Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་མཁས་པའི་འཇུག་ངོགས།


 
no previousམྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་མཁས་པའི་འཇུག་ངོགས།no next

མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་མཁས་པའི་འཇུག་ངོགས།


TNT23_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་མཁས་པའི་འཇུག་ངོགས་ཞེས་བྱ་བ་བཞུགས། །


TNT23_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་ཡ་སི་སྟུ། ཚོགས་གཉིས་ཆུ་འཛིན་སྟུག་པོའི་འཛུམ་ཞལ་ལས། །ལེགས་འཁྲུངས་འཆི་བ་མེད་པའི་བདུད་རྩིའི་ཆར། །འགྲོ་ཚོགས་སྲིད་འཁྱམས་གདུང་བས་ཆེར་དུབ་རྣམས། །སེལ་བྱེད་དམ་པའི་སྨན་ཆབ་ཐུབ་དབང་རྒྱལ། །དེ་ཡི་བརྩེ་ལྡན་ཟླ་བའི་འོད་དཔལ་གྱིས། །ས་གསུམ་ཤུགས་ལས་སྲིད་སྒྲོལ་གཟུགས་ཤར་བ། །འཕགས་པའི་ཞིང་མཆོག་ངོ་མཚར་གངས་རིའི་ལྗོངས། །སའི་ཐིག་མྱང་ཡུལ་ལྷ་གནས་འདྲ་བའི་གཏམ། །ཤེས་བྱའི་རང་བཞིན་མ་ལུས་ཆོས་ཡངས་པར། ༡ (།གཞི་གཅིག་པའི་བསྡུས་བརྗོད་ཀྱི་རྒྱན་མཚར་དུ་དངར་བ།) །མཐའ་ཡས་འབྱོར་པའི་ལང་ཚོ་རྒྱས་པ་མོའི། །ཡིད་འོང་སྙིང་ཁར་རེག་པའི་དོ་ཤལ་འདི། །དཔྱོད་ལྡན་མཁས་པ་ལས་གཞན་སུ་ཞིག་བསྟེན། །སྐར་ཚོགས་ཕྲ་མོའང་ཀུན་གསལ་


TNT23_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཡངས་པའི་ངོས། །ཉི་ཟླའི་གཟི་བརྗིད་བསྙེམས་ནས་ཟོལ་གྱི་རྒྱུ། །རྣམ་དཔྱོད་རང་འོས་དཔལ་གྱི་མདངས་བྲལ་ཡང༌། །ཤར་ཕྱོགས་རི་བོའི་ཕྲག་པར་ངོམས་ཤིང་འཆར། །སྔོན་བྱོན་བློ་གྲོས་སྤྱན་ཉིད་ཨུཏྤལ་དུ། ༢ (།གཟུགས་ཅན་འཕར་མའི་དཀྱུས་དཔེ་རྒྱན་མཚར་དུ་དངར་བ། ) །ཡངས་པའི་ལེགས་བཤད་འདབ་བརྒྱ་ལྷའི་རྔ་ཡབ། །འཛུམ་པར་མཚུངས་ཙམ་མ་ཡིན་མཁས་རྣམས་ཀྱི། །སྙིང་ཁ་བདུད་རྩིའི་རྒྱ་མཚོ་རྒྱས་ལ་འགྲན། །མང་ཐོས་རིག་པའི་གནས་ཀྱི་ཕ་མཐའ་རུ། །སོན་ཞེས་མིང་ཙམ་མ་ཡིན་དཔྱད་གསུམ་གྱི། །རྣམ་དག་བློ་གྲོས་ནོར་གྱིས་ཆེས་ཕྱུག་ཀྱང༌། །སྙིགས་དུས་སྐྱེ་བོས་མི་ཤེས་བླུན་ཁྲོད་རྒྱུ། །དེ་ཕྱིར་དམ་པའི་རིང་ལུགས་མྱང་ཡུལ་གྱི། །སྔར་བྱུང་བསྟན་གཞི་དེ་འཛིན་སྐྱེས་བུ་དང༌། །སྐུ་གསུང་ཐུགས་རྟེན་ངོ་མཚར་གྱིས་བསྐྲུན་རྣམས། །རྟོག་བཟོ་སྤངས་ཏེ་བློ་ཡི་ཆུ་གཏེར་ལས། །ལེགས་བཤད་ནོར་བུ་ཡིད་ཀྱི་རེ་སྐོང་དུ། །འབྱུང་ཡང་འཁྱོག་པོའི་བློ་ཅན་རྣམས་ལ་ཅི། །དྲི་མེད་


TNT23_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་སྤངས་པ་བློ་ཡི་ཡུལ། །འགལ་འཁྲུལ་ཆད་ལྷག་ནོངས་པའི་ཚོགས་མཆིས་ན། །འཕགས་དང་མཁས་རྣམས་བཟོད་གསོལ་ལྷག་བསམ་གྱི། །གྱོན་གོས་ལེགས་ཉེས་དཔྱད་ནས་འདིར་འགོད་པ། །དམ་པའི་མཛད་མཆོག་ཅོད་པན་མཛེས་པར་བཅིངས། །བོད་ཡུལ་དབུས་ཀྱི་ལྟེ་བ་འདོད་རྒུ་འབྱིན་པའི་དཔག་བསམ་གྱི་རྐང་འཐུང་ལ་གཞན་དྲིང་མི་འཇོག་པ། ནོར་འཛིན་གྱི་དཀྱིལ་འཁོར་ཡངས་པའི་སྙིང་པོ་ཕྱུངས་པ་འདྲ་བའི་བདུད་རྩི་སའི་ཞག་ཏུ་ཆགས་པ། མྱང་སྟོད་རིག་པའི་འབྱུང་གནས་ལྷ་ཆོས་དང་མི་ཆོས་ཀྱི་དཔལ་དང་ལྡན་པའི་ཡུལ། ཡ་རབས་སྐྱེ་བོ་བཟང་པོའི་བློ་ཅན་འབའ་ཞིག་དགེ་བའི་ལས་ལམ་བཅུ་ལ་མངོན་དུ་ཕྱོགས་པས་འཆི་བ་མེད་པའི་གྲོང་ཁྱེར་དུ། རབ་དཀར་ཤེལ་གྱི་ཐེམ་སྐས་བཙུགས་པར་ལེགས་པར་འཛེགས་པའི་ཤེས་པ་ཅན་གྱི་སྐྱེ་འགྲོ་ཤ་སྟག་ཡོད་པའི་ས་ཡུལ། ཕུ་ཧ་བཽ་གང་བཟང་ཞེས་པ། ཡབ་གནོད་སྦྱིན་གྱི་རྒྱལ་པོ་གང་བ་བཟང་པོ། སྲས་ནོར་བུ་བཟང་པོ་གནས་པ་ན། མདའ་བཅུག་དཔེ་ཡུ་བ་གདོང་ཡན་གྱི་ས་དཔྱད་བཟང་ངན་ཇི་ལྟར་ལྡན་ཚུལ། སྔོན་དུས་གཙུག་ལག་ཁང་དང་དགེ་འདུན་གྱི་སྡེ་བཙུགས་ནས། ཕན་བདེའི་རྩ་ལག་བསྟན་པ་ཆེས་ཆེར་འཕེལ་ཚུལ་དང༌། མཁས་པ་ལ་གྲུབ་པའི་དངོས་གྲུབ་མཆོག་བརྙེས་པ་རྣམས་འཁྲུངས་པ་དང༌། ཞབས་ཀྱིས་བཅགས་ནས་ས་གཞི་བྱིན་གྱིས་བརླབས་པ་དང༌། རྟེན་དང་གསུང་རབ་མང་པོ་བཞེངས་ནས་མངོན་མཐོ་ངེས་ལེགས་ཀྱི་གཞི་མ་བཏང་ཚུལ་སོགས་ཀྱི་ལོ་རྒྱུས་རང་བློར་གསལ་བ་རྣམས་བཀོད་པ་དེ་ལ་ཡང་ཐོག་མར་ས་གཞི་བྱིན་གྱིས་བརླབས་པའི་སྐྱེས་བུ་དམ་པས་རྒྱ་སྐད་རྭ་རྒྱ་ཞེས་པ་རོ་མྱངས་པའི་སྒྲ་དོན་གྱི་ངེས་


TNT23_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་བཤད་པ། ཡུལ་གྱི་ཆེ་བ་དང་འདོད་ཡོན་བཤད་པ། ཡུལ་འཛིན་པའི་གང་ཟག་གི་སྐྱེས་བུ་ཁྱད་པར་བ་རིམ་པར་བྱུང་ཚུལ་དང་གསུམ་མོ། །དང་པོ་ནི། བྱ་རྒོད་སྤུངས་པའི་རི་བོ་ཆེ། བོད་དུ་འདོད་ཡོན་སྤུངས་པའི་རི་བོ་ཆེ་ཞེས་བཤད་པ་ལས། རི་བོ་ཆེ་འདི་ཉིད་ཀྱི་རྩེར་སློབ་དཔོན་པདྨ་འབྱུང་གནས་རྗེ་འབངས་ཉི་ཤུ་རྩ་ལྔ་དང་བཅས་པ་ཕེབས་ཏེ་ས་གཞི་རྣམས་བྱིན་གྱིས་བརླབས། དེའི་དུས་སུ་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཤེལ་གྱི་བུམ་པ་བདུད་རྩིས་གང་བ་ཞིག་བསྣམས་ནས་བྱོན་ཏེ་བདུད་རྩིའི་བུམ་པ་སློབ་དཔོན་གྱི་ཕྱག་ཏུ་ཕུལ་ནས་ལྷའི་བདུད་རྩིའི་རོ་མྱང་དུ་གསོལ་ཞུས་པ་དང༌། སློབ་དཔོན་གྱིས་བདུད་རྩིའི་བུམ་པ་ཟད་མི་ཤེས་པར་བྱིན་གྱིས་བརླབས། རྗེ་འབངས་ཉི་ཤུ་རྩ་ལྔ་ལ་བུམ་པའི་བདུད་རྩི་སྐྱེས་ཏེ། རིགས་ཀྱི་བུ་ལྷའི་བདུད་རྩིའི་རོ་མྱང་བར་བྱའོ་ཞེས་གསུངས་པས། ཡུལ་གྱི་མིང་ལ་ལྷའི་བདུད་རྩི་མྱང་བས་མྱང་ཞེས་བྱའོ། །དེ་ནས་ལྷའི་བདུད་རྩི་མང་པོ་སྤེལ་ནས་སློབ་དཔོན་རྗེ་འབངས་བཅས་པས་བདུད་རྩིའི་བུམ་པ་ཐོགས་ཏེ་གནོད་སྦྱིན་གང་བཟང་གི་རྩེར་བདུད་རྩི་ནས་བླུགས་ཏེ་གངས་རི་འདི་ཡང་ལྷའི་བདུད་རྩིས་བྱིན་གྱིས་བརླབས་པས། དེ་དག་ཆུ་བོ་ཆེན་པོ་འདི་ལ་མྱང་གི་ཆུ་ཞེས་དང༌། ལྷའི་བདུད་རྩིའི་རོ་མྱང་བཞིན་པ་མྱང་གསེར་གཞུང་རིང་མོ་ཞེས་བྱ། སྒོས་ཡུལ་གྱི་གངས་རི་རྣམས་ལ་ཡང་ལྷའི་བདུད་རྩི་ནས་བླུགས་པ་མཛད་ཟེར་བ་ཡང་གྲགས་ལ། སློབ་དཔོན་པདྨའི་དངོས་སློབ་ཕལ་ཆེར་ལ་བདུད་རྩི་དེ་ནས་ཕྱག་ཏུ་མ་བྱུང་བ་མེད་ཅིང༌། བདུད་རྩི་དེ་ལ་སྔགས་པ་ཆེ་ཞིང་མཐོང་ཆེ་བས་ན་བདུད་རྩི་གཉེར་བཅག་མཛད་ཅིང༌། དེའི་ཡང་སློབ་མ་རྣམས་ལ་བདུད་རྩི་དེའི་ཆུ་རྒྱུན་


TNT23_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རོ་མྱང་རྒྱུ་བྱུང་བ་རྣམས་ལ་མྱང་མྱང་ཞེས་གདུང་རུས་ལ་ཡང་མཚན་གསོལ་བར་འདོད་ཅིང༌། དེ་ལྟར་འཐད་པར་གོ །མྱང་པོ་ནས་ཕེབས་པའི་རྣལ་འབྱོར་པ་གཅིག་གིས་བྱིན་གྱིས་བརླབས་པས་མྱང་ཞེས་ཟེར་བ་ནི་བླུན་ཚིག་ཁོ་ན་ཡིན་ཅིང་མི་འཐད་ལ་ཁུངས་གང་ཡང་མེད་དོ། །བདུད་རྩི་མྱང་པས་མྱང་ཞེས་པ་ཡིད་ཆེས་ཤིང་ཁུངས་བཙུན་པའི་གནས་སུ་གྱུར་པ་ཡིན་ལགས། དེའི་ཚེ་ལུང་དམར་ཡར་སྟབས་གངས་ཀྱིས་ཆོད་པ་དང༌། གཞན་ལུང་པ་ཐམས་ཅད་ནགས་ཀྱིས་ཆོད་པ་ཡོད་པ་ལ་སློབ་དཔོན་གྱི་རྫུ་འཕྲུལ་གྱིས་ནགས་ཐམས་ཅད་ཡེ་ཤེས་ཀྱི་མེས་བསྲེགས། གནོད་སྦྱིན་གང་བཟང་གི་བདུད་རྩིའི་ཆུ་རྒྱུན་མྱང་ཆུ་འདི་ཡང་སྒང་ལ་གཏོང་བ་མཛད་ནས། ཆུ་བོ་འདིས་བསྟན་པ་དང་སེམས་ཅན་ལ་ཕན་པ་ཁོ་ནའི་རྒྱུར་གྱུར་ནས་ཡུལ་འདིར་ལོངས་སྤྱོད་དང་འབྲུ་སྣ་དང་ཤིང་སྣ་ལ་སོགས་པ་སྨིན་ཅིང་རྒྱས་པའི་སྨོན་ལམ་བདེན་སྟོབས་ཡང་དག་པ་གསུངས་པའི་མཐུ་ཡིན་ལགས།གཉིས་པ། ཡུལ་གྱི་ཆེ་བ་དང་འདོད་ཡོན་བཤད་པ་ནི། དེ་ལྟར་སྐྱེས་བུ་དམ་པ་རྣམས་ཀྱི་བྱིན་གྱིས་བརླབས་པའི་གནས་འབྲུ་སྣ་ལྔ་སྨིན་ཞིང༌། ལྗོན་ཤིང་གི་རིགས་དང༌། རྩི་ཐོག་ཕུན་སུམ་ཚོགས་པ་སྐྱེ་བས་འདོད་དགུའི་དཔལ་ཡོན་ཕུན་སུམ་ཚོགས་པ། སངས་རྒྱས་ཀྱི་བསྟན་པ་འཕེལ་བས་ན་ཆོས་ཚིགས་ཀྱི་ཡུལ་དབུས་ཡིན་ནོ། །མྱང་སྟོད་གཞུང་ན་བསྟན་པ་སྔ་དར་གྱི་དགོན་པ་བདུན་ཡོད། རྩིས་ཀྱི་རྒྱལ་པོའི་ལྷ་ཁང་ཡོད། རྒྱ་ཕིབས་གསུམ་ཡོད། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཡན་(སྤྱི་ཡི་ལུགས་ལ་མངའ་བདག་ཁྲི་རལ་ཡན་སྔ་དར་དུ་བཞེད་)ལ་སྔ་དར་འཆའ། རྒྱ་ཕིབས་ཤར་མ་འདི་རྒྱལ་པོ་སྲོང་བཙན་སྒམ་པོ་ཡིན། དེའི་འོག་གྱི་རྒྱ་ཕིབས་འདི་མངའ་བདག་ཁྲི་སྲོང་ལྡེའུ་


TNT23_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

བཙན་ཡིན། དེའི་འོག་གྱི་རྒྱ་ཕིབས་འདི་རྒྱལ་པོ་རལ་པ་ཅན་གྱི་ཡིན། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་ཡོན་ལྗོངས་ལྷག་མ་ལ། རྟག་རྩེ་ན་རྟེ་ར་དགོན་པ་ལྔ། བཙས་ཕུ་ན་བདེ་ཕུ་དགོན་པ་ལྔ། བྱེ་མའི་མདའ་ན་བྱེ་མདའ་རྒྱ་ཕིབས་ལྔ། རྒྱང་རོ་ན་རྐྱང་བུའི་ལྷ་ཁང་ལྔ། རྒྱང་མཁར་ན་བ་འུག་ལྷ་ཁང་ལྔ། རྒྱལ་པོ་ཁྲི་རལ་གྱི་སྐབས་ཡོན་ལྗོངས་ལྷག་མ་ལ། སྤོས་ཁང་གི་མདའ་ན་ལྷ་ཆུང་དགོན་པ་ཡོད། ཁྲི་རལ་གྱི་སྐབས་སྤས་ལུང་དགོན་པ་ལ་ལྷ་དོ་ལྔ། ཉི་མའི་ནུབ་ཕྱོགས་ན་རྡོ་རྗེ་གདན་ལྔ། སྤོས་ཁང་ན་འཇའ་ལུང་ལྔ། ནོར་བུ་ཁྱུང་རྩེའི་ལྟག་ན་ག་ཕུ་དགོན་པ་ལྔ། བསྟན་པ་ཕྱི་དར་གྱི་སྐབས་སུ་རྒྱལ་པོའི་མཁར་ལ་སྔ་བ་བོད་ཆོས་རྒྱལ་གདུང་རྒྱུད་རྗེ་གྲི་གུམ་བཙན་པོས་གནང་བའི་ཕོ་བྲང་རྩེ་ཆེན་ལྔ། དེ་རྗེས་ཆོས་རྒྱལ་གདུང་རྒྱུད་རྗེ་དཔལ་མགོན་བཙན་གྱི་མཁར་ལ་ཤེལ་དཀར་རྒྱལ་རྩེ་ལྔ། ཆོས་རྒྱལ་གདུང་རྒྱུད་ཀྱི་ཐོག་མ་དབྲ་རྒོད་གདོང་བཙན་གྱི་ལུང་རྒྱུགས་པ། དེ་རྗེས་དཔོན་ཡིག་འཕགས་པ་དཔལ་ལ་རྒྱ་རྒྱལ་པོས་གནང་བའི་ལྕང་ར་ལྔ། བྱང་རི་སེ་བྲག་པདྨ་འདབ་བརྒྱད་ཁ་ཕྱེ་བ་འདྲ། དེ་ན་བླ་མ་སྙུག་སྟོན་གྱིས་བསྲེ་བྲག་གཡའ་ལུང་གི་དགོན་པ་བཏབ་ཅིང༌། བྱ་གནམ་ལ་འཕུར་བ་ལ་སྒོམ་ཐེབས། ནམ་ཕྱེད་ཆུ་གཉིད་དུ་འགྲོ་བ་ལ་འབྱུང་བའི་རླུང་འོག་ཏུ་ནོན། རླུང་སེམས་ལ་རང་དབང་ཐོབ་པའི་བླ་མ་ཡིན། བསེ་བྲག་གཡའ་ལུང་འདི་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་ངན་དགུ་བཟློག་ནུས་པའི་གཏོར་མ་འདྲ་སྟེ་ས་བཀྲ་ངན་པ་བཟློག་ནས་བཟང་པོར་འགྱུར་རོ་ཞེས་གསུངས་སོ། །མྱང་སྟོད་ལ་ལྟས་ངན་གྱི་རི་བཅུ་གསུམ་ཡོད། འབྲོང་


TNT23_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

རྩེའི་རི་འདི་འབྲོང་པོ་ར་བརྡར་བ་འདྲ། དྲན་མའི་རི་འདི་གཅེས་ཕྲུག་ཐང་ལ་བསྐྱུར་བ་འདྲ། སྦལ་གདོང་གི་རི་འདི་རྔ་མོང་གྭ་པ་ཆུ་འཐུང་བ་འདྲ། ཤམ་བུ་རྩེ་དགུའི་རི་འདི་གློ་བ་ཆུས་བཤལ་བ་འདྲ། རྗེ་གྲི་གུམ་བཙན་པོའི་རི་འདི་རྟ་སྒ་སྐེད་ཉག་འདམ་ལ་བཞག་པ་འདྲ། སྤ་ལུང་གི་རི་འདི་བལ་མོ་ཕྱག་འཚལ་བ་འདྲ། རྩ་འཁོར་གྱི་རི་འདི་མཛེ་ཕོ་སྦྲ་ཕུབ་པ་འདྲ། རྒྱལ་མཁར་རྩེའི་རི་འདི་སྤྲེའུ་རྒྱབ་ལག་ཏུ་བསྐྱིགས་པ་འདྲ། བཙས་ནང་གྱི་རི་ཆུང་གསུམ་པོ་འདི་འགོང་པོ་བལ་འདབ་རྒྱག་པ་འདྲ། བཙས་ནང་གི་རི་བོ་ཆེ་འདི་ཟངས་མོ་ཆེ་ཁ་སྦུབས་པ་འདྲ། ཆུ་རག་གཙོག་པོའི་རི་འདི་ཨ་དཀར་པོ་མགོ་གཞུག་སློགས་པ་འདྲ། ས་བཀྲ་དང་རི་བཀྲ་ངན་པ་ཐམས་ཅད་བྱང་རི་པདྨ་འདབ་བརྒྱད་ཁ་ཕྱེ་བ་འདྲ་ལ། བཀྲ་ཤིས་རྟགས་བརྒྱད་ཀྱི་རྟགས་མཚན་བཟང་པོ་ཚང་བ་འདིས་ངན་པ་ཐམས་ཅད་ནོན་པས་མི་རྣམས་ཚེ་རིང་ཞིང༌། མི་ནོར་དར་རྒྱས་ཆེ་བ། ཕྱོགས་བཞི་མཚམས་བརྒྱད་ཀྱི་ནོར་རྣམས་འདིར་འདུས། བླ་མ་སོ་སོ་སྐུ་ཚེ་རིང་ཞིང་ཆོས་འཕེལ་བ། བར་ཆད་མི་ལྡང་བ་སོགས་བཀྲ་ཤིས་གྲངས་ཀྱིས་བརྒྱན་པས་ཕུན་སུམ་ཚོགས་ཚུལ་ཆེས་མང་ངོ༌། །བྱམས་པའི་རྣམ་འཕྲུལ་ཆོས་ཀྱི་རྒྱལ་པོ་ཆེན་པོ་རབ་བརྟན་ཀུན་བཟང་འཕགས་ཀྱིས་བཏབ་ཅིང༌། དེ་དག་གི་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་བཤད་སྒྲུབ་ཀྱི་དགོན་པ་ཁྱད་པར་ཅན་ཆོས་གྲྭ་ཆེན་པོ་དཔལ་འཁོར་བདེ་ཆེན་དང༌། དུས་ཀྱི་འཁོར་ལོའི་སྙན་


TNT23_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་ཟབ་མོ་སྦྱོར་བ་ལ་ཉིང་ལག་དྲུག །ཉེ་བརྒྱུད་རིང་བརྒྱུད་ཀྱི་ཉམས་ལེན་ལ་རྟག་ཏུ་གཞོལ་བ་སྒྲུབ་སྡེ་རི་ཁྲོད་དགའ་ལྡན་དང་རྒྱུད་བརྟག་གཉིས་ལས། །ཆུ་བོའི་རྒྱུན་ནི་རབ་འབབ་དང༌། །མར་མེའི་རྩེ་མོ་རབ་བཅིངས་ལྟར། །རྟག་ཏུ་དེ་ཉིད་རྣལ་འབྱོར་པས། །ཉིན་དང་མཚན་དུ་མཉམ་པར་བཞག །ཅེས་པའི་དོན་ལྟར་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་གནས། སྐྱེས་བུ་མཆོག་སྟེ་བཅོས་མའི་འཆིང་བ་ཐམས་ཅད་རྡོག་བརྫིས་སུ་མཛད། དེ་སངས་རྒྱས་ཐམས་ཅད་མངོན་པར་ཚངས་རྒྱ་བའི་ཆོས་ཟབ་མཛུབ་བཙུགས་སུ་བསྟན་པས། རྡོ་རྗེ་སློབ་མ་ཐམས་ཅད་འཇིག་རྟེན་ཆོས་བརྒྱད་ཀྱི་བསྡུ་ཚོམ་ཞིག །རིའི་བུ་བྱས། ན་བུན་གྱི་གོས་གྱོན། ལྟོ་གོས་ལ་གྱོང་སྐུར། གཏམ་ལ་གཙིགས་སུ་མི་བྱེད་པ། ཕྱི་དབེན་པ། ནང་མལ་སྟན། གསང་བ་ལུས་གནད། དེ་ཁོ་ན་ཉིད་ལ་དམིགས་པ་གར་གཏད་ཀྱི་སྟེང་དུ་སྤང་ལ་བེ་ཕུར་བཏབ་པ་བཞིན་སྡོད་ཚུགས་པ་དེ་བླ་མའི་བྱིན་རླབས་སྙིང་ལ་ཞུགས་ནས། སྲིད་པའི་རྭ་བ་དུམ་བུར་གཏུབ་པ་ལ་མངོན་པར་ཕྱོགས་པའི་དབེན་གནས་རིན་ཆེན་སྒང༌། གདན་ས་ཆེན་པོ་གནས་རྙྀང་དང༌། གདན་ས་ཆེན་པོ་རྭ་ལུང་དང༌། རྩེ་ཆེན་ཆོས་སྡེ་དང༌། ལྕང་ར་ལྷ་ཁང་དང༌། འཁྲུངས་ཡུལ་དཔལ་ཆེན་དང༌། བྱེ་མདའ་ལྷ་ཁང་དང༌། གནས་གསར་ལྷ་ཁང་དང༌། འབྲོང་རྩེ་ཆོས་སྡེ་དང༌། རྒྱལ་གནས་ལྷ་ཁང་ལ་སོགས་ཏེ་ཆོས་སྡེ་དང་ལྷ་ཁང་ཡང་བསམ་གྱིས་མི་ཁྱབ་པ་གནས་ཤིང༌། དེ་དག་གི་བྱིན་རླབས་ཀྱིས་ཚོང་འདུས་ཀྱི་འདོད་ཡོན་ཆེ་བས་ཡོ་བྱད་མ་ཚང་བ་མེད་


TNT23_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཡུལ་གྱི་ཆེ་བའོ། །གསུམ་པ། ཡུལ་འཛིན་པའི་གང་ཟག་གི་སྐྱེས་བུ་མི་རབས་རིམ་པར་བྱུང་བ་བཤད་པ་ནི། མྱང་སྟོད་འདྲེ་དང་ཁྱུང་གིས་འཛིན། མྱང་བར་བཙད་པོ་འ་ཞྭས་འཛིན། མྱང་སྨད་ལྕེ་དང་དཔྱལ་གྱིས་འཛིན། ཟེར་བའི་འཛིན་ཚུལ་དང༌། དེ་ནས་ཧོར་གྱི་ཁྲིམས་བྱུང་ཚུལ་དང༌། དེ་ནས་དཔལ་ལྡན་ས་སྐྱ་བའི་ལུང་རྒྱུགས་ཚུལ་དང༌། དེ་ནས་ཆོས་རྒྱལ་ཆེན་པོའི་གདུང་རབས་ཀྱི་ཡིག་ཆ་ལས་གསལ་བ་འདིར་མ་བྲིས། དེ་ཡང་ཕུ་གནོད་སྦྱིན་གང་བཟང་དང༌། མདའ་བཅུག་ས་ཡུ་བ་གདོང་ཡན་མྱང་གསེར་གཞུང་རིང་མོ་དངོས་བཤད་པ་ལ། མཐའ་ཡས་བསྐལ་པར་རྒྱལ་བའི་བསྟན་པ་ལ། །རྒྱལ་དང་གསང་བདག་རྣམ་མང་ཐོས་སྲས་ཀྱིས། །བཀའ་ལས་མི་འདའ་ནོར་སྦྱིན་བསྟན་པ་སྐྱོངས། །གནོད་སྦྱིན་དབང་པོ་གང་བ་བཟང་པོའི་གནས། ཞེས་པའི་གང་བ་བཟང་པོའི་བཞུགས་གནས་གངས་རི་དཀར་པོ་གུར་ཕུབ་ལ་ཏོག་ཤེལ་དཀར་གྱི་མཆོད་རྟེན་རྩེ་ལྔ་བཞག་པ་འདྲ་བ་ལ་མྱང་ཡུལ་རྒྱ་གར་གཉིས་པ་འདི་ལ་ཕུ་གཏད། མདའ་བཅུག་ས་ཡུ་བ་གདོང་ཉ་མོ་ཆབ་ལ་འཛུལ་བ་འདྲ་བ་ལ་གཞུག་གཏད་པའི་ཡུལ་འདི་ལ་མྱང་སྟོད་སྨད་བར་གསུམ་དུ་བཤད་པའི་སྟོད་ཀྱི་ཡུལ་ནི་ཕུ་རི་ནང་སྤང་ཁར་ལ་གཏད། མདའ་གཤམ་ཕུ་རྩེ་དགུ་ལ་གཏད་པ་འདི་ལ་ཚོང་འདུས་ཆེན་པོ་གཅིག །མི་རིགས་མྀ་གཅིག་པ་གཉིས། འབྲོག་སྡེ་ཆེན་པོ་གསུམ། ཟོང་སྣ་མི་གཅིག་པ་གསུམ་ཡོད་ལགས། །ཚོང་འདུས་ཆེན་པོ་ནི་སྔར་རྒྱང་རོ་ས་མ་ན་ཡོད། དེ་


TNT23_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་གནས་རྙྀང་དུ་འདུས་པ་ཡིན། ད་ལྟ་ནི་མྱང་སྟོད་དང་བར་གཉིས་ཀྱི་ཚོང་འདུས་དཔལ་འཁོར་ཆོས་སྡེར་འདུས་པ་སྣང༌། མི་རིགས་གཉིས་ནི་དྲག་པ་རྣམས་དགེ་བ་དཀར། སངས་རྒྱས་ལ་དད་པའི་ཤས་ཆེ། ཞན་པ་རྣམས་དམྱལ་བར་ལྷུང་ངེས་པའི་སྡིག་ཤས་ཆེ། འབྲོག་སྡེ་གསུམ་ནི་རྒྱང་རོ། ཉིང་རོ། གང་རོ་གསུམ། ཟོང་སྣ་གསུམ་ནི་ཞྭ་མོ། རྔ་མ། སྣམ་བུ་གསུམ་གཙང་ཁད་བྲག་གདོང་ཡན་གྱི་ཞིང་པས་ཕུའི་འབྲོག་པ་མ་ཐེག་སྟེ། ཚག་པོ་ཁོག་ཚོང་དུ་བྱེད་པ་དེ་ན་ཡོད། བར་གྱི་ཡུལ་ནི་ཕུ་ས་མ་ས་ཕུ་ལ་གཏད། མདའ་གབ་ཕྱ་དཀར་ལ་གཏད་པ་འདི་ལ་ཚོང་འདུས་ཆེན་པོ་གཅིག་ཡོད་པ་སྔར་ཐུ་གུ་ན་ཡོད། ཕྱིས་འདུས་བྱུང་དུ་འདུས། མི་རིགས་གཉིས་ནི་དྲག་པ་བླུན་ལ་རང་འདོད་ཆེ་བ་ཁོ་ན་འཛིན་པ་ཕྱུག་ཤས་ཆེ། ཞན་པ་སྤྱང་ལ་སྨྲ་ཆུ་རྒོད་པ་དབུལ་ཤས་ཆེ། འབྲོག་སྡེ་གསུམ་ནི་རྒྱང༌། དཀྱིལ། མང་གསུམ། ཟོང་སྣ་གསུམ་ནི་སླེའུ་དང༌། གྲུམ་ཟེ། འཕྱིང་པ་གསུམ། སྐུ་རི་ཡན་གྱི་བོད་འབྲོག་འཚོགས་པས་ཤས་ཕྱེད་ཚོང་དུ་བྱེད་པ་དེ་ན་ཡོད། མྱང་སྨད་ཀྱི་ཡུལ་གྱི་ཕུ་འཁོར་སྟོད་ལ་ཁ་ལ་གཏད། མདའ་ཆུ་སྒོའི་གཞུང་ལ་གཏད་པ་འདི་ལ་ཚོང་འདུས་ཆེན་པོ་གཅིག་ཡོད་པ། སྔར་ཚོང་འདུས་མགུར་མོ་ན་ཡོད། ཕྱིས་ཞྭ་ལུ་རུ་འདུས། ད་ལྟ་བསམ་རྩེར་ཚོང་འདུས་པ་འདི་ག་ཡིན། མི་རིགས་གཉིས་ནི་དྲག་པ་མཛངས་ཤིང་སྙིང་རྗེ་ཆེ་བ་སོགས་ཤེས་རབ་ཀྱི་ནོར་བདུན་ཚང་བ་ཤས་ཆེ། ཁྲེལ་ཞན་པ་ངོ་ཚ་གཞུང་དང་ཕྱི་ཐག་མེད་པ་ཁྲམ་ཤས་ཆེ་བ། འབྲོག་སྡེ་གསུམ་ནི་སྒྲོ་ལུང་པ་དང༌། ལྕགས་པ། ར་དང་གསུམ། ཟོང་སྣ་གསུམ་ནི་སྐེད་རག་


TNT23_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཐེར་མ། ལྷམ་ཟོན་གསུམ། བཅུག་ས་ཡུ་བ་གདོང་ཡར་སྟབས་ཀྱི་འབྲོག་པས་མདའི་ཞིང་པའི་གྱ་མ་ཐེག་སྟེ་ཤ་གཟུག་ཚོང་དུ་བྱེད་པ་དེ་ན་ཡོད། དེ་ལྟར་ཡུལ་ལྗོངས་གསུམ་གྱི་ཕུ་ཤར་ལ་གཏད། མདའ་ལྷོ་ནུབ་ལ་གཏད་ཡོད་ལགས། དེ་ཡང་ཕུ་ནས་བལྟས་ན། མདའ་མཐོང༌། མདའ་ནས་བལྟས་ན་ཕུ་མཐོང་བའི་གསེར་ལུང་རིག་པའི་འབྱུང་གནས་འདི་ལ་གྲོང་བརྡལ་དང༌། གྲོང་ཁྱེར་བསམ་གྱིས་མི་ཁྱབ་པ་ཡོད་པའི་ཡུལ་ལྗོངས་ཁྱད་པར་དུ་འཕགས་པ་ཡིན་ལགས། འདི་ཡན་གྱི་ལུང་བཤད་བདག་ཆེན་རབ་འབྱོར་བཟང་པོས་མཛད་པ་ཡིན་ལགས། ཕུ་ཧ་བོ་གང་བཟང་ཞེས་གནོད་སྦྱིན་མཆེད་གསུམ་ནི། གང་བ་བཟང་པོ། ཆོ་བོ་བཟང་པོ། ནོར་བུ་བཟང་པོ་དང་གསུམ་མོ། །སྲས་མཁའ་རོའི་སྟག་བཙན་ལྔ་བརྒྱ་དང་བཅས་གནོད་སྦྱིན་ཆེན་པོ་བཞུགས་པའི་བསྟི་གནས་གངས་རི་དཔལ་དང་ལྡན་ཞིང༌། ཡིད་འོང་ལྷུན་སྡུག་རབ་དཀར་མདངས་སུ་བཀྲ་བའི་མཆོག་ས་འཛིན་གྱི་གཙོ་བོར་མིང་དུ་གྲགས་ཏེ། འབྲུག་པ་ཐམས་ཅད་མཁྱེན་པས། །ས་ཡ་གིའི་ཉི་མ་ནུབ་ཀྱི་ཕྱོགས། །སྤྲིན་དཀར་པོ་ལྡིང་ཞིང་འཁྲིགས་པའི་འོག །གངས་གྲུ་གསུམ་གནམ་ལ་འཕྱོང་འདྲ་བ། །ལྷ་གནོད་སྦྱིན་དབང་པོ་གང་བ་བཟང༌། །ཞེས་བྱང་ཤར་ངོས་སུ་ཚ་ལམ་ཙམ་ཕྱིན་པའི་གང་བཟང་འདི་ཉིད། (གངས་རི་འདི་ལ་ཤེས་རབ་བཟང་པོའི་སློབ་མ་དུས་འཁོར་སྦྱོར་དྲུག་གི་ཉམས་མཐར་ཕྱིན་པ་ཞིག་གིས་ག་མོ་ལུང་དུ་སྒྲུབ་པ་མཛད། མཐར་སྐུ་ལུས་མ་སྤངས་པར་འཇའ་ལུས་སུ་གྲུབ་ནས་གང་བཟང་གི་ཆོས་གནས་སུ་བཞུགས། རྟོགས་ལྡན་སྔོ་ཉལ་མར་གྲགས། ཕྱི་རུ་ཡུལ་ལ་ཅེར་གྱི་ལྟོས་དང༌། སྣང་བ་ཆོས་སྐུའི་རྒྱ་ཡན་མ་འདི་ཤེས་སོ།)རི་འདིའི་ནུབ་ལྡེབས་ལ་སློབ་


TNT23_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་རིན་པོ་ཆེ་པདྨ་འབྱུང་གནས་ཀྱིས་ཡང་དག་ཐུགས་ཀྱི་སྒྲུབ་པ་ལ་རྒྱུན་རིང་བཞུགས་པའི་གནས་ག་མོ་ལུང་ན་པདྨའི་སྒྲུབ་ཕུག་དང༌། སྒྲུབ་ཆུ་ཚེ་ཆུ་མར་གྲགས་པ་དྲི་ཞིམ་འོ་མའི་ཁ་དོག་འདྲ་བ་རྒྱན་དུ་འབབ་པ། ལྷོ་སྟོད་གུ་རུ་ལྷ་ཁང་གི་ཇོ་བོ་ཐུགས་རྗེ་ཆེན་པོར་གྲགས་པ་རང་བྱོན་བྱིན་རླབས་ཀྱི་བདུད་རྩིའི་གཏེར་རྒྱར་འཛུམ་པའི་ཁྱད་པར་ཅན་དེ། རྒྱ་གར་ནས་སྤྱན་དྲངས་ནས་ཉིང་རོ་སྣ་ཐོད་སེང་ཕུག་སྨན་ཆུ་ཟེར་བའི་ས་སྐོར་དེར་གཏེར་དུ་བཞུགས་པ། སླར་པདྨས་ཇོ་བོ་རིན་པོ་ཆེ་གཏེར་ནས་སྤྱན་དྲངས་ཏེ་ག་མོ་ལུང་དུ་གཏེར་དུ་སྦས་པ་དེ་ཉིད་ཆོས་དབང་གིས་ཁ་བྱང་རྣམས་སློབ་མ་ལ་གཏད། གཏེར་བདག་རིན་ཆེན་གྱིས་བཀུག་ནས་བཀའ་བསྒོ་འདི་ལ་གཏོད་གསུངས། ལེན་མི་ལ་བཀའ་ལུང་གནང་བ། གཡས་རི་བཙན་དམག་ཆས་པ་འདྲ་བ། གཡོན་རི་བདུད་དམག་ཆས་པ་ལྟ་བུ། རྫ་རི་ཕྱུགས་གླུ་ལེན་པ། མཚོ་མཎྜལ་ལྟ་བུ། གངས་ཀྱི་སྦུགས་འདོམ་བཅོ་བརྒྱད་ཙམ་བགྲོད་པའི་སྒྲུབ་ཕུག་ལྷོ་བསྟན་གྱི་ནང་ནས་རྡོ་སྐུའི་སྒྲུབ་ཐབས། ལྷུང་བཟེད། མཁར་གསིལ། པོ་ཏི། ཆོས་གོས་སོགས་རབ་བྱུང་མཛོད་ལྔའི་སྒྲུབ་ཐབས་གདན་དྲངས། ཇོ་བཙུན་སོགས་ར་ལུང་པ་རྣམས་ཀྱིས་ས་བཅུད་འཆོར་བས་མ་སྟོན་ཟེར་བཀག་ན་ཡང་བགེགས་མེད་དུ་ཐོན། ཆོས་དབང་རང་ལ་ཕུལ། ནང་རྭ་ལུང་པ་ཁ་དྲག་པ་རེ་ཞིག་ཁ་མོ་ཁྱུང་དཀར་གྱི་ཁྱུང་ཆུའི་འོག་ཏུ་སྦས། དེ་རང་ལ་བཀའ་བབས་དང༌། ང་རང་དང་སློབ་དཔོན་སྦེད་མཁན་ཡིན་པས་རང་ནོར་རང་གི་ལེན་པས་ཁྱེད་རྣམས་ཀྱི་བཀག་པས་མི་ཁེགས་གསུངས། ཐོང་ལྕགས་རྫོང་གི་བྱང་འབུམ་ཐང་དུ་བཞུགས་པའི་རྟེན་འབྲེལ་བསྒྲིགས་པས། ས་བདག་རྒན་


TNT23_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཞིག་ལ་འདིར་རྟེན་ཁྱད་པར་ཅན་འདི་འགྲོ་བ་སེམས་ཅན་ཚོགས་གསོག་པའི་རྟེན་དུ་བཞུགས་པའི་ལྷ་ཁང་ཞིག་རྩིག་པའི་ས་བླངས་པས། རྒན་མོ་ལ་དྲིས་ཡི་ཟེར་ནས་རྟེན་འབྲེལ་མ་འགྲིགས་པ་སོགས་ལྷོ་སྟོད་གུ་རུ་ལྷ་ཁང་བསམ་འགྲུབ་བདེ་བ་ཆེན་པོའི་ལྷ་ཁང་དུ་བཞུགས་སོ། (ཞིབ་པར་ཆོས་དབང་གི་གཏེར་འབྱུང་དུ་གཟིགས་ཤིག) གངས་རི་འདི་ལ་སློབ་དཔོན་གྱི་སྒྲུབ་ཕུག་དང་གནས་གཞི་ཡོད་པ་སྟེ། ནུབ་ན་ག་མོ་ལུང༌། བྱང་ན་ཟམ་འདྲ། ཤར་ན་མཁའ་རོ་ལ་སྐྱ་ཕུག་གངས་ཉུག་གི་མདའ། ལྷོ་ན་ཆང་གཡོ་སྟེ་བཞིའོ། །མངའ་བདག་གུ་རུ་ཆོས་དབང་གིས་གཏེར་ནས་བཏོན་པ་ད་ལྟ་ལྷོ་སྟོད་གུ་རུ་ལྷ་ཁང་གི་རྟེན་གཙོར་བཞུགས་པ་དེ་ཡིན་ནོ། །ནུབ་ཆུ་ལྡན་མའི་ཕྱོགས་མི་རིང་བའི་ས་ན་གནས་མཆོག་ར་ལུང་ཞེས་པ་དེ། སེམས་ཉིད་ལྟ་བ་གནམ་གྱི་ཤེ་མོང་དེས། ཐམས་ཅད་མཁྱེན་པའི་གོ་སར་དབང་བསྐུར་བ། །དུས་གསུམ་ཆོས་ཀྱི་རྒྱལ་པོ་ར་ལུང་པ། །ཕན་བདེའི་ལུང་རྣམས་འགྱེད་མཁན་དེ་ལ་བསྔགས། །གྲུབ་གནས་གང་བའི་ཟླ་རྒྱས་འདི་ནང་དུ། །སྦྱིན་པའི་སྤྱན་རས་དྲང་སྲོང་ལ་གཟིགས་དེའི། །ངང་ཚུལ་རི་མོ་ཐུགས་རྗེ་ལྷའི་ནོར་བུས། །བྲིས་པ་ཐུབ་བསྟན་རྒྱ་མཚོའི་དཔལ་ཅིས་མིན། །འདི་སྐོར་མི་ཟད་འཁོར་བའི་འཇིགས་བྲལ་པར། རྡོ་ལ་བྲིས་མཚུངས་དམ་པས་ཞལ་བཞེས་པ། །ཤེས་ལྡན་དགེ་བའི་གཏེར་འཛིན་ཐམས་ཅད་དང༌། །འདིར་ཤོག་ལེགས་བྱས་ཀུན་གྱི་དགའ་སྟོན་དཔལ། །ཞེས་བསོད་ནམས་བསགས་པའི་ཞིང་མཆོག་དམ་པར་གྱུར་པ་ནི་གདན་ས་ཆེན་པོ་དཔལ་ར་ལུང་ཐིལ་ཞེས་བྱ་བ་གྲུབ་པའི་གནྡྷོ་ལ་(བོད་སྐད་དུ་དྲིའི་གཙུག་ལག་ཁང་ཟེར།)ཆེན་པོ་


TNT23_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་བཅུ་གསུམ་གྱི་ངོ་མཚར་བར་གྱུར་བས་སོ། །དང་པོ། གནས་འདི་ཁྱད་པར་དུ་འཕགས་པའི་སའི་དཔྱད་དང་ལྡན་པ་ནི། ས་གཞི་པདྨ་འདབ་བརྒྱད་ཁ་བྱེ་བ་ལྟ་བུ། གངས་དང༌། རྫ་དང༌། ཤེ་དང༌། སྤང་གི་རི་ཐམས་ཅད་ཀྱི་ཀུན་ནས་བསྐོར་ཏེ་འདུད་པ་ལྟ་བུ་ཆུ་ཕྲན་བརྒྱ་ཕྲག་དུ་མ་ནང་དུ་འདུ་བ། དེའི་གནམ་ཡང་འཁོར་ལོ་རྩིབས་བརྒྱད་པར་གྲུབ་བོ། །ལོགས་བཀྲ་ཤིས་པའི་རྟགས་བརྒྱད་ཀྱིས་ཉེ་བར་བརྒྱན་པ་ཡིན་ཏེ། དགོན་སྡེའི་གདོང་རི་དུང་དཀར་པོ་གཡས་སུ་འཁྱིལ་བ་ལྟ་བུ། རྭ་ལའི་རྩེ་མོ་རིན་པོ་ཆེའི་གདུགས་ཕུབ་པ་ལྟ་བུ། སྤོས་སྐྱའི་རྒྱབ་རི་བུམ་པ་གང་བ་ལྟ་བུ། བཙན་ཆུའི་རི་རྒྱལ་མཚན་སྒྲེང་བ་ལྟ་བུ། ཡང་དགོན་གྱི་རི་དང་དེའི་མདུན་གསེར་ཉ་མ་འཁྱིལ་ལྟ་བུ། སྒོ་མོའི་ཐང་གསེར་གྱི་འཁོར་ལོ་བསྐོར་བ་ལྟ་བུ། སྤེན་ཐང་ཕྱོགས་ཀྱི་རི་པདྨའི་སྡོང་པོ་ཁ་བྱེ་ལ་ཆུ་ཕྲན་རྒྱ་བྱ་ཁ་སྤྲོད་འགྱིང་བ་ལྟ་བུ། རྒྱ་མོ་ན་ག་ཐུགས་དཔལ་བེའུ་ལྟ་བུ། དེ་ལྟ་བུའི་ས་གནས་ལ་རྟེན་ནས་སྒྲུབ་གནས་འདི་ཆགས། དེའི་རྟེན་འབྲེལ་ལས་ཁ་བ་ཅན་གྱི་ལྗོངས་འདིར་སྙིང་པོ་དོན་གྱི་བསྟན་པ་འཛིན་པའི་སྒྲུབ་གྲྭ་བྱེ་བ་སྙེད་ཆགས་པ་ཡིན་ཏེ། ཆོས་རྗེའི་གསུང་ལས་ཀྱང་ངས་དགོན་པ་ངམ་ཤོད་དུ་བཏབ་ན་ཁ་དྲག །སྐྱིད་ཤོད་དུ་བཏབ་ན་འདུ་ལོང་ཆེ། ཁུ་ལེ་ན་མཐིལ་དུ་བཏབ་ན་ནོར་ཆེ་ཡང་བསྟན་པ་ལ་དེ་ཙམ་ཕན་ཁེབས་མ་མཐོང༌། འདིར་བཏབ་ན་སྒྲུབ་རྒྱུད་ཀྱི་བསྟན་པ་ཉིན་མོ་ལྟར་འགྱུར་བ་ཡིན་


TNT23_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པས་ཁྱད་པར་དུ་འཕགས་པའོ། །གནས་དེ་ལ་གནས་པའི་ལྷ་ཁྱད་པར་དུ་འཕགས་པ་ནི། སྒྲུབ་གནས་ཆེན་པོ་དེའི་རྒྱབ་འོམ་ཐང་ནས་སྟག་མའི་བར་གྱི་གངས་རིའི་འཕྲེང་བ་ལ་གནོད་སྦྱིན་ནོར་བུ་བཟང་པོ་ཞེས་གྲགས་ཏེ། དེའི་རྒྱུ་མཚན་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་བསྐལ་པ་བཟང་པོ་འདིའི་སངས་རྒྱས་རྣམས་ཀྱིས་བསྟན་པ་བསྲུང་བ་ལ། གནོད་སྦྱིན་རྣམས་ཀྱི་རྒྱལ་པོ་གང་བ་བཟང་པོའི་སྲས་སུ་ལེགས་པར་འཁྲུངས་ཤིང༌། དེའི་མཚན་གནོད་སྦྱིན་ནོར་བུ་བཟང་པོ་ཞེས་བྱ་བ་ཡིན་ལ། དེ་སངས་རྒྱས་ཐམས་ཅད་ཀྱིས་མཐུ་སྟོབས་ཀྱི་རྡོ་རྗེ་ལག་ཏུ་གཏད་ནས། གསང་བ་ཐམས་ཅད་ཀྱི་བདག་པོར་དབང་བསྐུར་བའྀ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཞེས་བྱའོ། །དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་ཆེན་པོ་དེས་བོད་ཁ་བ་ཅན་གྱི་འདྲེ་སྲིན་གདུག་པ་ཅན་གྱི་ཁ་ནོན་དུ་སྤྲུལ་པའི་སྐུ་རེ་བཞུགས་ཤིང་དེའི་དབང་གིས་གནས་འདི་བྱིན་རླབས་ཀྱི་མཐུ་ཆེ་ཞིང་བཀྲ་ཤིས་ལགས། གཡང་ཆགས་པ་ཡིན་ནོ། །དེའི་ཡབ་གང་བ་བཟང་པོས་ཀྱང་ཧ་འོའི་གངས་མདུན་སར་མཛད་པ་གཉིས་ཀྱིས་འདིར་བོད་ཁམས་ཐམས་ཅད་ལོངས་སྤྱོད་འབྱུང་བ་ལ་ཡིད་བཞིན་གྱི་ནོར་བུ་རྒྱལ་མཚན་གྱི་རྩེ་ལ་བཀོད་པ་དང་མཚུངས་པས་ཁྱད་པར་དུ་འཕགས་པ་ཡིན་ནོ། །མིང་འདོགས་པའི་རྒྱུ་མཚན་ནི། ཡུལ་འདི་ལ་འབྲོག་ཁུ་ལེ། དབུས་གཙང་གི་མི་བཅུའམ་བཅུ་གཉིས་ཀྱི་ནང་ཚན་ཚོང་ཁེ་ཤེས་རབ་སེང་གེ་མྱང་སྟོད་ཁུ་ལེ་བཏབ་ཅིང་


TNT23_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་ཟེར་བ་ཡིག་ཆ་ཁུངས་ཐུབ་ན་ཡོད་པ་དེ། ཡོལ་ཐོག་འབེབས་ཀྱི་ཁུ་ལེའི་རི་ལ་རྨོག་པའི་དགོན་པ་བཏབ་པ་དེ་ཉེ་ལོགས་ཤིག་ན་ཡོད་དོ། །བྱང་ཆུབ་སེམས་དཔའ་དམ་པ་ཀུན་དགས་བློ་གཏད་ཀྱི་ཇོ་མོ་ཉི་ཤུ་རྩ་བཞིའི་ནང་ཚན་ཇོ་མོ་ཆོས་སྐྱབས་ནི་ཡུལ་མྱང་སྟོད་ཁུ་ལེར་འཁྲུངས། ཕ་དམ་པ་སངས་རྒྱས་དང་མཇལ། གདམས་པ་ཐོབ། དཀའ་ཐུབ་ཆུ་ཐུང་ཁོ་ན་ལ་ལོ་བཅུ་གཉིས་བྱས། ཉམས་སུ་བླངས་པས་གྲུབ་པ་ཐོབ་བོ། །ཇོ་བོ་རྗེ་ཨ་ཏི་ཤཱའི་སློབ་མ་ཡོལ་སྟོན་སྐུ་མཆེད་གསུམ་དུ་གྲགས་པའི་ཡོལ་ཆོས་དབང༌། དྲང་སྲོང༌། ཐོག་འབེབས་གསུམ་གྱི་ཁུ་ལེའི་རི་ལ་རྨོག་པའི་དགོན་པ་བཏབ། ཁུ་ལེའི་འབྲོག་པ་ཆགས། རི་རྒྱ་ཀླུང་རྒྱ་དམ་པོ་བཙུགས། བོད་འབྲོག་དེ་རྣམས་དང་ཡོན་མཆོད་སྦྲེལ་ཟེར་བ་གནས་རྙྀང་པའི་གང་མདོ་ན་ཡོད་ཅིང༌། དགོན་རོ་ཡང་ད་ལྟ་ཡོད་དོ། །རྩའོ་ནང་གི་འདྲེ་ཡུལ་ཨེ་ཁ་ལ་བཙས་ཡན་ལ་ཁུ་ལེར་མིང་དུ་གྲགས། མྱང་སྟོད་འདྲེ་དང་ཁྱུང་གི་འཛིན་ཅེས་ཟེར་བ། བོད་གནམ་གྲུ་བཞི་ན་འདྲེའི་མ་ཎི་ཟེར་བའི་བྱིན་རླབས་ཅན་ཡིན་པ་འདུག་ནའང༌། ཕྱིས་བློན་པོ་རྣམས་ཀྱིས་རྨོག་འདྲེ་ཅན་གྱི་དཔེས་བགེགས་ལ་ངོས་འཛིན་པར་གནང༌། ཞེས་མིང་དུ་ཆགས་པ་ལས་ཕྱིས་སྤྲུལ་པའི་ར་མ་དཀར་མོ་ཞིག་ཕྱུགས་རྫིས་ཉིན་གྱི་རི་ལ་བརླགས་པ་ནམ་ཞིག་རྩད་ཆོད་པ་ན། ད་ལྟའི་གཙུག་ལག་ཁང་ཆེན་མོ་ཡོད་པའི་ཐད་འདིར་རྡོ་ཞིག་ལ་འོ་མ་འཐོར། དེ་དྲོད་ཀྱིས་བསྲོ་ཀྱིན་འདུག་པ་མཐོང་ནས། དེར་ཕྱིན་པས་ཡི་གེ་ཨཱ༔ཧཱུྃ་རང་བྱོན་འབུར་དུ་


TNT23_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

དོད་པ་རྙེད། དེ་དུས་གྲུབ་ཐོབ་གླིང་ཕེབས་པ་དང་འགྲིགས་ནས་དེ་ལ་ཕུལ། གད་ངོས་ལ་སྒྲུབ་ཕུག་བཟོས་ནས་རྣལ་འབྱོར་དབང་ཕྱུག་ཆེན་པོ་དེར་བཞུགས། སྤྲུལ་པའི་ར་མས་ལུང་བསྟན་པས།(བྱོན་པའི་རྡོ་གཞོང་ད་ལྟ་མོ་དགོན། གཞོན་པ་རྣམས་ཀྱིས་ཐུག་སྡོར་བརྡུངས)ར་ལུང་ཞེས་དེ་ནས་གྲགས་ཤིང༌། རང་བྱོན་འདི་སྣ་ཕུ་ཆོས་ལུང་གི་ཁྱད་འཕགས་གསུམ་གྱི་གྲལ་དུ་ད་ལྟ་ཡང་བཞུགས་སོ། །སྐྱེས་བུ་དམ་པས་བྱིན་གྱིས་བརླབས་པས་ཁྱད་པར་དུ་འཕགས་པ་ནི། གྲུབ་ཐོབ་ཆེན་པོ་གླིང་ཆོས་ཀྱི་རྒྱལ་པོ་གཙང་པ་རྒྱ་རས་ནས་དུས་དེང་སང་གི་བར་ཞིང་འདི་ཉིད་ཀྱི་རྡུལ་གྱི་གྲངས་དང་མཉམ་པའི་རྣལ་འབྱོར་བ། རྡོ་རྗེ་ཐེག་པའི་སྒོ་ནས་ཚེ་གཅིག་ལུས་གཅིག་གི་རིགས་ཐམས་ཅད་ཀྱི་ཁྱབ་བདག་སྐྱེས་བུ་ཆེན་པོ་དེ་དག་གིས་བྱིན་གྱིས་བརླབས་པ་ཡིན་པས་ཁྱད་པར་དུ་འཕགས་པ་རྒྱ་གར་རྡོ་རྗེ་གདན་བཞིན་ནོ། །ནང་རྟེན་ཁྱད་དུ་འཕགས་པ་ལ། སྐུ་རྟེན་ནི། ཆོས་རྗེའི་སྐུ་འབག་ཁམས་གསུམ་ཟིལ་གནོན་དགེ་བ་དང་མི་དགེ་བའི་ལྟས་ཞལ་རས་ལ་མངོན་སུམ་དུ་བཞུགས་པ་ལྟ་བུར་གསལ་བ། ཚེ་འདིའི་ཞེན་པ་ཅན་གྱི་སྐྱེ་བོ་ལ་ཡང་ཡུད་ཙམ་ཆགས་པ་མེད་པ་ཞི་གནས་ཀྱི་ཏིང་ངེ་འཛིན་སྐྱེས་ནུས་པ་དེ་དང༌། གཞན་ཡང་སངས་རྒྱས་དབོན་ལ་སོགས་པའི་ཞལ་ངོའི་ནང་རྟེན། སྨད་འབྲུག་གི་བསྟན་པའི་མངའ་བདག་རྒྱལ་བ་ལོ་རས་པའི་ནང་རྟེན་མགོན་པོ་ཙ་རི་རས་ཆེན་གྱིས་བཞེངས་ཤིང་རབ་ཏུ་གནས་པ་མཛད་པ་དང༌། སྟོད་


TNT23_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུག་གི་བསྟན་པའི་མངའ་བདག་རྒྱལ་བ་རྒོད་ཚང་བའི་ནང་རྟེན་གྲུབ་ཐོབ་ཨོ་རྒྱན་པས་བཞེངས་ཤིང་རབ་གནས་མཛད་པ་བརྩམས་ཏེ། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱི་ཐུགས་དམ་མགོན་པོའི་རྡོ་སྐུ་དཔལ་རྒ་ལོས་སྤྱན་དྲངས་པ་དང༌། ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་དངུལ་ལྗང་བརྡུངས་ཀྱི་སྐུ་རྒྱན་རྣམས་གསེར་ལྗང་བརྡུངས་དང་གཡུ་སྦྱང་སྤེལ་ལེགས་ཀྱི་ཕྲས་མཛེས་པ། རྒྱབ་ཐོ་ལྔ་པ་པདྨ་དཀར་པོས་བཞེངས་པའི་བར་གྱི་གཙུག་ལག་ཁང་གོང་འོག་ཏིལ་གྱི་གང་བུ་ལྟར་བཀང་བ་རྣམས་སོ། །གསུང་རྟེན་ནི། རིན་པོ་ཆེ་བཻཌཱུརྱ་སྔོན་པོས་བྲིས་པའི་གླེགས་བམ། གན་ཤོག་མཐིང་ཤུན་ལ་གསེར་བཟང་པོས་བྲིས་པའི་བཀའ་འགྱུར། འབུམ་ཤོག་མོ་ཆེ་ལ་སོགས་པའི་སྐྱ་པོད་བརྒྱ་ཕྲག་མང་པོ་དང༌། ཁྱད་པར་རྒྱུད་སྡེ་བཞིའི་ཁོང་པའི་སྙིང་ལྟ་བུའི་མན་ངག་རྣམས་ཨོ་རྒྱན་གྱི་དྷརྨཱ་གཉྫོ་དང་མཚུངས་པར་བཞུགས་པ་ཡིན་པས་ཁྱད་པར་དུ་འཕགས་པ་ཡིན་ནོ། །ཐུགས་རྟེན་ཁྱད་པར་འཕགས་པ་ནི། ཆོས་རྗེའི་ཞལ་ནས་ཁོ་བོའི་ཤུལ་ཏུ་རྟེན་བཀྲ་ཤིས་སྒོ་མངས་སུ་བགྱིས་ན་དཀར་རྒྱུད་ཀྱི་བསྟན་པ་མཐའ་རྒྱས་སུ་འགྱུར་བ་ཡིན། ཞེས་ལུང་བསྟན་པ་ལྟར་སངས་རྒྱས་དབོན་གྱིས་གསེར་འབུམ་འཛམ་བུ་གླིང་གི་རྒྱན་བཞེངས་པའི་ནང་ན་ཆོས་རྗེའི་ཐུགས་དང༌། དབུ་སྟོད་ལ་བྱོན་པའི་རིགས་གསུམ་མགོན་པོ་དང༌། དཀར་རྒྱུད་གོང་མ་ལ་སོགས་པའི་བྱིན་རླབས་ཀྱི་རྟེན་ཚད་མེད་པ་བཞུགས་པས། འདིའི་རྟེན་འབྲེལ་ལས་སྒྲུབ་


TNT23_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

གནས་འདི་གདན་ས་མར་གྱུར་པ་ཡིན་ནོ། །ཕྱི་རྟེན་དུ་མཆོད་རྟེན་བཀྲ་ཤིས་སྒོ་མངས་འདི་བཞེངས་པ་ཡིན་ཞིང༌། འདི་ཕལ་ཆེར་གྲུབ། གཉྫི་ར་ཉི་མའི་སྙིང་པོ་ཞག་འགའི་བར་དུ་བཟོ་བོས་སྐྱོན་མ་ཚུགས་ཤིང༌། ཐ་མའི་ཉིན་དེ་དག་གྲོ་ལ་ལོག་པའི་ཤུལ་དུ་སངས་རྒྱས་དབོན་ལྟག་རིར་བཞུགས་དུས་མངོན་པར་མཁྱེན་པས་གཟིགས་ནས། རྐྱང་མོ་གྲུས་མ་ཞིག་ལ་བཅིབས་ཏེ་རྫུ་འཕྲུལ་གྱིས་འདིར་བྱོན་ནོ། །གཉྫི་ར་ལེགས་པར་སྐྱོན། ཕྱིར་ཡང་རྐྱང་ལ་བཅིབས་ནས་ཐེགས་ལ་ཁད་པ་ཁོང་རྣམས་གྲོ་གྲོལ་བས་མཐོང་སྟེ་རྒྱུགས་པས་མ་ཟིན། ཆིབས་པའི་ཕ་བོང་དེ་ལ་རྐྱང་གི་རྨིག་རྗེས་གསལ་བར་བྱོན། དེ་རྙེད་པ་ད་ལྟའི་བར་དུ་ཡོད་དོ། །དེ་ནས་རབ་ཏུ་གནས་པའི་དུས་སུ་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ཐམས་ཅད་ནམ་མཁའ་ལ་ལྷགས་ནས་ཤིས་པ་བརྗོད་པ་ཀུན་གྱིས་མཐོང་བ་བྱུང༌། ཞེས་གྲགས་ཤིང་མཆོད་རྟེན་དེའི་སྐུ་ཆེ་བའི་ཡོན་ཏན་རྒྱལ་བ་རྒོད་ཚང་པས་ངའི་སྒོམ་མ་སླེའུ་ཐུལ་ཅན་འདི་རྣམས་ཉིན་མོ་ང་ལ་ཆོས་ཞུས། ནུབ་མོ་ར་ལུང་གི་ན་རོ་པའི་ཕྱི་རྟེན་ལ་སྐོར་བ་བསྐོར་ནས། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་ཚོགས་ཀྱི་བསྐལ་པ་ལེན་པ་ལ་རྒྱུན་དུ་འགྲོ་བ་ཡིན་ཞེས་གསུངས་པ་ལྟར་དུ་གྲུབ་ཆེན་ཨོ་རྒྱན་དུ་བྱོན་པ་ན་ཡུལ་དེའི་བུ་མོ་རྣམས་ཀྱི་ངང་ཚུལ་རྒྱལ་བ་རྒོད་ཚང་བས་ཇི་ལྟར་གསུངས་པ་ལྟར་དུ་གཟིགས་ནས། མཆོད་རྟེན་འདིའི་བསྔགས་པ་ཆེ་ཆེར་བརྗོད་པར་མཛད་དོ། །གཞན་ཡང་རྒྱལ་བ་ཡང་དགོན་པ་ར་ལུང་བསྐོར་ལ་ཕེབས་དུས་མནལ་ལམ་དུ་མཆོད་རྟེན་ཆེན་པོ་འདིའི་བུམ་ནང་


TNT23_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རྡོ་རྗེ་འཆང་ནས་རྒྱལ་བ་རྒོད་ཚང་བ་ལ་ཐུག་གི་བར་དུ་དཀར་རྒྱུད་ཀྱི་བླ་མ་ཐམས་ཅད་གྲལ་མཐར་ཆགས་སུ་བཞུགས་པ་ལས་མི་ལ་རས་པའི་བཞུགས་ཁྲི་སྟོང་པར་འདུག་པ་ལ་ཁྱོད་སྡོད་རྒྱུ་ཡིན་ཞེས་གཟིགས་པ་སོགས་ཀྱི་ཆེ་བ་བརྗོད་པར་མཛད་ཅིང༌། ད་ལྟ་སྐོར་མི་ཉུང་དུས་སུ་ཡང་སྐོར་ལམ་མང་པོས་ཕྱིན་པ་ལྟར་བྱང་བར་འགྱུར་བ་ཀུན་མཐུན་སྣང་གྲུབ་པ་ཡིན་ནོ། །གཞན་ཡང་རྗེས་བཞེངས་པའི་རྒྱལ་དབང་རྗེའི་དངུལ་འབུམ་དང་གསེར་འབུམ། རྒྱལ་ཚབ་དམ་པ་ངག་གི་དབང་ཕྱུག་གིས་བཞེངས་པའི་སྒྲ་སྒྱུར་གྱི་རྒྱལ་པོ་མར་པ་ལོ་ཙཱའི་རྣམ་འཕྲུལ་མན་ངག་ལན་ཅིག་ཐོས་པས་ཀྱང་སྲིད་པའི་རྒྱུད་པ་ཐམས་ཅད་ཞི་བར་མཛད་པ་ངག་དབང་ཆོས་ཀྱི་རྒྱལ་པོའི་སྐུ་གདུང་རིལ་པོ་གཅིག་ཏུ་བཞུགས་པའི་གསེར་འབུམ་བཀྲ་ཤིས་དཔལ་འབར་ཐོག་ཚད་གསུམ་ལྷག་པ་རྒྱུ་དང་བཟོ་དང་རབ་ཏུ་གནས་པ་ལ་སོགས་པ་ཕུལ་དུ་ཕྱིན་པ་དེ་ལ་སོགས་པའི་མཆོད་རྟེན་སྤོས་སྐྱའི་གཙུག་ལག་ཁང་ཆེན་མོ་ཡོངས་སུ་གང་བ་རྣམས་སོ། །རང་བྱོན་ཁྱད་པར་དུ་འཕགས་པ་ནི། ཆོས་རྗེ་གཙང་པ་རྒྱ་རས་ཀྱི་སྐུ་ཚིགས་ཉི་ཤུ་རྩ་གཅིག་ལ་སྤྱན་རས་གཟིགས་ཉི་ཤུ་རྩ་གཅིག་བྱོན་པའི་གསུམ་རང་བྱོན་ཁྱད་འཕགས་ཀྱི་གྲལ་དུ་བཞུགས། གཞན་གདན་ས་འདི་ཉིད་ཀྱི་ཕྱི་རྟེན་ནང་རྟེན་གཉིས་སུ་རེ་རེ། ཆོས་རྗེ་གཞོན་ནུའི་ནང་རྟེན་དགོན་ཁང་གི་མཆོད་སྡོང་གསེར་ར་བྲེ་གང་གསོལ་བའི་ནང་དུ་གཅིག་འབྲུག་གི་ལྷ་མོ་ཆེད་དང་མཆོད་རྟེན་གཉིས་སུ་རེ་རེ། མདོ་མཁར། དང་ཆོས་རྫོང་གི་གདུང་རྟེན་ལ་རེ་རེ། བྱང་ཨུ་རི་དང་ལྷོ་


TNT23_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་མཁོ་མཐིང་ལྷ་ཁང་དུ་རེ་རེ་ཡོད་པའི་ཕྱི་མ་ད་ལྟ་བྱ་ཡུལ་གྱི་གསལ་རྗེའི་སྒྲུབ་སྡེ་ན་བཞུགས་སོ། །སྦུ་ཏྲ་དང་ནི་རིང་ན་རེ་རེ་དང༌། ཏི་སིའི་ཆོས་[ ?] ཀྱི་དཀའ་དུམ་ན་གཅིག་ཡོད་པ་དང་ད་ལྟ་གུ་གེར་བྱོན་ཞེས་གྲགས། གནས་རྙྀང་དང་ཆོས་ལུང་ཚོགས་པ་ལ་རྟེན་རྗེས་མཛད་པ་རེ་རེ། འབྲས་མོ་ཇོ་བཙུན་ལ་གཉིས་ཡོད་པའི་གཅིག་འབྲས་མོའི་མཆོད་རྟེན་ན་དང༌། གཅིག་ལྷོ་དགོན་པ་ཡུལ་གྱི་ལྗོངས་པའི་ལག་ནང༌། དཔོན་གྲགས་པ་ཡེ་ཤེས་ཀྱི་རྟེན་སྐལ་དུ་ཁམས་རོང་པ་གསེར་བར་གཅིག་བརྫངས། ཧོར་རྒྱལ་ཐོ་གན་ཐེ་མུར་གྱིས་ཆོས་རྗེ་བཙུན་པ་བླ་མའི་མཆོད་གནས་སུ་བཏེགས། ཧོར་དུད་སྟོང་དགུ་བརྒྱ་འཇའ་ས་དང་བཅས་གཙུག་ལག་ཁང་གོང་འོག་ལ་ཐིག་རྩ་བླངས་པས། དིང་ཕོན་གྱིས་བླ་བྲེ་པདྨ་འབུམ་ལྡན་དང༌། སྟོང་ལྡན། དར་ཁྲ། ཨ་ཀ་རུ་ནག་པོ་དང། ཉ་ལྕིབས་ཀྱི་ལྕོག་ཙེ་ལ་སོགས་པའི་མཆོད་རྫས་དཔག་ཏུ་མེད་པ་ཕུལ་བའི་གདབ་ལན་དུ་གཅིག་བརྫངས་པ་རྣམས་ཡིན་ལགས། དེ་དག་ལས་མཆོག་ཏུ་གྱུར་པ་ཆོས་རྗེ་ཉིད་དང་གཉིས་སུ་མེད་པར་རང་བྱོན་ཁ་སརྤ་ཎི་འདི་ཡིན་ལ། འདི་ཡང་སངས་རྒྱས་དབོན་གྱི་སྐུ་ཐོག་ལ་ཞིག་པོ་ཉི་མ་སེང་གེས་བསྣམས་ནས་ལས་སྟོད་ཕྱོགས་ལ་འབུལ་རྒྱུ་ལ་བྱོན། མཆོད་རྟེན་ཆེན་མོའི་གཉྫི་ར་གདུགས་ཟ་ར་ཚགས་དང་བཅས་ལེགས་པར་བསྒྲུབས་ནས། ཕྱིར་ལོག་ཁར་ཁྲོམ་ཆེན་མོའི་སར་ཞིག་པོ་ཉམས་འབར་བས་རྟེན་གཟིགས་པ་རྒན་རྒོན་དབུལ་པོ་གཉིས་ཀྱིས་རྙེད། དེ་གཉིས་ལོངས་སྤྱོད་ཅན་དུ་གྱུར། དེ་གཉིས་ཀྱིས་རྒྱལ་བ་རྒོད་


TNT23_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་བ་ལ་འབུལ་སྐབས་སུ་རྒྱལ་བ་རྒོད་ཚང་བའི་ཞལ་ནས་འོ་སྐོལ་གྱི་འདི་རུ་དེ་ཞག་ཆོས་རྗེ་གཙང་པ་རྒྱ་རས་འབྱོན་པར་འདུག ད་ལྟ་བསུ་བ་ལ་འགྲོ་གསུངས་པ་དང་རྒན་རྒོན་གཉིས་དང་ཕྲད་པས་ཕྱག་མཛད་པ་སོགས་རྒོད་ཚང་བའི་ཕྱག་ཏུ་བྱུང༌། ཆོས་རྗེ་རྒོད་ཚང་བས་གདན་ས་ར་ལུང་དུ་འབུལ་ཆེན་གསུམ་མཛད་པའི་ཕྱི་མ་ར་ལུང་གདན་སར་ཕུལ། རང་བྱོན་འདི་དང་པོ་འབྲུག་ལྷ་བས་བཅོམ་པའི་དུས་བཅར་གྱིས་ཟིམ་པ་དང༌། འབྲི་ཁུང་གླིང་ལོག་གི་དུས་སུ་སྐུ་སྔོ་སངས་སུ་གྱུར་པ་བྱུང་ཞེས་གྲགས་ཤིང༌། ཕྱིས་རྗེས་སུའང་ཁྲོམ་གྱི་དབུས་སུ་ཡལ་བ། ཞག་བདུན་གསོལ་བ་བཏབ་པས་སླར་ཕེབས་པ་དང༌། མི་དགེ་ན་སྐུ་ཡོ་བ་དང༌། ནོགས་པ་དང༌། དགེ་ན་ཤེལ་དྲི་མ་མེད་པ་ལྟ་བུར་ཡོང་བ་དང༌། ད་ལྟ་ཀུན་གྱི་མཐོང་སྣང་དུ་གྲུབ་བོ། །ད་ལྟའི་བཞུགས་ཁང་ག་ཛ་མུ་ཏིག་ལ་སོགས་རིན་པོ་ཆེ་སྣ་བདུན་ལས་གྲུབ་པ་འདི་དགེ་སློང་པདྨ་དཀར་པོ་བདག་གིས་རྒྱུ་སྦྱར་དཔལ་རེག་པ་མེད་པའི་མཆོད་རྟེན་གྱི་དབྱིབས་སུ་བཀོད་པའི་ཁྱད་པར་ཅན་ཐམས་ཅད་ཀྱིས་འཕགས་པར་བྱས་པ་འདིའི་རྒྱུ་ལ་རིན་ཐང་རྩི་ན་གསེར་ཞོ་སྟོང་ཕྲག་གསུམ་དུ་ལོང་པ་ཙམ་སོང་ངོ༌། །ཆོས་རྗེའི་སྐུ་ཚིག་ལས་བྱོན་པའི་འཕགས་པ་བཅུ་གཅིག་ཞལ་བཞུགས་ཁང་བཀྲ་ཤིས་སྒོ་མངས། ཡང་སྐུ་ཚིག་ལས་བྱོན་པའི་འཕགས་པ་ཞལ་གཅིག་ཕྱག་བཞི་པ་བཞུགས་ཁང་ཆོ་འཕྲུལ་མཆོད་རྟེན་རིན་པོ་ཆེ་སྤོས་སྐྱའི་སྐུ་གདུང་ལས་བྱོན་


TNT23_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁར་སརྤ་ཎི་བཞུགས་ཁང་ལྷ་བབས་མཆོད་རྟེན། རྗེ་ཀུན་དགའ་སེང་གེའི་ཞུན་ཐིགས་ལས་བྱོན་པའི་དབང་པོའི་སྐུ་ངོ་མཚར་བ་བཞུགས་ཁང་བྱང་ཆུབ་མཆོད་རྟེན། ཡང་ཀུན་དགའ་སེངྒེའི་ཞུན་ཐིགས་ལས་བྱོན་པའི་སྤྱན་རས་གཟིགས་དོན་ཡོད་ཞགས་པ་བཞུགས་ཁང་དབྱེན་འདུམ་མཆོད་རྟེན། པཎ་ཆེན་ཤཱཀྱ་ཤྲཱིའི་སྐུ་གདུང་ཞུན་ཐིགས་ལས་བྱོན་པའི་རྡོ་རྗེ་རྣལ་འབྱོར་མ་བཞུགས་ཁང་རྣམ་རྒྱལ་མཆོད་རྟེན། བླ་མ་ཡུ་མོ་ཆེ་བའི་དབུ་ཐོད་ལས་བྱོན་པའི་དགྱེས་པ་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་བཞུགས་ཁང་མྱང་འདས་མཆོད་རྟེན། སངས་རྒྱས་ཀྱི་འཕེལ་གདུང་བཞུགས་ཁང་གཉིས་མེད་ཡེ་ཤེས་མཆོད་རྟེན། འདི་རྒྱལ་མཁར་རྩེའི་འཕེལ་གདུང་ལས་མཆེད་པ་རྗེ་མར་པའི་ཚེམས་གདུང་ལོགས་འཕེལ་གདུང་གིས་བརྒྱན་པ་གདན་ས་གྲོ་བོ་ལུང་ནས་བྱུང་བ་བཞུགས་ཁང་ལྷ་བབས་མཆོད་རྟེན་ཡང་རྗེ་མར་པའི་ཚེམས་ལོགས་འཕེལ་གདུང་བཞུགས་ཁང་དབྱེན་འདུམ་མཆོད་རྟེན། ཡང་རྗེ་མར་པའི་སྐུ་གདུང་ལས་བྱོན་པའི་འཕེལ་གདུང་འདི་གཞིས་ཀ་སྣེ་པའི་ཕྱག་ན་གདུང་ཤཱ་རི་རམ་སྲན་མ་སྦོམ་ཤོས་ཙམ་གཅིག་ཡོད། ཕྱིས་སྣེའུ་འཐོར་ཞིག་ལ་སོང་སྐབས་དཀོན་གཉེར་བས་འཁྱེར་ནས་སྟོད་ལུང་སྒང་དུ་སླེབས། དེ་ནས་འབྲུག་པ་རིན་པོ་ཆེས་དེར་ཕེབས་དུས་གཟིགས་ཕུལ་བས་ཕྱག་མཐིལ་རང་དུ་དེ་ལས་རིང་བསྲེལ་བདུན་ཅུ་འཛག་པ་མ་གོད་པར་འདིར་བཞུགས་པ་ཡིན་ལ། དེ་ནས་བཟུང་མ་བུ་ཐམས་ཅད་ལས་རིང་བསྲེལ་ཚད་མེད་འཕེལ་བས། ད་ལྟ་མར་པའི་རིང་བསྲེལ་གར་


TNT23_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་ཡང་འདི་ལས་མཆེད་པར་སྣང༌། བཞུགས་ཁང་ཆོ་འཕྲུལ་མཆོད་རྟེན། ཆོས་རྗེའི་འཕེལ་གདུང་བརྒྱད་བཞུགས་ཁང་བཀྲ་ཤིས་སྒོ་མངས། འདི་རྗེ་འབྲུག་པ་རིན་པོ་ཆེ་ངག་དབང་ཆོས་ཀྱི་རྒྱལ་པོས་ཁྱད་འཕགས་བཞུགས་ཁང་བཟོ་དུས་ཁ་སརྤ་ཎི་ཕྱག་ཏུ་བཞེས། སྐུ་ཁྲུས་གསོལ་བས་ཕྱག་ཏུ་རིང་བསྲེལ་དགུ་བབས་པས་གཅིག་ཕྱི་ལ་ཤོར། ལྷག་མ་འདིར་བཞུགས། ཡང་ཆོས་རྗེའི་ཚེམས་འཕེལ་གདུང་བཞུགས་ཁང་ཆོ་འཕྲུལ་མཆོད་རྟེན། ཡང་ཆོས་རྗེའི་ཚེམས་འཕེལ་གདུང་བཞུགས་ཁང་དབྱེན་འདུམ་མཆོད་རྟེན། ཡང་ཆོས་རྗེའི་གདུང་ཤཱ་རི་རམ་བཞུགས་ཁང་དབྱེན་འདུམ་མཆོད་རྟེན། ཡང་ཆོས་རྗེའི་དབུ་ཐོད་ལས་བྱོན་པའི་རིང་བསྲེལ་གསུམ་བསྒྲིགས་བཞུགས་ཁང་རྣམ་རྒྱལ་མཆོད་རྟེན། སངས་རྒྱས་དབོན་གྱི་ཚེམས་འཕེལ་གདུང་བཞུགས་ཁང་པད་སྤུངས་མཆོད་རྟེན། རྗེ་ཉི་མའི་ཚེམས་འཕེལ་གདུང་བཞུགས་ཁང་རྣམ་རྒྱལ་མཆོད་རྟེན། འཇམ་དབྱངས་ཀུན་དགའ་སེང་གེའི་ཚེམས་ལས་བྱོན་པའི་དུང་དཀར་གཡས་འཁྱིལ་བཞུགས་ཁང་རྣམ་རྒྱལ་མཆོད་རྟེན། རྒྱལ་བའི་དབང་པོ་སྐུ་སོགས་གཡས་པ་ལས་བྱོན་པའི་འཕགས་པ་ཁ་སརྤ་ཎི་བཞུགས་ཁང་བྱང་ཆུབ་མཆོད་རྟེན། ཡང་རྒྱལ་བའི་དབང་པོའི་ཚེམས་གསུམ་དང་འཕེལ་གདུང་གསུམ་ལ་བཞུགས་ཁང་མཆོད་རྟེན། པད་སྤུངས། དབྱེན་འདུམ། བྱང་ཆུབ་མཆོད་རྟེན། ངག་དབང་ཆོས་ཀྱི་རྒྱལ་པོའི་ཚེམས་དུང་གཡས་འཁྱིལ་གསུམ་ཚོགས་སུ་བྱོན་པ་བཞུགས་ཁང་རྣམ་རྒྱལ་མཆོད་རྟེན། འཇམ་


TNT23_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་ཆོས་ཀྱི་གྲགས་པའི་ཚེམས་ལ་དུང་དཀར་གཡས་འཁྱིལ་གཅིག་བྱོན་པ་བཞུགས་ཁང་དབྱེན་འདུམ་མཆོད་རྟེན། འཇམ་དབྱངས་ཆོས་ཀྱི་གྲགས་པའི་ཚེམས་འཕེལ་གདུང་བཞུགས་ཁང་རྣམས་རྣམ་རྒྱལ་མཆོད་རྟེན། ཕལ་ཆེར་རྗེ་འབྲུག་པ་རིན་པོ་ཆེ་ངག་དབང་ཆོས་ཀྱི་རྒྱལ་པོས་བཞེངས་པར་འདུག །དྲུག་ཙམ་ད་ལྟར་འཚོ་ཞིང་གཞེས་པའི་རྒྱལ་སྲས་དབོན་གྱིས་བཞེངས་པ་དེ་དག་ཀྱང་བུམ་པ་གསེར་ལྗང་བརྡུངས་ལ་གཡུ་དང་མུ་ཏིག་གི་ཕྲ་ཚོམས་བང་རིམ་དང༌། བྲེ་དངུལ་དཀར། སེང་ཁྲི་གསེར་ཟངས། གདུགས་སྤོས་ཤེལ་ལས་བསྲུབས་པ། ཕྱི་ལྗང་གསེར་གྱི་དྲྭ་མིག་གིས་བསྐོར་བ། ཆེ་ཆུང་རྗེ་འབྲུག་པ་རིན་པོ་ཆེའི་ཕྱག་ཐོ་རེ་མ་ཡིན་ཏེ་ཁྲུ་ཚད་ཀྱིས་རྐང་གང་བ་རེ་འདུག་གོ །ཞར་ལ་འགྲོ་བའི་མགོན་པོའི་སྤུར་ཁང་རྡོ་ལ་འཁྲུངས་པའི་ཨཱ་གཉིས། ཧྲི་གཅིག་བཞུགས་ཁང་ཟིའུ་ལྷ་ཁང༌། སངས་རྒྱས་དབོན་གྱི་ཕྱག་རྗེས་རྡོ་ནག་ལ་བྱོན་པ་བཞུགས་ཁང་ཟིའུ་ལྷ་ཁང༌། རྣལ་འབྱོར་ཆོས་འབྱུང་གི་དབུ་ཐོད་ལས་ཨཱཿཧཱུྃ་གསལ་བར་བྱོན་པ་བཞུགས་ཁང་རྒྱ་ཕིབས་ཏོག་དང་བཅས་པ་ལྗང་སེར། རྒྱ་གར་རྡོ་རྗེ་གདན་གྱི་བཀོད་པ་བྱང་ཆུབ་ལྗོན་ཤིང་ལས་གྲུབ་པ་བཞུགས་ཁང་རྒྱ་ཕིབས་ཏོག་དང་བཅས་པ་འགྲོ་བའི་མགོན་པོ་ཞལ་བཞུགས་པའི་ཐུགས་དམ་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པ་ཡུམ་དང་བཅས་པ་བཞུགས་ཁང་ཟིའུ་ལྷ་ཁང༌། པཎ་ཆེན་ཤཱཀྱ་ཤྲཱིའི་ཐུགས་དམ་རྡོ་རྗེ་རྣལ་འབྱོར་མ་བཞུགས་ཁང་ཟིའུ་ལྷ་ཁང༌། ན་རོ་པའི་ཕྱག་མཁར་


TNT23_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ཤིང་ནག་པོ་སོགས་སོ། །གང་དར་བའི་བསྟན་པ་ཁྱད་པར་དུ་འཕགས་པ་ནི། ཤིན་ཏུ་རྨད་དུ་བྱུང་བའི་རྒྱུད། བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་ཞེས་བྱ་བ་ཇོ་བོ་ན་རོ་པའི་ཁྱད་པར་གྱི་ཆོས་སུ་གྲགས་པ་རྗེ་བཙུན་མར་པས་བསྲེ་བ་དང་འཕོ་བ་མ་གཏོགས་པའི་ཁྱད་ཆོས་བརྒྱ་དང་རྩ་བརྒྱད་ཤེས་གསུངས་པའི་གཞུང་བཀའ་ཡང་དག་པ་ཞེས་གཙང་པ་རྒྱ་རས་ཀྱིས་གཏེར་ནས་བཞེས་པའི་ཆོས་སྐོར་ཟབ་མོ་རྣམས་དང༌། འཆད་ཚུལ་ལས་བླ་མེད་ཀྱི་རྒྱུད་སྡེ་བརྒྱ་ཕྲག་གཅིག་གི་ལམ་རིམ་བརྒྱ་ཕྲག་གཅིག་གི་ཁོངས་སུ་གནས་པ་དང༌། དཔལ་འཁོར་ལོ་སྡོམ་པའི་མན་ངག་སྙན་རྒྱུད་ནོར་བུ་སྐོར་གསུམ་ཞེས་གྲགས་པའི་ཁྱད་པར་ཅན་དེ་དང༌། ཀྱེའི་རྡོ་རྗེ་རྫོགས་རིམ་འབྱུང་བར་རོ་སྙོམས་ཞེས་གྲགས་པ་དང༌། ཕ་རྒྱུད་གསང་བ་འདུས་པའི་མན་ངག་རིམ་ལྔའི་ཁྲིད།(འདི་མར་པའི་ཐུགས་རྒྱུད་ལ་མངའ་བའི་རྫོགས་རིམ་བརྒྱ་རྩ་བརྒྱད་ལས་གསང་འདུས་རིམ་ལྔ་མར་ལུགས་འདི་ཤིན་ཏུ་ཟབ་སྟེ་མར་པ་ལོ་ཙཱའི་གསུང་ལས་རིམ་ལྔར་དམར་ཁྲིད་མ་གཏོགས་པའི་ཞེས་གསུངས) མ་ཧཱ་མ་ཡའི་རྣལ་འབྱོར་པ།(གསུང་མགུར་འདྲ)(གདན་བཞི་པ་ལ་རྫོགས་རིམ་ཆུ་ཤིང་སྙེ་མ་)(མར་ལུགས་ཀྱི་དམར་ཁྲིད་བརྒྱ་རྩ་)(མར་ལོའི་གསུང་ལས་ཁྲིད་ཆེན་བརྒྱ་དང་རྩ་བརྒྱད་ཤེས་གྲོགས་སྒོམ་ཆེན་ཚོགས་ཀྱང་ད་རེ་བྲོད་)དང་དཔལ།(ནུབ་ཕྱོགས། ཨོ་རྒྱན་ཡུལ་དུ་གྲུབ་ཐོབ་ཨོ་རྒྱན་པས་ཡེ་ཤེས་མཁའ་འགྲོ་ལ་དངོས་གྲུབ་གསན་པའི་) དུས་ཀྱི་འཁོར་ལོའི་མན་ངག་རྡོ་རྗེ་གསུམ་དང་རྡོ་རྗེ་བཞིས་བསྙེན་སྒྲུབ་སྦྱོར་བ་ཡན་ལག་དྲུག་རྒྱས་བསྡུས་ཀྱི་བཞག་པ་དང་


TNT23_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་འདུས་པ་དང༌། སམ་བྷཱུ་ཊི་ལས་བྱུང་བ་ལམ་ཟབ་བླ་མར་བསྒྲུབས་པ་མདོ་རྒྱུད་གཅིག་ཏུ་བསྲེ་བ་རྟེན་འབྲེལ་གྱི་སྐོར། གྲུབ་པ་སྡེ་བདུན། སྙིང་པོ་སྐོར་དྲུག་ལ་སོགས་པའི་མན་ངག་གི་སྙིང་པོ་ཕྱག་རྒྱ་ཆེན་པོ། ཆོས་རྗེ་ཉིད་ཀྱི་གསུང་ཟིན་བྲིས་ལས་འཕྲོས་ནས་སྟོད་འབྲུག་ལ་གྲགས་པ་ཁྲིད་ཆེན་བརྒྱད། སྨད་འབྲུག་ལ་གྲགས་པ་ཐུབ་པ་ལྔ། བར་འབྲུག་ལ་གྲགས་པ་དགེ་སྦྱོར་བདུན་པ། གཞན་ཡང་བདེ་དགྱེས་ལ་སོགས་པ་རྒྱུད་འགྲེལ་དབང་དང་བཅས་པ། གསང་བ་བསྟན་པ་དང་དངོས་གྲུབ་འབྱུང་བའི་རྒྱུད་ལ་སོགས་པའི་རྗེས་སུ་འབྲང་ནས་སྒྲུབ་ཐབས་ལེགས་ཚོགས་བཅས་པའི་གདམས་ངག་ཐམས་ཅད་ཀྱི་གང་ཟག་ཅིག་ཅར་བ་དང༌། ཐོད་བརྒལ་བ་དང་རིམ་གྱིས་པ་རང་རང་གིས་རྡོ་རྗེ་འཆང་གི་ས་ཆ་བཀྲའི་བར་མཛད་པ་ཡིན་ཏེ། དེ་ལྟར་ཡང་རྒྱལ་དབང་ཆོས་རྗེས་ཆོས་ཟབ་དགུ་འདུས་པའི་ཕོ་བྲང་ལ་འབྲུག་དང་ར་ལུང་མི་ཟེར་རམ་ཞེས་གསུངས་ཤིང༌། སྐྱེས་བུ་གསུམ་གྱི་ལམ་དྭགས་པོའི་ཆོས་བཞི་ཞེས་གྲགས་པ་དག་ཀྱང་སྣང་ངོ༌། (འདིའི་འགབ་ཏུ་མར་པའི་གསུང་མགུར་འབྲི) །དེ་ལས་འོངས་པའི་རྒྱུད་པ་ཁྱད་པར་དུ་འཕགས་པ་ནི། དེ་ལྟ་བུའི་ཆོས་ལུགས་འདི་དག་ཀྱང་རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར་དུ་བརྒྱུད་པ་མ་ཆད་ཅིང༌། གཞན་ལ་མ་བལྟོས་པས་ན། ཕ་རྗེས་བུས་ཟིན་པ་ཤ་སྟག་སྟེ། རྒྱལ་དབང་ཆོས་རྗེ་སངས་རྒྱས་ཀྱི་དགོངས་པ་བཅོས་མ་མ་ཡིན་པ་ཟབ་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་སུམ་དུ་ངོ་སྤྲོད་པར་བྱེད་པ་རྟོགས་པ་དོན་གྱི་དབང་ཆོག་སེམས་ལ་བསྐུར་བས། སྣང་སྲིད་སྐུ་གསུམ་གྱི་རྒྱལ་སྲིད་ལ་དབང་བསྒྱུར་བའི་རྒྱུད་


TNT23_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཟམ་མ་ཆད་པའི་དབང་གིས་ཆུ་བོ་གཞུང་མ་ཉམས་པ་སོགས་རྒྱུད་པ་འདི་ཡང་རྒྱ་གར་ཡུལ་དབུས་སུ་བྲམ་ཟེ་ས་ར་ཧ་ནས་བརྩམས། ལཱུ་དྲིལ་ནག་སོགས་དང༌། ནུབ་ཕྱོགས་ཨོ་རྒྱན་ཡུལ་དུ་ཕྱག་རྡོར་སྤྲུལ་པ་དྲང་སྲོང་འགྲོ་བ་དབུགས་འབྱིན། རྒྱལ་པོའི་བུ་མོ་རོལ་བ་མོ་ནས་སློབ་དཔོན་ལཱ་ཝ་པའི་བར་དང༌། རྒྱ་གར་ལྷོ་ཕྱོགས་སུ་ཀླུ་སྒྲུབ། ཤ་ཝ་རི་དབང་ཕྱུག་སོགས་དང༌། ཤར་ཕྱོགས་སུ་སློབ་དཔོན་ཏི་ལླི་པ། བྱང་ཕྱོགས་སུ་ན་རོ་པ་སྟེ་རྒྱ་གར་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་ཕལ་ཆེ་བ་ལ་བརྒྱུད་པ་ཁོ་ནར་སྣང༌། བོད་དུ་མར་པས། རྗེ་བཙུན་ལ། བུ་སློབ་མ་བས་ཀྱང་ཡང་སློབ་བཟང༌། །ཉིང་སློབ་ནམ་མཁའི་མཐའ་དང་མཉམ། །ཞེས་ལུང་བསྟན་པའི་བུ་ནི་རྗེ་ཟླ་འོད་གཞོན་ནུ་དང༌། རྗེ་བཙུན་རས་ཆུང་པ་ལ་སོགས་པ་སློབ་མ་ནི་རྗེ་སྒམ་པོ་པ་དང༌། དཔལ་ཕག་མོ་གྲུ་པ། དབུ་ལོ། ལོ་གསུམ་ལ་སོགས་པ་དང༌། ཡང་སློབ་ནི་གྲུབ་ཆེན་གླིང༌། འབྲི་སྟག །ཚལ་པ། གཡའ་བཟང་པ། ཁྲོ་ཕུ་ལ་སོགས་པར་གྱེས་པ་རྣམས་སོ། །ཉིང་སློབ་ནི་ཆོས་ཀྱི་རྒྱལ་པོ་གཙང་པ་རྒྱ་རས་པ་སྟེ་འདི་ལས་སྟོད་འབྲུག་གནམ་གྱི་སྐར་མ་ལྟ་བུ། སྨད་འབྲུག་སའི་དྲེགས་པ་ལྟ་བུ། བར་འབྲུག་དབུ་ཆེ་ཉིས་སྟོང་བརྒྱ་ལས་རྒྱུད་པ། སངས་རྒྱས་དབོན་ནས་གདན་ས་རྒྱུད་དེ་བཞིར་གྱེས་ཤིང༌། འདིའི་བསྟན་པས་བྱ་རྒོད་ཀྱི་ཉིན་ལམ་བཅོ་བརྒྱད་ཁྱབ་པར་གྲགས་སོ། །དེ་འཛིན་པའི་སྐྱེས་བུའི་ཁྱད་པར་འཕགས་པ་ནི། གཙང་པ་རྒྱ་རས་ཀྱི་རིགས་ཀྱི་ཆེ་བ་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོ་


TNT23_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་དུས་རྒྱ་ནག་ཡུལ་ནས་ཇོ་བོ་སྤྱན་འདྲེན་པའི་གྱད་མཆོག་གཉིས་འོངས་པའི་མིང་ལྷ་དགའ་དང་ཀླུ་དགའ་གཉིས། ལྷ་དགའི་དབོན་སྲས་ལས་རིམ་རྒྱུད་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་རྒྱ་སང་ཤི་དང༌། གསལ་སྣང་ཞེས་ཆོས་བསྒྱུར་བའི་ཆེད་དུ་དཀའ་ལས་མཛད་པས་རྒྱལ་པོའི་ཐུགས་ལ་གཅེས་(གཅེས་པའི་མིང་སྦ་ཞེས) བཏགས་སོ། །སྦ་གསལ་སྣང་རབ་ཏུ་བྱུང་ནས་བསམ་ཡས་སུ་མཁན་པོའི་དངོས་ཀྱི་གདན་ས་མཛད། བོད་རྒྱལ་པོའི་བླ་མར་གྱུར། སང་ཤིའི་ཚ་བོ་ཁྲི་རལ་གྱི་དུས་སུ་རྒྱ་འཇམ་དཔལ་གསང་བ་ཞེས་གྲགས་པས། སློབ་དཔོན་ཆེན་པོ་པདྨ་ལ་སོགས་པ་ལ་གཏུགས་ནས་རིགས་སྔགས་འཆང་ཐམས་ཅད་ཀྱི་རྩེ་མོར་ཐོན་པ་བྱུང༌། དེས་མྱང་སྟོད་དུ་དཔལ་སྐྱེགས་ཀྱི་སྐྱེ་གནས་བཏབ་པས། ད་ལྟ་གནས་རྙྀང་དུ་གྲགས་པ་འདི་ཡིན། དེ་ནས་དུས་ཀྱི་དབང་གིས་དབོན་སྲས་སྟག་ཚལ་དུ་འཕོས། དེ་ནས་བསྟན་པ་ཕྱི་དར་གྱི་དུས་སུ་རྒྱ་བརྩོན་འགྲུས་སེང་གེ་ཞེས་བྱ་བ་མཁས་པ་ཇོ་བོ་རྗེ་བོད་དུ་གདན་འདྲེན་པ་པོ་དེ་བྱུང་བ་ཡིན་ནོ། །དེའི་དབོན་སྲས་ཁུ་ལེར་འཕོས་པའི་རྒྱུད་དུ་ཆོས་རྗེ་འདི་འཁྲུངས་པ་ཡིན་ནོ། །དེ་ཡང་གུ་རུ་ཆོས་དབང་གི་གཏེར་མ་སློབ་དཔོན་པདྨ་དང་ཁ་རིའི་ཞུས་ལན་དུ་ས་རལ་ཞེས་པའི་ལུང་གསུམ་མདོར། (ས་རལ་གྱི་འོག་འདི་ན་ར་ཤག་བོན་ཅེས། ཐང་ཡིག་ལས་ར་ཤག་བོན་པོ་མདོས་ལ་མཁས་པ་འབྱུང་ཞེས་ལུང་བསྟན་པའི་འཁྲུངས་ས་སྟོང་གོག་གཅིག་ཡོད) ནོར་བུ་འཛིན་པའི་སྤྲུལ་པ་ཞིག་ཕ་བོང་ཤོ་འདྲའི་ཁ་ནས་ཆོས་འཆད་རྩོམ་ཞེས་སྤྱན་རས་གཟིགས་ཡིན་པ་དང༌། རཏྣ་གླིང་པ་


