Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མྱུར་མཛད་མགོན་པོ་ཕྱག་དྲུག་པའི་སྒྲུབ་ཐབས་ཚིགས་བཅད་མ།
   
   
   
   
   


 
previousམྱུར་མཛད་མགོན་པོ་ཕྱག་དྲུག་པའི་སྒྲུབ་ཐབས་ཚིགས་བཅད་མ།next

མྱུར་མཛད་མགོན་པོ་ཕྱག་དྲུག་པའི་སྒྲུབ་ཐབས་ཚིགས་བཅད་མ།


TNT21_Page_0947
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་མཛད་མགོན་པོ་ཕྱག་དྲུག་པའི་སྒྲུབ་ཐབས་ཚིགས་བཅད་མ་བཞུགས།


TNT21_Page_0948
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་སྐད་ཅིག་གིས། །པད་ཉི་གཾ་ལས་ཚོགས་བདག་དཀར། །གླང་གདོང་ལ་ཕུག་ནེའུ་ལེ་བསྣམས། ཁ་སྦུབ་དར་དང་ནོར་བུས་བརྒྱན། །དེ་སྟེང་ཧཱུཾ་ལས་གྲི་གུག་ལས། །མྱུར་མཛད་མགོན་པོ་ཕྱག་དྲུག་པ། །ནག་པོ་སྦྱན་གསུམ་མཆེ་བ་གཙིགས། །གྲི་གུག་མགོ་འཕྲེང་ཌ་རུ་གཡས། །ཐོད་ཁྲག་རྩེ་གསུམ་ཞགས་པ་གཡོན། །མགོ་འཕྲེང་སིནྡྷུ་ཐིག་ལེ་དང༌། །སྟག་ལྤགས་རྒྱན་དྲུག་གཡེར་ཁ་སྦྲུལ། །དབུ་སྐྲ་གྱེན་བརྫེས་མི་བསྐྱོད་བརྒྱན། །མཉམ་པའི་སྟབས་ཅན་མེ་དཔུང་ནང༌། །དུར་ཁྲོད་དབུས་ན་ཤིང་དྲུང་བཞུགས། ཁྲག་མཚོ་བྷྱོཿལས་རེ་མ་ཏི། །སྔོ་ནག་རལ་གྲི་ཐོད་ཁྲག་འཛིན། །རབ་ཁྲོས་དྲེའུ་རྟ་རྐང་གསུམ་བཅིབས། །ཀྵཾ་ལས་ཀྵེ་ཊ་པ་ལ་ནག །གྲི་ཐོད་འཛིན་ཅིང་དོམ་ནག་བཞོན། །ཧཱུཾ་ལས་ཛི་ན་མི་ཏྲ་སྨུག །སྲིན་པོ་ཅང་ཏེའུ་ཐོད་ཁྲག་འཛིན། །ཊཾ་ལས་གཤིན་རྗེ་འདོད་རྒྱལ་ནག །ལྕགས་ཀྱུ་


TNT21_Page_0949
[མ་དཔེ་གཟིགས་ན་འདིར་གནོན།]

ཞགས་པ་སྡིགས་མཛུབ་མཛད། །ཧཱུཾ་ལས་ཏྲཀྴད་རྟ་ནག་ཆིབས། །མདུང་དམར་ཐོད་པ་འཇོལ་བེར་ཅན། །སག་ལྷམ་གྱོན་ཞིང་བདུད་དམག་བཅས། །ཕྱོགས་སྐྱོང་ལྷ་ཀླུ་གཟའ་འཇིགས་བྱེད། །རྒྱུ་སྐར་རྒྱལ་ཆེན་དམ་ཅན་བཅས། །རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས། ཤར་ལྷོ་དུར་ཁྲོད་བསིལ་བའི་ཚལ། ཙནྡན་གྱི་ཤིང་རྐང་གཅིག་པའི་དྲུང་ནས། ཡེ་ཤེས་མགོན་པོ་ཕྱག་དྲུག་པ། སྟེང་ན་རྩ་རྒྱུད་བླ་མ་དང༌། གཡས་ན་དཔའ་བོའི་ངར་བཅས་ཤིང༌། གཡོན་ན་དཔའ་མོའི་འཛུམ་དང་བཅས་པ། འཁོར་དམ་ཅན་རྒྱ་མཚོའི་དམག་ཚོགས་དང་བཅས་པ། ཨོཾ་བཛྲ་མཧཱ་ཀཱ་ལ་ས་པ་རི་ཝ་ར་ཀྵིཾ། དད་པ་དང་ནི་སོགས། དམ་ཅན་རྒྱ་མཚོ་གཤེགས་སུ་གསོལ། །བླ་མ་དབང་རྒྱལ་ནོར་བུ་དྲིལ་བུ་བསྣམས། །འོད་ཟེར་སྣོལ་མས་དབྱེར་མེད་བྱིན་གྱིས་བརླབས། །ཆོས་སྐུ་རྡོ་རྗེ་འཆང་ཆེན་པོ་ལ་གསོལ་བ་འདེབས། །མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ༴ རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་ལ༴ དབོན་སྟོན་སྐྱེ་སྒང་པ་ཆེན་


