རི་དྭགས་གསོ། ༈ །ཤྲྀངྒ་ཞེས་པའི་སྒྲའོ། །ཤྲྀངྒ་གཙོ་བོར་འདོད་པ་སྟེ། །ཤྲྀངྒ་རི་རྩེར་རིག་པར་བྱ། །ཤྲྀངྒ་ཞེས་པ་རྭ་ཅོ་སྟེ། །སྒྲ་རིག་མཛོད་ལའང་གསལ་བར་བཤད། ༈ །ཤཱ་རཾ་གའི་སྒྲའོ། །ཤཱ་རཾ་ག་ནི་ཆར་སྡོད་བྱེའུ། །ཤཱ་རཾ་ག་ནི་གླང་པོར་འདོད། །ཤཱ་རཾ་ག་ནི་རི་བོར་ཤེས། །ཤཱ་རཾ་ག་ནི་ཁྲི་སྙན་ཏེ། །བུང་བ་འཐུང་བྱེད་ཤཱ་རཾ་ག །དེ་བཞིན་གཞུ་ལའང་ཤཱ་རཾ་ག །ཆགས་པས་ཕྲད་འདོད་ཤཱ་རཾ་ག །ཤཱ་རཾ་ག་ནི་སྤྲིན་ལ་བརྗོད། །རྒྱ་མཚོ་ལ་བརྗོད་ཤཱ་རཾ་ག །ཆུ་ལས་སྐྱེས་པ་ལ་ཡང་ངོ༌། །ཤཱ་རཾ་ག་ནི་སེང་གེའི་རིགས། །དུང་དང་མར་མེ་དག་ལ་ཡང༌། །རོལ་མོའི་དབྱེར་བ་ཤཱ་རཾ་ག །གདངས་དབྱངས་ཤཱ་རཾ་ག་རུ་བརྗོད།


TNT19_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ངང་པའི་རིགས་ལའང་ཤཱ་རཾ་གཁུ་བྱུག་ཤཱ་རཾ་ག་ཡིན་ནོ། ༈ །ཀ་ར་ཎའི་སྒྲའོ། །ས་བོན་ཀ་ར་ཎ་ར་རིག་བྱ། །ཀ་ར་ཎ་ནི་ཞིང་ལ་བརྗོད། །རིགས་ཀྱི་བྱེ་བྲག་ཀ་ར་ཎ། །ཀ་རི་ཎ་ནི་དབང་པོ་རྣམས། ༈ པུཎྜ་རི་ཀའི་སྒྲའོ། །སྟག་ནི་པུཎྜ་རི་ཀར་དྲན། །ཆུ་སྣོད་རིལ་བ་པུཎྜ་རི། །པུཎྜ་རི་ཀ་ཁ་དོག་དཀར། །ཆུ་སྐྱེས་དཀར་པོ་པུཎྜ་རི། །ཆུ་སྐྱེས་དམར་པོའང་དེ་བཞིན་ནོ། །མགོ་སྐྱེས་པུཎྜ་རི་ཀར་བརྗོད། ༈ བྷཱུ་ཏའི་སྒྲའོ། །བུ་དང་ས་ལ་སོགས་དག་དང༌། །འདས་པའི་དུས་དང་སྲིད་པོ་དང༌། །སྲོག་འཇོམས་རྣམས་དང་འབྱུང་པོའི་སྒྲ། ༈ །ཨཥྟཱ་པ་དའི་སྒྲའོ། །ཨཥྟཱ་པ་ད་རིན་པོ་ཆེ། །གསེར་ཡང་ཨཥྟཱ་པ་དར་དྲན། །ཨཥྟཱ་པ་ད་ཤ་ལའི་འབྲུ། །སྐེམ་པོའི་རིགས་ལའང་ངེས་པར་དྲན། ༈ །བཱ་ལའི་སྒྲའོ། །བཱ་ལ་སྒྲ་སྟེ་བཱ་ལ་ཆུ། །ཙ་ནི་ཀ་ཤ་བཱ་ལར་འདོད། །བཱ་ལ་ལྐུག་པ་བྱིས་པ་ལའོ། །བཱ་ལ་ཤུགས་ལ་བསམ་པར་བྱ། ༈ །བཱ་ལ་ཀའི་སྒྲའོ། །མཁའ་སྤྱོད་སྟག་ལ་བཱ་ལ་ཀ །བཱ་ལ་ཀ་ནི་རྒྱ་ཆེར་དྲན། །བཱ་ལ་ཀ་ནི་དྲི་ཡི་རྫས། །རལ་པའི་ཁུར་ལའང་བཱ་ལ་ཀ ༈ །ཤྱཱ་མའི་སྒྲའོ། །ཤྱཱ་མ་མཚན་མོའི་དུས་དང་བརྟན་པོ་ལ། །ཤྱཱ་མ་བུད་མེད་ལང་ཚོ་ལྐུག་མ་ལ། ཤྱཱ་མ་སྙིང་ཉེ་བ་དང་བརྗིད་ལྡན་ལ། །སྨད་འཚོང་རྒན་མོ་ལ་ཡང་ཤྱཱ་མར་བརྗོད། ༈ །ཤུ་བྷའི་སྒྲའོ། །ཤུ་བྷ་བདུད་རྩི་ཤུ་བྷ་བདེན་པ་དང༌། །ཕན་བྱེད་འོ་མ་ལ་ཡང་ཤུ་བྷར་འདོད། །ཤུ་བྷ་བཀྲ་ཤིས་ཤུ་བྷ་མཛེས་པ་དང༌། །ཤུ་བྷ་ཨ་རུ་ར་ལ་མངོན་པར་བརྗོད། ༈ །གུ་རུའི་སྒྲའོ། །གུ་རུ་ཕ་དང་གུ་རུ་གཙོ་བོ་དང༌། །གུ་རུ་ལྷ་མིན་མདུན་ན་འདོན་ཡིན་ཏེ། །རྒས་ཆེས་པ་ལའང་གུ་རུར་རབ་ཏུ་བསྒྲགས། །


TNT19_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མར་མངོན་དབང་བསྐུར་བའང་གུ་རུར་བརྗོད། ༈ །ཀཱནྟཱ་ར་ཞེས་པའི་སྒྲའོ། །ཀཱནྟཱ་ར་ནི་ནགས་ཚལ་ལ་རབ་བརྗོད། །ཟས་གཡོས་སྟོན་པ་ལ་ཡང་ཀཱནྟཱ་ར་བརྒྱ་བྱིན་བུ་ཙ་ཤཱས་ན། །ཀཱནྟཱ་ར་ནི་བུར་ཤིང་བྱེ་བྲག་ལའང༌། །ཀཱནྟཱ་ར་ནི་ཡུལ་སྟོང་ཕོ་བ་ལའོ། ༈ །ཁ་བརྫུ་རའི་སྒྲའོ། །འབྲས་བུའི་ནང་ཚན་ཁ་རྫུ་ར། ཁ་རྫུ་ར་ནི་དངུལ་ཉིད་དྲན། །ཆུང་ངུའི་རིགས་ལའང་ཁརྫུ་ར། ཁ་རྫུ་ར་ནི་རྩ་མཆོག་གོ །ཞེས་པ་ནི་དཔལ་དུ་མའི་དོན་གྱི་སྒྲའི་སྙེ་མ་ལས་ཚིགས་སུ་བཅད་པ་དང་པོར་བསྟན་པའོ། ༈ །ཨཀྵའི་སྒྲའོ། །ཨཀྵ་ཤིང་གི་བྱེ་བྲག་སྟེ། །སྐྱེས་བུ་ཨཀྵ་དབང་པོའོ། །བརྐོ་ལས་མཁན་དང་ཨུཏྤལ། །ཐིག་ལེ་ཨཀྵ་ཉུང་ངུའོ། ༈ །གུ་རུའི་སྒྲའོ། །ཚིག་རྐང་དང་པོ་གཉིས་གོང་བཞིན། གུ་རུ་བླངས་ཐོབ་སློབ་མར་ཉེར་ཕན་ལ། །གུ་རུ་རྒྱལ་པོ་དང་ནི་ཕུར་བུ་ལ། །གུ་རུ་བུད་མེད་ཐལ་མོའི་སྒྲ་ལ་བཤད། །ཕ་མེས་དགའ་བྱེད་ལྷ་དང་མཛེས་པ་ལ། །རག་དང་ཁྱོད་ཅེས་པ་ལའང་གུ་རུའོ། །གུ་རུ་རྒྱལ་པོའི་ཁང་པར་རབ་བཤད་དེ། །རྒྱུ་སྐར་མཆུ་དར་གཞོན་ནུ་དག་ལ་ཡང༌། །གུ་རུ་ཟླ་བ་དང་ནི་ཉི་མ་ལའང༌། །གུ་རུ་སྟོབས་བཟང་ལྷ་དང་རྒྱུད་ཆད་ལ། །མ་ཧེ་བོང་བུ་ལག་པ་འཆི་མེད་གྲུང༌། །རྒྱལ་པོ་བྷ་ར་ཏ་ལའང་གུ་རུར་སྨྲ། ༈ །པཱ་རཱ་ཤ་ཞེས་པའི་སྒྲའོ། །པཱ་རཱ་ཤ་ནི་འབྲུ་སུ་བ་ཀ་བརྞ་བ་ཏེ་ཚོན་བསྒྱུར་བ་ལ་ཟེར་ཚོགས་བཀྲབས་པ་ལ། །པཱ་རཱ་ཤ་ནི་དགའ་འབྱེད་མཚན་ལྡན་དག །པཱ་རཱ་ཤ་ནི་འཇིགས་པའི་སྒྲ་ཡིན་ཏེ། རྒྱལ་པོ་དགྲ་བོ་ཉམས་པའང་པཱ་རཱ་ཤ །པཱ་རཱ་ཤ་ནི་རི་བོར་བརྗོད། མཚན་མོའི་དཀར་མིན་པཱ་རཱ་ཤ །པཱ་རཱ་ཤ་ནི་སྤྲིན་གྱི་སྒྲ །གཤིན་རྗེའི་ཁོལ་པོ་