TNT23_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

དང་པདྨ་གླིང་པའི་གཏེར་ཡིག་ཏུ་སློབ་དཔོན་གྱིས་ན་རོ་པཎ་ཆེན་སྒྱུ་མའི་གར་བསྒྱུར་བས། གཙང་པ་རྒྱ་རས་འབྲུག་དང་ར་ལུང་དུ་འབྱོན་ཞེས་གསུངས་ཤིང་ཆོས་རྗེ་བརྟེན་རས་པ་ལས་ཕྱིས་བསྟན་པ་ལ་ཕན་པར་དགོངས་ནས་བསྙེན་པར་རྫོགས་པའི་དུས་སུ་བླ་མ་ཞང་གཡུ་བྲག་པས་ན་རོ་པཎ་ཆེན་གྱི་སྐྲ་གཅོད་མཁན་ང་མིན་པ་སུ་ཡོད། ཅེས་རྒོད་མ་དཀར་མོ་བཞོན་ནས་བརྒྱུགས་པ་དང༌། གྲུབ་ཆེན་གླིང་གི་ཐོལ་གྱི་གནས་སྟོད་དུ་དཔྲལ་བའི་དཀྱིལ་ན་མདོངས་གཅིག་ཡོད། །མདོངས་དེ་གླིང་ཆེན་རས་པ་ཡིན། །མདོངས་ཀྱི་དཀྱིལ་ནས་འཁྱུག་ཅིག་བྱུང༌། །འཁྱུག་སྟེ་ན་རོ་པཎ་ཆེན་ཡིན། ཞེས་ན་རོ་པར་ལུང་བསྟན་པ་དང༌། ཆོས་རྗེ་ཉིད་ཀྱིས་ཀྱང་དེ་ལྟར་ཞལ་གྱིས་བཞེས་པ་ཡིན་ནོ། །དེ་ལྟ་བུའི་དབོན་རྒྱུད་ལ་གདན་རབས་བརྒྱད་ཅུ་རྩ་བཞིའི་བར་དུ་བྱུང་ཞིང༌། དེ་དག་གི་བསྟན་པ་ཉག་ཕྲ་བའི་སྐབས་སུ་སྔར་རྒྱལ་དབང་རྗེ་བྱོན་པ་ལྟ་བུ་ཆོས་རྗེ་རང་གི་སྤྲུལ་པ་དགུ་བྱུང་བ་ཡིན་ཏེ། ཆོས་རྗེའི་ཞལ་ཆེམས་སུ། འདིར་ཡང་གདུང་གསོབ་བརྒྱད་ཅུ་རྩ་བཞི་དགུས། བླ་མའི་གདུང་འཛིན་བསྟན་པ་རྒྱ་ཆེར་འགྱུར། ཞེས་གསུངས་པས་སོ། །དེ་ལྟར་བརྒྱད་ཅུ་རྩ་བཞི་པོ་ཐམས་ཅད་ཀྱང་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཤ་སྟག་འབྱུང་བ་ཡིན་ཏེ། རྒྱ་འཇམ་དཔལ་གསང་བས། ས་བྱང་ཕྱོགས་བོད་ཀྱི་ཞིང་ཁམས་སུ། །ང་ཐུགས་རྗེ་ཆེན་པོ་རྒྱུད་པ་ལ། །ཁྱད་པར་ལྷ་ཡི་རྣམ་འཕྲུལ་ནི། །བཅུ་ཕྲག་བརྒྱད་ཀྱི་བར་དུ་འབྱུང༌། །ཞེས་དེ་ཉིད་ཀྱི་དབོན་རྒྱུད་ལ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་བརྒྱད་ཅུ་དངོས་སུ་གསུངས་ཤིང༌། །བཞི་ཞར་གྱིས་བསྟན་ནོ། །


TNT23_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་སྐྱེས་བུ་དམ་པ་འབའ་ཞིག་སྟོན་པ་པོར་གྱུར་པའི་ཉན་པ་པོའི་སློབ་མ་དག་ཀྱང་ཟབ་མོའི་ཆོས་ལ་མི་སྐྲག་ཅིང༌། སྐལ་པ་དང་ལྡན་པ་ལ་རྣམ་པ་ཐ་དད་ཀྱང་རང་བཞིན་གཅིག་པ་རྡོ་རྗེ་སློབ་དཔོན་དང་རྒྱུད་གཅིག་པ་ལྟ་བུས་འཁོར་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ནང་ནས་རྡོ་རྗེ་སློབ་དཔོན་གྱི་བཀའི་གནང་བ་ཐོབ་ཅིང་གསུང་གི་མཛོད་འཛིན་པ་ལ་ཕྲ་རགས་གོང་དུ་དངོས་སམ། །སྦས་པའི་གྲུབ་ཐོབ་རེ་དང་ཕྱོགས་སུ་འགྲན་ཟླ་མེད་པའི་བསྟན་པའི་གསལ་བྱེད་རེ་འབྱུང་ཞེས་གཏམ་དུ་གྲགས་སོ། །ཚུལ་ཇི་ལྟར་བཟང་བ་ཁྱད་པར་དུ་འཕགས་པ་ནི། དེ་ལྟ་བུ་ཉན་བཤད་མཛད་པའི་སྐྱེས་བུ་དམ་པ་དེ་དག་གི་དང་པོར་བླ་མ་དམ་པ་ལས་ལེགས་པར་ཐོས། དེ་ཉན་པའི་མདོ་ཉིད་དུ་སེམས་དཔའ་དང་སྒོམ་པ་ཁོ་ནས་དུས་འདའ་བའི་མཐུ་དཔལ་གྱིས་བསྟན་པའི་སྙིང་པོ་བཀའ་བརྒྱུད་ཀྱི་སྒྲུབ་པའི་ངེས་པ་ལ་གཞོལ་བས་ཁྱད་པར་དུ་འཕགས་སོ། །འཇིག་རྟེན་དབང་པོའི་སྤྲུལ་པས་བྱིན་བརླབས་པས། །མཆོག་གཟིགས་མང་པོའི་རིམ་པར་འབྱོན་པའི་ཞིང༌། །གདན་ས་ཆེན་པོ་ར་ལུང་མཐིལ་ཞེས་པ། །ལྷ་མིའི་མཆོད་སྡེ་ཆེན་པོ་ཡིད་འོང་འདིའོ། །དེས་ན་འདི་ལ་མཐོང་ཐོས་རེག་དྲན་པའི། །འབྲེལ་བས་སྦྲེལ་རྣམ་དག་པའི་སྐྱོ་ཐང་གི །སྔོན་ལས་ཀྱིས་འཕངས་དེ་དེ་ནས་དྲངས་ནས། །མཐོ་རིས་སུ་བཅུག་ཐར་པ་འདྲེན་གྱུར་ཅིག །གཙང་པ་རྒྱ་རས་འབྲོག་ཁུ་ལེ་མཐིལ་ལྡིང་དུ་འཁྲུངས། (ས་རལ་རྒྱ་གྲོང་གི་ལྷོ། འབྲོག་ལྷས་གན་ལོག་ཞེས་ར་ལུང་ནས་ཉིང་ར་ལ་འགྲོ་ལམ་ལ་ཡོད། འབྲོག་པ་སྐྱས་སྐྱེད་ཁར་གྲོད་ཕུར་


TNT23_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུངས། མ་འཇིགས་པས་བསྐྱུར་ནས་བཞག །ན་མཐིལ་དུ་སླེབས་པ་དང་ཨ་ཁུ་མ་མཛེས་ཀྱིས་ཁྱོད་ཀྱི་སྐྱེ་རྒུ་གར་སོང་སྨྲས་པས། གྲོད་པུར་སྐྱེས་པར་འཇིགས་ནས་བསྐྱུར་ཚུལ་སྨྲས་པ་དང༌། ཨ་ཁུས་ཆོས་གསུངས་པའི་ཕ་བོང་ཤོ་འདྲ་ནི་ས་རལ་སློབ་དཔོན་བྱང་བ་ཞེས་གྲོང་སྔགས་ཤིག་གི་ཁང་པའི་བྱང་བ་སྐྱོར་ན་ཡོད་དོ། །སྒོ་བཞི་དང་ར་ལུང་གི་བར་ལུང་དམར་གྱི་ཤར་ན། གཡུ་ཐོག་ཤེས་པ་རྒྱ་བྲག་རྐང་འཕྲང་གི་ནད་སོས་པའི་གཏང་རག་ཏུ་བུད་མེད་མགོ་རྒྱན་མའི་རོ་ཕུལ་བའི་དེའི་རྒྱུ་མཚན་གྱིས་གཡུ་ཐོག་ཅེས་ཡོངས་སུ་གྲགས་པ་དེ་ཡོད། ལུང་དམར་གྱི་འོག་གཞིས་སྡོད་ཅེས་པ་ན་བོན་བོའི་གྲུབ་ཐོབ་ཀུན་བཟང་གི་སྤྲུལ་པ་ལྷ་རྗེ་བར་སྒོམ་ཞིག་པོ་ཞེས་ཨ་དཀར་གྲུབ་ཐོབ་ཀུན་བཟང་ཨ་བསྐོར་གྱི་རྒྱུད་པའི་ཆུ་མགོ་གངས་ཐུག་སྐུ་འཇའ་ལུས་སུ་གྲུབ་པ་དེ་འཁྲུངས་པ་གླང་རོ་གང་པ་ཕུག་ཅེས། བོན་པོ་མདོ་ཁམས་ནས་ཀྱང་མཇལ་མི་ཡོང་གི་འདུག །རི་ཤིང་པ་དང་སྨན་རི་བ་འཇའ་དར་སྡིང་པ་སོགས་ནས་མཇལ་མཁན་ཡོང་བར་འདུག)ར་ལུང་གི་ཆོས་གཞིས་ར་ཐང༌། (དགེ་བའི་བཤེས་གཉེན་ར་ཐང་བ་ཞེས་གཙང་པ་རྒྱ་རས་རབ་ཏུ་བྱུང་བ་ཡིན་ཀྱང་ཟེར་)གི་ཐད་ཀྱི་ལྷ་རིའི་རྒྱབ་ན་འུ་བྲག་ཅེས་པའི་ལུང་པར་ཕ་དམ་པ་སངས་རྒྱས་དངོས་ཀྱི་སློབ་མ་སྒོམ་པ་དམར་སྒོམ་ལ་ཆིག་ཆོད་གསུམ་གྱི་གདམས་པ་སོགས་གནང་བའི་གྲུབ་ཐོབ་དམར་སྒོམ་པ་ཁྱད་པར་ཅན་བྱུང་བ་དེའི་དགོན་པ་ཡོད། འདི་ཉིད་གོང་དུ་སྒོམ་པ་ལྟར་ཡིན་ཅིང༌། དམར་སྒོམ་གྱི་མཚན་གཞོན་ནུ་ཤེས་རབ་ཉེ་གནས་ཁྱད་པར་ཅན་དགེ་བཤེས་ངང་པ། འུ་བྲག་གི་ཤིང་རྣམས་ལྷོ་ནས་ཆག་གི་བརྡུངས་པས། ཕུ་ཁྲོལ་ལ་ཁྲོལ་སྒྲ་དང་བཅས་


TNT23_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

བབས་པས་ཁྲོ་ལར་གྲགས། དམར་སྟོང་སྟོང་ཕྲག་བརྒྱད་པ་ལ་གྲྭ་པ་ཉིས་སྟོང་བརྒྱད་བརྒྱ། པོད་ཏི་ཉིས་སྟོང་བརྒྱད་བརྒྱ་མཉམ་པར་བྱུང་བས། དེ་གཉིས་གང་རུང་ཞིག་མང་ཡང་བསྟན་པ་འཕེལ་བ་ཡོང་འདུག་པ་ལ། རྟེན་འབྲེལ་འཕྱུགས་པས་དར་པོ་མ་བྱུང༌། བདེ་མཆོག་གི་ལྷ་སྐུ་བརྒྱ་ཁྱེའུ་ལོ་བརྒྱད་ཀྱི་ཚད་ཙམ་བཞུགས་ཤིང༌། དགོན་པ་གཅིག་ལ་གསུང་རབ་འདི་ལས་མང་བ་མི་འདུག་ཅེས་གྲགས། དམར་སྒོམ་ལ་བོན་པོ་ཞིག་གིས་ཆགས་སྡང་བདུད་ཀྱི་བསྡུས་པས་རྒན་མོ་ལ་གཡུ་བྱིན་ཏེ་གསོལ་བ་ངན་པ་ཞུས་པས་མཁྱེན་ཏེ་མི་ལ་ངང་ཚུལ་མཐུན་པར་ཕྱིས་ཏེ། ཉིང་རོ་སྣ་ཐོད་ཀྱི་སྨན་ཆུ་མཁའ་འགྲོས་ལུང་བསྟན། སློབ་དཔོན་གྱིས་སྨན་ཆུ་བརྒྱ་རྩ་སྦས་པ་གཏེར་ནས་བཏོན། སྨན་ཆུ་འདི་ཁྱད་པར་དུ་དུག་ལ་ཕན་པ་གསུངས་སོ། །ཕྱིས་སྙུན་གཞི་ལས་གྲོལ། རྣམ་གྲོལ་གྱི་ལམ་ལ་གཤེགས་སོ། །གསེར་འབྲུ་སེང་གེ་རྩེ་བས་གདན་དྲངས། ལྷ་ཁང་ཆེན་པོའི་དབུ་རྩེ་བཞུགས། ཆོས་སྐྱོང་དང་གཞིས་བདག་གི་འཁུ་བཟློག་གི་སེར་བ་ཤོར། སེང་གེ་རྩེ་པ་གདུང་རབས་ཆད་པ་འདི་པས་ལན་པ་ཡིན་ཀྱང་ཟེར་རོ། །ལྷ་ཁང་ནང་ན་(བླ་མ་བྲན་གྱི་དགོན་པ་སྐྱིད་ཁུང་ཟེར་བ་འདི་གཞིས་སྡོད་པར་སྒོམ་འཁྲུངས་པའི་འོག་ཆུ་ཚན་དང་ཉེ་བ་ན་ཡོད་ཅིང༌། ཆུ་ཚན་འདི་ཉིད་ཀྱང་ཕོ་རོག་རྐང་ཆག་གིས་རྙེད་ཅིང༌། བླ་མ་བྲན་དོན་མཐའ་བྲལ་གྱི་གྲུབ་པས་ཁྱད་པར་རྐང་པའི་ནད་ལ་ཕན་ཅིང༌། ཟམ་གདོང་གི་གད་པ་འབྲུ་གསུམ་གྱི་གནས་གོག་འདིར་ཤོ་སྒམ་བསྡུས་ཅིང་ལྷ་ས་དང་ལག་སྤྲེལ། ཁྱད་པར་ར་ལུང་པ་ལ་ཤིན་ཏུ་གནོད་པ་འབྱུང༌། འབྲུག་པའི་བསྟན་པ། རྒོད་ཀྱི་


TNT23_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་ལམ་བཅོ་བརྒྱད་སྒོ་བཞི་ཚལ་ལམ་ལ་འདུག་པ་ཡིན་ཞེས་དང༌། གཙང་པ་རྒྱ་རས་ཀྱི་དབུ་སྐྲ་ཡང་སྐྱིད་ཁུང་ལྷ་ཁང་གི་ཐེམ་པའི་འོག་ན་མནན་ཡོད། འབྲུག་རིས་རྣམས་རྡོག་པ་མི་རྒྱག །ཕྱི་སྐུ་གཉེར་འབྲུག་པ་ལ་མོས་པས་སྒོ་བྱང་དུ་སྦོས་པས་དད་སྐོར་མི་འགྲོ་ལྷ་ཁང་འདི་ན་བྲན་གྱི་སྐུ་གསུང་བྱོན་མ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ལ་བྲན་མཐའ་བྲལ་དོན་སྩལ་ཞེས་པའི་གསུང་བྱོན་པ་རེ་ཞིག་གོ་བ་མ་བྱུང༌། མདོ་སྨད་དུ་རྟག་ཏུ་ཕེབས་པ་ན་གསུང་དང་མཐུན་པའི་རྟོགས་པ་འཁྲུངས་གསུང་བ་འདུག་མངའ་བདག་ཁྲི་སྲོང་གི་དུས་བྲན་ཀ་མུ་རུ་ཏི། སངས་རྒྱས་གསང་བ་གདན་འདྲེན་མིར་བཏང་བ་མཚོ་མ་ཕམ་ནས་ལོག་བྱོན་པ་དེ་དང་ཁྲི་རལ་གྱི་དུས་བན་ཆེན་པོ་དང༌། བྲན་ཁ་དཔལ་གྱི་ཡོན་ཏན་དང་སྐུ་རུས་ཀྱི་མིང་དུ་འདུག་ཅིང༌། བླ་མ་མི་སྙོན་ཟན་ཆུང་རྒྱ་གྲོང་ཕུ་གསུམ་ན་ཡོད་ཅིང་ཞིང་ལ་ཤྭ་བ་བྱུང་དུས་ལྷ་མོ་དུས་མཚན་མ་ཞིང་ལ་ཤྭ་པ་སྲུངས་ཤོག་གསུངས་པ་དང༌། འུར་རྡོ་རྟོག་གེ་བསྲུང་བ་བྱུང་ཞིང༌། དེའི་སྲས་བྲན་སྟོན་མཐའ་བྲལ་ཞེས་བརྒྱ་སྲན་དམར་གསུམ་ཞེས་ཕུ་ན་བླ་མ་གདུགས་ཐོགས་པ་གསུམ། བར་དུ་བོན་པོ་རྔ་ཐོགས་པ་གསུམ། བར་སྒོམ། གུར་སྒོམ་ད་རེ། གུར་སྒོམ། དགྲ་བོ་སྟེ་བོན་པོ་རྔ་ཐོགས་པ་གསུམ། མདའ་རུ་བཤན་པ་གྲི་ཐོགས་པ་གསུམ། བྲན་སྟོན་མཐའ་བྲལ་གྱི་ཕྱག་ནས་མ་རྨེ་རུ་སྐྱེས་དང༌། རི་བོ་འཛིན། སྤང་ལེབ་འཛིན་ཏེ་གཤན་པ་གྲི་ཐོགས་པ་གསུམ་ཞེས་ཟེར་)བྲན་སྟོན་མཐའ་བྲལ་གྱི་ཕྱག་ནས་མ་གཙོ་བོ་ཐོག་ས་གང་ཙམ་གྱི་དུས་གསུམ་སངས་རྒྱས་དེ་ལ་དེང་སང་སྐྱིད་ཁུང་གི་ཇོ་བོ་ཟེར་ནས་བྱིན་རླབས་ཆེ་ཞིང་ལོ་དུས་ཀྱི་སྐོར་ཆེན་བྱེད། དེའི་འགྲམ་དུ་བྲན་སྟོན་མཐའ་བྲལ་དང༌། དེའི་སྐྱེ་བ་མན་ལུང་གུ་རུའི་སྐུ་མི་ཚད་ཙམ་དང༌། དེའི་ལོགས་བྲིས་ལ་མན་ལུང་གུ་རུའི་རྣམ་ཐར་ཞིབ་བཀོད་པོ་ཊ་ལར་ཕེབས་པ་ཚུན་ཆད་ཐ་གཙང་བལ་རིས་དངོས་ཤིན་ཏུ་གཙང་བ་ཁུངས་ཐུབ་


TNT23_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད། མན་ལུང་བྲན་སྟོན་མཐའ་བྲལ་གྱི་དགོན་པ་ཡིན་ལ། དེང་སང་བྲན་སྟོན་མཐའ་བྲལ་གྱི་དབོན་རྒྱུད་དང་བཅས་པ་མྱང་སྟག་རྩེ་ན་མན་ལུང་ཟེར་བ་དེར་ཡོད་པ་ཡིན། བྲན་སྟོན་གྱི་སྐྱེ་བ་མན་ལུང་གུ་རུས་ཀྱང་དགོན་པ་འདིའི་གདན་ས་མཛད་པས་མིང་མན་ལུང་དུ་ཐོགས་སོ། (མཐའ་བྲལ་གྱི་སྲས་བྲན་ཤེས་རབ་སེང་གེ་ལ་ཡབ་ཀྱིས་ལུང་བསྟན། སྟག་རྩེར་མཚན་ལྡན་གྱི་མཁའ་འགྲོ་མ་བན་བཙུན་གྱི་ཚུལ་དུ་ཡོད་པས་དེས་རྗེས་སུ་བཟུང་དང༌། ངའི་སྐྱེ་བ་ཞིག་འོང་བ་ཡིན་གསུངས། གསུངས་པ་དང་མཐུན་པར་རྗེས་སུ་བཟུང་ནས་སྐུ་ལུས་སྦྲུམ་པ་སྦས་ཐབས་སུ་གཡུང་གི་ཕུ་སྟག་ལུང་དགོན་པར་མན་ལུང་གུ་རུ་སྐུ་འཁྲུངས། གཡུང་བ་རྣམས་དུས་བཟང་ལ་མཇལ། དགུང་ལོ་ཉེར་ལྔ་བཞེས་པ་ལ་མཐོང་སྐོར་གྱི་གནས་རྫོང་འདིས་ར་ལུང་པ་ལ་སོགས་འགྲོ་བ་མང་པོར་གནོད་པ་འདུག་པས་སྐྱེས་གསུངས་པ་ལ་གྲྭ་པས་མ་ཉན་པས་ཐུགས་ངེས་པར་འབྱུང་སྟེ་རྒྱ་གར་ལ་གཤེགས། ཕྱིས་གྲྭ་རིས་དད་པ་ཅན་དང༌། སློབ་མ་ཡོན་བདག་རྣམས་ལ་ཞལ་ཏ་ཐ་ཚིག་གསུངས་ཏེ་སླར་རྒྱ་གར་དང་པོ་ཏ་ལ་རུ་གཤེགས་པ་གདའ། མན་ལུང་ནང་རོལ་སྟག་ཚང་ན་ཡོད་ཅིང༌། བཀའ་བསྲུང་ཀྱང་ཨ་ལྕི་མ་ཞེས་གཤིན་རྗེ་དུས་མཚན་མ། འོད་ཅན་འབར་མ་ཞལ་གཅིག་ཕྱག་གཉིས་མ་གཡས་ཁྲམ་ཤིང་དང༌། གཡོན་ནད་རྐྱལ་དང་ཞགས་པ་བསྣམས་པ་གཅིག་འོང་གི་འདུག །རྗེས་གནང་བཀའ་གཏད་ཞུ་བ་ལ་ཡང་གྲི་རེ་ཕྱག་རྟེན་དུ་འབུལ་གྱི་འདུག་པ་སྐབས་ཤིག་ཏུ་རྒྱུད་པ་ཆད་འདུག་ན། ཞལ་སྔ་ནས་དབྱེ་བ་ཞེས་དགེ་ལྡན་མའི་བླ་མ་ཞིག་གིས་ཁམས་ནས་རྙེད་དེ་རྒྱུད་པ་གསོས་གདའ། ཞིབ་པར་མན་ལུང་གུ་རུའི་རྣམ་ཐར་དུ་གཟིགས་ཤིག) །དེའི་འོག་ཅིག་ན་ཁ་མོ་ཟེར་བའི་དགོན་པ་འདི་ཀ་མ་བའི་ཞང་བུ་གཅིག་པའི་སློབ་མའི་མཆོག་ལུམ་པ་བ་ཡེ་ཤེས་བྱང་ཆུབ་ཞེས་སམ། ཁུ་ལེའི་ཁ་མོ་ཟེའུ་སྟོན་ཞེས་ཀྱང་བྱ། ཆུ་མིག་པ་


TNT23_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ཞེས་གྲགས་པ་མཚན་དངོས་ཤེས་རབ་གྲགས་དང་གཉིས་བྱུང༌། ཁུ་ལེའི་ཁ་མོ་ཟེའུ་སྟོན་པ་ཞེས་བྱ་བ་ཁོང་རྫ་རར་ཟེའུ་རྒྱུད་དུ་འཁྲུངས། (ཟེའུ་པག་ཤི་ནི་སྒོ་བཞི་རྒྱ་རི་གདོང་གི་ཕར་ཐད་ཟེ་ཐང་དུ་འཁྲུངས། དགོན་པ་ཡང་རྒྱལ་རྩེའི་ཆུ་ལྷོ་རིན་ཆེན་གླིང་ན་ཡོད་ཅིང༌། ཆོས་སྐྱོང་ཕྱག་བཞི་པ་རྩེ་འཚུབ་ཤིན་ཏུ་ཆེ་བ་ཡོད་ཅིང༌། ཆུ་མིག་ན་ཟེའུ་རང་གི་སྐུ་གདུང་བཞུགས་པའི་ས་འབུམ་དང༌། གསུང་རབ་མང་དུ་བཞུགས། ཆུ་མིག་ནི་རྩ་བོ་ནང་འབྲེལ་ཡུལ་གྱི་བྱང་ན་ཡོད། འདིའི་ནུབ་ལུང་ཆུང་གླིང་བུ་ན་པཎྜི་ཏ་སྨྲི་ཏིའི་ཕྱག་བཟོ་མ་ཁམ་པ་ལས་གྲུབ་པའི་དཔལ་ཆེན་གྱི་སྐུ་ར་མས་རྙེད་པ། སྨྲི་ཏིས་ལུག་རྫི་མཛད་ནས་ང་རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏ་ཡིན་པས། ལྷ་བཟོ་བརྗོད་དམ་མ་བརྗོད་གཟིགས་ནས་ཕྱག་དལ་དུ་སྒྲུབ་པ་འཇིམ་ཁུང་དུ་སྦས། ཕྱིས་ར་མས་རྙེད་པ་དེ་བཞུགས)འབྲེ་ཤེས་རབ་འབར་ལ་རབ་ཏུ་བྱུང༌། ཁྱུང་རིན་ཆེན་གྲགས་ལ་དབུ་ཚད་དང་སྤྱོད་ཕྱོགས་གསན། རྒྱ་དམར་ས་སྟག་པ་ཁ་ཆེ་ལའང་རྒྱ་ཆེར་གསན། འབྲེ་ལ་ཕར་ཕྱིན་ལོ་དྲུག་གསན། དེ་ནས་དགེ་བཤེས་ལུམ་པ་བ་ལོ་ལྔ་བསྟེན། དེ་ནས་ཤ་ར་བ་ལོ་གསུམ་བསྟེན། དགེ་བཤེས་བྲག་དཀར་བ་ལོ་ཉི་ཤུ་བསྟེན། དེ་ནས་རང་ཡུལ་གྱི་རི་ཤེས་སླས་ཁ་དང་སྲམ་བུ་ལ་སོགས་པར་བཞུགས། དེ་ནས་ཁ་མོ་དགོན་པ་བཟུང་བས་ཁ་མོ་ཟེའུ་སྟོང་དུ་གྲགས། (ཁ་མོ་ནི་ཕྱིས་ཆོས་དབང་གིས་བཟུང་ཡང་དགོན་བདག་རང་བླ་མ་སེ་འབྲེ་བན་དྷེ་ཡིན་ཞིང༌། ཡང་དག་གིས་སྒྲུབ་པ་མཛད་པས་བུམ་ཆུ་ཁོལ་བས་བུམ་པ་བསྣམས་ཏེ་བར་སྣང་ལ་འཕུར་ཏེ་བུམ་ཆུ་ཐིགས་པ་རེ་ལ་ཤུག་པ་རེ་འཁྲུངས། ཤུག་སྡོང་བཅུ་གཅིག་ཡོད་པ་ཕལ་ཆེར་སྐམས། ད་ལྟ་གསུམ་ཡོད། བཅུ་གཅིག་ཡོད་པའི་མཐར་ལྕམ་མོ་ཞིག་ལ་སྐུ་སྒྲེན་མོར་ཡོད་པས་ཞལ་སྐྱེངས་ཏེ་ཕྱིར་


TNT23_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་པས་ཤུག་པས་མ་འཁོར། གོང་དུ་སྨོས་པའི་སྒུར་སྒོམ་སྒྲ་འོད་ཅེས་བོན་པོའི་གྲུབ་ཐོབ་ཕུར་པ་ཟ་ཧོར་དབུ་དགུ་ལ་གྲུབ་པ་བརྙེས་པ་དང་འབྲས་པས་སྒུར་སྒོམ་གྱིས་ཁྱུང་དཀར་ཞེས་པའི་བྲག་རྩ་ནས་ཕུར་པ་གདེངས་པས་སེར་བ་ཕབ་སྟེ་བླ་མ་རང་གི་སྒྲུབ་ཕུག་ལ་འཁྱེར། ཉེ་བསྐོར་གྲོག་པོར་བཏང༌། ཕྱིས་རྒྱུད་འཛིན་མེད་པས་ཡང་དག་གི་དཔེ་རྣམས་ཤོག་དྲིལ་དུ་བསྒྲིལ་ནས་རྫ་མ་གསུམ་བཀང་ཁ་ཡང་དག་ལྷ་དགུའི་དཀྱིལ་འཁོར་རྡོ་གཡམ་ལ་མཚལ་གྱིས་བྲིས་པས་བཅད། གླེགས་ཤིང་རྣམས་ཤ་རྐྱལ་དུ་བཅུག་ནས་ལྷ་མོ་ནམ་གྲུ་མ་ལ་གཏད་དེ་གཏེར་དུ་སྩལ་བ། ཕྱིས་སྔགས་བརྩེགས་པ་གུར་སྒོམ་སྒྲ་བོའི་རྒྱུད་པ་ཞིག་གིས་རྙེད། གཏེར་རྣམས་འཇོལ་ཉོག་ཏུ་བྱུང་པས་མི་ངོ་ལ་གྲོན་ཆད་དང་འཁུ་ལྡོག་ཤིན་ཏུ་ཆེ་བ་བྱུང་བས། གཏེར་ཚབ་ཅི་རིགས་སྦས་འདུག་ནའང་ད་དུང་རྒྱུད་པ་དེ་ལ་སྟོན་དུས་ཀྱི་ཟླ་བ་ལ་བསྐངས་བཤགས་རྒྱས་པ་དགོས་སོ། )དེ་ནས་གཙང་པོ་ནང་དུ་སྟོན་མོ་ཞིག་གི་གྲལ་དབུ་ལ་བྱོན་པས། འདིའི་ཕུ་ན་བསྡད་པ་ལྟར་ཡོད་དྲིས་པས། འདི་ལྟ་བུ་ཡོད་ཟེར་ཆུ་མིག་བཟུང་ངོ༌། །སྣར་ཐང་གི་རྡོར་སྟོན་ཆེན་པོ་ཡང་འདིའི་སློབ་མ་ཡིན་ནོ། །དེང་སང་ཁ་མོ་འདི་གུ་རུ་ཆོས་དབང་གི་གདུང་རྒྱུད་ཀྱི་འཛིན་པ་དེ་གཙུག་ལག་ཁང་གསར་དུ་བཟོས་པ་གཅིག་དང༌། དེར་གུ་རུ་ཆོས་དབང་ལྷོ་སྟོད་ལ་བྱོན་པ་ལ་ཡོན་བདག་དད་པ་ཅན་གཅིག་ཤིན་ཏུ་འཕྲེང་བ་དང་དེ་ལ་ཆུ་འགྲམ་ནས་རྡོ་ལོངས་ཤིག་གསུངས། དེ་ལ་ཞབས་གཉིས་ཀྱི་རྗེས་ཡོད། ནང་མཇལ་ཀྱང་ཁ་ཤས་ཡོད། དགོན་པ་མ་དེ་དཔལ་རྣམ་གྱི་གུར་སྡིངས་ཡིན་ནོ། །དེའི་འོག་ཙམ་ན་སྒོ་བཞིའི་ཡུལ་འདི་ན། (སྒོ་བཞི་ནི་ཤར་སྒོ་ར་ལུང་ཆོས་ཀྱི་སྒོ། ལྷོ་སྒོ་ཉིང་རོ་ཤིང་གི་སྒོ། བྱང་སྒོ་རྡོ་ལྕགས་ལྕགས་ཀྱི་སྒོ། ནུབ་སྒོ་རྒྱ་བྲག་ནས་ཀྱི་སྒོའོ།) མགོན་པོའི་གནས་རང་བཞིན་ལྷུན་གྲུབ་


TNT23_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དོ། །ས་ཡུལ་འདི་ཆོས་འབྱུང་གྲུ་གསུམ་གྱི་དབྱིབས་ས་གྲུ་གསུམ། གནམ་གྲུ་གསུམ། ཆུ་འབབ་གྲུ་གསུམ། ཕྱི་མི་འགྱུར་བའི་རྟགས་ལ་ལྷོ་ཕྱོགས་ཀྱི་རི་ལ་གུར་ལྷ་བརྒྱད་གསལ་བར་བཞུགས་པ། ནུབ་ཕྱོགས་ཀྱི་རི་ལ་བཀྲ་ཤིས་རྟགས་བརྒྱད། བྱང་ཕྱོགས་ཀྱི་རི་ལ་བྱང་ཆུབ་མཆོད་རྟེན། ཤར་ཕྱོགས་ཀྱི་རི་ལ་གཏོར་མ་རུ་གཏོས་རྒྱན་འདྲ། ཟམ་པའི་འཁྲིས་ཀྱི་རི་འཁོར་བཤན་པ་གྲི་ཐོགས་སོགས་ཀྱིས་དབྱིབས་ལ་དགོངས་ནས། ཐོང་ལྕགས་རྫོང་གི་མགོན་ཁང་ན་བདག་ཆེན་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་གཏོར་གཞི་རྟགས་གཏོར་ལས་ཁུངས་ཟེར་བ། (དཔལ་ལྡན་ས་སྐྱ་པ་ལ་མགོན་པོའི་བཀའ་བབས་ཚུལ་ཆེས་མང་ཡང་བསྡུས་ཙམ་བརྗོད་ན། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་སྲུང་མ་ཆེན་པོ། པཎ་ཆེན་ག་ཡ་དྷ་ར་ལས་འབྲོག་མི་ལས་རིམ་པར་བརྒྱུད་པའི་ལྷ་ལྔ་དཔའ་བོ་གཅིག་པ་དང༌། བ་རི་ལོ་ཙཱ་ནས་བརྒྱུད་པའི་མགོན་རྐྱང་དང་ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོ་ནས་བརྒྱུད་པའི་རྐྱང་སྒྲུབ་ལྕམ་དྲལ་སྦགས་ཏེ་སྒྲུབ་པ། སྤྱིར་མགོན་པོ་ཚོགས་བདག་ལྟར་སྒྲུབ་པ། བཀའ་སྡོད་ལྟར་སྒྲུབ་པ། ཕོ་རྐྱང་དུ་སྒྲུབ་པ། མོ་རྐྱང་དུ་སྒྲུབ་པ། ལྕམ་དྲལ་དུ་སྒྲུབ་པ། མཁའ་འགྲོ་ལྟར་སྒྲུབ་པ། གུར་ལྷ་བཅུ་བདུན་མའི་དབང་གི་ལྗགས་ལུང༌། གུར་ལྷ་བརྒྱད་ཀྱི་སྟེང་དུ་སྒོ་མ་བཞི་བསྣན་པས་གུར་ལྷ་བཅུ་གཉིས་ཀྱི་དབང་ཀླུ་སྒྲུབ་ལུགས། གུར་ལྷ་ལྔ་མ་ཞེས་པ་སྐུ་དང་གསུང་ཐུགས་དང་ཡོན་ཏན་དང་འཕྲིན་ལས་ཀྱི་མགོན་པོའི་དཀྱིལ་ཐང་ལ་དབང་བཞི་ལེན་པའི་རྒྱུན་བོ་དོང་པར་ཡོད། ཡོངས་གྲགས་གུར་ལྷ་བརྒྱད་མའི་རྗེས་གནང༌། མགོན་པོ་གུར་ལ་ཕྱི་ཁྲིད་ནང་ཁྲིད། གསང་ཁྲིད་ཕྱི་ཁྲིད་གསུམ། འཁོར་དྲག་རྫོང་མ་ལ་ཡང་ཕྱི་ནང་གསང་གསུམ་གྱི་ཁྲིད། མགོན་པོའི་དབང་ལྔ་མལ་གྲོ་བློ་གྲོས་གྲགས་པ་སྟེ་མལ་ལོ་ཙཱ་བ་ཆེན་པོས་ས་ཆེན་ཀུན་སྙིང་ལ་


TNT23_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

གནང་བ་ནི་རྒྱ་གར་རྡོ་རྗེ་གདན་གྱི་བྱང་སྒོའི་སྲུང་མར་སངས་རྒྱས་ཀྱི་བཀའ་བསྒོས་པའི་རྡོ་རྗེ་གུར་གྱི་མགོན་པོ་དངོས་སུ་བཞུགས། འདྲ་འབག་མགར་ཆོས་དར་སར་སྲུང་བ་ལ་ནམ་མཁའ་ལ་འཕུར་ཏེ་ཕེབས་པར་ཡོངས་ལ་གྲགས་པ་དེ་སྐུའི་རྟེན་དུ་བསྲེ་འབག་ནག་པོ་འཕུར་ཤེས། གསུང་གི་རྟེན་དུ་དར་ནག་ལ་ཤ་ས་ནའི་སྔགས་བྲིས་པ། ཐུགས་རྟེན་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་རྣམས་གནང་ཞིང་ས་ཆེན་དང་བསྲཻ་འབག་གཉིས་ཀར་བཀའ་བསྒོ་མཛད། ཏ་ཐཱ་ག་ཏ། རཀྵི་ཏ། འབུམ་ཕྲག་གསུམ་པ། རི་སུལ་གྱི་རྣལ་འབྱོར་མ་ལས་བརྒྱུད་པའི་གཉན་མགོན་གདོང་བཞིའི་ཆོས་སྐོར། ཞལ་ལ་འཁྲིད་གཉིས། ནག་པོ་ཆེན་པོ་བྱ་རོག་གདོང༌། དཀར་མོ་ཉི་ཟླའི་འཕྲེང་བ་ཅན། བདུད་རྒྱལ་དུར་ཁྲོད་བདག་པོ་སོགས། ས་སྐྱ་པར་བཀའ་བབས་སོ། །ལས་མཁན་པུ་ཏྲ་ལ། གཏེར་ཀ་བ་ནས་བཏོན་པའི་པུ་ཏྲ་ཀོལ་མ། པུ་ཏྲའི་ལས་ཚོགས་ཁ་ཆེ་པཎ་ཆེན་པཎྜི་ཏ་ལ་གནང་བ)ལས་བཞི་མཛད་པའི་ཁུངས་ཡིན་གུར་གྱི་སྐུ་ཐང་དང༌། བདག་ཆེན་རིན་པོ་ཆེ་རང་གི་སྐུ་འདྲ་ཐང་སྐུ་གསོལ་ཕོད་སོགས་ཆ་ཚང་ཡོད། གཟིམ་མལ་ཆས་ཕྱག་རྔ་སོགས་མཐའ་ཚང་བཞུགས་སོ། །སྒོ་བཞིའི་ཆུ་འབབ་པའི་ཕུ་ཉིང་རོར། (ལུང་པ་འདིར་ཕུ་ཤར་ན་བོན་རི་ཁྱུ་ནག་ཞེས་བོན་གྱི་གྲུབ་ཐོབ་ཆེན་པོ་འབྲི་ཁུང་སྤྱན་སྔ་དང་དུས་མཚུངས་བོན་པོ་གཡུང་དྲུང་ཉི་ཤར་བའི་ཡབ་མེས་བྲན་སྟོན་མཐའ་བྲལ་དང་འབྲས་པ་དེ་ཉིང་རོ་ཆུ་བཟང་དུ་བྱོན། འདི་ནི་བོན་ཕྱོགས་ལ་གྲགས་སོ། །དེ་འཁྲུངས་ས་ཡོད་པས་བོན་པོ་རྣམས་ལ་དྲིས་ཤིག) །སྟོད་ལུང་བ་རིན་ཆེན་སྙིང་པོའི་སློབ་མ་ཁྱུང་ཁམས་པ་ཆེན་པོ་ལ་སྟོད་ལུང་པའི་ཞལ་ནས་ཁྱོད་ཀྱི་གདུལ་བྱ་གཙང་ན་ཡོད་པས་དེར་སོང༌། དགོན་པ་ཐོབས་ལ་སློབ་མ་བསྡུས་ལ་བདེན་གཉིས་ཤོད་གསུངས། གཙང་ལ་འབྱོན་ཁར་སྟོད་ལུང་


TNT23_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཞལ་ནས་བདེན་གཉིས་དང་ཁྱུང་ཁམས་གཙང་ལ་བཞུད། བདེན་མི་བདེན་ཕ་བོང་ཕེན་གཡག་ལ་དྲིས་གསུངས། ཕྱག་འཁར་བརྡབས་པས་ཕ་བོང་ཚལ་པར་གས། དེ་ནས་གཙང་ལ་བྱོན་ནས་ཉིང་རོ་ཐལ་བ་ཚལ་དུ་སྡིང་ཕུ་དགོན་པ་བཏབ་པས་དགེ་བཤེས་སྡིང་ཕུ་བར་གྲགས། བདེན་གཉིས་ཆོས་ཚན་བཅུ་གཉིས་སུ་བསྡུས་ནས་གསུངས་པའི་གནས་མཆོག་དམ་པ་ཡང་འདི་ཡིན་ནོ། །གཙང་པ་རྒྱ་རས་ཀྱི་སློབ་མ་དང་པོར་ཆེ་བ་སྤ་རྐྱང་གཉིས། བར་དུ་ཆེ་བ་རྒྱ་འབྲས་གཉིས། ཐ་མར་ཆེ་བ་ལོ་རྒོད་གཉིས་ལས། བར་དུ་ཆེ་བའི་རྒྱ་འབྲས་ཀྱི་འབྲས་མོ་བའི་དགོན་པ་(འབྲས་མོ་དགོན་པའི་མདའ་ན། རྒྱལ་རབས་ན་ལྷོར་སྨྱལ་སྣང་གྲོལ་ལྷ་ཁང་མེའི་ཁ་གནོན་དུ་བཞེངས་ཟེར་བའི་གྲོང་གླིང་རླུང་མཚོའི་ལྷ་ཁང་ཞེས་པ་སྟོང་གོག་ཏུ་སོང༌། ཇོ་བོ་སྐུ་སྟོད་ལི་དཀར། ཕྱག་སེན་རྫི་ཁྱིམ། ལྷ་སའི་ཇོ་བོ་རིན་པོ་ཆེ་ལས་ཆུང་རྒྱུ་མེད་པ་ཁྱད་ཅན། ཉམས་ཅན་རྣམས་འདི་འདྲ་ལུང་ཀྱོག་ཏུ་བཞུགས་པ་ཡ་མཚན། འདི་ལ་དཀར་ཆག་ལོ་རྒྱུས་སོགས་ཡོང་ཐང་ཟེར་བ་མང་བར་གདའ། ད་ལྟ་ཇོ་བཙུན་གྱི་དགོན་པ་འབྲས་མོ་ན་བཞུགས)ཡོད། གཙང་པ་རྒྱ་རས་ཀྱི་སྐུ་ཚིགས་ཉེར་གཅིག་ལ་སྤྱན་རས་གཟིགས་ཉེར་གཅིག་བྱོན་པ། འབྲས་མོ་ཇོ་བཙུན་ལ་གཉིས་ཡོད་པའི་འབྲས་མོ་དགོན་པ་ཚོ་ཟེར་དུས། གཅིག་འབྲས་མོའི་མཆོད་རྟེན་ནང་དུ་བཞུགས། གཅིག་སངས་རྒྱས་ཀྱི་སྐུའི་གཟུངས་བཞུགས་ལ་ཞུགས་པ། དེང་སང་འབྲས་མོའི་ཇོ་བོ་ཟེར། ར་ལུང་བ་ཚོས་ཟེར་དུས། གཉིས་ཡོད་པ་ལ་གཅིག་འབྲས་མོའི་མཆོད་རྟེན་ནང་ན་ཡོད། གཅིག་ལྷོ་


TNT23_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

དགོན་པ་ཡུལ་གྱི་ཡོན་རྫོང་པའི་ལག་ན། དཔོན་གྲགས་པ་ཡེ་ཤེས་ཀྱི་རྟེན་སྐལ་དུ་ཡོད་པ་དེ་ཧོར་རྒྱལ་པོ་ཐོག་གན་ཐེ་མུར་གྱི་ཕྱག་ཏུ་ཡོད་པ། མིང་སྭ་ཁྲབ་ཏུ་གྲགས་པ་དེ་ཡིན། དེའི་འོག་ཙམ་ན་ལུམ་པའི་ཕུ་གྲའུ་ལུང་གི་སྦུག་ན་གྲུབ་ཐོབ་གླིང་རས་ཀྱིས་གཟོང་གིས་བརྐོས་པའི་བྲག་གི་ཕུག་པ་བྱིན་རླབས་ཅན་དེ་ལ་གཟོང་ཆུང་ཕུག་ཏུ་གྲགས། དེ་གྲའུ་ལུང་གི་ཕུ་ན་ཡོད། རྔ་འདོགས་ས་ཆུ་བསགས་ས་སོགས་ཕྱག་གིས་བརྐོས་པའི་ཕུག་པ་ངོ་མཚར་ལ་བྱིན་རླབས་ཆེ་བ་ཡོད། ཆགས་མའི་ལྷོ་ཕྱོགས་ན་ལུང་པའི་མིང་ལ་གཡུ་ཤེལ་རི་དཀར་པོ་གླང་རི་རྒྱལ་ཆེན་རྒྱལ་པོ་གདན་ལ་བཞུགས་པ་འདྲ། རི་འདིར་བཀྲ་ཤིས་རྟགས་བརྒྱད་ཚང༌། སློབ་དཔོན་པདྨའི་བཞུགས་ཕུག་སྒྲུབ་ཁང་ཟེར་བ་ཡང་ཡོད། འདིར་སློབ་དཔོན་པདྨས་རྩ་གསུམ་དྲིལ་སྒྲུབ་གཏེར་དུ་སྦས་པ། གུ་རུ་འཇམ་དབྱངས་བླ་མས་བཏོན་ཏེ། དེའི་ལོ་རྒྱུས་ཟུར་ཙམ་གླེང་བ། གཟོང་ཆུང་ཕུག་གི་མདའ་ན་ཆོས་དབང་རྒྱུད་པས་འཛིན་པའི་གྲའུ་ལུང་ཞེས་པའི་དགོན་པའི་བྲག་ཕུག་ན་སྒྲུབ་པ་པོ་བཞུགས་པས་གཏོར་མ་མ་ཆག་པར་གཏོང་བ་ལ་རྒྱ་ཕྱེད་བྲག་ནག་པ་སྒྲོལ་བྱེད་ནག་པོ་གཏོར་མ་ལ་ཡོང་བ་ལ་འཇམ་དབྱངས་བླ་མས་ཁྱེད་ཀྱི་གཏོར་མས་མགོ་སྐོར་ཞིག་ང་ཡིས་གཏེར་སྦྱིན་[འབྱིན་]ཞེས་བགྲོས་ནས་བྲག་ནག་པ་གཏོར་མགྲོན་ལ་ཡོད་སྐབས་གཏེར་སྩལ་བས། ཁོས་ཟག་བཅས་ཀྱི་མངོན་ཤེས་ཀྱིས་ཤེས་ཏེ། འོད་ཟེར་དེ་མྱུར་བར་ལོག་པས་གཏེར་མཇུག་ལུས་པར་བྱེད། འདི་གསོལ་འདེབས་ལས་བྱང་གི་ཚུལ་དུ་སྒྲུབ་པ་དེ་ཡིན་པར་འདུག །འདི་ལ་ཆོས་ཚན་མང་བར་ཡོད་པར་ཤེས་ཏེ་མ་གྲགས་འདུག །ལྕགས་ཕུར་བྱིན་རླབས་ཅན་ཞིག་ད་ལྟ་གྲའུ་ལུང་ན་ཡོད་པ་འཁྱར་


TNT23_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འགའ་ཞིག་གི་ལག་ཏུ་འཁྱར། གུ་རུ་འཇམ་དབྱངས་བླ་མའི་སྐུ་སྐྱེ་འམ་སྤྲུལ་པ་ཞིག་རྟ་ནག་སྒྲོལ་མ་བ་ལ་འབྱོན་པར་འདུག །རྒྱད་ཕྱེད་གཡུ་ཤེར་གྱི་སོ་བ་ཞེས་པའི་གྲོང་ན་འཇམ་དབྱངས་བླ་མ་འཁྲུངས། ཕྱིས་ཀྱི་གྲོང་དེར་གནས་སྙིང་གི་ཤར་ན་ཆོས་དབང་བརྒྱུད་པས་འཛིན་པའི་བསམ་གཏན་སྒང་གི་དགོན་པ་ཟླ་ཆར་[མདའ་ཕྱར]གྱི་ཕུར་པའི་སྒྲུབ་པ་མཛད་པའི་སྒྲུབ་ཕུག་གི་སྒོའི་རུ་བཞི་ཞིག་པོ་པའི་སྒོ་སྒྲིབ་ལ་ཡོད་པ། ཕྱིས་འཁྱར་བས་རི་ཐག་ཉེ་བས་ཀྱོག་རར་ལུག་བཞག་པ་ལ་སྤྱང་ཀི་སྡང་བར་བྱུང༌། སྒོ་སྒྲིབ་ཡོད་དུས་དགྲ་ཇག་ཆོམ་རྐུན་གཅན་གཟན་སོགས་མ་བྱུང་ཞེས་ཟེར། ད་ལྟ་ཕུར་པ་འདོམ་པ་གང་ལ་རད་པ་བསྐོན་ནས་བསམ་གཏན་སྒང་ལ་བཞུགས། སོ་སོའི་ཁང་ལྟག་ན་འབན་གུང་རྒྱལ་གྱི་བེར་སྲོ་མ་ཅན་བཞུགས་པའི་འབུམ་པ་ཡོད། དེ་ད་ལྟར་འཁྱར། འབན་གུང་རྒྱལ་གྱི་འཁྲུངས་ཡུལ་ཆོས་རྒྱལ་གྱི་གདུང་ཡིན་ཅིང༌། འབན་གྲོང་ཞེས་སྔོ་ཚལ་འོག་ན་ཡོད། འབན་གྲོང་གདུང་རིན་པོ་ཆེར་གྲགས། རྩ་རྣམས་(བཙད་རྣམ)རིན་པོ་ཆེ་སྡེ་བཞི་ལ་འབན་གྲོང་རིན་པོ་ཆེ། རྩ་རྣམས་བདེ་ཆེན་གྱི་མཆོད་རྟེན་ན། རིན་པོ་ཆེ་གསེར་གྱི་གླེགས་བམ་བཞུགས་པས་བདེ་ཆེན་ཆོས་རིན་ཆེན། གྲོ་ས་ན་གསེར་གྱི་གཉའ་ཤིང་ཡོད་པས་གྲོ་ས་གསེར་རིན་པོ་ཆེ། ཉི་ཐི་ན་གཡུ་གཡང་ཞག་འཁྱིལ་བ་ཡོད་པས་ཉི་ཐི་གཡུ་རིན་པོ་ཆེ་ཞེས་གྲགས། མྱང་སྟོད་གཞུང་གི་རི་བཀྲ་ངན་པ་རྣམས་འདིས་ནོན་ཞིང་རི་བཀྲ་ཤིས་ཤིང་ཕུན་སུམ་ཚོགས་པ་ཡིན། གཙང་པོ་ནང་དུ་འབྲེ་ཆེན་པོ་ཤེས་རབ་འབར་གྱི་འཁྲུངས་


TNT23_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ཡིན་ནོ། །འཆད་མང་འདི་ཀླུ་མེས་ཀྱི་བུ་བཞིའི་ནང་ཚན། རྔོག་བྱང་ཆུབ་འབྱུང་གནས་ཀྱི་མཁན་བུ་བྷེ་[སྒོམ་]པོ་སྐོར་བ་ཡིན། བྷེ་[སྒོམ་]མཁན་པོ། (འཆད་མང་ཞེས་མིང་དུ་བཏགས་པ་ཡང་འབྲེས་མངོན་པ་འཆད་པ་ལ་མང་བས་འཆད་མང་པོ། བྱེ་མདའི་དགོན་ལག་ཡིན་ཞིང༌། ཉིང་རོ་གཤོང་མགུར་ན་བླ་འབུམ་སྐྱ་པོད་སྒམ་བཞི་ཞེས། འབྲེའི་ཕྱག་བྲིས་ཀྱི་འབུམ་དུམ་པ་བཞི་ལ་འདུས་པ་ད་ལྟ་བཞུགས། རྒྱབ་རི་བོན་པོའི་སྒྲུབ་གནས་རྒྱལ་ཆེན་རྨུག་རི་ཞེས་གུར་སྒོམ་འཇའ་ལུས་སུ་གྲུབ་བྱས་)ཡམ་ཤུད་ཀྱིས་སློབ་དཔོན་བྱས་ནས་གྲྭ་པ་མངོན་ཤེས་རབ་ཏུ་བྱུང༌། དེ་ནས་གཡོ་རུ་གྲ་ཐང་བཏབ་གྲྭ་པ་མངོན་ཤེས་ཀྱི་མཁན་པོ་འབེ་གཡོ་རོང་བཙུན་བྱ་བས་མྱང་སྟོད་འཆད་མང་བཏབ། དེར་འབྲེ་ཆེན་པོ་ཤེས་རབ་འབར་གྱིས་ཆོས་ཤིན་ཏུ་མང་པོར་བཤད་ཅིང༌། མེ་ཏོག་གི་ཆར་ཆེན་པོ་བབས་སོ། །འབྲེ་ཆེན་པོ་ཤེས་རབ་འབར་གྱིས་ཆོས་འཆད་པ་འདི་ལས་མང་བ་མེད་པས་འཆད་མང་དུ་གྲགས། གཡའ་བཟང་ལྷ་མོ་ཡང༌།(གནས་རྙིང་པའི་གྱེད་མདོ་ན། ཡོལ་ཐོག་འབེབས་ཀྱིས་ཕྱོ་མདའ་དང་རྨོག་པའི་བར་ལ་གཤེགས་བཞུད་ཡང་ཡང་མཛད་དུས་གྲ་མ་ཡོད་པ་གཅིག་ཏུ་གྲོ་གསོལ་བ་ལན་འགའ་བྱུང་བས་གྲོ་ས་དགོས་པ་འདུག་གསུངས་ནས་གྲྭ་ཐང་བཏབ། བཙད་རྣམ་སྡེ་ཆེན་ཡིན། ཞག་ས་དགོས་པ་འདུག་གསུངས་ནས་འཆད་མང་དང་ཟེ་ཐང་གཉིས་བཏབ་བོ། །འཆད་མང་དང་ཟེ་ཐང་དང༌། གྲྭ་ཐང་དང༌། གཤོང་མགུར་རྨོག་པོ་རྣམས་ལ་ལྕགས་རི་དང་ཁྱམས་སོགས་རྒྱ་ཆེན་མཛད་པ་ལས་སྟོད་དཀོན་མཆོག་མཁར་བ་ཆེན་པོ་ཡིན་ནོ། །དེའི་རྗེས་སུ་འཆད་མང་དུ་གནས་རྙྀང་མཁན་པོ་དབང་ཕྱུག་རིན་ཆེན་གྱིས་དུས་གསུམ་སངས་རྒྱས་ཀྱི་སྐུ་བཞེངས)ཆོས་རྗེ་སྣུབས་


TNT23_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བ་འཛིན་པ་ཆེན་པོ་ལ་གཡའ་བཟང་བ་ཟེར་བ་དེས་ལྷ་མོ་འདི་ནས་སྤྱན་དྲངས་པའི་ལོ་རྒྱུས་ཞུས་པ་སྟེ། བུད་མེད་གཞོན་ནུ་ཞིག་གསོན་པོར་པགས་བཤུས་བྱས་པའི་ཚིགས་པ་རེ་རེའི་མཚམས་སུ་མདའ་རེ་འགགས་པའི་པགས་པ་དེ་གཡའ་བཟང་ན་ད་ལྟ་ཡང་ཡོད་དོ། །དེའི་ཐད་འོག་ལྷོ་ཕྱོགས་ན་གཡུ་ཐོག་པ་འཁྲུངས་པ་རྒྱ་ཕྱེད་ཀྱི(རྒྱ་ཕྱེད་ཐང་དུ་ད་ལྟ། སྨན་པ་ཡོད་པ་སྐུ་རྒྱུད་དུ་བྱེད་ན། ཤེལ་རྩག་དང༌། སྨན་སྐྱོངས་རུས་སྦལ་མ་འཁྱར་འདུག །གཡུ་ཐོག་རང་དེ་ལུང་དམར་ལྟག་གོང་དུ་སྨོས་པ་དེ་ཡིན། ལུང་དམར་དཔོན་པོ་འདི་ཡང་བརྒྱུད་པར་ངོས་འཛིན་ཅིང་ཁུངས་བཙུན)གཡེ་མཛོད་དུ་འཁྲུངས། དེར་མཇལ་རྒྱུ་གཡུ་ཐོག་པའི་དབུ་ཞྭ་སོགས་ཡོད་དོ། །དེའི་འོག་ཙམ་ན་མྱང་སྟོད་ཆུ་མིག་ཅེས་རྒྱ་གར་གྱི་པཎ་ཆེན་འབུམ་ཕྲག་གསུམ་པ་ཕེབས་པ་དེ་ཡིན། རྒྱ་འདུལ་འཛིན་གྱི་དགོན་པ་ཆུ་མིག་ལུང་འཛིན་པ་མཛད། ཆོས་གཞིས་མང་དུ་བསྐོར་བ། འདུལ་བའི་བཤད་པ་རྒྱ་ཆེན་མཛད། ནེ་རིང་པ་ཀྱི་སྟོན་ཆོས་གྲགས་ཀྱིས་རྒྱ་འདུལ་ལ་ཆུ་མིག་རིང་པོར་ཞབས་ལ་གཏུགས་པ་ཡིན། ཁུ་ལེའི་ཁ་མོ་ཟེའུ་སྟོན་པས་ཆུ་མིག་བཟུང་དར་རྒྱས་ཆེན་པོ་འབྱུང་བ་ཡིན་ཞིང༌། ཆུ་མིག་དགོན་པ་དེའི་སྔོན་དུ་ཡོད་པ་བཞིན་ལ་ཡིན་ནོ། (ཞྭ་ལུ་བུ་སྟོན་རིན་པོ་ཆེའི་དགུང་ལོ་དྲུག་ཅུ་རྩ་གཉིས་བཞེས་པ་ལྕགས་མོ་ཡོས་བུ་ལོ་ལ་གཡའ་ཕག་གཉིས་འཁྲུག་འདུམ་ལ་ཉི་མ་དབུས་ཀྱི་རྒྱལ་ཁམས་ལ་བཤད་ནས་བྱོན་པའི་ལམ་དུ་མྱང་སྟོད་ཆུ་མིག་ཏུ་ཐེག་པ་ཆེ་ཆུང་གི་ཆོས་མང་དུ་གསུངས། རྒྱ་གར་པཎ་ཆེན་དང་བོད་མཁས་པ་འབྲེའི་དགོན་པ་རུ་


TNT23_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ང་འགྲོ་བ་ལ་ཆེས་རིངས་ཡང་སྡོད་པ་ལ་སྤྲོ་གསུངས་ནས་ཟླ་སྐོར་ཞིག་བཞུགས་སོ། །འདི་ལ་ཡང་ཆུ་མིག་རིང་མོ་ཞེས་གྲགས་པས་སྣར་ཐང་ཉེ་འགྲམ་གྱི་ཆུ་མིག་དང་འཁྲུལ་པར་མི་བྱའོ། །དེའི་འོག་ན་སྨྲི་ཏིའི་ཕྱག་བཟོ་དཔལ་ཆེན་པོའམ་ཡང་དག་བྱིན་རླབས་ཅན་ཡོད་དོ། །རྡོ་གཞི་མ་ནག་པོ་ལ་རྡོ་དཀར་པོས། རུ་ལུ་རུ་ལུ་རང་བྱོན་དུ་གྱུར་པ་ཁྱད་པར་ཅན་བཞུགས།) སྤྱིར་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་ནང་ནས་ཡང་དག་ཐུགས་འདི་ལ་ཁྲག་འཐུང་འདུས། རུ་ལུ་རང་བྱོན་འདི་རྡོ་ཁ་སྐྱ་ལ་བརྐོས་པ་འདྲ་ཟེར་བའི་རྒྱུད་ལེའུ་སུམ་ཅུ་པ། འཇིག་རྟེན་ལས་འདས་པའི་མདོ་དང་ཁྲ་བོ་སུན་དྷ་རི་ཀའི་རྒྱུད་ལེའུ་ཉི་ཤུ་རྩ་གཅིག་དང༌། ཧེ་རུ་ཀ་གལ་པོའི་རྒྱུད་ལེའུ་བཅུ་བདུན་པ་དང༌། ཡང་དག་སྒྲུབ་པའི་རྒྱུད་ལེའུ་བཅུ་པ། རྡོ་རྗེ་གསང་བ་ལས་ཀྱི་རྒྱུད་ལེའུ་བཅུ་གཉིས་པ། རྒྱུད་སྡེ་རྣམས་ལ་བརྟེན་པའི་སྒྲུབས་ཐབས་ནི། ཟླ་གམ་དྲུག་ཅུ་རྩ་བརྒྱད་པ། ཟླ་གམ་ལྔ་བཅུ་རྩ་བརྒྱད་པ། ཟླ་གམ་དགུ་པ། ཟླ་གམ་གཅིག་པ། སྲིན་མོ་མ་ཏྲམ་ཞལ། དུག་གསུམ་བང་རིམ་གསུམ་པ་རྣམས་བོད་དུ་བསྒྱུར་རོ། །སྔགས་གསར་མ་ལ་ཡང༌། ཡང་དག(ཁ་ཆེ་པཎ་ཆེན་གྱི་ཟབ་ཆོས་ལ་བདེ་མཆོག་དཀར་པོ་ལ་བརྟེན་ནས་མཆོག་སྒྲུབ་པ། འཇམ་དབྱངས་དཀར་པོ་ལ་བརྟེན་ནས་ཤེས་རབ་སྒྲུབ་པ། ཡང་དག་མ་གཅིག་ལྷ་གཅིག་ལ་བརྟེན་ནས་རས་ཐུབ་པ། ཛམ་བྷ་ལ་ནག་པོ་ལ་བརྟེན་ནས་ནོར་སྒྲུབ་པའོ)གཅིག་ལྷ་གཅིག་དགུ་ལ་སོགས་ཀྱི་སྒྲུབ་སྐོར་ཟབ་མོ་དབང་དང་བཅས་པ་ཡོད་དོ། །བོད་དུ་སྒྱུར་ཚུལ་ནི། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་


TNT23_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་སྣུབས་ནམ་མཁའི་སྙིང་པོ། འབྲེ་རྒྱལ་བའི་བློ་གྲོས། ལང་འགྲོ་དཀོན་མཆོག་འབྱུང་གནས་སོགས་དགེ་སློང་མི་ལྔ་དཔོན་དང་བཅས་པ་དྲུག་བརྫངས། རྒྱ་གར་ཡུལ་དུ་སློབ་དཔོན་ཧཱུྃཾ་ཀ་ར་དང་མཇལ། སློབ་དཔོན་ཧཱུྃ་ཀ་རས་ཟླ་གམ་དྲུག་ཅུ་རྩ་བརྒྱད་པོའི་དཀྱིལ་འཁོར་བཞེངས་ནས་དབང་བསྐུར། ཁྲག་འཐུང་དྲུག་ཅུ་རྩ་བརྒྱད་པོའི་ཞལ་བསྟན། དེ་ནས་ཟླ་གམ་ལྔ་བཅུ་རྩ་བརྒྱད་ནས་ཟླ་གམ་དགུ་པ། ཟླ་གམ་གཅིག་པ། དུག་གསུམ་བང་རིམ་གསུམ་པ་དང༌། ལྔ་བཅུ་རྩ་བརྒྱད་ཟེར། དཀྱིལ་འཁོར་རིམ་པར་ཞལ་ཕྱེ་ནས་བསྟན། སྨན་གྱིས་སྒྲུབ་པའི་དཀྱིལ་འཁོར་གསུམ་དང་ཚེ་སྒྲུབ་པ་གསུམ་གྱི་དཀྱིལ་འཁོར་དང་དབང་བསྐུར་བས། བྱང་ཆུབ་སེམས་ཀྱི་སྒྲུབ་པ་གསུམ་གསང་སྔགས་སྤྱོད་པས་དབང་བསྐུར་བ་སོགས་ཡང་དག་རྫོགས་པར་གནང་ནས། ཡང་དག་སྒྲུབ་པ་རྩ་བ་ལྟ་བུ་ལ་(འགྲེལ་)ཆེན་སྒྲོན་མེ་ལྟ་བུ་ཁོག་སྙིང་དང་འདྲ། མེ་གཅིག་ཐོད་གཅིག་གནང་ནས་སྣུབས་ནམ་མཁའི་སྙིང་པོས་བོད་དུ་དར་བར་མཛད་པས། བོད་ཀྱི་གྲུབ་ཐོབ་བསྟན་པ་སྔ་དར་ལ་ཆེས་མང་བ་དེ་ཡང་དག་གི་ཁྱད་ཆོས་སོ། །ཕྱིས་སུ་བི་མ་ལ་མི་ཏྲ་དང༌། ལོ་ཙཱ་བ་བཻ་རོ་ཙ་ན་ཚ་བ་རོང་ནས་སྤྱན་དྲངས་ཏེ། ཁམས་ལྷུང་བྱང་ཆེན་གྱིས་ཀྱང་དབེན་དུ་ལོ་པཎ་གཉིས་ཀྱི་ཡང་དག་བདག་དོན་སོགས་སྒྲུབ་སྡེའི་ཆོས་མང་དུ་བསྒྱུར་རོ། །ཡང་དག་གི་སྐུ་བཞེངས་མི་པཎྜི་ཏ་སྨྲི་ཏི་ནི་ཤཱན་ཏི་པ་དང་ན་རོ་པའི་སློབ་མ་ཡིན། རྒྱ་གར་ཤར་ནུབ་གུང་གསུམ་ན་མཁས་པ་རྩོད་བྲལ་དཔྱལ་ལོའི་གསུང་ལས་འདི་ཤིན་ཏུ་མཁས་པས་མུ་སྟེགས་


TNT23_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱིས་རྩོད་པར་མི་ནུས། མུ་སྟེགས་ཀྱི་བསྟན་པ་བསྣུབས་དགོས་པས་ན། མུ་སྟེགས་པ་ངན་སྔགས་བསྐྲད་འཁོར་གྱི་སྐྱོན་གྱིས་པཎྜི་ཏ། (ཕྲ་ལ་རི་མོ་དང་བསྡེབས་བོད་ལ་བྱོན་པ། ལོ་ཙཱ་བ་ལ་ཕུག་ཟོས་པས་ཕོ་ལོག་གིས་བལ་བོར་ཤི་པའི་པཎྜི་ཏ) གཉིས་འཁྱམས་དགོས་པ་བྱུང་དུས།(ངེས་དོན་དུ་སྨྲི་ཏི་ཛྙཱ་ན་དེ་ཉིད་ལ་མངོན་ཤེས་ཐོགས་མེད་མངའ་བས་དེས་ཡུམ་གྱི་དོན་དུ་བོད་དུ་བྱོན་སྐབས་གུང་ཐང་དུ་ཕྱུག་རྫིའི་ཚུལ་བཟུངས། དེའི་དགོས་པ་མ་གྲོང་པ་གཅིག་གིས་སྒྱེད་པུའི་ནང་དུ་སྡིག་པར་སྐྱེས་པ་འདོན་ཕྱིར་དུ་བརྫུས་པ་ཡིན། དེའི་ཚེ་དཔལ་འབྱོར་རྒྱ་གར་ནས་འཁོར་བ་ལ་ཐམས་ཅད་དད་དད་རུབ་རུབ་བྱེད། པཎྜི་ཏ་ལ་མཐོང་མི་བྱེད་པས་གུང་ཐང་གི་སྒོའི་ཡ་ཐེམ་ལ་སམ་སྐྲི་ཏའི་སྐད་ཀྱིས། རི་བོང་འཛིན་པ་རྒྱུ་སྐར་འཕྲེང་བ་ཅན། །མཚན་མོ་མཁའ་ལ་རྒྱུ་བ་འདི་དོར་ནས། །དྭངས་པའི་ཆུ་ནང་འདི་ན་ཟླ་བ་བཞིན། །གཟུགས་ལ་ཚད་མར་འཛིན་པ་བྱིས་པའི་བློ། །ཞེས་ཏེ་གླན། དེ་ལོ་ཙཱ་བས་གཟིགས་ནས་ལཉྪ་ཤིན་ཏུ་ལེགས་པས་ཡིག་ངོ་མཁྱེན། སྨྲི་ཏི་ཡིན་སྙམ་ཕྱུགས་འཁོར་བ་གདོང་དུ་བསྒུགས་པས་མཇལ། སྔར་སློབ་དཔོན་དུ་སོང་བས་ལོ་ཙཱ་བས་བཤུམས་ནས་འདི་ལྟ་བུའི་འོ་རྒྱལ་བ་ཞུས་པས། ངས་མའི་དོན་དུ་དེ་ལྟར་བྱས་པ་ཡིན། མ་ག་རེ་འདི་ནའོ་གསུངས། །དེར་ལོ་ཙཱ་བས་ཁོང་རང་གི་ནོར་གྱིས་བསླུས་སོ) །ཡང་ཡུམ་གྱི་དོན་དུ་རྟ་ནག་ཏུ་ཕྱུགས་རྫི་མཛད་སྐབས་སུ་གཙུག་ལག་ཁང་བཞེངས། རི་ཁུད་ཀྱི་རྔ་བོ་ཆེ་སོགས་ཤངས་ཕུ་ལྷ་བུའི་ས་ཕྱོགས་ཤངས་སྐྱོར་མོ་ལུང་དུ་ཡུམ་ཁྱི་མོར་འཁྲུངས་པ། ཁྱི་མོ་དེ་ཚ་ངར་རྩུབ་འགྱུར་ཆེ་ཞིང་སེམས་རྒྱུད་མ་རུང་ཞིང་མི་སྡུག་པ་དང་ལྡན་པས་ན་ཡུམ་ཁྱི་མོ་ལ་བརྩེ་དུང་ཆེ་བས་ཁྱི་མོར་སྐྱེས། དེ་འདྲེན་ཕྱིར་ཡང་གཡག་རྫི་མཛད་སྐབས། ཉིན་མཚན་ཐུགས་དམ་སྐྱོང་པ་


TNT23_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྒྲུབ་ཕུག་ཏུ་བཞུགས་པའི་སྐུ་སྐེད་མན་གྱི་རྗེས་བྲག་ལ་གསལ་བར་ཡོད་ཅིང༌། སྨྲི་ཏིའི་ཞབས་ལྷམ་དང་དོམ་ར་ཤངས་སྐྱོར་མོ་རྫོང་ན་ཡོད་དོ། །ཡང་ཡུམ་ཁྱི་མོ་ནས་ཚེ་འཕོས་ནས། ཐོབ་རྒྱལ་མདར་མེ་ཐབ་ཅེས་པའི་ས་ཡུལ་ཡུམ་སྒྱེད་པུའི་ནང་དུ་སྐྱེས། དེ་འདོན་ཕྱིར་ལུག་རྫི་མཛད་སྐབས། ཆུ་བོ་ལོ་ཧི་ཏའི་ཉེ་འགྲམ་བྱེ་མ་གཡུའི་ཟུར་ཕུད་ཅན་ནས་རང་བྱོན་ཇོ་བོ་མཆེད་གསུམ་དང་མ་ཎི་རང་བྱོན་སྤྲེལ་སོགས་སྤྲུལ་པའི་ར་མས་འོ་མའི་མཆོད་པ་ཕུལ་བ་ལ་བརྟེན་ནས་དེ་རྣམས་རྙེད་ཀྱང་སྤྲེའུ་ལ་འུར་རྡོ་ཕོག །དེ་ནས་སྨྲི་ཏི་སྤྱན་དྲངས་པའི་སྐབས། ཇོ་བོ་གཅིག་དགའ་ལྡན་ལ་ཕེབས། ཇོ་བོ་གཅིག་ཐོག་མར་གཙང་འགྲམ་བྱེ་མའི་ལྷ་ཁང་དུ་རེ་ཞིག་བཞུགས། དེ་ནས་ཞྭ་ལུར་ཕེབས། ཇོ་བོ་གཅིག་དང་མ་ཎི་ཐོབ་རྒྱལ་ན་བཞུགས་པ་དེ་ཡིན། (སྤྲེའུ་རང་བྱོན་དུ་བྱོན་པའི་རྒྱུ་མཚན་ན་སྐུ་རྟེན་སྤྱན་རས་གཟིགས། གསུང་རྟེན་མ་ཎི། ཐུགས་རྟེན་སྤྲེའུ་སྟེ་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་སྤྲེའུ་བྱང་ཆུབ་སེམས་དཔར་མཛད་ནས་ཟོ་དང་གོང་པོ་རིའི་ཕུག་པར་བཞུགས་པས། སྤྲེའུ་ཕུག་པར་ཐོག །བོད་དུ་མའི་འགྲོ་བ་སྤེལ་ནས་དམ་པའི་ཆོས་ཚུལ་ཕུན་སུམ་ཚོགས་པ་འབྱུང་བའི་གཞི་བཏིང་ནས་སླར་འཕགས་པའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་དེའི་ངོ་བོར་སྤྲེའུ་བྱང་ཆུབ་སེམས་དཔའ་ཐིམ་པས་ཐུགས་རྟེན་ཡིན་ཞིང༌། བོད་ལ་རྟེན་འབྲེལ་ཟབ་མོ་འབྱུང་བ་ལ་དགོངས་ནས་བོད་འབྱུང་བའི་གླེང་གཞི་སྤྲེའུ་རང་བྱོན་དུ་བྱོན་པའོ། །དབོན་པོ་སྨོན་སྐྱིད་པའི་གསུང་དངོས་ལས་ཤོག་བུར་བྲིས་པའོ།) །ཡང་ཡུམ་ཁྱི་མོ་ནས་ཚེ་འཕོས་པས་མྱང་གི་ཁྱིམ་ཐབ་ཕྱུག་པོ་མེ་ཉིན་མཚན་


TNT23_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཡུག་གཏོང་ཞིང་རྒྱུན་དུ་བཀལ་ནས་འཇོག་པའི་ཁྲོ་ཆེན་པོ་ཞིག་གི་ཁྲོ་ཞབས་ཀྱི་སྲུབས་ཤིག་ཏུ་ལས་ངན་པས་འཁྲུངས། དེ་འདོན་པའི་ཕྱིར་མྱང་སྟོད་དུ་ཕྱུག་རྫི་མཛད་སྐབས་སུ་ཕྱུགས་གླ་སོགས་ལ་བརྟེན་པའི་ཡང་དག་གི །སྐུ་འདི་ཕྱག་བཟོ་མར་བཞེངས་ཤིང༌། ཡུམ་ཡང་མཐོ་རིས་སུ་འདྲེན་ཐུབ་པས་དེང་སང་ཡུལ་དེ་ལ་བློ་བདེར་མིང་ཐོགས། དེ་ནས་ཉི་མ་དབུས་ཀྱི་རྒྱལ་ཁམས་ལ་ཐེགས་སོ། །སྨྲི་ཏི་ལས་བརྒྱུད་པ་གསང་འདུས་འགྲེལ་པ་དང་གསང་འདུས་ལྷ་ཉི་ཤུ་རྩ་ལྔ་མའི་དབང༌། སྨྲི་ཏི་ནས་ཚོང་དགེ་ངག་གི་དབང་ཕྱུག་ལ། དེས་རྔོག་ཆོས་རྡོར་ལ་བརྒྱུད་པའི་འཇམ་དཔལ་གསང་ལྡན་ཀྱི་དབང༌། མཚན་བརྗོད་འགྲེལ་པ། སྒེག་པའི་རྡོ་རྗེའི་འགྲེལ་པ། མན་ངག་དང་བཅས་པ་གཞན་ཡང་དབང་བརྒྱུད་ཕྱག་ལེན་སོགས་ཆེས་མང་བར་དར་རོ། །དེའི་འོག་ན་བློ་བདེའི་གོང་ཙམ་གྱི་འབན་གྲོང་ཟེར་བར་གངས་པ་ཤེའུ་གདུང་རིལ་པོར་བཞུགས་པ་ས་འབུམ་ཡོད་པ་དེ་ཡིན་ནོ། །འདིར་སྟོད་ཀྱི་འབན་གུང་རྒྱལ་ཁྲུངས་ས་ཡང་འདི་ཡིན་ནོ།།སྨད་ཀྱི་འབན་གུང་རྒྱལ་འཁྲུངས་ས་ཕན་ཡུལ་རྒྱལ་འདི་ཡིན་ནོ། །དེའི་འོག་ན་རི་བོ་ཆེར་གྲགས་པའི་ཁྱད་པར་ཅན་སློབ་དཔོན་པད་མ་རྗེ་འབངས་ཉི་ཤུ་རྩ་ལྔ་དང་བཅས་པ་རི་དེའི་རྩེར་ཕེབས་པ་ལྟ་བུའི་བདུད་རྩི་སོགས་ཀྱི་རྒྱུན་མྱང་ཆུ་ལ་ཡོད་ཚུལ་གྱི་ལོ་རྒྱུས་གོང་དུ་བཀོད་པ་ལྟར་ཡིན་ནོ། །རི་དེའི་སྐེད་འོག་ཙམ་ན་སྒྲུབ་པ་བཀའ་བརྒྱད་གནང་བའི་བཞུགས་གནས་དང་སྟེགས་བུ་ཡོད། འདིའི་རི་ནས་བླངས་པའི་འཇིམ་པ་བྱིན་རླབས་བྱེད་མི་དགོས་པ་སོགས་རི་འདི་བྱིན་རླབས་ཀྱི་གཟི་འོད་ཆེས་འཕྲོ་བའོ། །དེའི་འོག་ཙམ་གྱི་ལུང་པའི་ཕུག་གི་རི་ནང་ན་རིའི་ལྡེབས་


TNT23_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ད་རང་བྱོན་ཡོད་པ་དང༌། མི་ལ་དང་རོང་སྟོན་ལྷ་དགའ་མཇལ་བ་སོགས།(ནུ་མ་ཆོས་ལུང་ན་མི་ལའི་ཕུག་ཡོད། དགོན་པའི་རྒྱབ་རི་ལ་བྲག་ཁྱུང་དཀར་པོ་ད་འགྲེང་བུ་འདྲ་བ་ཡོད། ལུང་པ་དེ་འདྲ་བའི་ནང་དུ་མི་དེ་འདྲ་བ་ཡོད་ཟེར། ལུང་པ་ནུ་མ་དེ་འཛིན་པ་མི་གཞན་པས་རྒོད་པ་ཡོད་ཟེར་བ་རྒན་པོའི་ངག་རྒྱུན་ལ་འདུག)ཆེས་མང་བ་ཡོད་དོ། །དེའི་འོག་ཙམ་ན་གླིང་རས་ཀྱི་དགོན་པ་ཆོས་ལུང་ཞེས་གླིང་རས་དགོན་པ་དང་གླིང་རས་ཕུག་པ་ཡོད། ལོ་གསུམ་སྒྲུབ་པ་མཛད། རྟོགས་པ་ཕུལ་དུ་བྱུང་བ་སྐྱེས་པ་ན་གནས་འདི་བྱིན་རླབས་ཤིན་ཏུ་ཆེ་བ། (ཆོས་ལུང་གི་ནུབ་རིན་ཆེན་སྒང་འདིར་བླ་མ་ཨ་རྒྱས་གདན་ས་ཡང་མཛད་འདུག །བླ་མ་འཕགས་པ་ཧོར་ཡུལ་དུ་ཕེབས་པའི་གསོལ་བ་འདེབས་མི་དྲན་ཤེས་སེང་གེའི་གྲོགས་ཀྱི་བླ་མ་དེའི་དགོན་པ་ཡིན་འདུག)།ཡིན་ནོ། །རྩ་རྣམས་རི་བོ་ཆེའི་བྱང་གི་ལུང་པ་རི་ནང་དུ་གྲགས་པ་དེའི་ཕུ་ན་འབྲི་ཁུང་སྤྱན་ལྔའི་སློབ་མ་ལ་དྲུག་པ་རྗེ་འཛམ་གླིང་མགོན་པོའི་དགོན་པ་ལས་དྲུག་ཅེས་གྲགས། འདི་ནས་རྩ་རི་མ་ཆེན་འཛིན་པའི་རི་ས་རྫོང་ས་ཡང་བྱུང་ཞིང༌། སྒོམ་ཆེན་ལས་དྲུག་ཅེས་པའི་གུ་རུ་ཆོས་དབང་གིས་ཆོས་དྲུག་སྲས་མཁར་མའི་གཏེར་གྱི་ཁ་བྱང་བསྐུར་ཏེ་གྲོ་བོ་ལུང་སྲས་མཁར་མར་གྲགས་པ་དང༌། འཁོལ་པོ་དར་ཐོད་ཅན་གྱི་སྒྲུབ་པ་དང་དུད་སོལ་མའི་སྐཽར་རྣམས་སྤྱན་དྲངས་ཆོས་དབང་ལ་ཕུལ། དེའི་ཕུ་ཤངས་དཀར་མགོན་དཀར་སྒྲུབ་པ་རྩེ་གཅིག་ཏུ་མཛད་པས་སྙན་བྲ་བས་ཟོས་པས་ཁྱོད་ཟ་བར་འདོད་ན་ངའི་ལུས་འདི་ཆོས་ཕྱིར་དུ་གཏོང་བ་ལ་འགྱོད་པ་མེད་པས་ཟོ་ཞིག་གསུངས་པས། སྙན་གཡས་པ་བྲ་བས་ཟོས་པ་དེ་བྱོན། འཛམ་གླིང་


TNT23_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་འདི་ཉིད་དང༌། དྲན་དོན་ཤེས་རབ་སེང་གེ་དང༌། རིན་ཆེན་སྒང་པ་སོགས་ཀྱིས་སེམས་ཅན་གྱི་བདེ་ཐབས་ལ་འགྲོ་བའི་མགོན་པོ་འཕགས་པ་ཧོར་ཡུལ་དུ་བྱོན་པའི་གསོལ་བ་ནན་ཏན་བཏབ་པ་ལ་དྲུག་པ་སྟོན་ཤག་ཅེས་པས་གནས་རྙྀང་ཆོས་གྲྭར་གསན་སྦྱངས་མཛད། ཕྱིས་དགེ་ལྡན་པར་འགྱུར་འདུག་འབྲི་ཁུང་སྐྱོབ་པ་ཡན་གྱི་དཀར་རྒྱུད་ཀྱི་བླ་མའི་སྨན་སྐུ་ཤིན་ཏུ་མཚར་བ་དང༌། ཤར་ཕྱོགས་ཀྱི་ཆོས་སྐྱ་པོད་ཡིག་ཤོག་དཔེ་ཐུབ་ལས་དྲུག་ལེགས་པ་མ་མཐོང་ཟེར་བའི་གསུང་རབ་མང་པོ་བཞུགས། ཞལ་ངོ་གཅིག་གི་དཔལ་འཁོར་ཆོས་སྡེ་དགེ་འཕེལ་གྲྭ་ཚང་གི་བླ་མ་མཛད། ཕྱིས་ལས་དྲུག་གྲྭ་ཚང་དུ་གྲགས། ལྷ་མོ་ཡང་རི་མ་ཏི་ཤིན་ཏུ་འཚུབ་པ་བཞུགས།དེའི་འོག་ཏུ་རི་ནང་དཔོན་པོ་སྒྲ་ཆེན་པོའི་ཕོ་བྲང་རི་ནང་ཡང་དཀར་ཞེས་སྣང་ས་འོད་འབུམ་གྱི་གྱོན་པ་དེ་ཡོད། དེའི་ལྷོ་ལོགས་བློ་སྤྱོང་གི་བརྒྱུད་པའི་བླ་མ་ལྷ་ལྡིང་དབོན་གྱི་དགོན་རོ་དང་རྔོག་ཡེ་ཤེས་འབྱུང་གནས་ཀྱི་དགོན་རོ་ཡོད། དེའི་འོག་ན་རྔོག་ཚ་ཆོས་སྐུས་མན་ལུང་དྲན་དོན་མཐའ་བྲལ་ལ་ཕུལ། དྲན་གྱིས་རྔོག་ཚ་ཆོས་སྐུ་ལ་ཀྱཻ་རྡོར་གྱི་དབང་ཞུས། ཕྱིས་དགོན་པ་དེ་ལ་སྤྱང་ལུང་ཟེར། ཆོ་འཕྲུལ་ཟླ་བ་ལ་མེ་ཏོག་གི་ཆར་ཉི་མ་རེ་བབ་ཀྱི་འདུག །ཚེས་གྲངས་ལ་ངེས་པ་མི་འདུག །དེའི་འོག་ན་སྦས་ཆོས་བཏོད་པའི་དགོན་རོ་ཡོད། གནས་གོག་ཤིན་ཏུ་ཆེ། དེའི་ལྷོ་ཙམ་ན་བློན་པོ་སྦས་སྟག་པའི་རྒྱུད་དུ་སྐུ་འཁྲུངས་པའི་རྒྱལ་ཚབ་དར་མ་རིན་ཆེན་དེ་མཛོ་ཆད་སྟོང་གོག་ཏུ་འཁྲུངས་ཟེར་ཀྱང་ལྷོའི་དུང་རེང་


TNT23_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བས་རི་བོ་ཆེར་འཁྱུད། རི་རྩེར་ཉི་མ་ཤར་བ་དང་མཉམ་དུ་འཁྲུངས། དེའི་ལྷོ་ཀུན་ཞེས་པའི་ལུང་ཆུང་དུ་ཇོ་མཚོ་ཞེས་པར་ཞྭ་ལུའི་བླ་མ་འཕགས་པ་འཁྲུངས། རི་ནང་གི་བྱང་གི་ཕུག་གཉིས་ཡོད་པའི་བྱང་གི་སེར་འཕྲེང་བ་ཡེ་ཤེས་རྒྱལ་མཚན་གྱིས་དགོན་པ་སེར་འཕྲེང་དང་ལྷོའི་ལུང་པའི་ཕུ་ན་མེས་སྟོན་གྱི་དགོན་པ་རྫི་ལུང་ཞེས་ན་མཧཱ་ཀ་ལ་ཕྱག་བཞི་པ་བྱིན་རླབས་ཅན་བཞུགས། ལུང་པ་དེ་གཉིས་ལ་ཕོ་ལུང་མོ་ལུང་དུ་གྲགས། དེའི་འོག་ན་ཚུལ་ཆེན་ཞེས་རྒྱལ་བ་རིགས་ལྔ་སྐུ་མཆེད་ཁྱེའུ་ལོ་བཅུ་ལོན་པ་ཙམ་བཞེངས། སྐུ་ཤིན་ཏུ་ངོ་མཚར་བ་བཞུགས།ཁྲོ་ཕུ་དཀར་རྒྱུད་ཅེས་ཕྱག་རྡོར་འཁོར་ཆེན་གྱི་གྲུབ་ཐོབ་དགོན་ལག་རོང་གནས་རྙིང༌། རྒྱལ་རི་ཁྲོད་གཙང་པོ་ནང་གི་བུ་གཉིས་རྣམས་ཡིན། དེ་རྣམས་ན་བལ་མོ་སྤྱང་རྒྱལ་ལྷ་མོ་རེ་བཞུགས། ཚུལ་ཆེན་འདིར་གླིང་རས་ཀྱི་ཟུར་པ་བཅུ་གསུམ་བསྲུངས་པ་དེ་ཡིན། འདིའི་འཁྲིས་ན་གཙང་ན་འགྱིང་མཆོག་སེང་གེ་སྒང་ཡོད། རོང་ན་ནག་པོ་སེང་གེ་སྒང༌། དབུས་ན་འཕྲང་པོ་སེང་གེ་སྒང༌། དེའི་འོག་ཙམ་ན་རྒོད་པོ་ལུང་དུ་གྲགས་པའམ་རི་ཁྲོད་དགེ་ལྡན།(སྔོན་རྒྱན་དཀར་གོང་མའི་མིད་པ་དགོན་པ་ཡང་ཟེར། ཕྱིས་འབྲེ་ཆེན་པོ་ཤེས་རབ་འབར་ལ་རྒོད་ཀྱི་ཁུང་བསྟན་པས་དགོན་པའི་མིང་ལ་རྒོད་པོ་ཁུང་ཟེར། སླར་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་ཀྱི་རི་ཁྲོད་དགེ་ལྡན་དུ་མིང་བཏགས་པ་ཡིན་ནོ།)ཞེས་པ་འདིར་སྔོན་འབན་སྣ་བོ་ཆེ་ཞེས་ཀྱང་བྱ། སྣ་ནག་པ་ཞེས་ཀྱང་བྱ་བའི་དགེ་སློང་ས་བདག་ཀླུ་གཉན་གྱིས་གནོད་པས་


TNT23_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་སྐུ་བསྙེལ་བས་རྒྱ་གར་ལ་ཕེབས། ནཱ་ལེན་དྲའི་གཙུག་ལག་ཁང་དུ་ཇོ་བོ་ཨ་ཏི་ཤ་དང་མཇལ་བས་སྣོད་ལྡན་དུ་གཟིགས། དཔལ་ཕྱག་རྡོར་མདོ་ལུགས་ཀྱི་ཆོས་སྐོར།(དཔུང་བཟང་ལས་གསང་སྔགས་མདོ་སྡེའི་ཚུལ་དུ་བཤད་ཀྱིས་ཉོན་ཞེས་བྱ་རྒྱུད་ལ་མདོ་སྡེ་ཞེས་མིང་དུ་བཏགས་པའོ།)གདམས་ངག་དང་བཅས་པ་གནང་སྟེ། རྒྱ་བརྩོན་སེང་གེ་ལོ་ཙཱ་བགྱིས། འབན་སྣ་བོ་ཆེས་ཞུ་བ་པོ་བགྱིས་ནས་ལེན་དྲར་བསྒྱུར། དབང་དང་རྗེས་སུ་གནང་བ་མཛད། ཆིག་བརྒྱུད་དུ་གདམས། འབན་སྣ་བོ་ཆེས་པུ་ཧྲང་གི་ཞེར་བྱ་བའི་གནས་གཞི་ཡོད་པར་བཞུགས། སྒྲུབ་པས་ནད་ལས་གྲོལ་ཞིང་ཕྱག་རྡོར་གྱི་ཞལ་གཟིགས། དེས་རྟ་སྒོམ་དཀོན་མཆོག་འབྱུང་གནས་ལ་གསུངས། རྟ་སྒོམ་གྱི་ཡུལ་ནི་མྱང་སྟོད་ཡིན། སྐུ་མཆེད་གཉིས་ཡོད་པའི་རྟ་སྒོམ་དཀོན་མཆོག་འབྱུང་གནས་ལ་ཀླུ་ནད་བྱུང་ནས་རྒྱ་གར་ལ་གཤེགས་པས། ལམ་དུ་མི་གཞན་གྱིས་ཁུངས་བསྟན། སླར་ལོག་ནས་པུ་ཧྲང་གི་ཞེར་དུ་གྲུབ་ཐོབ་འབན་སྣ་བོ་ཆེ་དང་མཇལ། ཕྱག་རྡོར་གྱི་གདམས་པ་ཟབ་མོ་ཆིག་བརྒྱུད་དུ་གསན། ལྷ་སྒོམ་གྱི་ཡུལ་དུ་བྱོན། རྒྱན་དཀར་གོང་མའི་མིད་པ་དགོན་པ་བྱའམ་རྒོད་པོ་ཁྱུང་(ཁུང་)ཡང་ཟེར། རྒོད་པོ་ལུང་ཡང་ཟེར། དེང་སང་རི་ཁྲོད་དགེ་ལྡན་གྱི་དགོན་པ་བྱ་བར་བཞུགས། སྒྲུབ་པས་ཕྱག་རྡོར་ཡང་ནས་ཡང་དུ་ཞལ་གཟིགས་པ་འདི་ཡིན། གྲུབ་པ་བརྙེས་པ་ཡང་འདི་ཡིན་ནོ། །བླ་མ་གྲུ་གོ་ཆ་རྡོ་རྗེས་ལྷ་སྒོམ་དཀོན་མཆོག་འབྱུང་གནས་དང་མཇལ་བའི་ཐོག་མ་ཡང་མིད་པ་དགོན་


TNT23_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདིར་ཡིན། རྟོགས་གྲོལ་ཐོབ་པ་ཡང་མིད་པ་འདིར་ཡིན། དོན་ལ་རི་ཁྲོད་དགེ་ལྡན་གྱི་མིང་གི་རྣམ་གྲངས་ཡིན་ནོ། །དེ་ནས་གྲུ་གོ་ཆ་རྡོ་རྗེས་ལོ་གསུམ་མཚམས་བཅད་པ་ཁྱུང་རི་ན་ཡོད་པའི་དུག་ལུང་ཕུ་རུ་སྐུ་མཚམས་ལོ་གསུམ་མཛད་ཀྱང་རྟོགས་པ་དོན་གྱི་མཐར་ཐུགས། རྟོགས་པ་རི་ཁྲོད་དགེ་ལྡན་གྱི་གནས་འདི་རང་ཡིན་ནོ། །ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་བཀའ་བབས་ཀྱི་སློབ་མ་བཞི་ནི་ཞང་ཚེས་སྤོང་བ་ཆོས་ཀྱི་བླ་མ། གྲོ་ལུང་པ་བློ་གྲོས་འབྱུང་གནས། ཁྱུང་རིན་ཆེན་གྲགས་པ། འབྲེ་ཤེས་རབ་འབར་དང་བཞི་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཀའ་བབ་པ། འབྲེ་ཤེས་རབ་འབར་གྱིས། ཚུལ་གནས་ཐོས་དང་བསམ་གཏན་གྱིས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར་ཞེས་དང༌། སྐྱེས་རབ་ལས། ཐོས་པའི་རྗེས་འཇུག་སྒྲུབ་པ་སྙིང་པོ་སྟེ། །ཞེས་གསུངས་པ་ལྟར་སྒྲུབ་པ་མཛད་དགོངས་པ་ཁོ་ན་ཐུགས་ལ་བཞུགས་དུས། བྱེ་མདར་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། དེ་སྐབས་ཐུགས་དམ་གཏོར་མའི་ས་ཏེབ་བྱ་རྒོད་ཀྱིས་ཁྱེར་ནས་གནས་འདིར་བཞག་པས་སྒྲུབ་པ་བྱེད་པའི་གནས་ཁྱད་པར་ཅན་དུ་དགོངས། སྒྲུབ་པ་མཛད་པ་ཡང་རི་ཁྲོད་དགེ་ལྡན་འདི་ཉིད་ཡིན་པས་འབྲེའི་བཞུགས་ཁྲི་དང་ཐུགས་དམ་འབུམ་པ་ཡང་མངོན་སུམ་མཇལ་རྒྱུ་ཡོད་པ་འདི་ཡིན་ཞིང༌། (པཎ་ཆེན་ནགས་ཀྱི་རིན་ཆེན་མིད་པ་བྱ་བའི་ནང་རྒོད་ཁུང་དུ་བཞུགས་པའི་ཚེ་མཚན་མོ་རྨི་ལམ་བཟུང་ནས་གྲུབ་ཆེན་ཀུན་བློ་དགོན་པ་ལྷུན་གྲུབ་བདེ་ཆེན་ན་བཞུགས་པ་དེར་ཕེབས་པས་ཟམ་ཆུང་དེ་ཚུན་དགོན་པའི་སྐོར་རྣམས་དུས་འཁོར་གྱི་གཞལ་ཡས་ཁང་དང་དེར་གནས་པའི་མི་རྣམས་དུས་འཁོར་གྱི་ལྷ་ཚོགས་དེའི་དབུས་ཀྱི་གཙོ་བོ་ལ་ཆོས་རྗེ་གྲུབ་ཆེན་ཉིད་བཞུགས་འདུག་པ་ལ་པཎ་ཆེན་ནགས་ཀྱི་རིན་ཆེན་གྱིས་རེ་ཞིག་བཞུགས་ཤིང་རྨི་ལམ་བཟུང་བར་མཛད་


TNT23_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་རི་ཁྲོད་དགེ་ལྡན་འདི་ཉིད་ཡིན་ནོ། ) ཀུན་མཁྱེན་དོལ་བུས་ཉི་མ་དབུས་ཀྱི་རྒྱལ་ཁམས་ཀྱི་སྐྱེ་འགྲོ་སྨིན་གྲོལ་དུ་བཀོད་ནས་ཡར་བྱོན། མྱང་སྟོད་ལྕང་རར་སྐུ་ཤ་འབྱོར་བས་སྐས་ལ་མ་ཕེབས་པར་གཡུལ་ཐང་དུ་བཞུགས་སྐབས་ལུང་བསྟན་པའི་གནས་མཆོག་འདི་ཉིད་དུ།(སྒྲུབ་པ་བསམ་གཏན་གྱི་འཁོར་ལོའི་བསྟི་གནས་འདེབས་པར་དགོངས་ནས་པཎ་ཆེན་ཤྲཱི་ཤཱ་རི་པུ་ཏྲ་ཕེབས་པའི་དུས་སུ་ས་འདུལ་བ་དང་བུམ་གཏེར་འཇུག་པ་སོགས་བྱིན་རླབས་ལེགས་པར་མཛད་པའི་གནས་འདིར)སྦྱོར་དྲུག་གི་ཉམས་ལེན་ཁོ་ན་སྐྱོང་བའི་དགེ་འདུན་གྱི་སྒྲུབ་པ་བ་བརྒྱ་དང་བརྒྱད་སོགས་སྒྲུབ་བརྒྱུད་ཀྱི་བསྟན་པ་བཙུགས། སྔོན་མངའ་བདག་རྒྱལ་པོའི་ཕོ་བྲང་བཏབ་པའི་ས་ཡུལ་འདིར་རྨད་དུ་བྱུང་ཞིང་བཀྲ་ཤིས་པའི་དགེ་མཚན་གྱི་དཔལ་དང་ལྡན་པའི་རི་བོ་ཆེན་པོ། ཤར་ཕྱོགས་འབྲས་ལུགས་འགེལ་བ་འདྲ་བ། ལྷོ་བལྟས་སེང་གེ་གནམ་དུ་མཆོང་བ་འདྲ་བ། ནུབ་དར་དཀར་གྱི་ཡོལ་བ་བརྐྱངས་པ་འདྲ་བ། བྱང་ཕྱོགས་ཧོར་ཕྲུག་ཞེ་ས་འབུལ་བ་འདྲ་བའམ། དེའི་མདའ་ན་སྔོན་བོད་ཆོས་རྒྱལ་དཔལ་འཁོར་བཙན་གྱིས་བཞུགས་ས།ཤེལ་དཀར་རྒྱལ་རྩེ་ཞེས་གྲགས་པ་(རྫོང་རི་ངོས་རིན་ཆེན་ཤེལ་ལས་གྲུབ་པའི་བྲག །དབུས་རིན་པོ་ཆེ་སྣ་ཚོགས་དུ་མའི་གཏེར་གྱིས་ཡོངས་སུ་གང་བའི་རྩེར་ཕོ་བྲང་ཆེན་པོ་རྒྱལ་མཁར་རྩེར་གྲགས་པ་འདི་ཉིད་ནང་ཆེན་འཕགས་པ་དཔལ་དགུང་ལོ་བཞི་བཅུ་ཞེ་བརྒྱད་ཞེས་པ་སྣ་ཚོགས་དབྱིག་གམ། ཤིང་མོ་སྦྲུལ་གྱི་ལོ་ཟླ་བ་གཉིས་པའི་ཚེས་ཉི་ཤུ་ལ་ཕོ་བྲང་)འདི་ཉིད་བཏབ། མྱང་སྟོད་གསེར་གཞུང་རིང་མོར་གྲགས་པའི་མཐིལ། །སྣ་ཚོགས་འབྲུ་དང་མེ་ཏོག་རྒྱས་པའི་གླིང༌། །བྱང་ཆུབ་


