Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕྱག་རྒྱ་ཆེན་པོ་གའུ་མའི་རང་བབས་རྣམས་གསུམ་ཞེས་བའི་བའི་ཁྲིད་ཡིག
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕྱག་རྒྱ་ཆེན་པོ་གའུ་མའི་རང་བབས་རྣམས་གསུམ་ཞེས་བའི་བའི་ཁྲིད་ཡིགnext

ཕྱག་རྒྱ་ཆེན་པོ་གའུ་མའི་རང་བབས་རྣམས་གསུམ་ཞེས་བའི་བའི་ཁྲིད་ཡིག


TNT20_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ཆེན་པོ་གའུ་མའི་རང་བབས་རྣམས་གསུམ་ཞེས་བའི་བའི་ཁྲིད་ཡིག་བཞུགས་སོ།


TNT20_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཝེ། ཕྱག་རྒྱ་ཆེན་པོ་གའུ་མའི་རང་བབས་རྣམས་གསུམ་ཞེས་བྱ་བ། ཡེ་ཤེས་མཁའ་འགྲོ་ནི་གུ་མའི་གདམས་ངག་འདིལ། ཁྲིད་ཀྱི་སྔོན་འགྲོ་དལ་འབྱོར་རྙེད་དཀའ། མི་རྟག་པ་སྡུག་བསྔལ་སོགས་སྤྱི་དང་མཐུན། སྐྱབས་འགྲོ་སེམས་བསྐྱེད་དང་། ཨ་ཡི་སྟོང་ར་རྣམས་ནི་གུ་ཆོས་དྲུག་དང་འདྲ། ཐུན་གྱི་སྔོན་འགྲོ་བླ་མའི་རྣལ་འབྱོར་ནི། གཞན་སྒྱུ་ལུས་དང་འདྲ་བ་ལས་མཎྜལ་མང་དུ་འབུལ། བདག་འཛིན་བློ་ཡི་ཐོངས་པར་མཛད་དུ་གསོལ། དགོས་མེད་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། འོད་གསལ་ཕྱག་རྒྱ་ཆེན་པོ་རྟོགས་པར་མཛད་དུ་གསོལ། ཞེས་པ་ཁྱད་པར་རོ། ཁྲིད་དངོས་ལ། སྔོན་འགྲོ་རང་བབས་རྣམས་གསུམ་དངོས་གཞི་སྐྱོན་བཞི་རང་གྲོལ། རྗེས་སྐུ་གསུམ་རང་ཤར་གྱི་ཁྲིད་དོ། དང་པོ་ལ་ཞི་གནས་ཀྱི་ཁྲིད་དང་། ལྷག་


TNT20_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་གི་ཁྲིད་གཉིས། དང་པ་ལ་དམིགས་པའི་གཞི་དང་། པོ་གསལ་འདོན་ནོ། དང་པོ་ནི། སྔར་སྒོ་གསུམ་གྱི་བྱ་བ་ཐམས་ཅད་དོན་མེད་ལ་དོར་སོང་འདུག་པས། ད་ཕྱིན་ཆད་སྒོམ་ལ་བརྟན་པ་ཅུང་ཟད་ཅིག་མ་སྐྱེས་པར་མི་དགེ་བ་དང་། ལུང་མ་བསྟན་ལྟ་ཅི་སྨོས། སྤྲོས་བཅས་དགེ་བ་ཡང་རྩོལ་བ་གློད། ལུས་རྣམས་སྣང་གི་ཆོས་བདུན། དག་རླུང་རོལ་ན་གསུམ་བསལ་ནས་སྨྲ་བརྗོད་ལྟ་ཅི་སྨོས་རླུང་འཛིན་འདྲེན་ཙམ་ཡང་སྤོང་བའི་རང་བབས། སེམས་མ་བཅོས་པ་ལྷོད་དེ་གློད། དམིགས་སྐོར་གཅིག རྣམ་རྟོག་སྣ་ཚོགས་འཕྲོན་ལམ་གྱིས་སྐྱེས་བ་ལ་ང་ཤེས། འཕྲོ་རྦད་ཀྱི་བཅད་ལ་བཞག དམིགས་སྐོར་གཉིས། འགོ་འགྱུ་རྒྱ་འབྱམས་སུ་འགྲོན། ནམ་དྲན་དུས་ཕྱིན་ཆད་འདི་འདྲ་གཏན་སམ་བྱུང་པ་བྱེད་སྙམས་ཞེད་མ་བྱ། རྣམ་རྟོག་བྱུང་ཙན་དྲན་ཅིང་ངོ་ཤེས་པ་བྱེད་སྙམ་པ་བྱས་པས་


