Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ནགས་སྨན་གཏོར་ཆོག་བདུད་རྩི་ཐིག་པ་ཞེས་བྱ་བ་ལྷ་བཙན་གྱི་གཏོར་བསྔོ་དང་བཅས་པ།
   
   
   
   
   
   
   
   
   
   
   
   
   


 
previousནགས་སྨན་གཏོར་ཆོག་བདུད་རྩི་ཐིག་པ་ཞེས་བྱ་བ་ལྷ་བཙན་གྱི་གཏོར་བསྔོ་དང་བཅས་པ།next

ནགས་སྨན་གཏོར་ཆོག་བདུད་རྩི་ཐིག་པ་ཞེས་བྱ་བ་ལྷ་བཙན་གྱི་གཏོར་བསྔོ་དང་བཅས་པ།


TNT21_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

ནགས་སྨན་གཏོར་ཆོག་བདུད་རྩི་ཐིག་པ་ཞེས་བྱ་བ་ལྷ་བཙན་གྱི་གཏོར་བསྔོ་དང་བཅས་པ་བཞུགས། ཨོཾ་སྭཱ་སྟི། ཨོཾ་བཛྲ་ཡཀྵ་ཧཱུཾ། གིས་བསངས། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུཾ་ཕཊ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨ་ཏྱ་ནུ་ཏྤནྣ་ཏྭ་ཏ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ནང་དུ་ཨོཾ་ལས་བྱུང་བའི་གཏོར་མ་འདོད་དགུའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ དམ་པའི་སྤྱན་སྔར་ཁས་བླངས་དམ་བཅས་བཞིན། །བསྟན་པ་བསྲུང་དང་འགྲོ་ལ་ཕན་གདག་དང༌། །རྣལ་འབྱོར་སྒྲུབ་བརྩོན་བསྐྱོད་ཕྱིར་སྤྱན་འདྲེན་གྱིས། །ཚུར་བྱོན་མཆོད་གཏོར་བཞེས་སླད་འདིར་གཤེགས་ཤིག །ཨོཾ་བཛྲ་ཡཀྵི་ཨེ་ཧྱ་ཧི་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལ་ཡེ་སྟྭཾ། བཛྲ་ས་མ་ཡ་སྟྭཾ། ནགས་སྨན་རྒྱལ་མོ་སྨན་བཙུན་ཨུག་ཆོས་རྡོ་རྗེ་གཡར་མོ་བསིལ། སྨན་འཕྲལ་འབུམ་སྡེ་འཁོར་དང་བཅས་པ་རྣམས། མཆོད་སྦྱྀན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། འགལ་རྐྱ྄ེན་བསྲུང་བ་དང༌། མཐུན་རྐྱེན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་གཏོང་གྲོགས་མཛོད་ཅིག །ཨོཾ་བཛྲ་ཡཀྵི་ས་པཱ་རཱི་ཝ་ར་བྷྱཿན་མ་སརྦ་ཏ་ཐ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱེཿསརྦ་ཐ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨེ་མཾ་ག་ག་ན་ཁཾ་གྲྀཧྞ་དམ་བ་ལིང་ཏ་ཡེ་སྭཱཧཱ། ལན་ལྔའི་འབུལ། ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ་བཛྲ་ཡཀྵི་ཨམྲྀ་ཏ་ལ་ཁ་རཾ་ཁ་ཧི། ཞེས་པས་ནང་མཆོད་འབུལ། བྷྱོཿ གང་གི་རྒྱལ་བའི་བསྟན་པ་འབའ་ཞིག་དང༌། །


TNT21_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

དེ་འཛིན་རྣལ་འབྱོར་ཚོགས་རྣམས་སྐྱོངས་མཛད་ཅིང༌། །འགྲོ་བ་ཀུན་ལ་མ་ལྟར་བྱམས་པ་ཡི། །མ་ཅིག་ནགས་སྨན་རྒྱལ་མོར་བསྟོད་པར་བགྱི། །སངས་རྒྱས་བསྟན་པ་དར་བ་དང༌། །སེམས་ཅན་ཀུན་ལ་བདེ་སྐྱིད་མཛོད། ཁྱད་པར་བདག་ཅག་འཁོར་བཅས་ལ། །འགལ་རྐྱེན་བསྲུང་ལ་མཐུན་རྐྱེན་སྒྲུབས། །རང་གི་སྙིང་གའི་འོད་ཀྱིས་ཆེ་བཙན་འཁོར་བཅས་ཨ་ཀརྵ་ཛཿ དེ་བ་ཤུ་ལ་དྲི་ཡང་ཛཿ ས་པ་རི་ཝ་ར་ཨཾ་ཀུ་ཤཱ་ཛཿ བཛྲ་ཨ་རལླི་ཧོ། ས་མ་ཡ་སྟྭཾ། གཏོར་མ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས། དེ་བ་ཤཱུ་ལ་དྲི་ཡཾ་ཛཿ ཨ་ཀཱ་རོ། བཏགས་པ་ལན་གསུམ་གྱིས་འབུལ། སྔོན་ཚེ་པདྨ་འབྱུང་གནས་སྤྱན་སྔ་རུ། །སྲོག་གི་སྙིང་པོ་དམ་ལ་ཕུལ་ནས་ཀྱང༌། །སངས་རྒྱས་བསྟན་པ་བསྲུང་བར་དམ་བཅས་པར། །ལྷ་བཙན་དགྲ་ལྷའི་རྒྱལ་པོ་ཁྱེད་ལ་བསྟོད། །སངས་རྒྱས་བསྟན་པ་དར་བ། །སོགས་གོང་བཞིན། བཛྲ་མུཿ གཏོར་མགྲོན་རྣམས་གཤེགས། གཙྪ་གཙྪ་སྭ་ཐཱ་ནཾ། སྨོན་ལམ་དང་བཀྲ་ཤིས་བྱ། ཞེས་པའང་ཏཱ་ར་ནཱ་ཐས་སྨྲས་པའོ།། །།དགེའོ།།


previousནགས་སྨན་གཏོར་ཆོག་བདུད་རྩི་ཐིག་པ་ཞེས་བྱ་བ་ལྷ་བཙན་གྱི་གཏོར་བསྔོ་དང་བཅས་པ།next