TNT23_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ལྗོན་ཤིང་ཚུལ་དུ་ནགས་ཚལ་དབུས། །བཀྲ་ཤིས་བརྒྱད་ཀྱིས་ཕྱོགས་མཚམས་བརྒྱན་པ་ཡི། །གསེར་ཁྱིམ་བརྒྱ་ཕྲག་བརྒྱད་ཀྱི་མཛེས་པའི་རྩེར། །དཔལ་འཁོར་བཙན་གྱི་ཕོ་བྲང་གྱི་གཏེར་གྱི་མཛོད། །བྲག་རི་རྡོ་རྗེ་སྤུངས་འདྲའི་གདེངས་ཅན་འདི། །ཚངས་པ་དབང་པོའི་གྲོང་ཁྱེར་སྐྱེངས་བྱེད་པ། ཞེས་དང༌། བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱིས། སྐྱེ་དགུ་མཛེས་པར་བྱེད་པའི་མགུལ་རྒྱན་དུ། །རྣམ་རྒྱལ་ལྷ་ཡི་གྲོང་ཁྱེར་ས་གཞི་ལ། །གསར་དུ་བབས་པ་ལྟ་བུའི་རྒྱལ་མཁར་གནས། །ཡིད་འོང་ཕོ་བྲང་གྲངས་མེད་གསེར་ཁྱིམ་ལ། །མཚུངས་མེད་རྒྱལ་ལྡན་བལྟ་བས་ཆོག་མི་ཤེས། འཛམ་གླིང་ས་ཡི་ཐིག་ལེ་ལྟ་བུའི་གནས། །དཔལ་འབྱོར་རྒྱ་མཚོའི་འཕྲེང་བས་མཚན་པ་ཅན། །མཁས་གྲུབ་དང་པོ་དཔག་མེད་འདུ་བའི་གནས། །རྒྱལ་མཁར་རྩེ་མོར་སོན་པ་འདི་ཉིད་ཡིན། །ཞེས་ནང་ཆེན་འཕགས་པ་དཔལ་དང་ནང་ཆེན་འཕགས་པ་རིན་ཆེན་པ་སྐུ་མཆེད་ཀྱི་སྲས་མ་གཅིག་པདྨ་པ་དང༌། བདག་པོ་ཆེན་པོ་ནང་ཆེན་ཀུན་དགའ་འཕགས་འཁྲུངས་པ་དེ་ཉིད་ཀྱི་དགུང་ལོ་སོ་བཞི་བཞེས་པ་ལྕགས་ཕོ་རྟ་ལ་འདི་ཉིད་ཀྱི་ཐུགས་དམ་དུ་རྒྱལ་མཁར་རྩེའི་གཙུག་ལག་ཁང་བསམ་འཕེལ་རིན་པོ་ཆེའི་གླིང་བཞེངས་ཤིང་གྲུབ་པར་མཛད། རྟེན་གཙོ་ཐུབ་དབང་དགུང་ལོ་བརྒྱད་ཀྱི་ཚད། ཐུགས་རྟེན་རིན་པོ་ཆེ་ལས་གྲུབ་པའི་ལྷ་བབས་པདྨ་སྤུངས་པ། བྱ་ཆེན་ཆོ་འཕྲུལ། རྣམ་རྒྱལ་སྒོ་མངས། དབྱེན་ཟླུམ། མྱང་འདས་བཞེངས། །ཁྲི་རྒྱབ་ཡོལ་རྣམས་ཀྱང་བརྐོས་མ་གསེར་གྱིས་སྤྲས་པ་བསྒྲུབས། གཞན་ལོགས་


TNT23_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་གཙང་ཁང་དུ་སངས་རྒྱས་སོ་ལྔ། རི་ཁྲོད་མ། འོད་ཟེར་ཅན། རྣམ་ཐོས། ཛམ་ལྷ། ལམ་འབྲས་བླ་བརྒྱུད། ཁྱམས་ལ་བྲིས་པ་སྐུ་ཆེན་མོ་མཐོང་བ་དོན་ལྡན། འདས་པའི་སངས་རྒྱས་མར་མེ་མཛད། མ་བྱོན་བྱམས་པ། བདེ་བ་ཅན་གྱི་ཞིང་བཀོད། མངོན་དགའི་ཞིང་བཀོད་སངས་རྒྱས་སྨན་བླ། ཐུབ་དབང་གནས་བརྟན། མཛད་པ་བཅུ་གཉིས། སྐྱེས་རབས། གཞོན་ནུ་ནོར་བཟང་གིས་བླ་མ་བསྟེན་པའི་ཚུལ། སྒྲོལ་མ། རྣམ་རྒྱལ། སྒོ་བསྲུངས་རྒྱལ་ཆེན་བཞི་སོགས་ལ་འཁོར་ཚོགས་ཇི་འོས་པ་སྒྲུབ་ཐབས་དང་མདོ་རྒྱུད་ལས་བཤད་པ་དང་མཐུན་པ། བསྐོར་ཁང་ལའང་རིགས་ལྔ། རིགས་གསུམ་མགོན་པོ་སོགས་སངས་རྒྱས་དང་བྱང་སེམས་ཀྱི་སྐུ་གཟུགས་དུ་མས་བསྐོར་བ། གཞལ་ཡས་ཁང་དུ་དཔལ་དུས་ཀྱི་འཁོར་ལོས་ཐོགས་དྲངས་པའི་དཀྱིལ་འཁོར་ཆེན་པོ་རྣམས་རི་མོར་བཀོད། མགོན་ཁང་དུ་ཆོས་སྐྱོང་ལྕམ་དྲལ་རྣམ་སྲས་སོགས་འཆམ་སྐུའི་ཚུལ་དུ་བཞེངས་པའི་ཞལ་བཀོད་མཛད་པ་ཐམས་ཅད་ནི་འཇམ་དབྱངས་རིན་ཆེན་རྒྱལ་མཚན་ཡིན། རབ་གནས་མཁན་པོ་མཁན་ཆེན་རིན་པོ་ཆེ་གྲགས་པ་བཤེས་གཉེན་པས་མཛད་དོ། །ཕྱིས་སུ་རྟེན་གཙོ་ཐུབ་དབང་གི་སྐུའི་གཡོན་དུ་ཐུགས་དམ་གྱི་རྟེན་འོད་དཔག་མེད་ཀྱི་གསེར་སྐུ་སྐུ་ཚད་གཙོ་བོ་དང་མཉམ་པ་ཁྲི་རྒྱབ་ཡོལ་གྱི་དབུས་ན་བཞུགས་པ། རྟེན་དེ་རྣམས་ཀྱི་སྤྱན་སྔར་མར་མེ་ཁོར་ཡུག་ཏུ་འབར་བ་བཅུ་ཕྲག་གཅིག་འབུལ་བའི་ས་གཞི་རྒྱ་ཆེན་པོ་བཙུགས་སོ། །མཛད་འཕྲིན་འདི་ལ་དགོངས་ནས་བོ་དོང་ཕྱོགས་ལས། སྟོབས་ཀྱི་འཁོར་ལོས་བསྒྱུར་


TNT23_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྒྱལ་བརྒྱུད་དང༌། གསུང་གི་རྡུལ་ཚུབ་ཉི་མའང་ཕམ་བྱེད་པ། །ཕྱོགས་ལས་རྣམ་པར་རྒྱལ་བའི་སྟོབས་པོ་ཆེ། །མཆོག་གྱུར་མི་དབང་ཀུན་དགའ་འཕགས་དེ་ཉིད། །ཅེས་བསྔགས་པར་མཛད་དོ། །ནང་ཆེན་ཀུན་དགའ་འཕགས་དེ་ཉིད་དང༌། ཡུམ་བྱང་སེམས་བཟང་མོ་དཔལ་ལ་ས་མོ་སྦྲུལ་ལོ་ཧོར་ཟླ་དྲུག་པའི་ཡར་གྱི་ངོ་ལ་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་འཁྲུངས། མཚན་འདི་ཉིད་དཔྱལ་སྟོན་ཆེན་པོ་ཀུན་དགའ་རྒྱ་མཚོ་པས་འདོགས་པར་མཛད་དོ། །མཁས་གྲུབ་བློ་གྲོས་མི་ཟད་པས་ཆོས་རྒྱལ་རྣམ་ཐར་ལས། དཔལ་ལྡན་ཤར་ཁའི་གནས་འདིར་དགྲ་ལས་ནི། །རྣམ་པར་རྒྱལ་བའི་རྒྱལ་ཆེན་མང་བྱུང་ཡང༌། །ཆོས་དང་འཇིག་རྟེན་ཕུན་ཚོགས་མ་ལུས་པ། །ཀུན་བཟང་རབ་འཕགས་རྒྱལ་ཆེན་འདི་ཉིད་ཡིན། །ཞེས་སྐུ་གཞོན་ནུའི་དུས་སུ་བཀའ་དྲིན་ཆེ་བའི་བླ་མ་དམ་པ་རྣམ་པ་གསུམ་ལ་བརྟེན་པའི་ཐུགས་བརྒྱུད་སེམས་དཔའ་ཆེན་པོ་ཆོས་ཀྱི་རིན་པོ་ཆེ་སྣུམ་པར་མཛད། ཡང་བདག་པོ་ཆེན་པོ་ནང་ཆེན་ཀུན་དགའ་འཕགས་ཀྱི་ཐུགས་དམ་རྟེན་ཐུབ་དབང་གསེར་སྐུ་དགུང་ལོ་བརྒྱད་པའི་ཚད་ཁྲི་རྒྱབ་ཡོལ་དང་བཅས་པ་བསམ་འཕེལ་ནོར་བུའི་གླིང་གི་རྟེན་གཙོ་ཐུབ་དབང་གི་གཡས་ན་བཞུགས་སོ། །ཆོས་རྒྱལ་རབ་བརྟན་ཀུན་བཟང་ཞེས་ཆོས་ཀྱི་རྒྱལ་པོ་དེ་ཉིད་དགུང་ལོ་ཉི་ཤུ་རྩ་ལྔ་བཞེས་པ་རྒྱ་གར་བ་རྣམ་རྒྱལ་ཞེས་པའི་ལོ་ལ་ལྕང་རར་ཆོས་གཞི་བཏིང༌། ལུང་རིགས་སྨྲ་བ་བརྒྱ་ཕྲག་བཞིའི་གཙོ་བོར་སྔོན་གྱི་མཁས་གྲུབ་ཆེན་པོ་ལྷའི་དབང་བོ་སྐུ་སྐྱེ་བ་མཁས་གྲུབ་དགེ་ལེགས་དཔལ་བ་བྱང་ནས་གདན་དྲངས་ཏེ་ཆོས་དཔོན་དུ་མངའ་གསོལ། ཡབ་ཀྱི་


TNT23_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་རྫོགས་ཐབས་ལ་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་ཟབ་མོ་རྣམས་ཞལ་ཕྱེ་བའི་གསང་སྔགས་ཀྱི་སྒྲུབ་མཆོད་ཁྱད་པར་ཅན་མཛད་པ་འདི་ཚོ་ཐོག་མར་ལྕང་རར་འཛུགས་པར་མཛད་པ་ཡིན་ནོ། །ཆོས་རྒྱལ་དགུང་ལོ་ཉི་ཤུ་རྩ་དྲུག་བཞེས་པ་ཤིང་ཕོ་རྟའི་ལོ་ལ་རྒྱལ་མཁར་རྩེའི་མདུན་གྱི་མྱང་ཆུ་ལ་ཟམ་ཆེན་མིག་དྲུག་དང་ལྡན་པའི་དབུས་ན་བྱང་ཆུབ་ཆེན་པོའི་མཆོད་རྟེན་ཁྲི་ལམ་ཅན་དུ་བཞུགས་པའི་ནང་ན་དཀྱིལ་འཁོར་ཆེན་པོ་དགུ་ཡོད། ལོགས་རྣམས་ལ་སངས་རྒྱས་བྱང་སེམས་ཀྱི་སྐུ་བྲིས་ཡོད་དོ། །རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ཤཱ་རིའི་པུ་ཏྲ་དེ་ཉིད་རྒྱ་ནག་རྒྱལ་པོ་ཏ་ཞིན་གྱིས་སྤྱན་དྲངས་སྐབས་ལྕང་རར་ཟླ་བ་གཉིས་བཞུགས་པའི་བར་ལ་ཟམ་ཆེན་ལ་རབ་ཏུ་གནས་པ་མཛད་དོ། །ཆོས་རྒྱལ་དེ་ཉིད་དགུང་ལོ་སུམ་ཅུ་པ་ས་ཕོ་ཁྱི་ལོ་ལ་ཐེག་ཆེན་ཆོས་ཀྱི་རྒྱལ་པོའི་བཀའ་ཤོག་ཕེབས། ས་སྐྱར་ཕེབས་ནས་ཏཱའི་སི་ཏུ། ནང་ཆེན། ཐུས་དཀོན་རྣམས་ཀྱི་འཇའ་ས་བསྒྲགས། ས་ཁྱི་ཟླ་བ་གསུམ་པའི་གནམ་གང་གི་ཉིན་ནས་བཟུང་གོས་བཟོ་བ་སུམ་ཅུ་སོ་བདུན་གྱིས་ཞག་ཉི་ཤུ་རྩ་བདུན་བར་ལ་གོས་སྐུ་ཆེན་མོ་མཐོང་བ་དོན་ལྡན་བཞེངས། དབུས་སུ་སྟོན་པ་སངས་རྒྱས་ཁྲུ་བརྒྱད་ཅུ་པ། འཁོར་མཆོག་ཟུང་གཉིས། ལྷ་མགྲོན། མར་མེ་མཛད། (མཐོང་བ་དོན་ལྡན་དུ་མིང་བཏགས་པ་ཡིན་གྱི་བྲིས་སྐུ་མཐོང་བ་དོན་ལྡན་གྱི་བཀོད་པ་བྲིས་པ་ནི་མ་ཡིན་ནོ།)བྱམས་པ་གནས་བརྟན་བཅུ་དྲུག །སྟེང་ཕྱོགས་ཐད་ལྷའི་བུ་བ་དན་འཛིན་པ། ཁྲིའི་དཀྱིལ་ན་མགོན་པོ་བེང་གི་སྐུ་བཞུགས། རབ་གནས་འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱིས་མཛད་


TNT23_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ཤིག་ན་ཆོས་གྲྭ་དཔལ་འཁོར་བདེ་ཆེན་འདི་ཉིད་འདེབས་པའི་ཐད་ཀྱི་ནམ་མཁའ་ལ་གནས་གཙང་མའི་ལྷ་འགའ་ཞིག་གིས་ས་གཞི་ལ་སྤོས་ཆུས་ཆག་ཆག་འདེབས་ཤིང༌། མེ་ཏོག་གི་ཆར་འབེབས་པ་ལ་སོགས་མངོན་སུམ་གཟིགས་པའི་བཀོད་པའི་ཚུལ་ཅུང་ཟད་ཙམ་གཟིམ་ཁང་མཁའ་སྤྱོད་གཡབ་ཀྱི་ཤར་སྐྱ་ལ་བྲིས་ཡོད་པ་ལྟར་དགེ་འདུན་འདུས་པ་རྒྱ་མཚོའི་བཞུགས་གནས། རི་བོ་རྩེ་ལྔ་དང་ལྡན་པ་ཟུར་ཕུད་ལྔ་པའི་བསྟི་གནས། དབྱིབས་པདྨ་འདབ་སྟོང་ཁ་ཕྱེ་བ་ལྟ་བུར་འདི་རྒྱ་གར་བ་རྣམ་འཕྱང་ཞེས་པ་ས་ཕོ་ཁྱིའི་ལོ་དབྱར་ཟླ་འབྲིང་པོའི་ཆུ་སྟོད་ཟླ་བའི་ཡར་ངོའི་ཚེས་གཉིས་རྒྱལ་ཕུར་འཛོམས་པར་ཆོས་སྡེ་འདི་ཉིད་གཙུག་ལག་ཁང་དང་བཅས་པའི་འགྲམ་བཏིང༌། ལྕང་རའི་ཆོས་གཞི་བཏབ་ཚུལ་སྔོན་དུ་སྨོས་པ་དར་རྒྱས་སུ་བཞུགས་པའི་ཆོས་གཞི་འདིར་བཞུགས་པར་མཛད་དེ། མཁས་གྲུབ་འཇིགས་མེད་གྲགས་པས་སྐྱེ་རྒུ་མཛེས་བྱེད་མགུལ་རྒྱན་དུ། །ཕན་བདེ་མ་ལུས་ཀུན་གྱི་འབྱུང་གནས་ནི། །རྒྱལ་བའི་བསྟན་པ་ཡིན་པར་རབ་དགོངས་ནས། །འཇིག་རྟེན་སྐྱེས་བུ་དཔག་མེད་འདུ་བའི་གནས། །ཆོས་གྲྭ་ཆེན་པོ་དཔལ་འཁོར་བདེ་ཆེན་བཞེངས། །རྒྱ་གར་བ་སྒྱུར་བྱེད་ཅེས་པ་ས་མོ་ཕག་ལོ་ཆོས་རྒྱལ་དགུང་ལོ་སོ་གཅིག་བཞེས་པའི་དུས་ན་ནག་ཟླ་བཅོ་ལྔའི་དུས་ཆེན་ཉིན་ནས་གན་གོས་གསེར་མ་ཡུག་བཅུ་ཕྲག་གཉིས་དང་གསུམ། ཁ་འཁྱར་དགུ །ནང་གི་གཞི་ལ་གོས་ཡུག་གཉིས་ཀྱིས་ལྷག་པའི་བཅུ་ཕྲག་གཉིས།


TNT23_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་སྦྱོར་སྐུ་རྒྱུ་ལ་གོས་དར་ཁ་བཞི་བཅུ་ཞེས་གཉིས་རྣམས་ལས་གྲུབ་པའི་གསེར་འཕན་ཆེན་མོར་དཔངས་སུ་རྩེ་ཁྲུ་སོ་གསུམ། ཞེང་དུ་གན་གོས་བརྒྱད་བསྒྲིལ་ཡོད་པའི་དབུས་ན་བྱམས་པ་བཞེངས། སྐུ་དཔངས་ཁྲུ་བཅོ་བརྒྱད། ལྡེབས་སྤྱན་རས་གཟིགས། འཇམ་དབྱངས། ཉན་ཐོས་ཤེས་རབ་ཅན་གྱི་མཆོག་ཡེ་ཤེས་འོད། རྫུ་འཕྲུལ་ཅན་གྱི་མཆོག་བརྩོན་འགྲུས་བརྟན་དཔུང་ཟུར་གཉིས་ན་ལྷ་མགྲོན་ཐུབ་པ། མི་འཁྲུགས་པ། ཁྲིའི་འོག་ན་མགོན་པོ་གྲི་གུག་མ་སྟེ་གཙོ་འཁོར་བདུན་བཞུགས། གཞན་ཡང་གོས་དར་ཁ་སྟོང་ཕྲག་གཅིག་དང་གཉིས་ཀྱིས་ལྷག་པའི་བརྒྱ་ཕྲག་ལྔ་སྦྱོར་བྱེད་ཀྱི་སྐུད་རྒྱུ་ཁ་ལ་དྲུག་ཅུ་རེ་ལྔ་རྣམས་ལས་གྲུབ་པའི་འཕན་ཁྱད་པར་དུ་འཕགས་པ་སངས་རྒྱས་བྱང་སེམས་ཀྱི་སྐུ་བཞུགས་པ་སོགས་གཉིས། དབུས་ཀྱི་གསེར་འཕན་དང༌། བཅས་པ་ཟླ་བ་གཅིག་དང་ཞག་བརྒྱད་ཀྱི་བར་ལ་བཞེངས་པ་ནི། སྔོན་ཆད་སྐྱེ་བོ་ཀུན་གྱི་བློ་ཡུལ་དུ། །གང་གིས་བཀོད་པ་ཙམ་གྱིས་མི་ཤར་བའི། །གོས་བཟང་དུ་མ་ལས་གྲུབ་མཛེས་པའི་སྐུ། །ཡིད་འཕྲོག་འཕན་གྱི་གཟུགས་སུ་བཞུགས་པ་རྣམས། །ཕུན་ཚོགས་བཅོ་བརྒྱད་པ་ཡི་བརྒྱད་པ་རུ། །བྱམས་ཆེན་མཚུངས་པ་མེད་པའི་གསེར་འཕན་དང༌། །ཉེ་བའི་སྲས་ཆེན་བརྒྱད་ཀྱང་མངོན་སུམ་བྱོན། །འདི་ནི་ཕུན་ཚོགས་རྣམས་ཀྱི་བརྒྱད་པ་ཡིན། །ཞེས་དང༌། ལོ་དེའི་ཟླ་བ་དགུ་པའི་ནང་དུ་རིན་ཆེན་རྩེར་ཕྱག་ཕེབས། དགོན་ལོགས་ཀྱི་གྲྭ་བ་ལྷོ་པའི་ནང་དུ་བཞུགས་མཚེར་མཛད། ཐུགས་


TNT23_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ལ་བཞུགས་པའི་སྒང་ལ་སྐུ་དཔང་དུ་ཤོག་རིལ་རྒན་སོང་བ་ཞིག་བྱུང༌། གཟིགས་པས་རྒྱ་གར་རྡོ་རྗེ་གདན་གྱི་མ་ཧཱ་བོ་དྷི་བཞེངས་ཚུལ་སྐུའི་ཚད་རྒྱུ་སོང་སོགས་ཞིབ་པར་འདུག་པས་བརྡའི་སྒོ་ནས་ལུང་བསྟན་པར་དགོངས། རང་རེའང་ཆོས་སྡེ་གསར་དུ་བཞེངས་པའི་རྟེན་གཙོའི་སྐུ་ཚད་ཀྱང་འདི་དང་མཐུན་པར་བཞེངས། དེ་བཞིན་དུ་གཙུག་ལག་ཁང་སྔར་བརྩིགས་པ་ཁྱོན་ཆུང་འདུག་པས་སླར་ཁྱོན་མ་ཆུང་བ་ཞིག་བསྒྲུབས་པ་ནི་ད་ལྟའི་གཙུག་ལག་ཁང་ཉིད་དེ་གཙང་ཁང་ཀ་ཆེན་བརྒྱད། ཕིབས་བརྒྱད་ཆོས་སུ་མཛེས་ཤིང༌། ཁྱམས་ཀ་བ་བཞི་བཅུ་ཞེ་བརྒྱད་ཀྱི་ས། གློ་འབུར་ཤར་ནུབ་ཀ་བ་དྲུག་རེ་དང་ལྡན་པ། ཡོངས་སུ་ཀ་བ་བརྒྱ་དང་ལྔ་བཅུའི་ས་ཕྱི་འབུར་ཆེན་བཅུ་གཉིས་མདའ་གཡབ་ཀྱི་ཁོར་ཡུག་ཏུ་མཛེས་པ་གཙང་ཁང་ཆེན་མོའི་དབུས་སེང་གེས་བཏེགས་པའི་ཁྲི་བྱང་ཆུབ་ཆེན་པོའི་སྐུ་འདི་རྒྱ་གར་རྡོ་རྗེ་གདན་གྱི་མ་ཧཱ་བོ་དྷིའི་སྐུ་ཚད་ཇི་ལྟ་བ། རྒྱུ་ཟངས་ཁལ་སྟོང་ཕྲག་གཅིག །གསེར་ཞོ་བརྒྱ་ཕྲག་བརྒྱད་ལས་གྲུབ་པ། ཐུགས་ཀར་པཎ་ཆེན་ཤཱ་རི་པུ་ཏྲས་སྤྱན་དྲངས་པའི་རྒྱ་ལྷ་ཐུབ་པའི་སྐུ་ངོ་མཚར་བ་སོགས་གཟུངས་བཞུགས་བརྗོད་ཀྱིས་མི་ལངས་པ་བཞུགས་སོ། །ཕུན་ཚོགས་བཅོ་བརྒྱད་པའི་དང་པོ་ལ། གཙང་ཁང་དབུས་ན་ཐུབ་ཆེན་འཛམ་གླིང་རྒྱན། །བཀྲ་ཤིས་དཔལ་འབར་སྲིད་གསུམ་འོད་ཀྱིས་འགེངས། །མཚུངས་མེད་བྱང་ཆུབ་ཆེན་པོ་དེ་ཉིད་ནི། །ཕུན་ཚོགས་བཅོ་བརྒྱད་རྣམས་ཀྱི་དང་པོ་ཡིན། །དེ་ལྟ་བུའི་སྐུའི་རྒྱབ་ཡོལ་དུ་ན་དྲུག་རྒྱན་གྱིས་རབ་ཏུ་མཛེས་པའི་གནྡྷོ་ལར་གཡས་


TNT23_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་ལྡེབས་འཇམ་དབྱངས་དང་སྤྱན་རས་གཟིགས་གཟེར་ཟངས་ལས་གྲུབ་པ། གཞན་ཡང་གཡས་གཡོན་གཉིས་སུ་ཁྲི་རྒྱབ་ཡོལ་དབུས་ན་འདས་མ་འོངས་ཀྱི་སངས་རྒྱས་མར་མེ་མཛད་དང་བྱམས་པ། ཤར་ནུབ་ཀྱི་ངོས་པད་སྡོང་བཅུ་དྲུག་ལ་འཇམ་དཔལ་རྩ་བའི་རྒྱུད་ནས་གསུངས་པའི་སེམས་དཔའ་བཅུ་དྲུག་བཞུགས་པ་རྣམས་ཀྱི་རབ་གནས་འཇམ་དབྱངས་རིན་ཆེན་རྒྱལ་མཚན་དཔལ་བཟང་གིས་མཛད་དོ། །ནུབ་ཕྱོགས་ཀྱི་གློ་འབུར་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་གི་དབུས་ན་ཆོས་རྒྱལ་དགུང་ལོ་སོ་བཞི་བཞེས་པ་ཆུ་ཕོ་སྟག་ལ་ཐུགས་དམ་དུ་བཞེངས་པའི་རྣལ་འབྱོར་རྒྱུད་ཀྱི་རྩ་བརྒྱུད། དེ་ཉིད་འདུས་པ་ལ་དུམ་བུ་བཞི་ཡོད་པའི་དུམ་བུ་དང་པོ་འདོད་ཆགས་ཀྱིས་འདོད་ཆགས་སྤངས་པའི་ཕྱིར་བསྟན་པ། རྡོ་རྗེ་དབྱིངས་ཀྱི་དུམ་བུ་ལ་ཡང་གསུམ་ཡོད་པའི་དང་པོ་རྒྱ་ཆེན་པོ་ལ་དགའ་བའི་སེམས་ཅན་རྗེས་སུ་བཟུང་བའི་ཕྱིར་དཀྱིལ་འཁོར་རྒྱས་པ་ཕྱག་རྒྱ་ཆེན་པོ་གཙོ་བོར་གྱུར་པ་རྩ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་བཞུགས་ཏེ། དབུས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཞལ་གཅིག་ཕྱག་གཉིས་པ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་བཞུགས་པའི་ཕྱོགས་བཞིར་སེམས་མ་བཞི། བཅོམ་ལྡན་འདས་མི་བསྐྱོད་པ་ལ་རྡོ་རྗེ་རིགས་ཀྱི་སེམས་དཔའ། རྡོ་རྗེ་སེམས་དཔའ་སོགས་ཀྱིས་བསྐོར་བ། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ལ་རིན་ཆེན་རིགས་ཀྱི་སེམས་དཔའི་རྡོ་རྗེ་རིན་ཆེན་སོགས་བཞིས་བསྐོར་བ། བཅོམ་ལྡན་འདས་འོད་དཔག་མེད་ལ་པདྨའི་རིགས་ཀྱི་སེམས་དཔའ་རྡོ་རྗེ་ཆོས་


TNT23_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བཞིས་བསྐོར་བ། བཅོམ་ལྡན་འདས་དོན་ཡོད་གྲུབ་པ་ལ་ལས་ཀྱི་རིགས་ཀྱི་སེམས་དཔའ་རྡོ་རྗེ་ལས་རབ་སོགས་བཞིས་བསྐོར་བ་དང༌། སྒེག་མོ་མ། འཕྲེང་བ་མ་སོགས་ནང་སྒེག་བཞི། བདུག་པ་མ་སོགས་ཕྱི་སྒེག་བཞི། སྒོ་བ་རྡོ་རྗེ་ལྕགས་ཀྱུ་མ་སོགས་བཞི། རྡོར་དབྱིངས་རྩ་བའི་ལྷ་སོ་བདུན་འབུར་དུ་དོད་པར་བཞུགས་སོ། །མགྲོན་ཐབས་ལ་བསྐལ་བཟང་གི་སེམས་དཔའ་བྱམས་པ་ལ་སོགས་པ་ཤར་ཕྱོགས་ཀྱི་སེམས་དཔའ་ཉིས་བརྒྱ་བཞི་བཅུ་ཞེ་དགུ་པོ་ཐམས་ཅད་རྡོ་རྗེ་རིན་ཆེན་སེམས་དཔའ་འདྲ་བ། སྤོས་ཀྱི་གླང་པོ་སོགས་ལྷོ་ཕྱོགས་ཀྱི་སེམས་དཔའ་ཉིས་བརྒྱ་བཞི་བཅུ་ཞེ་དགུ་པོ་ཐམས་ཅད་རིན་ཆེན་འདྲ་བ། འོད་དཔག་མེད་སོགས་ནུབ་ཕྱོགས་ཀྱི་སེམས་དཔའ་ཉིས་བརྒྱ་བཞི་བཅུ་ཞེ་དགུ་པོ་ཐམས་ཅད་རྡོ་རྗེ་ཆོས་འདྲ་བ། རྡོ་རྗེ་སྙིང་པོ་སོགས་བྱང་ཕྱོགས་ཀྱི་སེམས་དཔའ་ཉིས་བརྒྱ་བཞི་བཅུ་ཞེ་དགུ་པོ་ཐམས་ཅད་རྡོ་རྗེ་ལས་རབ་དང་འདྲ་བ། དེ་སྔར་བསྐལ་བཟང་གི་སེམས་དཔའ་སྟོང་དུ་བཞིས་མ་ཚང་བ་ལོགས་བྲིས་ལ་བཞུགས་སོ། །མདོར་ན་དཀྱིལ་འཁོར་རྒྱས་པའི་ལྷ་ཚོགས་སྟོང་དང་སུམ་ཅུ་སོ་གསུམ་ཚང་བར་བཞུགས་པ་འདི་ཚོའི་རབ་གནས་ཞྭ་ལུ་པ་སྐུ་ཞང་ཆོས་རྗེ་ནམ་མཁའི་མཚན་ཅན་གྱིས་མཛད་དོ། །ཕུན་ཚོགས་བཅོ་བརྒྱད་པའི་གཉིས་པར། །རི་རབ་རྩེ་མོར་ལྷ་ཡི་གཞལ་ཡས་ཁང༌། །རྒྱལ་ཆེན་རྡོ་རྗེ་དབྱིངས་སོགས་གཙོ་བོ་ལྔ། །འཁོར་ལོ་བསྒྱུར་བའི་བློན་ཆེན་བཞི་བཞིར་ལྡན། །འཁོར་བཅས་ཕུན་ཚོགས་བཅོ་བརྒྱད་གཉིས་པ་ཡིན།


TNT23_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་ཁང་གི་གཡོན་ཕྱོགས་ཤར་གྱི་འབུར་ཆེན་ཆོས་རྒྱལ་ལྷ་ཁང་གི་དབུས་སུ་ཆོས་རྒྱལ་དགུང་ལོ་སོ་ལྔ་བཞེས་དུས་ཆུ་མོ་ཡོས་ལོ་ཟླ་བ་གསུམ་པ་ལ་ཐུགས་དམ་དུ་བཞེངས་པ་སྤྱན་རས་གཟིགས་བཅུ་གཅིག་ཞལ་ཀླུ་སྒྲུབ་ལུགས་རྩ་ཕྱག་ཞེ་གཉིས་པ་འབུར་སྐུ་འཁོར་གྱི་ལྷ་དང་རྒྱུད་པའི་བླ་མ་རྣམས་དང་བཅས་པ་རི་མོར་བྲིས་པས་བསྐོར་བའི་གཡས་ཕྱོགས་སུ་འཇམ་དབྱངས། མཁན་ཆེན་བོ་དྷི་ས་ཏྭ། སློབ་དཔོན་པདྨ་འབྱུང་གནས། ཀ་མ་ལ་ཤཱི་ལ། ཨ་ཏི་ཤ། གཡོན་ཕྱོགས་ཕྱག་ན་རྡོ་རྗེ། ཁ་ཆེ་པཎ་ཆེན། སྲོང་བཙན་སྒམ་པོ། ཁྲི་སྲོང་ལྡེའུ་བཙན། ཁྲི་རལ་རྣམས་ཀྱི་སྐུ་གཟུགས་འབུར་དོད་པ། ངོས་གཡས་གཡོན་རྣམས་ལ་མགོན་པོ་ཚེ་དཔག་མེད་སོགས་སྐུ་སྟོང་རྩས་བསྐོར་ཅིང༌། ལྷོ་བྱང་གི་སྟོད་ཀྱི་ཆ་ལ་སངས་རྒྱས་སོ་ལྔ་རི་མོར་བཀོད་པ་བཞུགས། རབ་གནས་འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱིས་མཛད་དོ། །ཀླུ་སྒྲུབ་བློ་མཚོ་དྭངས་པར་ཤར་བ་ཡི། །སངས་རྒྱས་ཀུན་གྱི་ཐུགས་རྗེའི་གཟུགས་གཅིག་པུ། །བལྟ་བས་མི་ངོམས་ཞལ་ཕྱག་ཡོངས་རྫོགས་པ། །འདི་ནི་ཉེ་བའི་ཕུན་ཚོགས་གསུམ་པ་ཡིན། དེ་རྣམས་བཞུགས་པའི་ཕྱིའི་རིམ་པ་ཁྱམས་བསྐོར་ཁང་དང་བཅས་པ་ལ་སྐུ་གཟུགས་བྲིས་པའི་ཚུལ་བཞུགས་པ་ནི་རྣམ་ཐར་སྒོ་གསུམ་གྱི་གཡས་ཀྱི་གདོང་ལ་འཇམ་དཔལ་རྩ་རྒྱུད་ལས་གསུངས་པའི་རས་བྲིས་མཐོང་བ་དོན་ལྡན་རྒྱས་པའི་ཞིང་ཁམས། འདི་དང་བསྐོར་ལམ་གྱི་གཡས་ངོས་སུ་སངས་རྒྱས་རྣམ་པར་སྣང་མཛད་སྤྲུལ་སྐུ་ལ་འཁོར་སྲས་དང་སློབ་མར་བཅས་པས་བསྐོར་


TNT23_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཞིང་ཁམས། གུང་གི་སྒོ་གདོང་གཡོན་ལ་བྱམས་པ་ལ་གནས་བརྟན་བཅུ་དྲུག་གིས་བསྐོར་བའི་ཞིང་ཁམས་སོགས་སངས་རྒྱས་བྱང་སེམས་ཀྱི་ཞིང་ཁམས་དང་མདོ་ལུང་སོ་སོ་ནས་གསུངས་པའི་ཞིང་བཀོད་བསམ་གྱིས་མི་ཁྱབ་པ་ལྡེབས་རིས་སུ་བཀོད་པ་འདི་རྣམས་ཆོས་རྒྱལ་དགུང་ལོ་སོ་བཞི་པ་ཆུ་ཕོ་སྟག་གི་ལོ་ལ་བཞེངས་སོ། །རབ་གནས་གནས་རྙྀང་མཁན་ཆེན་འཇམ་དབྱངས་རིན་ཆེན་རྒྱལ་བས་མཛད་དོ། །གཙུག་ལག་ཁང་རྩེགས་འབུར་ཆེན་བཞི་ཡིས་མཛད། །རིན་ཆེན་ཤིང་རྩེགས་བརྒྱ་ཡིས་རྣམ་བཀྲ་བ། །གཞལ་ཡས་ཁང་པ་སྐྱེངས་པར་བྱེད་པ་འདི། །ཕུན་ཚོགས་བཅོ་བརྒྱད་རྣམས་ཀྱི་གསུམ་པ་ཡིན། །གཙང་ཁང་གི་སྟེང་གཞལ་ཡས་ཁང་ཆེན་མོ་ཀ་བ་བརྒྱད་དང་ཤིང་རྩེགས་རིམ་པ་བཅུ་དང་ལྡན་པའི་རི་མོ་ལ་ཆོས་རྒྱལ་དགུང་ལོ་སོ་བདུན་བཞེས་པ་ཤིང་མོ་སྦྲུལ་ལ་ཐུགས་དམ་དུ་བཞེངས་པ་ནི་རྣལ་འབྱོར་གཉིས་སུ་མེད་པའི་ཐབས་ཤེས་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་ལས་གསུངས་པའི་དཔལ་དུས་འཁོར་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དཀྱིལ་འཁོར་གཡས་ཕྱོགས་རྣལ་འབྱོར་ཆེན་པོ་ཐབས་ཀྱི་རྒྱུད་གཙོ་བོར་སྟོན་པའི་དཀྱིལ་འཁོར་ནི་དང་པོར་དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེ་འཕགས་ལུགས་ཀྱི་དཀྱིལ་འཁོར་ཆེན་པོ་གཉིས་མ། དེའི་གཡས་ངོས་སྐུའི་རིགས་རྡོ་རྗེ་འཇིགས་བྱེད་སྤྱོད་ལུགས་ལྷ་བཅུ་གསུམ་པའི་དཀྱིལ་འཁོར། དེའི་གཡས་ནུབ་ཕྱོགས་ཀྱི་ངོས་ལ། མི་བསྐྱོད་པའི་རིགས་གསང་འདུས་འཇམ་པའི་རྡོ་རྗེ་ཡེ་ཤེས་ཞབས་ལུགས་ལྷ་བཅུ་དགུ་མའི་དཀྱིལ་འཁོར། དེའི་གཡས་ངོས་རྡོ་རྗེ་འཇིགས་


TNT23_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་རྭ་ལུགས་ལྷ་བཅུ་གསུམ་མའི་དཀྱིལ་འཁོར། དེའི་གཡས་སུ་དེ་བཞིན་གཤེགས་པའི་རིགས་གཤིན་རྗེ་གཤེད་དམར་པོ་དཔལ་འཛིན་ལུགས་ལྷ་བཅུ་གསུམ་པའི་དཀྱིལ་འཁོར། དེའི་གཡས་སྐུའི་རིགས་ཀྱི་ཁྲོ་བོ་གཤིན་རྗེ་གཤེད་འཇམ་དཔལ་ཞལ་དྲུག་གི་གདོང་དྲུག་ལྷ་བཅུ་གསུམ་མའི་དཀྱིལ་འཁོར། དེའི་གཡས་ཡར་ཁྱུའི་ཆ་ལ་ཕུར་པ་རྩེ་དུམ་གྱི་རྒྱུད་ལས་བཤད་པའི་རྡོ་རྗེ་རིགས་ཀྱི་ཁྲོ་བོ་དཔལ་རྡོ་རྗེ་གཞོན་ནུའམ་ཕུར་པ་ས་ལུགས་ཀྱི་དཀྱིལ་འཁོར། གོང་དུ་བཤད་པའི་དུས་ཀྱི་འཁོར་ལོའི་གཡོན་ངོས་ལ་ཤེས་རབ་གཙོ་བོར་སྟོན་པ་ཧེ་རུ་ཀའི་རིགས་རྣམས་བཞུགས་ཏེ། མ་རྒྱུད་འཁོར་ལོ་བདེ་མཆོག་གི་ཐུན་མོང་མིན་པའི་བཤད་རྒྱུད་མཁའ་འགྲོ་རྒྱ་མཚོ་ལེའུ་ང་གཅིག་པ། ང་གཅིག་པ་དེ་ཉིད་ལའང་རབ་བྱེད་ཉི་ཤུ་རྩ་ལྔར་ཕྱེ་བའི་རྒྱུད་ལེའུ་བཅོ་ལྔ་པ་ལས་བྱུང་བའི་དཔལ་མཁའ་འགྲོ་རྒྱ་མཚོ་ཧེ་རུ་ཀ་ཞལ་བཅུ་བདུན་ཕྱག་བདུན་ཅུ་དོན་དྲུག་པས་གཙོ་བྱས་པའི་དཀྱིལ་འཁོར་རྩ་བའི་ལྷ་བརྒྱ་དང་བཞི། མགྲོན་ཐབས་བསྐལ་བཟང་སངས་རྒྱས་སྟོང་དང་བཅས་པའི་དཀྱིལ་འཁོར་ཆེན་པོ་སྒོ་བཞི་སྦྲགས་སྟོན་པ། དེའི་གཡོན་བདེ་མཆོག་གྲུབ་ཆེན་ལོ་ཧི་པའི་ལུགས་ལྷ་དྲུག་ཅུ་རྩ་གཉིས་དཀྱིལ་འཁོར། དེའི་གཡོན་ཤར་ཕྱོགས་ཀྱི་ངོས་ལ་བསྡུས་རྒྱུད་དམ་ཐུན་མོང་མ་ཡིན་པའི་བཤད་རྒྱུད་མཁའ་འགྲོ་མ་རྡོ་རྗེ་གུར་ལས་རིགས་བསྡུས་དང༌། རིགས་རྐྱང་གཉིས་གསུངས་པའི་རིགས་བསྡུས་མཁའ་འགྲོ་ལྔའི་དཀྱིལ་འཁོར་ས་ལུགས། དེའི་གཡོན་དུ་རྒྱུད་གུར་བརྟག་གཉིས་ལས་འབྱུང་བ་སྙིང་པོ་ཀྱཻ་རྡོར་ལྷ་དགུ་མ་གྲུབ་ཆེན་བིར་ཝ་པའི་


TNT23_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་ལུགས་སུ་གྲགས་པའི་དཀྱིལ་འཁོར། དེའི་གཡོན་ངོས་སུ་རྣལ་འབྱོར་མའི་རྒྱུད་ཀུན་གྱི་རྩ་བ་རིགས་དྲུག་མཉམ་པར་སྟོན་པ་སྐུ་དྲུག་ལྷུན་གྲུབ་མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་དཀྱིལ་འཁོར། དེའི་གཡོན་དུ་རྣམ་སྣང་གི་གདན་བཞིའི་རྒྱུད་ལས་གསུངས་པའི་གདན་བཞི་ལྷ་མང་གི་དཀྱིལ་འཁོར་སློབ་དཔོན་བྷ་ཝ་བྷ་དྲའི་རྒྱ་གཞུང་ལ་བརྟེན། བླ་མ་དམ་པ་གྲགས་པ་རིན་པོ་ཆེ་ཡི་དགོངས་པ་དང་མཐུན་པར་བཞུགས། དེའི་གཡོན་ངོས་ཡར་ཁྱུའི་ཆར་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཐམས་ཅད་ཀྱི་བཤད་རྒྱུད། སམ་བྷུ་ཊིའི་བརྟག་པ་གསུམ་པའི་རབ་བྱེད་བཞི་པ་ནས་འབྱུང་བའི་རྡོ་རྗེ་དབྱིངས་དང་དུར་ཁྲོད་ལ་དགེས་པའི་ཧེ་རུ་ཀ (ཀྱཻ་རྡོར་མཚོན་ཆ་ཅན་གྱི་མིང་གི་རྣམ་གྲངས་)ཧེ་རུ་ཀ་དྲག་པོ་གདོན་ཅན་གསུམ་གསུངས་པའི་ནང་ཚན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལྷ་སོ་བདུན་མ་རྣམས་བཞུགས། དཀྱིལ་འཁོར་ཆེན་པོ་དེ་དག་གི་བར་མཚམས་གཡས་ཕྱོགས་སྟོད་ཀྱི་ཆ་ལ་གཤེད་དམར་ལྷ་ལྔ་མ་གྲུབ་ཆེན་བིར་ཝ་པའི་ལུགས། གསང་འདུས་སྤྱན་རས་གཟིགས་ལྷ་དགུ་མ་ཇོ་བོ་ཨ་ཏི་ཤ་ནས་ལྷ་བཙུན་བྱང་ཆུབ་འོད་ཀྱི་ངོར་གནང་བ་ཇོ་བོ་ལུགས་འཇིགས་བྱེད་རོ་ལངས་བརྒྱད་སྐོར་རྒྱུད་དང་འབྲེལ་བར་བཤད་ཀྱང་དེང་སང་ས་སྐྱ་པའི་ལུགས་སྲོལ་དུ་གྲགས། དུས་འཁོར་ལས་གསང་འདུས་རིགས་དྲུག་ཏུ་བཤད་པའི་ནང་ཚན་གསང་འདུས་ལྷ་དགུ་མའི་དཀྱིལ་འཁོར། ཕྱག་རྡོར་


TNT23_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཆེན་ལྷ་ཉེར་ལྔའི་དཀྱིལ་འཁོར་གསང་འདུས་རིགས་དྲུག་ཏུ་བཤད་པའི་ནང་ཚན་གསང་འདུས་ལྷ་ཉེར་ལྔའི་དཀྱིལ་འཁོར། དུས་འཁོར་ལས་སྒྱུ་འཕྲུལ་དྲྭ་བ་རིགས་གསུམ་གྱི་ནང་ཚན་སྒྱུ་འཕྲུལ་དྲ་བ་ལྷ་ཞེ་གསུམ་མའི་དཀྱིལ་འཁོར། འཕྲེང་བར་གསུངས་པའི་བདུད་རྩི་ཧེ་རུ་ཀའི་དཀྱིལ་འཁོར། འཕྲེང་བར་གསུངས་པའི་བདུད་རྩིའི་དཀྱིལ་འཁོར་རྣམས་དང༌། འོག་སྟར་ལ་ཕྱག་རྡོར་གཏུམ་པོ་ཁྱུང་ལྔ་མ། རས་ཆུང་བས་གྲུབ་ཆེན་ཝ་ལ་ཙན་དྲ་ལ་ཞུས་བླ་མེད་དུ་བཀྲལ་རས་ཆུང་ལུགས་དགྲ་ནག་ལྷ་བཅུ་གསུམ་མ་རྭ་ལུགས། རྡོ་རྗེ་ཕྲེང་བ་ལས་བཤད་པའི་སངས་རྒྱས་ཐོད་པ་ལྷ་དགུ་མ། ཕག་མོ་མངོན་བྱུང་ལས་བཤད་པའི་ཕག་མོ་ལྷ་ཉེར་ལྔའི་དཀྱིལ་འཁོར་བཤད་བརྒྱུད་བདེ་མཆོག་སྡོམ་འབྱུང་ལས་འབྱུང་བའི་གཙོ་བོ་ཞལ་གསུམ་ཕྱག་དྲུག་ལྷ་བཅུ་མའི་དཀྱིལ་འཁོར། དུས་འཁོར་ལས་བཤད་པའི་འཇམ་དཔལ་སྒྱུ་འཕྲུལ་དྲ་བའི་ལྷ་ཞེ་ལྔའི་དཀྱིལ་འཁོར། དུས་འཁོར་ལས་བཤད་པའི་གསང་འདུས་ལྷ་སོ་གཉིས་མའི་དཀྱིལ་འཁོར། དུས་འཁོར་ལས་བཤད་པའི་གསང་འདུས་ལྷ་བཅུ་གསུམ་མའི་དཀྱིལ་འཁོར། ཕྲེང་བར་གསུང་པའི་བདུད་རྩིའི་དཀྱིལ་འཁོར། གསུམ་ལས་བདུད་རྩི་ཧཱུྃ་མཛད་ཀྱི་དཀྱིལ་འཁོར། བདེ་མཆོག་རེག་ཚིག་རྣམས་ཀྱི་དཀྱིལ་འཁོར། གཡོན་ཕྱོགས་སྟོད་ཀྱི་ཆ་ལ་བདེ་མཆོག་ནག་པོ་སྤྱོད་པའི་ལུགས་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར། མཻ་ཏྲི་ལུགས་བདེ་མཆོག་ལྷ་བཅུ་གསུམ་མའི་དཀྱིལ་འཁོར། བརྟག་གཉིས་ལས་གསུངས་པའི་སྐུ་ཀྱཻ་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པའི་དཀྱིལ་འཁོར། གསུང་གི་རྡོ་རྗེ་ཞལ་གསུམ་


TNT23_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་དྲུག་པའི་དཀྱིལ་འཁོར་སམ་བྷུ་ཊིའི་བརྟག་པ་གསུམ་པའི་རབ་བྱེད་དང་པོ་ནི་རབ་ཏུ་བྱེད་པ་དགུ་པ་ལས་གསུངས་པའི་ཀྱཻ་རྡོར་མཚོན་ཆ་ཅན་ལྷ་བཅུ་བདུན་མའི་དཀྱིལ་འཁོར། སྙིང་པོ་ཀྱཻ་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་རྩེགས་གདན་སྟེང་ན་བཞུགས་པ་འགྲེལ་པ་ལུགས་ལྷ་དགུ་མ། སངས་རྒྱས་ཐོད་པའི་རྒྱུད་རང་ལས་བཤད་པའི་སངས་རྒྱས་ཐོད་པ་ལྷ་ཉེར་ལྔ་མ། འཕྲེང་བ་ནས་བཤད་པའི་ཀུ་རུ་ཀུལླེ་ལྷ་བཅོ་ལྔ་མའི་དཀྱིལ་འཁོར། རྒྱ་གར་གྱི་པཎ་ཆེན་ལ་བུ་སྟོན་རིན་པོ་ཆེ་ནས་ཞྭ་ལུར་གསན་པའི་བླ་མེད་ཐུགས་རྗེ་ཆེན་པོ་པདྨ་དྲ་བ་རྣམས་ཀྱི་དཀྱིལ་འཁོར་འོག་སྟར་ལ་བདེ་མཆོག་རྡོ་རྗེ་མཁའ་འགྲོ། སློབ་དཔོན་དྲིལ་བུ་ལུགས་ལྷ་ལྔའི་དཀྱིལ་འཁོར། རྔོག་ལུགས་མ་ཧཱ་མ་ཡ་ལྷ་ལྔའི་དཀྱིལ་འཁོར་ཐུགས་ཀྱི་རྡོ་རྗེ། ཞལ་བཞི་ཕྱག་བརྒྱད་པའི་དཀྱིལ་འཁོར་བརྟག་གཉིས་ལས་གསུངས་པའི་བདག་མེད་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར། སྒྲོལ་མ་བླ་མེད་ལྷ་བཅུ་བདུན་མའི་དཀྱིལ་འཁོར། སམ་བྷུ་ཊིའི་རྟོགས་པ་གསུམ་པའི་རབ་བྱེད་གཉིས་པའམ་རབ་བྱེད་བཅུ་པ་ལས་གསུངས་པའི་ཡེ་ཤེས་མཁའ་འགྲོ་ལྷ་བཅུ་གསུམ་མ། འཕྲེང་བ་ནས་བཤད་པའི་རྡོ་རྗེ་སྒྲོལ་མ་ལྷ་གཅིག་མའི་དཀྱིལ་འཁོར། འཕྲེང་བ་ནས་བཤད་པའི་ཧཱུྃ་མཛད་ཁྲོ་བོ་བཅུ་གཅིག་གི་དཀྱིལ་འཁོར། རྡོ་རྗེ་གུར་ལས་གསུངས་པའི་རྡོ་རྗེ་ནག་པོ་ཆེན་པོའི་དཀྱིལ་


TNT23_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་སོགས་ཡོངས་སྡོམས་ལྔ་བཅུ་རྩ་ལྔ་བཞུགས་པའི་གྲྭ་རྣམས་ནས་རང་རང་གི་དབང་བཀའ། བཤད་བཀའ། མན་ངག་གི་བཀའ་བབས་པའི་བླ་མ་རྒྱུད་པས་བསྐོར་ཞིང་མདོར་ན་གོ་མཚམས་མེད་པ་ཏིལ་གྱི་གང་བུ་བཞིན་ཡོངས་སུ་གང་བར་གྱུར་ཏོ། །དེའི་ཕྱི་རོལ་བསྐོར་ལམ་གོང་མའི་གཡས་གཡོན་གྱི་ངོས་ཐམས་ཅད་ལ་བསྐལ་བཟང་གི་སངས་རྒྱས་སྟོང་ལ་མདོ་སྡེ་བསྐལ་བཟང་ལས་བཤད་པ་ལྟར་རེ་རེ་ལའང་ཡབ་ཡུམ་སྲས་རིམ་གྲོ་བ། རྫུ་འཕྲུལ་ཅན་སོགས་བཅུ་གསུམ་བཅུ་གསུམ་གྱི་བཀོད་པ་ཕུན་སུམ་ཚོགས་པ། ནུབ་ཀྱི་གློ་འབུར་གྱི་སྟེང་ལམ་འབྲས་བླ་མ་རྒྱུད་རིམ་འབུར་དོད་དེ་རྣམས་གོང་དཀྱིལ་ན་ལུ་ཨི་ལུགས་ཀྱི་བདེ་མཆོག་གི་དཀྱིལ་འཁོར་ཆེན་པོ་བློས་བླངས་རྒྱུ་རིན་པོ་ཆེ་ལས་གྲུབ་པ། སྟེང་ཕྱོགས་ཀྱི་ངོས་ཀྱི་རི་མོ་ལ་གྲུབ་ཐོབ་བརྒྱད་ཅུ་རྩ་བརྒྱད། ས་སྐྱ་འཁོན་གྱི་གདུང་རྒྱུད་བཟང་རིམ་བྱོན་པ་རྣམས་གདུང་རབས་ཆེན་མོ་དང་མཐུན་པར་བཞུགས། བྱང་ཕྱོགས་ངོས་ཀྱི་རི་མོ་ལ་པཎ་ཆེན་གྱིས་མུ་སྟེགས་འཕྲོག་བྱེད་ཚར་བཅད་པའི་བཀོད་པ། ལྷོ་ཕྱོགས་ཀྱི་རི་མོ་ལ་ཆོས་རྒྱལ་འཕགས་པའི་རྣམ་ཐར། མར་ཁྱུའི་བྱང་གི་ཆར་རྣམ་སྲས་ཞི་བ་བདེ་བྱེད་འཁོར་ལོ་བཅས་ཕོ་བྲང་དབུས་ན་བཞུགས་པ་དང༌། དེའི་གཡོན་ན་མགོན་པོ་ཡབ་ཡུམ་ལས་མཁན་ལྔ། གཎྜི་ལས་སྤྲུལ་པའི་ཁྲོ་ཚོགས་ཀྱིས་བསྐོར་བ། ཡར་ཁྱུའི་སྒོའི་གཡོན་ལ་ལྷ་མོ་རུ་འདྲེན་བཞིས་བསྐོར་བའི་གཡོན་དུ་དཀར་མོ་ཉི་ཟླ། བདུད་རྒྱལ་ནག་པོ་ཐོད་པའི་ཕྲེང་བ་ཅན། དུར་ཁྲོད་བདག་པོ་ཡབ་ཡུམ་རི་མོར་བཞུགས་པ་འདི་ཐམས་


TNT23_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཅུང་ནང་ཆེན་རབ་འབྱོར་བཟང་པོའི་དྲུང་གི་ཐུགས་དམ་དུ་བཞེངས། རབ་གནས་བསམ་ལྡིང་རིན་པོ་ཆེ་ཆོས་དཔལ་བཟང་པོས་མཛད། དཔལ་ལྡན་བདེ་མཆོག་འཁོར་ལོའི་དཀྱིལ་འཁོར་ནི་རྟེན་དང་བརྟེན་པ་རིན་པོ་ཆེ་ལས་གྲུབ། མཁའ་སྤྱོད་གནས་ཀྱི་དཀྱིལ་འཁོར་མངོན་སུམ་བཞིན་གང་འདི་ཉེ་བའི་ཕུན་ཚོགས་བཞི་པ་ཡིན་ཞེས་ཤར་གྱི་འབུར་ཆེན་ཆོས་རྒྱལ་ལྷ་ཁང་གི་སྟེང་གནས་བརྟན་བཅུ་དྲུག་འབུར་དོད་པར་བཞུགས་པས་གནས་བརྟན་ལྷ་ཁང་ཞེས་པར་ཐོགས། གཞན་ཡང་འབུར་དོད་འཇམ་དབྱངས་སྨྲ་བའི་སེང་གེ་གཙོ་འཁོར་ལྔ། སེང་ལྡེང་ནགས་སྒྲོལ་ལ་འཇིགས་བརྒྱད་ལས་སྐྱོབ་པའི་སྒྲོལ་མ་རྣམས་དང༌། རིགས་བདག་འོད་དཔག་མེད་ཀྱི་སྐུ་གཟུགས་འབུར་དོད་པར་བཞུགས། སྟེང་ཕྱོགས་ཀྱི་ཆའི་རི་མོ་ལ་ཇོ་བོ་རྗེའི་བྱང་ཆུབ་ལམ་རིམ་གྱི་བླ་རྒྱུད་རྣམས་དང༌། རྒྱན་དྲུག་མཆོག་གཉིས། མི་འཁྲུགས་པ། འོད་དཔག་མེད། སྲས་བྱང་ཆུབ་སེམས་དཔའ། སྒོ་སྲུང་རྒྱལ་ཆེན་བཞི་རྣམས་རི་མོར་བཞུགས་སོ། །ཁྱམས་ཆེན་གྱི་སྟེང་འཁོར་རྣམས་གནམ་གཡབ། བར་བསྐོར་གྱི་ལོགས་དང་བཅས་པ་ལ་སྐུ་གཟུགས་རི་མོར་བཞུགས་པ་ནི་གཙང་ཁང་ལྷ་ཁང་གི་ཞལ་རས་ལྷ་ཁང་གི་གཡས་ཕྱོགས་ཞལ་ཤར་གཟིགས་ཀྱི་གདོང་ཆུང་ལ་ཁ་ཆེ་པཎ་ཆེན་ལ་བསྙེན་རྫོགས་སྡོམ་པའི་བླ་མ་རྒྱུད་པས་བསྐོར་བ། དེའི་གཡས་ཀྱི་གདོང་ཆེན་ལ་སངས་རྒྱས་ལ་མ་ག་དྷ་བཟང་


TNT23_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་རྟོགས་བརྗོད་ཀྱིས་བསྐོར་བ། དེའི་གཡས་ཕྱོགས་ན་ཐུབ་དབང་ལ་བསྟན་པའི་གཏད་རབས་ཀྱིས་བསྐོར་བ། ནུབ་ཀྱི་གུང་ལམ་འབྲས་ལྷ་ཁང་གི་སྒོའི་གཡོན་ངོས་ལ་ཐུབ་དབང་ལ་དཔག་བསམ་འཁྲི་ཤིང་ལས་བྱུང་བའི་སྤྲིན་བཞོན་རྟོགས་བརྗོད། སྒོ་གོང་ན་མདོ་མཛངས་བླུན་ལས་འབྱུང་བའི་གསེར་གྱི་འབུམ་པའི་རྟོགས་བརྗོད། ལྷ་ཁང་གི་སྒོའི་གཡས་ངོས་ལ་ཐུབ་དབང་ལ་གཞོན་ནུ་ཀུ་ན་ལའི་རྟོགས་བརྗོད། དེའི་གཡས་ཕྱོགས་སུ་ད་ལྟར་གྱི་སངས་རྒྱས་ལ་རྟག་ཏུ་ངུ་ཤེར་ཕྱིན་ཚོལ་བ་བྱང་ཆུབ་སེམས་དཔའ་ཆོས་འཕགས་ལས་ཐོབ་སོགས་ཀྱི་བཀོད་པ། ཞལ་རས་ལྷ་ཁང་གི་གཡོན་ནུབ་ཏུ་ཕྱོགས་པའི་གདོང་ཆུང་ལ་ཇོ་བོ་ཨ་ཏི་ཤ་ཡབ་སྲས་ལ་བློ་སྦྱོང་རྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ། དེའི་གཡོན་གྱི་གདོང་ཆེན་ལ་ཐུབ་དབང་ལ་ཆོ་འཕྲུལ་ཚེས་གཅིག་ནས་བཅོ་ལྔའི་བར་བསྟན། མུ་སྟེགས་བཏུལ་བ་མཛངས་བླུན་དང་མཐུན་པའི་བཀོད་པས་བསྐོར་བ། དེའི་གཡོན་ཕྱོགས་ན་ཐུབ་དབང་བྱང་སེམས་སྡོམ་རྒྱུད་བླ་མས་བསྐོར་བ། ཤར་གུང་གནས་བརྟན་ལྷ་ཁང་གི་སྒོའི་གཡས་ཕྱོགས་ལ་ཐུབ་དབང་ལ་རྒྱལ་པོ་དཔལ་སྡེའི་རྟོགས་བརྗོད་ཀྱིས་བསྐོར་བ། སྟོན་པ་ཐུབ་དབང་ལ་རྒྱལ་བྱེད་ཚལ་ཡོངས་སུ་བཟུང་བའི་གཏམ་འདུལ་ལུང་ནས་འབྱུང་བ་ལྟར་བཀོད་པ། དེའི་འོག་ཙམ་ན་སྔོན་ཁྲི་རལ་པ་ཅན་གྱིས་བྱེ་མདའ་ལྷ་ཁང་བཞེངས་པའི་ཞལ་བཀོད་པ་རྒྱ་འཇམ་པའི་གསང་བ་ཡིན་ཟེར་བ་འདུག །བྱེ་མདའ་འདིར་འབྲེ་ཆེན་པོ་ཤེས་རབ་འབར་གྱིས་ཆོས་འཁོར་སྐོར་བའི་མཐིལ་རང་ཡིན་ནོ། །ཡང་འབྲེ་ཆེན་པོ་ཤེས་རབ་འབར་གྱིས་མྱང་སྟོད་བྱེ་མདར་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་


TNT23_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་དུས་སྔགས་འཆང་རིན་ཆེན་འབྱུང་གནས་དེས་ཤངས་ཀྱི་གད་ཕུར་དུ་ཡང་ཕུར་སོགས་ཆོས་བཀའ་མང་དུ་གསན་དུ་བྱོན། དེའི་ཕྱག་ཕྱིར་ཇོ་མོ་ཆུང་བའི་སྲས་དཀོན་མཆོག་མཁར་མཆེད་གསུམ་པོ་འབྲེ་ཤེས་རབ་འབར་ལ་རབ་ཏུ་བྱུང༌། ལྷག་པར་དཀོན་མཆོག་མཁར་པ་ལ་བུམ་པ་གང་བྱོའི་སློབ་མའི་མཆོག་ཡིན་ནོ། །སྔོན་གྱི་དགེ་བཤེས་མང་པོས་འཆད་ཉན་མཛད་པ། བྱེ་མདར་གྲགས་པ། རྭ་ལོས་བྱེ་མདའ་པ་ལ་མདོ་སྡེ་སྣ་གྲངས་པུ་ཏི་བརྒྱ་དང་སྒྲོན་ཟན་རྒྱུན་གྱི་ཆ་རྐྱེན་ཁལ་ཁྲི་ཚོ་གསུམ་སྦྱར་རོ། །བྱེ་མདར་ཇོ་བོ་ཨ་ཏི་ཤ་བྱོན་པའི་ལམ་ཁར་རྒྱ་བརྩོན་སེང་གེ་ཡུལ་ཕུམ་བུ་རི་བགྱི་བ་ཕ་གི་ལགས་སོ་བགྱིས་པས་སློབ་མའི་ཡུལ་དུ་སླེབས་པས་སློབ་མ་མེད་པ་གསུངས་ནས་སྤྱན་ཆབ་འབྱུང་ངོ་ཞེས་བྱེ་མདའ་ཡང་ཇོ་བོ་ཨ་ཏི་ཤ་ཕེབས་པ་དང་ངེས་ཅན་ཡིན་ནོ། །ལས་སྟོད་དཀོན་མཆོག་མཁར་གྱིས་ལྷ་ཁང་གསོས། བྱེ་མདར་ཉ་མས་ལྷ་ཁང་བཞེངས་ནས་ཕུལ། ལྕགས་རི་མཛད་འདིར་སྡོད་པ་དགའ་གསུངས་ནས་ཤོང་མགུར་བཏབ། དེར་ཡོལ་སྐུ་མཆེད་གསུམ་གར་གྱིས་བཞུགས་སོ། །འབྲེ་ཆེན་པོས་ཀྱང་གཙོ་ཆེར་ཤོང་མགུར་རང་དུ་བཞུགས་སོ། །ཕྱིས་ཡོལ་ཐོག་འབེབས་ཀྱིས་བྱེ་མདའ་དགེ་རྒྱས་བཞེངས། གནས་རྙྀང་མཁན་པོ་སངས་རྒྱས་རིན་ཆེན་པས་བྱེ་མདའ་ལྷ་ཁང་གསར་འཆོར་བར་བཞེངས། དེའི་གདན་ས་མཁན་པོ་བཟང་བཟང་པདྨ་རིན་ཆེན་བས་བྱེ་མདར་ཁྱམས་མཆོད་བཞེངས། དེང་སང་གཙུག་ལག་ཁང་


TNT23_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཤུལ་དང༌། བྱེ་མདའ་སྔགས་པ་ཞེས་ཟེར་བའི་ལྕེ་དམར་གྱི་རྒྱུད་སྔགས་པ་གཅིག་ཡོད། ཤེལ་དཀར་རྒྱལ་རྩེའི་ལྷོ་ནུབ་ཀྱི་ཕྱོགས་ལུང་ནག་ཞེས་པའི་ས་ཡུལ་ན་ཞང་སྐྱེ་མེད་དམ་སྐྱེ་མེད་ཇོ་གདན་དུ་གྲགས་པ་ནི་སྐམ་ཡེ་ཤེས་རྒྱལ་མཚན་དང་དེའི་བླ་མ་ཆགས་བྲག་དམར་བ་གཉིས་ཀའི་སློབ་རྒྱུན་ལ་སྐྱེ་མེད་ཞང་བྱོན། ཁོང་དམ་ཆོས་སྡུག་བསྔལ་ཞི་བྱེད་ལ་ཤིན་ཏུ་མཁས་ཤིང་ཐུགས་སུ་ཆུད། སྙན་རྒྱུད་བཞི་ཚོ་དགུའི་གདམས་པ་ལ་ཡིག་ཆ་མཛད་པ་སོགས་ཁྱད་པར་ཅན་གྱི་སྐྱེ་བོ་དམ་པ་སྐྱེ་མེད་ཞང་གི་སྤུར་རིལ་པོར་བཞུགས་པའི་ས་འབུམ་ཡོད། མ་གཅིག་གི་དགོན་པ་ཁམས་ཆེན་གཅིག་ཀྱང་ཡོད། མྱང་ཆུ་ནུབ་ཕྱོགས་རྒྱང་རོའི་ས་ཁུལ་དུ་གཏོགས་ཙམ་ཐག་རིང་པོ་ན་རྒོད་ཚང་པའི་སྒྲུབ་ཚུགས་རང་དང་མཉམ་པའི་བ་རི་སྤྱི་དཀར་བས་བཏབ་པའི་འགོས་ཡུལ་འབྲི་མཚམས་ཀྱི་དགོན་པ་དང༌། ཁོང་རང་གི་སྐུ་འདྲའི་སྐུ་ལ་རྡུལ་མི་ཆགས་པ་ཡོད། མྱང་སྟོད་རྒྱང་རོའི་ཐག་རིང་སར་གཙུག་ལག་ཁང་གཅིག་ན་ཀླུ་ཡུལ་ནས་སྤྱན་དྲངས་པ་ཡིན་ཟེར་བའི་འབུམ་གཅིག་བཞུགས། དེའི་འོག་ཙམ་ན་བསྟན་པ་སྔ་དར་གྱི་སྐབས་རྒྱལ་པོ་སྲོང་བཙན་སྒམ་པོས་བཏབ་པའི་རྒྱང་བུའི་ལྷ་ཁང་ཐོག་སྔ་ལ་བྱིན་རླབས་ཆེའོ། །ཕྱིས་སུ་རྒྱང་རོ་སྤེའུ་དམར་གྱི་རྐྱང་[རྒྱང་]བུ་ཆོས་བློ་ལོ་ཆེན་རིན་ཆེན་བཟང་པོས་ཁ་ཆེ་ནས་ལན་གྲངས་དང་པོ་འཁོར་ནས་རིང་པོར་མ་སོང་བ་དང་མཇལ་ནས་ལོ་ཆེན་


TNT23_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་བཟང་པོ་ལ་རྡོ་རྗེ་འབྱུང་བའི་དབང་བཀའ་ཤྲདྡྷཱ་ཀ་ར་ནས་བརྒྱུད་པ་དེ་ཉིད་བསྡུས་པའི་འགྲེལ་པ་ཀོ་ས་ལའི་རྒྱན་བཏགས་པ་གསན། དཔལ་མཆོག་ཧོར་ཀོང་ཅན་ཕྲེང་ཆད་མ་བསབས་པ་དེའི་དབང་བཀའ་ལུང་བཀའ་མཐའ་དག་གི་ལག་ལེན་དོལ་པོ་སྒོམ་ཆེན་ལ་ཞུས། བཤད་པ་ལོ་ཆུང་ལེགས་ཤེ་ལ་ཞུས། ཕྱིས་སུ་ལོ་ཆེན་རིན་བཟང་གིས་ཁ་ཆེ་ནས་ལན་གྲངས་གཉིས་པ་འཁོར་ནས་མཇལ་ཏེ་དཔལ་མཆོག་གིས་ཕྲེང་ཆད་པ་བསབས་པ་གསན་ནོ། །དགེ་བཤེས་རྐྱང་[རྒྱང་]བུ་ཆོས་བློས་བཞེངས་པའི་མྱང་སྟོད་ཀྱི་རྒྱང་རོ་སྤེའུ་དམར་གྱི་དགོན་པ་རྐྱང་[རྒྱང་]བུ་ཟེར་བའི་གཙུག་ལག་ཁང་འདིར་ཡོ་ག་དང་གསང་འདུས་ཡེ་ཤེས་ཞབས་ལུགས་ཀྱི་བཤད་གྲྭ་རྐྱང་[རྒྱང་]བུ་ཡང་མྱང་སྟོད་རྒྱང་རོ་སྤེའུ་དམར་གྱི་མཁས་པ་རྐྱང་[རྒྱང་]བུ་ཆོས་བློར་གྲགས་པ་དེའི་འཁྲུངས་ཡུལ་ཀྱང་རྐྱང་[རྒྱང་]བུའི་ཉེ་འགྲམ་གྱི་གྲོང་ཁ་ཤས་སྤེའུ་དམར་ཟེར་བ་དེ་ཡིན་ནོ། །རྣལ་འབྱོར་རྒྱུད་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་ཟངས་དཀར་འཕགས་པ་ཤེས་རབ་ཀྱིས་ལོ་ཆུང་ལེགས་ཤེ། ཟུར་ཆོས་པ་ཨན་སྟོན། པཎྜི་ཏ་གཞོན་ནུ་བུམ་པ། ཛྙཱ་ན་ཤྲཱི་སོགས་བསྟེན་ནས་མཁས་པར་གྱུར་ནས་ཟངས་དཀར་གྱི་རྩེ་མོ་ལ་འགྲེལ་པ་མཛད་པ་དང་པཎྜི་ཏ་ཐུགས་རྗེ་ཆེན་པོ་དང་ཟངས་དཀར་གྱི་སྨད་འགྲེལ་དུམ་བུ་གསུམ་པ་བསྒྱུར་བ་ཡང་མྱང་སྟོད་རྒྱང་རོའི་སྤེའུ་དམར་གྱི་དགོན་པ་རྐྱང་[རྒྱང་]བུ་ཡིན་ནོ། །རྒྱ་གར་པཎ་ཆེན་གཞོན་ནུ་བུམ་པ་དང་པཎྜི་ཏ་


TNT23_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་བཞུགས་པའི་མཐིལ་ཡང་རྐྱང་[རྒྱང་]བུ་ཡིན་ཞིང༌། དེ་ཉིད་འདུས་པའི་སྟོད་འགྲེལ་ནི་སྔོན་དུ་ལོ་ཆེན་རིན་ཆེན་བཟང་གིས་བསྒྱུར་ཟིན་ན། དེ་ཉིད་འདུས་པའི་སྨད་འགྲེལ་ནི་པཎྜི་ཏ་བལ་པོ་ཐུགས་རྗེ་ཆེན་པོ་དང་ཟངས་དཀར་ལོ་ཙཱས་མྱང་རོའི་སའི་ཆ་དགོན་གནས་གཡེ་ཐང་ཞེས་བྱ་བར་ཇོ་སྲས་ལྕེའི་འབར་གྱི་ཡོན་བདག་བྱས་ནས་བསྒྱུར་རོ། །དེ་ཉིད་འདུས་པའི་འགྲེལ་པ་འདི་ཉིད་སྣང་བ་ཀུན་སྙིང་གིས་མཛད་པ་དེ་ཡིན། ཤོ་ལོ་ཀ་སྟོང་ཕྲག་བཅོ་བརྒྱད་ཡོད་པའི་འགྱུར་བྱང་དུ་འོ་མའི་རྒྱ་མཚོ་ལྟ་བུའི་མྱང་རོ་གཡུ་ཁམས་ཀྱི་པདྨའི་སྙིང་པོ་ལྟ་བུའི་དགོན་གནས་གཡར་[གཡེ་]ཐང་དུ་མགོན་པོ་བྱམས་པ་ལྟ་བུའི་མཁས་པ་ཐུགས་རྗེ་ལ་ཚངས་པའི་རྒྱལ་པོ་ལྟ་བུའི་ལྷ་རྗེས་གསོལ་བཏབ་ནས་ཚོང་དཔོན་ནོར་བཟང་བཞིན་དུ་དགའ་བས་བསྒྱུར་བ་ལགས་ཞེས་དང༌། ར་ལོས་(ཡོ་ག་ལ་མཁས་པ་མི་གསུམ་གྱིས་ཡོ་ག་དེ་ཉིད་འདུས་པ་ལ་འགྲེལ་པ་རྩིས་པ་ནི་དེ་ཉིད་གནང་བ་ཨ་ཝ་ར་ར། ཀོ་ས་ལའི་རྒྱན་ནོ།) ཐུགས་རྗེ་ཆེན་པོ་རྒྱ་གར་ལ་ཐེགས་ཁར་གསེར་སྲང་སྟོང་འབུལ་ས་ཡང་རྐྱང་བུ་ཡིན། ཙན་དན་དཀར་པོ་ལས་གྲུབ་པའི་ཟ་མ་ཏོག་དེའི་ནང་ན་ཟངས་དཀར་ལོ་ཙཱའི་ཐུགས་བཞུགས། བྱང་སེམས་ཟླ་རྒྱལ་གྱི་སློབ་མ་གྲུབ་ཐོབ་ཉི་ཕུགས་པས་ཟངས་དཀར་ལོ་ཙཱ་ཅན་དུ་བདེ་མཆོག་དང༌། རྣམ་སྲས་སོགས་ལོ་དྲུག་བཞུགས་ནས་ཆོས་རྒྱ་ཆེ་གསན་པ་ཡང་རྒྱང་རོ་སྤེའུ་དམར་གྱི་དགོན་པ་རྐྱང་[རྒྱང་]བུ་ཡིན་ནོ། །ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་རྒྱལ་སྲས་ལམ་རིམ་བསྡུས་པ་ཆུང་ངུ་གཅིག་དགེ་བཤེས་


TNT23_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱང་པོས་[རྒྱང་]ལྷ་ཁང་དེར་བརྩམས་སོ། །སྣར་སླས་མོ་ཆེར་འདི་རྒྱས་པར་བརྩམས་སོ། །རྐྱང་བུ་ཟེར་བའི་གཙུག་ལག་ཁང་དུ་གྲུབ་ཆེན་ཀུན་དགའ་བློ་གྲོས་ཀྱིས་ཀྱང་བཞུགས་པ་མཛད། ཉམས་རྟོགས་དཔག་ཏུ་མེད་པ་གནས་དེར་འཁྲུངས་ཤིང༌། །སྒྲུབ་པའི་རྒྱལ་མཚན་འཛུགས་པ་ལ། །ཁྱེད་མཁའ་འགྲོ་ཆོས་སྐྱོང་དགྱེས་པར་མཛོད། ཁྱེད་དགོངས་པ་ཅན་ཀུན་དགྱེས་པར་མཛོད། །ཐམས་ཅད་དགྱེས་པའི་ངང་ཉིད་ནས། །བསམ་པའི་དོན་ཀུན་འགྲུབ་པར་ཤོག །ཅེས་དགྱེས་མཛད་བསམ་དོན་འགྲུབ་པའི་མགུར་འདི་ལོ་པཎ་མཁས་གྲུབ་དུ་མས་བྱིན་གྱིས་བརླབས་པའི་གནས་མཆོག་རྐྱང་[རྒྱང་]བུ་ལྷ་ཁང་དུ་མཚམས་དམ་པོར་བཞུགས་པའི་ཚེ་སྨྲས་པ་དགེ་ལེགས་སུ་གྱུར་ཅིག་གསུངས་སོ། །བཙན་པོ་སད་ན་ལེགས་མཇིང་ཡོན་གྱི་བློན་པོ་དཔྱལ་པ་གཡུ་སྒྲ་དཔལ་ལེགས་ཀྱིས་རྒྱང་རོར་བྱོན། རྐྱང་ཆུའི་སྨན་ཆུར་སྐུ་མཁར་བཏབ་ནས་བཞུགས། སྲས་ཆུང་བཟང་དཔལ་དཀར་པོ། དཔལ་ལེགས་འཕེན་ནག་པོ། འཕེན་ལེགས་རྩེགས་གྲ་བོ་གསུམ་ཡང་འདིར་འཁྲུངས། རྒྱལ་པོ་སད་ན་ལེགས་མཇིང་ཡོན་ཀྱང་སྐུ་མཁར་འདིར་སྤྱན་དྲངས་ནས་རྒྱལ་པོས་སྲས་གསུམ་ལ་གོས་དཀར་ནག་ཁྲ་གསུམ་ལ་བརྟེན་པའི་ལུང་བསྟན་མཛད་པས་དཔྱལ་པའི་ཆོས་དང་འཇིག་རྟེན་གྱི་མཛད་སྲོལ་བཟང་པོའི་ལུང་བསྟན་པ་ཡུལ་འདི་རུ་ཐོབ་བོ། །དེའི་འོག་ཙམ་ན་འབྲས་ཁུང་ཟེར་བའི་གཙུག་ལག་ཁང་ཡོད། དེའི་འོག་ཙམ་ན་རྒྱ་གནས་ཟེར་བའི་གཙུག་ལག་ཁང་ཡོད། དེའི་འོག་ཙམ་ན་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་


TNT23_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གོང་མ་ལྷ་རྗེ་ཆོས་བྱང་གིས་བཞེངས་པའི་གཙུག་ལག་ཁང་ཡོད་པའི་རྒྱུ་མཚན་ལོ་རྒྱུས་ནི་གངས་ཅན་གྱི་ལྗོངས་འདིར་མྱང་སྟོད་རིག་པའི་འབྱུང་གནས་སུ་གྲགས་པའི་ཆ་རྒྱང་རོ་གཡེ་དམར་ཞེས་བྱ་བར་ཁ་ཆེ་པཎ་ཆེན་ལྷ་རྗེ་ཆོས་བྱང་ཞེས་བྱ་བར་སྐུ་སྐྱེ་བ་ཞེས་བྱ་སྟེ་དེའི་ཚེ་ལའང་མདོ་སྔགས་བསྡུས་པའི་ཡོན་ཏན་གྱི་རྒྱ་མཚོར་བསྟན་ལ་བསྟན་པ་རིམ་དུ་གནས་པའི་གཞིར་དགོངས་ནས་ཕུན་སུམ་ཚོགས་པའི་ལྷ་ཁང་བཞེངས་ཤིང༌། གསུང་རབ་མང་དུ་བཞེངས་པ་ལ་སོགས་པའི་སྒོ་ནས་ཕན་པ་རྒྱ་ཆེན་པོ་མཛད་དེ། ཁྱོད་སྔོན་ཆོས་བྱང་འོད་སྟོང་ཅན་དུ་གྱུར། །རྒྱང་རོར་ལྷག་བསམ་འོད་ཟེར་རབ་བཀྱེ་ནས། །གཙུག་ལག་དམ་པའི་ཆོས་རྒྱ་རབ་རྒྱས་ཏེ། །གདུལ་བྱ་བུང་བ་ཚིམས་པར་མཛད་ལ་འདུད། །ལྷ་རྗེ་ཆོས་བྱང་གི་སྐྱེ་བ་རྟིང་མ་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་ཡིན། དེ་སངས་རྒྱས་བདུན་པ་རབ་གསལ་ཡིན་ཏེ་ཁྲོ་ལོས། བདེ་ལེགས་འབྱུང་གནས་བསྟན་པ་རིན་ཆེན་སྒྲོན། །བསྐལ་བཟང་སངས་རྒྱས་སྟོང་གི་མདུན་པར་གྲགས། །ས་ཆེན་སྟེང་ན་འགྲན་གྱི་ཟླ་མེད་པ། །ཤཱཀྱའི་མཚན་ཅན་བླ་མའི་ཞབས་ལ་འདུད། །ཅེས་ཁ་ཆེ་པཎ་ཆེན་ཚུར་བོད་དུ་ཕེབས་སྐབས་རྒྱང་རོ་ལུང་པར་ཕེབས་པ་དང༌། ལུང་པ་འདི་ན་ངའི་སྐྱེ་བ་སྔ་མས་ལྷ་ཁང་མཎྜལ་ཙམ་ཞིག་བཞེངས་པ་ཡོད། དེ་ཙ་ན་སྐྱེ་བོ་རྣམས་དད་པ་ལྷག་པར་ཆེ་ཞིང་འབྲི་ཀློག་ཉན་བཤད་ཀྱང་དར་ན་དེང་སང་པཎྜི་ཏ་འོངས་པ་ལ་བསོད་སྙོམས་འབུལ་ཞིང་ངའི་ཐད་དུ་འོང་པར་རིགས་ན་དད་པ་ཉམས་པར་འགྱུར་བ་ཞིག་གྱིས་ཞེས་གསུངས་སོ། །ཐམས་ཅད་བསྙེལ་


TNT23_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

གསོས་ཏེ་རྒྱང་རོ་ཡུལ་སྟོད་སྨད་ཀྱིས་སྣ་བྱས། ཐམས་ཅད་ཀྱིས་ཆོས་འབྲེལ་ཞུས། །རྒྱང་རོ་གྲུའི་ལྷ་ཆེན་རྡོ་རྗེ་སེམས་དཔའི་རབ་གནས་མཛད་དེ་སྲིན་ལག་ལས་བདུད་རྩི་འཛགས་པར་གྲགས་སོ། །དེའི་འོག་ན་ཁྲོ་ལོ་བྱམས་པའི་དཔལ་གྱིས་ཁ་ཆེ་པཎ་ཆེན་སྤྱན་འདྲེན་གྱི་ཕྱིར་ལམ་དུ་བཞུད་དུས། རྒྱང་རོ་གུད་ཆུང་ན་དགེ་བཤེས་རྒྱ་བྱ་བ་བླ་མ་ཞང་གི་དངོས་སློབ་ལ་ཞང་གིས་ཆོས་བསྐོར་ཞུས་ཤིང་དོན་འགྲུབ་པའི་ལུང་བསྟན་ནོ། །དོ་ཆེན་དང་དོ་ཆུང་གཉིས་སུ་གྲགས་པའི་གནས་གཞིའི་ཤུལ་ཡོད་པ་དེ་ཁྲོ་ལོ་ཕར་བྱོན་དུས་བཞེངས་སོ། །དེའི་འོག་ན་རྙིང་མའི་གནས་གཞི་ཡིན་ཟེར་བའི་མན་ལུང་ཟེར་བའི་གཙུག་ལག་ཁང་ཞིག་ཡོད། དེའི་འོག་ན་ཞོ་ནང་གི་གཙུག་ལག་ཁང༌། དེའི་འོག་ན་གཞོན་ནུ་འོད་ནི་སུམ་པ་སྐྱིལ་མཁར་བའི་གྲྭ་པ། འདུལ་བྱུང་དཀར་མོ་ལ་བསྙེན་རྫོགས་མཁན་པོ་ཞུས། གཙང་ནག་པ་ཡང་བླ་མར་བསྟེན། ཁ་ཆེ་པཎ་ཆེན་སླས་མོ་ཆེར་མཇལ། གཙང་བ་སར་རྦོས་རྣམས་བསྟེན། གསང་འདུས་ཀྱི་རྒྱུད་ཀྱང་མན་ངག་ཏུ་འདྲིལ་ནས་གནང་བའི་བླ་མ་ཐང་སེ་བ་འཕགས་པ་སྐྱབས་ཡིན། སེར་སྡིངས་པ་གཞོན་ནུ་འོད་ཀྱིས་སེར་བུ་དབེན་ཚར་བཞུགས་ཏེ་རྒྱང་རོ་སེར་སྡིངས་བཏབ་ནས་རྒྱུད་མན་ངག་བཤད་དོ། །རྒྱང་རོ་སེར་སྡིངས་ཀྱི་གནས་གཞི་འདིར་སེར་སྡིངས་པ་གཞོན་ནུ་འོད། དེ་རྗེས་དེའི་སྲས་སུ་བརྫུས་ཀྱང་ཟེར། སྲས་དོན་པོ་ཡིན་ཡང་ཟེར། སེར་སྡིངས་བཏབ་ནས་ལོ་དགུ་སོང་བ་ན་སློབ་མ་མགར་གྲགས་པ་དབང་ཕྱུག་གི་སྲིང་མོ་ལ་སྲས་བསྐྲུན་པའི་ཆོ་ག་མཛད་ནས་ཀུན་མཁྱེན་ཆོས་སྐུ་འོད་ཟེར་བྱུང་ཡང་ཟེར་


TNT23_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལྟར་ན་ཁ་ཆེ་པཎ་ཆེན་གྱི་སྐྱེ་བ་ཀུན་མཁྱེན་ཆོས་སྐུ་འོད་ཟེར་མཚན་འདོགས་མཁན་བླ་མ་འཕགས་པ་ཡིན་ཀྱང་ཟེར་མཁན་ཡོད་པ་སོགས་གསང་འདུས་ཀྱི་རྒྱུད་མན་ངག་ཐམས་ཅད་ཀྱི་འབྱུང་གནས་གཅིག་པུར་གྱུར་པ། རྒྱང་རོ་སེར་སྡིངས་པ། འདིར་བྱོན་པ་ཡིན་ལ་དེའི་ལོ་རྒྱུས་ཙམ་སྨོས་ན་ཁ་ཆེ་པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲས་རྒྱ་གར་ནས་རྒྱང་རོ་ན་མར་བྱོན་དུས་སེར་ལྡིངས་ཀྱི་རི་ནང་པདྨ་ཁ་ཕྱེ་བ་ལྟ་བུ་ལ་གཟིགས་ནས་མ་འོངས་པ་ན་འདིར་ངས་སྐྱེ་བོ་རྣམས་ལ་ལམ་སྟོན་པ་འགྱུར་རོ། །ཞེས་ཞལ་གྱིས་བཞེས་པ་བཞིན་རྒྱང་རོ་སེར་སྡིངས་ཞེས་བྱ་བར། སེར་སྡིངས་པ་གཞོན་ནུ་འོད་ཟེར་ཞེས་བྱ་བ་ཡོན་ཏན་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་ཞིག་སྲས་སུ་འཁྲུངས་ཚུལ་འོག་ཏུ་བཤད་པ་ལྟར་ཡིན། དགུང་ལོ་བཅུ་གསུམ་པ་ལ་གནས་རྙྀང་མཁན་པོ་ཆོས་རྗེ་རིན་ཆེན་དཔལ་དྲུང་དུ་རབ་ཏུ་བྱུང༌། མཚན་ཆོས་སྐུ་འོད་ཟེར་དུ་གསོལ། དེའི་ཚེ་བར་སྣང་དུ་འཇའ་འོད་མེ་ཏོག་དང་བཅས་ནས་རྗེ་བཙུན་མ་སྒྲོལ་མ་བྱོན་ཏེ་ཨེ་མ་ཧོ། བདེ་ལེགས་སུ་གྱུར་ཅིག །བསྐལ་བཟང་བདུན་པ་འཇིག་རྟེན་དུ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། །འདི་ན་ཆོས་སྐུ་འོད་ཟེར་འགྱེད། །ཅེས་གསུངས་ཏེ་མི་སྣང་བར་གྱུར་ཏོ། །དེ་རྗེས་འདུལ་འབྱུང་རྐྱང་འདུར་དུ་ཆོས་རྗེ་འཇམ་དབྱངས་གསར་མ་ལ་གཏུགས། གཤེད་དམར་གྱི་དབང་ཞུ་དུས་བླ་མ་གཤེད་དམར་དུ་གཟིགས། དབུ་ཚད་བྱམས་པའི་ཆོས་ལྔ། དུས་འཁོར་འབྲོ་ལུགས་རྒྱུད་འགྲེལ་མན་ངག་དང་བཅས་པ་གསན་ནས་མཛད་པ་མཛད་པས་ཀུན་ཧ་ལས་ཞིང༌། ཆོས་རྗེ་པས་རང་བརྒྱུད་པར་མི་འདུག་གསུངས་ནས་ཤིན་ཏུ་མཉེས་ཏེ་འཆད་པར་གྱུར་ན་ཐུབ་པའི་དབང་


TNT23_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བཞིན། །རྩོད་ན་འཇམ་པའི་དབྱངས་ཀྱང་འདར་བ་འདྲ། །རྩོམ་ལ་ཀུན་གསལ་ཀུན་མཁྱེན་ཆགས་ཐོགས་མེད། །མཁས་པའི་བྱ་བ་གསུམ་ལ་མཁས་པས་བསྔགས། ཞེས་དེའི་ཚེ་ཀུན་མཁྱེན་དུ་གྲགས་སོ། །ས་པཎ་ལའང་ཀྱཻེ་རྡོ་རྗེའི་སྐོར་སོགས་མང་དུ་གསན། ཆོས་རྒྱལ་འཕགས་པ་ལ་ཕར་ཆོས་གསུངས་པ་དང་ཉན་པ་དང༌། ཆག་ལོ། ལོ་རས། རྒ་ལོ་སོགས་ལ་ཆོས་ཞུས། ལྷ་སའི་ཇོ་བོའི་གསུང་དངོས་སུ་བྱོན་ནས་ལྷས་བསྐོར་རྒྱལ་བས་བཀའ་བསྩལ་པ། ཁྱོད་ཀྱི་དང་པོ་བསམ་པ་ན། །བརྩོན་པས་བསྒྲུབས་ན་ལུས་འདི་ཡི། །སངས་རྒྱས་མཆོག་ཐོག་འགྱུར་བ་ལ། །བརྩོན་པ་དར་བ་མ་ལེགས་སོ། །སླར་ཡང་སྦྱིན་བསྲེག་བརྒྱ་རྩ་བརྒྱད། སྐྱེ་བོ་མང་པོ་ཚོགས་པར་སྐུ་བཞེངས་པ་གསང་སྔགས་ཀྱི་གཞུང་མང་པོ་བཤེས་གཉེན་བཟང་ལ་ལུང་ཐོབ་བྱ། །མི་རྣམས་ཀྱིས་ནི་མགོན་སྐྱབས་བྱ། །དེ་ལྟར་བྱས་ན་ལས་གྲིབ་སེལ། །འཇིག་རྟེན་གསུམ་གྱི་མགོན་པོ་དང༌། །འགྲོ་བའྀ་ཡིད་བཞིན་ནོར་བུར་གྱུར། །གསུངས་པ་ལྟར་སེར་སྡིངས་སུ་སྦྱིན་བསྲེག་བརྒྱ་ཚར། དགེ་སྡིང་དུ་གཙུག་ལག་ཁང་གི་འགྲམ་བཏིང༌། ཇོ་བོ་ཤཱཀྱའི་སྐུ་འཇམ་པའི་རྩ་རྒྱུད་བཞིན་གཙོ་བོའི་ལྷ་ཚོགས་དང་བཅས་བཞེངས། སློབ་མ་བཙས་པའི་བུ་བཞི་ནི། །ཆེ་བ་ཐུགས་རྗེ་བརྩོན་འགྲུས་དང༌། །ཆུང་བ་ཡོན་ཏན་རྒྱ་མཚོ་གཉིས། །བར་བ་རིན་ཆེན་གངས་པ་དང༌། །བློ་ལྡན་སེང་གེ་བཞི་རུ་ཡོད། །ཆེན་པོའི་སློབ་མ་བསམ་མི་ཁྱབ། །


TNT23_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་མཁས་གྲུབ་དེ་རྣམས་དགོན་གནས་སེར་སྡིངས་ན་ཀུན་མཁྱེན་ཆོས་སྐུའི་ལྗགས་སེར་སྡིངས་གདུང་ཁང་ན་བཞུགས་སོ། །དེའི་འོག་ཙམ་ན་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་བཀའ་བབས་ཀྱི་སློབ་མ་བཞིའི་ནང་གི་དབུ་ཚད་ལ་བཀའ་བབས་ཤིང༌། མཁས་པ་མཆོག་ཏུ་གྱུར་པ་ཁྱུང་རིན་ཆེན་གྲགས་ཀྱི་བཞུགས་པའི་མཐིལ་དང་འཆད་ཉན་བསྐྱངས་པའི་གནས་གླང་པ་འཕང་ཐང་(གླང་པ་གསེར་གླིང་གི་ཉེ་འགྲམ་ན་ཡོད) དགོན་པ་ཡིན་ལ་དེ་འཛིན་མི་བླ་མ་སུ་བྱུང་ཡང་ཁྱུང་གི་གདན་ས་ཟེར་རོ། །འདིར་བཤད་ཉན་གྱི་མཐིལ་མཛད་པའྀ་སློབ་མ་སྟོད་ལུང་རྒྱ་དམར་བ་དང༌། རྟག་པ་ཁ་ཆེ་སོགས་མཁས་པ་མང་དུ་བྱུང་བ་ཡང་ཡིན། གྲུབ་ཐོབ་ཉི་ཕུག་པས་ཀྱང་ཁྱུང་རིན་ཆེན་གྲགས་ལ་མཁན་པོ་ཞུས། རབ་ཏུ་བྱུང་ནས་མཚན་ཆོས་ཀྱི་གྲགས་པར་བཏགས་པ་ཡང་གླང་པ་འཕང་ཐང་ཡིན། ཕྱིས་གནས་རྙིང་མཁན་པོ་ཆོས་ཀྱི་རིན་ཆེན་གྱི་དགོན་པའི་ཁ་གསོ་ཡར་འཕེལ་མཛད་ནས་དགོན་གནས་འཕང་ཐང་དུ་མྱ་ངན་ལས་འདས་སོ། །དེའི་འོག་ན་གསེར་གླིང་གི་གདོང་ལུང་ནག་རྒྱང་རོ་གཉིས་ཀྱི་མདོ་ན་ཁ་ཆེ་པཎ་ཆེན་གྱི་ས་འབུམ་རྡོ་ཕུད་ལ་བཞེངས་ཟེར་བའི་ས་ཕུད་ལྷ་ཁང༌། དེའི་ཕུ་ན་གནས་རྙྀང་དགོན་ལག་འཕུར་ལྡིང་དགོན་པ་ཡོད། འདི་ཇོ་བོ་ཨ་ཏི་ཤའི་སྤྲུལ་པའམ་སྐྱེ་བར་གྲགས་པ་མཁན་པོ་ཆོས་ཀྱི་རིན་ཆེན་གྱིས་བཏབ་བོ། །དེའི་འོག་ཏུ་ལུང་ནག་ཏུ་སྦས་ཁང་རིན་ཆེན་རྒྱལ་མཚན་འཁྲུངས། ལུང་ནག་གླང་པ་གསེར་གླིང་འདེབས་


TNT23_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་སྤོས་ཁང་པ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་མ་ཡིན། རྗེ་བཙུན་གྲགས་པ་ཙམ་གྱི་དུས་ས་སྐྱ་པའི་དགེ་བཤེས་རིན་ཆེན་རྒྱལ་མཚན་གྱིས་བཏབ་པའི་གླང་བ་གསེར་གླིང་ཟེར་བའི་གནས་གཞི་བཙུགས་ཡོད། དེང་སང་གྲུབ་མཐའ་དགེ་ལྡན་པ་ཡིན། དེའི་འོག་ཙམ་ན་རི་བོ་དགེ་ལྡན་པའི་དགོན་པ་གཙང་བྲག་ཟེར་བ་གཅིག་ཡོད། སྤྱིར་ནི་རྒྱང་རོར་བླ་མ་ཁྱད་པར་ཅན་ཤིན་ཏུ་མང་བར་འཁྲུངས་པ་ཞབས་ཀྱིས་བཅགས་པ་ཡིན་ཏེ། རྔོག་བློ་ལྡན་ཤེས་རབ་དང༌། པ་ཚབ་ཉི་མ་གྲགས་གཉིས་ཀའི་སློབ་མ་གང་པ་ཤེའུའི་བཞུགས་ཡུལ་དང་འཆད་ཉན་མཛད་པའི་མཐིལ་རྒྱང་རོ་ཞྭ་མའི་མིང་པོ་རྗེ་མཁོན་བུར་གྲགས་པའི་སློབ་མ་ཁྱད་པར་ཅན་ཡང་རྒྱང་རོར་བྱུང༌། དགོན་གྱི་བུ་བཞིའི་ནང་ཚན་རིན་པོ་ཆེ་སྣེའུ་ཟུར་པའི་སློབ་མ་རྒྱང་རོ་དར་བརྩོན་ཡང་རྒྱང་རོར་འཁྲུངས་ཤིང་དགོན་པ་ཡང་ཡོད། ཞང་སྟོན་གཉོས་སྒོམ་གྱི་སློབ་མ་སེ་སྟོན་ཇོ་ཁྲོ་གཙང་གི་རྒྱང་རོར་འཁྲུངས། རྒྱང་རོར་གཞོན་རིན་ཡང་འཁྲུངས། སྣུབས་འདུལ་འཛིན་ནམ་གཡའ་བཟང་པའི་བླ་མ་རྒྱང་རོ་དར་མགོན་ཁྱད་པར་ཅན་དུ་གྲགས་པ་དེ་ཡང་རྒྱང་རོར་འཁྲུངས། བླ་མ་གྲུའི་གདུང་རབས་འདི་དང་པོ་ཁམས་ཀྱི་ཀློང་ཐང་སྒྲོལ་མའི་ལྷ་ཁང་ན་བཞུགས་ཤིང་མི་རབས་མང་པོ་ནས་གསང་སྔགས་རྙིང་མའི་དགེ་བའི་བཤེས་གཉེན་གྱི་རྒྱུད་པ་ཡིན། དེ་ནས་བོད་རྒྱལ་བཙད་པོའི་མཆོད་གནས་ལ་སྤྱན་དྲངས། དེ་ནས་རིམ་གྱི་མྱང་སྟོད་