TNT19_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

པཱ་རཱ་ཤ༽ །པཱ་རཱ་ཤ་ནི་རིན་པོ་ཆེ། མུ་ཏིག་ཡང་ནི་པཱ་རཱ་ཤ །དངུལ་གྱི་རིགས་ཀྱི་ཁ་དོག་ལའོ། །བཻཌཱུ་རྻ་དང་ནོར་བུ་རྣམས། །རྫས་ཞེས་བྱ་བའང་པཱ་རཱ་ཤ །ཞོ་དང་རྒྱ་མཚོ་པཱ་རཱ་ཤ །རི་དྭགས་ནག་པོའང་དེ་བཞིན་ནོ། །པཱ་རཱ་ཤ་ནི་གསེར་གྱི་མདོག །པཱ་རཱ་ཤ་ནི་དུག་དང་མར། །སྦྲང་རྩི་དང་ནི་ཕྱི་རོལ་ལོ། །ས་གཞི་ལ་ཡང་པཱ་རཱ་ཤ གླང་པོ་ཆེ་དང་ཕྲག་པ་ལ། །པཱ་རཱ་ཤ་འོ་དེ་བཞིན་དུ། །ཤིང་ལོ་གསར་འཇམ་པཱ་རཱ་ཤའོ། །རྔ་ཟླུམ་ལ་ཡང་པཱ་རཱ་ཤའོ། །སིལ་ཀྲོལ་དང་ནི་ཀ་པ་ལ། །རལ་གྲི་ལྷུང་བཟེད་པཱ་རཱ་ཤ །དེ་རིང་དུས་ལའང་པཱ་རཱ་ཤ །མང་པོ་དང་ནི་རྐང་པ་ལ། །སྦྲང་རྩི་འཐུང་དང་གནས་དང་ནི། ཁྱིམ་གྱི་ཤིང་སྡོང་པཱ་རཱ་ཤ །པཱ་རཱ་ཤ་ནི་བསྐལ་དུས་ལའང༌། །ནེ་ཚོ་ཅོལ་ཆུང་པཱ་རཱ་ཤ །པཱ་རཱ་ཤ་ནི་གཞོན་པ་སྟེ། །སྐྱེ་བོ་དམ་པའང་པཱ་རཱ་ཤ །པཱ་རཱ་ཤ་ནི་ཡན་ལག་སྦས། །འདོད་པའི་ལྷ་ལའང་པཱ་རཱ་ཤ །ཙན་དན་དམར་འདི་པཱ་རཱ་ཤའོ། །དོ་ཤལ་རྐང་གདུབ་པཱ་རཱ་ཤ །པཱ་རཱ་ཤ་ནི་དྲིལ་ཆུང་འཕྲེང༌། ༈ །རཱ་མ་ཞེས་པའི་སྒྲའོ། །རཱ་མ་ཉིད་དང་ནམ་མཁའ་ལ། རཱ་མ་རི་དང་རི་བོར་བརྗོད། །རཱ་མ་གཤིན་རྗེའི་ལྷ་ཡིན་ཏེ། །རཱ་མ་རྒྱ་མཚོ་དག་ལ་ཡང༌། །ས་གཞི་ཡང་འདིར་རཱ་མ་ཡིན། །མང་པོ་ལ་ཡང་རཱ་མར་དྲན། །རཱ་མ་རྔ་བོ་ཆེ་ཡིན་ཏེ། །གཏམས་ཏེ་བཞག་དང་རི་མཆོག་ལ། །རཱ་མ་ངོ་མཚར་དུས་ཡིན་ཏེ། །རཱ་མ་ནགས་ཀྱི་ལྷ་ལའོ། །རཱ་མ་རི་མོ་སྦས་པ་སྟེ། །རཱ་མ་དབང་པོའི་ལྷ་རུ་བཤད། །རཱ་མ་ནོར་ལྷའི་བུ་ཡིན་ཏེ། །རཱ་མ་རྒྱས་བཏབ་མ་བཤིག་པ། །རཱ་མ་ཆུ་ཡི་སྲོག་ཆགས་དང༌། །དེ་བཞིན་སྟོབས་


TNT19_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གསུམ་པ་ལ། །རཱ་མ་མུ་ཏིག་ཅན་ཡིན་ཏེ། །ཨ་རྫུ་ན་ཤིང་དེ་བཞིན་ནོ། །རཱ་མ་གྲངས་ནོར་བ་ལ་བཤད། །དེ་བཞིན་སྐྱེ་བོའི་ཡིད་ལ་ཡང༌། །རཱ་མ་མཚན་མོ་རྒྱུ་བ་སྟེ། །དད་པ་ཅན་ཡང་རཱ་མ་ཡིན། །རཱ་མ་དྲ་བ་བྱི་པ་སྟེ། །རཱ་མ་བ་ཊའི་ཤིང་སྡོང་ལ། །རཱ་མ་གླང་པོའི་ཕྲུག་གུ་སྟེ། །རི་བོའི་ནགས་ལ་ཡང་རཱ་མ། །རཱ་མ་དཀར་དང་དཀར་མིན་ལ། །རི་དྭགས་བྱེ་བྲག་རཱ་མ་ཡིན། །རཱ་མ་ཤིང་རྟ་བཅུ་པའི་བུ། ༈ ཤུ་ཀྲ་ཞེས་པའི་སྒྲའོ། ཤུ་ཀྲ་སྦྱིན་སྐྱེས་བླ་མར་བརྗོད། །ཤུ་ཀྲ་སྡིག་པ་རླག་བྱེད་ལ། །ཤུ་ཀྲ་ཟླ་བའི་བྱེ་བྲག་སྟེ། །ཐོབ་ཅེས་པ་ལའང་ཤི་ཀྲར་བརྗོད། ༈ །བཱིཪྱ་ཞེས་པའི་སྒྲའོ། །བཱིཪྱ་ཁུ་བ་སྟོབས་ཞེས་བྱ། །བཱིཪྱ་ས་བོན་ལ་རབ་བརྗོད། །བཱིཪྱ་ནོར་མངས་ཚོགས་པ་ལ། །བཱིཪྱ་ཡིད་དང་ཟ་བ་དག །བཱིཪྱ་ཚངས་དབང་ཁྱབ་འཇུག་ལྷ། །ས་བདག་དགའ་བྱེད་བཱིཪྱ་བརྗོད། །ལྷ་དང་དཀའ་ཐུབ་བཱིཪྱ་སྟེ། །བཱིཪྱ་ཟླ་བ་ཉི་མ་དག །རྒྱན་དང་བྱ་རོག་བཱིཪྱར་ཤེས། །ཤིང་རྟས་འགྲོ་བའང་བཱིཪྱ་ཡིན། །བཱིཪྱ་ལངྒའི་གྲོང་ཁྱེར་དང༌། བཱིཪྱ་ཞེས་པ་འདམ་ལས་སྐྱེས། །བཱིཪྱ་ར་དགུ་དགའ་བའོ། ༈ །བུ་ཛཾ་ག་ཞེས་པའི་སྒྲའོ། །པི་ཝང་སིལ་སྙན་གཉིས་སྐྱེས་དང༌། །ཆར་པ་རྣམས་ལ་བུ་ཛཾ་ག །བུ་ཛཾ་ག་ནི་སྤྲིན་རྨུགས་དང༌། །སྐྱེས་བུའི་ཡན་ལག་མ་མཆོག་གོ ༈ །དྭི་ཛ་ཞེས་པའི་སྒྲའོ། །དྭི་ཛ་རྒྱལ་པོ་ས་སྐྱོང་ལ། །དྭི་ཛ་འགྲོ་བ་འཇོམས་པའི་ལྷ། །དྭི་ཛ་བྲམ་ཟེ་ཉ་ཕྱིས་དང༌། །དྭི་ཛ་རྭ་དང་རི་ལའོ། །དྭི་ཛ་མཛོད་དང་བསྐྱེད་པ་ལ། །དྭི་ཛ་བདག་པོའི་བརྟུལ་ཞུགས་ལ། །དྭི་ཛ་སྦྲུལ་གྱི་སྐྱེ་བ་ལ། །དྭི་ཛ་ཉི་མའི་ཉེ་འཁོར་སྐྱེ། །དྭི་ཛ་པདྨའི་གདན་ཅན་མ། །དྭི་ཛ་གཤིན་རྗེའི་རིགས་སུ་འདོད། །དྭི་ཛ་ཉལ་བའི་གདན་ཡིན་ཏི། །ཚོ