TNT20_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

སིལ་ཏེ། དམིགས་སྐོར་གསུམ། དེ་དུས་ཤེས་སྐོར་གསུམ། དེ་དུས་ཤེས་པ་མི་གསལ་བར་སོང་། བརྗེད་དེས་ཀྱང་ཆེར་འགྲོན་བྱིན་པའི་སྐྱོན་མིན། རིག་པ་བསྒྲིམ། མིག་པ་བསྒྲིམ། མིག་དཔངས་གཏོད། མཐོང་དཀར་པ་དང་ཡང་ཐོག་ལ་སོགས་པར་བསྒོམ། བྱིད་པ་འཕྲོ་བཅད་དེ་ལངས་པ་སོགས་བྱེད། ཡང་ཚིག་པ་ཟ་ཞིང་སྤུན་ལངས་ན་རྒོད་པ་ཡིན་པས་ལྷོད་ཀྱིས་གློང་། ལྟ་སྟངས་སྨད། འདོ་ཡོན་ལ་དགའ་བས་སེམས་གཡེངས་ན། མི་རྟག་སྡུག་བསྔལ་ལ་ཡིད་འབྱུང་བར་བྱ་སྟེ་དམིགས་སྐོར་བཞི་པའོ། གཉིས་པ་ལྟ་སྟངས་ངེས་མེད་ལ་བསླབ་པ། ཆོས་སྤྱོད་སྣ་ཚོགས་ལ་བསླབ་པ། སྤྱོད་ལམ་སྣ་ཚོགས་དང་བསྲེ་བའོ། དང་པོ་ནི། མིག་གི་ལྟ་སྟངས་མཐོ་བ་ཐག་ཉེ་བ་ཐོག་མཐིལ་ལྟ་བུ་དང་། རིང་བར་རྩེ་འམ་ནམ་མཁའི་དབྱིངས་ལྟ་བུ་ལ་མཉམ་པར་བཞག་སྟེ་དམིགས་སྐོར་ལྔ། དམའ་བ་ཉེ་བ་བརྩིག་འཁྲིས་སྨ་རིང་བ་རི་རྩི་བ་ལྟ་བུ་ལ་མཉམ་པར་བཞག་སྟེ་དྲུག་པའོ། ཐད་ཀ་ཉེ་བ་ཀྱང་ལྡན་མ་རིང་བ་རི་ལྡན་ལྟ་བུ་ལ་མཏམ་པ་རབ་བཞག་སྟེ་བདུན་པའོ། གཉིས་པ་ནི། མདོ་འདོན། སྔགས་ཟློས། གཏམ་སྣ་ཚོགས་དང་བསྲེ་ཞེས་པའི་དོན་མདོ་ལ་སོགས་བ་ཁ་ཏོན་བྱང་པ་རྣམས་དང་ཐོག་མ་རབ་སྲེ། རིམ་གྱིས་ཁ་ཏོན་ཐམས་ཅད་དང་བསྲེ་གང་ཐུབ་བྱ་སྟེ་བརྒྱད་པའོ། སྔགས་ཐུང་པ་རྣམས་དང་ཐོག་མར་བསྲེ། དེ་ནས་བཟླས་པ་ཐམས་ཅད་བསྲེ་སྟེ་དགུ་བའོ། དང་པོར་ཆུ་སྦྲ་སོགས་འབྱུང་བའི་སྒྲ་དང་བསྲེ། དེ་ནས་མི་མང་པོའི་ཅ་ཅོ་དང་སྒོ་འཐེན་སོགས་དང་བསྲེ། དེ་ནས་མི་གཞན་གྱིས་གཏམ་སྨྲ་བ་ལ་བསྲེས་ཏེ་དེ་དག་གི་སྒྲ་ལྷང་ལྟང་བདེར་


TNT20_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ཧད་དེ་བཞག་སྟེ་དམིགས་སྐོར་བཅུ་པའོ། གསུམ་པ་སྤྱོད་ལམ་སྣ་ཚོགས་ལ་བསླབ་སྟེ། ཟས་ཟན་ཡང་རང་བབས་ཀྱིང་དན་ནས་ཟ། མ་དུ་འགྲོན་ཡང་དེ་བཞིན་དུ་སྦྱང་། གཏམ་སྨྲན་ཡང་རང་བབས་ཀྱིས་དང་ནས་མ་བྲལ་བར་བྱ་སྟེ། དང་པོར་སྒྲིམ་མི་དགོས་པར་དོ་གལ་ཆུང་བ་རྣམས་ལ་སྦྱང་བས་མཐར་ཐམས་ཅད་ལ་འབྱོངས་པ་ཡིན་ནོ། དེ་བཞིན་དུ་བདེ་སྡུག་དགའ་མི་དགའ་ཡང་བག་ཚ་དོ་ཚ་སྒྱུག་བྲོ་སོགས་མཐོ་དམན་གྱི་རྣམ་རྟོག་སྐྱེ་བའི་ཡུལ་ཐམས་ཅད་ལ་རང་བབས་སུ་བསྲེས་ཀྱིན་སྦྱང་། ཐམས་ཅད་ཀྱང་སྔར་ལར་དགེ་སྦྱོང་གྱིས་ངང་དུ་ཚུད་འོང་སྟེ་མིགས་སྐོར་བཅུ་གཅིག་པའོ། དེ་ལྟར་ན་ཞི་གནས་ལ་དམིགས་སྐོར་བཅུ་གཅིག་གོ །དེ་ལྟར་ན་ཞི་གནས་ལ་དམིགས་སྐོར་བཅུ་གཅིག་གོ །གཉིས་པ་ལྷག་མཐོང་གི་ཕྲིད་སེམས་ཚོལ་ནི། བླ་མའི་ཞལ་རྒྱུན་ལས་རྒྱས་པར་འབྱུང་བའི་དབང་དུ་བྱས་ན། དང་པོ་སྔར་བཞི་རང་བབས་གསུམ་གནད་དུ་བབས་ནས་ལྷོད་ཀྱི་ཀློད་པའི་ངང་ནས་འཚོལ་བ་ནི་ཐམས་ཅད་ཀྱི་སྔོན་འགྲོ་ཡིན་ནོ། དངོས་གཞི་དམིག་ཐུན་བདུན་ཏེ། དངོས་གཞི་དམིག་ཐུན་བདུན་ཏེ། སེམས་ཀྱི་ངོ་བོ་ལ་འཚོལ་བ། སྐྱེ་འགག་ལ་འཚོལ་བ། ཡུལ་ལྟང་ལ་འཚོལ་བ། རྣམ་རྟོག་པ་འཚོལ་བ། ཡུལ་སྣང་ཡོད་མེད་ཀྱི་ཁྱད་པར་ལ་འཚོལ་བ། རྣམ་རྟོགས་མེད་ཀྱི་ཁྱད་པར་ལ་འཚོལ་བ། རང་བཞིན་དབྱིངས་སུ་ཐག་བཅད་པའོ། དང་པོ་ནི། སེམས་ཀྱི་ངོ་བོ་ལ་ཆེ་རེ་ལྷ་ཞིང་ཞིབ་དུ་གཞི་པ་འཇུག་པ་སྟེ། དེར་རྩོལ་བ་རང་ཞིག་ལ་སོང་ནས་འདི་ཡིན་མཛད་དུ་མེད་པའི་ཉམས་སྐྱེས་པ་ན་རང་བབས་སུ་འཇོག་སྟེ་དམིགས་སྐོར་གཅིག་གོ །གཉིས་པ་ནི། སེམས་རྟོག་མེད་ཁོ་ན་ལ་བལྟས་ནས་