TNT21_Page_0950
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ༴ གཉན་སྟོན་སྦས་པའི་སངས་རྒྱས་ལ༴ འགྲོ་མགོན་སངས་རྒྱས་སྟོན་པ༴ མཁས་གྲུབ་གཙང་མ་ཤིང་སྟོན༴ [སོགས་སྤར་མ་དང་འདྲའོ། །]གྲུབ་ཆེན་ལྷ་དབང་གྲགས་པ་ལ༴ དྲིན་ཅན་རྩ་བའི་བླ་མ་ལ༴ བླ་མ་མགོན་པོ་དབྱེར་མེད་ལ༴ མགོན་པོ་བླ་མ་དབྱེར་མེད་ལ་གསོལ་བ་འདེབས། །བླ་མ་གྲུབ་ཆེན་རྡོ་རྗེ་ཐོད་པ་བསྣམས། །སངས་རྒྱས་སྲས་བཅས་བཀུགས་ཤིང་གནས་གསུམ་གྱིས། །ཡིག་བརྒྱས་ཉམས་སེལ་བདག་ལ་བྱིན་གྱིས་རླབས། །ཡིག་བརྒྱ་བཟླ། ན་མོ་བུངྔྷ་ཡ། སོགས། མི། ཀྱཻ། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་རྩ་བ་དང་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱི་བྱིན་གྱིས་རློབས་ཤིག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི༴ ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས༴ དཔའ་པོ་དང་དཔའ་མོ་རྣལ་འབྱོར་དང་རྣལ་འབྱོར་མ་རྣམས་ཀྱིས༴ དཔལ་ཡེ་ཤེས་ཀྱི་མགོན་པོ༴ སོགས། སྤར་མ་འདྲ། ཁྱེད་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་མི་བཟད་པའི་སྒོ་ནས་བྱིན་གྱིས་རློབས་ཤིག །ད་ལྟ་ཉིད་དུ་མྱུར་བ་ཉིད་འདུག་ས་འདི་ཉིད་དུ་བྱིན་གྱིས་རློབས་ཤིག །རྡོ་རྗེ་འཆང་དང་དཔལ་ལྡན་ཤཱ་བ་རི། །སོགས། རབ་ཏུ་བཤགས་པས་བདེ་ཆེན་ཐོབ་གྱུར་ཅིག །བླ་མ་དབང་སྡུད་ཌཱ་དྲིལ་སིནྡྷུར་བསྐུལ།། ཧྲཱིཿལས་ཡི་གེའི་ལྷ་མོ་བཅུ་གསུམ་བསྐོར། །ཨོཾ་བཛྲ་ནཱ་ར་ཀྲིཾ་ཀྲིཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ལན་བདུན། དེ་ནས་བཟླས་པ་བྱ་སྟེ།