TNT23_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱང་རོར་གདུང་རྒྱུད་རིམ་པར་བཞུགས་སོ། །དེའི་རྒྱུད་ལ་གྲུ་ཚུལ་ཁྲིམས་ཆོས་ཀྱི་འབྱུང་གནས་བྱ་བ་གསང་སྔགས་རྙིང་མ་ལ་ཤིན་ཏུ་མཁས་པས་མྱང་སྟོད་རྒྱང་རོར་གྲྭ་པ་མང་པོ་བསྡུས་ནས་བཤད་པ་མཛད་ཅིང༌། ལྷ་ཁང་དམར་པོ་བྱ་བའི་གཙུག་ལག་ཁང་བཞེངས། དེ་ལ་སྲས་གསུམ་བྱུང་བ་ལ་བླ་མ་གྲུ་ནག་བྱང་ཆུབ་རྒྱལ་མཚན་བྱ་བའི་རྒྱུད་ཡིན། བླ་མ་གྲུ་གོ་ཆ་རྡོ་རྗེས་ཉ་རི་སྒོ་ཕུག་གི་མདའ་ཚ་ཧོར་པོ་ལ་ཕྱག་རྡོར་མགོན་པོ་ལྷ་ལྔའི་དབང་ལུང་ཞུས་ནས། མྱང་སྟོད་རྒྱང་རོར་ལོ་བཅུ་བཞི་ལོན་པ་གཅིག་གིས། ཟེར་མོ་ལུང་བྱ་བའི་བྲག་གསེབ་ཏུ་བཞུགས་ཏེ་སྒྲུབ་པ་མཛད། སླར་བླ་མ་རྟ་སྒོམ་དང༌། མིད་པ་དགོན་པ་སྟེ་རྒྱལ་རྩེའི་རྒོད་ཁུང་ཡང་ཟེར། རྒོད་ལུང་ཡང་ཟེར། ངོ་བོ་རི་ཁྲོད་དགེ་ལྡན་དུ་མཇལ་ནས་ཕྱག་རྡོར་ལ་བརྟེན་པའི་གྲུབ་ཐོབ་ཏུ་གྱུར། ཡང་བླ་མ་གྲུ་གོ་ཆ་རྡོ་རྗེས་ཡི་དམ་གྱི་ལྷའི་ཞལ་མང་དུ་གཟིགས་པ་དང༌། ཡེ་ཤེས་ཀྱི་མེ་ལྗང་དམར་དུ་འབར་བའི་གསེབ་ན་ཕྱག་རྡོར་དངོས་སུ་བྱོན་ནས་དབྱངས་དང་ཚིགས་བཅད་གསུངས་པ་ཡང་རྒྱང་རོའི་བྲག་དམར་རྫོང་ཆུང་དུ་བསྒྲུབ་པ་མཛད་པའི་དུས་སུའོ། །ཡང་གྲུ་བན་ནམ་མཁའ་རྡོ་རྗེས་རྒྱང་རོའི་བུ་ལུང་དབེན་རྩ་རུ་འཕགས་པ་དོན་ཡོད་ཞགས་པ་ལྷ་ལྔ་དངོས་སུ་ཞལ་གཟིགས། རྒྱ་གར་གྱི་པཎྜི་ཏ་ལུམ་ཐེ་བ་བྱ་བ་རྒྱང་རོར་བྱོན་པ་དེས་གྲུ་བན་ནམ་མཁའ་ལ་མཇལ་ནས་བོད་ཀྱི་གྲུབ་ཐོབ་ཆེན་པོ་ཞེས་གསུངས་པའི་ལོ་རྒྱུས་རྒྱ་ཆེར་


TNT23_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

(གྲུབ་ཀྱང་འདི་ལ་བདེ་མཆོག་གསན་ནོ།) ཡོད་དོ། །གྲུ་ཇོ་བསོད་ཀྱིས་རྒྱང་རོར་སྤེ་མོ་ཆེ་བཞེངས། གསེར་འབུམ་བཞེངས། གཙང་བྲག་ཟེར་བའི་འོག་ཙམ་ན། གནས་རྙིང་གི་སྟོད་ཙམ་ན། གནས་གོག་ཅེས་པར་ས་འབུམ་ནང་ན་དཀོན་མཆོག་མཁར་གྱི་སྤུར་རིལ་པོར་བཞུགས་སོ། །ལས་སྟོད་པ་དཀོན་མཆོག་མཁར་ཞེས་མཁས་གྲུབ་ཁྱུང་པོའི་བླ་མ་མཆོག་ཏུ་གྱུར་ཞིང་མགོན་པོའི་བཀའ་བབས་ནས། བླ་མ་ཁྱུང་པོའི་མི་འབྲལ་པའི་རྟེན་མངའ་བདག་མཻ་ཏྲིའི་ཤངས་མཚལ་འབྲི་བ་པོ་ཡང་མཻ་ཏྲིས་མཛད་པའི་ཡེ་ཤེས་སེམས་དཔའ་དངོས་སུ་བཞུགས་པའི་ཞལ་ཐང་རྒྱ་རིས་རྩོད་མེད་ཕྱག་དྲུག་ཡེ་ཤེས་མགོན་པོ་དང་ཡུམ་འཁོར་བཞི་དང་བཅས་པའི་ཁྱད་པར་ཅན་དེ་ཁྱུང་པོས་གནང་བ། མི་འབྲལ་བའི་བླ་མའི་རྟེན་སློབ་མས་འཁུར་བ་མི་ཡོང་དགོངས། མ་བསྣམས་པ་ཤངས་མགྲོན་ཁང་དུ་ཕེབས་པའི་དགོང་མོ་ནམ་མཁའ་ལ་འཕུར་ནས་པང་དུ་བྱུང་བས་ན། དུས་དེང་སང་འཕུར་ཐང་དུ་གྲགས་པ་དེ་གནས་རྙྀང་གི་ལི་མ་ལྷ་ཁང་ན་བཞུགས་སོ། །སྤྱིར་ལས་སྟོད་པ་དཀོན་མཆོག་མཁར་ལ་བཀའ་བབས་པ་ནི་གུ་ཆོས་དྲུག་གི་དབང་བྱིན་རླབས་ཁྲིད་བཅས་དང་འབྲེལ་བ་བཀའ་སྲུང་མགོན་པོའི་སྐོར་ལ། བླ་མ་མགོན་པོ་དབྱེར་མེད་ཀྱི་བྱིན་རླབས། གྲིབ་སེལ། གནས་དབབ་ལྷ་བཞི་བླ་མར་དྲིལ་ནས་སྒྲུབ་པ། མགོན་མཐིང༌། གཏོར་


TNT23_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བར་ཆད་ཀུན་སེལ། མགོན་དཀར་ཡིད་བཞིན་ནོར་བུ། མགོན་དམར་དབང་གི་རྒྱལ་པོ། མགོན་ལྗང་ཚེའི་བདག་པོ། མགོན་སེར་གུར་གུམ་མདོག་ཅན། མགོན་པོ་འཆིང་ཁ། གསང་སྒྲུབ་ཡུམ་ཅན་མགོན་པོ་རྒྱན་ཅན་སོགས་མགོན་བཀའ་བཅུ་གསུམ། བླ་མ་མགོན་པོ་དབྱེར་མེད་ཀྱི་ཁྲིད། རཱ་ཧཱུ་ལ་ནས་བརྒྱུད་པའི་སྐུ་དངོས་ལ་རྟེན་པའི་ལྔ་ཁྲིད། མཻ་ཏྲི་པ་ནས་བརྒྱུད་པའི་འཁོར་ལོ་བཞི་ཁྲིད། མཻ་ཏྲི་ནས་བརྒྱུད་པའི་མཁའ་སྤྱོད་དཀར་མོ་དང་མགོན་དཀར་ཡིད་བཞིན་ནོར་བུ་གཉིས་ཀྱི་འཁོར་ལོ་བཞི་ལ་རྟེན་པའི་ཚེ་ཁྲིད་སོགས་དང༌། ཕྱག་དྲུག་ཡེ་ཤེས་མགོན་པོའི་རྣམ་གྲངས་ཙམ་ཞིག་བཤད་ན། སློབ་དཔོན་མདོག་སྟོད་པ་དང་དགེ་སློང་ལྷུན་གྲུབ་གྲགས་པས་བསམ་ཡས་མཆིམས་ཕུའི་བྲག་རྟ་མགོ་གདོང་གི་འོག་ནས་སྤྱན་དྲངས་པའི་རྟ་མགྲིན་བདེ་གཤེགས་འདུས་པ་ཞི་ཁྲོ་རིགས་འདུས་བཀའ་བརྒྱད་ཡོངས་རྫོགས་སུ་བསྒྲུབས་པའི་སྐོར་གྱི་ཆ་ལག་ལ་ཕྱག་དྲུག་པ་ཡོང་སྟེ། རྒྱས་པ་ཛམ་བྷ་ལ་དཀར་པོ་འབྲུག་བཞོན་ལྷ་ཞེ་ལྔ། རྒྱལ་པོ་ཁམས་གསུམ་རྣམ་རྒྱལ་དང༌། ཤཱཀྱ་ཐུབ་པ་སོགས་ཐོག་མར་དགེ་བའི་ལྷ་དྲུག །ལས་ཀྱི་རྟ་མགྲིན་དང༌། སྲས་རྟ་ཕུར་ཏེ་བར་དུ་དགེ་བའི་ལྷ་གཉིས། ལྷ་མོ་རིག་བྱེད་བཞི་སོགས་མཐའ་མར་དགེ་བའི་ལྷ་བཅུ། གསང་བ་མ་ཧཱ་ཀ་ལ་ལ། ཕྱག་དྲུག་པ་ལྷ་བཅུ་གསུམ་གྱི་དབང་སོགས་སོ། །ལས་སྟོད་དཀོན་མཆོག་མཁར་ནས་མཁས་གྲུབ་ཁྱུང་པོས་ཀྱང་ཐུགས་སྲས་དང་བཀའ་བབས་ཀྱི་སློབ་མ་འབྲེ་ཆེན་པོ་ཡང་ཐུགས་སྲས་


TNT23_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མཆོག་ཡིན་ནོ། །དེའི་འོག་ཙམ་ན་མྱང་སྟོད་རྒྱ་གར་གྱི་གླིང་གནས་རྙྀང་རྡོ་རྗེ་གདན་མཚུངས། དོག་ས་པདྨ་འདབ་བརྒྱད་འདྲ་བའི་སྟེང༌། གནམ་འཁོར་ལོ་རྩིབས་བརྒྱད་འདྲ་བའི་འོག །ལོགས་བཀྲ་ཤིས་རྟགས་བརྒྱད་ཡོད་པའི་སྦུབས། རྒྱབ་རི་གླང་ཆེན་ཉལ་བ་འདྲ་བའི་མདུན། དབུས་ནས་དཔལ་འབར་ཞིང༌། མཐའ་ནས་གཡང་ལུད་པའི་གནས། སྐྱེགས་ཀྱི་གནས་རྙིང་ཟེར་བ། སྔོན་བསྟན་པ་སྔ་དར་གྱི་དུས་བསམ་ཡས་སུ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བསམ་ཡས་ཀྱི་ཉེ་འགྲམ་རི་ཟངས་མདོག་ནས་སྔགས་པ་བཟའ་མི་རྙེད་ནས་རྒྱལ་པོའི་སྐུ་རིམ་པ་མཛད་པས་རྒྱ་འཇམ་དཔལ་གསང་བ་ཞེས་གྲགས། རྒྱལ་པོས་སད་ན་ལེགས་ཀྱི་རྩ་བའི་བླ་མ་མཛད། བསམ་ཡས་ཀྱི་མདོ་སྔགས་ཀྱི་སྡེ་གཉིས་ཡོད་པ་ལས་སྔགས་ཀྱི་དབུ་སྡེའི་གཙོ་བོ་སྟེ་བླ་མ་མཛད། དེའི་སྲས་མངའ་བདག་ཁྲི་རལ་ཅན་གྱི་རྩ་བའི་བླ་མ་ཡིན། རྒྱལ་པོས་འོན་འཆང་རྡོ་(ཅང་དོ་)དཔེ་མེད་ཀྱི་ལྷ་ཁང་རྒྱ་ཕིབས་དགུ་ཐོག་མས་གཙོ་བྱས་གཙུག་ལག་ཁང་སྟོང་རྩ་གཉིས་བཞེངས་པའི་དུས་སུ། ཞལ་བཀོད་གནང་མཁན་དང་རབ་གནས་ཐམས་ཅད་རྒྱ་འཇམ་པའི་གསང་བས་མཛད་ནས། སྒྲགས་ཀྱི་ཕུ་ཟངས་མདོག་ཏུ་སྒྲུབ་པ་མཛད་སྐབས། སྔོན་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ནང་བློན་ཆེན་པོ་འགོས་ཁྲི་བཟང༌། (འདི་འགོས་པདྨ་གུང་བཙན་ཡིན་པས་དཔྱད་པར་ཞུ། སྔོན་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ནང་བློན་ཆེན་པོ་འགོས་ཁྲི་བཟང་ངམ་འགོས་ཁྲི་འབྲིང་ཁང་བཟང་ཞེས་པ་ཡབ་ཡིན་ལ། ཆོས་བློན་


TNT23_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་བུ་འགོས་ཀྱི་པདྨ་གུང་བཙན་ཅེས་བློན་པོ་བྱེད་པ་འགོས་པདྨ་གུང་བཙན་ཡིན་ནོ། །ཡང་འགོས་ཁྲི་བཟང་ཡབ་ལྷག་དེ་ཉིད་པདྨ་གུང་བཙན་གྱི་མེས་པོ་ཡིན་ཞིང་ཁྲི་འབྲིང་ཁང་བཟང་གི་ཕའོ།)ཡབ་ལྷག་ལ། དང་པོ་ཁྱོད་ཀྱིས་བོད་ཡུལ་འདིར་ཆོས་དར་བའི་ཐབས་ཀྱི་བློ་བཏོན། ད་རེས་ཁྱོད་ཀྱིས་བཞེངས་པའི་ལྷ་ཁང་མཆོད་རྟེན་ཁོ་ན་ངོ་མཚར་བས་ད་ཁྱོད་ཀྱི་བྱ་དགའ་ལ་མོན་སྐྱེར་ཆུ་ལྷ་ཁང་ཚུན། ཀ་ལ་མཚོ་གཞུག་ཡན་ཆད། འབྲི་མཚམས་སྨུག་པོ་ཚུན་གྱི་ས་ཆ་རྣམས་གནང་ངོ༌། །བློན་པོ་འགོས་ཀྱིས་བཟུང་བ་ལ་བརྟེན་ནས་འགོས་ཡུལ་སྟོད་གསུམ་ཞེས་གྲགས་སོ། །བློན་པོ་འགོས་ཀྱི་སྲས་ཁྱུང་རྒོད་རྩལ་སྤྱན་འདྲེན་ལ་བརྫངས་པས་སློབ་དཔོན་པད་མའི་དངོས་སློབ་ཡིན་ངེས་ཤེས། རྒྱ་འཇམ་དཔལ་གསང་བ་སྒྲགས་ཀྱི་ཕུ་རི་ཟངས་མདོག་ནས་སྤྱན་དྲངས། རྒྱ་འཇམ་དཔལ་གྱིས་རྒྱལ་པོ་ཁྲི་རལ་གྱི་སར་བྱོན་ནས། ངེད་ལ་གཞི་འཆའ་བའི་ས་ཆ་གཅིག་ཞུས་པས་རྒྱལ་པོས་སྟོད་ན་རུ་ལག་ཁང་གསུམ། སྨད་ན་ཤེའུ་ལུང་གསུམ། བར་སྐྱེགས་རུ་གསུམ་ས་ཆ་དང་བཅས་པ་འབྲེ་ཁྱུང་རྗེ་འབངས་དང་བཅས་པ་རྣམས་བླ་མ་བརྒྱུད་བཅས་ལ་ཤེས་སུ་ཆུག་གསུངས་འཇའ་ས་གནང་ནས་འགོས་ཀྱི་སྲས་ཁྱུང་རྒོད་རྩལ་གྱི་ཉེ་གནས་ཀྱི་ཚ་བ་མཛད་ནས། སྐྱེགས་གནས་སྙིང་དུ་གནས་གཞི་བརྩིགས་ཤིང་གནས་རྙྀང་ལྕགས་རི་དབུ་མས་བསྐོར་བ་དང། བླ་མའི་གཟིམ་ཁང་ལྷ་ཁང་དང་བཅས་བཞེངས། དབེན་དགོན་དུ་དབུས་ལུང་ཐང་ཁུང་ལ་གཟིམ་ཁང་བརྩིགས། སྐྱིད་སྒོར་བླ་མའི་སྒྲུབ་ཁང་བརྩིགས། རྒྱའི་ལས་ཐབས་


TNT23_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་གསུམ་མཛད། རྒྱ་འཇམ་དཔལ་གསང་བའི་ནང་རྟེན། སྲས་ཡང་དག་སྐྱབས་ཀྱིས་སྤྱན་རས་གཟིགས་ཀྱི་སྐུ་ལི་མ་བཞེངས། ད་ལྟ་གནས་རྙྀང་འདུ་ཁང་སྟེང་གི་མན་ཁང་ན་ཡོད་པ་དེ་ཡིན། ཕྱི་རྟེན་གནས་རྙྀང་ལྷ་ཁང་ནང་གི་མཆོད་རྟེན་བཀྲ་ཤིས་སྒོ་མངས་བཞེངས་པའི་ནང་ན་སྐུ་གདུང་རིལ་པོ་བཞུགས། དེའི་ནང་ན་མཁན་པོ་བོ་དྷི་ས་ཏྭའི་མ་མགལ་དང་ཁྲི་རལ་གྱི་འཇའ་ས་ཡང་དེར་བཞུགས། རྒྱ་འཇམ་དཔལ་གསང་བའི་སྲས་ཡང་དག་སྐྱབས། དེའི་སྲས་ཇོ་སྲས་བདུད་འཇོམས། དེའི་སྲས་གཉིས་ལས་ཆེ་བ་ཕུར་པ་སྐྱབས་སམ། ཇོ་སྲས་རྡོ་རྗེ་དབང་ཕྱུག་གཞོན་པ་ལ་ཇོ་སྲས་ཕུར་པ་འཕེལ་ལོ། །གཅེན་གྱིས་གྲུབ་པ་ཐོབ་ནས་ད་ལྟ་ཚ་མོ་དང་གཉིས་ཀ་བསེ་རག་བྲག་ལ་སྐུ་ལུས་མ་སྤང་པར་བཞུགས། གཅུང་ཕུར་པ་འཕེལ་ཀྱང་གྲུབ་ཐོབ་ཏུ་གྱུར་པ་དེའི་ཚེ་དབུས་ལུང་ཐང་ཁུགས་ཀྱི་རི་སྣ་གནས་རྙིང་མཐོང་སར་གཟིམ་ཁང་ཕྱི་རྟེན་དབུས་ལུང་རི་གདོང་གི་འབུམ་པ་ཐོག་ཕུབ་མའི་ནང་ན་གདུང་རིལ་པོར་བཞུགས་སོ། །གནས་རྙྀང་གི་གནས་གཞི་འདི་ཆེ་བ་བཅུའི་སྒོ་ནས་ཁྱད་པར་དུ་འཕགས་ཏེ་བཅུ་ནི། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་འཇའ་ས་གནང༌། རྒྱ་འཇམ་དཔལ་གསང་བས་ལུང་བསྟན། ཇོ་བོ་རིན་པོ་ཆེ་དཱི་བཾ་ཀ་རས་ལུང་བསྟན་རབ་གནས་གནང༌། ཡོལ་སྟོན་མཆེད་གསུམ་གྱིས་གྲུབ་རྟགས་བསྟན། སྤྱན་རས་གཟིགས་ཀྱིས་ལུང་བསྟན། ཕྱག་དྲུག་ཡེ་ཤེས་མགོན་པོའི་བཀའ་བབས། འབྲེ་ཆེན་པོ་ཤེས་རབ་འབར་གྱི་གདན་ས། བསྟན་སྲུང་མ་ཧཱ་ཀ་ལའི་


TNT23_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་བཞེས། སློབ་མའི་མཆོག་གྱུར་གྲུབ་ཐོབ་རྣམ་གསུམ། བརྒྱུད་པའི་མཆོག་གྱུར་བྱང་སེམས་བྱོན་ཚུལ་ལོ། །ཆེ་བ་དང་པོ་འཇའ་ས་གོང་དུ་བཀོད་གྲུབ། ཆེ་བ་གཉིས་པ་རྒྱ་འཇམ་དཔལ་གསང་བས་གོས་ཆེན་ཁ་གང་ལ་དབུས་སུ་ཁོ་རང་གི་ཞབས་གཉིས་ཀྱི་རྗེས་བཞག མཐའ་ལ་དགུང་ལོའི་གྲངས་དང་མཉམ་པ་བླ་མའི་སྐུ་བརྒྱད་ཅུ་གྱ་བརྒྱད་བྱོན། གདུགས་ཡོད་པ་སོ་གཉིས། པདྨ་ཡོད་པ་ཉི་ཤུ་རྩ་བརྒྱད། གདུགས་དང་པདྨ་མེད་པ་ཉི་ཤུ་རྩ་བརྒྱ྄ད་པའོ། །ཅིའི་ལྟས་ལགས་ཞུས་པས། མ་འོངས་པར་གནས་རྙིང་འདིར་སྤྱན་རས་གཟིགས་ཀྱི་སྤྲུལ་པ་བརྒྱད་ཅུ་གྱ་བརྒྱད་བར་མ་ཆད་པར་འབྱོན་པའོ་གསུངས། ཞབས་རྗེས་དངོས་བྱ་མོ་མགུལ་ན་བཞུགས། གནས་རྙྀང་ན་ཡོད་པ་ཞལ་ཡིན་ནོ། །ཆེ་བ་གསུམ་པ། ཡོལ་མཆེད་གསུམ་ལ་ཇོ་བོ་ཨ་ཏི་ཤས་ལུང་བསྟན་ཏེ་མྱང་ཆུའི་རྒྱུད་ལ་བཞུགས་ལ་ཡར་རྒྱུགས། ས་པདྨ་འདབ་བརྒྱད། གནམ་འཁོར་ལོ་རྩིབས་བརྒྱད། ལོགས་བཀྲ་ཤིས་རྟགས་བརྒྱད། རྒྱབ་རི་གླང་ཆེན་ཉལ་འདྲ་ཡོད། དེར་རྒྱུགས་ལ་གནས་རྒྱོབས། ཕྱིས་བསྟན་པའི་རྒྱུན་ལ་ཕན་གསུངས་པ་ལ་བརྟེན། མཆེད་གསུམ་གྱིས་ཡར་བྱོན་ནས་ཡོལ་ཆོས་དབང་གིས་ལུང་བསྟན་གྱི་ས་ཆ་འདི་ཡིན་པར་འདུག་དགོངས་ནས་གནས་རྙྀང་དུ་བྱོན། ཇོ་སྲས་ཕུར་པ་འཕེལ་ལ་བསམ་གཏན་སྒོམས་པའི་ས་ཆ་གཅིག་བསླངས་པས་རི་གདོང་ཡ་གི་ཡོལ་ཙམ་ནས་ཕུག་གཅིག་བདོག་པས་དེར་བཞུགས་ཟེར། ས་ཕུག་དེ་ལ་ཨ་མེས་ཡོལ་ཞེས་དེང་སང་གི་བར་དུ་གྲགས་པ་དེ་ཡིན།


TNT23_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཇོ་སྲས་ཕུར་པ་འཕེལ་སོགས་གནས་རྙྀང་པ་རྣམས་ཀྱིས་གྲོགས་དན་ཡོལ་ཆེན་པོས་མཛད་ནས། ཇོ་བོ་དཱི་པཾ་ཀ་རས་རབ་གནས་ཉན་འཚོ་ནས་མཛད་པས་དུས་ཚེས་སྟེང་རབ་གནས་ཀྱི་མེ་ཏོག་གནས་རྙིང་དུ་བབས་སོ། །ཐུགས་དམ་ཚ་ཚ་མང་བར་བསྐུར་བར་མཛད་དོ། །ཆོས་ཀྱི་དབང་ཕྱུག་གིས་ཇོ་སྲས་ཕུར་པ་འཕེལ་ལ་ཁྱེད་ཀྱི་དགོན་པར་ངེད་ཀྱི་དགེ་འདུན་གྱི་སྡེ་ཞིག་བཙུགས་ན་མི་མཉེས་པ་མི་འབྱུང་ངམ་ཞུས་པས། ཇོ་སྲས་ཤིན་ཏུ་དགྱེས། ངའི་བསམ་པའི་དོན་གྲུབ་གསུངས་ནས། སྐྱེགས་གནས་སྙིང་གི་ས་ཆ་མ་ལག་དགོན་པ་རྟེན་གསུམ་ནང་གི་རྟེན་དང་ཡོན་བདག་དང་བཅས་གཏད། རྒྱའི་ལས་ཐབས་གསུམ་གྱི་སྲོལ་མི་ནུས་པའི་བརྗིད་བཀལ་བ་སོགས་ཡོལ་ཆེན་པོའི་ཕྱག་ཏུ་ཕུལ་ལོ། །ཡོལ་གྱིས་བཀའ་གདམས་ཀྱི་གྲྭ་ས་བཟང་པོ་གཙུགས། རྦ་ཚོ་ཉི་ཤུ་རྩ་བཞིའི་མཁན་པོ་མཛད། འབྲེ་ཆེན་པོ་ཤེས་རབ་འབར་གྱིས་ཡོལ་ཆོས་ཀྱི་དབང་ཕྱུག་ལ་རབ་བྱུང་ཞུས་ཤིང་ཆོས་དང་གདམས་པ་མཐའ་དག་གསན་ནོ། །ཆེ་བ་བཞི་པ་ཆོས་དབང་གིས་ཆོས་གོས་ཉི་ཟེར་བཀལ། ཤམྦུའི་རྩ་བརྒྱད་འགྲོལ་ལམ་དུ་ཁྲིད། ཡོལ་དྲང་སྲོང་གིས་ལྗོན་དམར་གྱི་རྡོ་རྗེ་བཅུ་པས་ཁྲག་བྱུང༌། ཡོལ་ཐོག་འབེབས་ཀྱིས་བྲག་དཀར་གྱི་རི་སེངྒེ་ཁ་གདངས་པ་འདྲ་བ་ལ་རྟ་ཟླ་ལ་ཐོག་མ་སྨད་དགུ་ཕབ་ནས་བྲག་དཀྱིལ་ནས་ཤེལ་གྱི་མཆོད་རྟེན་མི་གང་པ་གཅིག་དང་ཁྲུ་གང་པ་གཅིག་བྱུང་ངོ༌། །ཡོལ་སྐུ་མཆེད་གསུམ་ཀའི་ནང་རྟེན་གནས་རྙྀང་གི་


TNT23_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ལག་ཁང་རྙིང་པ་དང་ལྕང་ར་གཉིས་ན་བཞུགས་སོ། །ཡོལ་ཆོས་ཀྱི་དབང་ཕྱུག་ལ་སློབ་མའི་མཆོག་དུ་མ་ཞིག་ཡོད་ཀྱང་འབྲེ་ཆེན་པོ་ཤེས་རབ་འབར་སློབ་མའི་མཆོག་ཏུ་གྱུར་ཞིང༌། འབྲེ་ཆེན་པོའི་བླ་མ་རྒྱ་གར་གྱི་འབུམ་ཕྲག་པ་རྔོག་བློ་ལྡན་ཤེས་རབ་སོགས་རྒྱ་བོད་ཀྱི་མཁས་གྲུབ་དུ་མ་བསྟེན། བྱམས་པ་མགོན་པོས་རྗེས་སུ་བཟུང་བའི་སྐྱེས་ཆེན་དེ་ལ་ཡོལ་ཆོས་དབང་གི་གདན་ས་རྦ་ཚོ་ཉི་ཤུ་རྩ་བཞི་དང༌། ཇོ་སྲས་ཕུར་པ་འཕེལ་གྱིས་ཕུལ་བའི་ས་ཆ་དབང་རིགས་ཐམས་ཅད་གཏད་ནས་གདན་ས་བསྐོས་སོ། །འབྲེ་ཆེན་པོ་དེ་ལ་སློབ་མ་མཆོག་གྱུར་ཁྱུང་རིན་ཆེན་གྲགས། ཨར་བྱང་ཆུབ་ཡེ་ཤེས། གཉལ་བ་བསྲེགས་སྟོན། མདོག་པ་བྱང་ཆུབ་གྲགས། བྱ་འདུལ་བ་འཛིན་པ་བརྩོན་འགྲུས་འབར་སོགས་གྲྭ་པ་དཔེ་འགྲེམ་པ་སྟོང་ཕྲག་ཙམ་བྱུང་བའི་དཀྱིལ་གྱི་སློབ་མའི་མཆོག་གྱུར་ལ་སྟོད་པ་དཀོན་མཆོག་མཁར་ཡིན་པས་ཁོངས་ལ་འབྲེའི་ཁྱད་འཕགས་བཅུ་གསུམ་གྱིས་ཐོག་དྲངས། གནས་རྙིང་དགོན་པ་མ་ལག་ས་ཆ་ཡོན་བདག་དང་བཅས་པ་ལ་སྟོད་པ་དཀོན་མཆོག་མཁར་ལ་གཏད་ནས་གདན་ས་བསྐོས་སོ། །ལ་སྟོད་དཀོན་མཆོག་མཁར་གྱི་གདུང་དཔྱལ་ཡིན། དང་པོ་ལ་སྟོད་བྱང་གི་ས་ཐུབ་དེའི་རི་ཁྲོད་དུ་སྔགས་འཆང་དཔྱལ་རྒྱལ་བ་གྲུབ་པ་ནས་བཟུང་སྔགས་འཆང་ནུས་པ་ཅན་གྱི་རྒྱུད་པའོ། །སྤྱན་རས་གཟིགས་ཀྱི་སྤྲུལ་པ་གདུང་རྒྱུད་ལ་བར་མ་ཆད་པར་བརྒྱད་ཅུ་གྱ་བརྒྱད་དུ་བྱོན་པའི་ལྟས་ནྀ། དཔྱལ་ཞང་ཁྲོམ་རིན་ཆེན་འབྱུང་གནས་ཀྱི་


TNT23_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་དག་པའི་སྣང་ངོར་ཐུགས་རྗེ་ཆེན་པོའི་སྤྲུལ་པ་མི་དཀར་པོ་ཞིག་འོངས་ནས། ས་བྱང་ཕྱོགས་བོད་ཀྱི་རྒྱལ་ཁམས་འདི། །ང་ཐུགས་རྗེ་ཆེན་པོའི་གདུལ་བྱ་ཡིན།༵༵༵༵༵ །ཁྱད་པར་ལྷ་ཡི་རྣམ་འཕྲུལ་དངོས། །སྐལ་ལྡན་ཁྱོད་ཀྱི་རྒྱུད་ལ་འཇུག །བྱང་ཆུབ་སེམས་དཔའི་གདུང་རྒྱུད་བཟུངས། ཞེས་མི་དཀར་པོ་དེ་སྔགས་འཆང་དཔྱལ་རིན་ཆེན་འབྱུང་གནས་ལ་ཐིམ་པས་ལ་སྟོད་པའི་གདུང་རབས་དེ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཡིན་པར་ཐེ་ཚོམ་བྱར་མེད་དོ། །མཚན་གྱི་རྣམ་གྲངས་དཔྱལ་ཞང་ཁྲོམ་རིན་ཆེན་འབྱུང་གནས་སམ་སྔགས་འཆང་རིན་ཆེན་འབྱུང་གནས་ཀྱིས་ཤངས་ཀྱི་གད་ཕུར་དུ་ཡང་ཕུར་ལ་སོགས་ཟབ་ཆོས་མང་པོ་གསན་དུ་བྱོན། དེའི་ཕྱག་ཕྱིར་ཇོ་མོ་གཞོན་པ་ལ་འཁྲུངས་པའི་སྲས་དཀོན་མཆོག་མཁར་སྐུ་མཆེད་གསུམ་པོ་ཡང་ཁྲི་བྱོན་དུས་འབྲེ་ཆེན་པོ་མཁས་པའི་སྙན་གྲགས་དབུས་གཙང་ཁམས་གསུམ་ལ་ཁྱབ་འདུག་པ་ལ་ཡབ་ཀྱིས་དཀོན་མཆོག་མཁར་སྐུ་མཆེད་གསུམ་རབ་ཏུ་འབྱུང་བར་བརྫངས། དེའི་ཚེ་འབྲེ་ཆེན་པོ་བྱེ་མདར་ཆོས་འཁོར་བསྐོར་བ་དང་མཇལ། མཆེད་གསུམ་རབ་ཏུ་བྱུང༌། ཐོས་བསམ་མཐར་ཕྱིན་པར་མཛད་དོ། །ལ་སྟོད་པ་དཀོན་མཆོག་མཁར་གྱིས་གཞན་ཡང་བླ་མ་ལོ་ཙཱ་བ་རིན་ཆེན་བཟང་པོ་བསྟེན་ཟེར་རྣམ་ཐར་ལ་བཀོད་འདུག་ཀྱང་དུས་མི་འགྲིག །ཁྱུང་རིན་ཆེན་གྲགས་བསྟེན། ས་སྐྱ་པ་ཀུན་དགའ་སྙིང་པོ་བསྟེན། ཤངས་ཞོང་ཞོང་དུ་མཁས་གྲུབ་ཁྱུང་པོའི་སློབ་མའི་ཚོགས་ཁྲི་ཚོ་བརྒྱད་


TNT23_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པའི་ནང་ནས་བདེ་མཆོག་དང་མགོན་པོ་གཉིས་ལ་བུ་ཆེན་གྱི་མཆོག་ཏུ་གྱུར། མཻ་ཏྲི་པའི་ཐུགས་དམ་ཆོས་སྐྱོང་ཐང་སྐུ་ཤངས་ལོ་མར་གྲགས་པ་དེ་གནང་ནས་མ་བཞེས་པ་ལ་ཐང་སྐུ་ནམ་མཁའ་ལ་བྱོན་ནས་བྱེ་མདར་གྲོ་གསོལ་གྱིན་བཞུགས་པས་ཐང་སྐུ་ཐུ་བར་བྱོན་པ་སོགས་ཕྱག་དྲུག་ཡེ་ཤེས་མགོན་པོའི་བཀའ་བབས་ཀྱི་ཆེ་བ་ཡིན་ནོ། །སླར་ཕྱག་དྲུག་པའི་ཞལ་དངོས་སུ་བསྟན་ནས་ཐུགས་འཁྲིགས་མི་འཚལ། །དགོན་པའི་བདག་གཉེར་དང་རང་གིས་བྱེད་གསུངས་པས་ལྷའི་ཞལ་བཞེས་ཀྱིས་ཆེ་བ་ཡིན། ལ་སྟོད་པ་དཀོན་མཆོག་མཁར་པས་ཇོ་སྲས་དཔལ་ཆེན་སྐྱབས་ཀྱི་བྲག་མོའི་མགྲོན་ཁང་ཡོད་པ་དེ་ཆུ་མདོ་པས་དེར་དགོན་པ་བཏབ། གནས་གཞི་བརྩིགས། ལྕགས་རི་དང་གཙུག་ལག་ཁང་སོགས་མཛད་པ་འདི་ལ་གནས་གསར་རམ་གནས་གོག་ཏུ་ཡང་གྲགས། ལ་སྟོད་པ་དཀོན་མཆོག་མཁར་གྱི་སློབ་མ་དཔལ་ཕག་མོ་གྲུ་པ། གྲུབ་ཐོབ་ཉི་ཕུག་པ་ཆོས་ཀྱི་གྲགས་པ། མཁན་པོ་དབང་ཕྱུག་རིན་ཆེན་སོགས་བསམ་གྱིས་མི་ཁྱབ་པའི་སློབ་མའི་ཆེ་བའོ། །ལ་སྟོད་པ་གོ་དགུ་ལ་གཤེགས་པ་ཡང་ཁོང་རང་གིས་བཏབ་པའི་དགོན་པ་གནས་གསར་རམ་གནས་གོག་ཏུ་ཡིན་ཞིང༌། སྐུ་གདུང་ཡང་རིལ་པོར་མཆོད་རྟེན་དུ་བཞུགས་ཤིང༌། ད་ལྟ་གནས་གོག་ཏུ་གྲགས་པའི་ལྷ་ཁང་ཆུང་ངུའི་ནང་ན་མཆོད་རྟེན་གཉིས་བཞུགས་པའི་གཅིག་ཡིན་ནོ། །མཆོད་རྟེན་གཅིག་གི་ནང་ན་འབྲེ་ལས་རབ་ཏུ་བྱུང་བ་རང་གི་གཅེན་པོ་དཀོན་


TNT23_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་མཁར་མཆེད་ལ་སྡེ་སྣོད་མཐའ་དག་གསན་པ་མཁན་པོ་ཀུན་སེང་གི་སྐུ་གདུང་རིལ་པོར་བཞུགས་པར་ཡིན་ནོ། །འབྲེའི་ཁྱད་འཕགས་བཅུ་གསུམ་ནི་རྒྱ་གར་གྱི་ལྷ་གསེར་སྐུ་ཐུབ་པ་དམར་པོ། བླ་འབུམ་སྐྱ་པོད་རྣམ་བཞི་གསེར་འབུམ་གྱི་བྱིན་རླབས་ཆར་འབེབས། འབྲེའི་གདུགས་དཀར་པོ། མཆོད་དུང་བཀྲ་ཤིས་དར་ལུང༌། བླ་ཡོལ་འགྲན་ཟླ་ཀུན་བྲལ། སྦུབ་ཆལ་ཉི་མ་རྒྱང་གྲགས། བུམ་པ་བཀྲ་ཤིས་འགྱིང་རིང༌། བེར་སེང་གེ་འགྱིང་བསྣོལ། དཀར་ཡོལ་ཟླ་བ་ཁྲོན་ཆུང༌། གྲུམ་ཙེ་གནམ་སྔོན་པོ། བསེ་སྒ་བཀྲ་ཤིས་འོད་འབར། ཆིབས་པ་ངང་པ་འཕུར་ཤེས། ཐོག་མའི་མཁན་རབས་ནི་ཡང་ཕུར་གྲུབ་ཐོབ་འཇམ་དཔལ་གསང་བ། རིགས་གསུམ་སྤྲུལ་པ་ཡོལ་སྟོན་མཆེད་གསུམ། རྒྱ་གར་པཎ་ཆེན་འབུམ་ཕྲག་གསུམ་པ། བྱམས་པས་རྗེས་བཟུང་འབྲེ་ཆེན་ཤེས་འབར། སྤྱན་རས་གཟིགས་སྤྲུལ་པ། ལ་སྟོད་དཀོན་མཆོག་མཁར། སེམས་དཔའ་ཆེན་པོའི་རིན་ཆེན་རྒྱལ་མཚན། དེ་ལ་སོགས་ཏེ་གནས་རྙྀང་མཁན་བརྒྱུད་དོ། །རྦ་ཚོ་ཉི་ཤུ་རྩ་བཞི་ནི་སྐྱེགས་གནས་རྙྀང་ནས་མཆེད་པ་ཚོ་ལ་རྦ་ཚོ་སྟོད་པ། ལྕང་ར་དང་ལྕེ་སྤེ་གཉིས་ནས་མཆེད་པ་ཚོ་ལ་རྦ་ཚོ་བར་པ། རྩིས་ནས་མཆེད་པ་ཚོ་ལ་རྦ་ཚོ་སྨད་པ་ཟེར་རོ། །དེའི་མཆེད་པའི་ཁུངས་ཀྱི་རྩ་བ་ནི་ཇོ་བོ་ཨ་ཏི་ཤས་ཆོས་རྒྱགས་གནང་ནས་ཡོལ་སྐུ་མཆེད་གསུམ་པོས་རྦ་བཙུན་བསོད་ནམས་དབང་ཕྱུག་ལ་བསླབ་པ་ལེན་དུ་བཅུག །རབ་ཏུ་བྱུང༌། འདིའི་སྡོམ་བརྒྱུད་ཐུབ་པ༌། ཤཱ་རིའི་བུ། སྲས་སྒྲ་གཅན་འཛིན། བྲམ་ཟེ་སྒྲ་གཅན་འཛིན། ཀླུ་སྒྲུབ། ལེགས་ལྡན་འབྱེད། དཔལ་སྦས། ཡེ་ཤེས་སྙིང་པོ། ཞི་བ་


TNT23_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

འཚོ། རཏྣ་གརྦྷ། གཡོ་དགེ་འབྱུང༌། དགོངས་པ་རབ་གསལ། ཡ་[སྤང་]གོང་ཡེ་ཤེས་གཡུང་དྲུང༌། གྲུམ་ཡེ་ཤེས་རྒྱལ་མཚན། ཚོང་བཙུན་ཤེས་རབ་སེང་གེ །རྦ་བཙུན་བསོད་ནམས་དབང་ཕྱུག །ཡོལ་སྟོན་ཆོས་ཀྱི་དབང་ཕྱུག །འབྲེ་ཆེན། ལ་སྟོད་པ་དཀོན་མཆོག་མཁར་སོགས་སོ། །གནས་རྙྀིང་མཁན་པོ་དབང་ཕྱུག་རིན་ཆེན་པའམ་མཁན་པོ་དབང་རིན་པའི་བླ་མ་བཀའ་དྲིན་མཆོག་ཏུ་ཆེ་བ། རང་གི་ཁུ་བོ་ལ་སྟོད་དཀོན་མཆོག་མཁར་ལ་མདོ་སྔགས་མཐའ་དག་གསན་སྦྱངས་མཛད། སུར་ལྕེ་ལོ་ཙཱ་བ་ལ་ལོ་ཙཱ་བསླབ། ས་སྐྱ་གྲགས་པ་རྒྱལ་མཚན་ལ་བརྒྱུད་གསུམ་སོགས། བྱང་སེམས་ཟླ་བ་རྒྱལ་མཚན་ལ་དོན་ཞགས་དང་བཀའ་གདམས་ལམ་རིམ། ཤངས་པ་གཏེར་སྟོན་དུ་གུ་རིན་ཆེན་ལ་གསང་སྙིང་སོགས་གསན། ཡང་ཕྱག་དྲུག་ཡེ་ཤེས་མགོན་པོ་དངོས་སུ་བྱོན་ཞབས་གཅིག་གུར་ཅོག་རྩེ་ལ་བཞག་ནས་ཐུགས་ཟེམ་མི་འཚལ། དགོན་པ་གནས་རྙྀིང་འདི་ང་རང་གིས་བདག་གཉེར་བྱེད་གསུངས་པ་ལ་སོགས་གནས་རྙྀིང་དགོན་པ་འདི་གཞན་མ་སྤྱི་དང་གཏན་མི་འདྲ་སྟེ། ཡེ་ཤེས་མགོན་པོ་ཕྱག་དྲུག་པས་བདག་མཛད། ལྷ་མི་གཞན་ལ་དབང་རིགས་མེད་པས་ཁྱད་པར་འཕགས་སོ། །མཁན་པོ་དབང་རིན་པ་དགུང་ལོ་བརྒྱད་ཅུ་སྐོར་ལ་དབུ་སྐྲ་ནག་པོར་སོང་བ་དང་ཟད་པར་ཏིང་ངེ་འཛིན་ལ་མངའ་བརྙེས་ཤིང་རླུང་སེམས་དབང་དུ་འདུས་པ་དང༌། བདེ་དགྱེས་གསང་གསུམ་སོགས་ལྷ་མང་པོའི་ཞལ་གཟིགས་སོགས་ངོ་མཚར་གྱི་གཏམ་མང་ཞིང༌། འདིས་ཟབ་མོའི་གཙུག་ལག་ཁང་དུ་རྟེན་སྤྱན་རས་གཟིགས་གསེར་


TNT23_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་དང༌། འཇམ་དཔལ་གྱི་སྐུ་མདོ་ནས་སྤྱན་དྲངས་སོ། །དེའི་གདན་ས་བཟང་བཟང་པ་པད་མ་རིན་ཆེན་གྱིས་གནས་རྙྀིང་དུ་མཁན་པོ་དབང་རིན་པའི་ཕྱི་རྟེན་ཁྱད་པར་ཅན་དེ་བཞེངས། གྲོགས་རར་མཁར་ལན་མཛད། བྲག་ཆུང་གཞི་ནས་(གནས)བརྩིགས། གཞན་ཡང་ཝ་རི། ཤབ་ཚ། སླེ་ར། ཡུ་ལུ་ཆུང༌། ཆོས་སྡིངས་རྣམས་བཏབ། གྱུ་མོ། མཐིང་ཆུང༌། གླང་རི། རྟ་རྔ། དབེན་པ་རྣམས་ཀྱི་འཁྱམས་ཆོས་ལེགས་པར་མཛད། བྲག་ཏུ་གསེར་སྐུ་བཀྲ་ཤིས་འོད་འབར་བལ་ཡུལ་ནས་སྤྱན་དྲངས། དེའི་གདན་ས་སློབ་དཔོན་ཆོས་ཀྱི་དབང་ཕྱུག་པ། དེའི་གདན་ས་མཁན་པོ་ཆོས་ཀྱི་རིན་ཆེན་ནི་ཇོ་བོ་ཨ་ཏི་ཤའི་སྤྲུལ་པར་སློབ་དཔོན་པད་མས་ལུང་བསྟན་ནས་ཅུང་པ་མཆོག་དཀར་ཞེས་བྱ་རུ། །ཆོས་ཀྱི་རིན་ཆེན་ཞེས་བྱ་བ། །ཇོ་བོ་རྗེའི་བདུན་མཐར་འབྱུང་ཞེས། དེས་ལྷའི་བུའི་བདུད་གཅིག་འདུལ་བར་ལུང་བསྟན། འདིའི་ཐོས་བསམ་མཛད་པའི་བླ་མ་བཀའ་དྲིན་ཆེ་བ། བཟང་བཟང་བའི་ཡབ་བཟང་ཇིང་ཡོལ་ཐང༌། སྟོན་བསོད། སྤྱི་བོ་ལྷས་པ། བྱང་ཆུབ་འོད། དོན་མོ་རིའི་དགེ་བཤེས་བཟང་ཁ་བ། ཁྲོ་ལོ་བྱམས་པ་དཔལ། ས་སྐྱ་པཎྜི་ཏ། ཞང་རྒྱལ་བ་དཔལ། སྣར་ཐང་པ་སངས་རྒྱས་སྒོམ་པ། འཇམ་དབྱངས་གསར་མ་སོགས་མཐའ་ཡས་པ་བསྟེན་ཞིང་གསན་སྦྱངས་མཛད། མཁན་པོ་ཆོས་ཀྱི་རིན་པ་འདི་ཉིད་ཀྱིས་དབུས་གཙང་དུ་ཧོར་དམག་སྔ་མ་དོར་རྟས་སྐྱེགས་གནས་གསར་དུ་མཁར་ཕབ། མི་མང་པོ་


TNT23_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

བསད། གཙུག་ལག་ཁང་ཞུགས་ལ་སོང་བའི་རྟེན་རྣམས་ཀྱི་དོད་ལ་ཐུབ་པ་ཆེན་པོ་སྐུ་རྒྱབ་མཐོ་བཅུ་བཞི་ཡོད་པ་གཅིག་བཞེངས་པའི་ནང་རྫོངས་ལ་བྲམ་ཟེ་དྲི་མེད་སྙིང་པོའི་སྤུར་ཤ་དང༌། མཁན་ཆེན་དབང་ཕྱུག་རིན་ཆེན་ལ་བྱོན་པའི་དུང་གཡས་འཁྱིལ། ཡོལ་སྟོན་ཆེན་པོས་ཉི་ཟེར་ལ་བཀལ་བའི་ཆོས་གོས། དྲང་སྲོང་རྡོ་རྗེ་བཅུས་པས་ཁྲག་བྱུང་བའི་རྡོ་རྗེ། ཐོག་འབེབ་ཀྱིས་ཐོག་ཕབ་པ་ལས་བྱུང་བའི་ཤེལ་གྱི་མཆོད་རྟེན་ཁྲུ་གང་པ་སོགས་བཅུག་པ་དེ་དབུ་རྩེ་སོ་མའམ་གསར་པ་ན་བཞུགས་སོ། །གསུང་རབ་རྣམས་ཀྱང་བསབ་བོ། །འབྲི་ཁུང་ནས་ཀྱང་ཆོས་སྤྱན་དྲངས། མཁན་པོ་ཆོས་དབང་གི་ཕྱི་རྟེན་གནས་གསར་དུ་འབུམ་མོ་ཆེ་བཞེངས། འཕང་ཐང་དུ་གཟིམ་ཁང༌། གྲོང་ཆུང་དུ་དཀར་འཕིགས། རི་ཁྲོད་དུ་ཕུར་སྡིངས་དང་ལྷ་དོ་བཏབ། སློབ་མའི་མཆོག་རྒྱལ་བ་རིན་ཆེན་གངས་པ་དང་གསེར་སྡིངས་པ་ཀུན་མཁྱེན་ཆོས་ཀྱི་འོད་ཟེར་སོགས་མཁན་ཆེན་རིན་ཆེན་དཔལ་བས་བཀའ་དྲིན་ཆེ་བའི་བླ་མ་ཀུན་མཁྱེན་བཟང་བཟང་བ། ཆག་ལོ་ཆོས་རྗེ་དཔལ། མཁས་པ་བུ་སྟོན། རྒྱལ་བ་རྒོད་ཚང་པ། འགྲོ་མགོན་འཕགས་པ་སོགས་ཆེས་མང་ཟེར་ཡང་བུ་སྟོན་དེ་རྣམས་དང་ཐོག་མི་མཚུངས་པ་འདྲ། བུ་སྟོན་སེང་གེ་འོད་ཅེས་པ་བྱུང་ཡང་དེའི་སྔོན་དུ་བྱོན་གྲུབ་བོ། །མཁན་པོ་འདིའི་རིང་ལ་གནས་རྙྀིང་པ་ལ་སྟོང་སྐོར་གཅིག་ཏུ་བཅས་སོ། །མཁན་པོ་རིན་ཆེན་དཔལ་བ་འདིས་གནས་རྙྀིང་གི་ལྕགས་རི་མཆོད་རྟེན་བརྒྱ་ཕྲག་མང་པོས་སྐོར་བའི་ལྕགས་


TNT23_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

རི་བཞེངས། ཚོགས་པ་ཐམས་ཅད་ཐོས་བསམ་སྒོམ་གསུམ་གྱི་སྲོལ་དུ་བཅུག དགེ་འདུན་གྱི་བཅའ་ཁྲིམས་དམ་དུ་བཅས། ཁོང་གི་ཞལ་ནས་གནས་རྙྀང་པ་སྐྱེད་པ་ཉག་དུས་སུ་ང་རང་ཡོངས་གསུངས། འདིའི་དུས་ཆོས་སྟོན་དུ་གྲགས་པ་དེ་ཡིན་ནོ། །མཁན་ཆེན་བདག་ཉིད་ཆེན་པོ་བྱམས་པ་དཔལ་བའི་གནས་རྙྀང་དུ་ཕར་ཚད་ཀྱི་གྲྭ་ས་བཙུགས། དཔེ་འགྲེམས། བརྒྱ་སྐོར་བསྡུས་སོ། །མཁན་ཆེན་རིན་ཆེན་བཟང་པོ་བས་སྐྱེགས་གནས་རྙྀིང་དུ་གཙུག་ལག་ཁང་ཆེན་མོ་བཞེངས། དབུས་རི་ལྷ་དོར་ལོ་བཅུ་གཉིས་སྒྲུབ་པ་ལ་བཞུགས་སོ། །འདིའི་དུས་ཆོས་ད་ལྟ་གསེར་ཆོས་སུ་གྲགས་པ་དེ་ཡིན་ནོ། །གདན་ས་བཀའ་བཞི་པ་ཆེན་པོ་རིན་ཆེན་འབྱུང་གནས་དཔལ་བཟང་པོས་བཀྲ་ཤིས་ལྡིངས། གླང་ཟས། ལྷ་ཁུད། ལྕགས་གཞོང༌། དཀྲུ་བཞི་ཆུ་སྐྱར་རུབ་མོ་ཚལ་རྣམས་བཞེངས། འོར་ཁ་རྣམས་སུ་ཆང་མའི་ཚོགས་རྣམས་བཏོན་ནས་ཆང་ཁྲིམས་བཅས། ཟུལ་ཕུར་འདུལ་བ་གསན་ནས་གནས་རྙྀང་དུ་འདུལ་བའི་བཤད་གྲྭ་བཙུགས། བཤད་པའི་རྒྱུན་ཟུལ་ཕུ་ལ་ཐུག་པ་ཡིན་ནོ། །སླར་བཀའ་བཞིན་བཤད་པ་མཐིལ་ཕྱིན་པའི་གྲྭ་ས་ཚུགས་སོ། །འོན་ཀྱང་གཙུག་ལག་ཁང་རྙིང་པ་འདི་བསྟན་པའི་རྩ་བ་ཡིན་གསུངས་ནས་སྤེན་བད་གོག་པ་རྣམས་གསོས། ཡོལ་ཆེན་པོའི་སྐུ་འདྲ་དང་ལོགས་རིས་ལ་སོགས་པ་མཛད། སྡེ་དར་བའི་རྟེན་འབྲེལ་དུ་བ་གཞུག་གི་ཀ་ཎི་ཡང་མཛད། མཁན་ཆེན་རིན་ཆེན་དཔལ་བཟང་


TNT23_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འདི་ཤར་ཁ་བའི་ཞལ་ངོ་ཏའི་སི་ཏུ་འཕགས་པ་སྐུ་མཆེད་ཀྱི་རྩ་བའི་བླ་མ་མཆོག་ཏུ་བཟུང༌། འདིའི་གནས་རྙྀིང་གི་ལྕགས་རི་ཆེན་མོ་ལོ་གསུམ་ལ་གྲུབ་པར་མཛད། དུས་མཆོད་རི་སྤེ་མཆོད་པར་གྲགས། འདིའི་ནང་རྟེན་གསེར་ཟངས་ལས་གྲུབ་པའི་ཚེ་དཔག་མེད་ཁྲི་རྒྱབ་ཡོལ་དང་བཅས་པ་བཞེངས། མཁན་ཆེན་བཀའ་བཞི་འཛིན་པ་རིན་ཆེན་བསམ་གཏན་འཕེལ་བཟང་པོ་འདི་རྒྱལ་བ་རིན་ཆེན་གངས་པའི་སྐྱེ་བ་ཤིན་ཏུ་གསལ། འདིས་གནས་རྙྀིང་དུ་བསྟན་འགྱུར་བཞེངས་ཤིང༌། དེ་སྐབས་དབུས་པའི་ཁྲི་སྐོར་དྲུག་གིས་ལྕང་རར་དམག་དྲངས། ཡོན་མཆོག་གཅིག་ཡིན་ཟེར་བའི་ལོགས་ཕོག་པར་བརྟེན། གནས་རྙྀིང་པར་བསྟན་པ་ཉམས་ཤིན་ཏུ་སྨད་ཡིད་འབྱུང་དུ་གྱུར་པའི་ཚེ་མཁན་པོ་འདིས་གསོས་པས་ཡར་ལྡན་སྔར་ལུགས་བཞིན་དུ་ཤིན་ཏུ་དར་ཆེ་བར་མཛད་པ་སོགས་སྐྱེགས་གནས་རྙྀིང་སྔོན་རྒྱ་འཇམ་དཔལ་གནས་གཞི། ཡོལ་སྐུ་མཆེད་གསུམ་གྱི་བསྟི་གནས། ལ་སྟོད་དཀོན་མཆོག་མཁར་བཞུགས་གནས། དེའི་རྒྱུད་འཛིན་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་བརྒྱད་ཅུ་གྱ་བརྒྱད་བྱོན་པ། སྐྱེགས་གནས་རྙྀིང་གི་རྒྱ་སྒོའི་ནང་ཙམ་ན་འབྲེ་ཆེན་པོའི་བཞུགས་ཁྲི། ས་པཎ་གྱིས་ཐུགས་བསྐྱེད་མཛད་པའི་བཞུགས་ཁྲི། མཁན་ཆེན་ཆོས་རིམ་པའི་བཞུགས་ཁྲི་ཡོད་ཅིང༌། རྒྱ་གར་གྱི་པཎ་ཆེན་འབུམ་ཕྲག་གསུམ་པས་འདིའི་མཁན་པོ་མཛད། འབྲེ་ཆེན་པོ་ཤེས་རབ་འབར་གྱིས་འདིར་བཤད་གྲྭ་བསྐྱངས། ཁྱུང་གིས་ཀྱང་བསྐྱངས་པ་སོགས་མཁས་བཙུན་བཟང་གསུམ་རིམ་པར་བྱོན་པ་སོགས་ལོ་རྒྱུས་དང་གདུང་རབས་རྒྱས་བསྡུས་གཉིས་ལས་ཤེས་པར་བྱའོ། །དེའི་


TNT23_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ཙམ་ནས་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་ལ་གཤེགས་པའི་སྐྱེས་བུ་ཁྱད་པར་ཅན་སྣང་བཟའ་འོད་འབུམ་གྱི་འཁྲུངས་ཡུལ་ཕས་ཁུར་ཡོད། དེའི་འོག་ཙམ་ན་གྲུབ་ཐོབ་གླིང་རས་འཁྲུངས་པ་ཞང་གི་གླང་པོ་སྣ་ན། གླིང་སྟོད་གླིང་སྨད་གཉིས་ལས་སྨད་པར་འཁྲུངས་པ་ཡིན། དེའི་ཉེ་ལོགས་ན་རྒྱ་གྲོང་གནས་ཟེར་སར་ཡུམ་མ་གཅིག་བཟང་མོ་དཔལ་གྱི་བཞུགས་ས་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་འཁྲུངས་ཤིང༌། གྲུབ་ཆེན་ཀུན་བློ་ཡང་འཁྲུངས་པ་ཡིན་ནོ། །དེའི་འོག་ཙམ་ན་ལྕང་ར་ཟེར་བ་འདི་ཐོག་མར་ཡང་ཕུར་གྱི་གྲུབ་ཐོབ་རྒྱ་འཇམ་དཔལ་གསང་བས་གནས་གཞི་བཟུང༌། ནང་རྟེན་བྱིན་རླབས་ཅན་བཞུགས་ཤིང༌། དེ་རྗེས་ཇོ་བོ་ཨ་ཏི་ཤས་སློབ་མ་ཨོལ་དྲང་སྲོང་གི་ལྕེ་སྤེ་ལྷ་ཁང་བརྩིགས། ལྕང་རར་དགེ་འདུན་གྱི་སྡེ་བཙུགས། འདུ་ཁང་ལྕགས་རི་མཛད། གཙུག་ལག་ཁང་ཡོལ་སྐུ་མཆེད་གསུམ་གྱི་ནང་རྟེན་གྱི་བྱིན་རླབས་བཞུགས། ལྕང་ར་འདི། (དཔོན་ཡིག་མ་གཅིག་མཁའ་འགྲོ་རྒྱ་གར་ཞེས་ཡེ་ཤེས་ཀྱི་མཁའ་འགྲོ་བྱེ་བའི་གཙོ་མོར་གྲགས་པ་དེའི་སྲས་མོ་ལྷ་མོ་དཔལ་ཁབ་ཏུ་བཞེས་པ་ལ་སྲས་གསུམ་འཁྲུངས་པའི་གཅེན་དཔལ་ལྡན་བཟང་པོ་ཡི་གེ་ལེགས་པར་མཁྱེན། དགུང་ལོ་བཅུ་དྲུག་པ་ལ་ས་སྐྱར་ཕེབས། བླ་མ་ཁང་གསར་པའི་ཞབས་ལ་གཏུགས། ཁང་གསར་བས་བཞི་ཐོག་བླ་བྲང་པའི་ཕྱག་ཕྱིར་བསྒྲགས་ནས་ཡིག་མཁན་གྱི་འགོ་མི་འགྱུར་བས་དཔོན་ཡིག་འཕགས་པ་དཔལ་བཟང་ཐོག་འཕགས་པ་ཟེར་བ་བཀའ་དྲིན་ཆེ་བའི་བླ་མ་དཔྱལ་སྟོན་ཆེན་པོ་འཕགས་རྒྱལ་བའི་མཚན་གྱི་ཟུར་བཅུག་པ་ཡིན།) དཔོན་ཡིག་འདི་ཉིད་ས་སྐྱ་བ་བཞི་ཐོག་བླ་བྲང་ནས་བདག་ཆེན་དོན་ཡོད་རྒྱལ་མཚན་


TNT23_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ་དེའི་བཀའ་གནང་ནས་ལྷོ་དུང་ཁང་གནོན་ལ་བསྐོས་པ་ལྷར་དུང་རེངས་རྣམས་དབང་དུ་འདུས། གདན་སའི་ཁམས་པའི་ལས་མཚན་བཞིའི་ནང་ནས་ཤར་ཁ་ལས་མཚན་བསྐོས་པས་དཔལ་ལྡན་ཤར་ཁ་པ་གྲགས། ཕྱིས་ཏའི་དབཽན་བློ་གྲོས་རྒྱལ་མཚན་པས་བཞི་ཐོག་བླ་བྲང་གི་ནང༌། (གོན་གྱོ། གླིང་ཚང༌། ཤར་ཁ། འདན་མ)ཆེན་པ་བསྐོས་པའི་ནང་ཆེན་ཐོག་དཔོན་ཡིག་ནང་ཆེན་འཕགས་པ་དཔལ་བཟང་དགུང་ལོ་སོ་གསུམ་པ་ལ་ཞྭ་ལུ་སྐུ་ཞང་ཧོར་རྩ་ཀུན་དགའ་དོན་གྲུབ་ཀྱི་སྲས་མོ་པདྨ་ཁབ་ཏུ་བཞེས་པས་ལྕང་རའི་གཞིས་གཙུག་ལག་རྟེན་མཆོད་ཀྱི་གཙོ་བྱས་པ་རྣམས་བུ་མོ་པདྨའི་ནོར་སྐལ་གྱིས་གསུངས་ནས་གནང༌། གཅུང་འཕགས་རིན་པས་ལྕང་རའི་གཉེར་མཛད། ཡོས་ལོ་ལ་ཕག་རི་རྣམ་རྒྱལ་དཀར་པོ་བརྩིགས། འབྲུག་ལོ་ལ་གན་པ་ལྷུན་གྲུབ་རྫོང་བརྩིགས། མ་གཅིག་པད་མའི་སྲས་ཀུན་དགའ་འཕགས་ལྕང་རར་སྐུ་འཁྲུངས་ཤིང༌། ལྕང་རའི་བདེ་ཡངས་སོགས་མང་པར་བཞེངས་ནས་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་སྤྱན་དྲངས། རབ་གནས་རྒྱས་པ་མཛད་གསེར་སྲང་དགུའི་ཚོམ་བུ་བཀོད་ནས་མཎྜལ་ཕུལ་ནས་དབང་ཞུས། འཕགས་པ་དཔལ་རྒྱ་ནག་རྒྱལ་པོས་གནང་བ་ཡིན་ལ། ལྕང་ར་ལྷ་ཁང་གནས་གཞི་དང་བཅས་པ་འདིར་འཕགས་པའི་གནས་བརྟན་བཅུ་དྲུག་གི་ཞབས་ཀྱིས་བཅགས་པའི་ས་ཡིན་པའི་ལོ་རྒྱུས་ཡོད་ཅིང༌། འདིར་འབྲེ་ཆེན་པོས་ཆོས་འཁོར་བསྐོར་བ་དང༌། ནང་ཆེན་འཕགས་པས་བུ་སྟོན་མྱང་སྟོད་ལྕང་རར་གདན་དྲངས་ནས། གསེར་འབུམ་གྱིས་ཐོག་


TNT23_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་པའི་གསུང་རབ་མང་པོའི་རབ་གནས་མཛད། དབུ་མ་ལུགས་ཀྱི་སེམས་བསྐྱེད་ཆོ་ག་མཛད། མཁན་ཆེན་གནས་རྙིང་པ་དང་ནང་ཆེན་པ་སྐུ་མཆེད་ལ་སོགས་པ་ཐེག་པ་ཆེན་པོའི་ཆོས་ཀྱི་ཐུགས་ཚིམ་པར་མཛད་པ་དང༌། ཁྱད་པར་བུ་སྟོན་ཐམས་ཅད་མཁྱེན་པས་རྒྱུད་སྡེ་ཟབ་མོའི་དཀྱིལ་འཁོར་མང་པོའི་ཞལ་ཕྱེ་བར་མཛད་པའི་གནས་ཡིན་པ་དང༌། བྱང་ཤམྦྷ་ལའི་རིགས་ལྡན་ཆེན་པོ་ཇོ་ནང་བ་ཆོས་རྗེ་ཀུན་མཁྱེན་ཆེན་པོ་དོལ་པོ་ཞབས་ཀྱིས་དབུས་ཕྱོགས་ཕེབས་པའི་རྟིང་མ་རོང་ནས་ལྷ་ས་ཡན་ལ་སྦྱོར་དྲུག་ཁྲིད་མི་སྟོང་ལྷག་ལ་བསྐྱངས་པའི་ཕར་ལམ་ཡེ་འབྲོག་ནས་ཉིང་རོ་སྨད་ཆབ་པ་ལ་བྱོན་པའི་ཚུར་ལམ་བསུ་བ་མཛད། དེའི་གོང་དུའང་ནང་ཆེན་འཕགས་པ་དཔལ་བཟང་སྐུ་མཆེད་ཀྱི་ཆོས་འབྲེལ་ཞུས་མོད་པ་ཆུད་ཡོད་པར་སྣང་བས་ལྕང་རར་གདན་འདྲེན་པས་སྐས་ལ་འོ་རྒྱལ་ནས་རྫིང་ཁུའི་གཡུལ་ཐང་དུ་དཔལ་དུས་ཀྱི་འཁོར་ལོའི་དར་དཀྱིལ་ཆེ་མོ་ཞལ་ཕྱེ་ནས་སྒྲུབ་མཆོད་མཛད། དབང་རྒྱས་པར་གནང་ཞིང་ལྕང་རར་རྒྱུན་རིང་བཞུགས་ཤིང༌། རྩེ་ཆེན་གྱི་རི་ལྡེབས་ལ་ཤམ་བྷ་ལའི་ཕོ་བྲང་ཡིན་པའི་མཐོང་སྣང་ཤར་རོ་ཞེས་རྩེ་ཆེན་ཆོས་སྡེ་བྱུང་བར་ལུང་བསྟན་པ་ལྕང་རའི་གཡུལ་ཐང་ཡང་ཡིན་ནོ། །ནང་ཆེན་འཕགས་པ་དོལ་པོ་ཞབས་གནས་སར་བར་སྐྱེལ་མ་མཛད་དུས་སངས་རྒྱས་རྟག་པ་དང༌། ཆོས་བདེན་པ། དགེ་འདུན་མི་བསླུ་བ་ལ་བདེན་པར་གུས་


TNT23_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཛོད། འཕྲལ་ཕུག་ཐམས་ཅད་དུ་ཕན་ཞིང་སྡེ་སྲིད་ཀྱང་བརྟན་པར་ཡོང་གསུངས་མཆིད་གནང་ནས་ཇོ་ནང་ལ་ཐེགས་སོ། །རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ཤཱ་རི་པུ་ཏྲའི་ཞབས་ཀྱི་ལྕང་རར་ཟླ་བ་གཉིས་བཞུགས་ཤིང༌། པུ་ཏྲ་ཆོས་དྲུག་རྒྱས་པར་འདིར་གསུངས་སོ། །རྭ་ལོས་ཉན་འཚོ་དང༌། ལྕང་ར་གཉིས་སུ་འབུམ་གྱི་པུ་ཏི་ལྔ་བཅུ་དང༌། འགྲོན་ཟན་ཟླ་བ་རེའི་ཆ་རྐྱེན་ཁལ་ཁྲི་ཚོ་གཅིག་སྦྱར། ལྕང་རའི་ཁྲི་རྒྱ་འཇམ་དཔལ་གསང་བས་བཞེངས་པའི་རྩ་བརྒྱད་མཆོད་རྟེན། (ཆོས་རྗེ་དཔལ་ལྡན་མ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་དབུས་ལ་ཕེབས་པ་དང་མཐུན་ནང་ཆེན་འཕགས་པ་ལྕང་རར་སྤྱན་དྲངས་རབ་གནས་མངའ་གསོལ་གནང་ཞིང་གནས་རྙྀིང་ཚོགས་པའང་སྤྱན་དྲངས་ནས་འཇའ་ས་བསྒྲགས) ལྕང་རིའི་ཕུ་ཡིན་པར་གངས་ཞེས་པར་པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་ཀྱི་སློབ་མ་ཀ་བ་བཞིའི་ཚིག་ལ་མཁས་པ་གངས་པ་ཤེའུའི་དགོན་པ་དང་ཕུག་པ་བྱིན་རླབས་ཅན་དང༌། རི་རྩེར་མཆོད་རྟེན་ཡོད་ལ་མི་མ་ཡིན་གྱིས་སྐོར་བྱེད་ཟེར་ལམ་བྱང་བར་ཡོད། གངས་པ་ཤེའུའི་འཆད་ཉན་མཛད་པའི་མཐིལ་རྒྱང་རོ། དེ་སློབ་མ་ཞྭ་མའི་མིང་པོ་རྗེ་འཁོན་བུ་བར་གྲགས་པའི་གང་ཟག་ཁྱད་པར་ཅན་ཡང་རྒྱང་རོར་བྱུང༌། གངས་པ་ཤེའུའི་གདུང་རིལ་པོར་བཞུགས་པ་བློ་བདེའི་གོང་ཙམ་གྱི་འབན་གྲོང་ཟེར་སར་ས་འབུམ་ཡོད་པ་དེ་ཡིན་ནོ། །གངས་ཀྱི་གངས་རོ་ཞེས་པའི་གཙུག་ལག་ཁང་རྟེན་གསུམ་དང་བཅས་པར་ཡང་གྲུབ་ཆེན་ཀུན་བློས་རབ་གནས་རྒྱས་པ་ཅན་མཛད་དོ། །དེའི་


TNT23_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ཙམ་ན་ཤམ་བུ་རྩེ་དགུ་ཡང་རྩེ་ཆེན་ཡང་ཟེར་ས་འདིར་རྒྱལ་པོ་གྲི་གུམ་བཙན་པོའི་ཕོ་བྲང་ཡོད་ཅིང༌། སྔོན་དུས་བོད་རྒྱལ་པོ་རྣམས་རྒྱལ་སྲིད་ཀྱི་བྱ་བ་ལེགས་པར་བསྐྱངས་འགྲུབ་རྗེས་ལྷའི་དམུ་ཐག་ལ་བྱོན་ནས་ལྷ་ལུས་རོ་མེད་དུ་བྱོན་པ་ཤ་སྟག་ཡིན་པ་ལ་རྒྱལ་པོ་གྲི་གུམ་བཙན་པོའི་ཐུགས་ལ་གདོན་བཞུགས་རང་གི་འབངས་ལ་འཐབ་ཟླ་བྱེད་དགོས་སྨྲས་ནས་རང་གི་རལ་གྲི་གུ་ཟི་ཀླད་ལ་བསྐོར་བས་ལྷའི་དམུ་ཐག་དང་རྐྱང་ཐག་བཅད་པ་དང༌། རྒྱལ་པོ་འཐབ་གྲལ་དུ་བཀྲོངས་པ་སོགས་ཤམ་བུ་རྩེ་དགུ་པ་འདི་བྱུང་བ་ཡིན་ནོ། །འབངས་ཀྱི་དཔོན་བྱས་མཁར་བཟུང་སྐབས་མཛོ་པ་ཀྱི་ཏུ། [མཛེངས་ཀྱི་རུ་]ལ་སྐྱེས་ཀྱི་ངར་གསོས་ཀྱི་ཤམ་བུ་རྩེ་དགུའི་རི་ལ་རྒོད་ཚང་དུ་བསྡད་ནས་མཁར་ཕབ་ནས་ཕོ་བརྒྱ་བསད། མོ་བརྒྱ་སོགས[གསོག་]ཀྱི་ལོ་རྒྱུས་འབྱུང་བ་ཡང་རྩེ་ཆེན་འདིའི་སྔོན་དུ་བརྗོད་ཟིན་པ་ལྟར། (དཔོན་ཡིག་འཕགས་པ་དཔལ་བཟང་པོ་དང་འཕགས་པ་རིན་ཆེན་སོགས་ལྕང་རར་བཞུགས་སྐབས་ས་ཕོ་ཁྱི་ལོ་ལ་ཀརྨཔ་རང་བྱུང་རྡོ་རྗེ་རྒྱ་ནག་ཐེགས། ཕྱག་ཕྱིར་ལྕང་ར་ནས་དམིགས་པ་པག་ཤི་ཀུན་དགའ་དཔལ་བ་ཡབ་སྲས་དང་བཅས་ཤམ་བུ་རྩེ་དགུའི་རི་ལ་ལྷ་ཁང་བཞེངས་ཆོག་པའི་ལུང་ཞུ་བར་བརྫངས་པས། ཧོར་རྒྱལ་པོ་ཐོག་གན་ཐི་མུར་གྱིས་ནང་ཆེན་གྱི་འཇའ་ས་དང་ཤམ་བུ་རྩེ་དགུ་ལ་ལྷ་ཁང་བརྩིགས་ཆོག་པའི་ལུང་གནང་བྱིན་དང་བཅས་སྔ་རིམ་དུ་པག་ཤི་ཆོས་འོད་ཀྱིས་ཁྱེར་ནས་སློབ་པས་ནང་ཆེན་འཕགས་པ་དཔལ་བཟང་པོ་དགུང་ལོ་བཞི་བཅུ་ཞེ་བརྒྱད་བཞེས་པ། ཤིང་མོ་སྦྲུལ་གྱི་ལོའི་ཟླ་བ་གཉིས་པའི་ཚེས་ཉི་ཤུ་ལ་རྩེ་ཆེན་མཁར་ཁ་པ་རྣམ་ལྷུན་གྲུབ་རྩེ་རྣམས་


TNT23_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འགྲམ་གདིང་པའི་སྐར་འཛིན་མཉམ་དུ་མཛད།ཁྱད་པར་རྩེ་ཆེན་ཆོས་སྡེ) ཀུན་མཁྱེན་དོལ་བུས་རྩེ་ཆེན་འདི་ཤམ་བྷ་ལའི་ཕོ་བྲང་དུ་གཟིགས་ནས་དེས་བཀའ་སྩལ་གནང་བ། ཅོད་པན་དུ་བཅིངས་པར་མཛད་པས (ནང་ཆེན་དཔལ་བཟང་པོ་དགུང་ལོ་ཞེ་དགུ་བཞེས་དུས་ཀྱི་མེ་ཕོ་རྟ་ལ་རྩེ་ཆེན་ཆོས་སྡེའི་གཙུག་ལག་ཁང་གི་འགྲམ་བཏིང་ལྕགས་རི་དང་ལྕོག་རྣམས་གྲུབ་ཟེར། ནང་ཆེན་འཕགས་པ་དཔལ་བཟང་པོའི་གཅུང་འཕགས་པ་རིན་ཆེན་དུ་དབེན་ཤས། ལྕགས་ཕོ་ཁྱི་ལོ་ཟླ་བ་བཞི་པའི་ནང་དུ་གཅེན་ནང་ཆེན་འཕགས་པ་དཔལ་གྱི་རྒྱལ་མཚན་ཁྲི་ཐོག་ཏུ་ཕེབས་ནས་སྡེ་སྲིད་བསྐྱངས། ཟླ་བ་ལྔ་པ་ལ་རྩེ་ཆེན་ཆོས་སྡེའི་བླ་བྲང་ཚོགས་ཁང་དང་བཅས་པ་བཞེངས། དགུང་ལོ་ང་གཉིས་པ་ལྕགས་མོ་ཕག་གི་ལོ་ཟླ་བ་བརྒྱད་པའི་ནང་དུ་རྩེ་ཆེན་ཆོས་སྡེར)ཉ་དབོན་ནི་ས་སྐྱའི་མཁས་མཆོག་ཉ་བརྩོན་གཉིས་ཟེར་བའི་ཉ་དང༌། དབུས་གཙང་མཁས་པ་མི་དྲུག་གི་གཙུག་ན་ཟླ་བའི་ཟླ་བ་དང༌། དཔལ་ལྡན་བླ་མས་ལམ་འབྲས་སྲོལ་འཛིན་མཁས་པ་མི་བརྒྱད་ཟེར་བའི་བརྒྱད་ཀྱི་གཙོ་བོ་དང་དོལ་བུས་འགྲན་ཟླ་བྲལ་བའི་སློབ་མ་གཅིག་ཟེར་བའི་མཁས་པ་ཉ་དབོན་ཀུན་དགའ་དཔལ་གྱིས་(ཞལ་སྔ་ནས་དཔོན་སློབ་དྲུག་བརྒྱ་ཙམ་སྤྱན་དྲངས་ནས་གྲུབ་ཆེན་ཀུན་བློའི་རྣམ་ཐར་ནང་ན)རྩེ་ཆེན་ཆོས་སྡེ་བཏབ་ནས་གནས། འདིར་འཆད་རྩོད་རྩོམ་གསུམ་གྱི་ཆོས་འཁོར་དྲི་མ་མེད་པ་བསྐོར་ནས་བཤད་གྲྭ་ལེགས་པར་བཙུགས། དབུས་གཙང་ཁམས་གསུམ་གྱི་དགེ་བའི་བཤེས་གཉེན་ཚན་ཆེ་བ་འདུས། རིག་པའི་ལྕགས་ཀྱུ་བྱེ་རྫིང་པ་ཤེས་རབ་འཕགས་དང༌། ཆོས་དཔལ་མགོན་པོ་སོགས་ཆེན་པོ་ལ་བསྐོས། སློབ་མ་ཡང་རེ་མདའ་བ་གཞོན་ནུ་བློ་


TNT23_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

གྲོས། (ཟེར་བ་ཡོད་ཅིང༌། ཆོས་རྒྱལ་རྣམ་ཐར་ལས་མཁན་པོར་མངའ་གསོལ)མཚམ་[མཚལ་]མིན་པའམ་གཉགས་ཕུ་བ། བསོད་ནམས་བཟང་པོ། ཤངས་པ་ཀུན་དགའ་རིན་ཆེན། ཤེས་རབ་འོད་ཟེར། བློ་གྲོས་ཡངས་པ། གྲུབ་ཆེན་ཀུན་དགའ་བློ་གྲོས། རྗེ་བཙུན་ཙོང་ཁ་པ་བློ་བཟང་གྲགས་པ་སོགས་མཐའ་ཡས་སོ། །རྩེ་ཆེན་ཆོས་སྡེ་དེའི་ཉ་དབོན་གྱི་གདན་ས་གྲུབ་ཆེན་ཀུན་བློའི་དགུང་ལོ་བཅུ་དགུ་བཞེས་པ་ཤིང་ཕོ་སྟག་གི་ལོ་ལ་མཛད་དེ། ཀུན་བློ་འདི་སྐྱེ་བ་གོང་མའི་གོང་མ་རིམ་བཞིན་ལྷ་རྗེ་ཆོས་བྱང༌། དེ་རྗེས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། (དེ་རྗེས་ཀུན་མཁྱེན་ཆོས་སྐུ་འོད་ཟེར)དེ་རྗེས་བུ་སྟོན། མཁྱེན་བརྩེ་རྒྱ་མཚོའི་ཕ་རོལ་མཐར་སོན་པའི། །བུ་ཞེས་གྲགས་པ་དམ་པ་ཁྱེད་ཉིད་དེ། །ཆོས་ཀྱི་སྤྱན་ལྡན་ཉི་མའི་མཚན་ཅན་ནི། །འདི་ལ་ཚད་མར་གྱུར་ཅིང་དཔང་དུ་བཞུགས། །སྔ་མ་དྲན་པའི་མངོན་ཤེས་ཚད་མ་དང༌། །ཉིད་ཀྱི་ཞལ་གྱིས་བཞེས་པའི་ལུང་ཚིག་དང༌། །དཔྱོད་ལྡན་རྣམས་ལ་གྲོགས་པའི་ཚད་མ་ཡིས། །གྲུབ་པ་དེས་ན་དངོས་གྲུབ་རིན་ཆེན་གྲུབ། །བུ་སྟོན་གྱི་སྐྱེ་བ་གྲུབ་ཆེན་ཀུན་དགའ་བློ་གྲོས་དེ་ཉིད་ལ་བཀའ་དྲིན་ཆེ་བའི་བླ་མ་མཆོག་ཏུ་གྱུར་པ་ཉ་དབོན། དེ་རྗེས་དཔལ་ལྡན་བླ་མ་དམ་པ། བུས་ཆོས་སྐོར་མཐའ་དག་ཁྱུང་པོ་ལྷས་པ། དུས་འཁོར་གོང་གསུམ་བདེ་ཆེན་པ། ཇོ་ནང་པའི་ལུགས་ཇོ་ནང་ཕྱོགས་པ། འཁོན་རྡོ་རྗེ་རིན་ཆེན། ཆོས་རྗེ་ཇོ་བཟང་བ་ཆེན་པོ། ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། སྤོས་ཁང་བ་འཇམ་དབྱངས་


TNT23_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་རྒྱལ་མཚན། དཔྱལ་སྟོན་ཀུན་དགའ་རྒྱལ་མཚན། ཐེག་ཆེན་ཆོས་རྗེ་སོགས་ལ་མདོ་སྔགས་ཀྱིས་བསྡུས་པའི་ཆོས་མཐའ་དག་གི་གསན་པ་རྒྱ་ཆེར་མཛད། པཎ་ཆེན་ནགས་རིན་མིག་པ་བྱ་བའི་ནང་རྒོད་ཁུང་དུ་བཞུགས་པའི་ཚེ་མཚན་མོ་རྨི་ལམ་བཟུང་ནས་གྲུབ་ཆེན་བློ་དགོན་པ་ལྷུན་གྲུབ་བདེ་ཆེན་གྱི་བཞུགས་གནས་དེར་ཕེབས་པས་ཟམ་ཆུང་དེ་ཚུན་དགོན་པའི་སྐོར་རྣམས་དུས་འཁོར། (གཞལ་ཡས་ཁང་དང༌། དེར་གནས་པའི་མི་རྣམས་དུས་འཁོར་གྱི་ལྷ་ཚོགས་དེ་དག་གི)གྱི་དབུས་ཀྱི་གཙོ་བོ་ལ་ཆོས་རྗེ་གྲུབ་ཆེན་བཞུགས་འདུག་པ་ལ། པཎ་ཆེན་ནགས་རིན་གྱིས་དུས་འཁོར་གྱི་དབང་ཞུས། སླར་ངོས་ཀྱི་མཇལ་བསྟུན་གྲུབ་ཆེན་ཀུན་བློ་ལ་དབང་ཐོབ་པར་ལོས་འགྲོ་འམ་ཞུས་པས། དཔེར་ན་གྲུབ་ཐོབ་ཨོ་རྒྱན་པས་ཆོས་རྗེ་རྒོད་ཚང་པ་མནལ་ལམ་དུ་དུས་འཁོར་གྱི་དབང་ཞུས་པ་བཞིན་ནོ། །སླར་པཎ་ཆེན་ནགས་རིན་པས་གྲུབ་ཆེན་ཀུན་བློ་ལ་སྦྱོར་དྲུག་སེམས་ཉིད་ངལ་གསོ། སྙིང་པོ་དོན་གྲུབ། ཚེ་ཁྲིད་སོགས་ཆོས་བཀའ་མང་དུ་གསན་ནོ། །ཡང་ཁམས་པ་བླ་མ་ཀུན་སྤང་བ། གྲུབ་ཆེན་ཀུན་བློ་གྲགས་ཆེ་བས་ཅི་མཛད་ཀྱིན་ཡོད་དགོངས་རྨི་ལམ་བཟུང་ནས་སྐུ་གཞོགས་བྱོན་པས་རྗེ་ཉིད་མ་མཐོང༌། རེ་ཞིག་འཇའ་ལུས་ཀྱི་ངོས་ནས་བདེ་མཆོག་ལུས་དཀྱིལ་གཟིམ་མལ་ན་བཞུགས་པ་མཐོང་ངོ༌། །དེ་རྗེས་ཕྱག་ན་རྡོ་རྗེ་འཁོར་ཆེན་དུ་མཐོང་བས། ངས་རྒྱལ་ཁམས་ར་མཐའ་མཐའ་བཞིན་བསྐོར་ཀྱང་བོད་གངས་ཅན་ཁྲོད་ན་ཆོས་རྗེ་ཉིད་ལས་བཟང་བ་མི་གདའ་ཞེས། དང་འདོད་ཡིད་གསུམ་གྱི་མོས་པ་དང་ཞིབ་པར་


TNT23_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

གླེང་བའི་ལོ་རྒྱུས་ཡོད། གྲུབ་ཆེན་ཀུན་བློ་འདིས་ངོ་མཚར་བའི་མཛད་པ་མངོན་པར་ཤེས་པ་ལ་དགྲ་བཅོམ་པ་ལྟར་བསམ་གཞིགས་མི་དགོས་པར་ཐོགས་རྡུགས་མེད། རེས་ཞབས་ས་ལ་མི་རེག་པ་མངོན་སུམ་དུ་མཐོང༌། རེས་སྣང་ཚུལ་ལྷ་སྐུར་མཐོང༌། རེས་གཏན་ནས་མི་མཐོང༌། རེས་དགོན་པ་སོ་སོ་ཐ་དད་དུ་དུས་གཅིག་ལ་ཆོས་གསུངས་པའི་སྐུ་གཟུགས་ཐམས་ཅད་མཐོང༌། བསྐྱེད་རིམ་མཐར་ཕྱིན་པས་ཚེམས་ཐོན་པ་ཙམ་ལ་ཡང་ལྷ་སྐུ་རང་འབྱོན་དུ་བྱོན་པ་ཐིག་ལེ་བྱང་ཆུབ་ཀྱི་སེམས་བརྟན་པར་མཛད་པས་རིང་བསྲེལ་ཡུང་འབྲུ་ལྟ་བུ་འབྱུང་བ་དང༌། སླ་དག་[ས་དྲུག་པ་]ཐོབ་པའི་རྟགས། གངས་རྡིབ་པ་དང་ཆུ་བོ་ཆེ་བ་སོགས་གྱེན་བཟློག་པར་ཡང་ཡང་མཛད་པ་དང༌། ཉི་ཟླ་ཕྱི་རོལ་གནོན་པ་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ལ་མངའ་བརྙེས་པ་འདིའི་དགོན་གནས་ཀྱི་མཆོག་རྩེ་ཆེན་ཆོས་སྡེ་འདི་ཡིན་ནོ། །རྩེ་ཆེན་གྱི་འཁྲིས་རྒྱབ་ན་མཆོད་རྟེན་ཡོད་པ་ཡོལ་དབང་གིས་གྲུབ་རྟགས་བསྟན་ནས་མཆོད་རྟེན་རྟ་ཆགས་ཙམ་གྱི་སར་ཁྲིད་པས། དེང་སང་རྩ་བརྒྱད་མཆོད་རྟེན་ལྕང་རའི་འོག་འཁྲིས་ན་ཡོད། རྩེ་ཆེན་གྱི་ལྷོ་ན་སྔགས་འཆང་འབྲོམ་པ་འབྲོམ་རྒྱལ་བའི་འབྱུང་གནས་ཀྱི་རྒྱུད་པ་ཡིན་ཟེར་བ་ཡོད་ཅིང༌། རྩེ་ཆེན་གྱི་རྩེ་དང་རྩེ་ཆེན་ཆོས་སྡེའི་གཙུག་ལག་ཁང་སོ་སོར་སྐུ་གསུང་ཐུགས་རྟེན་དང་རྒྱུད་སྡེའི་དཀྱིལ་འཁོར་ཟབ་མོ་བཞེངས་པ་ཇི་ཙམ་ཡོད་ཚུལ་ཟུར་ཙམ་བཀོད་ན། ས་ཕོ་སྤྲེའུའི་ལོ་ལ་ནང་ཆེན་འཕགས་པས་རྩེ་ཆེན་གྱི་གཙུག་ལག་ཁང་ཁྱམས་ཀ་བ་སུམ་ཅུ་སོ་དྲུག་གཙང་ཁང་ཀ་བ་བརྒྱད་ཀྱི་ས་རྣམས་བསྒྲུབ་པའི་གཙང་ཁང་


TNT23_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

གུང་ལ་ཐུབ་དབང་སྐུ་རིན་པོ་ཆེ་ལས་གྲུབ་པ་དགུང་ལོ་བཅུ་གཉིས་པའི་ཚད་ལྡན་ན་དྲུག་རྒྱན་གྱིས་མཛེས་པའི་གནྡྷོ་ལ། སེང་གེས་བཏེགས་པའི་ཁྲི་ལ་བཞུགས་པའི་གཡས་གཡོན་དུ་སྐྱིད་གྲོང་གི་ཇོ་བོའི་མཆེད་རང་བྱོན་དུ་གྲགས་པའི་ཙན་དན་གྱི་ཇོ་བོ་གཉིས་དྲུ་བུ་(གླིང་མུན)་ནས་སྤྱན་དྲངས་ཏེ་བཞུགས། དེ་མཐུན་འབྲི་མཚམས་རྒྱ་རྟགས་ནས་སྒྲོལ་མའི་སྐུ་སྤྱན་དྲངས་པ་གསེར་ཟངས་ལས་གྲུབ་པའི་སྐུ་དེ་ཁ་ཆེ་པཎ་ཆེན་གྱི་ཕྱག་བཟོ་བ་ཡིན་པ། ང་རྒྱ་གར་པཎ་ཆེན་གྱི་རྒྱ་རྟགས་སུ་བཞེངས་པས་ཡུལ་དེ་ལ་ཡང་རྒྱ་རྟགས་སུ་གྲགས། གཙང་ཁང་གི་གུང་གི་དངོས་ལ་གྲུབ་ཆེན་བརྒྱད་ཅུའི་སྐུ་དང༌། ཁྱམས་ཀྱི་ངོས་གཡས་ཕྱོགས་རྣམས་ལ་སྨན་བླའི་ལྷ་ཚོགས་ཚང་མར་བཞུགས་པའི་ཞིང་ཁམས་དང༌། དེ་བཞིན་དུ་བྱམས་པ། འོད་དཔག་མེད། མར་མེ་མཛད། སྤྱན་རས་གཟིགས། རྡོ་རྗེ་རྣམ་འཇོམས། སྒོ་སྲུང་རྟ་མགྲིན། མི་གཡོ་བ། སྒོ་གོང་ལ་གྲྭ་ལྔའི་གཙོ་བོ་རྣམས་དང༌། གཡོན་ཕྱོགས་ངོས་ལ་རས་བྲིས་མཐོང་བ་དོན་ལྡན། འཇམ་དབྱངས། བྱམས་པ། མི་འཁྲུགས་པ། ཡུམ་ཆེན་མོ། སྒྲོལ་མ། རྣམ་རྒྱལ། འདོད་ཅན། རི་ཁྲོད་མ་རྣམས་གཙོ་བོར་བཞུགས་པའི་ཞིང་ཁམས་ཡར་ཁྱུའི་གཡོན་ངོས་ལ་མ་གྷ་དྷ་བཟང་མོའི་རྟོགས་བརྗོད་དང༌། སོ་སོར་འབྲང་མ། གཡས་ཕྱོགས་ལ་མདོ་ཟ་མ་ཏོག་ནས་གསུངས་པའི་ཞིང་བཀོད་དང༌། སྲིད་པ་འཁོར་ལོ། སེང་གཡབ་ཀྱི་ངོས་ནང་བསྐོར་ལ་གྲུབ་ཆེན་བརྒྱད་ཅུ་སྐུ་རྣམས་རི་མོར་བྲིས་པ། རབ་གནས་འཁོན་གྱིས་གདུང་རྒྱུད་དྷརྨའི་མཚན་ཅན་དང་ཆོས་རྗེའི་བཟུང་(གཟུངས)གི་དཔལ་པ་སོགས་ཀྱིས་རྒྱས་པར་མཛད་དོ། །ནང་ཆེན་འཕགས་པ་དཔལ་བཟང་པོའི་ནང་རྟེན། གཅུང་འཕགས་རིན་གྱིས་བཞེངས་པ་སྟོན་པའི་སྐུ་ཁྲི་རྒྱབ་མ། གཙང་ཁང་ཀ་བ་བརྒྱད་མའི་གདུང་(གུང་)་ལ་སྔོན་དུ་བཞེངས་པའི་ཐུབ་དབང་དེའི་གཡོན་གྲྭལ་ལ་བཞུགས་ཡོད། གནས་


TNT23_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ངོས་ན་སི་ཏུ་འཕགས་པ་རིན་པོ་ཆེའི་ནང་རྟེན་མཆོད་རྟེན་བྱང་ཆུབ་ཆེན་པོ་ཡོད། ཡང་དེའི་ནང་རྟེན་ཐུབ་པའི་ཁྲི་རྒྱབ་ཡོལ་དང་བཅས་པ་བཞུགས། སྐུ་རྟེན་དང་ཐུགས་རྟེན་འདི་གཉིས་རབ་གནས་མཚུངས་མེད་འདི་དབོན་གྱིས་མཛད>དེའི་འོག་ན་གྲུབ་ཆེན་ཀུན་བློའི་གདུང་རིང་བསྲེལ་བཞུགས་པའི་དགོན་པ་ཤོ་མ་ཞེས་པ་ཡོད། དེའི་འོག་ན་འབྲོང་རྩེར་བོད་རྒྱལ་པོའི་གདུང་རྒྱུད་འབྲོང་རྩེ་ལྷ་བཙུན་གྱི་དགོན་པ་སྐུ་རྟེན་ཐུགས་རྟེན་དང༌། ཇོ་བོ་ཨ་ཏི་ཤའི་ཕྱག་ནས་ཕོག་ངེས་པ་ཅན་གྱི་མཆོད་རྟེན་ཡོད། གཞན་ཡང་འབྲོང་རྩེ་ཆོས་རྗེ་ནུས་པ་ཅན་དེས་བཟོ་བོ་བཀུག མགོན་པོ་ཕྱག་དྲུག་པ་བཞེངས་རྩིས་ལས་བཟོ་བོས་ལྡེར་བཟོ་ལ་མགོན་པོ་གུར་བཞེངས་པ་དེ་ལ་མཐུ་སྟོབས་ཅན་བདག་ཆེན་རིན་པོ་ཆེ་རྒྱ་གར་བྱང་ཆུབ་སེམས་དཔར་གྲགས་པས་རབ་གནས་མཛད། མགོན་པོའི་སྐུ་འདིས་འབྲུག་པ་ཐམས་ཅད་མཁྱེན་པ་མི་ཕམ་པད་མ་དཀར་པོ་ལ་ང་ཁྱོད་ཀྱི་བར་ཆད་བསྲུང་བ་ལ་འོང་བ་ཡིན་ཟེར་དངོས་ཉམས་ལྟ་བུར་སྣང་བ་ཐོབ་པའི་བྱིན་རླབས་ཅན་དེ་ཡང་བཞུགས། འབྲོང་རྩེའི་ཕུ་ན་རྒྱལ་བྱེད་ཚལ་ཞེས་པ་སྔོན་མཁས་གྲུབ་གཉིས་ལྡན་གྲུབ་ཆེན་ཀུན་བློས་ས་གཞི་བྱིན་གྱིས་བརླབས་པ་གནས་གཞི་བཏབ་པ། གཙང་རང་གི་ཀླུ་སྡིངས་ལ་སྐྱེད་པར་གྲགས་པ། སེ་བ་དང་བསྐྲུན་ཤིང་གི་ནགས་ཡིད་དུ་མཆིས་པ་མྱང་ལུང་པའི་ལྟེ་བ། རི་བོ་ཆེན་པོ་ལྷ་དོན་ཅན་གྱི་ཞོལ་བཀྲ་ཤིས་ཤིང་གཡང་ཆགས་པ་ལ་ཕྱི་རྟོགས་ལྡན་ཁྱད་པར་ཅན་དེས་ལུང་བསྟན་པའི་ས་ཡུལ་དེར་འབྲུག་པ་ཐམས་ཅད་མཁྱེན་པས་དགོན་པ་མ་བཏབ་གོང་རྒྱལ་བྱེད་ཚལ་དུ་ཞག་བདུན་ཙམ་བཞུགས་པའི་


TNT23_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་ལྔའི་དགོང་མོ་མནལ་ལམ་ལ་དེ་ན་མཚོ་ཆེན་པོ་ཞིག་འདུག རི་ངོས་ཁ་ལྷོར་བསྟན་ཞིག་ལ་ངེད་བསྡད་འདུག་པར་མཚོ་དེའི་དབུས་ལྦུ་བ་རུག་རུག་འཁོལ་བའི་ནང་ནས་ཨ་ཙ་ར་སྔོ་སིང་སིང་བ་གཅིག་འཕུར་ཏེ་ཐོན། ངེད་ཀྱི་གམ་དུ་སླེབས་ཕྱག་བཙལ་ནས་ངའི་ས་ཆ་འདི་ཁྱེད་ལ་འབུལ། འདིར་སྒྲུབ་སྡེ་ཞིག་འདེབས་རོགས་མཛོད་ཟེར་ནས་མཚོ་ལ་ཐིམ་སོང་ངོ༌། །དེའི་སང་ཉིན་འབྲོང་རྩེ་སྡེ་པ་ལ་མགོན་པོའི་རྗེས་གནང་གནང་བའི་སྐབས་བྱ་རོག་ཤིན་ཏུ་ཆེ་བ་བློ་ཡུལ་ལས་འདས་པ་ཞིག་གིས་སྐད་སྙན་པར་གྲགས་པ་ཀུན་གྱིས་མཐོང་ཞིང༌། དེ་སྐབས་རྒྱལ་བྱེད་ཚལ་ཕུལ། དེ་ལོ་བླ་བྲང་དང་སྤྱིལ་པོ་ཉི་ཤུ་ཙམ་གྲུབ་བོ། །ཡང་ཆོ་འཕྲུལ་གྱི་དུས་ཆེན་ལ་འཇམ་དཀར་གྱི་བསྙེན་པ་མཛད་དུས་ཆོས་བརྒྱད་ཀྱི་ཐོ་རངས་རྒྱལ་བྱེད་ཚལ་གྱི་ནུབ་ཕྱོགས་ཀྱི་མཁའ་ལ་འཇའ་སྤྲིན་གྱི་ཕུབ་པའི་ནང་ན་འཇམ་དབྱངས་སྨྲ་བའི་སེང་གེས་ལྷའི་བུ་དང་བུ་མོ་ལ་ཆོས་འཆད་པ་གཟིགས་པས་གནས་འདིར་མཁས་བཙུན་བཟང་གསུམ་མང་དུ་འབྱོན་ནོ་གསུང་ངོ༌། །ཡང་གནས་འདིར་གཟིམས་སྤྱིལ་གོང་མར་མཚམས་བསྡམས་དེ་དུས་ལྕེ་རྩེ་རྐན་སྦྱར་ལ་ཟིན་བྲིས་བྱེད་སྐབས་ཤ་བ་རིའི་བུམ་ཆུ་ཡིན་ཟེར་བ་བཏུངས་ཏེ་སྐྱུགས་པ་རྨིས། དེ་ནས་ཕག་མོ་ལྷ་ཁྲིད་བརྩམས་དེ་ནས་ཕྱེད་གྲུབ་པ་ན་སྙན་རྒྱུད་ཡི་གེར་བྲིས་པ་ལ་རང་སྐྱེ་མེད་བསམ། བཤོལ་བརྩིས་ལ་རྨི་ལྟས་བཟང་བས་སྙན་རྒྱུད་ཚང་མ་རྒྱལ་བྱེད་ཚལ་འདིར་བྲིས་ཤིང༌། ལེགས་གསུངས་འབྲུག་སྒྲ་འབུམ་གྱིས་འབད་པའི་ཤུགས། །མོས་པའི་རིམ་པ་