TNT20_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་འགག་གཏན་མི་བྱེད་པའི་རྟག་པ་བརྟན་པ་ཞིག་འདུག་གམ། སྐྱེ་འགག་བྱེད་པའི་ཅི་མེད་ཅིང་མདེ་ཞིག་འདུག །སྐྱེ་འགག་བྱེད་ན་ཇི་ལྟར་སྐྱེད་ཡིན་འདུག གནས་ན་ཇི་ལྟར་གནས། ཁ་དོག་དབྱིབས་སོགས་ཇི་ལྟ་བུ། ཕྱི་ནང་གང་ན་འདུག འགག་ན་ཇི་ལྟར་འགག་ཞེས་སོགས་ཞིབ་དུ་བརྟགས་པ་ན། ངོས་བཟུང་མེད་པལ་ཞེ་སྟེ། དམིགས་སྐོར་གཉིས་པའོ། གསུམ་པ། མིག་གིས་གཟུགས་མཐོང་ན། གཟུགས་སུ་ལམ་མེར་མཐོང་བ་དེ་ངོ་བོ་ཇི་ལྟར་འདུག་པ་སྟེ། དེ་དང་སེམས་རིག་རིག་ཏུར་ཏུར་འདི་གཅིག་གམ། ཐ་དད་ཁྱད་ཅི་འདུག་ཞིབ་ཏུ་དབྱང་། དེ་བཞིན་རྣ་བས་སྒྲ་ཐོས་པ་སོགས་ལ་འང་སྦྱར་ཏེ། དམིགས་སྐོར་གསུམ་པའོ། བཞི་པ་ནི། ཡང་རྣམ་རྟོག་ལམ་གྱི་འཆར་བ་འདི་དང་སེམས་ཀྱི་རང་བཞིན་ལ་ཁྱད་པར་ཅིག་འདུག་དེ་གཉིས་གཅིག་མིག་ཅིག་བརྟག་རྣམ་རྟོག་སྐྱེས་བའི་ཚེ་ཇི་ལྟར་སྐྱེད། སྐྱེས་ནས་མ་འགགས་པའི་སྐབས་ཡོད་ལུགས་ག་འདྲ་ཞིག་འདུག །འགའ་ཙན་འགག་ལུགས་ཅི་འདྲ་ཞིག་འདུག་ཞིབ་དུ་བརྟག་ཏེ། དམིག་སྐོར་བཞི་པའོ། ལྔ་པ་ནི། མིག་གིས་གཟུངས་མཐོང་བའི་དུས་ཀྱི་སེམས་དང་མ་མཐོང་བའི་དུས་ཀྱི་སྨེས་ལ་ཁྱད་ཅི་འདྲ་ཞིག་འདུག །ཡོད་ན་ཡོད་ལུགས་དང་མེད་ན་མེད་ལུགས་ཇི་ལྟར་ཡིན་བརྟགས་ཏེ་དམིགས་སྐོར་ལྔ་པའོ། དྲུག་པ་ནི། རྣམ་རྟོགས་སྐྱེས་པའི་དུས་ཀྱི་སེམས་དང་མ་སྐྱེས་པའི་དུས་ཀྱི་སེམས་བཟང་ངན་གསལ་མི་གསལ་སྟོང་མི་སྟོང་ཁྱད་ཡོད་མེད་ལེགས་པར་བརྟགས། འཚོལ་ཐབས་དེ་བཞི་ལའང་མཐར་དམིགས་གཏནད་ཞིག་པ་ཞིག་འབྱུང་བའི་ཁོ་ནས་ངང་བསྐྱང་།


TNT20_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་སྐོར་དྲུག་པའོ། བདུན་པ་ནི།་སྣང་བ་འདི་ཐམས་ཅད་རང་གི་སེམས་སུ་ཐག་བཅད། སེམས་ལ་ལེགས་པར་བརྟགས་པ་ན་ངོས་བཟུང་ཅི་ཡང་མེད་པ་དང་དེ་བའི་དངལ་བཞག་ད་རུང་མང་དུ་ཙལ་བས། ངོས་བཟུང་མེད་བཞིན་དུ་ཅིང་མེད་ཀྱང་མ་ཡིན་པར་སྟོང་བཞིན་དུ་སྣ་ཚོགས་སུ་འཆར་བའི་རིག་སྟོང་རྗེན་ནེ་པ། ཝ་ལེ་ཁྱུག་གེ་པ། ཁྲིག་གེར་མྱོང་བ། བརྗོད་མི་ཤེས་ཐ་དེ་ལ་ཆམ་གྱིས་བཞག་སྟེད་མིགས་སྐོར་བདུན་པའོ། དེ་ལྟར་ལྷག་མཐོང་ལ་བདུན་ནོ། སྔོན་འགྲོ་རང་བབས་རྣམས་གསུམ་ལ་དམིགས་སྐོར་བཅོ་བརྒྱད་དོ། ཁྱད་པོའི་བླ་མ་ནེ་བུམས་སྔོན་འགྲོལ་གཙོ་བོར་མཛད། མེ་ཏྲི་པས་དངོས་གཞི་ལ་གཙོ་བོར་མཛད། སུ་ཁ་སིདྷིའི་རྗེས་ལ་གཙོ་བོར་མཛད་གསུངས་ཏེ་སྔོན་འགྲོའི་སྐབས་འདིར་རྟོགས་པ་སྐྱེད་དགོས་སོ། དངོས་གཞི་ལ་ཐོག་མར་བྱིན་རླབས་ཀྱི་སྒོ་ནས་བརྐུ་ཐབས་སུ་ངོ་སྤྲོད་པ་ནི། མཎྜལ་ཆོས་འབྱུང་མཐིང་ཁ་ཞིག་བཞེངས། དེར་མཉྫིའི་སྟེང་དུ་གཏོར་མ་ཆེ་བ་ལ་མདའ་དར་བཙུགས་ཤིང་རྒྱན་བཟང་པོས་བརྒྱན་པ་ཞིག་བཞག མདུན་དུ་འདུལ་གཏོར་དང་མཆོད་པ་དང་ཚོགས་རྫས་རྣམས་བཤམས། མཆོད་པ་བྱིན་རླབས་སྤྱི་དང་འདྲ། སློབ་དཔོན་རང་གིས་བདེ་མཆོག་ལྷན་སྐྱེས་ཀྱི་མངོན་རྟོགས་པ་སྤོམས་ལ། མདུན་བསྐྱེད་མཎྜལ་དང་གཏོར་མ་སུམྦྷས་བསངས། སྭཱ་བྷཱ་ཝས་སྦྱངས། གཏོར་ཚོགས་ལྟར་མགོན་པོར་བསྐྱེད་པ་ནས་བཟླས་པའི་བར་བྱ། དེ་ནས་སློབ་མ་རྣམས་ལ་ཁྲུས་དང་མེ་ཏོག་བཀྱེ་བསྡུ་སོགས་བྱ། མཎྜལ་ལན་གསུམ་ཕུལ་ལ། སློབ་མ་རྣམས་མ་བདེ་མཆོག་ལྷན་སྐྱེས་ཀྱི་མངོན་རྟོགས་ཕོག་ལ་ཅུང་ཟད་སེམས་འཛིན་དུ་