TNT19_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ས་སྲབ་གོས་ཀྱང་དྭི་ཛར་དྲན། །དྭི་ཛ་དངུལ་དང་གསེར་ཡིན་ཏེ། །མུ་ཏིག་ཆེན་པོ་དྭི་ཛའོ། །དྭི་ཛ་ནོར་བུའི་རྒྱ་མཚོའོ། །གཟུགས་ལྡན་སྟོབས་ཆེན་དྭི་ཛའོ། ༈ །བཱ་རུ་ཎའི་སྒྲའོ། །བཱ་རུ་ཎ་ནི་མྱོས་བྱེད་དག་ལ་རིག །སྡོང་འཇོམས་ལ་ཡང་བཱ་རུ་ཎ་ཞེས་བརྗོད། །བཱ་རཱ་ཎ་ནི་ཆུ་ལྷར་བཤད་པ་སྟེ། །དེ་བཞིན་ནུབ་ཕྱོགས་ལ་ཡང་བཱ་རུ་ཎ། ༈ །ན་ར་སཾ་ཞེས་པའི་སྒྲའོ། །ན་ར་སཾ་ནི་འབྲུ་ཡི་སྦུན་པ་ལ། །རོ་བཅུད་ལ་ཡང་ན་ར་སཾ་ཞེས་བརྗོད། །ན་ར་སཾ་ནི་ཞོ་རྒྱས་ནུ་མ་ལ། །གསོད་པ་ལ་ཡང་ན་ར་སཾ་ཞེས་བཤད། །ན་ར་སཾ་ནི་སིལ་སྙན་འཛིན་པ་ལ། །ཉི་མའི་ཐོག་ཕུབས་ལ་ཡང་ན་ར་སཾ། །ན་ར་སཾ་ནི་མདའ་དང་འདོད་པ་ལ། །སྤྲིན་དང་རི་བོ་ལ་ཡང་ན་ར་སཾ། རྒྱ་མཚོ་ལ་ཡང་ན་ར་སཾ། །ནོར་བུ་རིན་ཆེན་དག་ལ་ཡང༌། །རླུང་དང་མགྱོགས་པ་ན་ར་སཾ། །རི་དྭགས་མིག་གཉིས་དག་ལའོ། །ན་ར་སཾ་ནི་ཙན་དན་ཤིང༌། །རི་དྭགས་མྱོས་བྱེད་ལ་ཡང་ངོ༌། ༈ །མནྡུ་རའི་སྒྲའོ། །རྟ་ཡི་ར་བ་མནྡུ་ར། བྱ་རོག་མནྡུ་ར་ཞེས་བརྗོད། །ཇོ་བོ་བདུད་རྩི་ལ་ཡང་འདི། །བདེན་ཅིང་བདེན་པའི་ཚིག་ལ་ཡང༌། །གསེར་གྱི་ཀ་བ་མནྡུ་ར། །ལྤགས་པའི་གོས་དང་བཞོན་པ་ལའོ། །སྤྲིན་གྱི་ཕྲེང་མ་བ་མནྡུ་ར། །ཟླ་བ་རྡོ་རྗེ་དག་ལའོ། །སྦྱར་བའི་མདའ་ལའང་མནྡུ་ར། །ལག་པ་དག་དང་འདམ་ལ་སྟེ། མནྡུར་སུམ་ཅུ་རྩ་གསུམ་ལྷ། །གུར་གུམ་འཁྲིལ་ཤིང་མནྡུ་ར། །གཙུག་ཕུད་ཅན་གྱི་ཚོགས་ལ་ཡང༌། །མནྡུ་ར་གླང་ཆེན་མྱོས་བུམ་སྟེ། །ཡང་འདིར་རྒྱ་མཚོ་མནྡུ་ར། །མེ་ཏོག་བམ་པོ་ལ་ཡང་བཤད། ཧོར་པ་མོ་དང་མ་མ་དང། །ལྷ་མཆོད་པ་ལ་མནྡུ་ར། ༈ །ཀིངྐི་ནཱིའི་སྒྲའོ། ཀིངྐི་ནཱི་


TNT19_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཁྱིམ་དང་གྲགས། །གཤིན་རྗེའི་ཕོ་ཉ་ཀིངྐི་ནཱི། །ཀིངྐི་ནཱི་ནི་རྒྱལ་པོ་ཀུན། །ཚོགས་དང་བྱེད་པོ་སོག་མ་ལའོ། ༈ །ཧ་རི་དྲ་ཞེས་པའི་སྒྲའོ། །ཧ་རི་དྲཱ་ནི་མཚན་མོར་བཤད། །མེ་ཏོག་དོ་ཤལ་རིང་བོ་དང༌། ཁ་དོག་ལྗང་ཁུ་ཧ་རི་དྲཱ། །ཧ་རི་དྲཱི་ནི་བཀྲ་ཤིས་ལྡན། ༈ །ས་རི་གྷ་ཞེས་པའི་སྒྲའོ། ས་རི་གྷ་ནི་སྟ་རེ་སྟེ། །ས་རི་གྷ་ནི་འཇོམས་བྱེད་དུག །གྱོང་ཞིང་རྩུབ་པ་སྤུ་ཡི་མིང༌། །ཤིང་རྟ་ས་རི་གྷ་ཞེས་བརྗོད། །རི་དང་སྒྲ་ལ་ས་རི་གྷ། །ས་རི་གྷ་ནི་རྡོ་རྗེའི་མིང༌། །དགའ་བྱེད་ལྷ་ལའང་ས་རི་གྷ། །བུད་མེད་རྒྱགས་པ་ལ་ཡང་འདོད། །ས་རི་གྷ་ནི་བྱེད་པོ་སྟེ། །པདྨའི་གདན་ལའང་ས་རི་གྷ། །སྲེད་མེད་ས་རི་གྷ་ཡི་མིང༌། །རི་ཡི་མཆོག་ལའང་ས་རི་གྷ། །ས་རི་གྷ་ནི་ཤིང་རྟ་མགོན་བྱེད་ལ། །རླུང་ལྷ་བདག་ཉིད་ལས་སྐྱེས་རླུང་གི་བུ་ས་རི་གྷ། མཉམ་པའི་མཚོན་ཆ་ལ་ཡང་ས་རི་གྷ། །ས་རི་གྷ་ནི་པདྨའི་གདན་དུ་བཤད། །སྡིག་པའི་ཆོས་ལའང་ས་རི་གྷ། །ས་རི་གྷ་ནི་རྒྱུན་མི་འཆད། ༈ །ཀ་རའི་སྒྲའོ། །ཀ་ར་ལག་པ་ཀ་ར་ཆོས། རྒྱལ་པོ་དང་ནི་ལག་འཇམ་ལ། །ཀ་ར་གཉིས་སྐྱེས་རྐང་པར་རེས། །རྔ་ཆེན་བརྡུང་བའི་ངེས་པ་ལ། །ཀ་ར་ཁྱོད་ཀྱི་ལག་པ་གཉིས། །ཟླ་བ་ལྷན་ཅིག་ཚོགས་ཀ་ར། །ཀ་ར་རྒྱ་མཚོའི་མུ་འགྲམ་བརྒྱུད། །འདིར་ཡང་གསེར་ལ་ཀ་རའོ། །ཀ་ར་མདའ་དང་འདོད་པ་ཆེ། །བུད་མེད་ནུ་མའི་ཁུར་ལྡན་ལའོ། །ཀ་ར་དྲག་པོའི་སྒྲ་ཡིན་ཏེ། །གླང་པོས་འགྲོ་བའང་ཀ་ར་ཡིན། །ཡང་འདིར་ཀ་ར་འདབ་ལྡན་ཏེ། །ཀ་ར་ཞེས་པ་བཀྲ་ཤིས་ལྡན། །མཚན་མོའི་དུས་ལའང་ཀ་ར་འདི། །མེ་ཏོག་འཕྲེང་བ་ཀ་ར་ཉིད། །ར་ཀ་པི་ཝང་བརྡུང་བྱེད་དོ། །མཚན་མོ་རྒྱུ་བའང་ཀ་རའོ། །ཀ་ར་ཁྱུ་མཆོག་ལོངས་སྤྱོད་དེ། །ཀ་ར་ཕ་