TNT21_Page_0951
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་མཧཱ་ཀཱ་ལ་ཀཱིཾ་ཀྵེ་ཏྲ་བིགྷྣན་བི་ན་ཡ་ཀ་ཧཱུཾ་ཧཱུཾ་ཕཊ་ཕཊཿསྭཱཧཱ། སྙིང་པོ། ཨོཾ་ཤྲཱི་མཧཱ་ཀཱ་ལ་ཤ་ས་ན༴ སོགས་དེ་ན་མི་ཀེ་ན་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། བྷྱོཿམ་མོ་ནག་མོ༴ ཨོཾ་ཀྵེ་ཏྲ་པ་ལ༴ ཨོཾ་ཛི་ན་མི་ཏྲ༴ ཨོཾ་ཊཀྐི་ར་ཛ༴ ཨོཾ་དུ་ཡག་ཛ༴ གཏོར་མ་ལ། ཨ་མྲི་ཏས་བསངས། སྭཱ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་དང༌། རཾ་ལས་མེ། ཨ་ལས་ཀ་པཱ་ལར། ཤ་ལྔ་བདུད་རྩི་ལྔ་ཞུ་བདུད་རྩིར་གྱུར། ཡེ་ཤེས་བདུད་རྩི་བཀུག་བསྟིམ་རྒྱ་མཚོར་གྱུར། དགྲ་བགེགས་བསྒྲལ་བའི་ཤ་ཁྲག་ངོ་བོ་བལྟའོ། །ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲིཿཨོཾ་བཛྲ་མཧཱ་ཀ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣ་ན་བི་ན་ཡ་ཀ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཛྲ་མ་ཧ་ཀ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣ་ན་བི་ན་ཡ་ཀ་དྲ་ཀ་རག་མོ་བ་ལིང་ཏ་མཾ་ས་རཀྟ་རུ་ཏི་ར་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཧཱུཾ་ཕཊ། ལན་བདུན་ནམ་ལྔ། ཨོཾ་ཨཱཿཧཱུཾ། ཧཱུཾ། མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ནས། ཅི་འདོད་དངོས་གྲུབ་མྱུར་དུ་སྩལ་དུ་གསོལ། ༈ གནོད་སྦྱིན་ཆེན་པོ་ལ་གཏོར་བསྔོ་ནི། ཨོཾ་ཨ་མྲྀ་ཏས་བསངས། སྭཱ་བྷ་ཝས་སྦྱངས། སྟོང་པའི་ངང་ལ་ཡཾ་ལས་རླུང༌། རཾ་ལས་མེའི་དཀྱིལ་འཁོར་གྱི་སྟེང་དུ། ཨ་ལས་ཡེ་ཤེས་ཀྱི་ཀཱ་པ་ལ་ཡངས་ཤིང་རྒྱ་ཆེའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ་ཞུ་བ་ལས་བྱུང་བའི་གཏོར་མ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོཿཧྲིཿ ཨོཾ་ཀྵེ་ཏྲ་པ་ལ་བིགྷྣན་ཧཱུཾ་ཕཊ། ཨེ་དམ་བ་ལིཾ་


TNT21_Page_0952
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ཨོཾ་ཨཱཿཧཱུཾ། གནོད་སྦྱིན་ཆེན་པོ་ཀྵེ་ཏྲ་པ་ལ་འཁོར་དང་བཅས་པས། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། དཔལ་ལྡན་བླ་མ་དམ་པ་རྗེ་བཙུན་ཀུན་དགའ་སྙིང་པོའི་བཀའ་བསྒོས་དམ་ལ་བཞག་པ་ལྟར། རྣལ་འབྱོར་པ་བདག་ཅག་འཁོར་བཅས་ཀྱི་འགལ་རྐྱེན་བར་ཆད་ཐམས་ཅད་སྲུངས། མཐུན་རྐྱེན་ཡིད་ལ་བསམ་པའི་དོན་ཐམས་ཅད་སྒྲུབ་པར་མཛད་དུ་གསོལ། ཞེས་འདོད་དོན་གསོལ། ཞེས་པའང་ཏཱ་ར་ན་ཐས་བྲག་སྟོད་རྡོ་རྗེའི་ཕོ་བྲང་དུ་བྲིས་པའོ།། །།སརྦ་མཾ་ག་ལཾ།། བཀྲ་ཤིས།། འདི་བྲིས་དགེ་བས་བླ་མ་མགོན་པོ་དབྱེར་མེད་ཀྱིས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག།