TNT20_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག །མདུན་བསྐྱེད་མགོན་པོར་སྐད་ཅིག་གིས་བསྒོམ་དུ་བཅུ་གཅིང་། སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་ཐམས་ཅད་ཀྱིས་བསྐོར་བའི་དབུས་སུ། ཡེ་ཤེས་མཁའ་འགྲོ་ནི་གུ་མ་སྐུ་མདོག་སྨག་ནག་ཌཱ་མ་རུ་དང་ཐོད་པ་ཁ་ཊཱཾ་ག་བསྣམས་བ་གར་སྟབས་དང་རུས་པའི་རྒྱན་ཅན། ལང་ཚོད་རལ་བབས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་མཁའ་འགྲོ་སྡེ་ལྔ་མཁའ་འགྲོ་མ་བྱེ་བ་འབུམ་སྡེའི་ཚོགས་དང་བཅས་པ་བཞུགས་པར་བསམ། དེ་རྣམས་ལ་དངོས་སུ་བཤམས་པའི་མཎྜལ་འདི་ཉིད་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་སུ་མོས་དེ་གསེར་གྱིས་བཀང་ཞིང་འབུལ་བར་བསམ། དབོན་སློབ་རྣམས་ཀྱིས་ལྷན་ཅིག་ཏུ་ཚོགས་དང་གཏོར་མ་བྱིན་གྱིས་བརླབས། བྱིན་བརླབས་ཀྱི་ཆོ་ག་ནི་ཡི་དམ་གང་བྱེད་ཀྱི་ནང་མཆོད་ལྟར་བྱིན་གྱིས་བརླབ། ཨོཾ་ཧྲཱི༔ཧ་ཧ་ཧཱུཾ་ཧཱུཾ་ཕཊ་གྱི་མཐར། ཨོ་ཨ་ཀཱ་རོ་བཏགས་པས་དང་པོར་བླ་མ་དང་ཡི་དམ་ལ་ཕུལ། དེ་ནས་གཏོར་ཆོག་ལྟར་མགོན་པོ་འཁོར་བཅས་ལ་ཕུལ། ཨོཾ་སརྦ་ཀི་ནིས་པ་རི་ཝཱ་ར་ཨ་ཀ་རོ་སོགས་ཀྱི་མཁའ་འགྲོ་མ་ལ་འབུལ། ཕྱོགས་བཅུ་ན་བཞུགས་པའི་དགེ་འདུན་ལ་སྐྱབས་སུ་འཆིའོ། བླ་མ་དང་ཡི་དམ་གྱི་ལྷ་ཚོགས་ཡེ་ཤེས་གྱི་མགོན་པོ་ཕྱག་དྲུག་པའི་ལྷ་ཚོགས་འཁོར་བཅས་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་འཆིའོ། རྩ་བ་དང་བརྒྱུད་པའི་བླ་མ་རྣམས་དང་


TNT20_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དམ་གྱི་ལྷ་ཚོགས་རྣམས་ཀྱིས་བདག་ལ་ཕྱག་རྒྱ་ཆེན་པོའི་རྟོགས་པ་དེ་འཕྲོད་པར་བྱིན་གྱིས་བརླབ་ཏུ་གསོལ། མཁའ་འགྲོ་ཆོས་སྐྱོང་བའི་བསྲུང་མ་རྣམས་ཀྱིས་བདག་ཕྱག་རྒྱ་ཆེན་པོ་ཞུ་བ་དང་ཉམས་སུ་ལེན་པལ་ཕྱི་ནང་གི་བར་དུ་གཅོད་པ་གང་ཡང་མི་འབྱུང་བར་མཛད་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ། རྩ་བའི་བླ་མ་ལ་མོས་གུས་དུང་བ་བྱེད་དུ་བཅུག ལུག་གནད་བཅས་རླུང་རང་བབས་སུ་རྒྱུ་རུ་གཞུག བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ཅང་བཅས་པ་ཐམས་ཅད་འོད་དུ་ཞུ་ནས་སློབ་མ་རང་ཉིད་ལ་ཐིམ་པར་མོས་ལ་དར་ཅིག་ལྷོད་ཀྱིས་གློད་ནས། སེམས་གྱི་རང་ངོ་ལ་ལྷན་ནེར་སྟོས་ཤིག་བྱས་ལ་ཡུག་གཅིག་མཉམ་པར་འཇོག་ཏུ་བཅུག ད་ལྟ་སེམས་ངོས་བཟུང་ཐམས་ཅད་དང་བྲལ་བ། རྗེན་ནེ་ཡེ་རེ་བ་འདི་ཀ་རང་སེམས་སྐྱེ་མེད་ཆོས་སྐུའམ། ཐ་མལ་ཤེས་པའམ་རང་བབས་ཞེས་བྱ་བ་ཡིན་པས། ད་ཕྱིན་ཆད་འདི་ཀ་མཉམ་རྗེས་ཐམས་ཅད་དུ་ཟོས་བཅོས་མེད་པར་སྐྱོངས་ཤིག་བྱས། མཎྜལ་འབུལ་བ་དང་སྨོན་ལམ་བཏབ་པ་སོགས་སྤྱི་དང་མཐུན། གཉིས་པ་ནི། ཐུན་གྱི་སྔོན་འགྲོ་སྔར་ལྟར་ལས། གནས་འགྱུ་ཐམས་ཅད་དུ་དྲན་པས་ཟིན་པ་ཞིག་བྱའོ། ཞེས་ཡང་ཡང་འདུན་པ་བྱས་ནས། དམིགས་པའི་དངོས་གཞི་ལ་སེམས་གནས་པའི་ཚེ། ཁ་ནང་ལོག་ཏུ་རང་ངོ་ཤེས་པ་ཙམ་བྱས་ནས། བཟོ་བཅོས་མེད་པའི་ཚུལ་དུ་བཞག །ཡུལ་སྣང་གི་འཆར་སྒོའམ། རྣམ་རྟོག་གི་འཆར་སྒོ་ཅི་བྱུང་ཡང་ཆེད་གཏད་དགག་སྒྲུབ་བླང་དོར་མི་བྱ་བར་གང་ཤར་དེ་རང་ངོ་ཤེས་ཙམ་གྱི་ངང་ལ་མཉམ་པར་བཞག་པས་རྣམ་