TNT19_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ཡུལ་གཞན་ལའོ། ༈ །པྲྀ་ཐཱི་ཞེས་པའི་སྒྲའོ། །པྲྀ་ཐི་དྷ་ར་གནས་ཡིན་ཏེ། །ས་སྟེང་འཇིག་རྟེན་ལ་ཡང་ངོ༌། །རོ་དྲོའི་གཞི་ས་འོག་གི་འཇིག་རྟེན་གཅིག་གི་མིང་ལའང་པྲྀ་ཐྲཱི། །པྲྀ་ཐྲཱི་ཞེས་པ་འབྱོར་ལ་ཡང༌། །པྲྀ་ཐྲཱི་དྷ་ར་ནོར་ལྷའི་བུ། །ནུབ་མོ་ཉུལ་བ་ལ་ཡང་ངོ༌། །པྲྀ་ཐྲཱི་དྷ་ར་ས་གཞི་སྐྱོང༌། །གླང་པོ་ཆེ་ལའང་དེ་བཤད་དོ། །གླང་ཆེན་བཞོན་པའང་པྲྀ་ཐྲཱི། །པྲྀ་ཐྲཱི་དྷཱ་ར་འབྲས་བུའོ། །ཇི་ལྟར་ཟླ་བའང་ས་འཛིན་ཏེ། །དེ་བཞིན་བདག་པོ་ཉི་མ་མེ། །པྲྀ་ཐྲཱི་དྷ་ར་ཆོ་འཕྲུལ་ཏེ། །པྲི་ཐྲཱི་འཁར་དཀྲོལ་འཛིན་པ་ལ། །པྲྀ་ཐྲཱི་དྷ་ར་ཡང་དག་མཚོ། །མི་ལ་ལའང་པྲྀ་ཐྲཱི་དྷ་ར་ཡིན། ༈ །ཨུདྱཱན་ཞེས་པའི་སྒྲའོ། ཡུལ་སྟོང་ཨུདྱ་ནར་ཡང་བརྗོད། །ལམ་འགྲོའང་ཨུ་དྱན་རབ་སྨྲ། །སྟེང་དང་རི་དྭགས་ཤིང་རྟ་དང༌། །འཕེལ་དར་སྲེག་པ་རྣམས་ལ་དྲན། ༈ །རུ་དྷིར་ཞེས་པའི་སྒྲའོ། །རུ་དྷིར་ནི་པདྨར་ཤེས། ཁ་དོག་དམར་པོ་རུ་དྷི་ར། ༈ །ནནྡ་ན་ཞེས་པའི་སྒྲའོ། །གང་འདིར་ནནྡན་ཞེས་པ། །རླུང་དང་སེར་གེ་ལ་རབ་བརྗོད། ༈ །སྱནྡ་ན་ཞེས་པའི་སྒྲའོ། །མི་ཡི་འཇིག་རྟེན་སྱནྡ་ན། །ཤིང་རྟ་སྱནྡ་ན་རུ་བརྗོད། །རི་དང་རྒྱལ་པོ་སྱནྡ་ན། །བྱ་བ་ཉམས་དང་རྟེན་གྱི་མཆོག༈ ཀ་ལིའི་སྒྲའོ། ཀ་ལི་བསྐལ་དུས་འདིར་ཡང་སྟེ། །ཀ་ལི་སྡིག་ལྡན་འགྲོ་བའི་གནས། །ཀ་ལི་པདྨ་ལ་ཡང་བརྗོད། །དེ་བཞིན་བདེན་པ་ཀ་ལི་ལོ༈ ཀཱཥྛ་ཞེས་པའི་སྒྲའོ། །ཀཱཥྛ་ཕྱོགས་ཀྱི་དང་པོ་ལ། །ཀཱཥྛ་ཀ་བ་བྱེད་པར་བརྗོད། །ཀཱཥྛ་དུས་ཀྱི་ཁྱད་པར་དང༌། །ནོར་འཛིན་དང་ནི་ཤིང་ལའང་གྲགས། །ཀཱཥྛ་ཉལ་བའི་ལུས་རྣམས་ལ། །ཉེ་འཁོར་དང་ནི་ཚད་པ་ལའོ། ༈ །ཀཻ་བརྟ་ཞེས་པའི་སྒྲའོ། །ཀཻ་བརྟ་ནི་ཉ་བ་དང༌། །ཆུ་ལ་སྤྱོད་པ་ཀཻ་བརྟ། །ཐོ་གཤོལ་ལྷག་


TNT19_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

དང་གོས་ལའོ། །མཆོག་ཏུ་ཉེ་བ་ཀཻ་བརྟ། ༈ །ནི་ར་སའི་སྒྲའོ། བཀྲག་མདངས་ཉམས་པ་ནི་ར་ས། །རི་དྭགས་འདབ་ཆགས་རྣམས་ལའོ། །གཏམ་གཞན་གྱུར་པ་ནི་ར་ས། །ནི་ར་ས་ནི་ནམ་སྲོས་པའོ། །ནི་ར་ས་ནི་ནམ་མཁའ་དང༌། །ལྷ་དང་མྱོས་བྱེད་ལ་ཡང་ངོ༌། །རོ་དྲོ་མེད་པ་ནི་ར་ས། །གླང་ཆེན་མུ་ཏིག་ནི་ར་ས། །ནི་ར་ས་ནི་ཉི་ཟླ་དང༌། །སུམ་ཅུ་རྩ་གསུམ་གཞན་མེད་ཁང༌། །རཱ་དང་སྔོ་སངས་ནི་ར་ས། །ནི་ར་ས་ནི་ར་དགུ་དགའ། །གཾ་ག་ཙན་དན་ནི་ར་ས། །ཟླ་བའི་ཐང་བསྐོར་དག་ལའོ། །ནི་ར་ས་ནི་བཅོམ་བརླག་ཉིད། །གཡོས་མཁན་འབྲོག་མོ་ནི་ར་ས། །གླ་རྩི་ལྡན་པ་ལ་ཡང་འདི། །སྐྱེ་བོའི་སྦྱིན་གཏོང་ནི་ར་ས། །ནི་ར་ས་ནི་ཆུ་དང་རྒྱུ། །ནད་དང་རླུང་ལའང་ཡིན་པར་བཤད། །ནི་ར་ས་ནི་གསེར་དང་དངུལ། །དགའ་མ་ལ་ཡང་ནི་ར་ས། །ནི་ར་ས་ནི་རྒྱ་མཚོ་སྟེ། །ཐོག་འཁྱུག་ནི་ར་ས་རུ་འདོད། ༈ །ཧེ་མའི་སྒྲའོ། །ཧེ་མ་རྡོ་རིང་རྒྱ་བཅས་ཏེ། །བདག་པོའི་བརྟུལ་ཞུགས་ལྡན་མི་མོ། །ཧེ་མ་རྒྱལ་པོ་ས་གཞི་སྐྱོང༌། །བར་མེད་ལྗང་ཀུ་ཧེ་མའོ། །ཧེ་མ་མེ་ཏོག་འཁྲི་ཤིང་སྟེ། །ཧེ་མའི་ཡི་གེ་གུ་ཏིག་གོ །ཧེ་མ་རླུང་གི་ལྷ་ཡིན་ཏེ། །ཧེ་མ་ཚུལ་ཁྲིམས་ལྡན་དང་མེ། །རྒྱལ་པོ་འཇིགས་སྡེ་ཧེ་མར་བརྗོད། །ཧེ་མ་དགའ་བྱེད་དང་ནི་མདའ། །རི་བོ་ཆེ་དང་ཡིན་འོང་ལའོ། །ཧེ་མ་རྒྱལ་པོ་མིག་མི་བཟང༌། །དེ་བཞིན་དཀར་དང་དཀར་མིན་དག།ཧེ་མ་དྲང་སྲོང་མཆོད་ཡོན་འབུལ། །ཕྱོགས་མཚམས་བརྒྱད་ལ་ཧེ་མའོ། །ཧེ་མ་རྟ་དང་ནགས་ཐིབས་པོ། །བྱང་ཕྱོགས་ཤིང་རྟ་ཧེ་མ་ཡིན། །ཧེ་མ་གཡོན་ཕྱོགས་འདབ་ལྔན་རྣམས། །ཧེ་མ་བུད་མེད་གཞི་མཉམ་ལ། །ཆོས་དང་སྡིག་པ་ཧེ་མར་བརྗོད། །ཧེ་མ་རྩྭ་དང་ས་མཚམས་ལ། །སྐྲ་ལོ་བཟང་པོ་ཧེ་མར་བརྗོད། །