TNT23_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་སུ་འཁྱིལ་བ་ནས། །དབྱངས་ཅན་མ་ཡིས་སྐད་གསང་མཐོན་པོ་ཡིས། །ཕ་རོལ་ཉི་མའི་སྤུན་ལ་ཞུམ་པ་སྦྱིན། །དེ་ཡིས་མཐའ་བཞིའི་དགེ་འདུན་ཀུན་འདུས་པའི། །ངུར་སྨྲིག་ཚོན་གྱིས་མཐོ་རིས་ས་དང་འོག །འཇིག་རྟེན་བྲོ་གར་གྲགས་པའི་ཡིག་ཕྲེང་དག །གསལ་པོར་བྲིས་འདི་རྟག་ཏུ་སྙམས་པ་མིན། ཞེས་རྒྱ་གར་གྱི་ན་རོ་པཎ་ཆེན་གྱི་སྤྲུལ་པ་མཁས་གྲུབ་མི་ཕམ་པདྨ་དཀར་པོས་བཤད་སྒྲུབ་གཉིས་ཀྱི་གྲྭ་བཟང་པོ་བཙུགས་ཤིང༌། གཙུག་ལག་ཁང་རྟེན་གསུམ་དང་བཅས་པ་བཞུགས་ཚུལ་ཙམ་ཞིག་བཀོད་ན་དེའི་ཕུ་ཕྱོགས་ན་རི་ཆེན་པོ་དེ་ལ་ལྷ་དོ་ཟེར། བསྟན་པ་སྔ་དར་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བཏབ་པ་སྦས་ལུང་གི་དགོན་པ་ལ་ལྷ་དོ་ཟེར་བ་ཐོགས་ཤིན་ཏུ་སྔ། གནས་རྙྀང་མཁན་པོ་ཆོས་ཀྱི་རིན་ཆེན་པས་ཀྱང་ལྷ་དོ་དགོན་པ་བཏབ། གནས་རྙྀིང་མཁན་ཆེན་རིན་ཆེན་བཟང་པོ་བས་དབུས་རི་ལྷ་དོར་ལོ་བཅུ་གཉིས་སྒྲུབ་པ་ལ་བཞུགས་པའི་གནས་དེའོ། །དེའི་འོག་ཙམ་ན་ཁང་དམར་ཞེས་པ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བློན་པོ་སྒྲོ་རིངས་ལྡོང་བཙན་གྱིས་ཁང་དམར་གྱི་ལྷ་ཁང་བཞེངས་པ་ཡིན་ལ་དུས་དེང་སང་སངས་རྒྱས་འཕེལ་གདུང་བཞུགས་ཤིང༌། དཔོན་སྐྱ་ཁང་དམར་བ་ཞེས་འབྲུག་པ་ཐམས་ཅད་མཁྱེན་པ་ལ་དད་པ་ཐོབ་པའི་གང་ཟག་ཁྱད་པར་ཅན་དེས་འབྲོང་རྩེ་པ་དང་ཡོན་མཆོད་དུ་སྦྲེལ་ནས་རྒྱལ་བྱེད་ཚལ་རྒྱག་པའི་རྐྱེན་ཆེན་པོ་མཛད་པའོ། (ཞིབ་ཏུ་བཤད་ན་བསྲེ་བྲག་གཡའ་ལུང་གི་རི་བོ། །ཤར་ཁ་རས་ཆེན་དཔལ་འབར་གྱི་བཏབ་པའི་དགོན་གནས་སུ་ཆོས་རྫོང་མཁན་པོ་ཆོས་


TNT23_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བསམ་གཏན་དབང་ཕྱུག་པས་འབྲུག་པ་ཐམས་ཅད་མཁྱེན་པ་སྤྱན་དྲངས། དེར་དེད་ཚོ་ལ་འབྲོང་རྩེ་སྡེ་པ་ཚེ་དབང་མགོན་པོས་ཇ་ཞུས་སྐྱེལ་བར་ཁང་དམར་པ་སླེབས་བྱུང་བ་དེ་ནས་མཆོད་ཡོན་གྱི་རྟེན་འབྲེལ་འགྲིགས་པས་གོང་ལྟར་རོ།)དེའི་འོག་ཙམ་ན། རྩིས་གནས་གསར་ཞེས་སྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོས་གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས་པར་དམ་བཅས་ཀྱང༌། གཙུག་ལག་ཁང་ཞེ་གཉིས་བཞེངས་གྲུབ་པའི་ཡ་གྱལ་གཅིག་ཡིན་པ། དེང་སང་མགོན་ཁང་ཆེན་མོར་གྲགས་པ་དེ་ཡིན་ནོ། །མགོན་ཁང་ཆེན་མོར་གྲགས་པའི་ཁྱམས་རིམ་པ་གསུམ་བྱས་པའི་ཕུག་ན་རྣམ་པར་སྣང་མཛད་ཀྱི་ཐུགས་ཁ་དེ་ལ་མགོན་པོ་སྟག་བཞོན་འཆས་ཀྱི་ཡོད། ད་ལྟ་རྩིས་དགོན་དུ་གྲགས་པ་དེ་ཡིན། ལྷ་མོའི་མགོན་ཁང་དེའི་ཟུར་ན་ཡོད། མགོན་པོ་ལྕམ་དྲལ་དེ་གཉིས་ལ་འཁོར་ལས་མཁན་རྣམ་གསུམ་དུ་གྲགས་པ་མགོན་ཁང་སྤྱིའི་རྩ་བ། སྤྱན་གཟིགས་ཀྱི་ནང་ན་རྭ་ཅོའི་ཕུང་པོ་ལ་སྲོག་བདུད་གནས། ཕྱིའི་ཤིང་སྡོང་གོག་པོ་ཆེན་མོ་ལ་ཀླུ་བདུད་གནས། ཉེ་འགྲམ་ཞིང་ཞིག་གི་འགྲམ་ན་གཟའ་བདུད་གནས་པར་གྲགས། འཁོར་བྱིངས་རྣམས་ཕྱིའི་ལྕགས་རི་ལ་གནས་པར་བཤད། རྩིས་གནས་གསར་གྱི་གཙུག་ལག་ཁང་ཤར་ནུབ་གཉིས་ཡོད་པའི་ཤར་མ་དེ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བཞེངས་པའི་གཙུག་ལག་ཁང་ཡིན། དེང་སང་ཧོར་ཕིག་ཟེར། དེར་ཡུམ་ཆེན་མོ་ལ་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བ་དང༌། རྟ་མགྲིན་སྐད་མར་གྲགས་པ་སློབ་དཔོན་པདྨས་ཕྱག་ནས་ཕོག་པའི་བྱིན་རླབས་ཅན་དང༌། སློབ་


TNT23_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་པདྨའི་ཤངས་མཚལ་དང༌། སློབ་དཔོན་རང་གི་ཕྱག་བྲིས་ངོ་མས་གྱང་ལྡེབས་སུ་མགོན་པོ་བེང་གི་སྐུ་དེ་འབུར་དུ་འགྲོ་ཡི་འདུག་པའི་འབུར་དོད་མའི་གཙུག་ལག་ཁང་དུ་གྲགས་སོ། །མགོན་པོ་བེང་འདི། (འདི་ལ་ཐོག་མར་ཡི་དམ་གྱི་སྨིན་བྱེད་ལ་རིགས་འདུས་ཉི་ཤུའི་དབང་སྟེ་རིགས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཆང་ཆེན་པོའི་དབང༌། བཅོམ་ལྡན་འདས་སྨན་བླ། ཚེ་དཔག་མེད། རྣམ་སྣང༌། མི་སྐྱོད་པ། རིན་འབྱུང༌། དོན་གྲུབ། འཇམ་དབྱངས། སྤྱན་རས་གཟིགས། རྡོ་རྗེ་སེམས་དཔའ། རྡོ་རྗེ་འཇིགས་བྱེད། རྟ་མགྲིན། ཕྱག་རྡོར། དམེ་བརྩེགས། སངས་རྒྱས་མཁའ་འགྲོ། རྡོ་རྗེ་མཁའ་འགྲོ །རིན་ཆེན་མཁའ་འགྲོ །པདྨ་མཁའ་འགྲོ། ལས་ཀྱི་མཁའ་འགྲོ་རྣམས་ཀྱི་དབང་རེ་རེ་རྒྱས་པར་སྩལ་རྗེས་མགོན་པོ་ཕྱི་ནང་གསང་གསུམ་གྱི་དབང༌། མགོན་པོ་འདུན་ཚོགས་ཀྱི་དབང༌། བེང་དམར་པོ་འཆི་མེད་ཀྱི་དབང༌། གཤིན་རྗེ་ལག་སྦྲེལ་གྱི་དབང༌། དྲག་པོ་གསུམ་དང་སྡེ་བརྒྱད་ཀྱི་དབང༌། བཀའ་བསྒོ་བ་དང་བཅས་པ་རིགས་འདུས་འདུ་བ་གཅིག་པའི་དབང༌། འགྲོ་བདུན་གྱི་སྲོག་དབང་སོགས་རྒྱས་པར་ནོས་རྗེས། ལུང་ལ། གུརྻ་ཨོ་རྒྱན་རྩ་རྒྱུད་ལེའུ་སུམ་ཅུ་པ། ཀུན་སྣང་ལྷའི་ལེའུ་བཅུ་གཅིག་པ་འཕྲིན་ལས་རྒྱ་མཚོའི་རྒྱུད་ལ་སྦྱོར་བ་སྟོད་ལ་ལེའུ་ལྔ། སྨད་ལ་སྐབས་གསུམ་གྱི་གྲི་གུག་བརྩེགས་པའི་རྒྱུད་ལ་ལེའུ་གཅིག་པ། སྐྱེ་རྒྱུད་ལེའུ་ཉེར་དྲུག་པ། བཀོལ་རྒྱུད། རྒྱུད་ཀྱི་ལས་ཐམས་ཅད་དབྱེ་བ། དྲག་པོའི་སྒྲུབ་ཐབས་མཐར་ཕྱིན། ལོ་རྒྱུས་ཆེ་ཆུང་གསང་བ་མཛོད། དེའི་ལས་བྱང༌། དཀྱིལ་འཁོར་གཞུང་ཆུང༌། ཞལ་གདམས་ཆེ་འབྲིང་ཆུང་གསུམ། ཡིག་སྣང་ཆེ་འབྲིང་ཆུང་གསུམ། འཕྲིན་ལས་བཀའ་རྒྱ་ཅན། ལས་ལྔའི་མན་ངག་དངོས་དང༌།


TNT23_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལྔའི་མན་ངག །ཤོག་རིལ་སྐོར་ལ་སློབ་དཔོན་རོ་ལངས་བདེ་བའི་ཤོག་རིལ་བཅུ་བདུན། བྲམ་ཟེའི་ཤོག་རིལ་ལ་མིང་གི་གབ་ཡིག་དེའི་བརྡའ་འགྲེལ། བླ་མ་དང་མགོན་པོའི་ཞལ་ལུང༌། རིམ་གཉིས་ཀྱི་གསོལ་བཏབ། རྒྱུད་ཀྱི་དོན་འགྲེལ། ཕན་གནོད་ནོར་བུའི་ཤོག་རིལ། ལག་ལེན་ཉལ་ཆོག་གི་ཤོག་རིལ། དགྲ་བགེགས་གདུག་པ་འདུལ་བའི་མན་ཏྲ། གསང་བ་སྡེབས་ཀྱི་མན་ངག །མགོན་པོ་འཆི་མེད་ཀྱི་ཤོག་རིལ། དཀོར་སྲུང་དང་དཀོར་འགྲེལ་ཤོག་རིལ། བརྟན་གཡོ་སྣ་ཚོགས་ཕྱག་རྒྱ་འཛིན་གྱི་འགྲེལ་པ། རྫོགས་རིམ་ཀྱི་མན་ངག་དང་འཁྲིད་ཀྱི་ཤོག་རིལ། བདུན་ཚོགས་ཀྱི་ཤོག་རིལ། དེའི་འཁོར་གྱི་ཤོག་རིལ། བདུན་ཚོགས་དབང་གི་ཤོག་རིལ། ཁྱད་པར་གྱི་ཤོག་རིལ། རིགས་འདུས་ཉི་ཤུའི་མངོན་རྟོགས་ཀྱི་ཤོག་རིལ། ཁྲོ་བཞིའི་ཁྱད་པར་གྱི་ཤོག་རིལ། ལས་གཤིན་གྱི་ཤོག་རིལ། ངག་འགྲོལ་གྱི་ཤོག་རིལ། བྲམ་ཟེས་མན་ཚུལ་ཤེས་ལ་གདམས་པའི་ཤོག་རིལ། ལུས་རྒྱའི་འདེགས་དང་འབྱུང་བ་རྒྱས་འདེགས་ཀྱི་ཤོག་རིལ། དམ་ཚིག་འདུས་པའི་དབང་གི་ཤོག་རིལ། ལས་གཤིན་གྱི་ཤོག་རིལ། དྲུག་ཅུ་པའི་ཤོག་རིལ། དྲག་པོ་སྒྲོལ་དབང་གི་ཤོག་རིལ་ནང་རྒྱས་ཞི་བར་བྱེད་པའི་མན་ངག་གི་ཤོག་རིལ། རྩ་བའི་མན་ངག་གི་ཤོག་རིལ་སོགས་དང༌། བོད་གཞུང་སྐོར་ལ་བླ་མ་རིན་ཆེན་འོད་པས་མཛད་པའི་རིགས་འདུས་ཉི་ཤུའི་མངོན་རྟོགས་ཐོ་ཚེ་སོགས་སོ།) ཁྲི་རལ་གྱི་གཙུག་ལག་ཁང་སྟོང་རྩ་བརྒྱད་བཞེངས་པར་དམ་བཅས་པའི་ནང་ཚན་རྟིང་མའི་མཇུག་རང་དུ་བཏབ་ནས། གཙུག་ལག་ཁང་སྟོང་རྩ་བརྒྱད་ཚང་མ་ཚངས་ཀྱི་གྲངས་རྩིས་ས་ཡང་འདིར་ཡིན་པས། རྩིས་གནས་གསར་དུ་ཐོགས་པའི་གཙུག་ལག་ཁང་ནུབ་མ་འདི་ཁྲི་རལ་གྱིས་བཏབ་པ་ཡིན་


TNT23_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དེང་སང་རྒྱ་ཕིབས་ཟེར། དེར་གཙོ་བོ་རྣམ་པར་སྣང་མཛད་མི་བཞི་རྒྱབ་སྤྲོད་དང་ཉེ་བའི་སྲས་བརྒྱད་ཡོད་དོ། །སྤྱིར་རྣམ་པར་སྣང་མཛད་གཙོ་བོར་བཞུགས་པ། ལྷ་སུམ་ཅུ་སོ་བདུན་ཏེ་རྡོར་དབྱིངས་ཀྱི་དཀྱིལ་འཁོར་འདི་དེ་ཉིད་འདུས་པའི་རྩ་རྒྱུད་ལེའུ་བཞི་ཡོད་པའི་ལེའུ་དང་པོ་ནས་བཤད། འདི་འགྲེལ་བྱེད་མཁས་པ་མི་གསུམ་སྟེ་ཚིག་དོན་གཉིས་ཀ་ལ་མཁས་པ་སློབ་དཔོན་ཀུན་དགའ་སྙིང་པོས་འགྲེལ་པ་དེ་ཉིད་གནང་བ་སྟེ་སྟོད་ཆ་སྨད་ཆ་ཡོད་པ། སྟོད་ཆ་ལོ་ཙཱ་བ་རིན་ཆེན་བཟང་པོའི་དུས་བསྒྱུར། སྨད་ཆ་བལ་པོ་ཐུགས་རྗེ་ཆེན་པོ་དང༌། ཟངས་དཀར་ལོ་ཙཱ་བའི་སྐབས་སུ་བསྒྱུར་རོ། །དོན་ལ་མཁས་པ་སངས་རྒྱས་གསང་བ་དང༌། །ཚིག་ལ་མཁས་པ་ཤཱཀྱ་བཤེས་གཉེན་གཉིས་ཀྱི་འགྲེལ་པ་ཨ་བ་ཏ་ར། །ཀོ་ས་ལའི་རྒྱན་གཉིས་ཡོད་པ་ལས་ནུབ་མའི་གཙུག་ལག་ཁང་འདིའི་རྣམ་པར་སྣང་མཛད་འདི་ནི་རྡོར་དབྱིངས་ཀྱི་དཀྱིལ་འཁོར་གྱི་གཙོ་བོ་རྣམ་པར་སྣང་མཛད་ཡིན་ལ་ཤཱཀྱ་བཤེས་གཉེན་གྱི་བཞེད་སྲོལ་ལྟར་གྱི་རྣམ་སྣང་མི་བཞི་རྒྱབ་སྤྲོད་ཀྱི་བཞུགས་ཚུལ་ལོ། །སྔོན་གཏེར་བཏོན་གུ་རུ་ཡེ་ཤེས་ཁྱུང་གྲགས་ཀྱིས་དཀོན་གཉེར་གྱི་གཡོག་ཏུ་བརྫུས། ལོ་གཅིག་ལྷག་པ་གཡོག་བྱས་རྗེས་མགོན་ཁང་ཆེན་མོར་གྲགས་པའི་ཕུག་གི་རྣམ་སྣང་གི་ཐུགས་ཀྱི་སྐུ་རྒྱབ་ཕྱོགས་ནས་སྐྱེ་བདུན། (བྲམ་ཟེ་སྐྱེ་བདུན་པའི་སྤུར་ཤ་ད་ལྟའང་ཡོད་ཟེར་རོ།)གྱི་རྩ་བ་བྲམ་ཟེའི་སྤུར་ཤ་སྤྱན་དྲངས་ཚུལ་གུ་གུ་ཡེ་ཤེས་ཁྱུང་གྲགས་ཀྱི་རྣམ་ཐར་ནང་ན་ཡོད་ལ། གུ་རུ་ཡེ་ཤེས་ཁྱུང་གྲགས་ཀྱིས་དབོན་རྒྱུད་སྐྱི་མཁར་གུར་སྡིངས་པ།


TNT23_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་ཆོས་དབང་གི་གཏེར་བྱུང་ལས་ཆོས་དབང་མདུན་མ་བརྩིས་ནས་བྱུང༌། དངོས་གྲུབ་ཤེལ་བུམ་ནང་ནས་བྱུང་ཞེས་པ། གཏེར་དེ་སྤྱན་འདྲེན་པར་ཆོས་དབང་རང་དངོས་སུ་ཕེབས་མ་ཐུབ་པར་གཏེར་བདག་རྩིས་མགོན་བཀུག་སྟེ་བཀའ་བསྒོས་ནས་སློབ་མ་གཉེན་སྟོན་ཛམ་བྷ་ལ་དང༌། སྒོམ་ཆེན་འབྲུག་པ་ཞེ་གཉིས་ལ་དེ་ཕྱོགས་རྒྱུས་ཞིབ་པར་ཡོད་པ་ལ་བརྟེན་ནས་འདོན་པར་གནང༌། ཁོང་གཉིས་ཀྱི་བརྩིས་ལྷ་ཁང་གི་མགོན་ཁང་ཆེན་མོ་ན་བཞུགས་པའི་རྣམ་པར་སྣང་མཛད་ཀྱི་སྐུའི་ནང་ན་སློབ་དཔོན་པད་མས་དབང་བསྐུར་གྱི་བུམ་པ་ཤེལ་ལས་གྲུབ་པ་ནང་ཟབ་པ་སྐོར་དགུའི་ཤོག་སེར་གྱིས་གང་བ་ཡོད་པ། སྐུའི་ཕྱི་རྒྱབ་ནས་ཐིག་ཚད་བྱས་བཀོད་ནས་སྤྱན་དྲངས་ཏེ་ཆོས་དབང་རིན་པོ་ཆེའི་ཕྱག་ཏུ་ཕུལ། དབང་བུམ་དེ་ཉིད་ཕྱིས་ཀྱང་གཏེར་དུ་སྦས་ཏེ་མ་འོངས་ཆོས་དབང་སྤྲུལ་པ་གུ་རུ་ཆོས་ཀྱི་བཤེས་གཉེན་ཞེས་བྱ་ལོ་པ་ཞིག་གིས་འདོན་ནོ། །ཟབ་པ་སྐོར་དགུ་སྐལ་ལྡན་ཆོས་སུ་དེང་སང་བཞུགས་པ་འདིའོ། །རྩིས་གནས་གསར་གྱི་མྱང་ཆུ་དང་ཉེ་བའི་སར་ཁྲི་སྲོང་ལྡེའུ་བཙན་དུས་ཀྱི་གཙུག་ལག་ཁང་ཁྲི་སྲོང་ལྡེའུ་བཙན་གྱི་བློན་པོ་ལྕེ་ཁྲི་བཟང་ལྷ་བྱིན་གྱིས་རྩིས་ཀྱི་ལྷ་ཁང་བཞེངས་པ་དེའི་ཞིག་ཤུལ་ཞིག་ཀྱང་ཡོད། ཨ་མེས་ཚོང་བཙུན་གྱིས་རྩིས་ཀྱི་ཡང་དབེན་བཟུང་བའི་དུས་སུ་རྩིས་ལྷ་ཁང་ཕུལ། དེའི་ཉེ་གནས་སྦ་བཙུན་བློ་གྲོས་ཡོན་ཏན་ལ་གཏད་དེ་དེས་མཁན་པོ་བྱས་ནས་བསྐྱངས་པ་ཚོ་ལ་སྦ་ཚོ་ཟེར།


TNT23_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་མཁན་པོ་ཡོལ་ཆོས་དབང་གིས་སྐྱེགས་གནས་རྙིང་བཟུང༌། དེ་ནས་མཆེད་པ་ལ་སྦ་ཚོ་སྟོད་པ་ཟེར། ཡོལ་ཐོག་འབེབས་ཀྱིས་ལྕང་ར་བཟུང༌། སྟག་པ་ཇོ་བཙུན་གྱིས་ལྕེ་དཔེ་བཟུང་བ་དེ་གཉིས་ལ་སྦ་ཚོ་བར་པ་ཟེར། རྩིས་ནས་མཆེད་པ་ལ་སྦ་ཚོ་སྨད་པ་ཟེར་རོ། །ཕྱིས་སུ་རྩིས་གནས་གསར་འདིར་ལྕེ་བཙུན་རྒྱ་གར་ནས་ནམ་འཁོར་བར་གྱི་ཞྭ་ལུའི་གདན་ས་མཛད་པའི་ལྕེ་བཙུན་ཤེས་རབ་འབྱུང་གནས་ཀྱི་སློབ་མའི་མཆོག་ཡིན་ཞིང༌། མཁན་པོ་མགོ་བ་ཡེ་ཤེས་གཡུང་དྲུང་གིས་རྩིས་ལྷ་ཁང་བཟུང༌། དེ་ཚུན་རྩིས་གནས་གསར་གྱི་རབ་ཏུ་འབྱུང་བའི་སྡོམ་རྒྱུན་སྡོམ་པ་རྒྱ་གར་མར་གྲགས་པ་ཁོ་ན་ཡིན། རྩིས་གནས་གསར་དེའི་ཕུ་བསྟན་པ་སྔ་དར་གྱི་དགོན་པ་ཁྱད་པར་ཅན་བཙས་ཕུ་ན་བདེ་ཕུ་དགོན་པ་ཤིན་ཏུ་ཐོགས་སྔའོ། །དེའི་ཕུ་ན་རྩིས་ཕུའི་ཡང་དབེན་ཡོད་དེ་ཇོ་བོ་ཨ་ཏི་ཤས་སློབ་མ་སྒོམ་པ་བུ་བཞིར་གྲགས་པའི་ནང་ཚན་ཇོ་བོས་བླ་མཆོད་དུ་མངའ་གསོལ་བ་དགོན་པ་བ་འཛེང་དབང་ཕྱུག་རྒྱལ་མཚན་གྱི་སློབ་མ་དགོན་གྱི་བུ་བཞིར་གྲགས་པའི་ནང་ཚན་ཞང་ཀ་བའམ་ཞང་བུ་གཅིག་པར་གྲགས་པ་ཁྱད་པར་ཅན་དེའི་སློབ་མ་ལུམ་པ་བ་ཡེ་ཤེས་བྱང་ཆུབ་བམ་དགེ་བཤེས་གངས་པར་ཡང་གྲགས་པ། པུ་ཏོ་བ་དང་ཀརྨ་པ་གཉིས་ཀའི་སློབ་མ་མྱང་སྟོད་རྩིས་ཕུལ་ཡང་དབེན་དུ་བཞུགས་ནས་སློབ་མ་སུམ་ཅུ་ཙམ་སྨིན་པར་མཛད། དེའི་ནང་ནས་སློབ་མའི་མཆོག་ཁུ་ལེའི་ཁ་མོ་ཟེའུ་སྟོན། ཡང་རྩིས་གནས་གསར་ཕུལ་ཡང་དབེན་དུ་སྨིན་པར་མཛད། མཚན་ལུམ་པའམ་གངས་པར་


TNT23_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གྲགས་ཤིང༌། གངས་རོ་ལྷ་ཁང་དུ་ཆོས་འཆད་དུས་གྲྭ་པ་བརྒྱད་བརྒྱ་ཙམ་འདུས་ཟེར་བ། པ་ཚབ་ཀྱི་སློབ་མ་གངས་པ་ཤེའུ་དང་གཅིག་གམ་སྙམ་མོ། །རྩིས་གནས་གསར་གྱི་འོག་ན། སྒྲོལ་མ་བྲག་ནས་དམ་རྫས་མྱོང་གྲོལ་བསྟན་གཉིས་གླིང་པས་སྤྱན་དྲངས། དེའི་འོག་ཙམ་ན་རྒྱལ་མཁར་ལུང་པ་དྲིལ་བུ་འདྲ་སྟེ་མདའ་དགའ། སྐྱི་མཁར་ལུང་པ་གདུགས་འདྲ་སྟེ་ཕུ་དགའ། མག་ནས་འདྲ་སྟེ་སྐེད་པ་དགའ། ལུང་པ་གསུམ་གྱི་མངའ་ཐང་ལ་མཁར་ཅིག་བརྒྱབ་པ་ཨར་མོ་འདུས་ཆུང་ཡོད། པ་ཚབ་བསམ་གྲུབ་རྩེ་ཡི་གཉའ་གནོན་ཡིན། (རྔོག་བློ་ལྡན་ཤེས་རབ་ནི་མགོན་པོ་སྔོན་བྱུང་གི་རྒྱུད་ལས། ཤར་ཕྱོགས་རྒྱ་མཚོར་བརྟེན་ནས་ནི། །དེ་འདིར་འབྲོག་མི་མཐར་ཐུག་པར། །བློ་ལྡན་ལོ་ཧི་ཏ་ལས་གཞན། །དེ་མིན་ཤེས་རབ་མཐར་གནས་ཤིང༌། །བྱང་དུ་དེ་བཞིན་ཁ་བ་ཅན། །ཞེས་ལུང་བསྟན་པའི་རྔོག་ལོ་ཙཱ་བ་དེ་རྒྱ་གར་དུ་ཌོམ་བྷི་ཧེ་རུ་ཀ་དང་མཇལ། སྟག་རྒྱབ་ཏུ་བཞོན་མཁའ་སྤྱོད་ལ་བྱོན་པ་ལ་བོད་མུན་གླིང་དུ་གཟིགས་ནས་འཆད་ཉན་གྱི་ཉི་མ་ཤར་བ་ལྟ་བུར་བགྱིད་དགོངས། བབས་ནས་ཆོས་ཀྱི་འཁོར་ལོ་སྐོར་བའི་དང་པོ་མྱང་སྟོད་འདུལ་ཆུང༌། དེ་ནས་བོ་དོང༌། །དེས་ནས་ལྷ་ས་སོགས་དང༌། དབུ་རུ་དང་གཡོན་རུའི་ས་ཕྱོགས་སུ་ཆོས་འཁོར་རྒྱས་པར་བསྐོར་རོ།) འདུལ་ཆུང་གི་ཕྱོགས་བཞིར་སྔོན་དུས་ཀྱི་དགོན་གནས་ཁྱད་པར་ཅན་ཡོད་དེ་ལྷོ་ན་XXXནུབ་རྐྱང་འདུར་ལྷ་ཁང༌། བྱང་ན་ངང་སྐྱ་ལྷ་ཁང༌། ཤར་ན་འདྲེ་ལྷ་ཁང་རྣམས་ཡོད་དོ། །འདྲེའི་ལྷ་ཁང་བསྟན་པ་སྔ་དར་གྱི་གཙུག་ལག་ཁང་ཡིན། འདུལ་ཆུང་གི་ཉེ་ལོགས་ན་འདྲེ་ལྷ་ཁང་ཡོད་དེ་དེར་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་མཁན་བུ་ཉི་


TNT23_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཤུ་རྩ་བཞིའི་ནང་ཚན་མགོ་བ་ཡེ་ཤེས་གཡུང་དྲུང་གིས་བཤད་ཉན་བསྐྱངས། ལྕེ་བཙུན་རྒྱ་གར་ལ་བྱོན་པར་མགོ་བ་ཡེ་ཤེས་གཡུང་དྲུང་གིས་ཞྭ་ལུ་བཟུངས། ཕྱིས་འདུས་ཆུང་གིས་འདྲེ་ལྷ་ཁང་བཟུང་ཞིང་བཤད་ཉན་བསྐྱངས། ལོ་སྟོན་གྱི་དངོས་སློབ་ཨ་མེའི་མཁན་བུ་ཀོང་པོ་ཐར་པ་རིན་ཆེན་ལ་མཁན་བུ་བཞི་བྱུང་སྟེ། གཟུ་སྟོན་འཕན་གྲགས་ཀྱིས་འདྲེའི་ལྕེ་མཚམས་དང༌། རྒྱ་གར་སྟག་ལུང་བཟུང༌། དེ་ནས་རབ་ཏུ་བྱུང་བ་མཆེད་ཅིང་འཕེལ་པ་ལ་གཟུ་ཚོ་ཟེར། ལྕེ་བཙུན་དཀར་པོས་ཨང་ཡིག་བཟུང་ངོ༌། །ཕུ་སྐྱིན་མཁར་ཕྱོགས་ན་སྐྱིན་མཁར་ལོག་པ་ཕུ་རུ་མཁས་པ་ན་རིམ་བྱོན། ལྷག་པར་ཏྲི་རིན་ཆེན་དབང་ཕྱུག་གསང་འདུས་རྒྱུད་མན་ངག་དགྱེས་རྡོར་རྒྱུད་གསུམ་ལ་མཁས་པ་དེ་བྱོན་པ་ཡིན་ནོ། །ལྷ་རྗེ་ལྕེ་སྟོན་རྒྱ་ནག[རྒྱུད་པ་གུར་སྡིངས་པ་ཡིན་ནོ།] གི་མེས་པོ་འཕངས་བྱང་བརྩོན་བྱ་བ་ཁམས་སུ་བྱོན་ནས་ཡར་ལོག་སྟེ་ཀློང་ཐང་སྒྲོལ་མའི་གཙུག་ལག་ཁང་ལ་དཔེ་བླངས་ནས་སྐྱི་མཁར་ལྷ་ཁང་བཞེངས། ལྷ་རྗེ་ལྕེ་སྟོན་རྒྱ་ནག་ནི་ལྷ་རྗེ་སྒྲོ་ཕུག་པ་ཆེན་པོའི་ཐུགས་ཟིན་པའི་སློབ་མ་བཞི་གསུམ་བཅུ་གཉིས་བྱུང་བ་ལ་མེ་བཞི་ནག་བཞི་སྟོན་བཞི་བཅུ་གཉིས་ཀྱི་ནང་ཚན་ལྷ་རྗེ་ལྕེ་སྟོན་རྒྱ་ནག་གི་སྐྱིས་མཁར་ལྷ་ཁང་དེར་སྤྱིར་རྙིང་མའི་ཆོས་དང་ཁྱད་པར་སྒྱུ་འཕྲུལ་ཞི་ཁྲོའི་དབང་རྒྱུད་བཅས་མན་ངག་དང་བཅས་བཤད་པས་སློབ་མ་བསམ་གྱིས་མི་ཁྱབ་པ་ཐོན་པའི་གནས་ཁྱད་པར་བ་ཡིན་ནོ། །ལྷ་རྗེ་ལྕེ་སྟོན་རྒྱ་ནག་གི་ལོ་རྒྱུས་ཞིབ་པར་བཤད་ན་ཟུར་པོ་ཆེ་དང་ཟུར་ཆུང་པ་གཉིས་སུ་


TNT23_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པ་ལས་ཟུར་ཆུང་བའི་མིང་ཤེས་རབ་གྲགས། བྲག་རྒྱ་བོ་དགུ་འདུས་སུ་ལོ་བཅུ་བཞི་སྒྲུབ་པ་ཁོ་ན་ལ་བཞུགས་པས། མཚན་ལ་ལྷ་རྗེ་བདེ་གཤེགས་རྒྱ་བོར་གྲགས་པ་དེ་ལ་ཇོ་མོ་སྔ་མ་བཙད་མོ་དར་མ་བོ་དྷི་ལ་བཙད་ཚ་ལྕམ་སྲིང་གཉིས་འཁྲུངས། ཇོ་མོ་རྟིང་མ་མདར་ཏིག་ཇོ་བོ་ཤཱཀྱ་ཡི་ལྕམ་མོ་ཡིན་པ་ཆོས་ཉིན་པ་ལ་བྱོན་སྐབས་སུ་བླ་མ་ཟུར་ཆུང་བའི་ཇོ་མོ་ལྟར་སོང་ནས་སྲས་འཁྲུངས་པའི་མིང་ཡང་ཤཱཀྱ་སེང་གེའམ་མདའ་ཚ་ཧོར་པོ་ཡང་གྲགས་ཤིང༌། ལྷ་རྗེ་སྒྲོ་ཕུག་པ་ཆེན་པོར་ཡང་གྲགས་པ་དེ་ལ་སློབ་མ་དགེ་བའི་བཤེས་གཉེན་ཆེན་པོ་གྲྭ་ས་འཛིན་ཞིང༌། བསྟན་པ་སྐྱོང་བ། གདུགས་ཐོགས་པ་སྟོང་ཐོན་ཞིང༌། དེའི་ནང་ནས་ཀྱང་ཐུགས་ཟིན་གྱི་སློབ་མ་བཞི་གསུམ་བཅུ་གཉིས་བྱུང་བ་ལ་མེ་བཞི། ནག་བཞི། སྟོན་བཞིའོ། །མེ་བཞི་ནི་དབོན་སྟོན་ལྕགས་ཀྱུ། ཤབ་རྩེ་གསེར་བ། བྱང་སྟོན་རྡོ་རྗེ་གྲགས། གཡུ་སྟོན་ནོ། །ནག་བཞི་ནི་ལྕེ་སྟོན་རྒྱ་ནག །ཟུར་ནག་འཁོར་ལོ། མྱང་ནག་མདོ་པོ། མདའ་ནག་གཙུག་ཏོར་དབང་ཕྱུག་གོ །སྟོན་བཞི་ནི་རྒྱ་སྟོན། གྱབ་སྟོན། ཉེ་སྟོན། ཞང་སྟོན་ནོ། །ནག་པོ་བཞིའི་ནང་ནས་མཆོག་ཏུ་གྱུར་པ་ལྕེ་སྟོན་རྒྱ་ནག་གི་མེས་པོ་འཕངས་བྱང་རྩོན་བྱ་བ་ཁམས་སུ་བྱོན་ནས་ཡར་ལོག་སྟེ་ཀློང་ཐང་སྒྲོལ་མའི་གཙུག་ལག་ཁང་ལ་དཔེ་བླངས་ནས་སྐྱི་མཁར་ལྷ་ཁང་བཞེངས། དེའི་སྐུ་ཚ་ལྷ་རྗེ་རྒྱ་ནག་གིས་ཤིན་ཏུ་མཁས་པར་གྲགས་པ་ཁྱུང་པོ་གྲགས་སེ། །འབན་ཐམས་ཅད་མཁྱེན་པ། སྟག་པ་ཁ་ཆེ་རྣམས་ལ་ཕར་མངོན་དབུ་ཚད་གསན། ལྷ་རྗེ་སྒྲོ་ཕུག་


TNT23_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཞབས་དྲུང་དུ་བཞུགས་སྐབས་རྒྱ་བརྩོན་སེང་དཔོན་གཡོག་གིས་རྩོད་པ་བཙུགས་དུས་རྒྱ་བརྩོན་ཕམ་པར་བྱས་པས་ལྷ་རྗེ་སྒྲོ་ཕུག་པ་ཤིན་ཏུ་མཉེས། བསྐྱེད་རྫོགས་གསུམ་གྱི་གཞུང་གདམས་ངག་སོགས་བུམ་པ་གང་བྱོ་དང༌། ཁྱད་པར་གྱི་གདམས་པ་ཟབ་མོ་གནང་བ་ཆོས་ཁ་ཚང་བས་ལོ་རྒྱུས་རྒྱུ་མཚན་ཡང་དེ་ཡིན་ནོ། །དེའི་དབོན་པོ་ལྕེ་སྟོན་ཇོ་གཟུངས་སོགས་ལྕེ་སྟོན་རྒྱ་ནག་གམ་ལྷ་རྗེ་ཁང་པའི་རྒྱུད་པ་སྐྱིན་མཁར་བ་སྒྱུ་འཕྲུལ་གྱི་དབང་བཤད་བདུད་རྩི་ཡོན་ཏན། ཕུར་པ་རྩ་བ་སོར་བཞག་དང༌། སྤྱི་ལུགས་རྫོགས་པ་ཆེན་པོ་རྫོགས་ལུགས་དང༌། སློབ་དཔོན་ཨ་རོའི་ཐུགས་ཀྱི་ཡང་བཅུད་རྫོགས་ཆེན་ཁམས་ལུགས་ཀྱི་ཁྲིད་དང་དེའི་སྐོར་གྱི་གདམས་ངག །རྫོགས་ཆེན་བྲམ་ཟེའི་སྐོར། སྐྱེ་ཚང་མའི་སྐོར། བདུད་རྩི་སྒྲུབ་པ་རྒྱ་ནག་གིས་མཛད་པས་སྨན་གྱི་ཕོ་བྲང་ནས་ལྷ་མོ་ཞིག་བཏོན་ནས་བྱུང་སྟེ་དཀྱིལ་འཁོར་ལ་སྐོར་བ་ལན་གསུམ་བྱས་ནས་ཕོ་བྲང་ལ་ཐིམས་པ་ཀུན་གྱིས་མཐོང་བ་སོགས་གསང་སྔགས་རྙིང་མའི་རྒྱུད་ལུང་མན་ངག་གི་ཟབ་དགུ་ཐམས་ཅད་ཀྱི་འབྱུང་གནས་དམ་པ་སྐྱིན་མཁར་ལྷ་ཁང་དང༌། དེ་འཛིན་པའི་ལྷ་རྗེ་རྒྱ་ནག་གི་རྒྱུད་པ་འདི་རྣམས་ཡིན་ནོ། །ལྷ་རྗེ་རྒྱ་ནག་གི་རྒྱུད་པ་གུར་སྡིངས་པ་ཡིན་ཞིང༌། གཏེར་བཏོན་གུ་རུ་ཡེ་ཤེས་ཁྱུང་གྲགས་ཀྱང་དེའི་རྒྱུད་དུ་བྱོན་པ་ཡིན་ནོ། །མག་དགེ་སྡིངས་ཟེར་བའི་དགོན་པ་འདི་ཀུན་མཁྱེན་ཆོས་སྐུ་འོད་ཟེར་གྱིས་བཏབ་པ་(དགེ་སྡིངས་ཀྱི་གནས་གཞི་འདི་ཀུན་མཁྱེན་ཆོས་སྐུ་འོད་ཟེར་གྱིས་འགྲམ་བཏིང་དགེ་སྡིངས་ཀྱི་ཇོ་བོ་ལ་རབ་གནས་དང་པོ་ཀུན་མཁྱེན་ཆོས་སྐུ་འོད་ཟེར། བུ་


TNT23_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ། གྲུབ་ཆེན་ཀུན་བློ་གསུམ་ཅར་གྱིས་རབ་གནས་མཛད་པ་སོགས་སྐུ་སྐྱེ་བའི་རིམ་པ་སྤྱིར་བྱུང་ཚུལ་ནི་མདོ་སྡེ་རྒྱན་ལས། །ཟག་མེད་དབྱིངས་ནས་སངས་རྒྱས་རྣམས། །མཁའ་ལྟར་ལུས་ནི་མེད་ཕྱིར་དང༌། །སྔོན་གྱི་ལུས་རྗེས་འབྲངས་པའི་ཕྱིར། །སངས་རྒྱས་གཅིག་མིན་དུ་མའང་མིན། །ཞེས་དང་པོར་ལྷ་རྗེ་ཆོས་བྱང༌། དེ་ནས་ཁ་ཆེ་པཎ་ཆེན། དེ་ནས་ཀུན་མཁྱེན་ཆོས་སྐུ་འོད་ཟེར། དེ་ནས་བུ་རིན་པོ་ཆེ། དེ་ནས་གྲུབ་ཆེན་ཀུན་བློའོ། )ཡིན་ཞིང་མག་དགེ་སྡིངས་ཀྱི་ཇོ་བོ་འདི་ཀུན་མཁྱེན་ཆོས་སྐུ་འོད་ཟེར་ལ་ལྷ་སའི་ཇོ་བོ་རིན་པོ་ཆེས་གསུང་དངོས་སུ་བྱོན་ནས་སྤྱིར་བསླབ་སྟོན་གྱིས་ཕེབས་སྒོ་མང་དུ་བསྩལ། ལྷག་པར་སྦྱིན་བསྲེག་བརྒྱ་རྩ་གྱིས། མཆོད་རྟེན་བརྒྱ་རྩ་བཞེངས་ཤིག ཁྱད་པར་མག་དགེ་སྡིངས་སུ་ང་ཡི་ནུ་བོ་འབྱོན་པར་ཡོད་དོ་གསུངས་པ་ལྟར་དུ་རྒྱ་གར་ནས་འཕུར་བྱོན་ནས་མག་དགེ་སྡིངས་སུ་(གྲུབ་ཆེན་ཀུན་བློའི་རྣམ་ཐར་ནང་དུ་སྐུ་སྐྱེ་བ་གསུམ་གྱིས་རབ་གནས་མཛད།) ཕེབས། ཇོ་བོས་འཕུར་བྱོན་པའི་ས་ཡུལ་ལ་ཡང་དུས་དེང་སང་ཡང་འཕུར་ལུང་དུ་ཐོགས་སོ། །ཀུན་མཁྱེན་ཆོས་སྐུའི་ཐུགས་རིལ་པོ་མག་དགེ་སྡིངས་ན་བཞུགས། གདུང་ཕལ་ཆེ་བ་བྱ་བཏང་གི་མཆོད་རྟེན་ན་བཞུགས་སོ། །ཀུན་སྤང་ཆེན་པོ་ཀུན་ཏུ་བཟང་པོས་དགེ་སྡིངས་སུ་ནང་རྟེན་སྟོན་པའི་གསེར་སྐུ་དང་ཕྱི་རྟེན་རྣམ་རྒྱལ་མཆོད་རྟེན་བཞེངས་པ་རྣམས་ད་ལྟའང་ཡོད། མག་དགེ་སྡིངས་ཀྱི་གོང་ཙམ་གྱི་དགོན་པ་རྡོ་རྗེ་གདན་ཟེར་བ། (ལྕགས་ཕོ་ཁྱི་ལོ་ལ་མཁས་གྲུབ་ལྷའི་དབང་པོའི་དྲུང་དུ་གཅུང་འཕགས་པ་རིན་ཆེན་གྱིས་དགོན་པ་རྡོ་རྗེ་གདན་འདེབས་པར་གསོལ་བ་བཏབ། སྤྱིལ་པོ་བདེ་ལྡན་བརྩིགས། དབང་དང་ཆོས་བཀའ་མང་དུ་གསན།)ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་ཀྱི་བླ་མ་ཁྱད་པར་ཅན་པཎ་ཆེན་ལྷའི་དབང་པོས་བཏབ་པའི་དགོན་པ་


TNT23_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། དགོན་པ་དེར་རྒྱལ་རྩེ་བདག་པོ་རྣམས་ཀྱིས་མཇལ་བར་ལོ་ལྟར་དུ་ཕེབས་པས་བྲང་ཁང་མིང་ལ་ཡང་ཐོགས་སོ། །ཐུར་ལ་པ་འཁྲུངས་ས་ཡང་མག་ཐུར་ལྷ་ཡིན། བྱ་ཁང་པ་འཁྲུངས་ས་ཡང་འབྲོག་པ་བྱ་ཁང་མ་ཡིན། མག་བྱ་ཁང་ཡིན། ཐང་སྤེ་བ་འཁྲུངས་ས་མག་ཡིན་ཞིང༌། གཞན་ཡང་དགེ་བཤེས་མག་འདིར་འཁྲུངས་པ་ཤིན་ཏུ་མང་བས་ན་མག་ལྷ་ཡི་ལུང་པ་ཟེར་རོ། །འདུས་ཆུང་གི་ཕུ་ན་རྒྱང་མཁར་ཟེར་བའི་ལུང་པར་བསྟན་པ་སྔ་དར་གྱི་ལྷ་ཁང་རྒྱལ་པོ་སྲོང་བཙན་སྒམ་པོས་བཏབ་པ། བ་འུག་ལྷ་ཁང་ཞེས་ཐོགས་ཤིན་ཏུ་སྔ། རྒྱང་མཁར་སྟག་ལུང་ཟེར་བ་དེར་མཐུ་སྟོབས་ཕན་གྲགས་ཀྱིས་རྒྱ་མཁར་སྟག་ལུང་བཟུང༌། དེ་ནས་རབ་ཏུ་བྱུང་བ་མཆེད་ཅིང་འཕེལ་བ་ལ་གཟུ་ཚོ་ཟེར། ཕྱིས་རྒྱང་མཁར་སྟག་ལུང་གི་དགོན་པའི་སྡོམ་རྒྱུན་ལྕེ་བཙུན་ཤེས་རབ་འབྱུང་གནས་ཀྱི་སྡོམ་པ་རྒྱ་གར་མ་ཡིན་ནོ། །རྒྱང་མཁར་ཟེར་བའི་ལུང་པ་ན། ཐུག་གུ་ཉེ་བ་ན་སྤེའུ་ཞིག་ལ་བུ་རིན་པོ་ཆེས་ཡོ་ག་མཐའ་དག གསང་འདུས་ལུགས་གཉིས་རྒྱུད་འགྲེལ་མན་ངག་སོགས་དང༌། དུས་འཁོར་འབྲོ་ལུགས་ཀུན་སྤངས་པ་ནས་བརྒྱུད་པ་སོགས་མཐའ་དག་གི་ཟབ་ཁུ་གསན་པའི་བླ་མ་ཀུན་མཁྱེན་འཕགས་འོད་ཡོན་ཏན་རྒྱ་མཚོའི་བཞུགས་གནས་ཐུག་གུའི་སྤེའུ་དེ་ཡིན། (ལོ་ཆེན་རིན་ཆེན་བཟང་པོའི་སློབ་མ་མྱང་གི་སྟོད་ནས་མྱང་སྟོད་ཀྱི་རྐྱང་བུ་ཆོས་ཀྱི་བློ་གྲོས་ཀྱིས་རྒྱང་རོ་སྤེའུ་དམར་ཞེས་པ་བཞེངས་ཤིང༌། དེར་བཟང་པོ་ལོ་ཙཱ་བའི་གུང་བཞུགས་ལོ་ཆེན་རིན་ཆེན་བཟང་པོའི་སློབ་མ་མྱང་སྨད་པའི་སློབ་མ་སྤེའུ་ཆུང་བས་མྱང་གི་རྐྱང་འདུར་ན་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་བཞུགས་པའི་ལྷ་ཁང་ཆེན་པོ་ན་དབུས་ན་ལོ་ཆེན་གྱི་


TNT23_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ནང་རྟེན་ཤཱཀྱ་ཐུབ་པའི་གསེར་སྐུ་རྒྱབ་མཐོ་བཅོ་བརྒྱད་ཁྲི་རྒྱབ་ཡོལ་དང་བཅས་པ། ལོ་ཆེན་གྱི་དབུ་སྐྲ། རྣམ་སྦྱར། ན་བཟའ། རྒྱ་གར་ཤར་ནུབ་ཀྱི་མཁས་གྲུབ་དུ་མའི་ཐུགས་དམ་བྱིན་རླབས་དང་བཅས་པ། རྟེན་རྫོངས་སུ་བཞུགས་ཤིང༌། ལོ་ཆེན་གྱི་ནང་རྟེན་ཆེ་བ་ནི་བོད་ན་འདི་ཁོ་ན་ཡིན་ལ།)ཞིག་པོ་བུ་དགུའི་ནང་ཚན་དང་དུས་འཁོར་ལོ་འབྲོའི་བཀའ་བབས་པ། སྤྲུལ་སྐུ་འཇམ་དབྱངས་གསར་མ་དང༌། ས་པཎ་གྱི་དགུང་ལོ་ཉི་ཤུ་པ་ལ་རྐྱང་འདུར་དུ་རྣམ་ངེས་སོགས་གསན་པ་དང་བླ་མ་བཀའ་དྲིན་ཆེ་བ། དགེ་བཤེས་མཚུར་གཞོན་ནུ་སེང་གེ་སོགས་རྣམས་ཀྱི་བཞུགས་གནས་དགོན་པའི་ཤུལ་མཆོད་རྟེན་དང་བཞུགས་ཁྲིའི་ཤུལ་ཡོད་པ་དེར་རྐྱང་འདུར་ཟེར་རོ། །ཀུན་མཁྱེན་ཆོས་སྐུ་འོད་ཟེར་གྱིས་རྒྱུན་རིང་དུ་བཞུགས་ནས་སྤྲུལ་སྐུ་འཇམ་དབྱངས་གསར་མ་ལ་ཆོས་མང་དུ་གསན་ནོ། །ཀུན་སྤངས་ཀུན་ཏུ་བཟང་པོ་མཚན་དངོས་ཐུགས་རྗེ་བརྩོན་འགྲུས་ཀྱིས་ཀྱང་རྐྱང་འདུར་དེར་འཆད་ཉན་མཛད། ཐུར་ལ་ཟེར་བའི་དགོན་པ་སྡེ་པ་འདུས་ཆུང་གི་ས་ཁུལ་ན་མག་ཟེར་པའི་ལུང་པའི་ཕུ་དང་རྒྱང་མཁར་གཉིས་ཀྱི་མཚམས་ན་ཡོད་པ་དེར་དོལ་གྱི་མཚུར་སྟོན་དབང་ངེས། དང་པོར་མདོ་སྔགས་སོགས་ཡོན་ཏན་གྱི་གཞི་མ་བསྐྱེད་པར་མཛད་པ་གཟེད་ཀྱི་ལྕེ་ཡབ་སྲས་ཡིན་ལ། ལྕེས་ཟླ་མགོན་གྱི་དུས་འཁོར་བསྒྱུར་བའི་སྦྱིན་བདག་མཛད་ཅིང༌། ཡེར་པ་ལྷ་རི་སྙིང་པོར་ཕ་དམ་པའི་དྲུང་དུ་ལྕེ་ཙནྡྲ་ཀིརྟིས་བྱོན་ཞི་བྱེད་རྒྱུད་ཕྲན་གྱི་བཀའ་བབས་དང་གཞན་གདམས་ངག་བརྒྱ་རྩ་བརྒྱད་སོགས་ཕ་


TNT23_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་ལས་ཐོབ་བོ། །གསང་འདུས་ཀྱི་རིམ་ལྔ་སོགས་མན་ངག་ཟབ་མོ་རྣམས་ལྷོ་བྲག་མར་པ་ལོ་ཙཱ་ལ་ཞུས། གསང་འདུས་རྒྱུད་བཤད་འགྲེལ་བ་དང་བཅས་པའི་བཤད་པ། འགོས་ཁུག་པ་ལྷས་བཙས་ཀྱི་སློབ་མའི་མཆོག་མང་ར་བ་སེང་གེ་རྒྱལ་མཚན་དང༌། རྔོག་དབུས་པ་གེ་སར་གཉིས་ལ་ཞིབ་པར་གསན་པའི་མཚུར་སྟོན་དབང་ངེའི་སློབ་མའི་མཆོགའཁོན་གང་པ་ཀི་རྟིས་དང༌། བྱ་ཁང་པའི་ཐུར་ལར་ང་ཡ་གྲགས་པ་སྟེ་གཉིས་ཡིན། འདི་གཉིས་ཡུམ་གཅིག་པའི་སྤུན་ཡིན། བྱ་ཁང་པས་ཐུར་ལའི་ཆོས་ཁང་སོགས་བཏབ། རྒྱང་མཁར་སྟོད་དུ་སྲད་པའི་རྟ་བས་མི་གནོད་པའི་ཁ་གནོན་ལ་བྱ་ཁང་པའི་སྤུར་རིལ་པོ་ཐུར་ལའི་ཆོས་ཁང་ན་བཞུགས་པས་དེ་ཕྱིན་གནོད་པ་ལས་གྲོལ། བྱ་ཁང་པས་ཐུར་ལ་པ་ཚུལ་ཁྲིམས་སྐྱབས་ལ་བཤད། དེས་ཐང་སྤེ་བ་འཕགས་པ་སྐྱབས་ལ། དེས་སེར་སྡིངས་པ་གཞོན་ནུ་འོད་ལ། དེས་ཀུན་མཁྱེན་ཆོས་སྐུ་འོད་ཟེར་ལ། དེས་འཕགས་འོད་ཡོན་ཏན་རྒྱ་མཚོ་ལ། དེས་བུ་སྟོན་རིན་པོ་ཆེ་ལ་རྒྱུད་འགྲེལ་པ་མན་ངག་དང་བཅས་པའི་བཀའ་བབས་སོ། །ཡང་ཐུར་ལའི་དགོན་པར་སྟག་སྡེ་པ་སེང་གེ་རྒྱལ་མཚན་གྱི་སློབ་མ་གདུགས་ཐོགས་པ་བཅུ་གསུམ་གྱི་ཟླ་ཚང་ཐུར་ཤེ་ཆེ་ཆུང་གཉིས་ཀྱང་བྱུང་ངོ༌། །ཡང་ཚོ་སྟོད་ནས་མཆེད་པའི་མཁན་བུ་གཞོན་ནུ་འབྱུང་གནས་ཀྱིས་རྒྱང་མཁར་ཐུར་ལ་བཟུང༌། དེ་ལས་གྱེས་པ་ལ་གཟུ་ཚོ་ཟེར་རོ། །མྱང་སྨད་ཀྱི་སྒྲོ་ལུང་སེར་ཆུང་པའི་ཁུ་ལུང་དུ་


TNT23_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

གངས་པར་གྲགས་པའི་སློབ་མ་ཁྱད་པར་ཅན་བསམ་གླིང་རིན་པོ་ཆེ་འཁྲུངས། བསམ་གླིང་རིན་པོ་ཆེ་མྱང་སྨད་བསམ་གླིང་བཏབ། བསམ་གླིང་ཟེར་བ་རྔོག་སྟོན་གྱི་དགོན་པ། ད་ལྟ་དཔལ་འཁོར་བདེ་ཆེན་གྱི་ཁང་གསར་གྲྭ་ཚང་གིས་བདག་མཛད་པ་འདུས་ཆུང་གི་ནུབ་ན་ཡོད། བསམ་གླིང་རིན་པོ་ཆེས་དཔྱལ་ཆོས་བཟང་གི་ཟུར་འཆད་པ་ཡང་མཛད། འདུས་ཆུང་གི་ལུང་པའི་མདའ་ན་དཔྱལ་མཁན་པོ་རཏྣ་ཤྲཱི་ཡབ་མེས་ཀྱི་ཆོས་རྣམས་མཁྱེན། སྣུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེའི་ཞབས་པད་བསྟེན། གནས་རྙྀང་མ་ལ་མཁས་གྲུབ་ཏུ་གྲགས་པ། སྣ་ནམ་ཡུལ་ཞབས་སུ་རྒྱ་གླིང་ལྷ་ཁང་ཁྱད་པར་ཅན་བཞེངས་པ་དེ་ནོར་ཁྱུང་གི་སྟོད་ཀྱི་རྒྱ་གླིང་འདི་ག་ཡིན་ནོ། །ནོར་ཁྱུང་གི་སྟག་གི་རི་ལྡེབས་ལ་སྔར་མདོ་སྔགས་ལ་མང་དུ་སྦྱངས། ཕྱིས་དུས་འཁོར་ལ་ཆིག་སྒྲིལ་བྱས་ནས་བུ་རིན་པོ་ཆེ་དང་དབུ་སྔས་སྦྲེལ་ནས་ལོ་བཅོ་བརྒྱད་བསྟེན། དུས་འཁོར་རྒྱུད་འགྲེལ་ཚར་བཅུ་བདུན་གསན། དུས་འཁོར་རང་ལས་མཁས་པ་གོང་གསུམ་བདེ་ཆེན་ཆོས་ཀྱི་དཔལ་བའི་(གོང་གསུམ་བདེ་ཆེན་ཆོས་ཀྱི་དཔལ་བའི་དངོས་སློབ་ཞྭ་ལུ་ན་མཁས་པའི་མཆོག་ཏུ་གྲགས་པ་རིན་ཆེན་བསོད་ནམས་འཕེལ་ཡིན། དེའི་དངོས་སློབ་ཞབས་འབྲིང་ལོ་བཅུ་གསུམ་དུ་བསྟེན་ནས་དུས་འཁོར་རྒྱུད་མན་ངག་ས་རིས་དང༌། ཞྭ་ལུ་པའི་ལུགས་ཀྱི་ཡི་གེ་ན་གཅིག་མ་ལུས་པ་གསན་སྦྱངས་མཛད་པའི་མཁས་པ་ཆེན་པོ་སྨྲ་བ་ཤེས་རབ་རིན་ཆེན་ཡིན་ནོ།)དགོན་པ་གོང་གསུམ་ཟེར་བ་དེ་ཡོད། དེང་སང་དམུ་རྫིང་པས་འཛིན་ནོ། །ནོར་


TNT23_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱུང་གི་འོག་ན། ལོ་ཙཱ་བ་མཆོག་དམ་པ་འཇིག་རྟེན་གྱི་མིག་ཏུ་གྱུར་པ། ཉི་མ་ལྟར་གྲགས་པའི་སྐྱེས་བུ་གངས་ཅན་གྱི་དཔལ་ལས་འཁྲུངས་པ། སྐ་ཅོག་ཞང་གསུམ་གྱི་ནང་ཚན་ཅོག་རོ་ཀླུའི་རྒྱལ་མཚན་གྱི་དགོན་གནས་ལ་ཅོག་རོ་གསུམ་སྟེ་དབུས་ཀྱི་ཅོག་རོ། ཤངས་ཀྱི་ཅོག་རོ། མྱང་གི་ཅོག་རོའོ། །ནོར་ཁྱུང་འོག་མྱང་ཆུ་གཡུ་འབྲུག་འདྲ་བའི་ཉེ་འགྲམ། རྒྱབ་རི་ཁྱུང་གཤོག་འདྲ་བའི་ངོགས། རྒྱང་ནས་བལྟས་ན་གཤོང་བ། འཁྲིས་སུ་སླེབས་ན་ས་འབོར་བ། དུང་དཀར་གྱི་ལྟོ་བ་དེར་ཅོག་རོ་ཀླུའི་རྒྱལ་མཚན་འཁྲུངས་ས་ཡིན། གནས་གཞི་ཡང་ཡིན། འཁྲུངས་པའི་གང་ཟག་གི་མིང་གནས་ལ་ཐོགས་ནས་ཅོག་རོ་དགོན་པར་ཐོགས་ཤིག །ལྷ་མོ་ཁྱད་པར་ཅན་ཁམ་བུག་མ་ཡང་བཞུགས་སོ། །ནོར་བུ་ཁྱུང་རྩེ་སྟེ་ཆེན་པོ་དབང་རྒྱལ་འཕགས། ནང་ཆེན་ཀུན་དགའ་འཕགས། ཨ་ཆེན་དཔལ་བཟང་གསུམ་གྱིས་རྒྱ་རྒྱལ་པོའི་ཕྱག་ནས་ཚེ་རིང་གནམ་གྱི་ཤེ་མོང་ཞུས། འཇའ་ས་ལོངས་པའི་སྟོབས་ལ་བརྟེན། རྒྱལ་མཁར་གྱི་སྐེད་པ་རུ་དབང་ལྡན་གྱི་རྩེ་བཏབ། མདའ་རུ་ནོར་བུ་ཁྱུང་རྩེ་བཏབ། བར་དུ་མྱང་སྟོད་ཀྱི་ལྟེ་བ་ལ་འབྲོང་རྩེ་བཏབ། དགེ་བཅུ་ཚང་བའི་ལྗོངས་གསུམ་ཡིན་ནོ། །ནོར་བུ་ཁྱུང་རྩེའི་ལྟག་ན་བསྟན་པ་སྔ་དར་གྱི་དགོན་པ་ཐོག་སྔ་ལ། བྱིན་རླབས་ཆེ་བ་ཕུ་དགོན་པ་ཡོད། མྱང་སྟོད་སྟག་རྩེའི་ཕུ་ན།(ནང་རོལ་གྱི་ནང་ན།)སྟག་ཚལ་ཟེར་(ནང་རོལ་གྱི་ཉེ་བའི་མདའ་ན་མཁར་དགའ་སྨོན་སྤྲོ་ཟེར་བ་དེ་ཡོད་)བ་ཡོད་དེ་ཆོས་རྒྱལ་མེས་དབོན་


TNT23_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གསུམ་གྱི་བླའི་མཆོད་གནས་དགེ་བའི་བཤེས་གཉེན་མཆོག་དམ་པ་རྣམས་ཀྱི་ཐུགས་དམ་དུ་བཞེངས་པ། ཁྱད་པར་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བླའི་མཆོད་གནས་དགེ་བའི་བཤེས་གཉེན་མཆོག་དམ་པ་རྣམས་ཀྱི་ཐུགས་དམ་དུ་བཞེངས་པ་ནི་པད་མ་དང་བི་མ་ལ་མི་ཏྲས་དངོས་སློབ་གྲུབ་པ་ཐོབ་པའི་སྐྱེས་མཆོག་མྱང་ཏིང་འཛིན་བཟང་པོ་དེས་ཀླུང་ཤོད་ཞྭའི་ལྷ་ཁང་དང༌། གྲོག་གི་ལྷ་ཁང་བཞེངས། རོལ་མོ་སྐྱིད་གཡུང་དྲུང་གིས་དེའི་ཞལ་སྤྲོ་བྱས། རྒྱལ་པོ་ཆེན་པོ་སྡེ་ལྔ་བཅར་དེའི་བཀའ་སྲུང་དུ་མངའ་གསོལ་ཞིང་པད་མས་དམ་ལ་བཞག་གོ །ཕྱིས་བསྟན་པ་ཕྱི་དར་གྱི་ཨ་མེས་ཚོང་བཙུན་ལོ་སྟོན་གྱི་དངོས་སློབ་དེས་སྟག་ཚལ་གྱི་བྱ་ཆོས་མཁར་པོ་ཆེ་བཟུང་ནས་བཤད་གྲྭ་བསྐྱངས། ཨ་མེས་ཚོང་བཙུན་ལ་མར་ཤུལ་ས་ཡོན་བདག་མོ་སྙོས་སྨོས་སྨོན་འགྲོ་ཕུལ། དེ་ལ་མཁན་བུ་མར་པ་རྡོ་རྗེ་ཡེ་ཤེས་ཏེ་མཚན་གྱི་རྣམ་གྲངས་སྨོན་འགྲོ་ལོ་ཙཱ་བ་མར་པ་རྡོ་ཡེ་ལ་སྨོན་གྲོ་གཏད། ཕྱིས་མར་པ་རྡོ་ཡེ་ལ་ཨ་མེས་ཕྱུག་མཚམས་ཀྱིས་སྟག་ཚལ་དཀྱུས་ཐང་བཞེངས་ནས་ཕུལ། མར་པས་བྲན་མ་སྒང་པོ་བརྩིགས། ལན་འགྲོའི་སྟག་ཚང་དང་བཞི་ལ་སྨོན་འགྲོའི་མ་དང་མཉམ་པའི་བུ་བཞིར་གྲགས་པའི་ལྷ་ཁང་གནས་བཞི་ཡིན་ཏེ་དེ་རྣམས་ལ་སྨོན་གྲོ་སྐོར་ཟེར་རོ། །མར་པའི་བཀའ་བབས་བཞིའི་སློབ་མ་གཙང་རོང་གི་མེས་སྟོན་ཚོན་པོའི་འཁྲུངས་ས་སྟག་ཚལ་ཡིན། མྱང་སྟོད་སྟག་ཚལ་དེར་གཙོ་བོར་ཁྱུང་རིན་ཆེན་གྲགས་ཀྱི་སློབ་མ་མཆོག་ཏུ་གྱུར་པ་ཡང་ཡིན་ཞིང༌། གྲོ་ལུང་པས་ཀྱང་


TNT23_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་སྟོད་ལུང་རྒྱ་དམར་(འཕགས་ཆོས་ཀྱི་སེང་གེ་བཀའ་དྲིན་ཆེ་བའི་བླ་མ་ཡིན།)བ་དང༌། རོག་མངོན་པ་ན་གཉིས་ཀྱིས་ཆོས་འཆད་ཅིང་ཆོས་འཁོར་རྒྱ་ཆེན་པོ་བསྐོར། ཆོས་ཀྱི་འབྱུང་ཁུངས་ཆེན་པོ་ཡིན་ཞིང༌། དེར་རས་ཆུང་པའི་སློབ་མ་རྗེ་བཙུན་གཙང་པའམ་སུམ་པར་གྲགས་པ་དེས་སྟག་ཚལ་དུ་རབ་ཏུ་བྱུང༌། ཐུགས་གཉེར་ལ་ལོ་གཅིག་བཞུགས། །རས་ཆུང་པའི་གདན་ས་བཟུང༌། །ཆུ་བོ་གངྒཱའི་རྒྱུན་ལ་བཟང་བར་གྲགས། གདམས་ངག་རྒྱ་བོད་གཉིས་ཀ་ན་ཆེ་བར་གྲགས་སོ། །བྱང་སེམས་ཟླ་བ་རྒྱལ་མཚན་གྱི་སློབ་མ་གྲུབ་ཐོབ་ཉི་ཕུག་པས་སྟག་ཚལ་གྱི་མར་པ་ལོ་ཙཱ་ལ་བྱམས་ཆོས་ལྔ་སོགས་མང་བར་གསན་ཟེར་བ་དེ་མར་པ་དངོས་ཡིན་ནོ། །ཡོལ་ཆོས་དབང་དྲང་སྲོང་ཐོག་འབེབས་གསུམ་འཁྲུངས་པའི་ས་ཡུལ་སྟག་ཚལ་ཡོལ་ལྕགས་པ་ཡིན། ཡོལ་སྟོན་ཆེན་པོ་ཆོས་དབང་ནི་བརྒྱད་སྟོང་འགྲེལ་ཆེན་གསུང་སྒྲོག་འཕྲོ་ལ་ཆོས་ཁྲིའི་ཐོག་དེ་གར་སྐུ་གཤེགས། མཆོད་རྟེན་ཡང་དེ་གར་བརྩིགས་པའི་ནང་ན་སྐུ་གདུང་རིལ་པོ་གཅིག་ཏུ་བཞུགས་སོ། །རིང་བསྲེལ་ཟམ་མ་ཆད་དུ་ཕྱིར་ཐོན་པས་ཕྱིས་གསེར་འབུམ་དུ་བཏང་ནས་ད་ལྟ་ཡོལ་གྱི་གཙུག་ལག་ཁང་བྱང་མ་ན་བཞུགས། འཕགས་པ་འཇིག་རྟེན་དབང་ཕྱུག་དང་གཉིས་སུ་མ་མཆིས་པ་ཞལ་བཅུ་གཅིག་པའི་ངོ་བོར་བཞུགས་པ་བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་གྱི་ཕྱག་སྟོང་སྤྱན་སྟོང་དང་ལྡན་པའི་སྒྲུབ་ཐབས་ཆ་ལག་ཟབ་ཆོས་དང་བཅས་པའི་བཀའ་བབས་ཤིང༌།


TNT23_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མའི་མཆོག་དམ་པ་གྲུབ་ཐོབ་ཉི་ཕུག་པ་ཆོས་ཀྱི་གྲགས་པ། དེས་གྲང་ཕུ་ལུང་པ་ཡོན་ཏན་རྒྱ་མཚོ། དེས་སྐྱེས་མཆོག་པར་གྲགས་པ་འཕགས་པ་ཀླུ་སྒྲུབ། དེས་འགྲོ་བའི་མགོན་པོ་བཀའ་བཞི་པ་དཀོན་མཆོག་གཞོན་ནུ། དེས་འཕགས་པ་དོན་ཞགས་པ་ཆེན་པོ་ཤེས་རབ་བརྩོན་འགྲུས་ཀྱིས་སྟག་ཚལ་བྱ་ཀན་དུ་དོན་ཞགས་བསྒྲུབས་པ་སྟོང་ཕྲག་གཅིག་སྨྱུང་གནས་རེས་འཇོག་གིས་མཉེས་པའི་བརྩོན་འགྲུས་དྲག་པོས་ལོ་བཅོ་བརྒྱད་ཀྱི་བར་དུ་སྒྲུབ་པ་མཛད་པས། སྐྱེ་བོ་ཕལ་ཆེར་གྱིས་སྤྱན་རས་གཟིགས་དངོས་སུ་མཐོང་ཞིང༌། དེ་ནས་སྐྱེགས་ཀྱི་གནས་རྙྀང་དབེན་གནས་དགའ་ལྡན་དུ་ཕེབས་ནས་དོན་ཡོད་ཞགས་པའི་དཀྱིལ་འཁོར་ཆེན་པོའི་ཁྲུས་ཀྱི་ཆོ་གས་སྐྱེ་བོའི་ཚོགས་ལ་བྱིན་གྱིས་རླབས་པར་མཛད་པས། ད་ལྟ་ཡང་ཕྱག་ལེན་རྒྱུན་མི་ཉམས་པའི་གནས་རྙྀིང་གི་གཟུངས་སྒྲུབ་ཅེས་དེང་སང་ཡང་གྲགས་སོ། །སྟག་ཚལ་བྱ་ཀན་གྱི་གནས་ལ་པོ་ཊ་ལ་ཞེས་ཡོངས་སུ་གྲགས་སོ། །ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེ་ནི་ཐུགས་གཉེར་མཛད་ས་དང་གྲྭ་ས་སྟག་ཚལ་ཡིན། འཁྲུངས་ས་མྱང་སྟོད་ཕུམ་བུ་རི་རྒྱ་སྟོད་ཡིན་ནོ། །སྟག་ཚལ་དུ་དོལ་པས་ཀྱང་བདེ་མཆོག་གི་རྒྱུད་དང་མན་ངག་གཉིས་ཀ་བཤད་ཅིང༌། གྲུབ་ཐོབ་ཉི་ཕུག་པས་ཀྱང་སྟག་ཚལ་དུ་རྒྱུན་རིང་བཞུགས་ནས་རྒྱ་ཆེར་གསན་ནོ། །སྟག་རྩེའི་མཁར་ཁའི་སྨོན་འགྲོར་ཟངས་དཀར་ལོ་ཙཱའི་བུ་བཞིའི་ནང་ཚན་སྨོན་འགྲོ་ལོ་ཙཱ་བ་མར་པ་རྡོ་ཡེ་འཁྲུངས་སོ། །མན་ལུང་དགོན་པ་དེ་ཐོགས་ཤིན་ཏུ་སྔ་སྟེ་ལོ་སྟོན་རྡོ་རྗེ་དབང་


TNT23_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་གི་མཁན་བུ་ཀྱི་ཨཱ་ཙརྱ་ཡེ་ཤེས་དབང་པོའི་མཁན་བུ་ཕྱི་ཚར་བཞིའི་ནང་ཚན་མོན་བཙུན་གཡུ་སྟོན་དང༌། ཕུག་སྟོན་ཡེ་ཤེས་ཡོན་ཏན་གཉིས་ཀྱིས་མན་ལུང་བཟུང་ངོ༌། །མན་ལུང་གུ་རུའི་སྐྱེ་བ་གོང་མ་མྱང་སྟོད་སྟག་ཚལ་གྱི་མན་ལུང་པ་བཤེས་གཉེན་ཆེན་པོ་བྲན་སྟོན་མཐའ་བྲལ་བྱ་བ་མཁྱེན་པ་ཆེ་ཞིང་རྟོགས་པ་མཐོ་བ། མངོན་པར་ཤེས་པ་ཐོགས་མེད་དུ་མངའ་བ་དེའི་མནལ་ལམ་དུ་བླ་མ་ན་རོ་པ་བྱོན་པར་གཟིགས་ནས་ནང་པར་བང་ཆེན་པ་མྱང་སྨད་ཕྱོགས་སུ་བལྟར་བཏང་བས། རྗེ་མི་ཏྲ་ཆེན་པོ་བྱོན་པར་ཤེས་ནས་ཡབ་སྲས་གཉིས་ཀས་ཚོང་འདུས་མགུར་མོར་མཇལ་དུ་བྱོན། བྱིན་རླབས་དང་གདམས་པ་ཞུས་སོ། །ཡང་བྲག་སྟོན་གྱིས་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱི་དྲུང་དུ་བྱོན། དེ་སྐབས་པོ་ཏཱ་ལའི་ལམ་ཡིག་རྙེད་པ་ཚོགས་བྱས་རྒྱས་བཏབ་ནས་སླར་སྐྱེ་བ་རྟིང་མ་ལ་མན་ལུང་གི་དགོན་པ་དེ་བཟུང་ཞིང༌། པོ་ཊ་ལར་ཕེབས་སོ། །དེ་ལྟ་བུའི་སྐྱེས་བུ་ཆེན་པོ་བྲན་སྟོན་མཐའ་བྲལ་གྱི་དགོན་པ་མན་ལུང་ཟེར་བ་གནས་གཞི་དང་བྲན་སྟོན་གྱི་དབོན་རྒྱུད་དང་བཅས་པ་ཡོད་དོ། །ཀོ་བྲག་པའི་སློབ་མ་ས་ཆེན་གྱི་ཡང་སློབ་མ་ཡིན་ཟེར། ཕོ་རོག་མདོ་སྡེ་དགོན་གྱིས་དགོན་པ་བྱ་སྐྱུང་དེར་ཁོང་རང་གི་སྐུ་བྱིན་རླབས་ཅན་ཕྱག་ན་ཚེའི་བུམ་པ་ཡོད་པ་ལས་ཆོ་འཕྲུལ་རྟ་ཟླ་ལ་ལྗང་པ་སྐྱེས་པ་ལ་ལོ་ལེགས་ཉེས་ཀྱི་བརྟག་དཔྱད་བྱེད། དཔྱལ་ལོ་ཆོས་བཟང་གཅེན་པོ་བ་སྟག་གི་སྲས་རྣམས་ཀྱི་


TNT23_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་སློབ་དཔོན་དབང་ཕྱུག་སྟེ་ཤེས་རབ་ཆེ་ཞིང་ཡིད་གཞུང་དད་བརྩོན་དང་ལྡན་པས་ཕོ་རོག་མདོ་སྡེ་དགོན་ཐུགས་ཕྲོགས་ཏེ་བླ་མ་ལ་ནན་གྱིས་ཞུས་ནས་བྱ་ཁྱུང་གི་གདན་སར་དབང་བསྐུར་རོ། །མཁར་ཁའི་བྱང་ཤར་ཕུའི་རི་ལ་སློབ་དཔོན་པད་མའི་གཟིམ་སྦུག་ནང་རོལ་ཅོང་སྟོད་ན་ཡོད། བསྟན་གཉིས་གླིང་པས་སྤྱིར་གཏེར་ཁ་བརྒྱ་རྩ་བརྒྱད་འདོན་པར་ལུང་བསྟན་ཀྱང༌། རྩ་བའི་གཏེར་ཁ་ནས་སངས་རྒྱས་དགོངས་འདུས་སྤྱན་དྲངས་པ་སྟག་རྩེའི་ཕུ་བྲག་དམར་གཏེར་ཁུང་དུ་གྲགས་པ་དེ་ཡིན་ནོ། །བསྟན་པ་སྔ་དར་དགོན་པ་ཁྱད་པར་ཅན་སྲོང་བཙན་སྒམ་པོས་བཏབ་པ་སྟག་རྩེ་ན་སྟེ་[པྲེ་]ཏ་དགོན་པ་ཐོགས་ཤིན་ཏུ་སྔའོ། །མཁར་ཁའི་ནང་གི་བྲག་དཀར་ལྷ་བུ་ཟེར་བ་དེ་མཆེད་གསུམ་གྱི་གདུང་རྒྱུད་ཡིན་ནོ། །སྟག་རྩེའི་མདའ་ན་བསྟན་པ་སྔ་དར་གྱི་དགོན་པ་ཁྱད་པར་ཅན་ཁྲི་རལ་གྱིས་བཏབ་པ་ཉན་ཚོའི་ལྷ་ཁང་དང༌། དགོན་པ་ཐོགས་ཤིན་ཏུ་སྔ་ཞིང༌། བྱིན་རླབས་ཅན་ནོ། །ཉན་ཚོ་དེ་ཇོ་བོ་རིན་པོ་ཆེ་ཨ་ཏི་ཤ་རྒྱ་གར་ནས་ཕེབས་གོང་ཨ་མེས་ཚོང་བཙུན་ལ་ཉན་ཚོ་ཕུལ་ནས་མཁན་བུ་ར་བློ་གྲོས་བཟང་པོ་དང་ཁམས་པ་གཉིས་ལ་ཉན་ཚོ་གཏད། རས་ངུར་སྨྲིག་བཟུང༌། ཁམས་པས་ལྕགས་མཁར་བཟུང་སྟེ་དེ་གཉིས་ལ་ར་ཚོ་དང་ཁམས་ཚོ་ཟེར་ཞིང༌། གཉིས་ཀ་ལ་ཉན་སྐོར་དུ་གྲགས་སོ། །ཉན་ཚོར་ཇོ་བོ་རྗེ་ཨ་ཏི་ཤ་ཕེབས། ཆོས་འཁོར་ཟླ་བ་གསུམ་མཛད། ཇོ་བོས་ཉན་ཚོར་ཆོས་ཟླ་བ་གསུམ་མཛད་པའི་


TNT23_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་འགོས་ལོ་ཙཱ་བ་ཁུག་པ་ལྷས་བཙས་ཀྱིས་མཇལ་ནས་ཆོས་མང་བར་གསན་པས། གཙང་གི་སློབ་མའི་མཆོག་མགར་འགོས་ཡོལ་གསུམ་ཞེས་ཟེར་རོ། །ཉན་ཚོར་རྣལ་འབྱོར་པ་ཆེན་པོ་ཨ་མེས་བྱང་ཆུབ་འབྱུང་གནས་དང་མཇལ། ཇོ་བོའི་ཆིབས་པ་གསོ་བ་ནང་ལས་རྣམས་ཀྱང་བྱས་ནས་ཆོས་རྣམས་གསན། སྐུ་དང་འབྲལ་མེད་མཛད། ཇོ་བོའི་བཞེད་པ་བདེན་གཉིས་ལ་འབྲོམ་ལས་འདི་མཁས་པར་གྲགས། འབྲོམ་གྱི་རྭ་སྒྲེང་གདན་ས་ལོ་བཅུ་གཉིས་མཛད། རྭ་སྒྲེང་གི་ཁྱམས་སྨད་ཀྱི་མཁར་ལས་ལྷག་རྣམས་ཁོང་གིས་མཛད། སློབ་མ་སྟོད་ལུང་པ་རིན་ཆེན་སྙིང་པོ། ལྷབ་མི་ཆེན་པོ། དགེ་བཤེས་མང་ར་བ་སོགས་སོ། །ཉན་ཚོར་དགོན་པ་བ་འཛེང་དབང་ཕྱུག་རྒྱལ་མཚན་ཁམས་ནས་བྱོན། ཉན་ཚོར་མཇལ་ནས་དར་ཡུག་བརྒྱ་ཕུལ། ཇོ་བོའི་ཞལ་ནས་ངའི་ཟན་མི་ཟ་ན་སྒོམ་མི་སྟེར་གསུངས། དེ་ནས་བཟུང་སྟེ་ཆོས་གནས་མཛད། རྭ་སྒྲེང་གི་གདན་ས་ལོ་ལྔ་མཛད། སློབ་མ་སྒོམ་པ་བའི་བུ་བཞིར་གྲགས་པ་སོགས་བྱུང་ངོ༌། །ཇོ་བོ་ཨ་ཏི་ཤ་ཉན་ཚོ་གནས་སུ་ཕེབས་དུས་ཇོ་བོའི་ཞལ་ནས་ད་ནངས་ཐོ་རེངས་ནམ་མཁའ་ལ་ཧྲཱིཿདཀར་པོ་སྒྲ་དང་བཅས་པ་ཞིག་བྱུང༌། དེ་བཅུ་གཅིག་ཞལ་གྱི་སྐུ་ལི་མ་འདི་ལ་ཕོག །དེ་ལས་འོད་འཕྲོས། བོད་ཐམས་ཅད་འོད་ཀྱིས་ཁྱབ་ནས་དེ་བན་ཆུང་གཞོན་ནུ་གཅིག་ལ་ཕོག་པས་དེའི་སྒྱུ་ལུས་འོད་གསལ་དུ་ཤར་བ་རྨིས་གསུངས། ཉི་མ་རྩེ་ཤར་ལ་ཡོལ་ཆོས་དབང་བཙུན་ཆུང་ལོ་བཅུ་དྲུག་ལོན་པ་གཅིག་གིས་དར་


TNT23_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

སེར་པོ་ཞིག་ཕུལ། བདག་ལ་ཐུགས་རྗེ་ཆེན་པོའི་གདམས་པ་ཞིག་ཞུ་ཟེར་བས་ཇོ་བོ་དགྱེས་ནས་བཅུ་གཅིག་ཞལ་གྱི་སྐུ་དེ་ཡང་གནང༌། སྤྱན་རས་གཟིགས་ཀྱི་ཆོས་སྐོར་རྣམས་རྫོགས་པར་གནང༌། དེ་ནས་རང་གི་གནས་སུ་ཇོ་བོ་སྤྱན་རས་གཟིགས་ཀྱི་ཆོས་སྐོར་རྣམས་རྫོགས་པར་གནང༌། དེ་ནས་རང་གི་གནས་སུ་ཇོ་བོ་སྤྱན་དྲངས་ཏེ་ཟླ་བ་གསུམ་དུ་ཞབས་ཏོག་མཛད། དེའི་ཚེ་ཚོགས་ཆོས་སུ་ཕ་རོལ་ཏུ་ཕྱིན་པ་གསུངས། ལྐོག་ཆོས་སུ་ཡོལ་མཆེད་གསུམ་ལ་ཀྲྀ་ཡའི་སྒྲུབ་ཐབས་རྣམས་གསུངས། ཡོལ་གྱིས་ཇོ་བོ་ཨ་ཏི་ཤ་ལ་སྲུང་བ་ཟབ་པ་ཞིག་ཞུ་ཞུས་པས་མ་ཎི་གསུངས། དེས་མི་འོང་ཞུས་པས་མི་གཡོ་བ་གསུངས། བྱིན་རླབས་ཆེ་བ་ཞིག་ཞུས་པས་ཡི་གེ་དྲུག་པ་དང་ཞལ་བཅུ་གཅིག་པ་གསུངས། ལོ་ཙཱ་བས་མཐུ་ཆེ་བ་ཞིག་ཞུས་པས་གཤིན་རྗེ་གསུངས། སྒྲུབ་ཐག་ཉེ་བ་ཞིག་ཞུས་པས་སྒྲོལ་མ་གསུངས། ཡོལ་གྱིས་ཐུགས་རྗེ་ཆེན་པོ་ཞི་ཁྲོའི་སྐོར་ཞུས་ནས་སྒྲུབ་པ་མཛད་པས་ཟླ་བ་དྲུག་ནས་ཞི་བའི་ཞལ་གཟིགས། དེ་ནས་ཁྲོ་བོའི་ཞལ་གཟིགས། ཐུགས་རྗེ་ཆེན་པོའི་ཆོས་སྐོར་ལ་ཡོལ་ལས་མཁས་པ་མེད་གསུངས། ཡོལ་ལ་བརྟེན་ནས་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་གྱི་གདམས་པ་མང་དུ་འཕེལ་ལོ། །རྟ་མགྲིན་ཤྭ་ན་བཞི་སྐོར་གྱི་སྒྲུབ་ཐབས་དེ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ། ལྷ་བཙུན་བྱང་ཆུབ་འོད། འབྲོམ་རྒྱལ་བའི་འབྱུང་གནས་སོགས་ཀྱིས་ཞུས་ཀྱང་མ་གནང་སྟེ་ཡོལ་ཆོས་དབང་ལ་གནང་ངོ༌། །ཡོལ་སྙིང་རྗེ་ཆེ་བས་འདི་སྙིང་རྗེའི་ལྷ་ཡིན་གསུངས། གཞན་ཡང་སྤྱན་རས་གཟིགས་ཕྱི་ནང་གསང་གསུམ་གྱི་


TNT23_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཐབས་སོགས་གནང་བས་ཁོང་རྣམ་པས་ཞལ་འཁང་ཆེན་པོ་མཛད། ལན་པ་སྤྱིལ་བུར་བཞུགས་ཚེ་བྲན་ཀས་ཇོ་བོ་ལ་བར་ཆད་བརྩམས་པས་རྟ་མགྲིན་ཤྭ་ན་བཞི་སྐོར་གྱི་སྒྲུབ་ཐབས་མཛད་ནས་བྲན་ཀ་བཏུལ་ལོ། །ཉན་ཚོར་ཡོལ་མཆེད་གསུམ་སྟེ་ཡོལ་ཆོལ་དབང༌། ཡོལ་དྲང་སྲོང༌། ཡོལ་ཐོག་འབེབས་གསུམ་གྱིས་ཆོས་མང་དུ་ཞུས་པའི་གནས་ཁྱད་པར་ཅན་ནོ། །རྭ་ལོས་ཉན་ཚོར་འབུམ་གྱི་སྣ་དྲངས་པུ་ཏི་ལྔ་བཅུ་དང་མགྲོན་ཟན་ཟླ་བ་རེའི་ཆ་རྐྱེན་ཁལ་ཁྲི་ཚོ་གཅིག་སྦྱར། ཉན་ཚོར་མར་པ་ལོ་ཙཱ་རྒྱ་གར་དུ་ཕེབས་པའི་རྟིང་མ་རང་ལ་འདིར་ཇོ་བོ་དང་མཇལ། ན་རོ་པ་སྤྱོད་པ་ལ་གཤེགས་ཚུལ་དང་ངའི་ལོ་ཙཱར་སྡོད་གསུངས་པའོ། །ཇོ་བོས་གནས་རྙྀང་ལ་ཕྱག་ནས་འཐོར་པ་ཡང་འདིའོ། །ཁྲོ་ལོ་བྱམས་པ་དཔལ་མྱང་སྟོད་ཉན་ཚོར་ཟླ་བ་ཁ་ཤས་བཞུགས་རིང་ཁ་ཆེ་པཎ་ཆེན་རང་གིས་ཞལ་བསྐོས་མཛད་པ་ལྟར་རྒྱ་གར་ཁ་ཆེ་ནས་པཎ་ཆུང་གཉིས་དབུའི་གདུང་ཐམས་ཅད་དང་རིང་བསྲེལ་གསུམ་བོད་དུ་གདན་དྲངས། རིང་བསྲེལ་སུམ་ཅུ་གསུམ་དུ་འཕེལ་བ་དང་བཅས་མྱང་སྟོད་ཉན་ཚོར་ལོ་ཙཱ་བའི་ཕྱག་ཏུ་རྟགས་མཚན་ཁྱད་པར་ཅན་དང་བཅས་སྨིན་པའོ། །དུས་དེང་སང་ཉན་ཚོའི་དགོན་པ་དེ་མངའ་དག་མྱང་གི་གདུང་བརྒྱུད་ཀྱིས་འཛིན་ནོ། །སྟག་རྩེའི་ཕུ་མཁར་ཁ་དང་ཉེ་བ་ན་བསམ་ཡས་ཐོག་མར་ཆགས་གྲབས་ཀྱི་དེང་སང་རྒྱལ་པོ་ཆེན་པོ་སྐུ་མཁར་ཆབས་ཅིག་པར་གནས་


TNT23_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་ཁོ་ནའོ། །རྒྱལ་པོ་གནས་པ་རང་སྔོན་དུས་སྨོན་འགྲོ་ལོ་ཙཱ་བ་མར་པ་རྡོ་ཡེའི་དགོན་པ་སྟག་ཚལ་སྨོན་འགྲོའི་ལྷ་ཁང་ཟེར་བ་དེ་ཡིན། ལོ་ཙཱ་བ་རྒྱ་བརྩོན་སེང་འཁྲུངས་ཡུལ་དངོས་ཕུམ་བུ་རེ་པ་ཡིན། སློབ་གཉེར་མཛད་ས་ཡང་མྱང་སྟོད་ཚལ་ཡིན། སྣར་ཐང་པ་མཆིམས་ནམ་མཁའ་གྲགས་མྱང་སྟོད་སྟག་ཚལ་དུ་འཁྲུངས། དེའི་འོག །གིས་མཆིམས་བློ་བརྟན་དང༌། ཕྱིས་ཀྱི་མཆིམས་བློ་བཟང་གྲགས་ཀྱང་སྟག་ཚལ་སྨོན་འགྲོའི་ཕུ་ཁ་འུར་འཁྲུངས་སོ། །ཉན་ཚོའི་འོག་ན་རིན་ཆེན་སྒང་ཡོད་ལ་དེའི་ཕུ་ན་ཇོ་གདན་བླ་མ་ཁྱད་པར་ཅན་རིམ་པར་འཕེལ་བའི་སྤོས་ཁང་ཡོད་དོ། །སྤོས་ཁང་ཕུ་ན་འབའ་ར་བ་རྒྱལ་མཚན་དཔལ་བཟང་གིས་སྒྲུབ་པ་མཛད་པའི་ཕུག་པ་རྟ་ལམ་དང༌། དེའི་ཕུ་ན་སློབ་དཔོན་པད་མའི་ཕུག་པ་ཡོད། སྤོས་ཁང་གི་མདའ་ན་རྒྱལ་པོ་ཁྲི་རལ་གྱི་གཙུག་ལག་ཁང་སྟོང་རྩ་བརྒྱད་བཞེངས། གྲུབ་རྗེས་སུ་ཡོན་རྫོངས་ལྷག་མ་ལ་གཙུག་ལག་ཁང་བཞེངས་པ་ལྷག་ཆུང་དགོན་པ་ཡོད། དེའི་འོག་ཙམ་ན་བོན་གྱི་གྲུབ་ཐོབ་བོན་བཞི་ཁྱུང་ནག་ལ་སྙན་བརྒྱུད་ཀྱི་བཀའ་བབས་པ་གཡུང་དྲུང་ཉི་ཤར་ཡོད། དེའི་འོག་ན་ལྕེ་དཀར་ནག་ཁྲ་གསུམ་ལས་ལྕེའི་ཁྲི་དགོན་པ་ཡང་དགོན་ཟེར་བ་ཡོད། ལྕེ་ལ་དཀར་ནག་ཁྲ་གསུམ་ཡོད་དོ། །བཀྲ་ཤིས་རྫོང་དགའི་ཉེ་འགྲམ་ན་འཁོར་རེ་ལྷ་ཁང་ཡོད། དེའི་ཉེ་འདབས་ན་ལྕགས་མཁར་བ་ཟེར་བའི་སྔགས་པ། ལྕེ་དཀར་ནག་ཁྲ་གསུམ་གྱི་ནང་ཚན་ལྕེ་ནག་གི་བརྒྱུད་པ་ཡོད། ལྕེ་ནག་དེས་


TNT23_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་སྒྲོལ་མ་དྲུག་སྐོར་གཏེར་ནས་སྤྱན་དྲངས། ལྕེ་དམར་གྱི་བརྒྱུད་པ་བྱེ་མདའ་ན་ཡོད། མྱང་རོ་ལུང་པ་ན་རི་བཀྲ་ངན་ཞིང་བཀྲ་མི་ཤིས་པའི་རི་བཅུ་གསུམ་ཡོད་པའི་ཁ་གནོན་ལ་བྱང་རི་བསེ་བྲག་པད་མ་འདབ་བརྒྱད་ཁ་ཕྱེ་བ་འདྲ་ཞིང༌། རི་བཀྲ་ཤིས་ལ་གཡང་ཆགས་པའི་ས། རི་བཀྲ་ངན་པ་ཐམས་ཅད་ཟིལ་གྱིས་མནན་པའི་བྱང་རེ་བསེ་བྲག་གི་རི་འདི་ལ་མྱང་ཏིང་འཛིན་བཟང་པོ་སྐུ་ལུས་མ་སྤངས་པར་ད་ལྟ་ཡང་བཞུགས་པར་ཡང་གྲགས། འབྲུག་པ་སྤྲུལ་སྐུ་མི་ཕམ་པད་མ་དཀར་པོ་ལ་མཇལ་བར་དངོས་སུ་བྱོན་པ་ཡོངས་ལ་གྲགས་ཤིང་རྣམ་ཐར་དུའང་ཐེབས་ཡོད། རྒྱ་འཇམ་དཔལ་གསང་བའི་སྲས་ཇོ་སྲས་ཡང་དག་སྐྱབས། དེའི་སྲས་ཇོ་སྲས་བདུད་འཇོམས། དེའི་སྲས་ཇོ་སྲས་ཕུར་བ་སྐྱབས། དེའི་རྒྱན་གོང་དུ་ལོ་སྟོན་ལ་དགེ་བསྙེན་གྱི་སྡོམ་པ་ཞུས། མཚན་རྡོ་རྗེ་དབང་ཕྱུག་ཏུ་བཏགས། སྐུ་བགྲེས་པོར་བྱོན་ནས་ལྷོ་བྲག་མཁར་ཆུར་ཕེབས། གཏེར་ཐོན་ནས་རྟག་ངུའི་བཅུད་ལེན་ཐོན། གྲུབ་པ་ཐོབ། ཚེའི་རིག་འཛིན་བརྙེས་ནས་ཚ་མོ་དང་གཉིས་ཀར་བསེ་བྲག་གི་རི་ལ་ད་ལྟ་ཡང་བཞུགས་སོ། །བྱང་རི་བསེ་བྲག་གི་རྩེ་ལ་ཀོ་བྲག་པ་བསོད་ནམས་རྒྱལ་མཚན་གྱི་གཟིམ་ཕུག་ཆུ་མིག་དམར་གསོལ་དུ་གྲགས་པ། དབུས་པ་སྟོན་ཤཱཀ་ནི་ལྷ་རྗེ་ཉ་རི་བའམ་སྒྲོ་ཕུག་པའི་གྲྭ་སར་ཡི་གེ་འབྲིར་བྱོན། དད་པ་ཐོན་ནས་སློབ་གཉེར་མཛད་ཅིང༌། དབང་ལུང་རྒྱུད་གདམས་ངག་གི་རྒྱུད་སྨིན་ནས་སློབ་མ་མཆོག་ཏུ་གྱུར་པ་བཞི་གསུམ་


TNT23_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཉིས་ཀྱི་ནང་ཚན་སྟོན་བཞི་ཡ་གྱལ་དབུས་པ་སྟོན་ཤཱཀ་གོང་དུ་སྨོས་པ་བཞིན་ཁྱད་པར་དུ་འཕགས་པའི་སྐྱེས་བུ་དེ་ལྷ་རྗེ་རྒྱ་ནག་གི་ཕྱིར་རྗེས་སུ་འབྲངས་ནས་བྱོན། རྒྱུད་གདམས་ངག་ཐམས་ཅད་མ་ལུས་པར་གསན་ནས་སྒོམ་སྒྲུབ་མཛད་པར་དགོངས་ཏེ་བྱང་རི་ལ་དགོན་པ་འཚོལ་དུ་བྱོན་པས། ཡོལ་བ་བྲག་ལ། ཡོལ་ཆུང་བ་བྲག་རྡོ་བཞིན་འདུག་སྐད། འདིར་དགོན་པ་མཛད་པ་ལགས་སམ་ཞུས་པས། ཡིན་ཏེ། འདི་མིན་པ་བྱ་ས་མི་གདའ་བྱས་པས་ཕར་ངོས་ཀྱི་བྲག་བསེ་བ་ཁ་སྤྲད་ཅན་དེ་ན་འོང་བ་འདུག་ཟེར། དེ་བས་འདི་བཙན་པར་འདུག་པས་ངས་འདིར་བྱེད་པ་ཡིན། དེ་མིན་པ་བྱ་ས་མི་འདུག་སྟེ། དེ་ནས་དམ་པ་སྟོན་ཤཱཀ་གིས་བྲག་བསེ་པ་ཁ་སྤྲད་སྐྱེས་པ་དེར་བྱོན་ཙ་ན་དེའི་ཆུ་མིག་འགྲམ་ན་དབྱུ་གུ་གཅིག་འདུག་གམ་ཡང་ཟེར། ཟན་རྡོག་ལྔ་འདུག་གམ་ཡང་ཟེར་ཏེ་བཟང་ལྟས་ཤིག་བྱུང༌། དེ་ནས་དེར་བཞུགས་ཏེ་སྒོམ་སྒྲུབ་མཛད་པས་དགོངས་པ་ཚད་དུ་སྐྱོལ། ལྷ་འདྲེ་དམ་ལ་ཐོགས། གདུལ་བྱ་མང་པོའི་དོན་ནུས་པ་བྱུང་སྟེ་དམ་པ་བསེ་བྲག་པ་ཞེས་གྲགས་པ་ཡིན་ནོ། །བསེ་བྲག་གཡའ་ལུང་གི་དགོན་པ་བཏབ་ཅིང༌། བྱ་གནམ་ལ་འཕུར་བ་ལ་སྒོམ་ཐེབས། ནམ་ཕྱེད་ཆུ་གཉིད་དུ་འགྲོ་བ་ལ་འབྱུང་ལྔའི་རླུང་འོག་ཏུ་གནོན། རླུང་སེམས་ལ་རང་དབང་ཐོབ་པའི་བླ་མ་ཡིན། བསེ་བྲག་གཡའ་ལུང་ནི་ཨོ་རྒྱན་པད་མ་འབྱུང་གནས་ཀྱྀ་གཏོར་མ་འདྲ་སྟེ་རི་བཀྲ་ངན་པ་ཐམས་ཅད་འདིས་ནོན། དེའི་ཉེ་འདབ་ན་དམ་པ་ཡུལ་ཆུང་པའི་གཟིམ་ཕུག་ནང་ན་ཨ་ལྕེ་སྣང་ས་འོད་འབུམ་གྱི་དབུ་དང་སྤྱི་ཁྱབ་ཀྱི་རྗེས་ཡོད་པ་