TNT20_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་ཁོ་རང་མ་འགགས་བཞིན་དུ་གསལ་སེང་ངེ་བ་དེའི་ངང་བ་བསྐྱང་། ངོ་མི་ཤེས་སུ་གཅིག་ཀྱང་མ་ཤོར་བར་བྱ། ངོ་ཤེས་དང་མ་བྲལ་ཕྱིན་ཆད་འགྱུ་ནའང་འགྱུ་བཅུག་རང་ལོག་ཏུ་འགྲོ་ནའང་འགྲོ་རུ་བཅུག་དྲན་པ་ལ་ཆེད་གཏད་དུ་འབད། འདི་ལ་བསྒོམ་དུ་རྡུལ་ཙམ་མེད། ཡེངས་སུ་སྐད་ཅིག་ཀྱང་མེད་ཅེས་བྱ། དེ་ཉིད་ལ་སྐྱོན་བཞི་རང་གྲོལ་བར་ངོ་སྤྲད་དེ། ཉ་དྲགས་པས་ངོ་མ་ཤེས་ཟབ་དྲགས་པས་ངོས་མ་ཟིན་སླ་དྲགས་པས་ཡིད་མ་ཆེས། བཟང་དྲགས་པས་བློར་མ་ཤོང་ཞེས་པའི་སྐྱོན་བཞི་ལས་གྲོལ་བ་སྟེ། དང་པོ་ནི་རང་ངོ་མ་ཤེས་པ། གཉིས་པ་ནི། སྔར་འཆི་བ་དང་ཤུགས་ཆད་ཀྱི་ཉམས་ལ་སོགས་པའི་དུས་སུ་ཐ་མལ་ཤེས་པ་རང་ངོ་གསལ་བར་སྟོན་པ་མང་དུ་བྱུང་མོད་ཀྱང་། བླ་མའི་གདམས་ངག་གིས་ངོམ་སྤྲད་པ་དེ་སྲིད་ཐམས་གང་གིས་ཀྱང་མ་ཤེས་པའོ། གསུམ་པ་ནི། མཁས་རྨོངས་ཐམས་ཅད་བྱར་མེད་ལ་བློས་མ་ཁེལ་བའོ། བཞི་པ་ནི། སེམས་ཀྱི་རང་བཞིན་སངས་རྒྱས་ཡིན་པ་བློར་མ་ཤོང་པའོ། དེ་ལ་གནས་འགྱུ་ཐམས་ཅད་རང་ངོ་ཤེས་ཙམ་ན་རང་བཞིན་སྟོང་གསལ་དུ་འགུག །དེས་ན་གད་ཤར་ལ་བཟོ་བཅོས་བྱེད་དོན་མེད། རང་བཞིན་གསལ་སྟོང་འདི་ལས་ལོགས་སུ་འཁོར་འདས་གང་ཡང་མེད་པར་ཤེས་ཚེ་སྐྱོན་དེ་བཞི་རང་གྲོལ་བ་ཡིན། གསུམ་པ་རྗེས་སྐུ་གསུམ་རང་ཤར་ལ་སྐུ་གསུམ་རང་ཤར་ངོ་སྤྲད་པ་དངོས་དང་། དེའི་བོ་གླ་འདོན་པའོ། དང་པོ་ནི། སྔར་གྱི་ཐ་མལ་ཤེས་པ་མ་བཅོས་སོ་མ་དེ་ཉིད་སྔོན་གདོད་མ་གསལ་སྟོང་ཟུང་འཇུག་ཏུ་རང་ཤར་བར་རང་ངོ་ཤེས་པ་ནས་སྟོང་བ་ཆོས་ཀྱི་སྐུ། གསལ་བ་སྤྲུལ་སྐུ།


TNT20_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་འཇུག་ལོངས་སྐུར་ཐག་བཅད་ངེས་ཤེས་བསྐྱེད་ནས་ཏང་བབས་དེ་ཀའི་ངང་དུ་བསྐྱང་བར་བྱའོ། དེ་ལྟར་ཉམས་སུ་མྱོང་བའི་ཚེ། སེམས་སྐད་ཅིག་མ་གཅིག་ཀྱང་སྐུ་གསུམ་དུ་ངོ་འཕྲོད། རྣམ་རྟོག་སྐད་ཅིག་མ་གཅིག་ཀྱང་སྐུ་གསུམ་གྱི་རང་བཞིན་ནོ། དེ་ལྟར་ཉམས་མྱོང་དུ་ཤར་བར་བྱས་ནས་རྟག་ཏུ་སྐྱོངས་དགོས་པ་ཡིན་ནོ། གཉིས་པ་ལ། བོགས་འདོན་དང་གེགས་སེལ་གཉིས་ལས། དང་པོ་ལ་མོས་གུས་ཚད་མེད་ལ་བརྟེན་ནས་བོགས་འདོན་པ། སྙིང་རྗེ་ཚད་མེད་ལ་བརྟེན་ནས་བོགས་འདོན་པ། ཐབས་ཁྱད་བར་ཅན་ལ་བརྟེན་ནས་བོགས་འདོན་པའོ། དང་པོ་ནི། སྤྱིར་རྟོགས་པ་སྐྱེས་ནས་མོས་གུས་ཤུགས་འབྱུང་ལ་འབྱུང་། མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་རུང་ཤུགས་ཀྱིས་སྐྱེ་ཡང་། དེ་ལ་སླར་ཡང་མོས་གུས་དང་སྙིང་རྗེ་བསྒོམ་པས་མེ་འབར་བ་ལ་ཤིང་གཅེར་བ་བཞིན་དུ་ཆེར་འཕེལ་ཏེ་ལམ་གྱི་བོགས་འདོན་བླ་ན་མེད་པར་འགྱུར་བ་ཡིན་ནོ། དེ་ལྟར་ཡང་ཡང་ལམ་ཕྱག་ཆེན་པོ་བསྒོམ་བཞིན་དུ་མོས་གུས་དང་སྙིང་རྗེ་དྲག་ཏུ་བསྒོམས་པས་མཐར་ཐུག་རྟོགས་པའི་ཐམས་སུ་འགྱུར་རོ། དེ་ཡང་མོས་གུས་ནི་སྦྱིར་རྩ་བའི་བླ་མ་དེ་ཉིད་སངས་རྒྱས་དངོས་ཡིན་པ་དང་། ཐུགས་ཆོས་ཀྱི་སྐུ་མཛད་སྤྱོད་ཕྲིན་ལས་ཐམས་ཅད་གཞན་དོན་གཟུགས་སྐུ་རྣམ་གཉིས་སངས་རྒྱས་བྱང་སེམས་ཡི་ནམ་མཁའ་འགྲོ་ཆོས་སྐྱོངས་ཐམས་ཅད་འདུས་པའི་ངོ་བོ་ཡིན་པར་ཐག་གཅོད། བདག་གནས་ལུགས་ལ་དཀྲི་བར་མཛད་པས་བཀའ་དྲིན་ཆེ། བཀའ་དྲིན་ལ་ནམ་ཡང་འཁོར་བ་མེད་སྙམས་པ་མོས་གུས་ཀྱི་གདུང་ཤུགས་དྲག་པོས་གསོལ་བརྩེ་གཅིག་ཏུ་འདེབས། བླ་མའི་མོས་