TNT19_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཧེ་མ་ལྷ་ཡི་རྒྱལ་པོ་སྟེ། །དགའ་དང་དྲན་པའང་ཧེ་མ་ཡིན། །ཧེ་མ་འཆི་མེད་གྲོང་ཁྱེར་ཏེ། །ལང་ཀའི་གསེར་ཡང་ཧེ་མ་སྟེ། །ཧེ་མ་རི་རྩེ་ལྕགས་ཀྱུའོ། ༈ །བཱ་ཎའི་སྒྲའོ། །བཱ་ཎ་མདའ་ཡི་ཚོགས་པ་སྟེ། །བཱ་ཎ་མཆུ་དང་གནས་ཀྱི་གཞི། །ཉི་ཟླ་ལ་ཡང་བཱ་ཎ་སྟེ། །རྒྱུ་སྐར་སྐར་མ་བཱ་ཎའོ། །རྒྱལ་པོ་ཀེ་ཤ་བཱ་ཎ་སྟེ། །བཱ་ཎ་བུད་མེད་གཡེམ་མར་དྲན། །གླང་ཆེན་མུ་ཏིག་བཱ་ཎའོ། །བཱ་ཎ་རྒྱལ་བུ་གཞོན་ནུ་སྟེ། །བཱ་ཎ་རྒྱ་མཚོ་བཱ་ཎ་སོ། །མི་བདག་ལ་ཡང་བཱ་ཎར་བརྗོད། །བཱ་ཎ་འོད་ཟེར་གླང་པོ་ཡང༌། །ཡིད་འོད་ལ་ཡང་བཱ་ཎའོ། །བཱ་ཎ་རླུང་པོས་ཁྱབ་པ་སྟེ། །ནུ་མ་དག་གི་ཁུར་ལྡན་ལའོ། ༈ །རཏྣའི་སྒྲའོ། །རཏྣ་བཞིན་བཟང་བུད་མེད་དེ། །དེ་བཞིན་རཏྣ་དོ་ཤལ་ལོ། །རཏྣ་གཞུ་ཡི་རབ་དབྱེ་སྟེ། །འཁྲུག་པ་ལ་ཡང་རཏྣའོ། །རཏྣ་རླུང་འཚུབ་འཁྱིལ་བ་སྟེ། །ལུས་ཉིད་ལ་ཡང་རཏྣའོ། །རཏྣ་མ་ཧེ་བ་གླང་དག།ཡོན་ཏན་འཕགས་ལྡན་རྟ་ལའོ། །རཏྣའང་ཟླ་ཉི་དག་ལ་སྟེ། །གཟའ་དང་རྒྱུ་སྐར་རཏྣའོ། །རཏྣ་མངོན་པར་དབང་བསྐུར་ཏེ། །བློ་ཅན་སྐྱེས་བུར་ཏྣར་བརྗོད། །རཏྣ་ས་བོན་ཁུག་སྣ་དང༌། །རཏྣ་རྣ་ཅན་སྐྱ་སེང་བུ། །རཏྣ་དགའ་བྱེད་ལྷ་རུ་བཤད། །རཏྣ་ཡིད་ཀྱི་ཤིང་རྟའོ། ༈ །ཀ་མ་ལའི་སྒྲའོ། ཀ་མ་ལ་ཞེས་ནམ་མཁའ་སྟེ། །པདྨའང་ཀ་མ་ལ་རུ་དྲན། །ཀ་མ་ལ་ནི་རླུང་ཚོགས་པ། །ཤིང་རྟ་ཀ་མ་ལ་ཏུ་བརྗོད། །དབང་པོ་གསལ་བ་ཀ་མ་ལ། །ཀ་མ་ལ་ནི་བྱ་ངང་པ། །རི་དྭགས་ལ་ཡང་མཚུངས་པར་བཤད། །ཀ་མ་ལ་ནི་བཞོན་པ་རྟ། །སྣང་བྱེད་གཉིས་ལའང་ཀ་མ་ལ། །ཀ་མ་ལ་ནི་ལྗོན་ཤིང་རྩེ། །ནུ་རྒྱས་ཀ་མ་ལ་རུ་བཤད། །ཐུབ་པ་རབ་མཆོག་ཀ་མ་ལ། །མི་མོའི་གླུ་ལའང་ཀ་མ་ལ། །ཀ་མ་ལ་ནི་སྦྲང་ཆང་སྟེ། །གསེར་གྱི་མདོག་ལའང་ཀ་མ་ལ། །འདིར་ནི་


TNT19_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་སྨྲ་ལ་ཡང་ངོ༌། །གླང་པོའི་མྱོས་བུམ་ཀ་མ་ལ། །ནོར་བུ་དང་ནི་རིན་པོ་ཆེ། །བར་མཚམས་ཡུལ་ཕྲན་ཀ་མ་ལ། །རི་དང་རི་ཕྲན་ལ་ཡང་སྟེ། །མ་ཧེ་དང་ནི་བ་གླང་དང༌། །དེ་བཞིན་ཁྱུད་མཆོག་ཀ་མ་ལ། །ཀ་མ་ལ་ནི་གྲོས་ལ་སེམས། །དེ་བཞིན་ཆུ་བོ་ཀ་མ་ལ། ༈ །ཙནྡྲཱ་དི་ཞེས་པའི་སྒྲའོ། ཙནྡྲཱ་དི་ནི་བདག་པོས་བསྐྱབས་པ་དང༌། །ཟླ་བའི་རྗེས་སུ་འཇུག་པའི་སྐར་མའོ། །ཟླ་བའི་འོད་དང་ནུས་པའི་མིང་དུ་བཤད། །དེ་བཞིན་ཙནྡྲཱ་དི་ནི་རླུང་གི་ལྷ། །ཙནྡྲཱ་དི་ནི་པདྨ་དག་དང་དངུལ། །གླ་རྩིའི་རི་དྭགས་ལ་ཡང་ཙནྡྲཱ་དི། །ཙན་དན་དག་དང་ཀུད་པོ་ཙནྡྲཱ་དི། །ཙནྡྲཱ་དི་ནི་སྒོ་མོ་ཆེན་པོར་བརྗོད། །ཙནྡྲཱ་དི་ནི་གསེར་མདོག་དང༌། །མེ་ཏོག་ལྕུག་མ་ཙནྡྲཱ་དི། །ཙནྡྲཱ་དི་ནི་ས་གཞི་དང༌། །ཚོགས་ཅན་མ་དང་ལྷན་ཅིག་མིང༌། །བཅོམ་བརླག་གནས་པའི་ལྷ་དང་ནི། །གྲོང་ཁྱེར་འཐབ་མེད་ཙནྡྲཱ་དི། །སྤྲེའུ་རྣམས་ཀྱི་ནི་གཙོ་བོ་འཾ། །ལྷ་ཀུན་སྤྱི་ལ་ཙནྡྲཱ་དི། །ཙནྡྲཱ་དི་ནི་རི་རབ་རི། །གཟའ་རྣམས་འཇུག་པའི་གནས་ཡིན་ཏེ། །འདོད་པའི་ལྷ་ལ་ཙནྡྲཱ་དི། །ཉི་མའི་དཀྱིལ་འཁོར་ལ་ཡང་ངོ༌། །ཙནྡྲཱ་དི་ནི་དུ་བ་དང༌། །གནས་བཟང་པོ་ཡི་ས་མཚམས་སོ། །ཐུན་ཚོད་ལ་སོགས་ཙནྡྲཱ་དི། །ཆར་སྦྲིན་འཆའ་བའི་གནས་ཀྱི་མིང༌། །ཧ་ནུ་མཱན་ད་ཙནྡྲཱ་དི། །ཙནྡྲཱ་དི་ནི་སེང་གེ་སྟག །ཐམས་ཅད་ལ་ཡང་ཙནྡྲཱ་དི། །ཙནྡྲཱ་དི་ནི་ཤིང་གཉེར་མིང༌། སྤྲིན་གྱི་འཕྲེང་བ་ལ་ཡང་ངོ༌། ༈ །སཱུཪྱཞེས་པའི་སྒྲའོ། །སཱུཪྱ་བྱ་ཁྱུང་མིང་ཡིན་ཏེ། །སཱུཪྱ་ས་གཞི་འཛིན་པར་བཤད། །སཱུཪྱ་རིན་ཆེན་ནོར་བུ་སྟེ། །སཱུཪྱ་གླང་ཆེན་མུ་ཏིག་འཕྲེང༌། །གླང་པོ་ཤིན་ཏུ་རྒྱགས་པ་ལའང༌། །ཆུར་གནས་སྐྱེ་བོ་སཱུཪྱ་བརྗོད། །སཱུཪྱ་དགའ་བྱེད་ལྷ་མོ་སྟེ། །ས་གཞིའི་དཀྱིལ་