TNT21_Page_0953
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་དྲུག་པའི་བསྟོད་པ་ཡེ་ཤེས་བསྐལ་མ་བཞུགས། ན་མོ་གུ་རུ། ཡེ་ཤེས་བསྐལ་བའི་མེ་ཡི་ཀློད་དཀྱིལ་ནས། །ཐབས་ལ་མཁས་པ་རབ་ཁྲོས་སྐུར་སྟོན་པ། །མི་བསྲུན་བདུད་སྡེ་འཇོམས་པའི་དཔལ་བོ་ཆེ། །མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །རྟག་ཏུ་འགྲོ་ལ་ཁྱབ་པའི་ཐུགས་རྗེས་ཡིས། །རབ་ཏུ་ཞི་ཡང་མཆོག་ཏུ་གཏུམ་པའི་སྐུ། །དུས་མཐའི་སྤྲིན་དང་མིག་སྨན་ལྟར་གནག་པ། །འཇིག་བྱེད་ཁྲག་འཐུང་གཙོ་ལ་ཕྱག་འཚལ་ལོ། །རབ་བཞད་རྡོ་རྗེ་གད་མོ་ཆེན་པོ་ཡིས། །བདུད་དང་གཤིན་རྗེ་སྙིང་འགས་ཀླད་པ་འགེམས། །ལྷ་དང་ལྷ་མིན་མ་རུང་སྡེར་བཅས་སྒྲུང་། །དྲག་ཤུལ་བཟོད་དཀའི་གཙོ་ལ་ཕྱག་འཚལ་ལོ། །ཕྱོགས་བཅུའི་ནམ་མཁས་མཐུས་གཏུག་རྒྱལ་རྣམས་ཀྱིས། །བརྩེ་ཆེན་གཅིག་ཏུ་བསྡུས་པ་སྤྱན་རས་གཟིགས། །དངོས་གྲུབ་ཀུན་རྩོལ་བྱིན་རླབས་མགོན་པོ་མཆོད། །འཕྲིན་ལས་མྱུར་པ་གྲུབ་ཁྱོད་ལ་ཕྱག་འཚལ་ལོ། །ཞལ་གདང་མཆེ་གཙིག་སྤྱན་གསུམ་མེ་ལྟར་འབར། །སྨར་སྨིན་མ་དབུ་སྐྲ་གྱེན་དུ་བརྫེས། །ཀླུ་ཆེན་བརྒྱད་དང་གཡེར་ཁའི་འཕྲེང་བས་བརྒྱན། །ཕྱག་ཏུ་མགོན་པོ་ཁྱེད་ལ་ཕྱག་འཚལ་ལོ། །རིན་ཆེན་ཅོད་པན་ཁྲག་འཛག་མགོ་འཕྲེང་ཅན། །ཕྱག་གཡས་གྲི་གུག་ཐོད་ཕྲེང་ཅིང་ཏེའུ་འཁྲོལ། །ཕྱག་གཡོན་ཐོད་པ་རྩེ་གསུམ་ཞགས་པ་བསྣམས། །སྟག་སྤགས་ན་བཟའི་མཛེས་ལ༴ མཉམ་དང་གཡོན་བརྐྱང་གྱད་གྱི་འདོར་ཐབས་