TNT20_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

གུས་ཀྱིས་ཡིད་བསྒྱུར་བས་རང་བཞིན་སྤྲོས་བྲལ་གྱི་ཡེ་ཤེས་ལྷག་གེར་ཤར་བ་ན། དེ་ཁའི་ངང་དུ་མཉམ་པར་བཞག གཉིས་པ་ནི། སེམས་ཅན་ཐམས་ཅད་དྲིན་ཅན་གྱི་ཕམ་ཡིན་པར་རང་སེམས་ངོ་མ་ཤེས་པས་ཉོན་མོངས་དང་ལས་བསགས་ཏེ་འཁོར་བར་ཁྱམས་པ་འདི་ཅེས་ཀྱང་སྙིང་རེ་རྗེ་ཞེས་ཡིད་ལ་བསམ་ཞིང་ངག་ཏུ་ཡང་བརྗོད། མཐར་སྙིང་རྗེ་བྱ་ཡུལ་སྙིང་རྗེ་བྱེད་མཁན་ཐམས་ཅད་ངོས་བཟུང་དང་བྲལ་བའི་ངང་དེར་ཆ་མ་མེར་བཞག གསུམ་པ་ལ་གསུམ་ལས། དང་པོ་ནི། ཐ་མལ་ཤེས་པ་རླུང་དང་བསྲེ། རྣམ་རྟོག་མ་རིག་འགག་པར་འགྱུར། ཞེས་པ་དོན་ནི། སེམས་མ་བཅོས་པར་ཕྱག་རྒྱ་ཆེན་པོའི་ངང་ལ་མཉམ་པར་འཇོག་ཅིང་། རླུང་བུམ་པ་ཅན་དྲག་ཏུ་བཟུང་ནས་རླུང་སེམས་འཇུག་པ་གཅིག་པའི་ཕྱིར། རྟོགས་པ་གོང་ནས་གོང་དུ་འཕེལ་བར་འགྱུར། གཉིས་པ་ནི། འོད་གསལ་ལྷ་སྐུ་རླུང་དང་བསྲེ། ཉམས་མྱོང་ཡར་ངོ་བཞིན་དུ་འགྱུར། ཅེས་གསུང་ཏེ། རང་ཉིད་བདེ་མཆོག་ལྷན་སྐྱེས་ཆུ་ནང་གི་ཟླ་གཟུགས་ལྟར་སྣང་ལ་རང་བཞིན་མེད་པར་བསྒོམ། ལྷ་སྐུར་སྣང་བ་མ་འགགས་པ་དེ་ཀ་མ་བཅོས་སོམ། འོད་གསལ་ཕྱག་རྒྱ་ཆེན་པོས་ཟིན་པར་བྱས་ལ་རླུང་དྲག་ཏུ་གཅུན་པས་ཕྱག་ཆེན་ལ་ལྷ་སྐུས་བོགས་ཐོན་ཏེ། ཉམས་མྱོང་གོང་ཕེལ་དུ་འགྱུར་རོ། ཉམས་མྱོང་གོང་ཕེལ་དུ་འགྱུར་རོ། གསུམ་པ་ནི། ཟུང་འགུག་ཤེས་པ་རླུང་དང་བསྲེ། འབྲསབུ་སྐུ་གསུམ་མངོན་དུ་འགྱུར། ཞེས་གསུངས་ཏེ། རང་ལྷ་སྐུ་གསལ་སྟོང་དུ་བསྒོམ། གཞན་ལུས་ཤེས་རབ་མའམ། རང་ལུས་ཐབས་ལྡན་ལྟར་ན་གཏུམ་མོ་དང་འོད་གསལ་གྱི་ཉམས་མྱོང་གིས་ལྷ་སྐུ་ལ་རྒྱས་བཏབ་སྟེ། དེ་ཉིད་ཕྱག་ཆེན་གྱིས་ཟིན་པར་བྱས་ལ་གཞུར་དེ་