TNT23_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཡོ་བ་ཤར། (འདི་ཕྱིས་ཤར་ཁ་རས་ཆེན་པས་བཏབ་པའི་དེང་སང་འབྲུག་པའི་ཆོས་སྲོལ་འཛིན། བསེ་བྲག་གཡའ་ལུང་གི་རི་བོ་ཤར་ཁ་རས་ཆེན་པས་བདེ་ཆེན་དཔལ་འབར་གྱིས་བཏབ་པའི་དགོན་པ་ཡིན། ཤར་ཁ་རས་ཆེན་པ་རྒྱལ་དབང་རྡོ་རྗེའི་སློབ་མ་ཡིན་ནོ། །སྤྱིར་རྒྱལ་དབང་རྗེའི་སློབ་མ་ལ་རྟོགས་ལྡན་ལྷ་བཙུན་པ་དང༌། ཤར་ཁ་རས་པ་དགེ་སློང་རྣམ་གཉིས། འབའ་ར་བ་སྔ་ཕྱི་སོགས་སོ། །དེང་སང་འབའ་ར་བ་རྒྱལ་མཚན་དཔལ་བཟང་གི་ཆོས་སྲོལ་གྱི་རྒྱུད་འཛིན) ནུབ་ཀྱི་དགོན་པ་ཡོལ་ཤར་ནུབ་ཀྱི་གོང་ན་དམ་པ་ཆུང་པའི་གཟིམ་ཕུག་གོང་དུ་བཤད་པ་ཁོ་ཡོད། དེའི་འོག་ཏུ་བསེ་བྲག་སྒྲུབ་སྡེ། དེའི་འོག་དམ་པ་བསེ་བྲག་པའི་སློབ་མ་མཁའ་འགྲོ་མ་འོད་འབུམ་གྱིས་དགོན་པ་བརྒྱབས་པ་དགོན་མིང་བླ་མ་ཞང་གི་བཏགས་པའི་ཆོས་སྡིངས་ཟེར་བའི་དགོན་རོ་ཡོད། བསེ་བྲག་རང་ཟེར་བ་གཅིག །ལྷ་རྗེ་རྒྱ་ནག་པའི་སློབ་མ་དབུས་པ་སྟོན་ཤཱཀ་གིས་བརྒྱབ་པའི་དགོན་པ་དངོས་གཞི་བསྒྲུབས་ཏེ་བླ་མ་ཞང་སྤྱན་དྲངས་པས་ཆོས་སྡིངས། ལྷ་འདྲེ་དམ་ལ་བཏགས་པ། དེང་སང་ལྷ་དགེ་བསྙེན་འབར་ར་གནས་པ། བསེ་བྲག་རང་དང་གསུམ་དཀར་དབུས་པ་སྟོན་ཤཱཀ་གིས་བརྒྱབས། མཚན་ལའང་དམ་པ་བསེ་བྲག་པར་ཐོགས། ཆོས་སྡིངས་ཟེར་བའི་གོང་དུ་བཤད་མ་ཐག་པའི་ཉེ་ལོགས་ན་སྣང་ས་འོད་འབུམ་གྱི་གཟིམ་ཕུག་ཡོད་པ་འདི་ནས་མཁའ་སྤྱོད་ལ་གཤེགས། དེའི་འོག་ན་པ་སྣམ་ཞོལ་པོའི་ཕུ་ན་ཀོ་བྲག་པ་བསོད་ནམས་རྒྱལ་མཚན་གྱི་སྒྲུབ་ཕུག་བྱིན་རླབས་ཅན་རྒྱལ་བའི་དབང་པོ་དབང་ཕྱུག་རྡོ་རྗེས་གནས་སྒོ་གསར་


TNT23_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཕྱེ་བ་ཡིན། དེའི་འོག་བོན་གོང་གི་ཕུ་ན་གཉན་ལོ་ཙཱ་བའི་གནས་གཞི་གཉན་ཕུར་གྲགས་པ་ཡོད། གཉན་ཕུའི་བྱམས་པ་ཐོག་མར་རྒྱལ་བྱེད་ཚལ་དུ་སྤྱན་དྲངས། དེ་ནས་ཕོ་བྲང་བསམ་འགྲུབ་རྩེར་སྤྱན་དྲངས་པའི་གཞིས་སྡེའི་བྱམས་པ་འདི་ཡིན། དེའི་ཕུ་ན་བྱང་བདུད་ཟེར་བའི་རི་ལ་བོན་གྱི་ཚེ་དབང་བོད་ཡུལ་མའི་གྲུབ་ཐོབ་ཀྱི་གནས་གཞི་དང་ཕུག་པ་ཡོད། ལོ་རས་པའི་སློབ་མ་མཆོག་འཇམ་དབྱངས་མགོན་པོ་འཁྲུངས་ཡུལ་མྱང་སྟོད་ཁམས་གྲོགས་(གངས་དང་ཁྲོ་ཟེར་བའི་ནང་ན་ཡོད།)ཡིན། མཁས་པ་མཆོག་ཏུ་གྱུར་པ། རྒྱ་ནག་རི་བོ་རྩེ་ལྔར་ཡང་བྱོན། སྨད་འབྲུག་རྣམས་ཀྱི་དགོན་པ་རྒྱག་པར་གསོལ་བ་བཏབ་པའི་ངོར་མྱང་སྟོད་སྨད་གཉིས་ཀྱི་མཚམས་སུ་ཀུ་རུ་ལུང་དུ་དགོན་པ་བཏབ། ད་ལྟ་བོན་གོང་གི་ལྟག་ཙམ་གྱི་དགོན་རོ་དེ་ཡིན་ནོ། །ཁྲོ་ལོ་བྱམས་པ་དཔལ་གྱི་སྐབས་སུ་དབུས་དང་གཙང་གཉིས་ན་འདུལ་བ་འཛིན་པ་ཆེན་པོ་མང་དུ་ཡོད་ཀྱང༌། མཆོག་ཏུ་གྲགས་པ་མྱང་སྟོད་སྨད་ཀྱི་མཚམས་ན་གཙང་ན་འདུལ་འཛིན་བྱ་བ་ངོ་མཚར་ཅན་གཅིག་བཞུགས་པས། མྱང་སྟོད་སྨད་མཚམས་ཀྱི་དགོན་གནས་དེ་ཁྲོ་ལོས་བྱོན། ལོ་ཧྲིལ་པོ་གཉིས་སུ་འདུལ་བ་མདོ་རྩ་དང༌། སོ་སོར་ཐར་པ་དང༌། འོད་ལྡན་སོགས་མཐར་ཕྱིན་བསླབ་བོ། །འདི་ཀུ་རུ་ལུང་གི་དགོན་པ་ཡིན་ནོ། །སྨད་དེ་གཙང་ནག་འདུལ་འཛིན་ལ་འདུལ་པ་ཉན་པར་སྟབས་ཅིག་ཏུ་མཁས་པ་བསོད་རྒྱལ་བ་ཞེས་དྲེགས་པ་ཅན་ང་སྒྲ་ཚད་གཉིས་ཀྱི་སྟེང་བཀའ་བཞི་བསྣན་པ། སྤོས་ཀྱི་གླང་པོ་མཆེ་བ་དྲུག་


TNT23_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་བྱ་བ་ཡིན་གསུངས་པ་སོགས་ཁེངས་ཚིག་གསུང་སྐབས། ཁྲོ་ལོ་དགུང་ལོ་བཅུ་དགུ་པས་ཚིགས་བཅད་འདི་གནས་འདིར་གཙང་ནག་འདུལ་འཛིན་གྱི་དྲུང་དུ་མཁས་པ་བསོད་རྒྱལ་ལ་གསུངས། ཚོགས་གཉིས་ལས་ཅན་བཀའ་བཞི་སྒྲ་ཚད་ཀྱི། །མཆེ་བ་དྲུག་ལྡན་གླང་ཆེན་གྲགས་མྱོས་ཀྱང༌། ཁོ་བོ་ལུང་རིགས་མཆེ་སྡེར་རྣོན་པོ་ཅན། །སེང་ཕྲུག་རྩོད་པའི་རྩལ་གྱིས་ཀླད་པ་འགེངས། །ཞེས་གསུངས་པས་སློབ་དཔོན་ཆེན་པོ་སོགས་ཐམས་ཅད་དགྱེས་སོ། །དེའི་འོག་ཙམ་ན་བསམ་སྡིངས་དགོན་པ་ཡོད་དོ། །དེ་ནི་ནི་གུ་(སྤྱིར་ནི་གུ་ལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་ཆེན་པོར་དབང་བཀུར། ནི་གུའི་ཁྲིད་བཀའ་བཅུ་གསུམ། ལུགས་དེ་ལ་རྒྱས་པ་ན་དབང་བཀའ་དྲུག་ཅུ་རེ་བརྒྱད། འབྲིང་པོ་དབང་བཀའ་ཉི་ཤུ། མགོན་པོའི་དབང་བཀའ་ཉེར་ལྔ་ཡོད།) ཆོས་དྲུག་གི་བཀའ་རྒྱ་བདུན་རྒྱུད་དུ་གདམས་པའི་རིན་ཆེན་སྣ་བདུན། རྡོ་རྗེ་འཆང་ནི་གུ་སྟ་ཟུར་ཆགས་པའི་ནི་གུ་མ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར། རྨོག་ལྕོགས་པ་རིན་ཆེན་བརྩོན་འགྲུས། འབལ་ཐམས་ཅད་མཁྱེན་པའམ་བལ་ཚད་མའི་དབོན་པོ། དབོན་སྟོན་སྐྱེར་སྒང་པ་སངས་རྒྱས་གཉན་སྟོན། སངས་རྒྱས་སྟོན་པའོ། །སངས་རྒྱས་སྟོན་པའི་སློབ་མ་མཁས་གྲུབ་ཤངས་སྟོན་གྱིས་འཇག་བཏབ། སངས་རྒྱས་སྟོན་པའི་སློབ་མ་མཁས་བརྩོན་གཞོན་ནུ་འཁྲུངས་ས་མྱང་སྨད་ཅུང་ཡུ་བ་གདོང་ཡིན། བླ་མའི་ལུང་བསྟན་དང་བསྟུན་པའི་ཇོ་མོ་ལྷ་རི་ཆས་པའི་མགུལ། བསམ་གཏན་སྒོམ་པའི་གནས་དང་མཐུན་པའི་དབེན་པར་བསམ་སྡིངས་དགོན་པ་བཏབ་བོ། །པ་སྣམ་འདིར་སྔོན་གྱི་དུས་སུ་སྤྲུལ་པའི་རྒྱལ་པོ་གེ་


TNT23_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

སར་བཞུགས་ཚུལ། བསྟན་པ་སྔ་དར་ལོ་པཎ་གྱི་བཞུགས་ཚུལ། ཕྱི་དར་མཁས་གྲུབ་རྣམས་བཞུགས་ནས་བསྟན་ལ་བྱ་བ་མཛད་ཚུལ་དང་གསུམ་མོ། །དང་པོ་ནི་རྒྱལ་པོས་རྒྱ་ཁྲི་ཤིང་ཁྲི་བསྐོར་འབྱེད་པ་ལ། །སྨད་ཡུལ་གླིང་དཀར་སྟོད་ཅིག་བྱུང༌། །ཧོར་ཡུལ་ཡོལ་མར། (ཡོ་དམར)སྡིངས་ཆེན་དུ། །ཧོར་གེ་སར་རྒྱལ་པོ་འདུལ་པ་ལ། །སྟོད་ཡུལ་གླིང་དཀར་སྟོད་ཅིག་བྱུང༌། །འདྲེ་ཀླུ་བཙན་ཐོས་ཞེས་བྱ་བ་དང༌། །འབྲོང་ཀ་ཀ་རྭ་རིང་འདུལ་བ་ལ། །བར་ཡུལ་གླིང་དཀར་སྟོད་ཅིག་བྱུང༌། །ཞེས་པ་གསུངས་པའི་བར་གྱི་གླིང་དཀར་སྟོད། པ་སྣམ་གྱི་ས་ཡུལ་ཡིན་ཏེ། གླིང་གི་གྲ་མ་སྨུག་གུ་ནི་པ་སྣམ་རྫོང་གི་ནུབ་བྱང་གི་ཕྱོགས་ཐམས་ཅད་སྔོག་དུས་ཞིང་མེད་གྲ་མ་ཁོ་ནས་ས་ཡུལ་རྣམས་ཁེངས་ཡོད་པ་ཕྱིས་ཞིང་དུ་བཅོས་ཀྱང༌། ཞིང་དཀྱིལ་ཀྱི་སྟོངས་རྣམ་གྲ་མ་ཁེངས་ཡོད་དོ། །གླིང་གི་འཇག་ཐང་སྐྱ་མོ་ནི་པ་སྣམ་གྱི་བྱང་ཤར་ཉིན་ལམ་ཙམ་ཀྱི་ས་ཡུལ་ཐམས་ཅད་འཇག་མས་ཁེངས་ཡོད་ཀྱང༌། ཕྱིས་ཉེ་བའི་ས་ཡུལ་སྐྱེ་ཚེར་བཏབ་པ་ཡིན་ལ། ཐག་རིང་པོའི་ཐང་ལ་ད་ལྟ་ཡང་འཇག་མ་ཡོད་དོ། །གླིང་གི་ཟམ་པ་དགུར་མོ་ནི་པ་སྣམ་མདུན་གྱི་ཟམ་པ་དེ་ཡིན། རྒྱལ་པོའི་ཕོ་ལྷ་གྱེར་ཚོན་དཀར་པོ་མ་ཎི་དགོན་པའི་ལྟགས་ཀྱི་ལྷ་གཙུག་དེར་གནས་ཤིང༌། པ་སྣམ་རྩེ་ཞོལ་གྱི་ལྷ་མཆོད་རྒྱས་པ་སྟོན་བཙས་གོང་རྒྱུན་དུ་བྱེད། མོ་ལྷ་གུང་སྨན་རྒྱལ་མོ་ནི་ཇོ་མོ་ལྷ་རི་དེ་ཡིན། ཚང་རོག་དུག་སྤྲུལ་ནག་པོ་ལྷོའི་ཕྱོགས་ན་གནས་པའི་དེང་སང་སྐབས་གཟའ་བདུད་པ་ཟེར་བ་སོགས་ཡིན། སྤྲུལ་པའི་རྒྱལ་པོས་པ་སྣམ་དེར་ཞབས་ཀྱིས་བཅགས་ཤིང་བཞུགས་


TNT23_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནས་མཛད་པའི་ས་ཡུལ་ཁྱད་པར་ཅན་དུ་འཕགས་སོ། །གཉིས་པ་བསྟན་པ་སྔ་དར་ལ་ལོ་པཎ་གྱི་བཞུགས་ཚུལ་ནི་པ་སྣམ་ཟེར་བ་ཡིན། བསྟན་པ་སྔ་དར་གྱི་པ་ཚབ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་པོ་(ཆོས་འཁོར་བསྐོར་ཅིང་བསྟན་པ་རིན་པོ་ཆེར་བྱ་བ་མཛད་པའི་བྱ་རྒྱུད་སྒ་གདོང་དགོན་པར་བཞུགས་ཀྱང་སྣ་སྣམ་དང་ཐུགས་ཤིན་ཏུ་མཛའ་ཞིང་གཅུགས་ལ)དང་སློབ་དཔོན་པད་མའི་དངོས་སློབ་(རྗེ་འབངས་བརྒྱད་ཀྱི་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དཀྱིལ་འཁོར་ལ་མེ་ཏོག་ཕོག་པའི་རྗེ་འབངས་གྲངས་ཀྱི་ཁོངས་སུ་མེད་ཀྱང༌། འདི་འཕྲིན་ལས་ཕུར་པའི་རིག་འཛིན་ཡིན་ཞིང་འཕྲིན་ལས་ཕུར་པ་ལ་མེ་ཏོག་ཕོག་པ་ཡིན་ཞིང༌། ལར་རྗེ་འབངས་ཉེར་ལྔ་པོ་ཐམས་ཅད་སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་དཀྱིལ་འཁོར་མེ་ཏོག་ཕོག་ཅིང་སྨིན་པར་མཛད་པ་ལས་རྗེ་འབངས་རེར་དཀྱིལ་འཁོར་རེ་ཡོད་པ་འདི་ལ་གསུངས་སོ། །གསོལ་འདེབས་ལེའུ་བདུན་མའི་གསོལ་འདེབས་སྣ་སྣམ་པར་གསུངས་པ་ལས། བསམ་ཡས་མཆིམས་ཕུའི་བྲག་དམར་ཀེའུ་ཚང་དུ༔ སྒྲུབ་ཆེན་བཀའ་བརྒྱད་གསང་སྔགས་དཀྱིལ་འཁོར་རུ༔ ལས་ཅན་རྒྱལ་པོ་རྗེ་འབངས་སྨིན་པར་མཛད༔ གསུངས་པ་ལྟར་རོ། །རྗེ་འབངས་ཉེར་ལྔའི་དཀྱིལ་འཁོར་བཅོ་བརྒྱད་ཀྱི་སློབ་མའི་གྲངས་ལ་གཏོགས་པའི་མཐུ་སྟོབས་ཀྱི་དབང་ཕྱུག་ཚང་རོག་དུག་སྦྲུལ་ནག་པོའི་ཁ་གནོན་ལ་བཞུགས་སོ།) སྣ་(ལོ་རྒྱུས་ཁུངས་ཐུབ་ཅིང་ཡོངས་སུ་གྲགས་པར་སློབ་དཔོན་རིན་པོ་ཆེ་པདྨ་སྤྱན་འདྲེན་པ་ཁྱད་པར་དུ་འཕགས་པའི་མི་གསུམ་པོ་ཁོ་ན་ཡིན་ཏེ། ཇོ་མོ་མཚོ་རྒྱལ་དང་སྤྱན་འདྲེན་པ་མི་གསུམ་ལ། ཟབ་ཆོས་ཕུར་བའི་ཆོས་བསྐོར་ཚར་བ་གནང་བས། ཕུར་པ་ཇོ་མོ་ལུགས། ཕུར་པ་སྣ་སྣམ་ལུགས། ཕུར་པ་མཆིམས་ལུགས། ཕུར་པ་ཤུད་བུ་ལུགས་སུ་བོད་འབངས་


TNT23_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་གྲགས་སོ། )སྣམ་(བུ་སྟོན་ཆོས་འབྱུང་ལས། མཁན་པོ་བོ་དྷི་ས་ཏྭས་བོད་ཀྱི་རྒྱལ་པོ་ལ་བཀའ་བསྩལ་ནས། བོད་ལྷ་སྲིན་མ་ཐུལ་བས་ཆོས་བྱེད་དུ་མ་སྟེར་ཞིང་བཙན་པོ་སྐུ་ཚེ་ཐུང་བ་དེས་ལན་པས། འདུལ་བ་ལ་སློབ་དཔོན་པདྨ་སམྦྷ་ཝ་ཞེས་བྱ་བ་མཐུ་རྩལ་དང་ལྡན་པ་ཞིག་ཡོད་པས། དེ་སྤྱན་དྲོངས་ཤིག་གསུངས་པ་དང་བཙན་པོས་རྨི་ལམ་དུ་བྱུང་བ་སྐད་བགྱིས་ཏེ། སྦ་གསལ་སྣང་དང༌། སེང་གོང་ལྷ་ལུང་གཉིས་ལས། གཡོག་སྣ་སྣམ་རྡོ་རྗེ་བདུད་འཇོམས། ལྕེ་ཛྙཱ་སིདྡྷི། མཆིམས་ཤཱཀྱ་པྲ་བྷཱ། བྲང་ཏི་ཛ་ཡ་རཀྵི་ཏ། ཤུད་ཕུ་དཔལ་གྱི་སེང་གེ་དང་ལྔ་བཏང་བས་སློབ་དཔོན་གྱི་མངོན་པར་ཤེས་པས་མཁྱེན་ཏེ་མང་ཡུལ་གུང་ཐང་དུ་བྱོན་པ་དང་མཇལ་ནས་རིམ་གྱིས་སྤྱན་དྲངས་སོ་གསུངས།)རྡོ་རྗེ་བདུད་འཇོམས་གཉིས་ལྷན་དུ་བཞུགས་པ། པ་སྣམ་རྫོང་འདི་རང་ཡིན་པས་ན་གང་ཟག་གི་མིང་གནས་ལ་ཆགས་པས་པ་སྣམ་ཞེས་གྲགས་སོ། །སློབ་དཔོན་པད་མའི་དངོས་སློབ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ཆོས་གནས་ཁམས་གཡེར་མོ་ཐང་གི་རྒྱུད། (ཕུར་པའི་བཀའ་བབས་པས་ཕུར་བ་རྒྱུད་ལུགས་སུ་གྲགས་སོ།)བྱང་ཆུབ་གཞོན་ནུ་བྱུང་བ་དེའི་གདུང་རབས་གསུམ་པ་བྱང་ཆུབ་རྒྱ་མཚོ་དང༌། ཆོས་རྒྱལ་རྒྱ་མཚོ་གཉིས་ཀྱི་གཡོག་རྡོ་རྗེ་ཀུན་ཐུབ་ཁྲིད་མྱང་སྨད་པ་སྣམ་དུ་ཕེབས་ཚེ་ཨར་ཚོ་བན་དེ་བཅོ་བརྒྱད་ཀྱིས་ཁོང་དཔོན་གཡོག་གསུམ་བཟུང༌། དེ་སྐབས་སྦྱོར་སྒྲོལ་དར་བས་མཁའ་འགྲོའི་མཆོད་རྫས་བྱེད་ཟེར་རྐང་ལག་ཕུར་པས་བརྒྱངས་པས་གཅེན་གྱིས་རྟ་སྐད་ཐེངས་གསུམ་བསྒྲགས། གཅུང་པོས་ཕུར་པས་ཁྲབ་ཤོན་བྱས་


TNT23_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བརྒྱལ་རྨོངས་རེངས་ལ་སོགས་པའི་རྫུ་འཕྲུལ་བསྟན་པ་ཡང་པ་སྣམ་འདི་རང་དུ་བྱུང་བ་ཡིན། པ་སྣམ་གྱི་རྒྱབ་ཀྱི་བྱ་རྒྱུད་ཟེར་བའི་དགོན་པ་དེ་ཐོག་མར་སྒ་གདོང་དང་དུས་བསྟན་པ་སྔ་དར་ལ་བཏབ་པ་ཡིན་ནོ། །གསུམ་པ་ཕྱི་དར་ལ་མཁས་གྲུབ་རྣམས་བཞུགས་ནས་བསྟན་ལ་བྱ་བ་མཛད་ཚུལ་ནི་མ་ཎི་དགོན་པའི་ཉེ་འགྲམ་ལྟག་ན་རྭ་ལོས་(རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱི་བླ་མ་བྷ་རོ་འམ་པཉྫ་གླིང་པ་ལ་བལ་པོར་གསན་པ། རྭ་ལོས་བལ་པོ་ཐུགས་རྗཻ་ཆེན་པོ་བལ་བོད་གཉིས་ཀར་ཞབས་ལ་གཏུགས་ཤིང་དགྲ་ནག་འཇིགས་སྐོར་གསུམ་དང་ཧེ་རུ་ཀ་མངོན་འབྱུང་གི་སྐོར་ལ་སོགས་པ་བསྒྱུར་རོ། དབོན་པོ་རྭ་ཆོས་ཀྱི་པཎྜི་ཏ་ས་མནྟ་ཤྲཱི་བོད་ལ་སྤྱན་དྲངས་ཏེ་དུས་འཁོར་འཕགས་མོ་མངོན་འབྱུང་མགོན་པོ་མངོན་བྱུང་སོགས་བསྒྱུར་ཞིང་གསན་ནོ། །རྭ་ལུགས་ལྷ་བཅུ་གསུམ་མ་གཙོ་བོར་གསན་པ་ཡིན་ཞིང་རྭ་པ་ལའང་རོ་ལངས་བརྒྱད་སྐོར་ཡང་ཡོད་དོ། །དཔལ་ལྡན་ས་སྐྱ་པ་ལ་རོ་ལངས་བརྒྱད་སྐོར་དང་ལྷ་ཞེ་གཉིས་ལ་རོ་ལངས་བརྒྱད་ཀྱིས་བསྐོར་བའི་ལྷ་དགུ་མ་མི་རྒྱུད་དང་ཤིན་ཏུ་མཐུན་ནོ། །ཞང་ལོ་ཙཱ་བ་གྲུབ་པ་དཔལ་བཟང་པོས་རྒྱ་གར་དུ་ལ་ལི་ཏ་བཛྲ་ལ་གསན་པ་འཇིགས་བྱེད་ལྷ་ཞེ་དགུ་མ་ལལི་ཏ་བཛྲ་ཡིས་མཛད་པའི་ཞེ་དགུ་མའི་སྒྲུབ་ཐབས་ཡོད་དོ། །སྨྱོས་[སྐྱོས་]འོད་འབྱུང་གི་པཎྜི་ཏ་ཨ་མོ་གྷ་ཆུང་བ་ལ་གསན་པའི་འཇིགས་བྱེད་ལྷ་བཅུ་བདུན་མ་དང༌། སྐྱོས་བོད་དུ་ཞང་ལ་གསན་པའི་ཞེ་དགུ་མའང་བཞེད་དོ། །ཞང་ཤེས་རབ་བླ་མས་ཀྱང་པཎྜི་ཏ་ཨ་མོ་གྷ་བཛྲ་བོད་ལ་སྤྱན་དྲངས་ཏེ་དགྲ་ནག་གི་སྐོར་རྒྱས་པར་བསྒྱུར་རོ། །གཉོས་ལོ་ཙཱས་དར་པཱན་ཨཱ་ཙརྱ་ལ་གསན་པའི་གཉོས་ལུགས་ལྷ་དགུ་མ། ཤངས་པ་ལུགས་ལ་འཇིགས་བྱེད་ལྷ་བཅུ་གསུམ་མ་འདི་ལ་རྒྱ་གཞུང་ཡང་ཡོད་དོ། །འཇིགས་བྱེད་ཀྱི་ཁྲིད་ལ་


TNT23_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མོའི་རྒྱུ་བའི་ཁྲིད། མཚན་མོ་གྱེན་བསྒྲེངས་ཀྱི་ཁྲིད། རྭ་ཁྲིད་རྡོ་རྗེ་མཁའ་འགྲོའི་ཁྲིད་སོགས་སོ། །འཇིགས་བྱེད་ཀྱི་རྒྱུད་ལ་རྟོག་པ་བདུན་པ། རྟོག་པ་གསུམ་པ། རྟོག་པ་བཅུ་གཅིག་པ། ལས་མཁན་ཏིའུ་ལོ་པའི་རྟོག་པ། རྒྱུད་ཀྱི་འགྲེལ་པ། བོད་འགྲེལ་ཡོད་ཚུལ་ནི་རྭ་ལོ་ཙཱ་བའི་འགྲེལ་པ་གསུམ། རྒྱ་སྟོན་གྱི་འགྲེལ་པ། གཉན་རིན་པོ་ཆེ་བསྟན་པའི་འགྲེལ་པ། འབྲི་ཁུང་ལོ་ཙཱ་བ་མ་ཎི་ཤྲཱི་ཀའི་འགྲེལ་པ། ཇོ་གདན་ཁྲོ་ཡོན་པའི་འགྲེལ་པ། འབྲི་ཁུང་དཔལ་འཛིན་གྱི་རྟོག་གསུམ་གྱི་འགྲེལ་པ་སོགས་སོ།)པ་སྣམ་རྫོང་གི་སྐེ་འོག་དེང་སང་རྟ་རའི་འོག་ཙམ་ན་ཁྱུང་པོ་ཆོས་བརྩོན་ཟེར་བ་མངའ་བདག་རྩེ་ལྡཻེའི་མེས་པོ་འབྲུག་གི་ཆོས་འཁོར་ལ་དབུས་གཙང་ཁམས་གསུམ་གྱི་སྡེ་སྣོད་འཛིན་པ་ཆེན་པོ་རྣམས་བྱོན། མཁས་པར་རྭ་ལོ། གཉན་ལོ། ཁྱུང་པོ་ཆེས་བརྩོན། བཙན་ཁ་བོ་ཆེ། རྔོག་བློ་ལྡན་ཤེས་རབ། མར་ཐུང་དད་པ་ཤེས་རབ། ཟངས་དཀར། (ཟངས་དཀར་གྱིས་དེའི་སྐབས་སུ་ཚད་མ་རྒྱན་བསྒྱུར།)ལོ་ཙཱ་བ་འཕགས་པ་ཤེས་རབ་སོགས་ལོ་ཙཱའི་འགྲུལ་ཚན་ཤིན་ཏུ་ཆེ་བར་བྱུང་བའི་ཟླ་ཚན་ཁྱུང་པོ་ཆོས་བརྩོན་དེས་མངའ་བདག་རྩེ་ལྡཻས་ཁ་ཆེ་ཛྙཱ་ཤྲཱི་སྤྱན་དྲངས་ཏེ་ཁྱུང་པོ་ཆོས་བརྩོན་གྱིས་ལོ་ཙཱ་བྱས་ནས་རྒྱུད་རྡོ་རྗེ་རྩེ་མོ། སྦྱོང་རྒྱུད། ཚད་མ་རྣམ་ངེས། དེའི་ཊིཀྐ་ཁོང་རང་གིས་མཛད་པ་སོགས་བསྒྱུར་རོ། །དེ་སྐབས་གཉལ་པ་ཉི་མ་ཤེས་རབ་ཀྱིས་ལོ་བདུན་ཁ་ཆེ་ཛྙཱ་ན་ཤྲཱི་ལ་ཆོས་ཞུས། ཡོ་ག་རྩེ་མོ་ལ་མཁས་པར་བྱས་པ་སོགས་ཀྱི་ལོ་རྒྱུས་དང་འབྲེལ་བའི་ཁྱུང་པོ་ཆོས་བརྩོན་གྱིས་སྒྲུབ་གནས་ཕུག་པ་(གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར་ཕུག་ཡིན་ཟེར་བ་མ་


TNT23_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

དག་གོ)ཡིན་ནོ། །དུས་དེ་སྐབས་ཀྱི་ཚེ་ཤིན་ཏུ་མཁས་པར་གྲགས་པ་ཤེ་ཁྱུང་(ཁྱུང་པོ་གྲགས་སེ། )གཉིས། དབེན་འབྲེ་(འབན་ཐམས་ཅད་མཁྱེན་པ་དབོན་སྟོན་སྐྱེར་ཁང་པའི་ཁུ་བོ་)གཉིས། རྒྱ་སྟག(སྟག་པ་ཁ་ཆོས) གཉིས་ཏེ་དྲུག་གི་ནང་ཚན་ཁྱུང་པོ་གྲགས་སེ། ལྷ་རྗེ་རྒྱ་ནག(ལྷ་རྗེ་ལྷ་ཁང་པ་)གིས་ཕར་ཕྱིན་གསན་ནོ། (ཤེས་རབ་འབར། བརྩོན་སེང༌། སྟག་པ་ཁ་ཆོས)མཚན་གྱི་རྣམ་གྲངས་ཁྱུང་པོ་ཆོས་བརྩོན། ཁྱུང་པོ་གྲགས་སེང༌། ཁྱུང་པོ་གྲགས་སེ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ནོ། །རྒྱ་བརྩོན་སེང་གེའི་ཉེ་གནས། ཁྱུང་པོ་གྲགས་སེ་ཡིན་ཞིང༌། དེ་ཙ་ན་ཁ་ཆེ་ཛྙཱ་ན་ཤྲཱི་སྤྱན་དྲངས་ཏེ་ལོ་ཙཱ་བ་གཟུ་དགའ་རྡོར་གྱིས་མཛད་ཚེ་བོད་པ་ཁྱུང་པོ་གྲགས་སེས་སྣ་དྲངས་པའི་བརྩམས་ཆོས་ཉན་དུ་བྱོན་པའི་གསེབ་ཏུ་རྔོག་ལོ་སོགས་མང་པོར་ཡོད་དོ། །པོ་ཏོ་བའི་སློབ་མ་དོལ་པ་ཆེན་པོས་ཁྱུང་པོ་གྲགས་སེ་ལ་ལོ་ལྔའི་བར་དུ་དབུ་ཚད་གསན་ནོ། །ལྕེ་བཙུན་ཤེས་རབ་འབྱུང་གནས་ཀྱི་ཕ་གཡུ་འབུམ་གྱིས་ཇོ་མོ་སྟག་གི་རྒྱལ་མཚན་གྱི་བུ་གཡུ་ཐོག་སྒྲ་གསེར་བཟང་བྱ་བ་ལྕེ་བཙུན་ལ་མཇལ་དུ་བྱུང་བས་ལྕེ་བཙུན་གྱིས་བཙུན་པར་བཅུ་གཅིག་ཉེ་གནས་བཅོལ། སླར་ཞྭ་ལུའི་གདན་ས་ཡང་གཡུ་ཐོག་སྒྲ་གསེར་བཟང་གིས་བྱས་པ། བསླབ་པ་འཆལ་ནས་དཔོན་བརྒྱུད་དུ་སོང༌། ཞྭ་ལུའི་གདན་ས་ཁྱུང་པོ་གྲགས་སེང་ལ་གཏད། ཁོང་རང་གིས་དཔོན་བྱས་མངའ་རིས་བསྐྱངས། གཡུ་ཐོག་སྒྲས་རྒྱན་གོང་ལ་དམག་འདྲེན་པ་ཁྱུང་པོས་བཀག་ཀྱང་མ་ཁེགས་


TNT23_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྒྱན་གོང་བཅོམ་ནས་མཆོད་ཆ་ཐམས་ཅད་ཞྭ་ལུར་དྲངས་པ་ལ་ཁྱུང་པོ་གྲགས་སེང་མ་མཉེས་པར་ལྷ་སར་བྱོན་ནས། དྭགས་པོ་དབང་རྒྱལ་དང་ཁྱུང་པོ་གཉིས་ཀྱིས་དམར་པོ་རི་དང་ལྕགས་པོ་རི་བཟུང་ནས་ཕར་ཕྱིན་ལ་འགྲན་བཤད་མཛད་པར་གྲགས་ཤིང༌། ཕྱིས་ཁྱུང་པོ་གྲགས་སེང་ཞྭ་ལུར་བྱོན་ནས་གདན་ས་སྔར་བཞིན་མཛད་པ། མཁས་པ་ཁྱད་པར་ཅན་དེའི་སྒྲུབ་ཕུག་དང༌། ཆོས་འཆད་པ་ཡང་པ་སྣམ་འདིར་མཛད། པ་སྣམ་རྫོང་ཤར་ངོས་ཀྱི་ཕུག་པ་དེ་གཙང་སྨྱོན་གྱི་གཟིམ་ཕུག་བྱིན་རླབས་ཅན་ཡིན། པ་སྣམ་གྱི་ཉེ་འཁྲིས་བྱ་རྒྱུད་དགོན་པ་དེ་ཐོག་མར་བསྟན་པ་སྔ་དར་ལ་བཏབ་པའི་དགོན་པ་ཡིན། སྣ་སྣམ་དང་པ་ཚབ་ལོ་ཙཱ་བའི་ཕྱིས་རྟེན་བྱིན་རླབས་ཅན་དུ་གྲགས་པ་མཆོད་རྟེན་དབུས་མ་གཉིས་ཡིན་ཟེར་རོ། །ཕྱི་དར་ལ་དབུས་གཙང་གི་མཁས་པ་མི་བཅུའམ་བཅུ་གཉིས་ཀྱི་ནང་ཚན་གཙང་པ་གཉིས་ཀྱི་ཡང་ཚོང་ཁེ་(ཚོང་ཁེ་ཐོག་མར་རང་ཆོས་བསྐོར་བ་དེ་ཡིན་ནོ།)ཤེས་རབ་སེང་གེས་མྱང་སྨད་ཁྲིས་དང་བྱ་རྒྱུད་གཉིས་བཟུང་ངོ༌། །ཡང་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་སློབ་མའམ་མཁན་བུ་མཆོག་དམ་པ་ཉི་ཤུ་རྩ་བཞིའི་ཡ་གྱལ་ཨ་མེའི་མཁན་བུ་ཞང་སྟོན་ཚུལ་འཕགས་ཀྱིས་བྱ་རྒྱུད་བཟུང་བཤད་པ་བསྐྱངས་སོ། །ཡང་ཞང་བརྩོན་བསོད་ནམས་གྲགས་ཀྱིས་བྱ་རྒྱུད་བཟུང་གི་འཚོ་བར་པ་ཟེར་རོ། །ཕྱིས་སུ་ཞྭ་ལུ་པ་ཆེ་བ་ནི་ཀ་བ་བཞི། གདུང་མ་བརྒྱད། བྱང་དུ་སེང་གེ་རལ་པ་ཅན་དང་དགུ །ལྕམ་བདུན་ཅུ་ཐམ་པ་ཞེས་གྲགས་


TNT23_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཀ་བཞིའི་ནང་ཚན་ཀུ་རི་ཇ་སྐྱུས་ཁ་དྲག་དཔུང་བའི་ཀ་བ་ཟེར་རོ། །སྒ་གདོང་ནས་པ་སྣམ་རྒྱབ་རྒྱུད། (ཕྱིས་བྱ་རྒྱུད་པ་འདིར་ཁ་ཆེ་པཎ་ཆེན་གྱིས་ཀྱང་ཆོས་བསྐོར་རོ།)བར་ལ་དགོན་པ་ཡོད་དེ་ཀུན་ར་ཟེར་བའི་རྒྱུ་མཚན་ལས་རྟོགས་ཤིང༌། སྔོན་སངས་རྒྱས་གསང་བའི་རྒྱུད་དཔུང་བཟང་གསང་བ་སྤྱི་རྒྱད། བསམ་གཏན་ཕྱི་མ། རྣམ་སྣང་མངོན་བྱང༌། ཕྱག་རྡོར་དབང་བསྐུར་སོགས་བོད་ལ་བྱ་སྤྱོད་རྒྱུད་ཀྱི་བཤད་གྲ་དང༌། དཀྱིལ་ཆོག་ཕྱག་ལེན་བཤད་པ་ལག་ལེན་དགོན་གནས་འདིར་རང་དགའ་ཟེར་ཞིང༌། དགོན་གནས་དེ་ནས་བྱ་སྤྱོད་རྣལ་འབྱོར་དང་བཅས་པའི་རྒྱུད་མན་ངག་ཕྱོགས་སྒྲིག་ཕྱག་ལེན་དང་བཅས་དབུས་གཙང་ཁམས་གསུམ་ལ་སོ་སོར་ལྗོན་ཤིང་གི་ཡལ་ག་ལྟ་བུར་གྱེས་ཤིང༌། ལྗོན་ཤིང་གི་རྩ་བའམ་སྡོང་པོ་ལྟ་བུའི་དགོན་ནས་དེ་ཡིན་པས་སྡོང་ཞེས་རྒྱུ་མཚན་བཏགས་མིང་དུ་དགའ་སྡོང་ཡང་ཟེར། ཡང་ན་རི་རྟ་སྒ་འདྲ་བའི་གདོང་གནས་ཡོད་པས་སྒ་གདོང་ཡང་ཟེར། པ་སྣམ་དགའ་སྡོང་བསྟན་པ་སྔ་དར་གྱི་དགོན་གནས་ཁྱད་པར་ཅན་བྱིན་རླབས་ཀྱི་གཟི་འོད་འཕྲོ་བའི་གནས་གཞི་ཡིན་ཏེ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་(ཁྲི་སྲོང་གི་ཡབ་མེས་ཨག་ཚོམ་གྱི་དུས་ཡིན་པ་རྒྱལ་རབས་ཁུངས་ན་ཡོད།) གྱི་སྐབས་སློབ་དཔོན་སངས་རྒྱས་གསང་བ་གངས་ཏི་སི་ན་བཞུགས་དུས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སློབ་དཔོན་སངས་རྒྱས་གསང་བ་སྒྲུབ་པ་མཛད་ཅིང་བཞུགས་པ་གསན་ནས་སྤྱན་འདྲེན་(དང་པོ་སློབ་དཔོན་སངས་རྒྱས་ཞི་བ་གཉིས།) ལ་བརྫངས་པས། (སྤྱན་འདྲེན་མི་གཉིས་ལ་ཡང་པཱ་ཚབ་ལོ་ཙཱ་བ་ཡོད་དོ།


TNT23_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་བྱོན་པར་ཆོས་རྣམས་སློབ་དཔོན་སངས་རྒྱས་གསང་བའི་དྲུང་དུ་བསྒྱུར་ནས་རྒྱལ་པོ་ལ་སྐྱེས་སུ་བསྣམས་བྱོན་པ་ཡིན། ཕྱི་ནང་གཉིས་ཀྱི་ལག་ལེན་མང་པོ་ཀུན། །གཅིག་ཀྱང་མ་ལུས་དགོས་པ་ཐམས་ཅད་བརྫངས། །གཟིགས་རྟོགས་མཛོད་ལ་གཞན་ལ་ཤོ་རེ་རེ། །ཞེས་བང་ཆེན་གཉིས་ལ་ཕྱི་ནང་གཉིས་ཀྱི་དབང་གདམས་པ་རྣམས་གསུངས་ཤིང༌། ཆོས་རྣམས་བསྒྱུར་ཟེར་བས་བོད་ཀྱི་དཔེ་དང་དབང་གདམས་པ་ཆོས་དང་བཅས་རྒྱལ་པོ་དང་རབ་བྱུང་དགེ་བཤེས་རྣམས་ལ་སྐྱེས་སུ་ཕུལ་བ་ཡིན་ཞིང༌། དེ་ལྟ་བུའི་དབང་ཆེན་གཉིས་ཀྱི་གཙོ་བོ་པཱ་ཚབ་ལོ་ཙཱ་བ་ཚུལ་ཁྲིམས་བཟང་པོ་ཡིན།)སློབ་དཔོན་གྱི་གསུང་ལས། ཡས་ཀྱི་ས་གནས་བདག་འདྲ་སྤྱན་འདྲེན་པ། །སྐུ་གཉེར་ལགས་ཏེ་བདག་ལ་དབང་མ་མཆིས། །འཕགས་པ་འཇམ་དཔལ་ཞལ་ནས་བོད་ཡུལ་དུ། །ཁྱོད་ཀྱིས་ཕྱིན་ན་སྲོག་དང་བྲལ་བར་གསུངས། །བདག་ལ་དབང་མེད་ཁྲི་ལན་སྐྱེས་ལན་དུ། །མན་ངག་ཡོ་ག་ཨ་བ་ཏ་ར་བརྫངས། །བང་ཆེན་མི་གཉིས་པོ་ཡི་བརྩེ་ལན་དུ། །མངོན་པར་བྱང་ཆུབ་པ་ཡི་ཏན་ཏྲ་བཤད། །ཕྱི་ནང་གཉིས་ཀྱི་ལག་ལེན་མང་པོ་ཀུན། །གཅིག་ཀྱང་མ་ལུས་དགོས་པ་ཐམས་ཅད་བརྫངས། །གཟིགས་རྟོགས་མཛོད་ལ་གཞན་དུ་ཤོ་རེ་རེ། །སྒྲུབ་ཐབས་ཀྱི་ཚད་རྣམ་པར་བཞུགས་པ་རྒྱུད་ཀྱི་དོན་ལ་འཇུག་པ་རྡོར་དབྱིངས་སྒྲུབ་ཐབས་དང༌། རྣམ་སྣང་མངོན་བྱང་བསྡུས་དོན། བསམ་གཏན་ཕྱི་མའི་འགྲེལ་པ་དང་གསུམ་བསྐུར། སླར་ཡང་རྒྱལ་པོས་དབས་ཐེ་ལེན་དང་སློབ་དཔོན་བྲན་ཀ་མུརྟི། དབའས་མཉྫུ་ཤྲཱི་གོ་ཆ་དང་དེ་རྣམས་ཀྱི་ལོ་ཙཱ་བ་མྱང་སྨད་དགའ་བ་སྡོང་ནས་པ་ཚབ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་པོས་སྤྱན་དྲངས་པ་གངས་ཏི་


TNT23_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

སེར་བྱོན་ནས་གཙོ་བོར་སྤྱོད་རྒྱུད་མངོན་པར་བྱང་ཆུབ་པ་ཁྲོ་བོ་དམ་པ་རྒྱན་འཕྲེང་ལུང་སོགས་གསང་སྔགས་གསར་རྙིང་མང་དུ་བསྒྱུར་ཅིང་གཏན་ལ་ཕབ་པའི་ལོ་ཙཱ་བ་མཆོག་ཏུ་གྱུར་པ་པཱ་ཚབ་དེས་སློབ་དཔོན་སངས་རྒྱས་གསང་བའི་ལོ་ཙཱ་བྱས། ཆོས་ཟབ་མོ་དཔག་ཏུ་མེད་པ་བསྒྱུར་བའི་ལོ་ཙཱ་བ་པ་ཚབ་(འཁྲུངས་ཡུལ་མྱང་སྟོད་སྟག་རྩེའི་ནང་སྟག་ཚལ་ནས་ཡིན། བརྒྱུད་འཛིན་གྱི་གདུང་བརྒྱུད་ད་ལྟ་ཡོད་བཞིན་པ་ཡིན་ནོ།)ཚུལ་ཁྲིམས་རྒྱལ་པོ་ཞེས་པ་བཞུགས་པའི་མཐིལ་པ་སྣམ་རྫོང་རྩེ་དང༌། ཆོས་འཆད་པའི་དགོན་པ་དགའ་སྡོང་དེ་ཡིན། དཔལ་ལྡན་བླ་མ་དམ་པས་དགེ་བའི་བཤེས་གཉེན་སོ་སོ་ལ་གནང་བའི་ཆབ་ཤོག་ལས་བླ་མ་དམ་པ་ཉིད་དགའ་སྡོང་དུ་བཞུགས་སྐབས་ཉ་དབོན་ལ་བཀའ་ཤོག་གནང་བའི་དབུ་ན་རྒྱལ་བའི་མྱུ་གུ་བསམ་བཞིན་སྐྱེ་ཞེས་པའི་སྔོན་དུ་ཆོས་རྒྱལ་རིང་ལུགས་རྨ་མེད་གང༌། མཛད་པའི་སྙིང་པོ་བསྟན་པའི་རྩ་ལག་མཆོག །རྟེན་དང་བརྟེན་བཅས་དགའ་བའི་སྡོང་ཉིད་དང༌། །ཕྱིས་དུས་བསྟན་རྩ་འདུལ་བ་བདུད་རྩིའི་བཅུད། །གཅིག་འདུས་འཁྱིལ་བ་སླར་ཡང་དགའ་སྡོང་ཞེས། །དམ་པའི་གནས་ནས་འཕྲིན་ཡིག་ཨུཏྤ་ལ། །ལེགས་བཤད་གེ་སར་གཏམ་གྱིས་ཕྱུག་པ་ཞིག །དགེ་བཤེས་ཀུན་དགའི་གཙུག་གི་རྒྱན་དུ་སྤྲོས། །ཞེས་དང༌། བསྟན་པ་ཕྱི་དར་ལ་སོགས་འདུལ་འཛིན་ལ་འདུལ་བ་བསླབས། གཞན་ཡང་སྣེ་བོ་གྲགས་རྒྱལ་ལ་ཡང་གསན་པ་རྒྱ་ཆེར་མཛད་པའི་རྒྱ་འདུལ་བ་འཛིན་པ་ཆེན་པོ་དེས་སྨད་འདུལ་གྱི་བཤད་རྒྱུན་ཀླུ་མེས་


TNT23_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་ཆེ་སྟེ་ཀླུ་མེས་རང་ལ་གཟུས་ཀྱི་ཐུག་ཅིང་ཆོས་གསན། ཁྱད་པར་ཀླུ་མེས་ཀྱི་དངོས་སློབ་གྲུ་མེར་གྱི་སློབ་མ་རླུང་སྐྱོགས་གཟུས་གསུམ་གྱི་ནང་ཚན་གཟུས་རྡོ་རྗེ་རྒྱལ་མཚན་གྱི་སློབ་མ་གསུམ་དང༌། ཁྱད་པར་སྐམ་གསལ་བའི་སྙིང་བུ་བརྟེན་པའི་རྒྱ་འདུལ་བ་འཛིན་པ་དབང་ཕྱུག་ཚུལ་ཁྲིམས་ཀྱི་དགུང་ལོ་སོ་ལྔ་ནས་བརྒྱད་ཅུ་རྩ་ལྔའི་བར་ལ་འཆད་ཉན་རྒྱ་ཆེན་པོ་ཁོ་ན་མཛད་པ་དགའ་སྡོང་འདི་ཡིན་ཞིང༌། གྲྭ་པ་འདུལ་བའི་བཤད་ཉན་འཕེར་བ་སྟོང་ལྷག་བྱུང་སྟེ་བོད་ཡུལ་དུ་འདུལ་བའི་བཤད་གྲྭ་རྣམས་དང་འདུལ་འཛིན་གསེར་རིའི་ཕྲེང་བ་ལྟ་བུ་བྱོན་པ་རྣམས་ཕལ་ཆེར་མཆེད་པའི་ས་ཡུལ་ཡང་དགའ་སྡོང་འདི་ཡིན་ཞིང༌། སློབ་མ་དེ་རྣམས་ཀྱི་ནང་ནས་མཆོག་གྱུར་ཀ་བ་བཞི་གདུང་མ་བཅུ་ལས་ཀ་བ་བཞི་ནི་རྨ་བྱ་བྱང་རྡོར། མཐའ་བཞི་འདུལ་འཛིན། (མཐའ་བཞི་འདུལ་འཛིན་ནི་མཐའ་བཞི་བརྩོན་འགྲུས་འབར་གྱི་གནས་གཞི་འུ་ཕུག་ཡིན།)མདའ་འདུལ་འཛིན། (གནས་གཞི་མདོག་ལམ་ཡིན།)ཇོ་གདན་ནག་པོ་དར་ཚུལ། (ཕྱིས་གནས་གཞི་ཡར་ལུང་ཚ་མོ་རང་ཡིན།) སོགས་གདུང་མ་བཅུ་སོགས་བསམ་གྱིས་མི་ཁྱབ་པ་བྱུང་ཞིང༌། རྒྱ་འདུལ་བ་འཛིན་པ་དབང་ཕྱུག་ཚུལ་ཁྲིམས་འཁྲུངས་ཡུལ་མྱང་སྟོད་མང་རབ་པ་ཡིན་ནོ། །དགེ་བཤེས་དོལ་པ་ཆེན་པོས་ཀྱང་དགའ་སྡོང་དུ་ཕེབས། རྒྱ་འདུལ་བ་འཛིན་པ་དབང་ཕྱུག་ཚུལ་ཁྲིམས་ལ་འདུལ་བ་མཐིལ་ཕྱིན་པ་བསླབས། མདོ་རྩ་ཐུགས་ནས་བཏོན། ཟུར་ཆད་པ་ཡང་མཛད། རྒྱ་འདུལ་བ་འཛིན་པ་བརྩོན་འགྲུས་འབར་


TNT23_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཀྱང་དང་པོར་སོག་འདུལ་འཛིན་ཚུལ་ཁྲིམས་བླ་མ་བསྟེན། བར་དུ་དགའ་སྡོང་དུ་ཕེབས། རྒྱ་འདུལ་འཛིན་བསྟེན། མཐའ་མར་རྨ་ཚོ་བྱང་རྡོར་བསྟེན་ནོ། །སྟེང་ལོ་ཙཱ་བ་ཚུལ་ཁྲིམས་འབྱུང་གནས་དགུང་ལོ་བཅོ་ལྔ་ལ་པ་སྣམ་དགའ་སྡོང་དུ་རྒྱ་འདུལ་འཛིན་ལ་རབ་ཏུ་བྱུང༌། བཅུ་དགུ་ལ་དགའ་སྡོང་དུ་རྒྱས་མཁན་པོ་མཛད་ནས་བསྙེན་རྫོགས་སྒྲུབ་སྐབས་སུ་དགའ་སྡོང་གི་བྱམས་པས་ཁྱོད་རྒྱ་གར་ལ་སོང་དང་བསྟན་པ་དང་འགྲོ་བ་ལ་ཕན་ཆེའོ་ཞེས་གསུང་བྱོན་པ་ལྟར་རྒྱ་གར་དུ་ཕེབས། སྤྱིར་ཆོས་ཚུལ་མཐའ་དག་ལ་བྱང་ཆུབ་པར་ཐུགས་སུ་ཚུད་པར་མཛད་ཅིང༌། ཁྱད་པར་རྒྱ་གར་ཤར་ནུབ་གུང་གསུམ་ལ་ཆུ་བོ་ལྟར་མྱུལ་བར་མཛད། བསྟན་པའི་འཁུར་ཆེན་ཕྲག་པར་བཞེས་པའི་དཀའ་བ་བརྒྱ་ཕྲག་དང་དུ་བླངས་དེ་རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་ལུང་རྒྱུན་ལེན་པར་མཛད་ནས་བོད་ཡུལ་དུ་སྤེལ་བས། ད་ལྟ་བཀའ་འགྱུར་གྱི་ལུང་བཞུགས་པ་དེ་སྟེང་ལོའི་བཀའ་དྲིན་ནོ། །དེ་ནས་བྱམས་པའི་སྐུ་འདི་ཐོག་སྔ་མོ་ནས་དགའ་སྡོང་ན་བཞུགས་པར་སེམས་སོ། །དགའ་སྡོང་གི་བྱམས་པ་རྒྱ་གར་ཤར་ལི་རྩོད་བྲལ་གྱི་བྱོན་ལེགས་པ་བྱིན་རླབས་ཀྱི་གཟི་འོད་འཕྲོ་བ་འདིའི་ལོ་རྒྱུས་ཟུར་ན་ཡོད། གངས་ཅན་ཡོངས་ལ་གྲགས་པའི་མཁས་པ་ཆེན་པོ་དབྱར་ཉི་མ་བརྩོན་འགྲུས་ཀྱི་དགའ་སྡོང་གི་མཁན་པོ་མཛད་ནས་འཆད་ཉན་རྒྱ་ཆེན་པོའི་ཆོས་འཁོར་བསྐོར་བ་མཛད་པ་ཡང་དགའ་སྡོང་འདི་ཉིད་ཡིན་ནོ། །དབྱར་ཉི་ལ་སྣར་ཐང་པ་རིགས་རལ་གྱིས་གསན་པ་རྒྱ་ཆེན་པོ་


TNT23_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་དང༌། ཐུགས་གཉེར་ལ་ཤིན་ཏུ་བརྩོན་པའི་ཐོས་པ་མཛད་ས་ཡང་དགའ་སྡོང་ཡིན་ཞིང༌། རིགས་རལ་ལ་འདིར་བསྙུན་མཛེ་ཡང་བྱུང་ངོ༌། །ཁ་ཆེ་པཎྜི་ཏ་ཆེན་པོའི་མཁན་བུ་ཡིན་ལ་ཆོས་ཀྱང་རྫོགས་པར་གནང་ཞིང༌། མཁན་བརྒྱུད་ཀྱི་གདན་ས་འཛིན་པ་པོ་ལྷོ་བྲག་པ་བྱང་ཆུབ་དཔལ་ཡིན་ལ་མཁན་བུ་བདེ་བ་དཔལ་བཟང་པོས་དགའ་སྡོང་དུ་དབྱར་ཉི་མ་བརྩོན་འགྲུས་ལ་ཕར་ཕྱིན་གསན་ཞིང་མདོ་ཆོག་ལེགས་པར་སྦྱངས། སྟན་གཅིག་པའི་བརྟུལ་ཞུགས་ལ་གནས་པའི་མཁན་བརྒྱུད་ཀྱི་གདན་ས་བཟུང༌། མཁན་པོ་བདེ་བ་དཔལ་འདི་ལ་བྱ་ཆད་ཁ་བ། སེ་སྤྱིལ་ལས་རིམ་བརྒྱུད་སློབ་དཔོན་ཡོན་ཏན་དཔལ་དེས་མཁན་པོ་བདེ་བ་དཔལ་ལ་བློ་སྤྱོང་དོན་བདུན་མའི་བཀའ་བབས་སོ། །གཏུམ་སྟཽན་བློ་གྲོས་གྲགས་ཀྱི་ཐུགས་གཉེར་མཛད་ས་ཡང་དགའ་སྡོང་ཡིན། དགའ་སྡོང་དུ་རྒྱ་འདུལ་ལ་རྭ་ལོས་འབུམ་གྱིས་སྣ་དྲངས་འབུལ་བ་དང༌། རྒྱ་སོགས་ཀྱི་ཆོས་འཁོར་བཙུགས་སོ། །མཁས་གྲུབ་མང་པོས་བྱིན་གྱིས་བརླབས་པའི་གནས་དགའ་སྡོང་གཙུག་ལག་ཁང་དུ་དཔལ་ལྡན་བླ་མ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོའི་མཁན་པོ་མཁྱེན་བརྩེའི་དབང་ཕྱུག་ཉ་དབོན་དུ་གྲགས་པས་སློབ་དཔོན་མཛད། གྲུབ་ཆེན་ཀུན་བློ་དགུང་ལོ་བརྒྱད་པ་ལ་རབ་ཏུ་བྱུང༌། ས་ཧོར་ཡོན་མཆོད་ཀྱིས་བོད་ཁྲི་སྟོང་ལ་སོགས་བཅས་པ་ནི། ཁྲི་སྟོང་རྐང་གྲངས་ཅུང་ཟད་ནི། ཞེས་དབུས་གཙང་མངའ་རིས་གསུམ་ལུས་ཀྱི་རྣམ་པ་བྱས། ཡན་ལག་ཁྲི་སྐོར་བཅུ་གསུམ་ལས་གཙང་


TNT23_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དྲུག །དབུས་ལ་དྲུག་གཙང་མིན་དབུས་མིན་ལ་ཁྲི་སྐོར། ཁྲི་སྐོར་རེ་རེ་ལ་ལྷ་སྡེ་སྟོང་སྐོར་བཞི་ཡོད། ཁྲོ་ཕུ་བ། སྣར་ཐང་པ། བར་སྡིངས། དཔལ་སྡིང་དང་གྲང་ཕུ་ལུང་པ་གཉིས་གཅིག་ཏུ་བསྡོམས་པས་སྟོང་གཅིག །སྟོང་བཞི་སྟེ་ཆུ་ཕྱོགས་སྟོང་སྐོར་ཟེར། ཞལ་ཕྱོགས་སྟོང་སྐོར་བཞི་ནི་ཐར་པ། གནས་རྙྀང༌། དགའ་སྡོང༌། བར་ཕྱར་སྟོང་སྐོར་རེ་རེའོ། །ཞེས་དགའ་སྡོང་པ་ལ་སྟོང་སྐཽར་གཅིག་བཅས་སོ། །ཞྭ་ལུ་བའི་ཀ་བ་བཞི། གདུང་མ་བརྒྱད། བྱང་དུ་སེང་གེ་རལ་པ་ཅན་དང་དགུ། ལྕམ་བདུན་ཅུ་ཐམ་པ་ཞེས་ཡོངས་སུ་གྲགས་པའི་དགའ་སྡོང་དམ་པ་ཆོས་ཀྱི་ཀ་བ། ཀུ་རི་བྱ་སྐྱུས་ཁ་དྲག་དཔུང་པའི་ཀ་བ། གཡུས་སྒྱུ་མ་ནོར་གྱི་ཀ་བ། ནེ་སེར་མཐུའི་ཀ་བ། གདུང་མ་བརྒྱད་ནི་ཤར་དུ་ཀྱི་གྲུ་ཤ བྱར་ཚངས། ལྷོར་འོར་མུག་པ། འབྲི་མཚམས། ནུབ་ཏུ་སྡོག །བྱང་དུ་གཉན་རྗེ་འབངས་ཅོག་རོ་སྤན་ནོ། །བྱང་གི་སེང་གེ་རལ་པ་ཅན་འུ་ཡུག་གོས་སྔོན་ཅན་གྱི་ལུང་པ་ཡིན་ནོ། །མི་ཏྲ་ཛོ་ཀིས་ཤཱ་རི་པུ་ཏྲ་ལ་གསུངས་པའི་ཆོས་དྲུག་ཁྱད་པར་བཀའ་བབས་པའི་ཤཱ་རི་པུ་ཏྲའི་སློབ་མ་མི་ཉག་གྲགས་པ་རིན་ཆེན་གྱིས་དགའ་སྡོང་གི་མཁན་པོ་མཛད་ནས་བཤད་གྲྭ་རྒྱུན་རིང་བསྐྱངས་པས་བཀའ་དྲིན་འདི་མཆོག་ཏུ་ཆེའོ། །སྟག་གཟིག་གི་བྲག་ལ་སློབ་དཔོན་པད་མའི་སྒྲུབ་ཕུག་བྱིན་རླབས་ཅན་ཡོད། པ་སྣམ་གྱི་ལྷོ་བརྒྱུད་ནས་ཀརྨ་པ་རང་བྱུང་རྡོ་རྗེའི་སྒྲུབ་པ་མཛད་པའི་


TNT23_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

གཟིམ་ཕུག་ཐར་པའི་གོང་ཙམ་ན་སྤོ་ཐོ་ལེ་ཡོད་དོ། །སྤྱིར་པ་སྣམ་ལུང་པའི་ས་ཁོངས་ན་རི་བཀྲ་ཤིས་པ་བརྒྱ་རྩ། ཆུ་མིག་རྟགས་མཚན་ཅན་བརྒྱ་རྩ། ཤིང་སྣ་བརྒྱ་རྩ། རྩྭ་སྣ་བརྒྱ་རྩ། དགོན་པ་བརྒྱ་རྩ་ཡོད། དཔའ་བོ་བརྒྱ་རྩ་ཡོད། དཔའ་མོ་བརྒྱ་རྩ་ཡོད་པས་ཡུལ་ལྗོངས་ཁྱད་པར་དུ་འཕགས་ཟེར་རོ། །དགོན་པ་ཕལ་ཆེར་འབྲུག་པ་རྒྱལ་དབང་རྗེའི་སློབ་མ་རྟོག་ལྡན་ལྷ་བཙུན་པས་དགོན་པ་བརྒྱ་རྩ་བཏབ་ཟེར་བས་དགོན་པའི་ནང་ཚན་ཤས་ཆེར་མང་བ་ཙམ་ཡོད་དོ། །དགོན་གནས་ཁྱད་པར་ཅན་པའི་ལོ་རྒྱུས་ཞིབ་ཙམ་བཤད་ན། མཐུ་སྟོབས་ཀྱི་དབང་ཕྱུག་དཔྱལ་རཏྣ་ཤྲཱི་ལ་སྲས་ལྔའི་གཅུང་ཆུང་ཤོས་མཁན་པོ་འཕགས་པ་དབང་ཕྱུག་གི་སྲས། དཔྱལ་པེ་ཙ་དམར་བ་རུ་དང་འོད་གསལ་པོ། པེ་ཙ་དམར་རུས་སྨན་ལུང་ན་ཞང་ཅོག་ཏུ་བྱང་ཆུབ་འབྱུང་གནས་བཞུགས་པ་དེར་སློབ་གཉེར་ལ་བྱོན། ཞང་གིས་དཔྱལ་འབྱུང་གནས་རྒྱལ་མཚན་དུ་བཏགས། ལང་འགྲོ་དཀོན་མཆོག་འབྱུང་གནས་དང་ལྷན་དུ་ཆོས་གསང་སྔགས་སྔ་འགྱུར་གྱི་རྒྱུད་འགྲེལ་སྒྲུབ་ཐབས་ལས་བྱང་དང་བཅས་ཁྱད་པར་ཡང་དག་ཐུགས་(རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སློབ་དཔོན་ཧཱུྃ་ཀ་ར་རྒྱ་གར་ནས་བོད་དུ་སྤྱན་དྲངས་ཀྱང་མ་འདྲོངས་པར་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སྣུབས་ནམ་མཁའ་སྙིང་པོ། འབྲེ་རྒྱལ་བའི་བློ་གྲོས། བསྒྱུར་བའི་ལོ་ཙཱ་བ་ཡང་འབྲེ་དཀོན་མཆོག་འབྱུང་གནས་སོགས་དགེ་སློང་མི་ལྔ་བརྫངས། རྒྱ་གར་སློབ་དཔོན་ཧཱུྃ་ཀ་ར་དང་མཇལ། ཡང་དག་པའི་ཆོས་སྐོར་རྣམས་གསན་བསྒྱུར་མཛད་པའི་


TNT23_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཙཱ་བ།) ཀྱི་སྒྲུབ་པ་གཙོ་བོར་བྱེད་པ་མཆིམས་ཕུའི་ཕྱག་བཞེས་དང་བཅས་དགུ་སོགས་མཐར་ཕྱིན་པར་བསླབས་སོ། །སྨན་ལུང་དེ་ཞང་ན་རིམ་གྱིས་བཟུང༌། ཞང་ཅོག་ཏུ་བྱང་ཆུབ་འབྱུང་གནས་ཀྱི་ཞལ་བཀོད་མཛད་པར། དཔྱལ་འབན་འབྱུང་གནས་རྒྱལ་མཚན་འདི། །ང་དང་དགོངས་པ་གཉིས་པ་ལ། །གྲུབ་ཐོབ་བརྒྱུད་པ་མང་བྱུང་བས། །ང་ཡི་གདན་ས་འདི་ཡིས་བཟུང༌། ཞེས་སོ། །སླར་པེ་ཙ་དམར་རུའི་ཞང་གི་སློབ་མ་མཆོག་ཟ་རི་ཡེ་ཤེས་འཕགས་པ་བརྒྱུད་དྲུག་ལེ་ལག་བཅུ་གཉིས་ཕྲ་མོ་ཉི་ཤུ་རྩ་བཞི་མཆིམས་ཕུའི་ཕྱག་བཞེས་དགུ་སོགས་མཐིལ་ཕྱིན་བསླབས་སོ། །དེ་སྨན་ལུང་ན་སྲས་སུམ། (ཡུམ)བཅུ་བདུན་གསེར་ཆོས་ཀྱི་པུ་ཏི་སུམ་ཅུ་བཞེངས་ཡོད། པེ་ཙ་དམར་རུས་ར་ཛ་གད་ཐོག་གི་མཆོད་རྟེན་དཀར་པོ་བཞེངས། ཡང་པེ་ཙས་སྨྲི་ཏི་སྨན་ལུང་དུ་སྤྱན་དྲངས། སྒྲ་ཚད། སྒྱུ་འཕྲུལ་དྲྭ་བ་ཁྲི་དྲུག་སྟོང་པ་དང༌། དེའི་སྙིང་པོ་མཚན་བརྗོད། དེའི་འགྲཻལ་པ་བར་མ་ལ་སོགས་གསན་ཞིང་བསྒྱུར་རོ། །ལོ་ཙཱར་གྲགས་སོ། །པེ་ཙས་དགུང་ལོ་བདུན་ཅུ་པ་ལ་སྨན་ལུང་འཕྲུལ་གྱི་ལྷ་ཁང་བཞེངས་པ་རྒྱའི་གཙུག་ལག་ཁང་གནམ་གྱི་ཐེའུ་ལ་དཔེ་བྱས་བྱ་སྐྱིབས་ཉིས་རིམ། རྒྱ་ཕིབས་རྩེ་མོ་ལྔ་ལ་གསེར་ཏོག །རྟེན་གཙོ་རྣམ་པར་སྣང་མཛད། དུས་མཆོད་པྲ་ཏི་ཧ་ར་བཙུགས་སོ། །པེ་ཙའི་སྲས་གསལ་རབ་དང་མཆོག་རབ་གཉིས། སྲས་རབ་ཀྱི་སྲས་གསུམ་གྱི་མཐའ་ཆུང་ཆོས་ཀྱི་གྲགས་པས་སྨན་ལུང་ལྷ་ཁང་


TNT23_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཁྱམས་དང་སྒོ་ཁང་བརྩིགས། དེས་བསེ་ཕུག་གི་ཀུན་དགའ་རྭ་བ་བཞེངས་ཤིང་བྱམས་མཆོད་བཙུགས། པེ་ཙའི་སྲས་གསལ་རབ་ཀྱི་སྲས་གསུམ་གྱི། གཅེན་རྒྱལ་བའི་བློ་གྲོས་ཀྱི་སྲས་མཆེད་གཉིས་ལས་ཆེ་བ་བསོད་ནམས་རྒྱལ་མཚན་གྱིས་བལ་པོར་ཕམ་མཐིང་བ་འཇིགས་མེད་གྲགས་པས། (དཔལ་ན་རོ་པ་ཆེན་པོས་བདེ་མཆོག་དང་དགྱེས་རྡོར་བཀའ་བབས་པའི་སློབ་མ་ཕམ་མཐིང་པ་སྐུ་མཆེད་བཞིའི་ཆེ་བ་ཡིན་སྟེ་ལོ་བཅུ་གཉིས་འབྲལ་མེད་དུ་ན་རོ་པ་སྟེན་པ་ཡིན། དེའི་འོག་ཕམ་མཐིང་པས་ན་རོ་པ་ལོ་དྲུག་བསྟེན། དེའི་འོག་ཕམ་མཐིང་པས་ན་རོ་པར་ལོ་གསུམ་བསྟེན།) དགྱེས་རྡོར་ཡབ་ཡུམ་བཀའ་བརྒྱུད་གསུམ་འགྲེལ་པ་བཅོ་ལྔ། གཞན་ཡང་བདེ་མཆོག་སོགས་གདམས་པ་ཁྱད་པར་ཅན་མང་དུ་བཀའ་བབས་པས་ལྷུག་པར་གནང་ཞིང་བསྒྱུར་བས་བདེ་མཆོག་དཔྱལ་འགྱུར་དུ་གྲགས། སྨན་ལུང་དུ་དངུལ་གྱི་རྡོ་རྗེ་སེམས་དཔའི་སྐུ་གར་བུ་མི་ཚད་ཙམ་བཞེངས་སོ། །བླ་མ་ཆེན་པོ་བསོད་ནམས་རྒྱལ་མཚན་གྱི་སྲས་བླ་མ་ཀུན་དགའ་རྡོ་རྗེ་ནི་རྒྱ་གར་པཎ་ཆེན་གནས་ལྔ་རིག་པ་པཎྜི་ཏ་ཨ་མ་ར་ཙནྡྲ། སུ་ཀ་ཤྲཱི་བྷ་དྲ་ལ་སྒྲ་ཚད། དགྱེས་རྡོར་བདེ་མཆོག་དང་དུས་འཁོར་སོགས་རྒྱུད་འགྲེལ་མང་པོ་གསན། ཁྱད་པར་བླ་མ་ཧ་ངུ་དཀར་པོ་ལ་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་གཞུང་དྲུག་སྦྱིན་བསྲེག་དང་བཅས་གདམས་པ་ཞུས་གྲུབ་པས་ཡི་དམ་ཞལ་གཟིགས། དངོས་གྲུབ་གནང༌། གནས་སྨན་ལུང་གི་ས་ཡུལ་ལུང་བསྟན། བླ་མ་ཧ་ངུ་མཉེས། གསུང་གི་རྟེན་དུ་ཕག་མོའི་སྐོར་གྱི་རྒྱ་དཔེ་གནང༌། སྐུའི་རྟེན་དུ་


TNT23_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཕག་མོའི་སྐུ་ཐང་གནང༌། དམ་ཚིག་མི་འབྲལ་བའི་རྟེན་དུ་ཐོད་སྐུ། རུས་རྒྱན། ཏིང་ཤག་སོགས་བྱིན་རླབས་ཀྱི་དམ་ཚིག་གནང༌། སླར་ཡང་ལུང་ཡང་བསྟན། དཔྱལ་པ་ཀུན་དགའ་རྡོ་རྗེ་པཎྜི་ཏ་སྟོང་ཉིད་ཏིང་འཛིན་བོད་ལ་གདན་དྲངས། ཁྱད་པར་སྨན་ལུང་དུ་གཞི་ཕབ་སྟེ་གསང་སྔགས་ཀྱི་ཆོས་སྐོར་མང་པོ་དང་མན་ངག་མང་པོ་ཞུས་ཤིང་བསྒྱུར་བ་ཤིན་ཏུ་མང་བར་ཡོད་རྣམས་ལ་དཔྱལ་བ་ཀུན་དགའ་རྡོ་རྗེའི་འགྱུར་དང་དཔྱལ་བའི་ཆོས་སྐོར་ཞེས་ཡོངས་སུ་གྲགས་སོ། །བླ་མ་ཀུན་དགའ་རྡོ་རྗེའི་སྲས་བླ་མ་ཀུན་དགའ་གྲགས་རྒྱ་གར་ཡུལ་དབུས་ལ་བྱོན། པཎ་ཆེན་མཁས་དགུའི་ཞབས་པད་ལ་གཏུགས། ལོ་བཅུ་གསུམ་བཞུགས། བོད་ལ་བྱོན་ཁར་རི་བྱ་རྐང་(དགྲ་བཅོམ་པ་འོད་སྲུང་ཆེན་པོའི་སྐུ་གསུང་བཞུགས་པའི་རི་བྱ་རྐང་དང་ཐོགས་མེད་ཀྱི་ལོ་བཅུ་གཉིས་པ་བྱམས་པ་སྒྲུབ་པའི་རི་བྱ་རྐང་དང་གཅིག་གོ) དུ་བླ་མ་དང་མཁའ་འགྲོ་ལ་ཚོགས་མཆོད་ཕུལ་གསོལ་བ་བཏབ། བཞིན་བཟང་དམ་པ་ཡིད་འོང་མ། །སྔོ་བསངས་རུས་སོགས་རྒྱན་གྱིས་སྤྲས། །སྐྲ་བཟང་གཟུགས་དང་ལང་ཚོར་ལྡན། །ཡེ་ཤེས་མཁའ་འགྲོ་དངོས་དང་མཇལ། །སྒྲུབ་པ་བྱས་ན་ཕུན་སུམ་ཚོགས། །སྒྲུབ་པའི་གནས་སུ་སྨན་ལུང་མཆོག །ས་ཡུལ་མཆོག་ཉིད་དེ་ཡིན་ནོ། །ཞེས་གནས་ལུང་བསྟན་ནོ། །བླ་མ་ཀུན་དགའ་རྡོ་རྗེའི་དྲག་པོ་རྩལ་གྱིས་རྒྱ་གར་དུ་པཎྜི་ཏ་བྲམ་ཟེ་དཔལ་འཛིན་(པཎྜི་ཏ་ག་ཡ་དྷ་ར་དང་ཆོས་སྐབས་གཅིག་ཏུ་གསན། འགོས་ཁུག་པ་ལྷས་བཙས་ཀྱི་གསང་འདུས་གསན་པའི་བླ་མ་ནག་


TNT23_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་དེ་ཡིན།) ལ་ནག་པོ་ཞབས་ཆུང་བ་སོགས་མང་བར་བསྟེན་ནས་ལོ་བཅུ་གཉིས་བཞུགས། དགྱེས་པ་རྡོ་རྗེའི་རྒྱུད་འགྲེལ་བསྒྱུར་བས་ན་དཔྱལ་འགྱུར་དུ་གྲགས་སོ། །བླ་མ་ཀུན་དགའ་རྡོ་རྗེའི་སྲས་གསུམ་གྱི་གཅེན་བླ་མ་དམ་པ་ལོ་ཙཱ་ཀུན་དགའ་གྲགས་ཀྱི་སྲས་ལྔའི་བར་པ་དཔྱལ་ལོ་ཆོས་བཟང་གིས་རྒྱ་གར་དུ་པཎ་གྲུབ་མང་པོ་བསྟེན། ཆོས་མང་པོ་གསན། རྒྱ་གར་གྱི་རྒྱལ་པོ་ཆེན་པོ་དང་མཁས་པ་རྣམས་ཀྱི་བཀའ་ནན་ལྗི་བས་རྒྱ་གར་དུ་བཞུགས་པར་ཐག་བཅད་སྐབས། འཕགས་པ་རིན་ཆེན་དབང་ཕྱུག་གི་ཞལ་དངོས་སུ་གཟིགས་ཤིང༌། གནས་མཆོག་ཐར་པ་འདེབས་པར་བསྟན་པ་ནི། རྒྱ་གར་ཡུལ་དུ་དེ་ཙམ་གྱི། །ཆོས་ཚིག་དོན་ཆ་ལ་ངེས་ཐོབ་པས། །ད་འདི་རུ་མ་སྡོད་བྱང་ཕྱོགས་སོང༌། །དབྱིངས་ཐར་པ་ཆེན་པོ་གྲོང་ཁྱེར་དུ། །ཐར་པ་ཆེན་པོའི་ཐེམ་སྐས་ཚུལ། །ཀྱེ་འགྲོ་བ་དཔག་མེད་ཐར་པར་འགྲོ། །བསྟན་དང་འགྲོ་བའི་དོན་དུ་དེ་ཆེའོ། །ས་གང་ཡིན་གནས་བཞིའི་ཅོད་པཎ་མཛེས། །ཞེས་དགོན་གནས་བར་པའི་མིང༌། རྒྱ་ནག་ཡུལ་བསྟན་པ་དང་འགྲོ་བ་ལ་ཕན་པ་རྒྱ་ཆེན་པོར་འགྱུར་བའི་ལུང་བསྟན་ཐོབ་ཅིང༌། རྒྱ་གར་གི་པཎ་གྲུབ་རྣམས་ལ་དབང་དང་གདམས་ངག་ཟབ་མོ་ཐོབ། རྒྱ་གར་དུ་ལོ་བཅུ་གཉིས་བཞུགས། བོད་དུ་ཐར་པ་འདི་རི་ཁྲོད་ཀྱི་ཚུལ་དུ་ལུང་བསྟན་ལྟར་བཏབ་བོ། །ཁ་ཆེ་པཎ་ཆེན་སྤྱན་དྲངས་ནས་པཎ་ཆེན་ཤཱཀྱ་ཤྲཱིས་(ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲ་ལ་བོད་དུ་སློབ་མ་མཆོག་ཏུ་གྱུར་པའི་བཀའ་ཟབ་མོ་བབས་པ་ནི། ས་པཎ་ལ་ཚད་མའི་


TNT23_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བབས། བྱང་རྡོར་རྣམ་གཉིས་ལ་འདུལ་བའི་བཀའ་བབས། ཁྲོ་ལོ་བྱམས་པ་དཔལ་ལ་མན་ངག་གི་བཀའ་བབས། དཔྱལ་ལོ་ཆོས་བཟང་ལ་རྒྱུད་ཀྱི་བཀའ་བབས་སོ། །དཔྱལ་ལོས་ན་རོ་འགྲེལ་ཆེན་བསྒྱུར་བ་སོགས་རྒྱུ་འགྲེལ་མང་དུ་བསྒྱུར་རོ། )དགོན་པའི་མཚན་ཡང་དཔལ་བྱང་ཆུབ་ཐར་པ་གླིང་དུ་མཚན་གསོལ། རྡོ་རྗེ་གདན་ས་ཆེན་པོ་ཉིད་ལ་སྒང་བཛྲ་སྤྱན་དྲངས་ཡུན་དུ་ཐར་པའི་ས་ཡུལ་དུ་བཞུགས་སྐབས། བདེ་མཆོག་དབང་རྒྱུད་མན་ངག་དང་གཤིན་རྗེ་གཤེད་དམར་པོའི་སྐོར་རྣམས་ཞུས་ཏེ་བསྒྱུར་རོ། །ཐར་པའི་ས་ཡུལ་འདིར་བྱིན་གྱིས་བརླབས་སོ། །ལོ་ཙཱ་དཔྱལ་ཆོས་བཟང་གི་གཅེན་པོ་བ་སྟག་གི་སྲས་གསུམ་ལས་གཅེན་པོ་པད་མ་ཅན་གྱི་བླ་མ་ལོ་ཙཱ་བའི་ཐུགས་སྲས་སུ་གྱུར། གསང་(དཔལ་ན་རོ་པའི་ཐུགས་དམ་གྱི་རྟེན་གུར་རིགས་བསྡུས་ཀྱི་དཀྱིལ་ཐང་དང་རྡོ་རྗེ་ཕག་མོའི་སྐུ་ཐང་བྱིན་རླབས་ཅན་གཉིས་ཀྱང་དཔྱལ་ཆོས་བཟང་གིས་རྒྱ་གར་ནས་སྤྱན་དྲངས་པའོ། ) འདུས་རྒྱུད་བདུན་དགྱེས་རྡོར་རྒྱུད་གསུམ་པོ་རྒྱུད་མཐའ་དག་གི་བཀའ་གནང་ཞིང༌། ཐུགས་སུ་ཆུད་ནས་ཐར་པའི་གཙང་ཁང་ཁྱམས་དང་བཅས་བཞེངས། རྟེན་བྱང་ཆུབ་ཆེན་པོ་བཞེངས། བལ་པོར་དེའི་རྒྱབ་ཡོལ་བཞེངས་པ་སོགས་དེ་གསུམ་དུས་གཅིག་ལ་གྲུབ་པའི་ངོ་མཚར་བ། གཙུག་ལག་ཁང་རྡོ་རྗེ་གདན་དང་མཚུངས། གསེར་སྐུ་མ་ཧཱ་བོ་དྷི་དང་མཚུངས་ཞེས་རྒྱ་བོད་གཉིས་ཀར་གྲགས་སོ། །ཆོས་སྐུའི་རྟེན་གདུང་ཁང་བཀྲ་ཤིས་འོད་འབར་དང༌། འབུམ་ཁང་ཆེན་མོ་ཡང་བཞེངས། དེའི་དབོན་བརྒྱུད་


TNT23_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་རྒྱལ་མཚན་མཐུ་གཏད་གཟེར་གསུམ་ཐོགས་མེད་གྲུབ་པ་དེས་སྨན་ལུང་ནག་ཚང་བྱང་བཟུངས་སོ། །སློབ་དཔོན་ཨཱརྻ་རིན་ཆེན་གྱིས་སྨན་ལུང་ནག་ཚང་ལྷོ་བཟུངས་སོ། །དེའི་དབོན་བརྒྱུད་བླ་མ་དམ་པ་རིན་ཆེན་བཟང་པོས་ཀྱེ་རྡོར་གྱི་བློས་བསླངས་གཞལ་ཡས་ཁང་བཞེངས་ཤིང༌། བྱང་ཆུབ་ཆེན་པོའི་གདན་ཁྲི་བརྐོས་ལེགས་གསེར་གྱིས་བྱུགས་པ་མཛད་དོ། །དེ་རྗེས་ཐར་པ་ལོ་ཙཱ་བ་ཨ་མོ་གྷ་སིངྷ་དང༌། དེ་རྗེས་ཐར་ལོ་ཉི་མ་རྒྱལ་མཚན་གྱིས་རྒྱ་གར་རྡོ་རྗེ་གདན་གྱི་མཁན་པོ་ལོ་དྲུག་མཛད། རྒྱ་གར་ཤར་ནུབ་དབུས་འགྱུར་འཆང་རྣམས་ན་བོད་ཀྱི་བཙུན་གཅིག་མོར་གྲགས་པ་ཐུགས་དམ་ཟབ་མོའི་དོན་ལ་མངའ་བརྙེས་པ། འཇིག་རྟེན་གྱི་མིག་ཏུ་གྱུར་པ་དེས་བལ་པོའི་ནགས་གསེབ་ཏུ་སྒྲ་དབྱངས་ཀྱི་ཆོས་གསན། བོད་དུ་སློབ་མ་བསམ་གྱིས་མི་ཁྱབ་ཅིང༌། མཆོག་གྱུར་པ་རོང་པ་ཤེས་རབ་སེང་གེ་དང༌། རོང་པ་རྡོ་རྗེ་རྒྱལ་མཚན། བུ་སྟོན་ཐམས་ཅད་མཁྱེན་པ་རིན་ཆེན་གྲུབ་སོགས་སོ། །བུ་སྟོན་གྱིས་ལོ་ཙཱ་དེའི་ཞབས་དྲུང་དུ་ཟླ་བ་བཅུ་བཞིའི་རིང་བར་མ་ཆད་བསྟེན། ཟླ་བ་གཉིས་རེ་ཙམ་དང༌། གསུམ་བཞི་རེ་ཙམ་དང་བཅས་པ་ཡོངས་སུ་དྲིལ་བ་ལོ་བཞི་ལྷག་གི་བར་དུ་ཐར་པ་རུ་བཞུགས་ནས་གཙོ་བོར་སྒྲ་ཙནྡྲ་པའི་མདོ་འགྲེལ་དང་བཅས་པ་དང༌། ཕལ་པའི་ཚུལ་དུ་སྒྲ་ཀ་ལཱ་པའི་མདོ་འགྲེལ་པ་དང་བཅས་པའི་ཐུགས་སྦྱོར་མཐར་ཕྱིན་པར་མཛད། ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའི་གདམས་པ་དཔེ་མེད་མཚོའི་སྦྱོར་དྲུག་ལ་སོགས་པ་སྦྱོར་དྲུག་གི་


TNT23_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར། རྒྱུད་ཕྱི་མ་སོགས་དུས་འཁོར་གྱི་སྐོར། རྡོ་རྗེ་སྙིང་འབྲེལ་དང༌། ན་རོ་འགྲེལ་ཆེན་དང༌། བཟང་པོ་ཡོངས་གཟུགས་ལ་སོགས་ཀྱཻ་རྡོར་གྱི་སྐོར། རྡོ་རྗེ་མཁའ་འགྲོ་དང༌། ཕྱག་རྡོར་སྟོད་འགྲེལ་སོགས་བདེ་མཆོག་གི་སྐོར། གདན་བཞིའི་རྒྱུད་ལ་སོགས་གདན་བཞིའི་སྐོར་དང༌། གཤེད་དམར་བཅུ་གསུམ་ལ་སོགས་གཤིན་རྗེ་གཤེད་ཀྱི་སྐོར། གཞན་ཡང་མི་གཡོ་བླ་མེད་ལ་སོགས་པའི་རྒྱུད། དབྱངས་ཅན་དཀར་དམར་ལ་སོགས་པའི་སྒྲུབ་ཐབས་ལ་སོགས་པ་སྔགས་སྐོར་ཚན་ཆེན་པོ་གསན། གནད་ཀྱི་ཟླ་ཟེར་ལ་སོགས་པའི་མཚན་ཉིད་ཕྱོགས་སྙན་ངག་སྡེབ་སྦྱོར་ལ་སོགས་མང་པོ་གསན་ནོ། །ཐར་པའི་གཙུག་ལག་ཁང་གི་རྟེན་གཙོ་བྱང་ཆུབ་ཆེན་པོའི་སྐུའི་གཞོགས་གཡས་ལ་གོང་དུ་སྨོས་པའི་ལོ་ཙཱ་བ་བསོད་ནམས་རྒྱལ་མཚན་གྱིས་བཞེངས་པའི་དངུལ་སྐུ་རྡོ་རྗེ་སེམས་དཔའ་སྨན་ལུང་ནས་སྤྱན་དྲངས་པ། དེའི་གཞོགས་ན་དཔྱལ་ཆོས་བཟང་གི་ནང་རྟེན་ཐུབ་དབང་ཟངས་སྐུ་ཆེ་བ་དེའི་གཡས་ཕྱོགས་རིམ་བཞིན་འཇིམ་སྐུ་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲའི་སྐུ་པཎ་ཆེན་རང་གི་ཕྱག་ནས་མ་དབུ་ཞྭ་པཎ་ཆེན་རང་གིས་ངོ་མ་བསྣམས་པ། དཔྱལ་ལོ་ཆོས་བཟང་གི་སྐུ། དཔྱལ་ཉི་མ་རྒྱལ་མཚན་གྱི་སྐུ། དཔྱལ་འགྲོ་མགོན་ཀུན་དགའ་ཉི་མའི་སྐུ། སྤྱིར་ཐར་པ་ལ་ཆོས་ཀྱི་བཀའ་བབས་ཚུལ་བསམ་གྱིས་མི་ཁྱབ་ཀྱང༌། རག་པ་ཙམ་ལས་སྔ་འགྱུར་ལ་རྒྱུད་དྲུག་ལེ་ལག་བཅུ་གཉིས། ཕྲ་མོ་ཉི་ཤུ་རྩ་བཞི་


TNT23_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོ་ཡང་དག་ཐུགས་ཀྱི་སྒྲུབ་པ་བྱེད་པ་སོགས་མཆིམས་ཕུའི་ཕྱག་བཞེས་དང་བཅས་པ་དགུ ཁྱད་པར་ཕུར་པ་བསྐྱེད་རྫོགས་ཀྱི་ཉམས་ལེན། (དཔྱལ་ལུགས་ཕུར་པར་གྲགས་) གསར་མ་ལ་ཐར་པ་བའི་ཐུགས་དམ་ལྷ་བཞི། (དགྱེས་རྡོར་དང༌། བདེ་མཆོག །རྡོ་རྗེ་ཕག་མོ། གཤིན་རྗེ་གཤེད་བཅས་བཞིའོ།) དང༌། ཁྱད་པར་ལྷ་བཞིའི་ཆོས་སྐོར་གྱི་དབང་སྐུར་བྱིན་རླབས་དང༌། རྗེས་གནང་བཅས་པ་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་གཞུང་བདུན་ཞལ་གདམས་(བདེ་མཆོག་དཀར་པོ། ཕག་མོ་སེར་མོ། མཁའ་སྤྱོད་དམར་མོ། རྗེ་བཙུན་སེང་གེ་སྒྲ།) དང་བཅས་པའོ། །གནས་བཞི་སྨན་ལུང༌། (གནས་ཕྱོགས་སྨན་ལུང་དེར་)དཔལ་དགྱེས་པ་རྡོ་རྗེའི་བཀའ་སྲོལ་ཆེན་པོ་མི་འདྲ་བ་བཞི་བབས་ཏེ། དཔྱལ་ལོ་བསོད་ནམས་རྒྱལ་མཚན་གྱིས་བལ་པོར་ཕམ་མཐིང་པ་ཆེན་པོ་འཇིགས་མེད་གྲགས་པ་ལ་དགྱེས་རྡོར་ཡབ་བཀའ་ཡུམ་བཀའ་རྒྱུད་གསུམ་གྱི་འགྲེལ་བ་བཅོ་ལྔ་དང་གདམས་པ་ཁྱད་པར་ཅན་གསན་པས་ན་རོ་ཆེན་པོའི་བཀའ་སྲོལ་ལོ། །དཔྱལ་པ་ཀུན་དགའ་རྡོ་རྗེ་རྒྱ་གར་པཎ་ཆེན་གནས་ལྔ་རིག་པའི་པཎྜི་ཏ་ཨ་མ་ར་ཙནྡྲ་ལ་དགྱེས་རྡོར་རྒྱུད་འགྲེལ་སྐོར་ཚང་རྒྱས་གསན་པས་ཨ་མ་ར་ཙནྡྲ་མི་ཏྲ་པའི་བཀའ་སྲོལ་ལོ། །སྐྱེག་ཚ་རྡོ་རྗེ་དྲག་པོ་རྩལ་གྱིས་རྒྱ་གར་པཎ་ཆེན་བྲམ་ཟེ་དཔལ་འཛིན་ལ་དགྱེས་རྡོར་ཆ་ཚང་གསན་བས་པད་མ་བཛྲ་ཡི་བཀའ་སྲོལ་ལོ། །ཡང་སྐྱེག་ཚ་རྡོ་རྗེ་དྲག་པོ་རྩལ་གྱིས་ནག་པོ་ཞབས་ཆུང་བ་ལས་དགྱེས་རྡོར་གསན་པས་དམ་ཚིག་རྡོ་རྗེའི་བཀའ་སྲོལ་ལོ། །སློབ་དཔོན་ཡན་ལག་མེད་པའི་རྡོ་རྗེ་པད་མ་བཛྲ་ཨིན་དྲ་བྷི་ལཀྵ་མ་ཀི་(བྲམ་ཟེ་དཔལ་འཛིན་ག་ཡ་དྷ་ར་འབྲོག་མི་སོགས་ས་སྐྱ་བར་བབས་སོ། །རྡོ་རྗེའི་བཀའ་སྲོལ་ལོ།) ཐར་པ་དང་བཅས་པ་འདིར་བསྟན་པ་སྔ་དར་ཕྱི་དར་སོགས་ལ་


TNT23_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་གྲུབ་དཔག་ཏུ་མེད་པ་བྱོན་ནས་བསྟན་པ་རིན་པོ་ཆེ་སྒོ་དུ་མ་ནས་དར་ཞིང་རྒྱས་ལ། བསྟན་རྩ་དགེ་འདུན་དང་དེ་བཞུགས་པའི་གཙུག་ལག་ཁང་སོགས་འཕེལ་རྒྱས་སུ་བྱུང་བ་ཡིན་ཀྱང་ཕྱིས་དུས་ཞིག་ན་ཉམས་གྲིབ་ཙམ་བྱུང༌། དཔྱལ་བརྒྱུད་མ་ཉམས་པར་བཞུགས་ཀྱང་གནས་གཞི་སེར་ཁྱིམ་པ་ལྟ་བུའི་གནས་གོག་པོར་སོང་བ་སོགས་ཉག་ཕྲ་མའི་སྐབས་སུ་དཔྱལ་སྟོན་ཆེན་པོ་བསམ་བཞིན་དུ་སྐྱེ་བ་བཞེས་སམ་ཡང་ཟེར། གང་ལྟར་མཁྱེན་རབ་བློ་གྲོས་ཀྱི་རྒྱ་མཚོའི་རྫིངས་ཆེན་པོ་ལ་གནས་ཤིང༌། རྣམ་དཀར་གྱི་ལྦུ་བ་མུ་ཏིག་ཆུན་པོར་མཛེས་པ། ཁྲིམས་གཉིས་སྙན་གྲགས་གདུགས་དཀར་སྲིད་པ་གསུམ་དུ་གཡོ་བ། །གངས་ཅན་བསོད་ནམས་ཀྱི་དཔལ་དུ་འཁྲུངས་པ། །མི་དབང་ཀརྨ་བསྟན་སྐྱོང་དབང་པོས་སྤྱིར་སངས་རྒྱས་ཀྱི་བསྟན་པ་འཕེལ་ཐབས་ཀྱིས་ཁུར་ཆེན་པོ་ཕྲག་པའི་རྒྱན་དུ་མཛེས་ལ། ཁྱད་པར་དགོན་གནས་ཐར་པ་འདིར་རབ་ཏུ་བྱུང་བའི་ཚོགས་དང༌། དྲིའི་གཙང་ཁང༌། དགེ་འདུན་གྱི་ཀུན་དགའ་རྭ་བ་སོགས་བསྟན་པའི་ཁ་གསོ་ཡར་ལྡན་དུ་མཛད་ཚུལ་སོགས་དཀར་ཆགས་སོགས་སུ་བལྟའོ། །ཚོང་འདུས་མགུར་མོའི་གཙུག་ལག་ཁང་ནི་སྔོན་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་ཀྱི་བློན་པོ་རྣམས་ཀྱིས་གཙུག་ལག་ཁང་བཞེངས་པ་ལྕེ་ལྷ་བཟང་གྲགས་པས་ཚོང་འདུས་མགུར་མོའི་ལྷ་ཁང་བཞེངས། ལྕེ་ཁྲི་བཟང་བྱིན་གྱིས་རྩིབས་ཀྱི་ལྷ་ཁང་བཞེངས། དབུས་གཙང་གི་མཁས་པ་མི་དྲུག་གམ་བཅུ་འམ་བཅུ་གཉིས་ཀྱི་ནང་ཚན་ལོ་སྟོན་རྡོ་རྗེ་དབང་ཕྱུག་འཁྲུངས་ས་


TNT23_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཚོང་འདུས་མགུར་མོའི་རབ་ཁ་ཡིན་ཞིང༌། ཚོང་འདུས་མགུར་མོའི་གཙུག་ལག་ཁང་འདིར་འཆད་ཉན་བསྐྱངས་སོ། །རྗེ་མི་ཏྲ་ཆེན་པོ་ཚོང་འདུས་བཞུགས། དབུས་གཙང་གི་དགེ་བཤེས་གྲགས་པ་ཅན་མང་དུ་འདུས། དེ་ནས་ཚོང་འདུས་མགུར་མོར་བྱོན་ནས་ཟླ་བ་གསུམ་བཞུགས་ཏེ། འགྲོ་བ་མཐོ་དམན་བར་གསུམ་གྱི་དོན་བསམ་གྱིས་མི་ཁྱབ་པ་མཛད། དགེ་བཤེས་ཆེན་པོ་གཙོ་མཛད་དབང་བྱིན་རླབས། སྡོམ་འཛིན། སེམས་བསྐྱེད། རྒྱས་གདབ་ཞུས་པ་ལ་གྲངས་མེད་ཅིང༌། ཁྱད་པར་དབུས་གཙང་དུ་གྲགས་པའི་དགེ་བའི་བཤེས་གཉེན་ཆེན་པོ་དྲུག་སྟེ་རྒྱ་འགྲེལ་ལམ་ལོ་གྲོ་གཤེན་དང་དྲུག་གོ །དེ་དྲུག་པོས་ཟབ་དོན་གྱི་བསྟན་བཅོས་ཞུས་པས་རྣལ་འབྱོར་བདུན། སེམས་མདུད་གྲོལ་བ་སོགས་མང་བར་གསུངས། ཇོ་བོ་ཁ་སརྤ་ཎིས་སེམས་ཉིད་ངལ་གསོའི་གདམས་པ་ཇོ་བོ་སྤྱན་རས་གཟིགས་ཉིད་ཀྱིས་གནང་བའི་ཡི་དམ་དུ་བཀའ་བསྒོ་མཛད་པའི་ཨེ་ཀ་ཛ་ཏི་བྱ་བ་ཡོད། དེས་གནང་བའི་རྡོ་རྗེ་སྦས་པའི་གསང་ལམ། ཆོས་སྤྱོད་ཡན་ལག་བཞི་པ། ལམ་འཁྱེར་རྣམ་གསུམ། མི་ཏྲའི་ཆོས་དྲུག །མི་ཏྲ་ཛོ་ཀི་ལུགས་ཀྱི་བསམ་པ་གསུམ་ལྡན་གྱི་བསྙེན་གནས་ཟུང་འཇུག་བཞི། སྐྱེས་བུ་བཞིའི་ལམ་རིམ། རྡོ་རྗེ་ལམ་རིམ། རིན་ཆེན་འབྲུ་དགུ་དང༌། མཐར་ཐུག་དགུ །རྡོ་རྗེ་སེམས་དཔའི་སྒོམ་དོན་སོགས་གནས་འདིར་ཆོས་འཁོར་རྒྱ་ཆེན་པོ་བསྐོར་རོ། །རྗེ་མི་ཏྲས་ཚོང་འདུས་མན་ལ་མ་བྱོན་ནོ། །གཙང་གི་ཚོང་འདུས་མགུར་མོ་རུ་གཡུ་ཐོག་པའི་བརྒྱུད་བཞི་འཆད་པའི་མགོ་