TNT19_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལ་ཡང་ངོ༌། །རཱུཪྱ་རྟ་དང་ཕག་པ་སྟེ། །སཱུཪྱ་རི་བོའི་ཚོགས་པ་ལ། །སཱུཪྱ་གོང་མོའི་མིང་དུ་བཤད། །མེ་ཏོག་ཕུང་པོ་ལ་ཡང་སྟེ། །ཉལ་བའི་མལ་སྟན་དག་དང་ནི། །གླང་ཆེན་ཐལ་དཀར་རཱུཪྱར་བརྗོད། །སཱུཪྱ་མྱོས་བྱེད་ལྷ་མོ་རྣམས། །བསོད་ནམས་ལྡན་དང་སྡིག་ཅན་ལའོ། །སཱུཪྱ་མཚན་མོ་རབ་གསལ་ལ། །ཚོགས་ཀྱི་དབང་ཕྱུག་སཱུཪྱར་གྲགས། །སཱུཪྱ་གླང་ཆེན་འཁྱམས་པ་སྟེ། །ཨུཏྤལ་དམར་པོ་ལའང་སཱུཪྱ། །སཱུཪྱ་ཁང་བཟང་ངང་སྐྱ་ཅན། །གཤིན་རྗེའི་ཕོ་ཉ་དག་ལ་ཡང༌། །ཟླ་བ་དང་འགྲོགས་སྐར་མ་སྟེ། །ལམ་འགོག་པ་ལའང་སཱུཪྱར་བརྗོད། །སཱུཪྱ་མྱུར་དུ་འོང་བ་ལ། །སཱུཪྱ་སྙིང་དང་དབང་ལྡན་ལའོ། ༈ །བཱ་རཱ་ཧ་ཞེས་པའི་སྒྲའོ། ལྷ་མིན་གླང་ཆེན་མུ་ཏིག་ལ། །བྱིས་པའི་མིང་ལ་བཱ་རཱ་ཧ། །དཔའ་བོའི་བུ་རྒྱུད་རྣམས་ལ་ཡང༌། །རླུང་གི་ལྷ་ཡི་མིང་ཡང་སྟེ། །རི་དྭགས་རྣམས་ཀྱི་གདོང་ལ་ཡང༌། །ནོར་ལྷའི་བུ་ལའང་བཱ་རཱ་ཧ། །ལང་ཚོ་མ་ནི་མཉམ་པ་ལ། །ལྷ་དང་ཀུན་གསལ་བཱ་རཱ་ཧ། །བཱ་རཱ་ཧ་ནི་ཉི་དཀྱིལ་འཁོར། །སུམ་ཅུ་རྩ་གསུམ་པ་ལའང་བཤད། །ནོར་བུ་མུ་ཏིག་བཱ་རཱ་ཧ། །བཱ་རཱ་ཧ་ནི་ཁ་སྤུ་ཕྲ། །ལམ་འགོལ་བྱེད་པའི་མི་ལ་ཡང༌། །ནུ་མའི་སྟེང་གི་དོ་ཤལ་དང༌། །བཅོམ་བརླག་གྲོང་ཁྱར་བཱ་རཱ་ཧ། །དཀྱིལ་འཁོར་ལ་ཡང་རབ་ཏུ་བརྗོད། །བདག་པོ་དང་ནི་རིན་ཐང་མེད། །མངོན་པར་དབང་བསྐུར་བཱ་རཱ་ཧ། །བཱ་རཱ་ཧ་ནི་བློ་རབ་འཁྲུལ། །ལན་ཅིག་བྱུང་བ་ཉིད་ལའོ། །མེ་ཏོག་ཟེ་འབྲུ་བཱ་རཱ་ཧ། །བཱ་རཱ་ཧ་ནི་དབང་པོའི་མིང། དབང་པོའི་གཟུང་བྱ་རྣམས་ལ་ཡང༌། །མལ་སྟན་ལ་ཡང་བཱ་རཱ་ཧ། །གླང་པོས་འགྲོ་བའི་བུད་


TNT19_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ལ། །སྤྲིན་གྱི་འཕྲེང་བ་བཱ་རཱ་ཧ། །དེ་བཞིན་ཆུ་ནི་སྐྱོར་བྱེད་མོ། ༈ ཨིནྡ་ཞེས་པའི་སྒྲའོ། །ཨིནྡྲ་ལྷ་ཡི་དབང་པོའི་མིང༌། །ཨིནྡྲ་ཤིང་རྟ་ལ་ཡང་བརྗོད། །ཆུ་ཞེང་དང་ནི་ནམ་མཁའ་ལ། །འཕྲོག་བྱེད་ལྷ་ཡང་ཨིནྡྲའོ། །འཕྲོག་པོ་ལ་ཡང་ཨིནྡྲའི་མིང༌། །ཨིནྡྲ་ཞེས་པ་སྦྲུལ་གྱི་འགྲོས། །རི་བོའི་རྩེ་ཕྲན་ཨིནྡྲའོ། །ཨིནྡྲ་དབང་པོ་རྣམས་ཀྱི་མིང༌། །མལ་སྟན་ལ་ཡང་རབ་ཏུ་གྲགས། །སོ་དང་མཚམས་ནི་བཅད་པ་དང༌། །ལྷ་རྣམས་བྱེ་བའི་གྲངས་ལ་དང༌། །རྡོ་རྗེའི་གནས་ལའང་ཨིནྡྲའོ། །ཨིནྡྲ་ཀེ་ཏ་ཀ་ཡི་མིང༌། །གླང་ཆེན་འདུས་པ་རྣམས་ལ་བཤད། །ལག་ལྡན་གྱི་ནི་རླུང་ཤུགས་དང༌། ཁྱུ་མཆོག་དགའ་བྱེད་ཨིནྡྲའོ། ༈ །ཀཱ་ཀ་ཞེས་པའི་སྒྲའོ། །ཀཱ་ཀ་བྱ་རོག་ཞེས་པར་གྲགས། ཀཱ་ཀ་ཟས་གཡོས་བྱས་པའི་མིང༌། །འོ་མའི་རྒྱ་མཚོ་ཀཱ་ཀ་སྟེ། ཀཱ་ཀ་སྦྲུལ་དང་སེར་བུ་ལ། །ཀཱ་ཀ་ཁྱུ་མཆོག་གིས་སྐྲག་པ། །གུར་གུམ་སྡོང་བུ་ཀཱ་ཀའོ། །ཀཱ་ཀ་ནུ་རྒྱས་མ་ཡིན་ཏེ། །ཀཱ་ཀ་བུད་མེད་བཀའ་སྩལ་པ། །སྔོན་གྱི་མལ་སྟན་ཀཱ་ཀའོ། །ཀཱ་ཀ་མེ་ཏོག་བཏབ་པ་སྟེ། །རི་དང་ཆུ་ཀླུང་དག་ལ་ཡང༌། །རྒྱང་གྲགས་ལ་ཡང་ཀཱ་ཀ་སྟེ། །ཙན་དན་དག་གི་མིང་ལའོ། །ཀཱ་ཀ་གླ་རྩིའི་རི་དྭགས་ཏེ། །མེ་ཏོག་རྣམས་ཀྱི་ཟེ་འབྲུ་ལའོ། །ལྕུག་ཕྲན་གསར་པ་ཀཱ་ཀ་སྟེ། །རྒྱལ་ཕྲན་ས་བདག་དག་ལའོ། །ཀཱ་ཀ་ལུས་པོ་རྒུད་མིང་ཡིན། །ཀཱ་ཀ་འཇིག་རྟེན་ཐམས་ཅད་དང༌། །ཕྱོགས་མཚམས་རྣམས་ཀྱི་མིང་ལ་བཤད། །ཀཱ་ཀ་ཆང་གི་མིང་ཡིན་ཏེ། །འཐུག་པོ་དང་ནི་གླེགས་བམ་ལའོ། །ཆུ་བོ་རབ་མེད་ཀཱ་ཀ་སྟེ། །ཀཱ་ཀ་དུས་དང་མཐར་བྱེད་ལའོ། །ཀཱ་ཀ་གྲོང་ཁྱེར་གནས་བྱེད་དེ། །ཐུབ་