TNT20_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ། ངག་རླུང་བུ་མ་བ་ཅན་དྲག་ཏུ་བཟུང་། ལྷ་སྐུ་གསལ་བ་སྤྲུལ་སྐུ། ཕྱག་ཆེན་མི་རྟོག་པ་ཆོས་སྐུ། བདེ་བ་ལོང་སྐུ། དེ་གསུམ་ཀའི་གྲོགས་རླུང་གིས་བྱས་ཏེ། ལམ་དུས་ཀྱི་སྐུ་གསུམ་ཉམས་སུ་བླངས་པས་གཞི་དུས་ཀྱི་སེམས་ཀྱི་རང་བཞིན་འབྲས་བའི་ཚུལ་དུ་མངོན་དུ་འགྱུར་རོ། ཇི་སྲིད་དུ་རྩ་བྲལ་མངོན་དུ་མ་གྱུར་བ་དེ་སྲིད་འབད་རྩོལ་ཆེན་པོའི་འདུ་ཛི་སྤངས་ནས་དབེན་པར་བསྒོམ་པ་གལ་ཆེའོ། གཉིས་པ་གེགས་སེལ་ནི། རྩ་ལོག་རླུང་ལོག་སོགས་གེགས་སེལ་ཏེ་ཆོས་དྲུག་སོགས་ཐབས་ལམ་གྱི་ཡན་ལག་ཡིན་པས་ཐུན་མོང་བར་སོང་སྟེ་འདིར་མི་འཆད། འདིར་ཐུན་མོངས་མ་ཡིན་པའི་གེགས་བསལ་བ་ནི། ཉམས་ཀྱི་རྩིས་མ་བཅིངས་པ་དང་། སྣོང་སྟོང་ཕྱོགས་རེར་མ་ཤོར་བ་ལ་འབད་པ་སྟེ། དེ་ཡང་བདེ་གསལ་མི་རྟོག་པ་གསུམ་ལ་ཞེན་ན་གོལ་བས། ལུས་སེམས་དགའ་བདེ་ཅི་སྐྱེས་སྟེང་དུ་གང་དགར་བའི་སྐྱུར་ལ་འཇོག བདེ་གསལ་སྟོང་པར་ཞིག་པ་ན་གནས་ལུགས་རྗེན་གྱིས་འཆར། སེམས་ཀྱིས་སྣང་ཆ་དང་གསལ་ཆ་དང་འཆར་སྒོལ་བདེན་ཞེན་སྐྱེ། ཆགས་སྡང་འཛིན་ཞེན་རགས་སུ་སོང་བའི་ཉམས་བྱེད་ན། སྒྱུ་མ་ལྟ་བུར་མོས་ཤིང་བཙལ་བའི་མི་རྙེད་དཔལ་འཇོག །དཔེ་དེ་སྟོང་བར་འཆར། རང་སེམས་ཀྱི་ངོ་བོ་ལའང་ཁྱད་མི་འདུག་བས་ལས་འབྲས་སྤང་བླང་མིང་གོས་སོ་སྙམ་པའི་


TNT20_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ལོགལྟ་སྐྱེས་ན། ལས་འབྲས་བདེན་པར་མེད་ཀྱང་ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད། མེ་མི་བདེན་ཀྱང་ཤིང་ཚིག །ཆུ་མི་བདེན་ཀྱང་གཤེར་བ་མི་འགག་པ་ལྟར་ལས་འབྲས་ལ་ཡིད་ཆེས་བསྐྱེད་དགོས་སོ། དེ་ལྟར་ཉམས་སུ་བླང་། དེ་ལ་སེམས་གསལ་སྟོང་འཛིན་མེད་དུ་གནས་ན་ཞི་གནས་ཡིན་ཏེ། བྱིང་རྒོད་གཉིས་སེལ་བ་ཞིག་དགོས། སྣང་བ་ཐམས་ཅད་སེམས། གནས་གྱུར་ཐམས་ཅད་དངོས་བཟུང་མེད་པར་མྱོང་ཐོག་ཏུ་ཕེབས་ན་ལྷག་མཐོང་སྐྱེ་བ་ཡིན་ནོ། གང་ཤར་ལ་རང་ངོ་ཤེས་པས་བཟོབ་ཅོས་མེད་པར་སྐྱོང་ཐུབ་ན་ཕྱག་ཆེན་དངོས་གཞིའི་རྟོགས་པ་སྐྱེས་པ་ཡིན་ནོ། སེམས་ལ་ཅི་བསམ་སྣང་བ་ལ་ཅི་ཤར་ཐམས་ཅད་དྲན་པ་དང་རྩོལ་བ་བརྟེན་མི་དགོས་པ་ཐམས་ཅད་རང་ངོ་ཤེས་པའི་གསལ་སྟོང་རྒྱ་འབུམས་སུ་སོང་བའི་ཚེ། རྩ་བྲལ་ཞེས་བྱ་བ་རྗེས་ཀྱི་ཉམས་མྱོང་མཐར་ཕྱིན་པ་ཡིན་ནོ། ཞེས་པ་འདིའང་ཏཱ་ར་ནཱ་ཐས་ཤར་ཀོང་པོའི་ཡུལ་གྱི་བཤེས་གཉེན་མཁྱེན་རབ་ཅེས་བྱ་བའི་དོན་དུ་ཉེ་བར་གདམས་པའོ། མངྒ་ལཾ་ཕྱག་རྒྱ་ཆེན་པོའི་གདམས་ངག་ཟབ་མོ་འདི་ཡི་གེར་བྲིས་པའི་དགེ་བས་བདག་སོགས་མཁའ་ཉམས་ཀྱི་གྲོ་བ་མ་ལུས་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག དགེའོ། དགེའོ། བཀྲ་ཤིས། །