TNT21_Page_0954
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །སྔ་ཚོགས་གར་གྱི་ལོ་འདྲེན་སྟེང་ན་རོལ། །པད་ཉིའི་གདན་བཞུགས་ཙནྣན་ལྗོང་པའི་དྲུང་། །བརྟེན་མཛད་མ་ཧཱ་ཀ་ལར་ཕྱག་འཚལ་ལོ། །ཞབས་སེན་ཅུང་ཟད་བརྡབ་པའི་ས་བཞི་གཡོས། །ཧཱུཾ་སྒྲའི་རི་བོ་རལ་ཞིང་ཆུ་གཏེར་འཁྲུགས། །སྤྱན་ཙམ་བསྐྱོད་པའི་བར་རྒྱེད་ཐེབས་སེལ། །ཐོགས་མེད་མཐུ་སྟོབས་འདི་ལ༴ སངས་རྒྱས་ཀུན་དངོས་བླ་མ་རིན་པོ་ཆེ། །བར་ཆད་བསྲུང་ཕྱིར་ཆོས་སྐྱོང་བཀའ་སྡོད་སྐུ། །སྒྲུབ་པ་པོ་ལ་བུ་བཞིན་གཟིགས་མཛད་པའི། །བླ་མ་མགོན་པོད་དབྱེར་མེད་ཁྱེད་ཕྱག་འཚལ། །རྡོ་རྗེ་སེམས་དཔའི་ངོ་བོ་སྒྲུབ་ཀུན་སྤྱོད། །ཉིད་ཀྱི་དབྲལ་བར་བརྟེན་པའི་ཆོས་འབྱུང་དབྱིབས། །སིན་དྷུར་ཐིག་ལེ་ཡུམ་མཆོག་རྣལ་འབྱོར་མ། །ཆོས་ཀུན་བསྐྱེད་མཁྱེད་ལ༴ དེ་དབུས་ཧྲཱི༔ཡིག་དཔལ་ལྡན་འཇིག་རྟེན་མགོན། །ཁམས་གསུམ་དབང་ཕྱུག་མཁའ་འགྲོ་མ་རྣམས་སྤྱོད། །འགུགས་བྱེད་བཅུ་གསུམ་ཡིག་འབྲུ་གསང་སྔགས་མཆོག །འཕགས་མ་སྒྲོལ་མ་ཁྱེད་ལ་ཕྱག་འཚལ་ལོ། །མི་བསྐྱོད་དབང་ཕྱུག་རིགས་ཀྱི་བདག་པོར་བཞུགས། །བཅོམ་ལྡན་གཤིན་རྗེ་གཤེད་ཀྱི་མཐུ་སྟོབ་སྦྱིན། །ཁྱེད་ལ་ཕྱག་འཚལ་སྙིང་ནས་སྐྱབས་སུ་མཆི། །རྟག་ཏུ་གསོལ་བ་འདེབས་སོ་བྱིན་གྱི་རློབས། །སྒྲུབ་པ་བར་ཆད་མེད་པར་བྱིན་གྱི་རློབས། །ཆོས་ཀུན་རྒྱུ་མར་རྟོག་པར་བྱིན་རློབས། །རྨི་ལམ་རག་གྲོལླ་འཆ་རབ་ར༴ གཏུམ་མོ་བདེ་ཆེན་འཆར་བར༴


TNT21_Page_0955
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་ཕྱག་ཆེན་རྟོགས་པར༴ ཚེ་འདིར་སངས་རྒྱས་ཐོག་པར༴ བར་དོའི་འཇིག་པ་སེལ་བར༴ བར་དོའི་ལོང་སྐུ་ཐོག་པར༴ འགལ་རྐྱེན་ཐམས་ཅན་ཞི་བར༴ མཐུན་རྐྱེན་ཐམས་ཅད་འགྲུབ་པར༴ ཐུགས་ཡིད་གཉིས་སུ་མེད་པར་བྱིན༴ སངས་རྒྱས་བསྟན་པ་རྒྱས་པར་བྱིན་གྱི་རློབས། ཅེས་བླ་མ་མགོན་པོ་དབྱེར་མེད་ཉིད་ལ་བསྟོད་པ་འདི་ཡང་ཏཱ་ར་ནཱ་ཐས་རང་ལོ་ཉེར་གསུམ་པ་ལའོ། མངྒ་པ་མ། བཀྲ་ཤིས། དེར་བརྟེན་དམ་པའི་མགོན་གྱིས་རྗེས་སུ་བཟུང་། མདོ་སྔགས་མངོན་པར་རྟོགས་པའི་འཕེལ་བརྒྱས། དོན་གཉིས་དཔལ་ཡོན་ཀུན་ནས་ཡོངས་རྫོགས་ཤིང་། ལྷུན་གྲུབ་མཛད་པའི་འཕྲིན་ལས་སྐྱོང་བར་ཤོག །


previousམྱུར་མཛད་མགོན་པོ་ཕྱག་དྲུག་པའི་སྒྲུབ་ཐབས་ཚིགས་བཅད་མ།next