TNT23_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

བཏིང་ཚེ། ཨ་རུ་རའི་ཆར་པ་བབས། གཡུ་ཐོག་པའི་སྐུ་དཔང་དུ་ལྷ་ཚངས་པས་ཕུལ་བའི་ཨ་རུ་ར་སྙིམ་པ་ཁ་སྦྱར་ཙམ་ཞིག་བབས་སོ། །ཚོང་འདུས་མགུར་མོར་ཁ་ཆེ་པཎ་ཆེན་གྱིས་ཀྱང་ཟླ་ཕྱེད་སྐོར་བཞུགས་ནས་མདོ་རྒྱུད་ཀྱི་ཆོས་གསུངས། སྔོན་འགྲོའི་ཆོས་སྤྱོད་མེད་ཐབས་མེད་གསུངས་ནས་ཆོས་སྤྱོད་བསྡུས་པ་གཅིག་བརྩམས། ཕྱིས་རྒྱས་ཤོས་དེ་སྣར་སླད་མོ་ཆེར་བརྩམས་པར་མཛད་དོ། །པཎ་ཆེན་བུདྡྷ་ཤྲཱི་ཚོང་འདུས་མགུར་མོར་སྤྱན་དྲངས་གཞུང་མང་པོ་གསུངས། རྒྱན་གོང་ལྷ་ཁང་དུ་བྱོན་ནས་ལྟས་བརྟག་པ་དང་བཅས་མཛད། ཆུ་ཕོ་བྱི་བའི་ལོ་ཆོས་རྗེ་བུ་སྟོན་ཉིད་ཀྱིས་དགུང་ལོ་ཉི་ཤུ་རྩ་གསུམ་བཞེས་པའི་དུས་སུ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་མཁན་ཆེན་གྲགས་པ་གཞོན་ནུ་དཔལ་བཟང་པོ་ཞེས་གྲགས་པ་པཎ་ཆེན་གྱི་མཁན་བརྒྱུད་བཞི་པ་གནས་བརྟན་ཆེན་པོ་བཅུ་དྲུག་གི་གྱ་གཅིག་ཏུ་གྲགས་པ་དེ་དང༌། སློབ་དཔོན་ལས་བྱེད་པ་བསོད་ནམས་ཞེས་གྲགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དང༌། སློབ་དཔོན་གསང་སྟེ་སྟོན་པ་འདུལ་བ་འཛིན་པ་ཆེན་པོ་བསོད་ནམས་བཟང་པོ། དད་པའི་དགེ་འདུན་སྡེ་སྣོད་འཛིན་པ་ཆེན་པོ་དཀོན་མཆོག་བཟང་པོས་ཐོག་དྲངས་པ་ཉི་ཤུ་རྩ་གཉིས་ཀྱི་དབུས་སུ་ཡུལ་སྣ་ཚོགས་ཀྱི་མི་དང༌། ཟོང་ཚོང་དུ་མ་འདུ་བའི་གཙང་ཚོང་འདུས་མགུར་མོའི་བླ་བྲང་ཤར་དུ་བསྙེན་པར་རྫོགས་པར་མཛད་ནས་དགྲ་བཅོམ་པ་ཆེན་པོའི་རྣམ་པར་གྱུར། མཁན་པོ་དེ་ལ་གཙོ་བོར་སོ་སོར་ཐར་པའི་མདོ་ལ་སོགས་པ་གསན་


TNT23_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ཏོར་རྣམ་རྒྱལ་དང༌། ཤེར་སྙིང་མདོ་སྒྲུབ་སོགས་ཞོར་ཉན་དུ་མཛད། སློབ་དཔོན་བྱང་ཆུབ་སེམས་དཔའ་ཆེན་པོ་བསོད་ནམས་གྲགས་ལ་གཙོ་བོར་འདུལ་བ་མདོ་རྩ་ལ་བྱ་ཏིག་བཏབ་པས་བཤད་བཀའ། སྡཽམ་ཚིག་གི་བཤད་པ། སོ་ཐར་གྱི་མདོའི་བཤད་པ་ལས་བརྒྱ་རྩ་གཅིག་པའི་བཤད་པ་ལ་སོགས་པ་རྣམས་གནས་འདིར་གསན་ནོ། །གཞན་ཡང་སྨོན་པ་སེམས་བསྐྱེད། འཇུག་པ་སེམས་བསྐྱེད། དོན་ཞགས་བློ་སྦྱོང་སོགས་ཞོར་ཉན་དུ་མཛད། ཁྱད་པར་དུའང་བློ་སྦྱོང་གསན་པས་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་གསོལ་ཐེབས་པ་ཡང་གནས་འདི་ཡིན་ནོ། །ཚོང་འདུས་མགུར་མོའི་གྲོང་ཁྱེར་དང་ཉེ་བར་ཆོས་ལུང་ཚོགས་པའི་མཁན་པོ་བཀའ་བཞི་པ་གྲགས་པ་གཞོན་ནུ་དཔལ་བཟང་གི་སྐུ་གདུང་རིལ་པོ་མྱང་སྨད་འབེ་ལུང་ནས་བུ་སྟོན་རིན་པོ་ཆེས་ཐོག་དྲངས་རྣམ་སྦྱར་གྱོན་པའི་དགེ་སློང་ཉིས་བརྒྱས་སྤྱན་དྲངས་ནས་ཚོང་འདུས་ཀྱི་གྲོང་ཉེ་འགྲམ་དུ་གདུང་བཞུས། དེར་མཆོད་རྟེན་ཁང་བུ་བརྩེགས་པ་དེའི་ནང་དུ་གདུང་ཐལ་བཞུགས་པའི་རིང་བསྲེལ་མང་དུ་འཛགས་པའི་བྱིན་རླབས་ཅན་དེ་ཡོད། ཚོང་འདུས་ཁྲི་ཁང་གི་ཉེ་ལོགས་ཀྱི་ལྷོ་ནུབ་ཕྱོགས་ཀྱི་རི་ལ་རྒྱལ་བ་ལོ་རས་ཀྱིས་སྒྲུབ་པ་མཛད་པའི་ཕུག་པ་ཡོད། རྒྱལ་བ་ལོ་རས་པ་འདི་གཙང་པ་རྒྱ་རས་ཀྱི་སློབ་མ་མཆོག་ལོ་རྒོད་གཉིས་ཀྱི་ལོ་རས་དེ་ཡིན། འཁྲུངས་ཡུལ་དབུས་ཀྱི་གཞུང་ཡིན། ལོ་དུ་མར་སེ་མོ་དོ་ལ་བཞུགས། ཆོས་ཉིད་མངོན་སུམ་དུ་རྟོགས། མི་ལ་


TNT23_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

རས་པའི་སྐྱེ་བར་ཡང་གྲགས། འདི་ནས་མཆེད་པ་ལ་སྨད་འབྲུག་ཟེར་རོ། །སྨད་འབྲུག་གི་ཆོས་ཟབ་མོ་ཐུགས་ལ་མངའོ། །ཚོང་འདུས་ཀྱི་འགོ་ཙམ་གྱི་ཉེ་འགྲམ་ན་དབོན་གནས་བོན་གྲོང་དུ་ཞང་ལོ་ཙཱ་བ་གྲུབ་པ་དཔལ་བཟང་པོ་རྒྱང་ཙམ་བཞུགས་དུས་དཔལ་འཁོར་ལོ་སྡོམ་པའི་ཞལ་གཟིགས་ཤིང༌། མི་རྟོགས་པའི་ཏིང་ངེ་འཛིན་བཟང་པོ་འཁྲུངས་པ་ཡང་དེ་ཡིན་ཞིང༌། དེས་མགུར་འདི་གསུངས་པ། ཆོས་བདེན་པ་གཉིས་ཀྱི་དབྱིངས་རྟོགས་པས། །དབྱིངས་འགག་མེད་ཡི་དམ་མངོན་སུམ་མཐོང༌། །ཆོས་མི་རྟོག་ཏིང་འཛིན་ཟབ་མོའི་དོན། །བརྗོད་མེད་དུ་རྟོགས་པས་གནས་འདིའང་མཚར། ཞྭ་ལུའི་ཕུ་རཱ་ཛ་ཤར་ཕྱོགས་ན་ཀོ་བྲག་པ་བསོད་ནམས་རྒྱལ་མཚན་གྱི་བཞུགས་ཡུལ་ཀོ་བྲག་རང་དུ་ཡོད། དེ་སྐབས་སུ་བོད་ན་ཀོ་བྲག་པ་བསོད་ནམས་རྒྱལ་མཚན་ཡོངས་ལ་འགྲོ་ཕན་ཆེ་ཞིང་གྲགས་པ་ཆེ་བས་ཆོས་གཉེར་ལྷོའི་དིར་རིར་བོས་ནས་ཤ་ཝ་རིའི་(ཤ་ཝ་རིའི་ཆོས་དྲུག་སྐོར་སྔ་འགྱུར་ནི་པཎྜི་ཏ་བི་བུདྡྷ་ཙནྡྲས་བོད་འཁོར་ནས་བལ་པོར་ཕེབས་སྐབས་རྣལ་འབྱོར་དབང་ཕྱུག་ཤ་ཝ་རི་དངོས་དང་མཇལ་ནས་ཤ་ཝ་རིའི་ཆོས་དྲུག་སྐོར་ཆ་ལག་ཁ་ཚང་གསན་ནས་བོད་དུ་འགྲོ་ཕན་ནུས་པ་ཞིག་གནང་དགོངས་ཏེ།)ཆོས་སྐོར་མཐའ་དག་ཚང་བའི་བཀའ་བབས་པ་དང༌། ལམ་འབྲས་སེ་སྟོན་རིག་ནས་རྒྱུད་ལུགས་ལ་ཡང་རབ་ཏུ་ཐོབ་པ། ཞང་སྟོན་སྐུ་མཆེད། འབྲིང་དུ་ཐོབ་པ་ཞ་མ་ལྕམ་སྲིང༌། མཐའ་མར་ཐོབ་པ་སེ་མདོག་བྱང་ཡེའོ། །ཞྭ་


TNT23_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ལའང་ཕོ་ལུགས་མོ་ལུགས། འདྲེས་པའི་ལུགས་ལ་ཀོ་བྲག་བསོད་ནམས་རྒྱལ་མཚན། ལས་སྟོད་པ་དབང་རྒྱལ། ཀུན་སྤངས་ཀུན་ཏུ་བཟང་པོ། ཕྱག་ན་དབང་ཕྱུག་རྒྱལ་མཚན། ཀོ་བྲག་པ་ལ་ལམ་འབྲས་ཀྱི་ཡང་བཀའ་བབས་ཤིང་གེགས་སེལ་གྱི་ཡང་བཀའ་བབས་སོ། །རས་ཆུང་པ་དང་དབུས་སྟོན་གྱི་བླ་མ་ཁྱད་པར་ཅན་བཞུགས་པ་སྨོན་ལམ་མཁར་ཞེས་བྱ་བ་ཡང་ཡོད་དོ། །ཡང་དབུས་གཙང་མཁས་པ་མི་བཅུའི་ནང་ཚན་ལོ་རྡོ་རྗེ་དབང་ཕྱུག་གིས་བསྟན་པ་ཕྱི་དར་གྱི་མགོ་མེ་[ས་]མོ་བྱ་ལོ་ལ་རྒྱན་གོང་དེ་བཏབ་པ་ཡིན་ལ་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་ཆོས་ཀྱི་ཁུངས་རྒྱུད་འབྱུང་ཚུལ་ཐུང་ཙམ་བཤད་ན་ནེལ་པ་པཎྜི་ཏས་མཛད་པའི་ལོ་རྒྱུས་དེ་ཡི་གེ་རྙིང་མ་མང་པོ་དང་བསྟུན་ནས་བསྒྲིགས་ཤིང༌། མཁས་མང་ལ་བསྲེགས་བཅད་བརྡར་གསུམ་གྱིས་གསེར་ལྟར་གཏུགས་ཤིང་དཔྱད་ནས་དག་པར་བསྒྲིགས་གསུངས་པའི་ལོ་རྒྱུས་ལྟར་བཀོད་པ་ནི་བོ་དོང་པ་གཡོ་དགེ་འབྱུང༌། མཇེད་འཁྱེལ་བ་གཙང་རབ་གསལ། སྟོད་ལུང་པ་དམར་སྟོན་ཤཱཀྱ་མུ་ནི་དང་གསུམ། དཔལ་ཆུ་བོ་རིའི་སྒོམ་གྲྭ །སྔོན་གྱི་སྒོམ་གྲྭ། བཅུ་གཉིས་རྒྱལ་པོས་བཏབ་པའི་ནང་ཚན་དེར་སྒོམ་ལ་བཞུགས་པའི་ཚེ་བཙུན་པ་ཁྱི་འཁྲིད་ཅིང་རྔ་བཤང་རྡུང་པ། མགོ་ལ་བྱ་རྒོད་ཀྱི་སྒྲོ་བཙུག་པ། རི་དྭགས་ལ་མདའ་འཕེན་པ་མཐོང་ནས། བན་རྒན་འཕྲུལ་ལམ་བཙུན་པ་སྨྱོ་ཟེར། དེ་ལས་གླང་དར་གྱིས་བསྟན་པ་བསྣུབས་པ་གོ་བས་


TNT23_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་མངོན་གྱི་དཔེ་ཆ་དྲེའུ་རྒྱབ་གཉིས་བཀལ་ཏེ་ཧོར་ཡུལ་དུ་བྱོན། དེར་ཆོས་ལ་འགོད་མ་ནུས། རྒྱལ་པོ་གླང་དར་བསད་པའི་གཏམ་ཐོས། ཧོར་ཡུལ་ནས་ཧོར་གྱི་དགེ་གཉེན་ཤཱཀྱ་ཤེས་རབ་བྱ་བ་གཅིག་དང་སྡེབས། ཁམས་སུ་ཕེབས་ནས་ཨན་ཆུང་གནམ་རྫོང་གི་བྲག་ཕུག་བཟུང་ནས་བཞུགས། གཙང་རབ་གསལ་གྱིས་ཁང་པ་གསར་མ་རིའི་ཕུག་གི་དགོན་པ་བཟུང༌། ཀ་འོད་མཆོག་གྲགས་པས་བལ་ཡུལ་ནས་ཚུར་འོང་བའི་ལམ་དུ་གཏམ་ཐོས་ཏེ་མངོན་པ་དྲེའུ་རྒྱབ་གཅིག་བཀལ་ནས་བྲོས་ཏེ་དཔལ་བཟང་མཁར་ཆགས། དྲིལ་བུའི་དགོན་པ་བཟུང༌། ལྷ་ལུང་དབྱངས་རབ་འབྱོར་དང་རོང་སྟོན་སེང་གེ་གྲགས་གཉིས་ཀྱིས་ཡེར་པའི་བྲག་ནས་འདུལ་མངོན་གཉིས་ཀྱི་དཔེ་མང་དུ་འཁྱེར་ནས་ནགས་ཤོད་ལ་བྲོས། ལྷ་ལུང་དབྱངས་རབ་འབྱོར་གྱིས་ཟླ་ཤོད་ཚ་རོང་གི་དགོན་པ་བཟུང༌། རོང་སྟོན་སེང་གེ་བྲག་གིས་བྱང་ཚ་བྱེ་རོང་གི་དགོན་པ་བཟུང་སྟེ་བཞུགས་སོ། །མི་དྲུག་ཅར་མཁན་པོ་བོ་དྷི་ས་ཏྭའི་མཁན་བུ་དངོས་རང་ཡིན་པས། སྦ་རཏྣ་འམ་སྦ་གསལ་སྣང་ངམ། དབའས་ཡེ་ཤེས་དབང་པོ་བསྲུང་གི་མཁན་བུ་དངོས་ཡིན་པས་ན། མཁན་ཆེན་ཞི་བ་འཚོ་ནས་བརྒྱུད་དོ། །ལོ་ཙཱ་བ་སྐ་ཅོག་ཞང་གསུམ། པཎྜི་ཏ་དཱ་ན་ཤཱི་ལ། ཛི་ནཱ་མི་ཏྲའི་མཁན་པོ་དངོས་ཡིན་ཞིང༌། བོད་དུ་འགྱུར་བའི་ཆོས་ཐམས་ཅད་ཀྱི་ལུང་ཡང་ཡོད་པས། བརྒྱུད་ཚུལ་སོ་སོ་བ་ཡིན་ནོ། །བླ་ཆེན་དགོངས་པ་རབ་གསལ་ཡང་ཁམས་སུ་འཁྲུངས་ཟེར་ཞིང༌། བོན་པོའི་བུ་དམུ་ཟུ་གསལ་འབར་ཞེས་བྱ་


TNT23_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

བ་ར་ལུག་འཚོ་བས་སློབ་དཔོན་དེ་གསུམ་མཐོང་ནས་དད་པ་སྐྱེས་ནས་ཆོས་ཞུས་པས། འདུས་པ་འོད་ལྡན་བཏད་ནས་འདི་ལ་ལྟོས། དད་ན་རབ་ཏུ་སྦྱིན་གསུངས་ནས་བལྟས་པས་དད་པ་ཐོབ་ནས་རབ་ཏུ་བྱུང་བའི་ལོ་རྒྱུས་དང་བསྙེན་པ་རྫོགས་པའི་མཁན་པོ་གཙང༌། སློབ་དཔོན་གཡོ། གསང་སྟོན་དམར། ཁ་སྐོང་ཧ་ཤང་གཉིས་སོགས་ཡིན་པའི་ངག་བརྒྱུད་གཡམ་རྒྱུགས་སུ་འཆད་པ་མང་སྟེ་ཤིན་ཏུ་མ་དག་པ་སྟེ་བླ་ཆེན་འཕན་ཡུལ་གཞོང་པ་རུ་དམུ་ཟུ་གསལ་འབར་ཞེས་བྱ་བའི་བོན་པོ་གཅིག་གི་སྲས་དམུ་ཟུ་དགེ་འབར་ཞེས་སུ་འཁྲུངས། ལོ་བཅུ་དྲུག་ལོན་ནས་སྣང་གསལ་ལྷ་ཁང་དུ་ཕྱིན་ནས། རབ་བྱུང་ཆོས་འཆད་པ་དང་ཉན་པའི་གཟུགས་གྱང་རིས་ལ་འདུག་པ་མཐོང་ནས་འདི་ཅི་ཡིན་དྲིས་པས། རྒས་མོ་གཅིག་ན་རེ། རབ་ཏུ་བྱུང་བའི་གཟུགས་ཡིན་ཟེར། ལས་འཕྲོའི་སྟོབས་ཀྱིས་དད་གུས་སྐྱེས་ཏེ། འདི་འདྲ་བ་གང་ན་ཡོད་དྲིས་པས། རྒས་མོ་དེ་ན་རེ། གཞན་ནི་ཁུངས་མ་ཐོབ། ཆུ་བོ་རི་ནས་བྲོས་པའི་དམར་གཡོ་གཙང་གསུམ་ནི་ངེས་པར་འདུག་ཟེར་རོ། །དེའི་ཚེ་ལས་འཕྲོ་སད་དེ་ཆོས་མིན་པ་ཡིད་ལ་མི་དྲན་པའི་དད་པ་སྐྱེས། མདོ་སྨད་དུ་འཚོལ་དུ་བྱོན་ཏེ། ལམ་དུ་བོན་པོ་གཅིག་གི་སར་བསྡད་ནས་གཏམ་དྲིས་པས། དེ་ཀུན་ཨན་ཆུང་གི་གནམ་རྫོང་བྲག་ཕུག་ན་ཡོད། འདི་ཡང་ཆོས་སུ་འདུག་གི་འཁྱེར་རམ་ཟེར་ནས། འདུལ་བ་འོད་ལྡན་གྱིས་པུ་ཏི་གཅིག་སྦྱིན། ལམ་བར་ལ་བལྟ་ཡི་བྱོན་པས་དད་


TNT23_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཤུགས་དྲག་པོ་རང་འཁྲུངས་སུ་སྐྱེས། ཨན་ཆུང་དུ་བྱོན་ཏེ་དབུས་པ་མི་དྲུག་དང་ཧ་ཤང་གཉིས་ཏེ་བརྒྱད་པོ་འཚོགས་ནས། ལྷ་ལུང་དབྱངས་རབ་འབྱོར་གྱིས་མཁན་པོ་བྱས། རོང་སྟོན་སེང་གེ་གྲགས་ཀྱིས་སློབ་དཔོན་དང་གཙང་རབ་གསལ་གྱིས་ལས་སློབ་བྱས། གཞན་མ་རྣམས་ཀྱི་དད་པའི་དགེ་འདུན་མཛད་དེ་བསྙེན་པར་རྫོགས་པར་མཛད་དོ། །དེ་ནས་ཐོས་པ་མཛད་ཚུལ་ནི་མཁན་པོ་ལ་འདུལ་བ་ལུང་སྡེ་བཞི། ཀྭ་ལ་རྒྱས་པའི་བསྟན་བཅོས་སྡེ་ལྔ། དམར་གཡོ་གཉིས་ལ་འདུལ་བ་མདོ་མན་ཆོད་ཀྱིས་ཕྲན་ཚེགས། རོང་སྟོན་ལ་སྡོམ་རྣམ་གཉིས། མཛོད་དབུ་མ། གཙང་ལ་པྲ་ཀ་ར་ཎ་བརྒྱད་སྡེ་བརྒྱད་སོགས་ཐོས་པ་མཛད་དོ། །དེ་ནས་རྒྱ་དང་བོད་ཀྱི་མཚམས་རི་བོ་དན་ཏིག་དགོན་པར་སྒོམ་སྒྲུབ་མཛད། ཡུལ་ཕྱོགས་དེའི་མི་སྤུན་བདུན་ཐོག་རྡིབས་ནས་ཤི་བ་བཙན་དུ་སྐྱེས། ལོངས་སྤྱོད་ཆེན་པོ་ཡོད་པའི་གྲིབ་བཙན་སྤུན་བདུན་གྱིས་ཡོན་བདག་བྱས་ནས་ཡོ་བྱད་སྦྱར། དབུས་ནས་སྲིང་མོས་གཡོག་བྱས། སྒོམ་པས་མངོན་ཤེས་ལ་སོགས་པ་བསམ་གཏན་གྱི་ཡོན་ཏན་མང་དུ་ཐོབ་སྟེ། བླ་ཆེན་དགོངས་པ་རབ་གསལ་ཞེས་གྲགས། དེ་ནས་བྱོན་ཏེ་ཟོག་པོ་མི་དྲུག་གིས་སྣ་བླངས་ནས་ཞབས་ཏོག་བྱས་ནས་ཆོས་བཙུགས་ཏེ་ཡིག་ཆ་ཕལ་ཆེར་ལས་སོག་པ་མི་དྲུག་ཟེར་བ་ཡོད་ཀྱང༌། ཟོག་པོ་མི་དྲུག་ཟེར་བའི་རྒྱུ་མཚན་ནི་དམར་གཡོ་གཙང་ལ་རབ་ཏུ་སྦྱིན་པར་ཞུས་པས། དགེ་འདུན་མ་འཚོགས་པ་དེའི་བར་


TNT23_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གཟུགས་བཙུན་དུ་བྱས་པས་ཟོག་པོ་མི་དྲུག་པར་གྲགས་ལ། བླ་ཆེན་པོ་དེར་བྱོན་སྐབས་དགེ་འདུན་འཚོགས་ཏེ་རབ་ཏུ་འབྱིན་པར་ཞུས་པས། མཁན་སློབ་ཀུན་ན་རེ། བཅོམ་ལྡན་འདས་ཀྱི་ཞལ་ནས། གླང་པོ་སྨྱོན་པའི་སྣ་ལ་རལ་གྲི་བཏགས་ནས་སེམས་ཅན་གསོད་དུ་བཅུག་པ་ནི་བླའི། རབ་ཏུ་བྱུང་ནས་མ་བསྐྱངས་པ་ནི་དེ་ལྟར་མ་ཡིན་ནོ། །ཞེས་བཀའ་བསྩལ་ཏོ། །ངེད་རྒས་པས་མཁན་བུ་མི་སྐྱོང༌། ཁྱེད་ཀྱིས་གྱིས་ཤིག་གསུངས། ངས་བསྙེན་པར་རྫོགས་ནས་ལོ་ལྔ་ལས་མ་ལོན་པས་མི་འོང་ཞུས་པས། དེ་ལ་ཉེས་བྱས་ཤིག་འོང་སྟེ། སངས་རྒྱས་བསྟན་པ་སྤེལ་བའི་དགོས་པ་ཆེ་བ་ལ་གནང་གིས་ཅི་ཡང་གྱིས་གསུངས་ནས་ཁས་བླངས་ཏེ་བླ་ཆེན་པོས་མཁན་པོ་མཛད། གཙང་གིས་སློབ་དཔོན་མཛད། གཞན་རྣམས་ཀྱིས་དད་པའི་དགེ་འདུན་བྱས་ནས་རབ་ཏུ་བྱུང་ནས། སྔར་ཟོག་པོ་མི་དྲུག་པོ་དེ་ཕྱིས་མཁས་བཙུན་མི་དྲུག་ཏུ་གྲགས་སོ། །དྲུག་པོ་ནི་འལ་སྣུབས་གཉིས། སྤང་ཅོག་གཉིས། ཤོང་འབར་གཉིས་ཏེ་དྲུག་གོ །དེ་ཡང་འལ་རྡོ་དབང་ཕྱུག་དང༌། སྣུབས་དཔལ་གྱི་དབང་ཕྱུག་གཉིས་མཁས་པའོ། །སྤང་གོང་ཡེ་ཤེས་གཡུང་དྲུང་དང༌། ཅོག་རོ་ཤེས་རབ་བྱང་ཆུབ་གཉིས་མཁས་བཙུན་འཛོམས་པའོ། །ཤོང་ཆུང་བ་ཤེས་རབ་གྲགས་དང༌། ཨན་འབར་བ་བྱང་ཆུབ་གཉིས་བཙུན་པའོ། །གཞན་ཡང་སྒྲོ་མཉྫུ་ཤྲཱི་ལ་སོགས་པ་ཤིན་ཏུ་མང་བ་ལ་བཀའ་དྲིན་ནོས་སོ། །མདོ་སྨད་དུ་བསྟན་པའི་མེ་རོ་བསླངས་ནས་ཤིན་ཏུ་


TNT23_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པར་གྱུར་ཏེ། དེའི་ཚེ་སྤང་གོང་ཡེ་ཤེས་གཡུང་དྲུང་གིས་གྲུམ་ཡེ་ཤེས་རྒྱལ་མཚན་རབ་ཏུ་ཕྱུང་སྟེ་མཁས་སློབ་ཀྱི་གྲྭ་བཙུགས་ནས་བཙུན་པའི་ཕུལ་དུ་ཕྱིན་ཏེ། གྲུབ་ཨཱ་ཙརྱ་ཡེ་ཤེས་རྒྱལ་མཚན་ཞེས་གྲགས་ལ། མཁན་བུ་རྣམས་ལའང་བཙུན་བརྒྱུད་དུ་གྲགས་སོ། །སྣུབས་དཔལ་གྱི་དབང་ཕྱུག་དང་ཨན་འབར་བ་བྱང་ཆུབ་ཀྱིས་མཁན་སློབ་ཀྱི་གྲྭ་ལོགས་སུ་བཟུང་སྟེ་བསྐྱངས་པས་ཕན་ཆུང་བར་གྲགས་ཀྱང༌། སློབ་མ་རྣམས་ལ་མཁས་བརྒྱུད་དུ་གྲགས་སོ། །དེ་ཡན་དུ་ལྕགས་མོ་བྱའི་ལོ་ལ་ཆོས་བསྣུབས། ས་མོ་བྱའི་ལོ་ལ་བསྟན་པའི་མེ་རོ་བསླངས་པ་ཡན་ཆད་ལ་ལོ་བརྒྱ་དང་དགུ་དབུས་གཙང་རུ་བཞི་ན་དགེ་སློང་གི་མིང་མེད་དོ། །རྒྱལ་རབས་ཁ་ཤས་དང་ལོ་རྒྱུས་ཕལ་ཆེ་བ་ལས་དབུས་གཙང་གི་མཁས་པ་མི་བཅུའམ་དྲུག་གིས་ཁམས་ལ་བྱོན། བླ་ཆེན་པོ་དགོངས་པ་རབ་གསལ་ལ་མཁན་པོ་ཞུས་ནས་སྡོམ་པ་བླངས་སོ་ཞེས་པ་སོགས་དང༌། འདུལ་བའི་མཁན་བརྒྱུད་ལའང་དེ་བཞིན་གསུངས་པ་མང་ཞིང་གྲགས་ཆེ་བ་ཡང༌། ཁུངས་སུ་མི་བཏུབ་པའི་ངག་བརྒྱུད་གཡམ་རྒྱུགས་སུ་འཆད་པ་དར་བ་ནི་ཤིན་ཏུ་ནོར་ཞིང་འཁྲུལ་པ་མ་དག་པ་སྟེ། ཤིན་ཏུ་དག་པ་ཀླུ་མེས་ཆེན་པོས་བརྩམས་ཆོས་ལས་བྱུང་བ་ལྟར་དྲིས་པ་ནི། དབུས་གཙང་གི་མཁས་པ་མི་བཅུ་གཉིས་ཡིན་སྟེ། ཇི་ལྟར་ཡིན་ཞེས་ན་སྔ་མ་བདུན་དང་ཕྱི་མ་ལྔ་སྟེ་བཅུ་གཉིས་སོ། །


TNT23_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་མ་བདུན་ནི་ཀླུ་མེས་ཚུལ་ཁྲིམས་ཤེས་རབ། འབྲིང་ཡེ་ཤེས་ཡོན་ཏན། ཚོང་ཁེ་ཤེས་རབ་སེང་གེ །ལོ་སྟོན་རྡོ་རྗེ་དབང་ཕྱུག །སུམ་པ་ཡེ་ཤེས་བློ་གྲོས། རྒྱ་བློ་གྲོས་ཤེས་རབ། གཞོན་བན་ཆོས་མཆོག་བཅས་དང་བདུན་གྱིས་གྲུམ་ཨཱ་ཙཱརྻ་ཡེ་ཤེས་རྒྱལ་མཚན་ལ་མཁན་པོ་ཞུས། ཅོག་རོ་ཤེས་རབ་བྱང་ཆུབ་ལ་སློབ་དཔོན་ཞུས་ནས་བཀའ་དྲིན་ནོས་ཏེ། སྔ་མ་ལྔ་དགེ་སློང་དུ་བྱས། ཕྱི་མ་གཉིས་དགེ་བསྙེན་དུ་བྱས་སོ། །དེའི་འོག་ཏུ་དཔྱིས་ཕྱིན་པ་ལྔ་ནི་མཐའ་བཞི་རྒྱལ་འཕགས། རག་ཤི་ཚུལ་ཁྲིམས་འབྱུང་གནས། སྦ་བཙུན་བློ་གྲོས་དབང་ཕྱུག་སྐྱེ་བོ་མྱང་འབན་ཆོས་སྐྱབས། གྲུབ་ཤེས་རབ་སྨོན་ལམ་མོ། །དེ་ཡང་སྔོན་མ་རྣམས་ཀྱིས་དབུས་གཙང་ལ་ཡར་བྱོན་པ་དང༌། ཕྱིས་མ་རྣམས་མར་བཞུད་པ་ལམ་དུ་འཕྲད་དེ་གར་འགྲོ་དྲིས་པས། མདོ་སྨད་དུ་སྡོམ་པ་ལེན་དུ་འགྲོ་ཟེར། ཐག་ཤིན་ཏུ་རིང་བར་འདུག་པས་རྟོལ་བ་དཀའ། ངེད་ཀྱིས་བསླབ་པ་དེ་ལེགས་པར་བླངས་ནས་ཡོད། ངེད་ཀྱིས་ཕོག་པས་ཆོག ཡར་ལ་ལོག་དེངས་བྱས་པས་མ་ཉན། འོ་ན་ངེད་ཀྱི་མཁན་པོ་ལོངས་ཤིགམཁས་བཙུན་འཛོམས་པ་ཡིན་ནོ་ཞེས་སྨྲས་པས། ཁོང་རྣམས་ཀྱིས་ཀྱང་དེ་བཞིན་བྱས་ཏེ་གྲུམ་ཡེ་ཤེས་རྒྱལ་མཚན་ལ་བཀའ་དྲིན་ནོས་ཏེ། དེ་ཡང་སྦ་རག་མཐའ་བཞི་གསུམ་གྱིས་དགེ་སློང་བྱས། མྱང་གྲུམ་གཉིས་ཀྱིས་དགེ་བསྙེན་བྱས་སོ། །གྲུམ་གྱིས་ཕྱིས་བསྙེན་པར་རྫོགས་ཀྱང་སྒོམ་


TNT23_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ལ་བརྩོན་པར་བྱས་ཏེ་སྡེ་མ་འཕེལ་ལོ། །དེ་བས་ཅུང་སྔ་བ་ན་གཞུང་པ་ཆོས་སྐྱབས། རྒྱ་སྟོན་སེང་གེ སྐལ་སྨོན་འབར་གྱིས་ཀྱང་ཕྱིན་ཏེ་སྡཽམ་པ་བསླངས་ཤིང་ཐོས་བསམ་བྱས་ཀྱང་སྒོམ་སྒྲུབ་ལ་བརྩོན་པས་སྡེ་མ་འཕེལ་ལོ། །ཐམས་ཅད་ཀྱི་འོག་རོལ་དུ་རྨ་ཆོས་ཀྱི་བྱང་ཆུབ་ཅེས་བྱ་བས་ཁམས་སུ་ཐུག་སྟེ། ཡར་བྱོན་པ་ལ་སྐྱིད་ཤོད་ཀྱི་རྨ་མཚོའི་སྡེ་རྣམས་བྱུང་བ་ཡིན་ནོ། །སྔ་ཚར་རྣམས་ཡར་བྱོན་པའི་ཚེ་མཁན་སློབ་གཉིས་ཀྱི་ཞལ་ནས། ཁྱེད་ལྔས་དབུས་སུ་སྡེ་ཚུགས། ཀླུ་མེས་རྒྱུད་བཟང་ཁྱོད་ཀྱིས་མཁན་པོ་གྱིས་གསུངས་ནས་རྣམ་སྦྱར་ཡང་གནང༌། ཚོང་ཁེ་བློ་རྣོ་ཁྱོད་ཀྱིས་སྡེ་སྣོད་ཤོད༌། ལོ་སྟོན་ཆོས་སྐྱོང་ཆགས་པས་བསྟན་པ་སྲུངས༌། འབྲིང་ཕོ་སྒོ་ཟབ་ཅིང་བཟང་པ་ཁྱོད་ཀྱིས་གནས་བརྟན་གྱིས། སུམ་པ་སྒོ་ཞན་པས་ཀླུ་མེས་ཀྱི་ཉེ་གནས་གྱིས་གསུངས་ནས་ཡར་བྱོན་ཏེ། མོར་དགེར་ལོ་གཅིག་སྟབས་སུ་བཞུགས། དེ་ནས་མཁན་སློབ་ཀྱི་གསུང་བཞིན་སོ་སོར་གྱེས་པས། གཙང་དུ་ལོ་ཚོང་གཉིས། དབུས་སུ་ཀླུ་འབྲིང་གཉིས་བྱུང་བ་ཡིན་ནོ། །སྤ་རག་གཉིས་ཀྱང་ཡར་བྱོན་ཏེ་སྡེབས་ནས་སྡེ་བཙུགས་པ་ཡིན་ནོ། །དེ་ལྟར་སྐྱེས་བུ་སྟོབས་(ཅན)དབུས་གཙང་གི་མི་དྲུག་ཅེས་ཡོངས་སུ་གྲགས་པ་ཡིན་ནོ། །དེ་ཡང་གཙང་པ་གཉིས་གཙང་དུ་སོང༌། ཚོང་ཁེས་མྱང་སྨད་དུ་ཁྲིད་དང་བྱ་རྒྱུད་གཉིས་བཟུང༌། དེ་ནས་མྱང་སྟོད་ཁུ་ལེ་དང༌། ཉིང་རོ་དང༌། རྒྱང་རོ། འགོས་ཡུལ་སྟོད་གསུམ་ལ་སོགས་པར་རྒྱ་པོ་དང་


TNT23_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

གྲང་ཆུང་ལ་སྡེ་པ་མང་དུ་བྱས། དེའི་སློབ་མ་རྣམ་གཉིས་དང་བཅས་རོང་གི་ངུར་སྨིག་དང༌། ཚེ་དམར་དང་སྐུ་ཐང་ལ་ཡག་ཚུན་ཆད་དུ་དགེ་འདུན་གྱི་སྡེ་དང་གནས་གཞི་བཞི་བཅུའི་རྨང་ཉི་མ་གཅིག་ལ་བཏིང༌། དེ་སོགས་མང་བར་རྒྱས་ཤིང་གྱེས་ཏེ་ཚོང་ཚོའི་སྡེ་ཞེས་གྲགས་སོ། །ལོ་སྟོན་རྡོ་རྗེ་དབང་ཕྱུག་གིས་མྱང་སྨད་རྒྱན་གོང་གི་གཙུག་ལག་ཁང་གི་གཞི་བཏིང་པས། དཀར་མོ་མཆེད་བཞིས་སྤྱན་ཕོར་ཆུང་ཙམ་རེ་བྱས་ཏེ་དངོས་སུ་བྱོན་ནས། མཐུ་སྟོབས་ཀྱི་རྒྱ་མ་ཆུང་ཞིག་ངེད་ཀྱིས་གྲོགས་བྱས་ལ་སངས་རྒྱས་ཀྱི་བསྟན་པ་ཤིང་སྐམ་ལ་མེ་མཆེད་པ་བཞིན་དུ་བཏང་ངོ་ཞེས་གསུངས། དེ་ནས་ལོ་སྟོན་གྱིས་གནས་གཞིའི་རྒྱ་བསྐྱེད་པས་ནམ་མཁའ་ལས་སྒྲ་བྱུང་སྟེ། མི་ཆེན་པོའི་རྒྱལ་བ་འདི་ནི། ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་སྤྱན་ཆེན་པོ་ཞེས་བྱ་བའི་སྤྲུལ་པ་ཡིན་པས་ཁྱོད་ཀྱི་མ་བཀོལ་ཡང་གྲོགས་བྱའོ། །ཞེས་གྲགས་སོ། །དེ་ལ་མཁན་བུ་མི་བརྒྱད་བྱུང་སྟེ། སུམ་སྟོན་འཕགས་པ་རྒྱལ་མཚན། ལྕེ་སྟོན་ཤེས་རབ་བྱུང་གནས། གླང་སྟོན་བྱམས་པ། གཞུ་སྟོན་གཞོན་ནུ་བརྩོན་འགྲུས། རྒྱ་ཤཱཀྱ་བན་དྷེ། རྡར་སྟོན་ཤཱཀྱ་བློ་གྲོས། སྐྱོ་སྟོན་ཤེས་རབ་རྡོ་རྗེ། ཀྱི་ཨཱ་ཙཱརྻ་ཡེ་ཤེས་དབང་པོ། དེ་ལ་སུམ་སྟོན་རྒྱན་གོང་གི་དཔོན་དུ་བསྐོས། ལྕེ་སྟོན་གྱིས་ཞྭ་ལུའི་དཔོན་བྱས། རྒྱན་གོང་འདི་ལོ་སྟོན་རྡོ་རྗེ་དབང་ཕྱུག་གིས་གཙོ་བོར་མཛད།


TNT23_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་གནས་ལྕེ་བཙུན་ཤེས་རབ་འབྱུང་གནས་ཀྱིས་བཞེངས་པའི་ཞབས་ཏོག་མཛད་ནས། བསྟན་པ་ཕྱི་དར་གྱིས་འགོ་མེ་[ས་]མོ་བྱ་ལོ་ལ་འགྲམ་བཏིང་རྗེས་རྒྱན་གོང་གཙུག་ལག་ཁང་ཆེན་པོ་བཞེངས་པའི་མཐིལ་ལན་ལྕེ་བཙུན་གྱིས་མཛད་པ་སོགས་སློབ་དཔོན་གཉིས་ཀྱིས་རྒྱན་གོང་གཙུག་ལག་ཁང་རྟེན་དང་བཅས་པ་ཡོངས་སུ་རྫོགས་པར་བཞེངས་སོ། །གླང་སྟོན་བྱམས་པས་ཁྲོ་ཕུག་དང་འོམ་ཕུག་མོ་བཏབ། གཞུ་སྟོན་གཞོན་ནུ་བརྩོན་འགྲུས་ཀྱིས་ཆུ་མིག་རིང་མོ་བཟུང་ནས་འཕྲང་བྲག་དམར་པོ་སོགས་བཏབ། གཞུ་ཚོ་ཞེས་སུ་གྲགས་སོ། །རྒྱ་སྟོན་ཤཱཀྱ་བན་དྷེས་གྲོམ་པ་རྒྱང་གི་མཁན་པོ་བྱས་པས། སྟག་ལོ་གཞོན་ནུ་བརྩོན་འགྲུས། འབྲོག་མི་ཤཱཀྱ་ཡེ་ཤེས། ལེང་ལ་སོགས་པ་མཁན་བུ་མང་དུ་བྱུང་ངོ༌། །སྟག་ལོ་གཞོན་ནུ་བརྩོན་འགྲུས་ཀྱིས་ལ་སྟོད་སེམས་ཚེར་བཟུང་སྟེ་གནས་གཞི་མང་དུ་བཏབ་པ་ལས་ལ་སྟོད་སྟག་ཚོའི་སྡེ་པ་རྣམས་བྱུང་ངོ༌། །ཀྱི་ཨཱ་ཙཱརྱ་ཡེ་ཤེས་དབང་པོས་མྱང་སྨད་ཁྲིས་སུ་གནས་གཞི་བཟུང་སྟེ། དེ་ལས་གྱེས་པས་མྱང་རོ་དང་ལྷན་ལ་སོགས་པའི་ཚོ་རྣམས་བྱུང༌། ལོ་རྒྱུས་འགའ་ཞིག་ལས་ལོ་སྟོན་རྡོ་རྗེ་དབང་ཕྱུག་གིས་རྒྱན་གོང་བརྩིགས། དེ་ལ་མཁན་པོ་ཉི་ཤུ་རྩ་བཞི་བྱུང་སྟེ། རྒྱ་ཤཱཀྱ་གཞོན་ནུས་ལ་སྟོད་དམར་ལ་ཐང་བརྩིགས། དེ་ལ་འབྲི་མཚམས་ཀྱི་བུལ་ཏོག་ལྷ་ཁང་སོགས་མཆེད་པ་ལ་རྒྱ་ཚོ་ཟེར། སྐྱོས་ཤེས་རབ་རྡོ་རྗེས་དོན་


TNT23_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

མོ་རི་བརྩིགས། སྟག་ལོ་གཞོན་ནུ་བརྩོན་འགྲུས་ཀྱིས་སྟག་ལོ་ཁང་བརྩིགས། དེ་ནས་མཆེད་པར་སྟག་ཚོ་ཟེར། ཨ་མེས་ཞུ་གཅིག་མས་འཕྲང་དང་བྲག་དམར་བཟུང༌། དེ་ནས་མཆེད་པ་ལ་ཞུ་ཚོ་ཟེར། འདར་ཤཱཀྱ་ཡོན་ཏན་གྱིས་གཟུས་པོ་བཟུང༌། དེ་ནས་མཆེད་པ་ལ་འདའ་ཚོ་ཟེར། ལི་བློ་གྲོས་གཞོན་ནུས་ཇོ་མོ་བརྩིགས། དེ་ནས་མཆེད་པ་ལ་མི་ཚོ་ཟེར། གླག་བྱང་ཆུབ་རྒྱལ་མཚན་གྱིས་ཆུ་མིག་བརྩིགས། དེ་ནས་མཆེད་པ་ལ་གླག་ཚོ་ཟེར། ཆག་པའི་དགའ་ཤེས་རབ་བླ་མས་བསྙེམས་བརྩིགས། རྔོག་ཡེ་ཤེས་འབྱུང་གནས་ཀྱིས་སྤང་དཀར་ལྷ་ལུང་བརྩིགས། གླག་བཙུན་བྱམས་པས་འོམ་ཕུག་བརྩིགས། དེ་ནས་གཙང་འགྲམ་བཟུང༌། དེ་ནས་བུམ་ཐང༌། ཆག་པ། ཏྲི་གོང༌། འགོས་སྟོན་ཁྲོམ་མ་ལ་སོགས་པ་ལ་གླང་ཚོ་སྟོད་སྨད་ཟེར་རོ། །མགོ་པ་གཡུང་དྲུང་གིས་འདྲེ་ལྷ་ཁང་བཟུང༌། དེས་ཞྭ་ལུ་ཡང་བཟུང༌། དེ་ནས་ཀ་བཞི་གདུང་དྲུག །དེ་ནས་མཆེད་པ་ལ་ཞྭ་ལུ་བརྒྱ་སྐོར་ཟེར། ཀྱི་ཡེ་ཤེས་དབང་པོས་ཤངས་ཀྱི་མཁར་ལུང་བརྩིགས། དེ་ནས་གྱོ་རེ་གླང་ར་བརྩིགས། གླང་ར་ནས་མཆེད་པ་ལ་གླང་ར་སྐོར་ཟེར། ཉུག་གི་ཨུ་ལུང་ནས་གྱེས་པ་ལ་ཨུ་ཚོ་ཟེར། དེ་གཉིས་ལ་ཀྱི་ཚོ་སྨད་པ་ཟེར་རོ། །དེ་ནས་ཨ་མེའི་མཁན་བུ་ཞང་སྟོན་ཚུལ་འབར་གྱིས་བྱ་རྒྱུད་བཟུང་སོགས། ལོ་སྟོན་གྱི་སློབ་བརྒྱུད་དངོས་ནས་སོ་སོར་


TNT23_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

གྱེས་པའི་འདུལ་བ་བདུད་རྩིའི་སྙིང་ཁུའི་སྡེ་ཚོ་ཤིན་ཏུ་མང་བ་གྱེས་ཚུལ་ཡོད་ཀྱང་ཡི་གེ་མང་བས་འཇིགས་ནས་མ་བཀོད་དོ། །རྒྱན་གོང་དུ་རྗེ་བཙུན་ས་པཎ་(ས་པཎ་རྣམ་ཐར་བསྐལ་པ་བཟང་པོའི་ལེགས་ལམ་ལས། མུ་ཏིག་འོག་ཆགས་གངས་ཀྱི་རི། །འཕྲེང་ལྡན་ནོར་འཛིན་ཡངས་པའི་རྒྱན། །གོང་དང་བླ་ན་མེད་པ་ཡིན། །བཀྲ་ཤིས་གཙུག་ལག་ཁང་ཆེན་པོར། །རྣམ་འདྲེན་སྟོན་པ་ཉིད་དང་དེའི༌། །བསྟན་པ་གཉིས་ཀའི་བདག་ཉིད་ཅན། །བཅོ་བརྒྱད་གྲངས་ཀྱི་ཟོལ་དེ་ལས། །སྙིང་པོའི་ཆར་ཡང་ཡོད་སྨྲའི་སྡེ། །བསྟན་མཁས་གཉིས་ལྡན་མཁན་ཆོས་ཀྱི་རྗེ།) ཡི་མཁན་པོ་ཁ་ཆེ་པཎ་ཆེན། སློབ་དཔོན་སྤྱི་པོ་ལྷས་པ་བྱང་ཆུབ་འོད་སོགས་ཀྱིས་མཛད་ནས་བསྙེན་པར་རྫོགས། དབུས་བསིལ་བའི་རྡོ་གཞོང་དང་བཅས་པ་ཡོད། བྱང་(བྱང་ཆུབ་དཔལ།)རྡོར་(རྡོ་རྗེ་དཔལ)རྣམ་གཉིས་གཅིགགིས་བསྙེན་པར་རྫོགས་པ་དང༌། གཅིག་གིས་ཐོག་མར་མཇལ་བ་ཡང་རྒྱན་གོང་འདིར་ཡིན་ནོ། །ཞྭ་ལུའི་ས་ཕྱོགས་འདི་ཉིད་འཇིག་རྟེན་དབང་ཕྱུག་སྐུའི་རྣམ་པ་ལྷུན་གྱིས་གྲུབ་པ་སྟེ། བྱང་ཕྱོགས་རི་པད་མའི་འདབ་མ་ལྟར་སྣང་བ། མྱང་ཆུ་སྔོན་མོ་ཟླ་བ་ཆུ་ཤེལ་གདན་དང་གྲུབ་པ། ཚོང་འདུས་རིན་པོ་ཆེའི་གླིང༌། གསང་གནས་འདོད་དགུ་འབྱུང་བའི་རྟེན་འབྲེལ་དང་ལྡན་པ། བྱང་ཆུབ་དགེ་གནས་ཀྱི་ལྟེ་བ་རྩ་འདབ་འཁོར་ལོའི་དབྱིབས་སུ་གནས་པ། པཎ་ཆེན་ལོ་པཎ་གྲུབ་ཐོབ་དུ་མས་ཐེག་པ་ཆེ་ཆུང་གི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ལྟས་དང་ལྡན་པ་


TNT23_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཞྭ་ལུ་གསེར་ཁང་འདི་ཐུགས་ཀ་ཆོས་ཀྱི་ཕོ་བྲང་རང་བྱོན་དུ་གནས་ཕྱིར། འཇིག་རྟེན་དབང་ཕྱུག་གི་སྐུ་རང་བྱོན་དངོས་སུ་བཞུགས་ཤིང༌། འགྲོ་བ་རྣམས་ཀྱི་སྲིད་ཞིའི་རྒུད་པ་མཐའ་དག་སྦྱོངས་ཤིང༌། མངོན་མཐོ་ངེས་ལེགས་བདེན་འབྲས་མཐའ་དག་འབད་མེད་དུ་བསྐྲུན་པ། ཤར་ནུབ་ཀྱིས་འཛིན་ཕྱག་ཞབས་ཀྱི་དབྱིངས་སུ་གནས་པ། ལྷོ་ཕྱོགས་རི་བོ་དབུའི་གཙུག་གི་རྣམ་པར་གྲུབ་པས། གྲུབ་ཐོབ་ཕོ་མོ་དཔག་ཏུ་མེད་པའི་སེམས་ཅན་གྱི་དོན་མ་ལུས་པ་འགྲུབ་པའི་རྒྱལ་མཚན་ཁོར་ཡུག་ཏུ་འཇུག་པ། ས་ཕྱོགས་རྣམས་ཀྱང་གྲོག་སྦུར་ལ་སོགས་པའི་སྲོག་ཆགས་ཕྲ་མོ་ཉུང་ཞིང་སྐྱེ་བོ་ཐམས་ཅད་ཀྱང་རང་བཞིན་གྱི་རྒྱུད་དུལ་བ། ཕན་ཚུན་ཕ་མ་ལྟར་བྱམས་པའི་སེམས་དང་ལྡན་པའོ། །དེའང་མཁན་བརྒྱུད་དང་དབོན་བརྒྱུད་གྲགས་པ་ཅན་བྱོན་པའི་རྟགས་སུ། བྱང་ཕྱོགས་ཀྱི་ཆུ་ཀླུང་འདི་གཡུ་འབྲུག་སྔོན་མོ་མཁའ་ལ་འཕྱོ་བ་འདྲ་ཞིང་རྒྱུན་མི་འཆད་པར་བབས་པ། མཁས་གྲུབ་དགེ་བའི་བཤེས་གཉེན་བསྟན་པ་འཛིན་པའི་སྲོག་ཤིང་དུ་གྱུར་པ་འབྱུང་བའི་མཚན་མར་ལྷོ་ཕྱོགས་ཀྱི་རི་གསེར་གྱི་གདུགས་ཕུབ་པ་འདྲ་བ། སྲིད་ཞིའི་རྒུད་པ་སེལ་ཞིང་མངོན་མཐོ་ངེས་ལེགས་དང༌། འདོད་དགུ་ལྷུན་གྱིས་གྲུབ་པའི་ལྟས་ལ། ཤར་ཕྱོགས་ཀྱི་རི་ལྷུན་པོ་རིན་པོ་ཆེ་འབར་བའི་དབྱིབས་སུ་


TNT23_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ལས་ཉམས་དང་རྟོགས་པ་རྒྱུན་མི་ཆད་པ་གོང་ནས་གོང་དུ་འཕེལ་བའི་ཕྱིར། ནུབ་ཕྱོགས་ཀྱི་ས་འཛིན་པད་མ་རཱ་གའི་གཞོང་པ་ལྟ་བུ། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་རྒྱལ་བ་སྲས་དང་བཅས་པ་དང༌། འདོད་དགུ་ལྷུན་གྱིས་གྲུབ་པའི་ལྟས་ལ་ལོ་པཎ་གྲུབ་ཐོབ་དུ་མའི་སྐུ་གདུང་རིང་བསྲེལ་བསྡུ་བའི་ས་ལ་ལེགས་པར་བལྟམས་པའི་ཆོས་སྐུའི་རྟེན་དཔག་ཏུ་མེད་པ་བཞུགས་པའོ། །གཞན་ཡང་སྒོམ་པ་ངན་པར་མི་བྱུང་ཞིང༌། ཞི་བའི་ལས་གྲུབ་པའི་རྟགས་སུ་ཤར་ཕྱོགས་ཀྱི་རི་གླང་པོ་ཆེ་ཉལ་བ་འདྲ་བ་ལྟ་བ་ངན་པ་མི་འབྱུང་ཞིང༌། རྒྱས་པའི་ལས་གྲུབ་པའི་མཚན་པར་ལྷོ་ཕྱོགས་ཀྱི་ས་འཛིན་གདུགས་ཀྱི་དབང་པོ་འཕྱོ་བ་འདྲ་ཞིང༌། ས་ཕྱོགས་གསེར་གྱི་མདོག་ཏུ་སྣང་བ། བཤད་སྒྲུབ་ལས་མི་གཡེལ་ཞིང༌། དབང་གིས་ལས་འགྲུབ་པའི་ལྟས་ལ། ནུབ་ཕྱོགས་ཀྱི་རི་ནམ་མཁའ་ལ་བསྙེགས་པ་འདྲ་ཞིང༌། བྱུ་རུའི་ཕུང་པོ་སྤུངས་པ་དང་འདྲ་བ། གསང་སྔགས་ཀྱི་སྣོད་དང་ལྡན་ཞིང༌། དྲག་པོའི་ལས་འགྲུབ་པའི་རྟགས་སུ། བྱང་གི་གྲོག་པོ་རྡོ་རྗེ་བཙུན་མོའི་ཆོས་འབྱུང་གི་དབྱིབས་སུ་གནས་པ། ནང་གསོ་ཞིང་བཅུད་ལེན་གྲུབ་པའི་ཕྱིར། སྨན་ཆུང་དང་ཅུང་ཞི་རྩྭ་རྟག་ཏུ་ངུ་དང་སྨན་དང༌། རྫས་ཀྱི་བྱེ་བྲག་དུ་མ་སྐྱེ་བ། གཞན་ཡང་ས་ཕྱོགས་དར་དང་རིན་པོ་ཆེ།


TNT23_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་དངུལ། ཟངས་མཚལ་སྤང་མཐིང་ལ་སོགས་པའི་གསེར་ཁ་དུ་མ་ལྷུན་གྲུབ་ཏུ་གནས་པ། ཕོངས་པ་རྣམས་ཀྱིས་དབུལ་བ་སེལ་ཞིང་འབྱོར་པའི་དཔལ་ལ་སྤྱོད་པ། རང་བཞིན་གྱིས་གྲུབ་པའི་ས་གཞི་དང་རི་བོ་རྣམས་ཀྱང་རིགས་ལྔའི་ཕྱག་མཚན་དང་བཀྲ་ཤིས་རྫས་བརྒྱད་ཀྱི་དབྱིབས་སུ་གནས་པ། སྲིད་ཞི་དཔལ་འབྱོར་མ་ལུས་པས་གང་ཞིང༌། མཁས་གྲུབ་དུ་མའི་འབྱུང་གནས་དཔལ་ཞྭ་ལུ་གསེར་ཁང་འདི་ནི། ལོ་སྟོན་གྱི་ཉེ་གནས་ལྕེ་བཙུན་ཤེས་རབ་འབྱུང་གནས་ཀྱིས་ལོ་སྟོན་ལ་བདག་གིས་མདའ་རྙོབས་པར་གནས་གཞི་ཞྭ་ལུ་ཙམ་གཅིག་བརྩིགས་པར་ཞུ་ཞུས་པས། དེ་བཞིན་གྱིས་གསུངས་ནས། ཕྱག་མདའ་གསེར་གྱིས་བཀང་ནས་ཕུལ་བས། ལོ་སྟོན་གྱི་ཕྱག་མདའ་བསིར་བསིར་ལན་གསུམ་མཛད་ནས། ལྕེ་བཙུན་ཤེས་རབ་ཆེ་གསུངས་ནས་འཕངས་པས་ད་ལྟ་བཙན་ཁང་རྙིང་མའི་མདའ་འབུམ་ཞེས་གྲགས་པ་འདི་ཡིན། དེ་ནས་ལྕེ་བཙུན་རང་གིས་ཞྭ་ལུའི་གཙུག་ལག་ཁང་གི་དབུ་རྩེ་ནུབ་མ་གཉིས་ཀྱི་ལྷོ་བྱང་གཉིས། ཤར་མའི་ཡུམ་ཆེན་མོའི་སྟེང་མན་དང་འོག་ད་ལྟ་མགོན་ཁང་བྱས་པ་འདི་དེ་དུས་བཞེངས་སོ། །རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་སྤྱི་སྟེ་གུ་རུ་བཞེངས། ད་ལྟ་རང་བྱོན་བཞུགས་པའི་ལྷོ་ཕྱོགས་ན་ཞལ་བྱང་གཟིགས་ན་བཞུགས་པ་དེ་བཞེངས་ནས་གསོལ་བ་བཏབ་པས། དེའི་ཞལ་ནས་རྒྱ་གར་རྡོ་རྗེ་གདན་ན་ཇོ་བོ་


TNT23_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་སར་པཱ་ཎི་དེ་བཞིན་གཤེགས་པ་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་ཁྱད་པར་འཕགས་པ་ཞིག་འབྱོན་པར་འདུག་པའི་གདན་དྲོངས་གསུངས་པས་དེར་ལྕེ་བཙུན་གྱིས་གདན་འདྲེན་པའི་འདུན་པ་མཛད། དོན་གཉིས་པ་བོད་ཀྱི་སྡོམ་པ་འདི་མ་དག་པར་ཤེས་ནས། ཞྭ་ལུ་དགེ་འདུན་ཆོས་སྡེ་དང་བཅས་འགོ་བ་ཡེ་ཤེས་གཡུང་དྲུང་ལ་གཏད། དེ་དུས་ཞྭ་ལུ་པ་ལ་ཀ་བཞི་གདུང་བརྒྱད་བྱུང་ཟེར། དེ་ནས་ལྕེ་བཙུན་གྱིས་རྒྱ་གར་རྡོ་རྗེ་གདན་ལ་བྱོན། རྡོ་རྗེ་གདན་པ་ཆེན་པོ་སློབ་དཔོན་ཨ་བྷ་ཡ་ཀ་ར་ལ་སྡོམ་པ་བླངས། ཆོས་མང་པོ་ཞུས། སྤྱན་རས་གཟིགས་ཁ་སར་པ་ཎི་སྤྱན་དྲངས་པས། རྒྱ་གར་གྱི་ལྷ་བསྲུང་རྣམས་མ་དགའ་ནས། ཆུ་བོ་གང་གཱ་ལ་སྤྱན་མ་འདྲོངས། དེར་ལྕེ་བཙུན་གྱིས་དཀོན་མཆོག་ལ་ཞག་གསུམ་གསུམ་གྱི་བར་དུ་གསོལ་བ་བཏབ་པས། མོན་པའི་མི་ཐ་མལ་པས་ཉིས་འགྱུར་བས་ཆེ་བ་གཅིག་བྱུང་ནས་རྣལ་འབྱོར་པ་ཁྱོད་སྐུ་འདི་གར་སྤྱན་དྲངས་པ་ཡིན་ཟེར། བོད་ན་ཞྭ་ལུ་ཟེར་བའི་གཙུག་ལག་ཁང་གཅིག་ཡོད་དེ་རུ་སྤྱན་འདྲེན་པ་ཡིན་བྱས་པས། འོ་ན་ངས་འཁུར་གྱིས་གླ་བྱའམ་ཟེར། བོད་ཀྱི་ཞྭ་ལུ་ཚུན་བསྐྱལ་གླ་ཇི་ཙམ་དགོས་པ་སྟེར་གསུངས་ནས་སྤྱན་དྲངས་ཏེ། ཞྭ་ལུའི་གཙུག་ལག་ཁང་གི་རྟེན་གྱི་གཙོ་བོ་ལ་བཞུགས་ཏེ་ད་ལྟ་རང་བྱོན་གྱི་སྐུ་རྒྱབ་ན་བཞུགས་པ་ཡིན་ནོ། །སྤྱན་འདྲེན་མཁན་གྱི་མི་རང་བཞིན་མིན་པར་ཡལ་(མགོན་པོ་བེང་གི་སྤྲུལ་པའོ།)སོང༌།


TNT23_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ངོ་མཚར་ཆེ་བར་གྲགས་སོ། །དེ་ནས་ཇོ་བོ་ཆེན་པོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཞོར་ལ་སྤྱན་དྲངས་ནས་ཞྭ་ལུའི་གཙུག་ལག་ཁང་ལ་རབ་གནས་ཞུས་པས་རབ་གནས་ལེགས། ཁྱད་པར་ཡུམ་ཆེན་མོའི་སྤྱན་ལ་རབ་གནས་ཆགས་ཏེ་བཀྲ་ཤིས་སོ། །དེ་དུས་ཇོ་བོའི་ཞལ་ནས་ཇོ་བོ་ཐུགས་རྗེ་ཆེན་པོ་ལ་ཡི་དམ་བྱེད་པ་སུ་ཡོད་གསུངས་པས། ལྕེ་བཙུན་གྱི་བདག་བདོག་ལགས་ཞུས་པས། འོ་ན་ཆུ་བོ་སིན་དྷུའི་འགྲམ་ནས་འཕགས་པ་སྤྱན་རས་གཟིགས་རང་བྱོན་གཅིག་བྱོན་པར་གྱུར་རོ་ཞེས་ལུང་བསྟན་ཏོ། །དེ་དུས་ཞྭ་ལུ་པ་ཆེ་བ་རྣམ་པ་བཞི་ཟེར་བ་ཡོད་དེ། ལས་ཀ་བཞི་ཡིན་པས་ཆེ། ཡོན་བདག་བཙད་པོ་ཡོད་པས་ཆེ། སྡོམ་པ་རྒྱལ་བ་ར་མ་ཡིན་པས་ཆེ། རུས་པ་ལྕེ་ཡིན་པས་ཆེ། ཁྲོམ་གཞེར་འདོང་ཁྲི་ནས་ལྕེ་དཀར་ནག་གཉིས་སུ་གྱེས་སོ། །འོད་གསལ་གྱི་ལྷ་ནས་(གནམ་རིམ་པ་བཅུ་གསུམ་གྱི་སྟེང་ནས་འབྲུག་ལྟ་བུའི་ལྕེ་དང་ས་མེར་གྱི་ཞུ་བ་ལྟ་བུའི་བཙུན་མོ་བཤོས་པའི་སྲས་ལ་ལྷ་གན་རྩེ་རྒྱལ་པོ་བྱུང༌། དེས་གདུང་རྒྱུད་ལ་ལྕེའི་མིང་ཐོབ། ལྷ་གན་རྩེ་རྒྱལ་པོ་དང་ཀླུ་གཟའ་བཙུན་མོ་བཤོས་པའི་སྲས་ལ་ལྕེ་ཉི་ཟེར་འཕྲུལ་གྱི་རྒྱལ་པོ་བྱུང༌། དེ་ལས་སྲས་བདུན་གྱིས་ཐང་ཆུ་ཤེལ་གྱི་སྐས་ལས་བབས་ཏེ། སྟག་གཟིག་གི་ཡུལ་དང༌། དེ་ནས་ཧོར། དེ་ནས་རྒྱ་ཡུལ། དེ་ནས་ཡར་རིམ་འཁྱུད་ཀྱིས་ཡར་ལུང་དུ་ཕེབས་སོ།) བབས་ཤིང༌། བོད་ཡུལ་དུའང་


TNT23_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་སྲོང་བཙན་སྒམ་པོའི་ནང་བློན་(ལྕེ་དབང་ཆེན་མོས་མཛད། )བགྱིས་ནས་བསྟན་འགྲོ་ལ་ཕན་པ་རྒྱ་ཆེན་པོ་བྱས། དེའི་རྗེས་སུ་(སྒྲ་བསྒྱུར་གྱི་ལོ་ཙཱ་བ་ལྕེ་ཁྱི་འབྲུག་དང་ལྕེ་ལོ་ཙཱ་བ་ཛྙཱ་ན་སིདྷ་སོགས་ཀྱིས་ཤེར་ཕྱིན་སོགས་བསམ་གྱིས་མི་ཁྱབ་པ་བསྒྱུར་ཅིང་སྒྲའི་གནས་བརྒྱད་ལ་སོགས་པ་བརྩམས། ལོ་ཙཱ་བ་ལྕེ་ཁྱི་འབྲུག་གིས་སྒྲ་བསྒྱུར་གྱི་ལོ་ཙཱ་བ་དང་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་སད་ན་ལེགས་གཉིས་ཀྱི་ནང་བློན་མཛད་དོ། །གཞན་ཡང་ལྕེ་བློ་ལྡན་སེང་གེ་དང༌། ལྕེ་མདོ་སྡེ་པ་སེང་གེ་ལ་སོགས་རྣལ་འབྱོར་གྱི་བཀའ་སྲོལ་འཛིན་པ་མང་དུ་བྱོན། ལྕེ་ལོ་ཙཱ་བ་དགའ་བའི་དཔལ་དང༌། ལྕེ་ལོ་ཙཱ་བ་ཀླུ་མེས་དང༌། ལྕེ་ལོ་ཙཱ་བ་བཀྲ་ཤིས་བརྩེགས་དཔལ་སོགས།) ལོ་ཙཱ་བ་མཆོག་ཏུ་གྱུར་པ་དང༌། བློན་པོའི་ཚུལ་བཟུང་ནས་ཕན་པ་རྒྱ་ཆེན་པོ་མཛད་པ་དེའི་རིགས་རྒྱུད་ལ་བྱོན་པ། ལྕེ་བཙུན་ཤེས་རབ་འབྱུང་གནས་ཀྱིས་གཙུག་ལག་ཁང་བཞེངས་པའི་རྗེས་སུ་ལྕེ་བཙུན་གྱི་ཕ་ཡུལ་འབུམ་གྱི་ཇོ་ཇོ་སྟག་གི་རྒྱལ་མཚན་གྱི་བུ་གཡུ་ཐོག་སྒྲ་གསེར་བཟང་བྱ་བ། ལྕེ་བཙུན་ལ་མཇལ་དུ་བྱུང་བས། བཙུན་པར་བཅུག །ཉེ་གནས་བཅོལ། གཅུང་པོ་ཤེས་རབ་ཡེ་ཤེས་ཀྱི་རྗེས་སུ་ཞྭ་ལུའི་གདན་ས་ཡང་གཡུ་ཐོག་སྒྲ་གསེར་བཟང་གིས་བྱས། གཡུ་ཐོག་སྒྲ་གསེར་བཟང་བསླབ་པ་འཆལ་ནས་དཔོན་རྒྱུད་དུ་སོང༌། གདན་ས་ཁྱུང་པོ་གྲགས་སེང་ལ་གཏད། ཁོང་རང་གིས་དཔོན་བྱས་ཏེ་མངའ་རིས་བསྐྱངས། ཁྱུང་ལ་གཡུ་ཐོག་སྒྲས་


TNT23_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

གནས་འདི་ལ་ལྕགས་རི་གཅིག་གཏོང་བྱས་པས་འཐད་པའི་གྱིས་གསུངས། ནང་དུ་ཁྲོན་པ་གཅིག་འདྲུ་བྱས་པས་འཐད་གསུངས། དེ་གཉིས་ཚར་བ་དང༌། གཡུ་ཐོག་སྒྲ་གསེར་བཟང་གི་དུས་སུ་གཡས་སུ་བྱེ་མ་གཡུ་ཟུར། ས་ཞིང་སྔོ་ཞིང་ཡིད་དུ་འོང་བ། འགྲོ་བའི་དེད་དཔོན་འབྱོན་པའི་གནས་བྱང་སྐྱོབ་པ། ལྷོ་གཞོལ་པ། མདུན་ན་ནེའུ་གསིང་ལ་མེ་ཏོག་དཔག་ཏུ་མེད་པ་འཁྲུངས་པ། བྱ་སྣ་ཚོགས་སྙན་པའི་སྒྲ་སྒྲོག་པ། རི་དྭགས་སྣ་ཚོགས་དགའ་བའི་གར་བྱེད་པ་དེར་རང་བྱོན་གྱི་ཇོ་བོ་འདི་ཉིད་དབུ་མྱུག་གེ་བཞུགས་འདུག་པ་ལ། དགེ་བསྙེན་རྡོ་རྗེ་འབུམ་ཞེས་པ་དེས་ར་ལུག་འཚོར་ཕྱིན་པ་དང༌། སྤྲུལ་པའི་ར་མ་གཡུའི་ཨོག་འཛར་ཉིལ་ལེ་བྱས་པ་གཅིག་ཡོད་པ་དེས་གཡས་ཕྱོགས་སུ་སྐོར་བ་བྱེད་ཀྱིན་འོ་མའི་ཁྲུས་གསོལ་བ་དེ་མཐོང་ནས་དགེ་གཉེན་དད་པ་མཚུངས་མེད་སྐྱེས་ཏེ། གཡས་སུ་གཙང་འགྲམ་དུ་སྤྱན་དྲངས་པས་བྱོན་ནས་གཙང་འགྲམ་དུ་བཞུགས། དེ་དུས་ཞྭ་ལུ་པའི་སློབ་དཔོན་བརྩོན་འགྲུས་ཞེས་པ་དེས་མཚམས་སྦྱར་ནས་ཞྭ་ལུ་བས་ཆོས་བཀའ་རྒྱས་འབྲིང་བསྡུས་གསུམ་གཙང་འགྲམ་པ་ལ་སྤྲད། ཇོ་བོ་རང་བྱོན་ཞྭ་ལུ་རི་ཕུག་ཏུ་སྤྱན་དྲངས་བཞུགས་སུ་གསོལ་བ་ལ། དེ་དུས་ཆུ་ཞལ་འཁྲུག་པའི་འུར་ཤོད་ཡོད་པས་ཆུ་མིག་པ་རྣམས་


TNT23_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཇོ་བོ་ཉིད་བརྐུས་ཏེ་ཕྱིན་པས། ཇོ་མོ་རི་ཕུག་མས་ཇག་འཆིང་བརྒྱབ་ནས་གར་ཡང་བགྲོད་མ་ཐུབ། རྐུན་མ་རྣམས་ཀྱིས་བཅག་པས་ཀྱང་མ་ཆག་པ། མི་འཇིགས་པ་རྡོ་རྗེའི་སྐུར་བྱིན་གྱིས་བརླབས་ནས་ཁུར་ཀྱང་མ་ཐེག །བཅག་ཀྱང་མ་ཆག་པ་འདུག །དེ་དུས་རྒྱ་གར་བ་དང་བལ་པོ་དབུས་གཙང་བ་རྣམས་ཡོན་བདག་ཏུ་དགའ། ཁྱད་པར་བལ་པོ་རྣམས་ཡོན་བདག་བཟང༌། བལ་པོ་རྣམས་ཀྱིས་རྒྱན་རི་དང་ཞལ་རི་ནོར་གྱི་དགོས་ནས་ཞལ་རྀའི་མདའ་རུ་མཆོད་རྟེན་བཞེངས་པ་དེང་སང་ཡང་བལ་པོ་མཆོད་རྟེན་དུ་གྲགས་པ་རྒྱན་གོང་གི་ནུབ་སྟོད་ན་བཞུགས་སོ། །དེ་ནས་ཞྭ་ལུ་པ་དང་རི་ཕུག་པ་བཀའ་བགྲོས་ཏེ། ཇོ་བོ་འདི་ཞྭ་ལུར་འགྲོ་དོན་ཆེ་བ་ཡོད་སྙམ་ནས་ཇོ་བོ་ཞྭ་ལུར་སྤྱན་དྲངས་ཏེ། ཡང་ཇོ་བོ་ཉིད་གཙང་ཁང་དུ་བཞུགས་སུ་གསོལ་སྙམ་པས། ཇོ་བོའི་ཞལ་ནས་ང་མས་འཕང་ན་བུ་སྡོད་པ་བཞིན་ཡིན་ཞེས་གསུང་བྱོན་ནས། སྔ་སོར་རྒྱ་གར་ནས་གདན་དྲངས་པའི་སྤྱན་རས་གཟིགས་ཁ་སར་པ་ཎི་དེའི་སྐུ་པང་ན་བཞུགས་པ་འདི་ཡིན་ནོ། །འདིར་སྨྲྀ་ཏིའི་ཐུགས་དམ་རྟེན་གྱི་ཐུགས་རྗེ་ཆེན་པོ་ཡང་བཞུགས། ཞྭ་ལུའི་གཙང་ཁང་ནུབ་མ་གཉིས་ཀྱི་ལྷོའི་རྟེན་གྱི་གཙོ་བོ་ལ་བཞུགས་སོ། །དེ་ནས་གཡུ་ཐོག་སྒྲ་གསེར་བཟང་གི་སྲས་ལྕེ་འབུམ། དེའི་སྲས་ལྕེ་འབུམ་མེ་དང༌། འབུམ་དར་གཉིས་


TNT23_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུངས་སོ། །དེ་ན་ཞྭ་ལུ་ཁྲི་སྐོར་གྱི་མིང་ནི་མེད། མངའ་རིས་ནི་ཁྲི་སྐོར་ཙམ་ཡོད། ཞྭ་ལུ་པའི། ཀ་བ་བཞི། གདུང་མ་བརྒྱད། བྱང་དུ་སེང་གེ་རལ་པ་ཅན་དང་དགུ༌། ལྕམ་བདུན་ཅུ་ཐམ་པ་ཞེས་གྲགས། ཀ་བ་བཞི་ནི་སྒ་གདོང་དམ་པ་ཆོས་ཀྱི་ཀ་བ། སྐུ་རི་ཇ་སྐྱུས་ཁ་དྲག་དཔུང་པའི་ཀ་བ། གཡུས་སྒྱུ་མ་ནོར་གྱིས་ཀ་བ། ནེ་སེར་ཐུའི་ཀ་བ་སྟེ་ཀ་བ་བཞིའོ། །གདུང་མ་བརྒྱད་ནི་ཤར་དུ་ཀྱི་གྲུ་ཤ་བྱར་ཚལ། ལྷོར་འར་མུག་པ། འབྲི་མཚམས་ནུབ་ཏུ་ལྡོག །ཟ་རྐང་སྦོ་བྱང་དུ་མཉལ་རྗེ་འབངས། ཅོག་རོ་པཎ་ནོ། །བྱང་གི་སེང་གེ་རལ་པ་ཅན་ནི་འུ་ཡུག་གོས་སྔོན་ཅན་གྱི་ལུང་པ་ཡིན། ཨ་མེས་འབུམ་དར་ལ་སྲས་ཨ་མེས་འབུམ་བསྟན་སྐུ་མཆེད་གཉིས། ཨ་མེས་འབུམ་བསྟན་གྱི་ཇོ་མོ་མཉལ་མ་བྲེལ་ཆུང་ཁབ་ཏུ་བཞེས་པ་ལ་སྲས་ཨ་མེས་ཆེན་པོ་སངས་རྒྱས་ཡེ་ཤེས་དང་ཤཱཀྱ་བློ་གྲོས་འཁྲུངས། ལྕེ་ཨ་མེས་འབུམ་མེས་ལ་སྲས་ཨ་མེས་དགེ་འདུན་བཟང་པོ་འཁྲུངས་པ་ཡིན། ཨ་མེས་ཆེན་པོ་སངས་རྒྱས་ཡེ་ཤེས་ཀྱི་དུས་སུ་ཆུ་ཞལ་འཁྲུགས་སྐབས་གཙང་ཁང་གི་རྟ་མགྲིན་འདིས་ཐེངས་གསུམ་བཏོན་ནས་ཆུ་མིག་པ་ཕམ་སྟེ་ཨ་མེས་ཆེན་པོ་སངས་རྒྱས་ཡེ་ཤེས་ཀྱི་ཇོ་མོ་ཚ་ཚ་བཙུན་ནེ་ཁབ་ཏུ་བཞེས་པ་ལ་སྲས་སྐུ་ཞང་རྔ་སྒྲ། སྐུ་ཞང་མགོན་པོ་


TNT23_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ། སྐུ་ཞང་ཀུན་དགའ་འབུམ་སྡེ་སྐུ་མཆེད་གསུམ། སྲས་མོ་མ་གཅིག་མཁའ་འགྲོ་འབུམ། ཇོ་ཇོ་སྟག་འབུམ། ཇོ་ཇོ་ཡེ་ཤེས་འབུམ་སྡེ་སྲས་མོ་གསུམ། ཀུན་དྲིལ་ལྕམ་སྲིང་དྲུག་འཁྲུངས་སོ། །ལྕེ་ཨ་མེས་ཆེན་པོ་སངས་རྒྱས་ཡེ་ཤེས་ཀྱི་སྲས་མོ་མ་གཅིག་མཁའ་འགྲོ་འབུམ། འགྲོ་མགོན་ཕྱག་ནའི་ཇོ་མོར་ཕེབས། སྲས་དྷརྨ་ཕ་ལ་རཀྵི་ཏ། དེའི་བཙུན་མོ་མ་གཅིག་འབུམ་གྱི་སྲིང་མོ་ཇོ་བོ་སྟག་འབུམ་སྤྱན་དྲངས། དེའི་སྲས་རནྟ་ཕ་ལ་རཀྵི་ཏའོ། །ས་སྐྱ་པ་དང་སྐུ་གཉེན་དུ་འབྲེལ་ཚུན། ལྕེའི་གདུང་རྣམས་ལ་ཆེན་པོ་དང་སྐུ་ཞང་གི་མིང་ཐོབ་བོ། །ཨ་མེས་ཆེན་པོ་སངས་རྒྱས་ཡེ་ཤེས་ཀྱི་སྐུ་ཚེའི་སྨད་ལ་སེ་ཆེན་རྒྱལ་པོའི་སྨོན་གྲོ་སྟོང་སྐོར་སྣར། གདུང་བརྒྱུད་ཐམས་ཅད་ཀྱི་རྩ་བ་སྐུ་ཞང་ཡིན་པས་སྐུ་ཞང་རྔ་སྒྲ་རུ་སྣང༌། སྐུ་ཞང་མགོན་པོ་དཔལ་ལ་ཞྭ་ལུ་ཁྲི་སྐོར་ལྷ་སྡེ་མི་སྡེ་གནང་ངོ༌། །ཨ་མེས་ཆེན་པོ་སངས་རྒྱས་ཀྱི་དུས་མཁས་པ་ཆེན་པོ་དབུས་སྟོན་སེང་གེ་འོད་ཞྭ་ལུའི་མཁན་པོར་བསྐོས། རནྟ་ཕ་ལ་སྐུ་ན་ཕྲ་མོ་ལ་གྲོངས། དེའི་སྤུར་སྦྱངས་ནས་རིང་བསྲེལ་ཕུང་པོ་(འབའ་ཞིག་ཏུ་སོང་འདུག་ནས་བླ་མ་བགྲེས་པོ་རྣམས་ལ་རིང་བསྲེལ་འབྱོན་དཀའ་ནས་བུ་ཆུང་འདི་ལ་རིང་བསྲེལ་ཕུང་པོ།)འབྱོན་པ་ཡ་མཚན་ཆེ། ས་སྐྱ་པའི་གདུང་རྒྱུད་ཡིན་པ་ཙམ་གྱིས་བཟང་འདུག་པས་བརྒྱུད་པ་ནས་བརྒྱུད་པར་བཅས་པ་གོང་མའི་བླ་མ་འཆོལ་པ་ཡིན་


TNT23_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

པས་བདག་ཉིད་ཆེན་པོ་སྨོན་ཙེ་ཡུལ་ཧོར་ནམ་ཞིང་དུ་སྤྱུགས་པ་གདན་དྲངས། བོད་དུ་བྱོན་ནས་ཇོ་མོ་བདུན་ལོངས་ལ་རྒྱུད་པ་སྤེལ་གསུངས་པས་ལུང་དང་འཇགས་ས་མཛད། རྒྱུད་པ་སྤེལ་བས་དེང་སང་གི་བར་དུ་རྒྱལ་པོའི་བླ་མ་པའི་བདག་པོར་ཡོད་པ། ཞྭ་ལུ་པ་ཡུམ་སྲས་ཀྱི་དྲིན་ཡིན་ནོ། །སྐུ་ཞང་རྔ་སྒྲའི་རྗེས་ལ་ཞ་ལུའི་དཔོན་སྐུ་ཞང་མགོན་པོ་དཔལ་གྱིས་བྱས། བློ་འབུར་བྱང་མ་སྒོ་གསུམ་མ་བཞེངས། སྒོ་གསུམ་མའི་ནང་དུ་ཁོང་རང་གི་ཡབ་ཨ་མེས་ཆེན་པོ་སངས་རྒྱས་ཡེ་ཤེས་ཀྱི་ནང་རྟེན་ལ་ཐུབ་པ་ཆེན་པོའི་གསེར་སྐུ་ཁྲི་རྒྱབ་དང་བཅས་པ་ན་བཟའ་གོས་ཆེན་དམར་སྨུག་གི་ཆོས་གོས་གྲུ་འཛར་རྣམས་མུ་ཏིག་གིས་བྱས་པ་དང༌། གསུང་རབ་རྒྱས་འབྲིང་བསྡུས་རྣམས་བཞེངས་སོ། །ཞྭ་ལུའི་མཁན་རྒྱུད་ནི་ལྕེ་བཙུན་ཤེས་རབ་འབྱུང་གནས་གཅུང་པོ་ཤེས་རབ་ཡེ་ཤེས་ཁུ་བོ་གཡུ་ཐོག་སྒྲ་གསེར་བཟང༌། ཁྱུང་པོ་གྲགས་སེང་གིས་མཁན་པོ་མངོན་པ་བ་ལ་གདན་ས་གཏད་མངོན་པ་བས་ཞྭ་ལུ་གཞོན་བརྩོན་པ་ལ་གདན་ས་གཏད། དེ་རྗེས་ཝ་ཆོས་བྱང་པ་ཡོད། ཨ་མེས་ཆེན་པོ་སངས་རྒྱས་ཡེ་ཤེས་ཀྱི་དུས་སུ་མཁས་པ་ཆེན་པོ་བུ་སྟོན་སེང་གེ་འོད་ཡོད། ཆུ་མིག་ཆུ་སྐོར་གྱི་དུས་སུ་མཁས་པ་ཆེན་པོ་གཅིག་ལ་གྲལ་བྱིན་པ་ལ་བུ་སྟོན་སེང་གེ་འོད། ཆོས་རྗེ་འཇམ་གསར། ཤངས་པ་ཀུན་མཁྱེན། མཁས་


TNT23_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསོད་རྒྱལ་རྣམས་ཡིན། བུ་སྟོན་སེང་གེ་འོད་ཀྱིས་རྗེས་སུ་མཁན་པོ་འདུལ་འཛིན་པ། མཁན་པོ་གྲགས་གཞོན་པ། བུ་སྟོན་ཐམས་ཅད་མཁྱེན། (དགུང་ལོ་སོ་གཅིག་ལ་ཞྭ་ལུའི་གདན་སར་ཕེབས་ནས་མཁན་པོ་ལོ་སོ་བདུན་མཛད།) ཐུགས་སྲས་ལོ་ཙཱ་རིན་ཆེན་རྣམ་རྒྱལ། (མཁན་པོ་ལོ་གསུམ་མཛད།) འཇམ་དབྱངས་གྲགས་པ་རྒྱལ་མཚན། (མཁན་པོ་ལོ་ང་གཉིས་མཛད།)མཁས་གྲུབ་སངས་རྒྱས་དཔལ་རིན་པ། (ལོ་བརྒྱད།)འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་བ། (ལོ་ཉི་ཤུ་རྩ་བདུན།) ཀུན་མཁྱེན་ཆོས་ཀུན་དཔལ་བཟང༌། (ལོ་བཅུ་བདུན)ཆོས་རྗེ་བཤེས་གཉེན་བཟང་པོ་རྒྱལ་མཚན(ལོ་བཅུ་གཅིག)ཆོས་རྗེ་རིན་པོ་ཆེ་རིག་འཛིན། ཆོས་ཀྱི་རྒྱལ་པོ་སྐུ་ཞང་རྔ་སྒྲ་ལ། སྲས་སྐུ་ཞང་གྲགས་པ་རྒྱལ་མཚན་སྐུ་འཁྲུངས། སྐུ་ཞང་མགོན་པོ་དཔལ་ལ་སྲས་སྐུ་ཞང་རྡོ་རྗེ་དབང་ཕྱུག་མ་གཅིག་གཞོན་ནུ་འབུམ། མ་གཅིག་ནམ་མཁའ་རྒྱལ་མཚན། ཇོ་བོ་རྡོ་རྗེ་འབུམ། ཇོ་ཇོ་བཙུན་མ་སྡེ་ལྕམ་སྲིང་ལྔ་འཁྲུངས། མ་གཅིག་གཞོན་ནུ་འབུམ་གྱི་བླ་མ་བདག་ཉིད་ཆེ་མོའི་ཇོ་མོ་མཛད། དེ་ལ་སྲས་ཏཱ་དབེན་གུ་ཤྲཱི་ཀུན་དགའ་ཉི་མ། འཇམ་དབྱངས་དོན་ཡོད་རྒྱལ་མཚན། ཆོས་རྗེ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་ལ་སོགས་པ་ཆོས་ཀྱི་མངའ་བདག་ཆེན་པོ་རྣམ་པ་གསུམ་སྐུ་འཁྲུངས་སོ། །མ་གཅིག་ནམ་མཁའི་རྒྱལ་མཚན་གྱིས་ཤར་པའི་ཇོ་མོ་མཛད་དེ་སྲས་བླ་མ་རིན་ཆེན་རྒྱལ་མཚན་


TNT23_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ལྕམ་སྲིང་གསུམ་འཁྲུངས་སོ། །ཇོ་མོ་རྡོ་རྗེ་འབུམ་གྱིས་ཚལ་བ་སྨོན་ལམ་དང༌། དུ་དབེན་ཤ་བདེ་རྒྱལ་འོད་ཇོ་མོ་མཛད། སྲས་སི་ཏུ་ཀུན་དགའ་རྡོ་རྗེ། (ཚལ་པའི་དེབ་དམར་དུ་གྲགས་པ་དེ་མཛད་མཁན།)དང༌། དུས་དབེན་ཤ་མགོན་པོ་འཕེལ་བྱུང༌། སྐུ་ཞང་མགོན་པོ་དཔལ་གྱི་རྗེས་སུ་སྐུ་ཞང་རྡོ་རྗེ་དབང་ཕྱུག་ནི་ལོ་གསུམ་ན་ཞྭ་ལུའི་དབོན་མཛད་གོང་ནས་ཀྱང་ཞྭ་ལུ་ཁྲི་སྐོར་ཡབ་བཞི་འཇག་པའི་འཇའ་ས་གནང༌། རྡོ་རྗེ་དབང་ཕྱུག་གི་རྗེས་སུ། །སྔོན་བསགས་བསོད་ནམས་ཆུ་གཏེར་ལས་བྱུང་ཞིང༌། །དཔལ་འབྱོར་སྙན་པར་གྲགས་པའི་འོད་སྟོང་ལྡན། །རྒྱལ་སྲིད་རྒྱལ་མཚན་གླིང་བཞིར་གསལ་མཛད་པ། །བསྟན་ལ་རབ་དད་སྤྱིན་བདག་ཅེས་བུ་སྟོན་རིན་པོ་ཆེས་གསུངས་པ་ལྟར་རྣམ་སྲས་ཀྱི་སྤྲུལ་པ་སྐུ་ཞང་གྲགས་པ་རྒྱལ་མཚན་གྱིས་ཞྭ་ལུའི་དཔོན་མཛད། ཚལ་པའི་སྲས་མོ་དཔོན་མོ་འཛོམས། འབུམ་དཔལ་ཤི་ཇོ་མོར་བཞེས། མཚན་བརྒྱུད་ལ་མཁན་པོ་འདུལ་བ་འཛིན་པ་དང༌། གྲགས་གཞོན་པ་ཡོད། སྐུ་ཞང་གྲགས་པ་རྒྱལ་མཚན་གྱིས་རྒྱ་ཡུལ་ལ་བྱོན། ཨོལ་ཇ་དུ་རྒྱལ་པོའི་ཕྱག་ནས་ཤེལ་གྱི་འོན་རྩེ་རྨ་བྱ་མ་གསོལ་ཆང་གིས་བཀང་ནས་གནང༌། ཁྱོད་གདུད་རྒྱུད་ཀྱི་ཞང་པོར་འདུག་པས་ངེད་ཀྱིས་ཀྱང་ཞང་པོ་ཡིན་དུ་ཆུགས་གསུངས་ནས་གནང༌། དབུས་གཙང་མངའ་རིས་སྐོར་གསུམ་གྱི་བདག་པོ་ཧུ་ཤྲཱི་དུ་དབེན་ཤས་མཛད། སྟག་མགོ་ནོར་བུ་གཉིས་པ་བཟུང་པའི་


TNT23_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་ཀྱི་བདག་པོ་མཛད་ཅིང་ཀུན་ཡར་ཆད། གོང་མས་ཞྭ་ལུ་ཁྲི་སྐོར་གྱི་ལྷ་སྡེ་མི་སྡེ་ཐམས་ཅད་བདག་པར་བྱས་པའི་འཇའ་ས་གནང༌། ཞྭ་ལུའི་གཙུག་ལག་ཁང་འདིའི་གློ་འབུར་ལྷོའི་བསེ་སྒོ་མ་དང༌། ཤར་གྱི་སྒོ་ཁང་ལ་མགོན་ཁང་བྱས། ད་ལྟ་བྱང་ངོས་ཀྱི་སྒོ་རྒྱུད་ལམ་ཆེན་མོ་འདི་བཏོན། ལྷོ་དམག་སྡེ་དང་བཅས་པའི་ཤིང་འདྲེན་བྱས། ཤིང་ཚན་ཆེན་པོ་དྲངས། ཤར་རྒྱ་ཧོར་གྱི་ཡུལ་ནས་བཟོ་བོ་མཁས་པ་བོས། རྒྱ་ཕིབས་གཡུ་ཆུ་ཅན་གསེར་གྱི་གན་ཛི་ར་བཙུགས་པ་ཆེ་བ་བཞི། ཟུར་གྱི་གློ་འབུར་བཞི་ལ་གཡུ་ཆུའི་བ་གམ་དང༌། རྒྱན་ལ་གསེར་གྱི་གན་ཛི་རས་བརྒྱན་པ། གསེར་ཁང་རྒྱ་ཕིབས་གསུམ་བརྩེགས་སུ་ཡོད་པ། གཞན་རྣམས་རྒྱ་ཕིགས་གཉིས་བརྩེགས་པ་མེད་ལ། ནང་ན་ཚོན་སྣ་བརྒྱ་རྩ་གཅིག་གིས་སྤྲས་པའི་དེ་བཞིན་གཤེགས་པའི་སྐུ་བསམ་གྱིས་མི་ཁྱབ་པ་བཞུགས། ཁྱད་པར་བསེ་སྒོ་མ་ན་དུས་གསུམ་སངས་རྒྱས་དང༌། གསེར་ལས་བཞེངས་པའི་བཀའ་འགྱུར་བརྒྱད་སྟོང་བརྒྱ་རྩ་བརྒྱད། གཙུག་ལག་ཁང་ནུབ་མ་གཉིས་ན། གཅིག་གི་གཙོ་བོ་ལ་རང་བྱོན་འཕགས་པ། གཅིག་གི་གཙོ་བོ་ལ་རྣམ་སྣང༌། ལྷོའི་གཙོ་བོ་ལ་དུས་གསུམ་སངས་རྒྱས། བྱང་གི་གཙོ་བོ་ལ་ཐུབ་པ་ཆེན་པོ། ཤར་གྱི་གཙོ་བོ་ཡུམ་ཆེན་མོ། དེའི་འོག་ན་རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་མགོན་ཁང་དང་བཅས་པ་ལ་འཁོར་


TNT23_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་ཀྱིས་མི་ཆོད་པས་བསྐོར་བ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་དང༌། རྭ་བ་བཞི་ལ་མཆོད་པ་ཆེན་པོ་བཞི་བཙུགས། སྔོན་གྱི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་རྣམ་ཐར་ཀྱང་ད་དུང་ཡང་ངའི་གཙུག་ལག་ཁང་འདི་དགེ་འདུན་རྒྱ་མཚོ་ལྟ་བུ་ཞིག་སྙིང་ལ་འདོད། དགེ་བཤེས་དུ་མ་ཚོགས་པ་ཞིག་སྙིང་ལ་འདོད། དེ་ལ་ལས་སྤྱན་གྱི་ཚོགས་དཔོན་ཤིན་ཏུ་བཟང་བ་གཅིག་གྲགས་སམ་བསམ་པར་སྦྱིན་བདག་ཆེན་པོའི་ལྷག་བསམ་རྣམ་དག་གི་ནུས་པ་ལ་བརྟེན་ཏེ་ལྷ་ལུང་བསྟན་པ་ལ། བུ་སྟོན་ཆོས་རྗེ་ལོ་ཙཱ་ཉིད་དེ། དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །དགེ་ལེགས་ཡོན་ཏན་ཀུན་གྱི་རིན་ཆེན་གཏེར། །འགྲོ་ཚོགས་སྡུག་བསྔལ་སྐྱོབ་པའི་གཉེན་གཅིག་པོ། །མཁས་གྲུབ་བུ་སྟོན་ཆོས་རྗེའི་ཞབས་ལ་འདུད། །མ་བྱོན་བསྐལ་བཟང་བདུན་པ་ཆོས་ཀྱི་རྗེ། ཀུན་མཁྱེན་སྐད་གཉིས་སྨྲ་བ་ཐུགས་རྗེ་ཅན། །འགྲོ་ཀུན་བུ་བཞིན་སྐྱོང་བའི་རྩ་ལག་མཆོག །སྟོན་པའི་རྒྱལ་ཚབ་བླ་མ་བུ་སྟོན་མཆོག །གང་གིས་མཁྱེན་པའི་མེ་དཔུང་གིས། །ལྟས་ངན་ཚང་ཚིང་ཀུན་བསྲེག་ཅིང༌། །འགྲོ་ཀུན་སྙིང་གི་མུན་འཇོམས་པ། །རྩ་བའི་བླ་མ་རྒྱལ་གྱུར་ཅིག །གང་ཞིག་ཚོགས་གཉིས་ཤིང་རྟས་ལེགས་དྲངས་ཤིང༌། །མཁྱེན་བརྩེའི་དཀྱིལ་འཁོར་རབ་རྒྱས་ཕྲིན་ལས་བཟང༌། །འོད་ཟེར་དཔག་མེད་འཕྲོག་པས་འགྲོ་བློ་ཡི། །མུན་པ་རབ་འཇོམས་བླ་མའི་ཞབས་ལ་འདུད། །དཔག་མེད་


TNT23_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པར་ཚོགས་གཉིས་རབ་སྦྱངས་པས། །སྐུ་གསུམ་འབྲས་བུ་རིན་ཆེན་མངོན་དུ་མཛད། །ཕྲིན་ལས་རྣམ་བཞི་རྟག་པར་ལེགས་གྲུབ་པའི། །ཆོས་རྗེ་བུ་སྟོན་ལོ་ཙཱའི་ཞབས་ལ་འདུད། །རིག་གནས་མ་ལུས་མངོན་དུ་མཐར་ཕྱིན་ཡང༌། །སློབ་པའི་ཚུལ་བཟུང་སྒྲ་ཚད་བཟོ་དང་གསོ། །ཁྱད་པར་ནང་རིག་དོན་ལ་སྦྱངས་པ་མཛད། །མངའ་རིས་པཎ་ཆེན་ཀུན་མཁྱེན་དེ་ལ་འདུད། །སྤང་བྱ་གཞི་བཅས་སྤངས་ནས་རིང་དུ་ལོན། །བསླབ་བྱ་མ་ལུས་བསླབ་པ་མཐར་ཕྱིན་ཡང༌། །བསྟན་པ་བཟུང་ཕྱིར་སོ་ཐར་སྔ་ཕྱིའི་ཚིགབཟུང་ནས་རྗེས་སུ་སྐྱོང་མཛད་དེ་ལ་འདུད། །སྔོན་ནས་སྒོ་གསུམ་དྲི་མ་ཀུན་སྤངས་ཤིང༌། །ས་ལམ་འབྲས་བུ་མ་ལུས་མཐར་ཕྱིན་ཡང༌། །ཡོངས་འཛིན་བླ་མའི་ཚོགས་རྣམས་ལེགས་བསྟེན་ནས། །རྒྱུད་ལུང་དབང་རྣམས་རྫོགས་མཛད་དེ་ལ་འདུད། །བུ་སྟོན་རིན་པོ་ཆེ་དེ་སྔགས་མཚན་ཉིད་ལ་སྦྱངས་སྟོབས། སློབ་མ་ལ་སྡོམ་པ་ཕོག་ཚུལ། སློབ་མ་མཁས་བཙུན་ཉན་བཤད་འཕེར་བ་ཐོན་ལུགས། ཉམས་རྟོགས་ཀྱི་རྣལ་འབྱོར་པ་ཐོན་ལུགས། མངོན་ཤེས་ཏིང་ངེ་འཛིན་གྱི་ཉམས་རྟོགས་ཐུགས་རྒྱུད་ལ་མངའ་ཚུལ། ཡི་དམ་ཞལ་གཟིགས་ཚུལ། གསུང་རབ་བཞེངས་ཚུལ། ལྷ་རྟེན་བཞེངས་ཚུལ། ཆོས་བསྒྱུར་ཚུལ་སོགས་སྒོ་རེ་རེའི་མཛད་པ་བསམ་གྱིས་མི་ཁྱབ་སྟེ། ཇི་ལྟར་ཕྱོགས་བཅུའི་ཆུ་ཀླུང་ཇི་


TNT23_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

སྙེད་པ། །ཆུ་ཐིགས་ཚུན་ཆད་རྒྱ་མཚོར་འདུ་བ་ལྟར། །དེ་བཞིན་ཆོས་སྒོ་མ་ལུས་ཇི་སྙེད་པ། །གཅིག་ཏུ་འདུས་པ་བུ་སྟོན་ལོ་ཙཱ་ཡིན། །ཁྱེད་ཀྱི་འཕྲིན་ལས་ཇི་ཙམ་མཁའ་ཁྱབ་པ། །དེ་ཙམ་ཁྱབ་སྟེ་ཆད་མེད་རྟག་གནས་པ། །ནམ་མཁའ་ལ་ནི་ཀུན་ཏུ་འགྲན་པ་འདྲ། །ནམ་མཁའ་མ་བཟོད་གོ་སྐབས་ཕྱེ་བ་སྙམ། །བུ་སྟོན་གྱི་སྐྱེ་བ་གོང་མ་ནི་ཁ་ཆེ་པཎ་ཆེན་ཡིན། དེ་སངས་རྒྱས་བདུན་པ་རབ་གསལ་དུ་གྱུར་པ་ནི་རྔ་བོ་ཆེའི་མདོ་ལས། ཤཱཀྱ་ཤྲཱི་ཞེས་བྱའི་དགེ་སློང་དག །བསྟན་དང་སེམས་ཅན་དོན་ལ་བརྩོན། །ཟག་པ་ཐམས་ཅད་ཟད་གྱུར་ཏེ། །རབ་གསལ་ཞེས་བྱར་སངས་ཡང་རྒྱས། ཞེས་དང༌། རྒྱ་གར་ཁ་ཆེ་རྗེ་བཙུན་སྒྲོལ་མས་ཁྱེད་ལ་མ་འོངས་པ་ན་མི་མཇེད་དེར་སྐྱེས་བུ་འདུལ་བ་ཁ་ལོ་བསྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ། དེ་བཞིན་གཤེགས་པ་རབ་གསལ་ཞེས་པར་སངས་རྒྱའོ་ཞེས་ཡང་གསུངས། སིང་གྷ་གླིང་གི་དགྲ་བཅོམ་པས་ཁ་ཆེའི་པཎྜི་ཏའི་བི་ཤུ་ཏ་ཙནྡྲ་ལ་ཁྱོད་ཀྱི་རིང་བསྲེལ་གྱི་ཟ་མ་ཏོག་འདི་དང༌། ཟེའུ་འབྲུ་ཡོད་པའི་མེ་ཏོག་འདི་ཐོག་མ་ཁོ་ནར་དགེ་སློང་ཤཱཀྱ་ཤྲཱི་བྷ་དྲ་ལ་ཕུལ། མེ་ཏོག་ལྷག་མ་བཞི་པོ་འདི་ཁྱོད་ཀྱི་ལྷུང་བཟེད་དུ་འཁྱེར་ལ་ཁྱེད་རང་གི་མཆེད་ཟླ་ཀ་སྨིར་པཎྜི་ཏ་དེའི་ཕྱག་ཏུ་རེ་ཞིག་གཏོད། དེ་མ་འོངས་པའི་སངས་རྒྱས་བདུན་པ་ཡིན་པས་བསོད་སྙོམས་བསམས།