TNT20_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིད་འཇུག་ཏུ། ཕྱག་རྒྱ་ཆེན་པོ་རང་བབས་རྣམ་གསུམ་འདི་ལ་རྗེས་ཀྱི་སྐབས། སྔགས་ཐུན་མོང་མ་ཡིན་པའི་ཉམས་མྱོང་དང་འདྲེས་ནས་ཉམས་མྱོང་ཚད་དུ་ཕྱིན་པ་ཕན་ཆད་ནས། སྔགས་ཀྱི་ཐུན་མོང་མ་ཡིན་པའི་ཕྱག་ཆེན་དུ་འགྲོ་བ་ཡིན་གྱི་དེ་ཕྱིན་ཆད་མདོ་དང་ཐུན་མོང་མ་ཡིན་པ་ཡིན་ནོ། །འདི་ལྟ་བུའི་ཕྱག་རྒྱ་ཆེན་པོ་འདི་ལ་འགྲོ་མགོན་ཞང་འཚལ་པས་ཀྱང་ས་ལམ་ཚིག་ཆོད་ཡིན་པར་བཞེད་དེ། ཕྱག་རྒྱ་ཆེན་པོ་ཚིག་ཆོད་ལ། །ས་ལམ་བརྩི་པའི་རྨོངས་པ་འཁྲུལ་ཞེས་སོགས་གསུངས། འདིར་ནི་སྔོན་རང་བབས་རྣམ་གསུམ་ཚད་དུ་ཕྱིན་ན་ཚོགས་ལམ་ཆེར་པོར་འགྱུར། དངོས་གཞི་སྐྱོན་བཞི་རང་གྲོལ་ཚད་དུ་ཕྱིན་ན། སྦྱོར་ལམ་དྲོད་ཀྱི་རྟོགས་པ་སྐྱེ། རྗེས་སྐུ་གསུམ་རང་ཤར་ཚད་དུ་ཕྱིན་ན་སྦྱོར་ལམ་བཟོད་པར་སླེབས། འབྲས་བུ་ཚད་དུ་ཕྱིན་ན་མདོ་ཕྱོགས་ཀྱི་ས་དང་པོ་དང་སྔགས་ཕྱོགས་ཀྱི་ཟུང་འཇུག་འགྲུབ་པ་ཞེས་བྱ་བ་ཡིན་ནོ། །ཕྱག་ཆེན་རང་ངོས་ཀྱི་ལྟ་སྒོམ་གཉིས་ཀྱི་སོ་སོའི་ཉམས་མྱོང་ཤར་ཡང་སྤྱོད་པ་བསོད་ནམས་ཀྱི་ཚོགས་མ་རྫོགས་ན་ལམ་དེ་རྗེས་མཐུན་པ་ཡིན་གྱི་དངོས་མ་ཡིན། དཔེར་ན་མགྲོན་པོ་སྔ་ཕྱི་འབོད་དུ་མི་རུང་བ་སྟབས་གཅིག་ཁོ་ནར་འགྲོ་དགོས་པ་ཡིན་པ་ལ། གཅིག་གིས་གྲབས་མ་ཟིན་ན་གཅིག་ཤོས་རྒྱ་གྲབ་ཐམས་ཅད་གྲུབ་ཀྱང༌། དེ་སྒུག་པའི་ཡུན་རིང་དུ་སྡོད་དགོས་པ་བཞིན་དུ་སྔོན་འགྲོའི་ཚང་མ་བཅོས་ཐ་མལ་གྱི་ཤེས་པ་རང་ཤར། གཡེང་སྐྱེན་གྱིས་མི་གནོད་པའི་བརྟན་པ་ཐོབ་པ་


TNT20_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ཀྱང་ལྟ་སྒོམ་དེ་ཁ་དང་མཉམ་པའི་བསོད་ནམས་གྱི་ཚོགས་མ་རྫོགས་ན་ཚོགས་ལམ་ཆུང་འབྲིང་གི་ཡོན་ཏན་ཙམ་འབྱུང་སྲིད་ཅིང༌། ཆེན་པོའི་ཡོན་ཏན་རྫུ་འཕྲུལ་གྱི་རྐང་བཞི་ཐོབ་པ་སོགས་མི་འབྱུང༌། དེ་གཉིས་ཟུང་འཇུག་ཏུ་ཡོད་ན་ཡོན་ཏན་དེ་ཡང་འབྱུང༌། དེ་ལ་སྔོན་འགྲོ་ནི་ཐེག་པ་ཆེན་པོའི་ཞི་གནས་གཙོ་ཆེ་བ་ཡིན་ལ། དངོས་གཞིའི་སྐབས་སྣང་སེམས་ཡིད་ལ་མི་བྱེད་པ་རང་ནི་གཟུང་བ་རང་བཞིན་མེད་པ་ལ་གསལ་སྣང་ཆུང་ངུ་སྐྱེས་པ་ཡིན་པས་དེ་ལ་བརྟན་པ་ཐོབ་ནས་ཐུན་ཐུན་མཚམས་སྒོམས་འཁོར་ཡུག་ཏུ་སོང་བ་ནི་ཆོས་ཀྱི་སྣང་བ་འཕེལ་བའི་ཕྱིར་སྦྱོར་ལམ་རྩེ་མོ་ཡིན་ནོ། །རྗེས་ཉམས་མྱོང་རང་ཤར་ནི་གཟུང་བ་རང་བཞིན་མེད་པ་མཐོང་ཞིང་དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་ཞུགས་པ་ཡིན་པས་སྦྱོར་ལམ་བཟོད་པ་ཡིན་ལ། དེ་ལ་བརྟན་པ་ཐོབ་ཅིང་མི་གཡོ་བ་ནི་འཛིན་པ་སེམས་ཀྱི་རྣམ་རྟོག་མངོན་གྱུར་པ་ཡང་འགགས་པའི་རྒྱུ་མཚན་གྱི་ཡིན་པས་སྦྱོར་ལམ་ཆོས་མཆོག་གོ །འབྲས་བུའི་རྟོགས་པ་སྐྱེས་པའི་བློ་འདས་ཟུང་འཇུག་རང་ཤར་ཞེས་བྱ་བ་ནི་སྒྲ་དང་རྣམ་རྟོག་གི་ཡུལ་ལས་འདས་ཤིང་གནས་ལུགས་ཟུང་འཇུག་དེ་ཉིད་མངོན་སུམ་དུ་ཤར་བའི་ཚུལ་གྱིས་རྟོགས་པ་དེ་མཐོང་ལམ་ཐོབ་པ་ཕན་ཆད་འཕགས་པའི་ས་ཐམས་ཅད་དུ་ཡོད་ལ་བརྟན་པའི་ཚད་འཕྲིན་ལས་ཕྱོགས་མེད་རང་ཤར་ནི་ས་བརྒྱད་པ་ཡན་ཆད་དག་པའི་ས་གསུམ་ཡིན་པ་ཤེས་པར་བྱའོ། །དེ་ལྟར་དོགས་པ་གཅོད་པའི་ལན་རྗེ་བཙུན་ཏཱ་ར་ནཱ་ཐས་གསུངས་པ་ཡིན་ནོ།། །།མངྒ་ལཾ། །


previousཕྱག་རྒྱ་ཆེན་པོ་གའུ་མའི་རང་བབས་རྣམས་གསུམ་ཞེས་བའི་བའི་ཁྲིད་ཡིགnext