TNT19_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཙོ་བོ་རྣམས་ལ་བཤད། ཁ་དོག་ལྗང་ཁུ་ཀཱ་ཀ་སྟེ། །དེ་བཞིན་ཀཱ་ཀ་མགོ་བོར་འདོད། །ཀཱ་ཀ་ལྷ་ཆེན་འགྲོ་དབང་ཕྱུག །ཚོགས་ཀྱི་བདག་པོ་ལ་ཡང་ངོ༌། །གཟའ་དང་རྒྱུ་སྐར་ལྷ་ཀཱ་ཀ ༈ །ས་མུ་དྲ་ཞེས་པའི་སྒྲའོ། ས་མུ་དྲ་ནི་ནོར་འཕེལ་རྫས། །གསེར་དང་རིན་ཆེན་འབྱུང་ཁུངས་ལ། །འདོད་པའི་ལྷ་ལའང་ས་མུ་དྲ། །མཆོག་གི་སྐྱེས་བུ་ལ་ཡང་བརྗོད། །ས་མུ་དྲ་ནི་ཁྲོན་པ་ཐབ། །དེ་བཞིན་ཆུ་བོ་ལ་ཡང་ངོ༌། །རྟགས་ཅན་མདའ་ཡི་མིང་ཡང་སྟེ། །དགའ་བ་ཅན་གྱི་ཁྱིམ་ལའོ། །ཟླ་ཉི་ལྷ་དག་ས་མུ་དྲ། །མཚན་མོར་སྤྱོད་པའི་ཚོགས་པ་ལའོ། །པདྨའི་གདན་ཅན་ས་མུ་དྲ། །རི་རབ་བང་རིམ་ལ་ཡང་ངོ༌། །འཇིག་རྟེན་ཀུན་ལ་ས་མུ་དྲ། །གདོན་གྱི་མཐུ་ལས་སྐྱེས་པ་དང༌། །མལ་སྟན་ས་མུ་དྲ་རུ་བརྗོད། །སེན་མོས་དྲལ་བ་ས་མུ་དྲ། །སྐྱེ་སྲིད་འཇིག་རྟེན་ལ་ཡང་ངོ༌། །ཚོགས་པ་ཚུར་འོང་ས་མུ་དྲ། དབང་པོ་གཡོན་ཕྱོགས་ངག་སྨྲ་དང༌། །རབ་ཏུ་དགའ་བ་ས་མུ་དྲ། ༈ ས་མུ་དྲ་ནི་རི་བོའི་ལྷ། །རྒྱ་མཚོ་བདུན་ལའང་ས་མུ་དྲ། །གཅོང་རོང་ཟབ་མོ་སྤྲིན་དང་རླུང༌། །ས་མུ་དྲ་ཞེས་བརྗོད་པ་ཡིན། །ས་མུ་དྲ་ནི་དགའ་བའི་མིང༌། །བདེན་པའི་གཏམ་སྨྲ་པོ་ལ་བརྗོད། །ཐམས་ཅད་བརྡུང་དཀྲོལ་ས་མུ་དྲ། །ལྷ་ཚོགས་ཐམས་ཅད་འདུས་པ་ལའང༌། །འཇོམས་བྱེད་སྨད་འཚོང་ས་མུ་དྲ། །སྐྱ་སེང་རྣམས་ཀྱི་བུ་ཚ་དང༌། །རུ་ཎ་དང་ནི་གང་གའི་བུ། །དཀའ་ཐུབ་ནགས་ལའང་ས་མུ་དྲ། །ས་མུ་དྲ་ནི་རཱ་མའི་མདའ། །ནགས་ཚལ་ཐིགས་པོ་ལ་ཡང་ངོ༌། ༈ །ནཱ་ག་ཞེས་པའི་སྒྲའོ། །གསེར་ལ་ཡང་ནི་ནཱི་གར་བརྗོད། །རིན་ཆེན་ནོར་


TNT19_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་བྱེ་བྲག་དང༌། །མེ་ཏོག་མདའ་ལ་ནཱ་ག་ཡིན། ཁྱད་པར་ཅན་གྱི་ཁང་བཟང་ལ། །དངུལ་སོགས་རིན་ཆེན་ནཱ་གའོ། །ནཱ་མ་མུ་ཏིག་འབྲས་བུ་ཡིན། །ནཱ་ག་བྱུ་རུའི་མིང་ལ་བཤད། །མཛེས་མ་དང་ནི་འཁྲིལ་ཤིང་ལའོ། །ནཱ་ག་དེ་བ་ལྷ་ཡི་མིང༌། མཁའ་ལྡིང་གདན་ལ་ནཱ་གར་བརྗོད། །ནཱ་ག་ནོར་བུའི་བུ་ག་འབུགས། ལྷ་ཡི་འགྲོ་བའི་མཆོད་བྱ་ལའང༌། །ནཱ་ག་ངོ་མཚར་རོལ་མོ་ལ། །ནཱ་ག་གར་དང་ཆ་བྱད་བསྒྱུར། །ཀ་དམྤ་ཡི་ཤིང་ལའོ། །འདོད་ཆགས་རྣམ་རྟོག་ནཱ་ག་སྟེ། །རྒྱ་མཚོའི་མིང་ལའང་ནཱ་ག་ཡོད། །གཡུལ་དུ་འཇུག་པའང་ནཱ་གར་བརྗོད། ནཱ་ག་ཞེས་པ་ཤིང་རྟ་སྟེ། །དེ་བཞིན་མེ་ཡི་ལྷ་ལ་ཡང༌། །ནཱ་ག་ཉལ་པོའི་མལ་སྟན་ལ། །ནཱ་ག་རྟག་ཏུ་བུད་མེད་རྟེན། །ཉ་ཕྱིས་འབུ་སྐྱོགས་རྣམས་ཀྱི་མིང༌། །ནཱ་ག་ཆར་སྡོད་བྱེའུ་ལའང༌། །བུང་བའི་རྒྱལ་པོ་ལ་ཡང་བརྗོད། །ནཱ་ག་མེ་ཏོག་ལྡུམ་ར་ལ། །རུས་སྦལ་ལ་ཡང་ནཱ་ག་ཡིན། །དེ་བཞིན་ནཱ་ག་རི་ཁཉྫན་རིང་དུ་ལྟ་བའཽ་དྭགས་སོ། །ཞེས་པ་དཔལ་སྒྲའི་སྙེམ་དུ་མའི་མིང་ཤེས་ཤིང་རྟོགས་པ། ཞེས་པ་སྙན་ངག་མཁན་པོ་ཨཱ་ཀ་རས་སྦྱར་བ་ལས། ཚིགས་སུ་བཅད་པ་ལྷག་པར་བྱས་པའོ། ༈ །ཨཱ་ཡིག་ནོར་ལྷའི་བུ་ཡིན་ཏེ། །ཨཱ་ཡིག་མེས་པོ་ཉིད་ལ་བཤད། ༈ །ཨི་ཡིག་འདོད་པ་ལ་རབ་བཤད། །དཔལ་མོ་ལ་ཨཱི་རབ་ཏུ་བརྗོད། ༈ །ཨུ་ཡིག་བདེ་བྱེད་ཚངས་པ་ལ། །ཨཱུ་ཡིག་སྤྱི་ཡི་མེས་པོར་གྲགས། ༈ །ལྷ་ཡིས་མ་ལ་རྀ་ཡིག་སྟེ། །རཱྀ་ཡིག་སྦྱིན་སྐྱེས་མ་ཞེས་བྱ། ༈ །ལྀ་ཡིག་ལྷ་ཡི་སྐྱེ་གནས་ཏེ། །ལྷ་ཡི་བཙུན་མོ་ལཱྀ་ཡིག་གོ ༈ །ཨེ་ཡིག་འཇུག་སེལ་ལ་བརྗོད་དེ། །དབང་ཕྱུག་ཆེན་པོ་ཨཻ་ཡིག་གོ ༈ །ཀཿནི་སྐྱེད་དགུའི་


TNT19_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

བདག་པོར་འདོད། །རླུང་གི་དབང་ཕྱུག་ཀོ་ཡི་སྒྲ། །ཀཿ་ནི་བདག་ལའང་ཡང་དག་བརྗོད། །རབ་གསལ་ལ་ཡང་ཀ་རུ་གྲགས། །ཀཾ་ནི་མགོ་དང་ཆུ་ལ་བཤད། ཁ་ལ་ཡང་ནི་རབ་ཏུ་གྲགས། ༈ ཁཾ་ནི་དབང་པོ་རྣམས་ལའང་བཤད །ནམ་མཁའ་ལ་ཡང་ཁཾ་དུ་གྲགས། །གདོང་ལའང་དེ་བཞིན་ཡང་དག་བཤད། །དེ་བཞིན་ཁ་ནི་སྟོང་པའོ། ༈ །གོ་ནི་ཚོགས་ཀྱི་བདག་པོར་འདོད། །གཿནི་དྲི་ཟར་རབ་ཏུ་གྲགས། །གཾ་ནི་གླུ་དང་བརྗོད་པ་ལ། །གོ་ནི་བ་དང་དབྱངས་ཅན་མ། ༈ །གྷེ་ནི་བུམ་པའི་མཆོག་ལ་བརྗོད། །རྐང་གདུབ་ལ་ནི་གྷཿཞེས་གྲགས། །གྷ་ནི་སྣུན་པ་ལ་རབ་བསྒྲགས། །དིང་འུར་ལ་ཡང་རབ་ཏུ་བཤད། ༈ །ང་ཡིག་འཇིགས་པའི་སྒྲ་ཡིན་ཏེ། །ཡུལ་ལ་འདོད་པའང་ང་ཡིག་གོ ༈ །ཙ་ཡིག་ཟླ་བ་ལ་རབ་བརྗོད། །ཆོམ་རྐུན་ལ་ཡང་ཙ་རབ་གྲགས། །དྲི་མེད་ལ་ཡང་ཙ་རུ་བཤད། །ལུས་གཅེས་འཛིན་ལའང་རབ་གྲགས་སོ། ༈ །ཚ་ནི་གཅོད་བྱེད་ལ་བཤད་པ། །མཁས་པ་རྣམས་ཀྱིས་སྒྲས་བསྟན་ནོ། ༈ །ཛཿནི་མགྱོམས་པོར་འགྲོ་ལ་བཤད། །ཕ་ལ་ཛིཿཞེས་རབ་ཏུ་གྲགས། །ཛུ་ནི་རྒྱལ་བར་བྱེད་ལ་གཏམ། །ལྷ་མོ་རྣམས་ལའང་སྒྲ་མཁན་སྨྲ། ༈ །རླུང་ཤུགས་རིང་པོ་ཛྷ་ཡིག་སྟེ། །ཟས་འདོད་པ་ལའང་ཛྷ་ཞེས་བཤད། ༈ ཉ་ཡིག་སྨྲ་བ་ལ་རབ་བརྗོད། །ཉ་ཡིག་གྷར་གྷར་སྒྲ་ཡིན་ནོ། ༈ །ཊཱ་ནི་ས་གཞི་ཅོད་པན་ལ། །ཊོ་ནི་སྒྲ་སྐད་ལ་རབ་གྲགས། ༈ །ཋ་ནི་དབང་ཕྱུག་ཆེ་ལ་བཤད། །ཋ་ནི་སྟོང་པ་ལ་རབ་བརྗོད། །སྒྲ་ཆེན་ལ་ཡང་ཋཿཞེས་སྨྲ། དེ་བཞིན་ཟླ་བའི་དཀྱིལ་འཁོར་ལའོ། ༈ །ཌ་ཡིག་བདེ་བྱེད་ལ་བརྗོད་དེ། །


TNT19_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་ཙམ་ལ་ཡང་ཌ་ཞེས་བརྗོད། ༈ །ཌྷ་ཡིག་རྔ་ཆེན་ལ་བརྗོད་དེ། །མིའམ་ཅི་ཡི་སྒྲ་ལ་ཡང༌། ༈ །ཎ་ཡིག་ཡེ་ཤེས་ལ་བཤད་དེ། །གདུང་བ་གཅོད་ལའང་རབ་ཏུ་བརྗོད། ༈ །ཏ་ཡི་ཡི་གེ་རྐུན་པོར་གྲགས། །ཅ་ཅོ་མཇུག་མ་ལ་ཡང་བརྗོད། ༈ །འཕྲ་རྒྱན་འདུས་ལ་ཐ་ཡིག་སྟེ། །འཇིགས་པ་བྱུང་བྱེད་ལ་ཡང་ངོ༌། ༈ །ད་ནི་བུད་མེད་རིག་པར་བྱ། །དཱ་ནི་སྦྱིན་པོ་གཅོད་པ་དང༌། །སྦྱིན་པ་དག་ལཱའང་རབ་བཤད། ༈ །ནོར་དང་འཆིང་བ་དྷ་ཡིན་ཏེ། །དྷ་ནི་ཚངས་བ་བློ་ལྡན་བློ། དེ་བཞིན་ཕུན་ཚོགས་དྷུ་ཞེས་བཤད། །དྷུ་ནི་འཇིགས་པའི་སེམས་ཡིན་ཏེ། ༈ །ན་ཡིག་དགའ་དང་གཉེན་གྱི་ཚོགས། །བསྟོད་པ་དག་ལའང་རབ་ཏུ་བརྗོད། །ནེ་ནི་འདྲེན་པར་རབ་ཏུ་སྨྲ། །ནཽ་ནི་གྲུ་ལ་རབ་ཏུ་བརྗོད། ༈ །པ་ནི་རླུང་ལ་ཡང་དག་གྲགས། །པཱ་ནི་བཏུང་བ་སློང་བ་ལ། །ཧཱུྃ་ཡིག་དྲི་ཟའི་བཞད་གར་མཁན། ༈ །དེ་བཞིན་འོ་མའང་ཕ་ཡིག་གྲགས། །ར་བ་ལ་ཡང་ཕ་རུ་བརྗོད། །དེ་བཞིན་འབྲས་མེད་བརྗོད་ལའང༌། །བ་ཡིག་ཆུ་ལྷར་ཡང་དག་གྲགས། །བུམ་པ་ལ་ཡང་བརྗོད་པ་ཉིད། །བྱ་ལ་བི་ཞེས་རབ་ཏུ་བཤད། །བི་ནི་མཁའ་ལ་རྣམ་པར་གྲགས། ༈ །བྷ་ནི་རྒྱུ་སྐར་ལ་རབ་བཤད། །བྷཿནི་བུང་བར་རབ་ཏུ་གྲགས། །སྣང་བྱེད་ས་གཞི་ས་འོག་ལ། །བྷཱ་ཞེས་བྱ་སྟེ་བཱི་ཉིད་ནི། །འཇིགས་པ་ལ་ཡང་མཁས་པས་བཤད། ༈ །མ་ནི་མགོ་དང་མལ་ཁྲི་དང། །བློ་གྲོས་ལ་ཡིན་དཔལ་མོ་ལའང༌། །མཱ་ཞེས་རབ་ཏུ་གྲགས་པ་ཡིན། མ་ཡིས་མ་དང་གུས་པ་དང༌། འཆིང་བ་རྣམས་ལ་མཿཞེས་གྲགས། ༈ །ཡཿནི་གྲགས་པ་ལ་བརྗོད་དེ། །རླུང་ལའང་


TNT19_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཡཿཞེས་གཙོ་བོས་བསྒྲགས། །གཏོང་བ་དང་ནི་མེལ་ཚེ་དང༌། །འཛེགས་དང་འཇིགས་པ་དག་ལ་ཡང༌། །མཁས་པ་རྣམས་ཀྱིས་བརྗོད་པ་ཡིན། ༈ །ལ་ནི་འདོད་ལ་རོལ་པ་དང༌། །མེ་ཡིན་རུ་ནི་དགྲ་ལ་བཤད། །ནོར་དང་དགྲ་ཡིས་འཇིགས་ལའང་གྲགས། །འཇིགས་པ་སྤྱི་ལའང་རུ་ཞེས་གྲགས། །འགྱེས་འབྲལ་དང་ནི་སྐྲག་སེམས་ལའང། །སྒྲ་མཁན་མཁས་པ་རྣམས་ཀྱིས་བཤད། །ཞི་དུལ་དང་ནི་ཆུ་ལྷ་དང༌། །གཡོན་གྱི་ཕྱོགས་དང་ལུས་ལ་ཡང༌། །རུ་ཞེས་བྱ་བ་རབ་ཏུ་གྲགས། ༈ །སྨྲ་བར་བྱེད་དང་འབྲེལ་བ་དང༌། །འབྱར་བ་དང་ནི་ཁབ་རྣམས་ལ། ཤ་ཞེས་ངེས་པར་བཤད་པ་ཡིན། །ཤཱི་ཡང་ཉལ་ཁར་བྱེད་ལ་སྨྲ། ༈ །ཧ་ནི་ཡུལ་རིང་ཉལ་བར་བྱེད། ༈ ཥ་ནི་འདུས་པར་ཡང་དག་གྲགས། །ཥུ་ཡང་སྦྲུམ་མའི་མངལ་གྲོལ་བ། ༈ །ས་ནི་ལྐོག་གྱུར་ཡང་དག་བརྗོད། །སཱ་ནི་ཡིད་འོང་མར་ངེས་སོ། ༈ །ཧཿནི་ཁྲོས་དང་མཆོད་པ་ལ། །ཧ་ནི་ཉིན་མོ་ཞེས་པར་བཤད། ༈ །ཞིང་བསྲུང་བ་ལ་ཀྵུ་ཞེས་གྲགས། །རྟག་པར་ངེས་པ་རྣམས་ལའང་རིག །ཅེས་པ་དཔལ་སྒྲ་ཡི་སྙེ་མ་དུ་མའི་དོན་ཤེས་ཤིང་རྟོགས་པར་བྱེད་པ་ལས་ཡི་གེ་གཅིག་པའི་མཛོད་རྫོགས་སོ། །རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་པཎྜི་ཏ་བྷ་ཏྲི་མི་ཤྲ་ལ་ཡང་དྲིས་ཤིང༌། བི་ཤྭ་ཕྲ་ཀ་ཤའི་རྒྱ་དཔེ་ལ་ཡང་ལྟས་ནས་བསྒྱུར་བའོ། །འདི་རྒྱ་དཔེ་ཅུང་ཟད་འཁྲུགས་པ་དང༌། ཅུང་ཟད་མ་ཚང་ངམ་སྙམ་པའང་སེམས་པས། སླར་དཔེ་དག་པ་ལ་གཏུག་དགོས་པ་ཙམ་ཡོད་དོ། ། འོཾ བཉྫ་ན་རིང་དུ་ལྟ་བའོ། །


no previousདཔལ་སྒྲའི་སྙེ་མ་དུ་མའི་དོན་ཤེས་ཤིང་རྟོགས་པ།next