TNT23_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཅུང་ཟད་ཕུལ་ནས་འབྲས་བུ་དཔག་ཏུ་མེད་པར་གྱུར་རོ། །རི་བྱ་རྐང་ཅན་གྱི་དྲང་སྲོང་གྲུབ་ཐོབ་ཀྱིས་ཀྱང་དེ་དང་འདྲ་བའི་སངས་རྒྱས་བདུན་པ་རབ་གསལ་ཡིན་པར་ལུང་བསྟན་ནོ། །མདོ་སྡེ་བསྐལ་བཟང་ལས་དེ་བཞིན་གཤེགས་པ་རབ་གསལ་སྐྱེ་བའི་ཡུལ་ནི་རྒྱུ་སྐར་ཅན། རིགས་རྒྱལ་རིགས་འོད་དཔག་ཚད་ལྔ། ཡབ་ལེགས་པའི་བློ་གྲོས། ཡུམ་མེ་ཏོག །སྲས་དུས་རིགས། རིམ་གྲོ་པ་དགའ་བའི་དབང་ཕྱུག་ཤེས་རབ་ཅན་གྱི་མཆོག་བཀྲ་ཤིས། རྫུ་འཕྲུལ་ཅན་གྱི་མཆོག་འབྲུག་སྒྲ། འདུས་པ་དང་པོ་ལ་ཉན་ཐོས་བྱེ་བ་ཕྲག་འབུམ། གཉིས་པ་ལ་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་དགུའོ། །གསུམ་པ་ལ་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་བརྒྱད་དོ། །སྐུ་ཚེ་ལོ་བྱེ་བ་ཕྲག་དགུའོ། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲི་ལྔ་སྟོང་བར་དུ་གནས་སོ། །སངས་རྒྱས་དེའི་རྣམ་པར་སྤྲུལ་པ་ཞྭ་ལུ་བུ་སྟོན་ལོ་ཙཱ་བ་སྤྱན་འདྲེན་ཆེད་གཉེར་ཞུས་པ་ཞལ་གྱིས་བཞེས་ནས་ལྕགས་ཕོ་སྤྲེའུ་ལོ་ལ་ཉིད་ཀྱི་དགུང་ལོ་སུམ་ཅུ་སོ་གཅིག་ལ་ཞྭ་ལུར་ཕྱག་ཕེབས། སྔོན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ལ་ཞབས་ཏོག་ཇི་ལྟར་བྱས་པ་ལྟར་དུ་སྦྱིན་བདག་ཆེན་པོ་དེས་ཀྱང་ཆོས་རྗེ་ཉིད་ལ་གུས་པ་ཆེན་པོས་ཞབས་ཏོག་ཚུལ་བཞིན་དུ་བྱས། ལུས་ལོངས་སྤྱོད་གཉེན་འབངས་འཁོར་


TNT23_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་ཐམས་ཅད་ཕུལ་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་བ་གཅིག་ཞུ། སྒོས་ཞྭ་ལུ་བ་ཡོན་མཆོད་དར་ཞིང་རྒྱས་པ་གཅིག་ཞུ་འཚལ་ཞེས་ཞུས་པ་ལྟར་མདོར་ན་ཡོན་ཏན་གྱི་བདག་ཉིད་ཆེན་པོ་འདི་ནི་མཁྱེན་རབ་དང་ཐུགས་རྗེས་ཕུན་སུམ་ཚོགས་པའི་གྲུ་དང་རྫིང་ལ་སོགས་པར་བཞུགས་ཏེ་མདོ་རྒྱུད་རྒྱ་མཚོ་ཆེན་པོའི་ཕ་རོལ་ཏུ་བྱོན་ནས་དོན་གཉིས་ཀྱི་ནོར་བུ་བླངས་ཏེ། ལུས་ཅན་གྲངས་མེད་པའི་བློའི་དབུལ་བ་སེལ་བར་མཛད་པའི་ཚུལ་སྨོས་ཅི་འཚལ་གཟིགས་པས་གསལ་བ་འདི་ལགས་མོད། སྐྱེས་བུ་དམ་པ་འདིས་དབྱར་དགུན་གྱི་དུས་ཆོས་ལ་ཕྱིར་མངོན་པ་ཀུན་ལས་བཏུས། ཚད་མ་རྣམ་ངེས། སྤྱོད་འཇུག་རྣམས་ལ་ཉིད་ཀྱི་ཊིཀྐ་བཏབ་པ་དང༌། འདུལ་བ་མདོ་རྩ་བ་ལ་བྱ་འདུལ་འཛིན་གྱིས་ཊིཀྐ་བཏབ་པ། གཙོ་བོར་རྒྱུན་དུ་གསུངས་པ། གཞན་མདོ་རྒྱུད་ཀྱི་བཤད་པ་ལུང་བཀའ་དབང་བཀའ་གདམས་ངག་ཆེ་ཆུང་ལ་སོགས་པ་ཐོགས་པ་མེད་པ་མང་པོ་ཞར་ཆོས་སུ་གསུངས། སྟོན་དཔྱིད་དུས་འཁོར་རྒྱུད་དང་འགྲེལ་ཆེན་ལ་ཉིད་ཀྱི་མཆན་བུ་བཏབ་པ། གསང་འདུས་འགྲེལ་པ་དོན་གསལ་ལ་ཉིད་ཀྱིས་ཊིཀྐ་བཏབ་པ། ཡོ་ག་རྡོ་རྗེ་འབྱུང་བ་ལ་ཉིད་ཀྱིས་མཛད་པའི་ཊིཀྐ། དཔལ་སམ་བུ་ཊཱི་ལ་ཉིད་ཀྱིས་ཊིཀྐ་བཏབ་པ་རྣམས་རྒྱུན་དུ་གཙོ་བོར་གསུངས། ཕལ་པ་ཞར་ཆོས་ཀྱི་ཚུལ་


TNT23_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མདོ་རྒྱུད་ལ་བསྟེན་པའི་བཤད་བཀའ་དབང་བཀའ་མན་ངག་བཀའ་བྱིན་རླབས་ཀྱི་བཀའ་ལུང་མང་སྟེ། མདོར་ན་མི་རེ་དང་ངོ་རེ་ལ་འདོད་ཆོས་རེ། དེ་རེ་རེ་ལའང་བློ་རྩེ་གཏད་དུ་བཏུབ་པ། དེ་ཡིན་ངེས་མཉམ་དུ་ཐག་ཆོད་པའི་ལུང་རིག་པ་མན་ངག་བཅས་པ་གསུངས། གཞན་ཡང་འགྲེལ་པ་དང་འགྲེལ་བཤད་ལ་སོགས་པ་མང་དུ་མཛད་ནས་གསུངས་སོ། །དེའི་དུས་ཆོས་རྗེ་ཉིད་ཀྱིས་སྔོན་ཇོ་བོ་རྗེ་ལྷ་གཅིག་བཞུགས་ཤིང༌། དེའི་ཐུགས་དམ་ཚ་ཚ་བཞུགས་པའི་མཆོད་རྟེན་བྱིན་གྱིས་བརླབས་པའི་གནས། ཞྭ་ལུ་རི་ཕུག་ན་སྤཻའུ་ཆུང་གཅིག་ཡོད་པ་ལ་གཞི་བྱས་ནས། གཙུག་ལག་ཁང་དགེ་འདུན་གྱི་སྡེ་དང་བཅས་པ་བཞེངས། གཞན་ཡང་ཆོས་རྗེ་ཉིད་ཀྱིས་བཞེངས་པའི་གཙུག་ལག་ཁང་དུ་དཔལ་དུས་ཀྱི་འཁོར་ལོའི་གསེར་སྐུ་ཁྲི་རྒྱབ་དང་བཅས་པ་དང༌། རྣམ་སྣང་གི་གསེར་སྐུ། ཐུབ་དབང་གི་གསེར་སྐུ། བྱམས་པའི་གསེར་སྐུ། དཔལ་གསང་བ་འདུས་པའི་གསེར་སྐུ་ལ་སོགས་པ་བཀའ་དྲིན་ཆེ་བའི་བླ་མ་བཞིའི་ནང་རྟེན་རྣམས་བཞེངས། དེ་ནས་དགུང་ལོ་དྲུག་ཅུ་རེ་གསུམ་བཞེས་པ་ཆུ་ཕོ་འབྲུག་ལ་དཔལ་ལྡན་འབྲས་སྤུངས་ཀྱི་ཕྱག་ཚད་བསྒྱུར། བྱང་ཆུབ་ཆེན་པོའི་ཕྱག་ཚད་དྲི་མེད་འགྲེལ་པའི་ལུགས་ཀྱི་རྩོམ་པ་མཛད། བསྟན་པ་དང་སེམས་ཅན་མང་པོའི་དོན་ལ་དགོངས་ཤིང༌། ཁྱད་པར་དུ་འང་ཡུམ་གྱི་ཕྱི་རྟེན་སོ་ཕག་ལས་གྲུབ་


TNT23_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱང་ཆུབ་ཆེན་པོའི་མཆོད་རྟེན་བཞེངས། གསུང་རབ་བཀའ་རྒྱས་འབྲིང་བསྡུས་གསུམ་ལ་སོགས་པ་སྐུ་གསུང་ཐུགས་ཀྱི་རྟེན་བསམ་གྱིས་མི་ཁྱབ་པ་བཞེངས་སོ། །སྐུ་ཞང་གྲགས་པ་རྒྱལ་མཚན་ལ་སྲས་སྐུ་ཞང་ཀུན་དགའ་དོན་གྲུབ། སྐུ་ཞང་རིན་ཆེན་རྒྱལ་མཚན། སྐུ་ཞང་ཡེ་ཤེས་ཀུན་དགའ། ཚ་བོ་སྐུ་ཞང་དཀོན་མཆོག་རྒྱལ་མཚན། ཚ་བོ་སྐུ་ཞང་དངོས་གྲུབ་རྒྱལ་མཚན་ལ་སོགས་པ་རྣམས་ཀྱིས་ཀྱང་ཡབ་མེས་ཀྱིས་སྲོལ་ཁ་བཟང་པོ་བསྐྱངས། ཁྱད་པར་དུ་ཆོས་རྗེ་རིན་པོ་འདི་སྤྱི་བོའི་ཐོད་བཞིན་ཁུར། སྔར་ཡབ་མེས་ཀྱིས་བཞེངས་པའི་གཙུག་ལག་ཁང་ཆེན་པོའི་ཞབས་ཏོག་བྱས། དགེ་འདུན་གྱི་ཆོས་སྡེ་ཆེན་པོ་བསྐྱངས། ཁྱད་པར་དུ་སྐུ་ཞང་ཀུན་དགའ་དོན་གྲུབ་ཀྱིས་བསྟན་འགྱུར་ལྷ་ཁང་དུ་བསྟན་བཅོས་བོད་དུ་འགྱུར་རོ་ཅོག་རྣམས་བཞེངས། སྐུ་ཞང་ཀུན་དགའ་དོན་གྲུབ་ཀྱིས་སྤྱིན་བདག་མཛད་ནས་ཞྭ་ལུའི་གཙུག་ལག་ཁང་ནང་སྟེང་གི་ཕྱོགས་བཞིའི་རི་མོ་ལ་ནུབ་མར་རྡོ་རྗེ་དབྱིངས་རིགས་བསྡུས་པའི་དཀྱིལ་འཁོར། ལྷོ་མར་དཔལ་མཆོག་རིགས་བསྡུས་པའི་དཀྱིལ་འཁོར། བྱང་མར་ཀུན་རིགས་བསྡུས་དཀྱིལ་འཁོར། ཤར་མར་འཇམ་དཔལ་ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་རིགས་བསྡུས་པའི་དཀྱིལ་འཁོར་རྣམས་བཞེངས། ཁྱད་པར་རྣལ་འབྱོར་རྒྱུད་ཀྱི་དཀྱིལ་འཁོར་གྱི་གཞལ་ཡས་ཁང་ཆེན་པོ་བཞེངས་པའི་དུས་སུ་ཆོས་རྗེ་པ་


TNT23_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱིས་དཀྱིལ་འཁོར་གྱི་བཀོད་པ་མཛད་པ་ལ་རྩ་རྒྱུད་ཀྱི་དཀྱིལ་འཁོར་ཉིས་བརྒྱ་བཅུ་གསུམ་བཤད། བཤད་རྒྱུད་རྩེ་མོའི་འདབ་བརྒྱ་དཀྱིལ་འཁོར་ཉེར་དགུ་དཔལ་མཆོག་གི་དཀྱིལ་འཁོར་བརྒྱད་ཅུ་རྩ་བཞི། སྦྱོང་རྒྱུད་ཀྱི་དཀྱིལ་འཁོར་བཅུ་གཉིས། གཞན་ཡང་རྡོ་རྗེ་སྙིང་པོ་རྒྱན་གྱི་དཀྱིལ་འཁོར་སུམ་ཅུ་སོ་བདུན། ཆོས་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་ཉེར་བཞི། གཙུག་དགུ་ལ་སོགས་པའི་ལྷ་འབུམ་མཛད། བསྟན་བཅོས་ཆེན་པོ་འགྱུར་རོ་ཅོག་བཞེངས་པ་ན་སྔར་མ་ཚང་བ་བཅུགལྷག་པ་བཏོན། གོ་རིམ་བསྒྲིགས་པའི་དཀར་ཆག་མཛད། སྐུ་ཞང་ཆེན་པོ་གྲགས་པ་རྒྱལ་མཚན་གྱི་ནང་རྟེན་ཐུབ་པ་ཇོ་བོའི་སྐུ་ཚད་མ་དང་གནས་བརྟན་ཆེན་པོ་བཅུ་དྲུག་གི་སྐུ་གཟུགས་སོགས་དེ་བཞིན་གཤེགས་པའི་རིང་བསྲེལ་གྱིས་བྱུར་བུར་བཀང་པའི་ལྷ་ཁང་ཆེན་པོའི་ཞལ་ལྟ་མཛད། བྱང་ཆུབ་སེམས་དཔའི་སྐྱེས་རབ། མཛད་པ་བཅུ་གཉིས་ཆོ་འཕྲུལ་ཆེན་པོ་བསྟན་པ། མ་ག་ཏ་བཟང་མོའི་རྟོགས་བརྗོད་ཡབ་སྲས་མཇལ་བ། ཨུ་ཌ་ཡ་ནའི་རས་བྲིས་ལ་སོགས་པ་བྲིས་སྐུ་སྣ་ཚོགས་དང༌། གཞན་ཡང་རྒྱུད་སྡེ་ལྷ་ཚོགས་ཀྱི་བཀོད་པ་མཛད། དེའི་སྐབས་མཚམས་ཤིག་ཏུ་དཔོན་ཆེན་རྒྱལ་བཟང་གིས་ཤངས་སུ་གདན་དྲངས་པའི་དུས་སུ་བུ་སྟོན་གྱིས་དྲི་མེད་མཆོད་རྟེན་ལ་སོགས་པ་ཆོས་སྐུའི་རྟེན། ཐུབ་པ་ཆེན་པོ་ལ་སོགས་པ་སྤྲུལ་སྐུའི་རྟེན། བྱམས་


TNT23_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་སོགས་ལོངས་སྐུའི་རྟེན་མང་པོའི་བཀོད་པ་མཛད། ཕྱག་རྡོར་དབང་བསྐུར་བའི་དཀྱིལ་འཁོར་བཞི། རྣམ་སྣང་མངོན་བྱང་གི་དཀྱིལ་འཁོར་གསུམ། གཤིན་རྗེ་གཤེད་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་གྱི་དཀྱིལ་འཁོར་ལྔ། མི་གཡོ་བ་བརྟུལ་ཕོད་པའི་དཀྱིལ་འཁོར་ལྔ། འཇམ་དཔལ་རྩ་རྒྱུད་ཀྱི་དཀྱིལ་འཁོར་གསུམ། དམ་ཚིག་གསུམ་བཀོད་ཀྱི་དཀྱིལ་འཁོར་གཅིག བསྲུང་པ་ལྔའི་དཀྱིལ་འཁོར། གཅིག་འོད་ཟེར་ཅན་གྱི་དཀྱིལ་འཁོར་བཞི། གདུགས་དཀར་གྱི་དཀྱིལ་འཁོར་བཞི། དྲི་མེད་ཀྱི་དཀྱིལ་འཁོར་དགུ། མི་གཡོ་བའི་དཀྱིལ་འཁོར་གཅིག །གཟའ་ཡུམ་གྱི་དཀྱིལ་འཁོར་གཅིག ཚོགས་བདག་གི་དཀྱིལ་འཁོར་གཅིག་ལ་སོགས་པ་སྤྱོད་རྒྱུད་ཀྱི་དཀྱིལ་འཁོར་མང་པོའི་བཀོད་པ་དང༌། དེ་རྣམས་ཀྱི་ལྷ་འབུམ་མཛད། དོན་ཞགས་ཆོ་ག་ཞིབ་མོའི་དཀྱིལ་འཁོར་དགུ མིག་སྟོང་པའི་ཆོ་ག་ཞིབ་མོའི་དཀྱིལ་འཁོར་གཅིག སྒྲོལ་མ་ལས་སྣ་ཚོགས་དཀྱིལ་འཁོར་གཅིག ཕྱག་རྡོར་ས་འོག་གི་དཀྱིལ་འཁོར་གཉིས། རིག་པ་མཆོག་དཀྱིལ་འཁོར་ལྔ། འབྱུང་པོ་འདུལ་བྱེད་ཀྱི་དཀྱིལ་འཁོར་གཅིག གར་མཁན་མཆོག་གི་བཞི། གནོད་ནས་ཀྱི་དཀྱིལ་འཁོར་གཅིག པདྨ་འདྲ་བའི་དཀྱིལ་འཁོར་གཅིག པདྨ་ཅོད་པན་སོགས་བྱ་རྒྱུད་ཀྱི་དཀྱིལ་འཁོར་གྱི་ལྷ་འབུམ་རྣམས་མཛད། སྲས་སྐུ་ཞང་ཀུན་དགའ་དོན་གྲུབ་གྱིས་ཞ་ལུའི་དཔོན་བྱས། མཐོང་ཇིང་དུ་དབེན་ཤའི་འཇའ་ས་གནང༌། བོད་ཆོལ་ཁ་གསུམ་གྱི་ཁྲིམས་བདག་


TNT23_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། ཞྭ་ལུ་ཁྲི་སྐོར་བདག་པའི་འཇའ་ས་དང་སྟག་མགོ་བཟུང༌། ཡབ་ལ་ཇི་ལྟར་ཡོད་པའི་བྱ་བ། ལས་ཀ་མངའ་རིས་རྣམས་གོང་ནས་རིམ་བཞིན་གནང༌། ཡབ་ཀྱི་དུས་ལས་ཀྱང་དབང་བཙན་པོར་བྱུང༌། སྟེང་གི་ཕྱོགས་བཞིའི་གཞལ་ཡས་ཁང་གི་རི་མོ། ཚེ་དཔག་མེད་ཀྱི་ལྷ་ཁང༌། བསྟན་འགྱུར་ལྷ་ཁང༌། གནས་བརྟན་ལྷ་ཁང་གི་སྐྱབས་བཟོ། ནག་པོའི་བདེ་ལྡན་ལྷ་ཁང་དང་བཅས་པ་རྣམས་བཞེངས་སོ། །ཆོས་རྗེ་ཐམས་ཅད་མཁྱེན་པ་ལ་བླ་བྲང་དེབ་གཏེར་དང་བཅས་པ་རྩིས་ཕུལ། དགེ་འདུན་རྣམས་ལ་དད་གུས་ཕུན་སུམ་ཚོགས་པ་ཡབ་ལྟར་མཛད། དེ་ལ་སྲས་པོ་དཀོན་ཅོག་རྒྱལ་མཚན་དང༌། སློབ་དཔོན་ཆེན་པོ་དངོས་གྲུབ་རྒྱལ་མཚན་གཉིས་འཁྲུངས་སོ། །སྦྱིན་བདག་སྐུ་ཞང་ཀུན་དགའ་དོན་གྲུབ་གྱིས་མཛད་ནས་ཐམས་ཅད་མཁྱེན་པ་བུ་སྟོན་ལོ་ཙཱ་བས་སྔར་མ་བསྒྱུར་བའི་མདོ་རྒྱུད་བསྟན་བཅོས་མང་དུ་བསྒྱུར་ཞིང༌། ཆད་པ་རྣམས་ཀྱང་ཧོར་ཁོང་བསབས། རྒྱུད་རྫུས་མ་རྣམས་སུན་ཕྱུང༌། བཀའ་བསྟན་བཅོས་ཁག་ཅིག་གཞི་འགྱུར། ཁག་ཅིག་ཞུ་ཆེན་ཁག་ཅིག་ཧོར་ཁོང་བསབས་ཏེ་བསྟན་པའི་སྲོག་ཤིང་ཆེན་པོ་མཛད། ལྷག་པར་ཀུན་སྤང་ཆོས་གྲགས་དཔལ་བཟང་པོས་བསྐུལ་བའི་ངོར་དཔལ་གཉིས་སུ་མེད་པའི་རྣམ་པར་རྒྱལ་བའི་རྒྱུད་ཆེན་ལ་གཞི་འགྱུར། མདོར་ན་ཡི་གེ་པ་རྣམས་ཀྱིས་མཐའ་སྐོར་ནས་འགྱུར་དང༌། རྩོམ་པ་རིགས་མི་གཅིག་པ་


TNT23_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོ་དུས་གཅིག་ལ་མཛད་ཀྱང་རང་རང་གི་ལག་པ་མ་སྟོངས་པར་ཞལ་ཐོན་དུ་ལྷོད་མེད་པར་སྤོབས། ཇི་ལྟ་ཇི་སྙེད་པའི་དོན་ལ་དབང་འབྱོར། མགྲིན་པ་ལོངས་སྤྱོད་ཀྱི་རྩ་ཁ་བྱེ་བས་འགྲེལ་ཏིག མགུར་མ། ཆོས་ཀྱི་སྤྲིངས་ཡིག་ལ་སོགས་འཕྲལ་ལ་དྲན། གཞན་གྱི་མཐའ་དྲུག་མ་དྲན་པ་མང་པོ་དྲན་ཞིང༌། ཐེངས་གཅིག་ཟིན་ནས་བརྗེད་པ་མི་མངའ། གཡས་གཡོན་བྱོན་དུས་སུ་དབང་དང་བཤད་པ་དང༌། གདམས་པ་འདི་ལྟ་བུ་ཞུ་ཟེར་བ་ཅི་བྱུང་ཡང་དཔེ་ལ་ལྟ་མི་དགོས་པར་ཐུགས་ལ་ཤར་བྱོན། པོད་ཆུང་ལག་ངར་ཙམ་ཞིག་ཤེས་པའི་ཇོ་བོ་མཚན་ཉིད་པའི་ཇོ་སྲས་སྔགས་པ་ཀུན་གྱི་དྲེགས་པ་དང་མི་འདྲ། བདག་ཉིད་ཆེན་པོ་འདི་ལ་ཐུགས་རྒྱལ་གཅིག་ཀྱང་མི་བདོག སློབ་བུའི་རིགས་ཀྱང་རྒྱ་གར་རྒྱ་ནག བལ་པོ། ཧོར། ཡུ་གུར། སོག་པོ། སྒ། བོད་ཀྱི་གཙང༌། དབུས། མངའ་རིས། མདོ་སྟོད། མདོ་སྨད་ལ་སོགས་པའི་མི་རིགས་མི་གཅིག་པ་གྲངས་མེད་པ་མང་པོ་སྨིན་ཞིང་གྲོལ་བར་མཛད། མགོན་པོ་འཇམ་དཔལ་དབྱངས་ཀྱི་རྣམ་འཕྲུལ། ཆོས་རྗེ་ས་སྐྱ་པའི་གདུང་རྒྱུད་དྲི་མ་མེད་པ་འཇམ་དཔལ་དབྱངས་དོན་ཡོད་རྒྱལ་མཚན་དཔལ་བཟང་པོ་དང༌། འགྲོ་བའི་བླ་མ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་དང༌། སློབ་དཔོན་ཆེན་པོ་བསོད་


TNT23_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་སྐུ་མཆེད་ལ་སོགས་དང༌། ལོ་ཙཱ་བ་ཆེན་པོ་བྱང་ཆུབ་རྩེ་མོ། སེམས་དཔའ་ཆེན་པོ་རྒྱལ་སྲས་ཐོགས་མེད་པ། ལོ་ཆེན་སྐྱབས་མཆོག་པ་དྷརྨཱ་ཤྲཱི། གོང་གསུམ་བདེ་ཆེན་པ་ཆོས་ཀྱི་དཔལ། གཞན་ཡང་བྱང་ཆུབ་སེམས་དཔའ་བསོད་ནམས་གྲགས་དང༌། བླ་མ་ཆོས་གྲགས་དཔལ་བཟང་པོ་གུ་ཤྲཱི་དང༌། ལོ་ཙཱ་བློ་གྲོས་དཔལ་ལ་སོགས་པ་རིགས་དང་རུས་དང་ཡོན་ཏན་ཆེ་བའི་མཁས་བཙུན་བཟང་གསུམ་འཛོམས་པས། སློབ་མ་མང་པོ་ཡང་འདུས། བཀའ་པོད་མཆན་ཆུང་མཚན་ཉིད་ཀྱི་པོད་རྐྱང་རེ་ཙམ་དང་སྔགས་ཀྱི་རྒྱུད་པོད་རྐྱང་རེ་ཤེས་པའི་སློབ་མ་ནི་བགྲངས་ཀྱིས་མི་ལངས་སྟེ་སློབ་མ་གཅིག་གི་ཕར་སྤྱོད་འདུལ་གསུམ། དབུ་ཚད་མངོན་སུམ། རྒྱབ་ཆོས་དང་བཅས་པ་རྣམས་ཀྱི་ཚིག་དོན་ལ་མཁས་པའི་ཚད་དེར་ཕྱིན་པ་དང༌། གཅིག་གིས་ཀྱང་འཕགས་ཡོག་དུས་གསུམ། གུར་རྟགས་སམ་གསུམ། ལོ་ནག་དྲིལ་གསུམ། ནག་འཇིགས་སྐོར་གསུམ་སོགས་ཀྱི་ཚིག་དོན་ལ་མཁས་པའི་ཚད་དེར་ཕྱིན་པ་དང༌། བསྐྱེད་རྫོགས་ཀྱི་དོན་ལ་བརྟན་པ་ཐོབ་པས་རྣལ་འབྱོར་པ་ཡང་ཆེན་པོར་གྲགས། ཀུ་ས་ལི་ལ་སོགས་པའི་སློབ་མ་གྲངས་ཀྱིས་མི་ཆོད་དེ་རྣམ་ཐར་ལ་གཟིགས་པས་གསལ་བ་འདི་ལགས་མོད། ཆོས་སྡེ་ཆེན་པོར་ཡང་དགེ་འདུན་ཚོགས་པ་སུམ་སྟོང་བརྒྱད་བརྒྱ་རེ་ཙམ་གྱི་ཚོགས་དཔོན་


TNT23_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། རི་ཕུག་ཏུ་ཡང་སྔགས་མཚན་ཉིད་ཀྱི་སྡེ་སྣོད་འཛིན་པ་ཤ་སྟག་དང༌། འདག་སྦྱར་ཆུ་སྦུག་སྒོ་ལ་བཞུགས་པའི་དགེ་འདུན་ཚོགས་པ་ལྔ་བརྒྱ་ཙམ་རེ་འདུས། གཞན་ཡང་སྟག་ཚལ་འོལ་མོ། །སྙེ་མོ་ཚལ། མིག་གྲོ་འབྲས་ཡུལ། ཤངས་དབྱེ་མར་ལ་སོགས་པར་སྐྱེ་བོ་ཁྲི་ཕྲག་མང་པོ་ལ་སེམས་བསྐྱེད་ཕོག ཐར་པའི་ས་བོན་བཞག་ནས་འཁོར་བ་མཐའ་ཅན་དུ་བཞག་གོ །སྐུ་ཞང་ཀུན་དགའ་དོན་གྲུབ་ཀྱིས་ཚེ་དཔག་མེད་ལྷ་ཁང༌། བསྟན་འགྱུར་ལྷ་ཁང༌། གནས་བརྟན་ལྷ་ཁང་གི་སྐྱབས་བཟོ་ནང་པོའི་བདེ་ལྡན་ལྷ་ཁང་དང་བཅས་པ་བཞེངས། དེ་རྗེས་སྐུ་ཞང་ཡེ་ཤེས་ཀུན་དགས་མི་འཁྲུགས་པ་བློས་བསླངས། སྟེང་གི་བསྐོར་ཁང་གི་ལོགས་རིས་གནས་བརྟན་ཚོན་རྩི། ཤར་གྱི་ཆོས་རྗེ་བུ་སྟོན་ཡབ་སྲས་ཀྱི་སྐུ་འདྲ། ཕྱིའི་ལོགས་རིས་ནང་པོའི་བདེ་ཡངས། སྤེ་དཀར་གནས་ཀྱི་འབུམ་རའི་ཕྱིའི་བྱང་གི་ལྕགས་རི། མོ་དབེན་གྱི་འོབས། ལྕགས་རི་ཕྱི་ནང་རྣམས་བཞེངས་སོ། །ཡེ་ཤེས་ཀུན་དགའི་མཆེད་སྲིང་མོ་ཇོ་མོ་ཁྱེ་འདྲེན་དཔལ་གྱིས་ས་སྐྱ་པ་འཇམ་དབྱངས་དོན་ཡོད་རྒྱལ་མཚན་དཔལ་བཟང་པོའི་ཇོ་མོ་མཛད། སྲས་བླ་ཆེན་ཀུན་དགའ་རྒྱལ་མཚན་འཁྲུངས་སོ། །བུ་སྟོན་རིན་པོ་ཆེའི་ཕྱི་རྟེན་དབྱེན་འདུམ་མཆོད་རྟེན། ཞྭ་ལུར་སྒོ་གསུམ་མའི་ནང་དུ་གསེར་འབུམ། ནང་རྟེན་ལ་ཐུབ་དབང་གསེར་སྐུ་ཁྲི་རྒྱབ་ལ་ཤྭ་རིའི་བུ། མོའུ་འགལ་


TNT23_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བུ་གཉིས་ཀྱི་ལྡེམ་དུ་བྱས་པ། གཟིམ་མལ་སྐུ་འདྲའི་ཐུགས་ཀར་དབུ་བྱ་རིལ་དུ་བཞུགས། ཆོས་རྗེ་ཐུགས་སྲས་པའི་ཕྱིར་རྟེན་ཞལ་བཞུགས་དུས་བཞེངས་པའི་མཆོད་རྟེན་བཀྲ་ཤིས་སྒོ་མངས། ནང་རྟེན་ཞྭ་ལུགས་ཐུབ་པའི་གསེར་སྐུ་ཁྲི་རྒྱབ་དང་བཅས་པ་གཟིམ་མལ་སྐུ་འདྲ་རྣམས་བཞེངས། ཆོས་རྗེ་རིན་པོ་ཆེ་སངས་རྒྱས་དཔལ་རིན་པས་རི་ཕུག་ན་ཕྱི་རྟེན་མཆོད་རྟེན་བཀྲ་ཤིས་སྒོ་མངས། ནང་རྟེན་ཐུབ་པའི་གསེར་སྐུ་གཟིམ་མལ་དུ་འདྲ་ཞིང༌། འཇམ་དཔལ་དབྱངས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་དགུང་ལོ་བརྒྱད་ཅུ་གྱ་བཞི་པའི་ཞལ་བཞུགས་དུས་བཞེངས་པའི་བྱང་ཆུབ་མཆོད་རྟེན་དང༌། ཞལ་བཞུགས་དུས་བཞེངས་པའི་ཐུབ་པ་ཆེན་པོའི་གསེར་སྐུ་ཁྲི་རྒྱབ་དང་བཅས་པ་སྣེ་གདོང་གོང་མ་གྲགས་པ་རྒྱལ་མཚན་གྱིས་བཞེངས་སོ། །ཞེས་ཞ་ལུ་འདིར་བསྟན་སྐྱོང་སྦྱིན་བདག་དང༌། བསྟན་འཛིན་གྱི་སྐྱེས་བུས་བྱ་བ་མཛད་ཚུལ་སོགས་ཐུང་ཙམ་སྨོས་པ་ལྟར་གྱི་མཐུ་ཁྱད་པར་ཅན་ལ་བརྟེན། དུས་དེང་སང་ཡང་རྒྱུད་སྡེ་ཟབ་མོའི་དཀྱིལ་འཁོར་ཞལ་ཕྱེ་ནས་ཕྱག་ལེན་ཉམས་མེད་ཀྱི་སྒྲུབ་མཆོད་ཡོད་ཚུལ་ཙམ་བཤད་པ་ལ་དཔྱལ་གཡུ་སྐྲ། དཔལ་ལེགས་ཀྱི་སྲས་གསུམ་གྱི་དཀར་པོ་ཅུང་བཟང་དཔལ་གྱི་བརྒྱུད་ཐར་པར་བྱུང་པ་རྣམས་ཡིན་ལ། བར་པ་ནག་པོ་དཔལ་ལེགས་ཕན་གྱི་བརྒྱུད་ཀོམ་དྲུག་པ་སོགས་ཡིན་ནོ། །མཐའ་ཆུང་ཕྲ་བོ་འཕེན་ལེགས་བརྩེགས་ཀྱི་བརྒྱུད་སྐྱེར་


TNT23_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྡོང་གིས་ལྕང་ར་བ་དང༌། རཱ་རྫ་གཡུ་ལུང་བ་སོགས་ཡིན། (གཞི་ཀ་བསམ་གྲུབ་རྩེའི་སྐོར་བཞུགས།) ལྷ་གནས་དང་འདྲ་བའི། (མྱང་ཞབས་སྨད་ཀྱིས་ཡུལ་བསམ་རྩེར་གྲགས་པ་དེ་ལ།)ངོ་མཚར་ཕུན་སུམ་ཚོགས་པའི་ཁྱད་པར་གྱི་མཐོ་པ་བཅོ་ལྔ་ཡོད་དེ་ཕྱི་གནས་ལ་བརྟེན་པའི་ངོ་མཚར་ཕུན་སུམ་ཚོགས་པ་ལྔ། ནང་བསྟན་པ་བསྟན་འཛིན་སོགས་ལ་བརྟེན་པའི་ངོ་མཚར་ཕུན་སུམ་ཚོགས་པ་ལྔ། གསང་བ་རྟེན་གསུམ་ལ་བརྟེན་པའི་ངོ་མཚར་ཕུན་སུམ་ཚོགས་པ་བཞི། དེ་ཁོ་ན་ཉིད་ཕན་བདེ་ཐམས་ཅད་ཀྱི་འབྱུང་ཁུངས་སུ་འགྱུར་པས་ན་ངོ་མཚར་ཕུན་སུམ་ཚོགས་པ་གཅིག་སྟེ་བཅོ་ལྔའོ། །དང་པོ་ཕྱི་གནས་ལ་བརྟེན་པའི་ངོ་མཚར་ཕུན་སུམ་ཚོགས་པ་ལྔ་ནི། ཕྱི་ཡུལ་སའི་དཔྱད་ངོ་མཚར་ཕུན་སུམ་ཚོགས་པ་མིང་ཁྱད་པར་ཅན་འདོགས་པའི་གཞི་ཡི་ངོ་མཚར་ཕུན་སུམ་ཚོགས་པ། ཟག་མེད་ཀྱི་ཐུགས་རྒྱུད་བལྟམས་པའི་དམ་པ་མཆོག་གི་ཆེད་དུ་མངགས་པ་ངོ་མཚར་ཕུན་སུམ་ཚོགས་པ། འཆི་མེད་ཡུལ་ལྗོངས་དགའ་ཚལ་ལ་གཞན་དྲིང་མི་འཇོག་པའི་སྐྱེད་ཚལ་གྱི་ངོ་མཚར་ཕུན་སུམ་ཚོགས་པ། སྟོབས་ཀྱི་འཁོར་ལོས་སྒྱུར་བ་ཁོ་ན་བྱུང་བའི་བསྟི་གནས་སུ་ངེས་པར་བསྟན་པའི་ངོ་མཚར་ཕུན་སུམ་ཚོགས་པ་ལྔའོ། །དང་པོ་ཕྱི་ཡུལ་སའི་དཔྱད་ངོ་མཚར་ཕུན་སུམ་ཚོགས་པ་ནི། ལེགས་བྱས་ཟླ་བ་འབུམ་གྱི་འོད་དཀར་ལས། །རྣམ་དཀར་མུ་ཏིག་འཛག་པའི་དཔལ་ཡོན་ཅན། །


TNT23_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་བཀྲ་ཤིས་རྟགས་ཀྱི་དགེ་མཚན་གྱི། །འཁོར་ལོ་རབ་འབྱམས་གནམ་ས་ལ་ཁྱབ་པ། །ཞེས་བསམ་རྩེ་འདི་ས་གཞི་པད་མ་འདབ་བརྒྱད་ལྟ་བུའི་མཛེས་པ་ཤར་དུ་སློབ་དཔོན་པད་མས་བདུད་རྩིའི་རྒྱུན་གྱིས་བརླན་པའི་མྱང་ཆུ་དར་དཀར་ཀྱི་ཡོལ་པ་བརྒྱངས་པ་ལྟ་བུ། ལྷོ་ན་དཔེ་སྔོན་དང་དོང་རྩེའི་ནེའུ་གསིང་གཡུའི་མཎྜལ་ལྟ་ན་སྡུག་པའི་དབུས་ན་གནམ་ཐོས་རིས་བརྗོད་པ། ནུབ་རི་ཐལ་དཀར་མཆེ་བ་དྲུག་ལྡན་གླང་ཆེན་ས་སྲུང་ཉལ་བ་ལྟ་བུའི་མགོ་ཕོ་བྲང་ལ་བཏུད་ནས་མྱོས་བུམ་ངོམ་པ་འདྲ་བ། བྱང་དུ་གཙང་ཆབ་གཡུ་འབྲུག་སྔོན་མོ་རྒྱུ་བའི་དབྱིབས་བཀྲ་ཤིས་པའི་ཚིག་མགྲིན་གསང་མཐོན་པོར་སྒྲོག་པ་ལྟ་བུ། གཞན་ཡང་བསམ་གྲུབ་རྩེའི་ཕྱོགས་དང་མཚམས་ཐམས་ཅད་བཀྲ་ཤིས་ཤིང་ངོ་མཚར་བའི་དགེ་མཚན་བཟང་པོའི་རི་བཀྲ་ཕུན་སུམ་ཚོགས་པ་ཡོད་དེ། རྒྱབ་རི་གླང་ཆེན་ཉལ་བ་འདྲ་ཡོད་ཅིང༌། ཤར་ན་ཟངས་དཀར་གྱི་རི་ཡུལ་འཁོར་སྲུང་པི་ཝཾ་རྡུང་བ་འདྲ་བ། བྱང་ན་རྒྱབ་རི་རྣམ་ཐོས་སྲས་གཡོན་ནེའུ་ལེ་བསྣམས་ཤིང༌། ནེའུ་ལེའི་ཁ་བསམ་རྩེར་བསྟན་ནས་ཕྱོགས་དེར་ནོར་བུ་སྐྱུག་པ་འདྲ་བ། ནུབ་ན་ཁྱུང་རི་སྤྱན་མི་བཟང༌། དེ་བཞིན་དུ་ལྷོ་ན་འཕགས་སྐྱེས་པོ། ལྷོ་ནུབ་མཚམས་ན་རི་དུང་ཁ་གྱེན་དུ་བསླང་བ་ཡོད་དེ་གྲགས་པ་ཆེ་བ་འོང་ངོ་ཞེས། ངོ་མཚར་(བསྐལ་བཟང་དང་ལུང་བསྟན་བདུད་རྩིའི་བཞུད་དང༌། ཀུན་ཏུ་དགའ་བའི་དཔལ་


TNT23_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་འཕེལ་བ་ལྷན་ཅིག་ཏུ་བསྟན་པས་བྱ་བ་ལྷན་ཅིག་བརྗོད་པའི་རྒྱན་ངོ་མཚར་བ།)བཀྲ་ཤིས་རྟགས་ཀྱིས་བཀྲ་ཤིས་པའི་བསྐལ་པ་བཟང་པོ་དང༌། །དུས་གསུམ་སྒྲིབ་མེད་གཟིགས་པ་དམ་པས་ལུང་བསྟན་བདུད་རྩིའི་བཅུད། །རྨད་བྱུང་འགྲོ་བའི་བསྐལ་བར་ལྡན་པ་ཀུན་ཡིད་དགའ་བའི་དཔལ། །ལྷན་ཅིག་ཕྱོགས་སུ་འཕེལ་བ་བསམ་གྲུབ་རྩེའི་གནས་སུ་གྲགས། གཉིས་པ་མིང་ཁྱད་པར་ཅན་འདོགས་པའི་གཞི་ཡི་ངོ་མཚར་ཕུན་སུམ་ཚོགས་པ་ནི། ས་ཡངས་པོ་ཁམས་གསུམ་གྱི་ཁོངས་ནང་དུ། །མཛེས་སྙན་གྲགས་གདུགས་དཀར་དུ་གཡོ་བ། །དེ་ཡོངས་ཀུན་ལ་ཁྱབ་པར་ཕུབས་བྱས་ཀྱང༌། །བོད་བསོད་ནམས་སུ་མཐོའི་བསམ་གྲུབ་རྩེ་(གྲགས་པ་ཕུལ་བྱུང་གི་རྒྱུན།) ཞེས་མྱང་སྨད་སའི་ཐིག་ལེ་འདི་ཇོ་བོ་ཨ་ཏི་ཤའི་འཆི་མེད་བདུད་རྩིའི་མགུར་གྱི་ལུང་བསྟན་ལས། ཆོས་དགེ་བ་བཅུ་ཡིས་ཁྱད་འཕགས་པའི། །གླིང་ཕུན་སུམ་ཚོགས་པ་འཛམ་བུའི་གླིང༌། །དེ་ཡི་ནང་ནས་བོད་ཡུལ་ཁ་བའི་ལྗོངས། །སྒོས་མྱང་སྨད་ས་ཡི་ལྟེ་བ་ཡིན། །ཞེས་དང༌། དབུས་ནས་དཔལ་འབར་ཞིང་མཐའ་ནས་གཡང་ལུད་པའི་ཕོ་བྲང་གི་ལྟེ་བ། བྲག་སེང་གེ་འདྲ་བ་དྲུག་གི་སྟེང་དུ་ཕོ་བྲང་བཏབ་པས་མིང་སེང་གེ་དྲུག་རྩེར་ཐོགས་སོ། །སློབ་དཔོན་རིན་པོ་ཆེའི་པད་མ་ཐང་ཡིག་ལས། མྱང་སྨད་ཉི་མ་རི་ལ་རྫོང་གཅིག་བྱུང༌། ཞེས་སློབ་དཔོན་རིན་པོ་ཆེ་པད་མའི་གསུང་དངོས་


TNT23_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཟིན་པར་ཉི་མའི་རྫོང་དུ་གྲགས་སོ། (ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱི་རྣམ་ཐར་བསྐལ་པ་བཟང་པོའི་ལེགས་ལམ་ལས། དེ་ལས་(སྣར་ཐང་ལས་ཧ་ཅང་)རིང་མིན་(ས་ན་མྱང་སྨད་)ཉི་མའི་ཕུང་པོའི་རིར། །གནས་སྐབས་གསུམ་པའི་ལྷས་བརྩོན་སྲིད་པའི་རྫོང༌། ལུང་བསྟན། (སློབ་དཔོན་པད་མས། )ཇི་བཞིན་བབས་པར་དགོངས་ལས་དེང༌། །ས་ལ་བསམ་དོན་གྲུབ་པའི་རྩེ་མོར་གྲགས། ཞེས་པ་ས་འདི་ཡིན་ནོ།) ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་རྫོང་ཆེན་བཅུ་གསུམ་བརྒྱབ་པའི་རྟིང་མ་ཡང་འདི་ཡིན་ཞིང༌། བསམ་པའི་དོན་ཐམས་ཅད་གྲུབ་པས་ན་མིང་དེ་བསམ་གྲུབ་རྩེར་ཐོགས་པ་ཡིན་ནོ། །གསུམ་པ་ཟག་མེད་ཀྱི་ཐུགས་རྒྱུད་གཏམས་པའི་དམ་པ་མཆོག་གི་ཆེད་དུ་བསྔགས་པ་ངོ་མཚར་ཕུན་སུམ་ཚོགས་པ་ནི་ཕོ་བྲང་བསམ་གྲུབ་རྩེ་ལ་བསྔགས་པ། རྒྱལ་བའི་དབང་པོ་མི་བསྐྱོད་རྡོ་རྗེས་ཆབ་ཤོབ་རྒྱས་པའི་ནང་ན། སྐྱེ་བོ་(དངོས་ཐོབ་ཀྱི་དགའ་བའི་རྒྱན།) རྣམས་ཀྱིས་རབ་དགའི་མིག་གི་བདུད་རྩིས་སྤུངས་པ་དང༌། །ལེགས་བྱས་དགེ་བའི་བསོད་ནམས་བྱེ་བར་བསྐྲུན་པའི་ཚད་གྱུར་བ། །ངོ་མཚར་སྣང་བ་མཆོག་གི་གཏེར་དེ་མཐོང་ནས་སྐྱེས་བུ་རྣམས། །ཤིན་ཏུ་དགའ་བའི་རྦ་རླབས་དབུ་མའི་འཛུམ་དཀར་རྨད་བྱུང་སྟོན། །ཞེས་དང༌། རྒྱལ་བའི་དབང་པོ་དབང་ཕྱུག་རྡོ་རྗེས། །བསོད་ནམས་བསམ་པ་གྲུབ་པའི་ཕོ་


TNT23_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

བྲང་གི །རྩེ་མོར་ལྟར་མི་བཟོད་པའི་བྱ་འདབ་འོད། །སྤྲིན་དཀར་ཚོགས་དང་འདྲེས་པའི་ནོར་བུ་ཡིས།{ཐེ་ཚོམ་ཕུལ་ལ་བྱུང་གི་སྒོ་ནས་བསྔགས་པ།}། ཀྲ་མ་ཤྲཱི་རཱའི་རེ་ཁ་ཡང་ན་མངོན། །སྦྱངས་པའི་ཚོན་དང་གསེར་དངུལ་བྱུགས་ཚལ་གྱིས། །བྱེ་མ་མེད་པར་བྲིས་པའི་གཞལ་མེད་ཁང༌། །རྣམ་པར་རྒྱལ་བའི་མཚན་མ་བསྒྲེང་བའི་ཟུར། །དེ་ལ་ཉི་ཟླ་ཟུར་ཞིང་སྐོར་བ་སྙམ། ༣{སེམས་མེད་རབ་རྟོག་གི་སྒོ་ནས་བསྔགས་པ།} ཞེས་ལྷ་དང་མི་རྣམས་ཀྱིས་མགྲིན་པའི་རྔ་གསངས་མཐོན་པོས་བསྟོད་བཀུར་གྱི་གནས་མཆོག་དམ་པ། སྐྱེ་འགྲོ་ཀུན་གྱི་ཅོད་པན་དུ་མཛེས་པ་བསམ་གྲུབ་རྩེ་འདིའོ་ཞེས་པའོ། །བཞི་པ་འཆི་མེད་ཡུལ་ལྗོངས་དགའ་ཚལ་ལ་གཞན་དྲིང་མི་འཇོག་པའི་སྐྱེད་མོས་ཚལ་གྱི་ངོ་མཚར་ཕུན་སུམ་ཚོགས་པ་ནི། བསོད་ནམས་ལས་སུ་རུང་བའི་མཐུ་དཔལ་སྟོབས་སུ་མཐོ་བ་ཡིས་སྐྱེད་མོས་ཚལ་བྱུང་སྟེ། སེར་སྐྱར་ཟས་གཙང་སྲས་འཁྲུངས་དུས་གྲགས་འཛིན་མ་ལ་སོགས་བུ་མོ་མཛེས་མ་ལྔ་བརྒྱ། འདུན་པ་སོགས་བྲན་བདུན་བརྒྱ། རྟེའུ་ཕོ་ཁྲི་མོ་ཁྲི། གླིང་གི་དབུས་སུ་བྱང་ཆུབ་ཀྱི་ཤིང༌། ཕྱོགས་བཞིའི་རྒྱལ་པོ་ཆེན་པོ་བཞི་ལ་སྲས་བཞི། གཏེར་ལྔ་བརྒྱ། སྐྱེད་མོས་ཚལ་ལྔ་བརྒྱ་རྣམས་འབྱུང་བས་མཚན་རྒྱལ་པོ་དོན་ཐམས་ཅད་གྲུབ་པར་ཐོགས་སོ། །ཤམ་བྷ་ལའི་ཕོ་བྲང་


TNT23_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྒྱལ་པོའི་ལེགས་བྱས་ཀྱི་དཔལ་ལས་མ་ལ་ཡའི་སྐྱེད་མོས་ཚལ་རྫིང་བུའི་མཚོ་བཅས་བྱུང་བ་དང༌། བརྒྱ་བྱིན་ལྷའི་དབང་པོའི་མཐུ་དཔལ་ལས་ཕྱོགས་བཞིར་སྐྱེད་མོས་ཚལ་བཞི་སྟེ་དགའ་བའི་ཚལ། འདོད་པའི་ཚལ། ཤིང་རྟ་སྣ་ཚོགས་པའི་ཚལ། རྩུབ་འགྱུར་གྱི་ཚལ་རྣམས་བྱུང་ངོ༌། །དེ་བཞིན་དུ་མིའི་དབང་ཕྱུག་པའི་འཇེར་[?]འཇིགས་རྩེ་རྒྱལ་པོའི་བསོད་ནམས་ཀྱི་སྒོ་སྐལ་དུས་སུ་སྨིན་པའི་མཐུ་རྨད་དུ་བྱུང་བ་ལ་རྟེན་ནས་ཕོ་བྲང་བསམ་རྩེའི་ཕྱོགས་བཞིར་སྐྱེད་མོས་ཚལ་བཞི་བྱུང་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་ཏེ་མེ་ལོང་གི་ལེའུ་གསུམ་པར། རྒྱལ་པོ་དེ་ཡི་མཐུ་ཡིས་ནི། །དེ་ཡི་སྐྱེད་ཚལ་ལྷ་རྣམས་ཀྱིས། ལྗོན་པ་ཡལ་འདབ་གོས་དམར་དང༌། ལྡན་པ་དག་གི་གནས་སུ་གྱུར། ཞེས་ཕོ་བྲང་བསམ་གྲུབ་རྩེའི་ལྷོ་ཕྱོགས་སུ་བཀྲ་ཤིས་དགེ་མཚན་ཞེས་པའི་སྐྱེད་མོས་ཚལ་དང༌། ས་ཧ་ཀ་ར་སྟེ་ཨ་སྨྲ་ཁྱད་པར་ཅན་གྱི་མེ་ཏོག་བྱེ་བྲག་ཙུ་ཏ་ཀུ་མུ་དང༌། པུཎྜ་རི་ཀ་ཨུཏྤལ། བནྡྷུརྫིན། ཀེང་ཤུ་ལ་སོགས་ཆ་འདྲ་བའི་མེ་ཏོག་མདངས་བཀྲ་ལ་དྲི་བཟང་པོར་འཐུལ་བ། རྩེད་དགའི་བྱ་བ་ལ་འཇུག་པའི་ཁྲུས་ཀྱི་རྫིང་བུ་ལྟེང་ཀ་ཁང་བཟང་དང་བཅས་རྣམས་ཅུང་ཟད་མ་ཡིན་པར་འགྲོ་བ་རྣམས་ཀྱི་ཡིད་མཆོག་ཏུ་དགའ་བ་སྐྱེད་པར་བྱེད་པ་བྱ་སྣ་ཚོགས་ཀུན་ཏུ་དགའ་བས་མྱོས་པའི་སྒྲ་སྙན་ཞིང་ཡིད་དུ་འོང་བ་སྒྲོག་པ་སྟ་མེ་ལོང་གི་


TNT23_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ལེའུ་གསུམ་པར། ཡལ་འདབ་གསར་པས་མཛེས་པ་ཡིས། །ལྗོན་པས་དྲངས་པའི་གཞོན་ནུ་རྣམས། །པད་མ་མངོན་ཕྱོགས་བུང་བ་ཡིས། །མིག་ནས་བཟུང་སྟེ་འགུག་པར་བྱེད། ཅེས་པ་དང༌། མཐུན་པར་ཡིད་ལ་དགའ་སྟེར་གྱི་དཔལ་ཕུན་སུམ་ཚོགས་པ་ཡིན་སྟེ། བཀྲ་ཤིས་ལྗོན་པས་བརྒྱན་པའི་སྐྱེད་ཚལ་འདི། །འགྲོ་བ་ཡིད་རབ་འཕྲོག་པ་ཙམ་གྱིས་ཀྱང༌། །ཡོངས་འདུས་ཚལ་གྱིས་རྗེས་སུ་འགྲོ་མིན་སྟེ།༡ {དཔེ་ཅན་གྱི་བསྡུས་བརྗོད་མཚར་དུ་དངར་བ།} །དགེ་བཞིན་འབྲས་བུ་འཕེལ་བ་བྱེད་པས་ཀྱང༌། །ལེགས་བྱས་འབྲས་བུའི་འཁུར་གྱིས་མདངས་བཀྲ་ཞིང༌། །གཞན་གསོས་བུ་ཡིས་ཤིས་པ་བརྗོད་པའི་གནས། །ཡུལ་གྱི་དགེ་བཅུ་འཛིན་པ་མི་བདག་གི ༡ {སེམས་ལྡན་རབ་རྟགས་ཀྱི་རྒྱན།}འདྲེན་བྱེད་འཕེལ་བར་བྱེད་པ་ལྷོ་ཡི་ཚལ། །ཕོ་བྲང་གི་ཤར་དབང་པོའི་ཕྱོགས་ན། །ལྗོན་པ་སྣ་ཚོགས་ཀྱི་ནགས་ཚལ་སྟུག་པོར་འདྲེས་ཤིང༌། །དགའ་སྟོན་ལ་རོལ་པའི་ཆུ་སྐྱེས་གསར་བའི་ཀུན་དགའ་འཛུམ་ཞིང་མདངས་སུ་བཀྲ་བ་དུ་མས་སྤུད་པའི་མེ་ཏོག་གི་འཕྲེང་བ་ཅན་མིག་ལ་མཛེས་པའི་དཔལ། རྣ་བར་སྙན་པའི་བདུད་རྩི་འབབ་ཅིང༌། རྣམ་འགྱུར་ཡིད་འོང་བའི་གར། ཡལ་འདབ་འཕང་ཕུང་ལོ་འབྲས་མངོན་པར་རྒྱས་པའི་སྟེང་དུ་བྱ་རྣམ་པ། ༣{རྐང་དྲུག་རྣམས་}སྣ་ཚོགས་འདུས་ཤིང་རྩེད་དགའི་དགའ་སྟོན་ལ་རོལ་པའི་བྱ་ཚོའི་སྐྱེད་ཚལ་ཞེས་གྲགས་ཏེ།


TNT23_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་ལྗོངས་འབབ་ཆུས་བརྒྱན་པ་ཡོངས་འདུའི་དགའ་ཚལ་དང༌། །ལྷ་ཤིང་མྱ་ངན་མེད་པའི་འཕྲེང་ཚོགས་གཡོ་བའི་དབུས། །སྙན་ཚིག་ལྷོང་ལྷོང་སྒྲོག་བྱ་མགྲིན་སྙན་གཞོན་ནུ་རྣམས། ༡ {དཔེ་རྒྱན་མཚར་དུ་དངར་བ། } པད་མཚོར་རོལ་འདིས་སུམ་རྩེན་ཚལ་གྱིས་བསྐལ་བཟང་བཞིན། །རབ་མཛེས་མེ་ཏོག་ཚོམ་བུའི་མདངས་བཀྲ་ཞིང༌། །སྔོ་ལྗང་ལོ་འདབ་འཁྲིགས་པའི་གྲིབ་བསིལ་ཅན། །དྲི་ཞིམ་འབྲས་བུས་བརྗིད་པའི་ལྗོན་ཚོགས་རྣམས། །རྒྱལ་པོ་གང་དེའི་བསོད་ནམས་དཔལ་དུ་བསྐྲུན། །ཕོ་བྲང་གི་བྱང་སྟོད་ཕྱོགས་ན་ལྗོན་ཤིང་སྣ་ཚོགས་ལས་ཡལ་ག་རྒྱས་ཤིང༌། མེ་ཏོག་དང་འབྲས་བུའི་བ་གམ་ཅན་གྱི་ལྡིང་ཁང་དང་འདྲ་བ། ཡིད་ལ་འདོད་འཇོའི་འབྲས་བུ་རོ་བརྒྱའི་བཅུད་དུ་གང་བས་ཀུན་དགའི་དཔལ་དུ་འཛག་པའི་འབྲས་ལྡན་གྱི་ནགས་ཚལ་རྨད་དུ་བྱུང་བས་ན་དགའ་ཚལ་གྱི་སྐྱེད་མོས་ཚལ་ཏེ། སྣ་ཚོགས་ལྗོན་ཤིང་ལོ་འདབ་འཕང་ཕུང་འཁྲིགས་པའི་ལྡིང་ཁང་ནས། །ལེགས་བྱས་འདོད་དགུའྀ་རྭ་བ་ཡོངས་སུ་འགེངས་པའི་འབྲས་བུའི་མཆོག །གཡུར་ཟར་འདེམས་པའི་བསོད་ནམས་དཔལ་གྱི་དགའ་ཆར་ཆེར་འབེབས་པ། །རྫོགས་ལྡན་སྤྲིན་དང་དཔག་བསམ་ཤིང་གི་ཚལ་བཞིན་མངོན་པར་མཐོ། ༢ {གཟུགས་ཅན་རྨད་དུ་བྱུང་རྒྱན། དཔེ་རྒྱན་གསུམ་བསྲེས་པའི་སྤེལ་རྒྱན་ནོ། །}ཕོ་བྲང་གི་ལྷོ་ནུབ་ཆུ་ལྷ་མོ་དང་ཉེ་བར་ཚལ་སྣ་ཚོགས་པའི་འཕྲེང་བ་


TNT23_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ནགས་ཀླུང་དྲི་བཟང་པོར་འཐུལ་བ། འདབས་ཆགས་སྐད་སྙན་པར་སྒྲོག་པའི་བསྐལ་བ་བཟང་པོར་ལྡན་ཞིང༌། ཆུ་རྒྱུན་མུ་ཏིག་གི་འཕྲེང་བ་ལྟར་ལྷུང་ལྷུང་དུ་སྙན་པར་བབས་པ་སོགས་ཀླུ་ལྡིང་ཞེས་བྱ་བ་ཡང་ཡོད་དེ་མེ་ལོང་གི་གཞུང་ལས། གར་བྱེད་ནི་ཙུ་ལ་ཕང་དུ། །གླུ་ཡང་ལེན་ནོ་མཇུག་སྒྲོ་ཅན། །དགའ་བ་རྒྱས་པའི་མིག་དྲག་ནི། །ཆུ་འཛིན་ལ་ནི་བསྟོད་པར་བྱེད། ཅེས་སོ། །ལྔ་པ་སྟོབས་ཀྱི་འཁོར་ལོས་བསྒྱུར་བ་ཁོ་ན་འབྱུང་བའི་བསྟི་གནས་སུ་ངེས་པར་བསྟན་པའི་ངོ་མཚར་ཕུན་སུམ་ཚོགས་པ་ནི་རྟེན་འབྲེལ་ཡིག་ཆུང་ལས། པད་མའི་མཚོ་ལ་ངང་པ་འདུ། །དྲི་ལྡན་མེ་ཏོག་བུང་བ་སྡུད། །ཤ་ཡི་དྲི་ལ་ཤ་སྦྲང་འཁོར། །འབྲོག་བཟང་དུ་ནི་རི་དྭགས་འདུ། ཞེས་ཕྱི་ནང་གསང་གསུམ་གྱི་རྟེན་འབྲེལ་གྱི་མཐུ་ཟབ་མོ་ལས་བྱུང་བ་ལྟར་བྲག་སེང་གེ་འདྲ་བ་གཅིག་གི་གམ་ཕོ་བྲང་བཏབ་ན་འགྲོ་བ་མི་ཡི་ཁ་ལོ་སྒྱུར་ཞེས་པ་འབུམ་ལས་གསུངས་ན། སེང་གེ་དྲུག་གི་སྟེང་དུ་ཕོ་བྲང་བསམ་འགྲུབ་རྩེ་བཏབ་པས་ཀུན་ལ་ཁ་ལོ་བསྒྱུར་བ་ལྟ་སྨོས་ཀྱང་ཅི་དགོས། དམ་པ་ཏོག་དཀར་དགའ་ལྡན་གྱི་གནས་ནས་འཛམ་གླིང་གི་ལྟེ་བ་བྱང་ཆུབ་ཀྱི་ཤིང་དྲུང་དུ་སངས་རྒྱས་པར་ཞེས་སྐབས་ལྷ་རྣམས་ཀྱིས་གསོལ་པ། འཛམ་བུའི་གླིང་དེ་ནི་དེང་སང་འོད་སྲུང་རྫོགས་བྱེད་སོགས་རྟོག་གེ་པ་དྲུག་བྲམ་ཟེ་རྒྱུ་རྒྱལ་སོགས་རྗེས་སུ་སྒྲོག་པ་དྲུག །རེངས་བྱེད་ཀྱི་བུ་ལྟག་སྤྱོད་སོགས་སྙོམས་པར་


TNT23_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་དྲུག་སྟེ། བཅོ་བརྒྱད་ཀྱིས་མ་རུངས་པར་བགྱིས་པས་འཛམ་གླིང་དུ་གཤེགས་པའི་སྐབས་མ་ལགས་སོ་ཞུས་པས་དེ་དག་ང་ཉིད་ཀྱི་ཟིལ་གྱིས་མནན་ནས་སོ། །སེང་གེ་{ཙནྡྲ་ཆུ་དང་ཟླ་བའི་ཟེར་ཞེས་དཔེ་མང་པོ་ཞིག་གི་དོན་བུད་མེད་ཀྱི་རེག་བྱ་སེལ་བར་བསྟན་པའི་མང་བའི་དཔེ་འདི་ཡང་ཡིན} གཅིག་གིས་གཅན་གཟན་ཚོགས་རྣམས་དུ་མ་རྣམ་པར་སྐྲག །རྡོ་རྗེ་གཅིག་གིས་བྲག་གི་རྩེ་མོ་དུ་མ་རྣམ་པར་འཇིགས། །བརྒྱ་བྱིན་གཅིག་གིས་ལྷ་མ་ཡིན་དབང་དུ་མ་རྣམ་པར་འཇོམས། །ཉི་མ་གཅིག་གིས་མུན་པའི་ཚོགས་རྣམས་དུ་མ་རྣམ་པར་སེལ། །ཞེས་གཟི་གནོན་གྱི་དཔེའི་གཙོ་བོ་སེང་གེ་ལ་མཛད་པ་ཉིད་ཀྱིས་བློས་དཔག་པར་ནུས་ཤིང༌། དྲང་དོན་གྱི་རྩ་རྒྱུད་དང༌། ངེས་དོན་གྱི་རྩ་རྒྱུད་དེ། དང་པོ་ནི། མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པ་ཡིན་ཞིང༌། གཉིས་པ། ངེས་དོན་གྱི་རྩ་རྒྱུད་ནི་སྒྱུ་འཕྲུལ་དྲྭ་བ་ཁྲི་ཕྲག་དྲུག་སྟོང་པའི་རྡོ་རྗེ་གླུ་བླངས་ཀྱི་ལེའུ་ཟུར་དུ་འབྱུང་བ་མཚན་ཡང་དག་པར་བརྗོད་པ་ལས། བདག་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་རི་དྭགས་ངན་འཇིགས་བྱེད། ཅེས་གསུངས་པ་དང༌། རྒྱུད་བླ་མར་མི་འཇིགས་འཁོར་གྱི་ནང་ན་སེང་གེ་བཞིན་ཞེས་དང༌། སྡོམ་གསུམ་ལས། བདེ་གཤེགས་བསྟན་པའི་གསུང་རབ་སེང་གེ་སྒྲ། །ལྟས་ངན་རི་དྭགས་མཐའ་དག་སྐྲག་པར་མཛད། །ཅེས་དང༌། ལེགས་པར་བཤད་པར། ཁོང་


TNT23_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

མཛངས་བསོད་ནམས་བསགས་པའི་མི། །གཅིག་པུ་ཡིན་ཡང་ཀུན་ལས་རྒྱལ། །རི་དྭགས་རྒྱལ་པོ་སེང་གེ་དང༌། །འཁོར་ལོས་བསྒྱུར་ལ་གྲོགས་མི་དགོས། །ཞེས་དང༌། རི་དྭགས་རྒྱལ་པོ་གདོང་ལྔ་ལས་བྱུང་བའི་རྒྱུད་གཅིག་བསྒྲེངས་འདྲེན་གྱུར་ན། །མཐའ་དག་རྒྱུད་ཚོགས་མ་ལུས་པ། །སྐད་ཅིག་ལ་འཇིག་རྟེན་འབྲེལ་འབྱུང༌། ཞེས་སེང་གེ་ལྟ་སྟངས་ཀྱིས་མ་ལུས་ཤིང་ལུས་པ་མེད་པར་མཐའ་དག་ཟིལ་གྱིས་གནོན་པའི་རྟེན་འབྲེལ་ཟབ་མོའི་ཐུགས། ཕོ་བྲང་འདི་ལ་བརྟེན་ནས་སྟོབས་ཀྱིས་འཁོར་ལོས་བསྒྱུར་བ་འབྱུང་བ་མངོན་སུམ་གྱི་ཡུལ་དུ་གྱུར་བ་འདི་ཡིན་ལ་སྤྱིར་བཏང་འཁོར་ལོས་བསྒྱུར་བ་འབྱུང་ཚུལ་ཆོས་མངོན་ལས་བསྐལ་པ་རྫོགས་ལྡན་ཚེ་ལོ་བརྒྱད་ཁྲི་ཡན་ལ་འཁོར་ལོས་བསྒྱུར་བ་འབྱུང་གི་དེ་མན་ལ་སྟོབས་མངའ་ཐང་དཔལ་འབྱོར་མི་ཤོང་བས་འཁོར་ལོས་བསྒྱུར་བ་མི་འབྱུང་ངོ༌། །འཁོར་བཅས་བསྒྱུར་བ་ལ་ཡང་གསེར་གྱི་འཁོར་ལོས་བསྒྱུར་བ་གླིང་བཞི་གླིང་ཕྲན་དང་བཅས་པ་དངུལ་གྱི་འཁོར་ལོས་བསྒྱུར་བ་གླིང་གསུམ། ཟངས་ཀྱི་འཁོར་ལོས་བསྒྱུར་བ་གླིང་གཉིས། ལྕགས་ཀྱི་འཁོར་ལོས་བསྒྱུར་བ་གླིང་གཅིག་ལ་དབང་བསྒྱུར་ཏེ། མཛོད་ལས། གསེར་དངུལ་ཟངས་ལྕགས་འཁོར་ལོ་ཅན། །དེ་དག་གླིང་གཅིག་གླིང་གཉིས་དང༌། །གསུམ་དང་བཞི་ལ་མས་རིམས་བཞིན། ཕེབ་བསུ་རང་འགྲོ་གཡུལ་བཤམས་དང༌། །མཚོན་བརྩམས་པས་ཀྱང་གནོད་པ་མེད། །ཅེས་གསུངས། བསྐལ་པ་གཞན་ལ་འཁོར་ལོས་


TNT23_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་བ་འབྱུང་ཚུལ་ནི་མདོ་སྡེ་དང་འདུལ་ལུང་ལས་གསུངས་པ་ལྟར་བསམ་གྱིས་མི་ཁྱབ་ཅིང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་དབང་གིས་འཁོར་ལོས་བསྒྱུར་བ་འབྱུང་བ་ནི་བསྐལ་པའི་དུས་བཞིའི་ནང་ནས་རྩོད་ལྡན། སངས་རྒྱས་བསྟན་པའི་དུས་བཞིའི་ནང་ནས་རྩོད་དུས་ཀྱི་སྐབས་སུ་དྲག་པོ་འཁོར་ལོ་ཅན་གྱི་ནས་དུམ་བུ་བཅུ་གཉིས་ཀྱི་ཀླ་ཀློ་བཅོམ་ནས་རྫོགས་ལྡན་ལོ་ལྔ་སྟོང་བཞི་བརྒྱ། སུམ་ལྡན་ལོ་ལྔ་སྟོང་བཞི་བརྒྱ། གཉིས་ལྡན་ལོ་ལྔ་སྟོང་བཞི་བརྒྱ། རྩོད་དུས་ལོ་ལྔ་སྟོང་བཞི་བརྒྱ། ཡོངས་བསྡོམས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་མི་ལོ་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱའི་བར་དུ་གནས་པ་འཁོར་ལོས་བསྒྱུར་བ་དེ་ཡིན་ནོ། །དེ་སྐབས་སུ་བབས་པའི་དངོས་དོན། ས་འཛིན་གདོང་ལྔའི་དབྱིབས་སུ་མཛེས་པའི་སྟེང་གི་ཕོ་བྲང་དུ་འཁོད་པའི་སྟོབས་ཀྱིས་འཁོར་ལོས་བསྒྱུར་བ་འདིའི་རིགས་མཆོག་དམ་པ་ནི། སུམ་རྩེན་ཡུལ་གྱི་ལྷག་བསམ་བདུད་རྩི་ཡི། །རབ་མྱོས་གཞན་ཕན་དཀར་བའི་གོས་གྱོན་ནས། །འཆི་མེད་ལམ་རིང་ལས་འོངས་གངས་ཅན་པར། །བསོད་ནམས་ཉི་མ་འབུམ་གྱི་སྣང་བར་ཤར། ཞེས་ལྷ་རིགས་རྙོག་པ་མེད་པའི་སྤུན་གསུམ། བོད་ཡུལ་གྱི་ལྟེ་བ་ཡར་ལུང་གི་རི། འཕགས་པའི་གནས་བརྟན་ཆེན་པོ་དུས་ཆེན་བཞུགས་པ། ཡར་ལུང་ཤེལ་བྲག་གི་ལྟག་གི་རི་གསུམ་ལ་བབས་ཏེ་གངས་ཅན་པའི་དཔལ་དུ་བྱོན་ཞེས་གླེང༌། ལྷ་སྤུན་གསུམ་གྱིས་ཆེ་བ་


TNT23_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

དེས་རི་གསུམ་གྱིས་གཉའ་བ་སྟེ་མཐོ་ས་ནས་བབས་པས་དེང་ཡང་ལྷ་རི་ཞེས་མིང་དུ་ཐོགས་ཤིང༌། གཉའ་བ་ཟེར་རྒྱུ་ལ་ཟུར་ཆགས་པའི་གཉགས་ཞེས་ཟེར་རོ། །དེའི་རྒྱུད་པས་དེང་སང་གི་བར་དུ་ཡང་ཤེལ་བྲག་གི་གནས་དགོན་ཆ་ལག་དང་བཅས་འཛིན་ནོ། །ལྷའི་བུ་གཞོན་པ་གཉིས་ཀྱི་རྒྱུད་པ་ཡང་ཡར་ལུང་ན་ཡོད་པ་གྲགས་སོ། །དཔྱད་པ་མ་དག་ལ་མཐོང་རྒྱ་དཀར་ཁུང་ལས་དོག་པ། མི་ཤེས་པའི་ཡུལ་ངོ་སོ་སོར་ངོམ་པ་མཁས་པ་བསྟི་སྟངས་ཀྱི་ཡུལ་མིན་རས། (རིས) སུ་ནོར་བས་རྨོངས་པ་རྣམས་བོད་རྒན་པོའི་ངག་སྒྲོས་ཡི་གེར་གསལ་བར་བཀོད་པ་ལྟར་ཕྱིའི་རུས། ནང་གི་རུས། གསང་བའི་རུས་དང་གསུམ། དང་པོ། ཕྱིའི་རུས་ལ་རུས་ཆེན་བཅོ་བརྒྱད་དང༌། རུས་ཆེན་དྲུག་དང༌། རུས་ཆེན་བཞི་ཡོད་པས་རུས་ཆེན་དྲུག་ནི། དབྲ་འབྲུ་སྒ་དང་གཉགས་དང་བཞི། (རྒྱལ་རབས་མང་ཆེ་བར་སེ་དང་དམུ་དང་ལྡོང་དང་སྟོང་ཞེས་གྲགས། ཞུས་དག་པའི་མཆན།) ནུ་བོ་དབས་ཏ་[ཟླ་]གཉིས་དང་དྲུག །ཟེར་བའི་རུས་ཆེན་པོ་གཉགས་ཡིན་ཟེར་རོ། །གང་ལྟར་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པ་དེའི་རྒྱུད་ལ་གཉགས་ཛྙཱ་ན་(ཛྙཱ་ན་ཁོང་དུ་ཆུད་པ་ལའོ་ཞེས་བྱིངས་ཀྲྀ་ཏ་རྐྱེན་ཡུཀ྄་བྱིན། ཡུ་བུ་རྣམས་ཀྱི་ཨ་ནང྄་ཨཀ྄་དག་རྣམས་ཞེས་སོ། །ཨ་ན་རུ་བསྒྱུར་མཚམས་སྦྱར་བའོ།)ཀུ་མཱ་རི་ཞེས་པའི་འདི་སློབ་དཔོན་རིན་པོ་ཆེ་པད་མ་དང་ཐོག་ཅུང་ཟད་མི་མཚུངས་ཟེར་བ་མང་ཡང་སློབ་དཔོན་པད་མའི་ཞབས་ལ་ཐུགས་ནས་ཟབ་ཀྱིས་གདམས་པ་ལོན་ཏེ། (ཀུ་མཱར་རྩེ་བ་ལའོ་བྱིངས། ཙུར྄་སོགས་ལས་ཉིན྄་ཀྲྀཏ྄་བྱིན། ཨའི་ནང྄་དབྱིའོ་ཨ་རྐྱེན། སློབ་ཕན་གྱིས་མིང་ལེའུ་བདུན་པ་བཤད་པར། ན་


TNT23_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཚོད་ལ་དང་པོ་ལའོ། །ན་ཚོད་ལ་འཇུག་ཆོས་སྐྱེད་པ་ཡིན་ཀྱང་ཨཱི་རྐྱེན་སྟེར།)སློབ་དཔོན་རིན་པོ་ཆེའི་དངོས་སློབ་སོ་སོའི་རྫུ་འཕྲུལ་བསྟན་པར། ནམ་མཁའི་སྙིང་པོ་མཁའ་ལ་བྱ་ལྟར་འཕུར། །ཞེས་སོགས་ནས་ཛྙཱ་ན་ཀུ་མཱ་ར་རྫུ་འཕྲུལ་སྣ་ཚོགས་བསྟན་ཞེས་དང༌། སློབ་དཔོན་རིན་པོ་ཆེ་པད་མས་མཁས་པ་མི་བཞིའི་གདམས་པ་དབང་གདམས་ངག་དང་བཅས་པ་རྒྱལ་པོ་ཁྲི་སྲོང་ཉིད་དང་གཉགས་ཛྙཱ་ན་ཀུ་མཱ་ར་ལ་གནང་བ་ཡིན་ནོ། །བཀའ་བསྟན་མང་པོ་བསྒྱུར་བས་སྒྲ་བསྒྱུར་གྱི་ལོ་ཙཱ་ཆེན་པོ་དང༌། རྒྱ་གར་གྱི་མཁས་གྲུབ་དམ་པ་བི་མ་ལ་མི་ཏྲའི་ཞབས་རྡུལ་སྤྱི་བོས་བརྟེན། བསྐྱེད་རྫོགས་ཀྱི་ཟབ་གནས་ཐོབ་ཅིང༌། བི་མ་ལའི་ཆོས་འཁོར་ཟབ་མོ་མཐའ་དག་བསྒྱུར་བའི་ལོ་ཙཱ་སྒྱུ་འཕྲུལ་དང༌། ཕུར་པ་སྙིང་ཐིག །གཤིན་རྗེ་སོགས་རིང་མ་སྐོར་གྱི་ཟབ་ཁུ་མཐའ་དག་གི་བཀའ་བབས་པས་དེ་ཉིད་རྒྱུད་པ་སོ་སོའི་གྲལ་ལ་བཞུགས་པ། སྣུབས་ནམ་མཁའི་སྙིང་པོ་དང་མྱང་ཏིང་འཛིན་བཟང་པོ་ལ་ཆོས་ཟབ་མོ་ཐོས་པ་སོགས་སྒྲུབ་པ་ལ་མཁས་པས་བརྒྱན་པ་འདི་ལ་མི་མཐུན་ཕྱོགས་ཀྱི་གནོད་པ་མང་པོ་ཞིག་གིས་གཙོས་ཀྱང་མཐུ་སྟོབས་ཀྱིས་ཚར་གཅོད་པ་དང་མངའ་དབང་བསྒྱུར་བའི་གཉགས་ཛྙཱ་ན་ཀུ་མཱ་རས་ནམ་མཁའ་ལ་ཕུར་བ་ལ་སྔགས་བཏབ་པས་ས་ལ་ལྷུང་ནུས་པ་སོགས་སྐྱེས་བུ་ཁྱུ་


TNT23_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་འདི་གཉགས་ཀྱི་རིགས་སུ་འཁྲུངས་སོ། །ཡང་བསྟན་པ་ཕྱི་དར་གྱྀ་དབུས་གཙང་གི་མཁས་པ་མི་བཅུའི་སྐབས་སུ་གྲུ་མོར་ཚུལ་ཁྲིམས་འབྱུང་གནས་ཀྱིས་ཆུ་མོ་གླང་གི་ལོ་ལ་ཀླུ་མེས་ཆེན་པོ་མོ་མཁར་འབྲས་མོར་གདན་དྲངས་པ་དེའི་སྤྱན་འདྲེན་པ་བཞི་ལ་ཁུ་གཞོན་ནུ་རིན་ཆེན། གཉགས་ཡོན་ཏན་སྙིང་པོ། མཆིམས་ལྷུན་གྱི་གྲགས་པ། མཆིམས་མཆོག་སྐུ་དང་བཞིའོ། །བཞིའི་ནང་ནས་མཆོག་ཏུ་གྱུར་བ་འདུལ་བ་བདུད་རྩིའི་སྙིང་ཁུས་ཐུགས་རྒྱུད་འཛིན་ཤིང༌། ཐོས་དོན་ནོར་གྱིས་ཕྱུག་པ་དང༌། དོན་མཐུན་མིང་དུ་བཏགས་པ། ཡོན་ཏན་སྙིང་པོ་ཡང་མཆོག་ཏུ་གྱུར་པ་གཉགས་ཀྱི་རིགས་སུ་འཁྲུངས་པའོ། །ཡང་ཁ་ཆེ་པཎ་ཆེན་ཤཱཀྱ་(ཤཱཀྱ་ཕོད་པའི་བྱིངས་ལ་ཀྲྀ་ཏ་ཡི། ཀྱཔྟ་རྐྱེན་སྟེར་བའི་ཡང་ན་མིང་ལེ་དྲུག་པའི་གྲགས་པའི་དོན་ལ་ཡ་རྐྱེན་བྱིན་པའོ།) ཤྲཱི་(ཤྲཱི་བསྟན་པའི་བྱིངས་ལ། ཀྭིཔ྄་སྟེ་ཕྱིས་ནས་བྱིངས་རྟགས་ཐུན་མོང་བྱས་ཤིང༌། ཀྭྀཔ྄་སོགས་རིང་པོར་བྱས་པའོ། །)འཁོར་པཎ་ཆུང་དགུ་དང་བཅས་བོད་དུ་ཕེབས་ནས་གཙང་སྟོད་དུ་བཞུགས་སྐབས་པཎ་ཆུང་དགུའི་ནང་ཚན་སུ་ག་ར་ཤྲཱི་ཡར་ཀླུང་དུ་སྤྱན་འདྲེན་ཞུ་མི་གཉགས་ལོ་ཙཱ་བ་ཆེན་པོ་ཡིན་ཞིང༌། པཎྜི་ཏའི་ཕྱག་གཡོག་མངའ་རིས་པ་དགེ་མཛེས་བྱང་ཆུབ་ཡོད་པ་དེས་པཎྜི་ཏ་ལས་ཀྱང་གཉགས་ལོ་ཙཱ་བ་མཁས་པར་རྟོགས་ནས་ཤེས་རབ་ཀྱི་


TNT23_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་ཏུ་ཕྱིན་པ་ཞུས་པ་སོགས་ཁྱད་པར་ཅན་གྱི་ལོ་ཙཱ་བ་དེ་ཡང་མཆོག་ཏུ་གྱུར་པ་གཉགས་ཀྱི་རིགས་སུ་འཁྲུངས་པའོ། །ཕ་དམ་པ་སངས་རྒྱས་གཉལ་ལོ་རོ་སོགས་ནས་བརྒྱུད་ནས་ཡར་སྟོད་ལ་ཕེབས་དུས་ཁུ་ལོ་ཙཱ་བ་བླ་མ་ལ་དམ་ཚིག་ཉམས་པ་ཡིན་གསུངས་ནས་མ་མཇལ་ཞིང་ཆོས་གནང་མ་འདོད། གཉགས་ལོ་ཙཱ་བ་ལ་ཆོས་མང་དུ་གསུངས་ཤིང༌། ཤིན་ཏུ་མཉེས་པར་མཛད་པ་དེ་ཡང་རིགས་མཆོག་ཏུ་གྱུར་པ་གཉགས་རིགས་སུ་འཁྲུངས་པའོ། །ཡང་ཇོ་བོ་རྗེ་ཨ་ཏི་ཤ་ཉིད་ཀྱིས་བར་དུ་ལོ་ཙཱ་བས་ཀྱང་མ་ཆོད་པར་ལམ་གྱི་རིམ་པ་མི་གཡོ་བའི་སྒྲུབ་ཡིག་རྒྱས་པ་དམིགས་པ་སྐོར་གསུམ་དང་བཅས་རྣལ་འབྱོར་གྱི་དབང་ཕྱུག་དགོན་པ་བ་འཇིང་དབང་ཕྱུག་རྒྱལ་མཚན་ལ་གནང༌། དེས་སྣེའུ་ཟུར་པ་དང་ཞང་ཀ་མ་པ་ལ་གསུངས་སྣེའུ་ཟུར་པས་མངའ་རིས་དགེ་མཛེས་བྱང་ཆུབ་ལ་གསུངས། དེས་སྐོར་ཆེན་པོ་ལ་གསུངས་ཤིང༌། སྐོར་ཆེན་པོ་ས་ཁྱད་པར་དུ་འཕགས་པ། སྐོར་ཆེན་པོའི་ལམ་རིམ་ཞེས་ཀུན་ལ་གྲགས་སོ། །དགེ་བའི་བཤེས་གཉེན་སྐོར་ཆེན་པོའི་རབ་བྱུང་མཁན་པོ་གཉགས་ཆུང་ལོ་ཙཱ་བ་ཡིན་ཞིང༌། དགོན་གནས་ལྟག་ཅན་གྱི་བདག་གཉགས་ལོས་མཛད་པ་ལ། དགེ་བཤེས་སྐོར་གྱིས་ཕྱིའི་ལྕགས་རི་བརྩིགས་པ་སོགས་ཞབས་ཏོག་སྒྲུབ་པར་མཛད་པའི་ཡུལ་དེ་ཡང་རིགས་མཆོག་གཉགས་རིགས་སུ་འཁྲུངས་པ་སོགས་གཉགས་རིགས་འདིལ་


TNT23_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པ་དང༌། གྲུབ་པའི་དབང་ཕྱུག(ལོ་ཙཱ་བའི་མཚན་ཐོགས་པའི་ཟག་མེད་ཀྱི་བློ་མངའ་བའི་ཆོས་ཀྱི་སྤྱན་ལྡན།) བསམ་གྱིས་མི་ཁྱབ་པ་བྱོན་པ་སོགས་རིགས་དང་རུས་དང་ཆོ་འབྲང་གི་མཛེས་པའི་དཔལ་དེ་ཉིད་ལས་བྱུང་བ་ནི་ཞིང་ཤག་རྡོ་རྗེ་ནས་བཟུང་ད་ལྟ་མི་འཇིགས་པའི་ཁྲི་སྟེང་དུ་མངོན་པར་མཐོ་ཞིང་སྤ་བ་ཀརྨྨ། (ཌུ་ཀྲྀཉ྄་བྱེད་པ་ལའོ་བྱིངས་ཨརྡི་ཧུ་སུ་ཀྵི་ནི་ས་ད་ཞེས། མ་རྐྱེན་སྟོན་བྱས་ཙནྡྲ་པ་ལས་ཨ་ཙཱ་ལས་ཧ་ར་ལས་སོགས་གཉིས་བརྩེགས།)བསྟན་སྐྱོང་དབང་པོ་ཞེས་པ་འདི་ཡིན་ལ་འདི་ཉིད་འཁྲུངས་པའི་ས་ཡུལ་ནི་བྱང་ཕྱོགས་སའི་ཐིག་ལེ་རི་ཀུན་ཏུ་གཟིགས་དང་མི་རིང་བའི་ཉེ་འདབས་སེང་གེ་ལུང་ཞེས་གྲགས་པ། ཕྱོགས་བཞིར་རི་སེང་གེ་འདྲ་བ། དབུས་གད་པ་ཁྲི་གདན་འདྲ་བའི་ཁར་རི་སེང་གེ་འདྲ་བ། ད་དུང་གཡས་འཁྱིལ་འདྲ་བའི་ངོགས་དགོན་པ་གྲོང་ཁྱིམ་དང་བཅས་པ་ཡོད་པ་ལ་རྒྱུ་མཚན་དེས་སེང་གེ་ལུང་དུ་ཐོགས་ཤིང༌། ས་དཔྱད་སེང་གེ་འདྲ་བ་ཡོད་པའི་སྒོ་ནས་ཁྱད་པར་འཕགས་ཚུལ་གོང་དུ་བྲག་སེང་གེ་འདྲ་བའི་ཁར་ཕོ་བྲང་བསམ་རྩེར་བཏབ་ཡོད་ཚུལ་སྐབས་སུ་བཤད་ཟིན་པ་ལྟར་བྱང་ཕྱོགས་མི་ཉག་གི་རྒྱལ་རྒྱུད་རིམ་པར་སྟོད་ཕྱོགས་ལ་འཆུགས། དུས་སྐབས་ཤིག་གི་ཚེ་དགེ་ཞིང་བཀྲ་ཤིས་པའི་ས་ཡུལ་སེང་གེ་ལུང་དུ་བཞུགས་པའི་མཚམས་སྦྱར་བའི་མཐུས། བྱང་ངམ་རིང་གི་བདག་པོར་གྱུར་པ་དང༌། སྤྱིར་སྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོས་བོད་ཡུལ་གངས་ཅན་འདིར་མངོན་མཐོ་ངེས་ལེགས་ཀྱི་དཔལ་མི་


TNT23_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་ཅིང༌། མཐའ་བཙན་པའི་ཕྱིར་མཆོད་རྟེན་སྟོང་རྩ་བརྒྱད་བཏབ་པའི་མིང་ལ་རྒྱལ་པོ་མཆོད་རྟེན་དུ་ཐོགས་ཤིང༌། སེང་གེ་ལུང་གི་མཆོད་རྟེན་སྟོང་རྩ་བརྒྱད་ཀྱི་གཙོ་བོར་འདི་ལ་དུས་གསུམ་སྒྲིབ་མེད་དུ་གཟིགས་པ་ཆོས་རྒྱལ་སྲོང་བཙན་སྒམ་པོས་བསམ་བཞིན་དུ་མ་འོངས་ལུང་བསྟན་གྱིས་མཆོད་རྟེན་རྒྱལ་པོ་སྐྱེས་སུ་མཚན་བཏགས་པ། གངས་ཅན་སྐྱེ་དགུའི་དཔལ་དུ་རྒྱལ་པོ་འདི་སྲོང་བཙན་སྒམ་པོའི་སྤྲུལ་པར་གདོན་མི་ཟ་བས་འཕགས་པ་འཇིག་རྟེན་དབང་ཕྱུག་དངོས་ཡུལ་མིག་གི་བདུད་རྩིར་བསྟན་པ་རང་རེ་ཚོ་བསྐལ་པར་བཟང་ལ་གཞན་ཡང་གཏེར་སྟོན་ཀརྨྨ་ལས་འབྲེལ་རྩལ་གྱིས་མཆོད་རྟེན་རྒྱལ་པོ་སྐྱེས་ནས་སློབ་དཔོན་རིན་པོ་ཆེའི་པད་མའི་ཀུན་ད་བྱང་སེམས་དཀར་པོ་རིལ་བུ་གྭའུ་ཁ་སྦྱོར་གཏེར་དུ་བཞུགས་པ་སྟེ་བཏོན་ཀྱང་མ་འོངས་པའི་རྟེན་འབྲེལ་གྱིས་སླར་ཡང་གཏེར་དེ་གར་བཞུགས་པ་དེའི་མཐུ་ལས་རྒྱལ་པོ་འདི་ཉིད་ཀྱི་སློབ་དཔོན་རིན་པོ་ཆེ་པད་མའི་རྣམ་པར་རོལ་བའི་གར་དུའང་གཏོགས་པར་གོར་མ་ཆགས། ངོ་བོར་རང་བཞིན་གྱིས་གྲུབ་སྤོབས་པ། སྐྱོན་ཡོན་རྣམ་པར་མཁྱེན་པའི་རིག་པ། བླང་དོར་གྱི་གནས་ཕྲ་ཞིབ་སྟོན་པ་སོགས་བློ་གྲོས་ཀྱི་དཔལ་དང་ལྡན་པས་འཇམ་དབྱངས་མིའི་ཟོལ་འཛིན་སྙན་ཚིག་སྨྲ་མཁས་བདུད་རྩིའི་རོ་དང་ལྡན་པས་ཟླ་བའི་སྲིང་མོ་མགྲིན་པར་ཆགས་པའི་སྐལ་ཅན་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱིས་བསྟོད་བཀུར་མཆོད་པའི་ཞིང༌། སྤུར་རྒྱལ་བོད་ཀྱི་དགེ་བཅུའི་


TNT23_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལམ་དཀར་པོར་སྤྱོད་པའི་བྱེད་པོ་མངོན་མཐོ་ངེས་ལེགས་ཀྱི་འབྲས་བཟང་འབྱུང་བའི་དཔག་བསམ་གྱི་རྐང་འཐུང་ཁྲིམས་གཉིས་ལྷའི་གདུགས་དཀར་དྲི་མ་མེད་པར་ཕུབ་ནས། སྐྱེ་འགྲོའི་གདུང་བ་སྐྱོབ་པའི་དཔལ་གྱི་དུམ་བུ་འདི་ཉིད་དེ་(བྱ་བ་བརྗོད་པ་བར་གྱི་གསལ་བྱེད། )དཔལ་འབྱོར་ལང་ཚོའི་འཛུམ་དཀར་སྙིང་པུ་བཞད་བྱེད་ཀ༵རྨ༵འི་(ལས་བསམ་བྱ་བ།)ཁུར་གཡོ་ཞིང༌། །ཁྲིམས་གཉིས་ཕན་བདེའི་ཆུ་གཏེར་གང་ཞིང་ཐུབ་བསྟ༵ན་རྒྱས་བྱེད་དཔལ་གྱི་དཔྱིད། །ལྷ་འདིས་སྐྱེ་བོ་ཚ་གདུང་གྱུར་པར་བསིལ་བྱེད་སྦྱིན་པའི་ཕྱག་སྐྱོ༵ངས་ཤིང༌། །ཕས་རྒོལ་མུན་ཚོགས་སྨག་རུམ་དྲུང་འབྱིན་ཟླ་ཤེལ་དབང་པོ་རྒྱལ་གྱུར་ཅིག །མཁྱེན་རབ་བདུད་རྩིའི་ཆུ་གཏེར་ཆེ། །རྦ་རླབས་གཡོ་བའི་ཀུན་གསལ་མཐའ། །ཡངས་པར་སྒྲོག་པའི་སྒྲ་སྙན་པོ། །འཇིག་རྟེན་གསུམ་གྱི་རྣ་བར་མཛེས། །ཀྭ་ཡེ་འཛམ་གླིང་སྐྱེ་འགྲོའི་བསོད་ནམས་ནོར་བུའི་སྒྲོན། །ཐུབ་བསྟན་ཕུན་ཚོགས་ལང་ཚོ་གསར་དུ་སྤྲོ་མཁས་པའི། །ས་ལས་རྣམ་རྒྱལ་སྲིད་པ་ཀུན་གྱི་ཐིག་ལེ་མཆོག །བསྔགས་པའི་ཨུཏྤལ་གཞོན་ནུ་དར་བ་རྣ་བའི་རྒྱན། །གཏམ་སྙན་འོད་སྟོང་རྣ་ཆ་ཉིན་རེར་ཡང༌། ༡ {སྙན་གྲགས་ཡོན་ཏན་གྱི་ཁྱད་པར་གྱི་ཆོས་བརྗེས་པས་ཡོངས་རྗེས་ཀྱི་རྒྱན།}ཕྱོགས་ཀྱི་མཛེས་མའི་འགྲམ་པར་རྩོལ་བཞིན་དུ། །འཇིག་རྟེན་ཀུན་གྱི་དགེ་ལེགས་མཐུ་བོ་ཆེ། །མ་ལུས་གཅིག་ཏུ་བསྡུས་ནས་རང་གིས་མཛད། །ཅེས་དེ་ལྟ་བུའི་ཁྱད་


TNT23_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱི་ཆོས་ཀྱི་ཡོན་ཏན་དང་ལྡན་པའི་རྒྱལ་པོ་དེ་བཞུགས་པའི་ཕོ་བྲང་གི་ངོ་བོ་དེ་ཡང་ཅི་ལྟ་བུ་ཞེ་ན། ལེགས་བྱས་དཔལ་འབྱོར་བསམ་ཀུན་འགྲུབ་པའི་ཕོ་བྲང་དམ་པའི་དཔལ། །རྩ་བ་རབ་བརྗིད་ཀླུ་ཡི་འཇིག་རྟེན་མནན་ལ་ངོ་མཚར་ཅི། །རྩེ་མོ་ཆེས་མཐོ་མཆོག་ཏུ་མཛེས་པ་གཟི་བརྗིད་འོང་ཚོགས་ཀྱི། ཚངས་པ་ཆེན་པོའི་འཇིག་རྟེན་གང་དེ་ཕུག་པ་དེ་ངོ་མཚར། །དཔལ་འབྱོར་དཔུང་གི་གྲགས་པའི་བ་དན་གཡོ་བའི་ཁབ། །སུམ་རྩེན་གྲོང་གར་ཁེངས་པ་ཟ་ལ་ངོ་མཚར་ཅི། །རྣམ་པར་རྒྱལ་བའི་ཕོ་བྲང་ཆེན་པོའི་གཟི་བརྗིད་ཀྱིས། །ཁུར་འདི་བཟོད་པ་འབྱུང་པོ་འཛིན་མ་འདི་ཉིད་མཚར། །མ་ལུས་དགྲ་བཅོམ་ཕྱོགས་ཀུན་ལས། །རྣམ་པར་རྒྱལ་བའི་ཁང་བཟང་ནི། །འདེགས་པའི་རྟ་བབ་ཀ་བ་སྟེ། །དཔུང་པས་ས་ཀུན་ཡོངས་བཟུང་མཛོད། །ཅེས་པ་ལ་སོགས་རྒྱ་ཆེར་རྟོགས་པར་བྱའོ། །བསམ་རྩེའི་ཡུལ་ཕྱོགས་དེར་ཧོར་ཟླ་ལྔ་པ་ལ་དུས་བཞི་ཅིག་ཅར་དུ་འཆར་བའི་ངོ་མཚར་བའི་གཏམ་ཡང་ཡོད། གཉིས་པ། ནང་རྟེན་པ་བསྟན་འཛིན་སོགས་ལ་བརྟེན་པའི་ངོ་མཚར་ཕུན་སུམ་ཚོགས་པ་ལ་ལྔ་སྟེ་ས་གཞི་བྱིན་གྱིས་བརླབས་ཏེ་འབྲས་བུ་སྔགས་ཀྱི་བསྟན་པ་སྤེལ་བའི་ངོ་མཚར་ཕུན་སུམ་ཚོགས་པ་ཡང་སྙིང་རྫོགས་ཆེན་ཨ་ཏི་ཡོ་གའི་བསྟན་འཛིན་སྐྱེས་བུ་འཁྲུངས་ཤིང༌། བསྟན་པ་སྤེལ་བས་ངོ་མཚར་ཕུན་སུམ་ཚོགས་པ་


TNT23_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བའི་མཐར་ཐུག་ཐལ་འགྱུར་ལ་འཆད་ཉན་གྱི་སྒོ་ནས་བསྟན་པ་སྤེལ་བས་ངོ་མཚར་ཕུན་སུམ་ཚོགས་པ། ལྟ་སྒོམ་གྱི་མཐར་ཐུག་བཀའ་རྒྱུད་གྲུབ་ཐོབ་སྐྱེས་ཆེན་གྱི་སྒྲུབ་པ་བསམ་གཏན་གྱིས་འཁོར་ལོ་བསྐོར་བའི་ངོ་མཚར་ཕུན་སུམ་ཚོགས་པ། སྐྱེས་བུ་དམ་པ་མཆོག་རྣམས་འཁྲུངས་ནས་བསྟན་པ་ལ་བྱ་བ་མཛད་པའི་ངོ་མཚར་ཕུམ་སུམ་ཚོགས་པ་དང་ལྔའོ། །དང་པོ་ནི། ས་གཞི་བྱིན་གྱིས་རླབས་ཏེ་འབྲས་བུ་སྔགས་ཀྱི་བསྟན་པ་སྤེལ་བའི་ངོ་མཚར་ཕུན་སུམ་ཚོགས་པ་ནི། རྣམ་དཀར་འོ་མའི་ཆུ་གཏེར་དབུ་[ལྦུ་]བའི་འཛུམ་དཀར་ཀློང་ཡངས་པོར། །རབ་འབྱམས་རྒྱལ་བའི་ངོ་བོ་དམིགས་(མེད) མཚར་སྡུག་སྙིང་པོར་འཁྲུངས། །སྐྱེ་འགྲོ་རྣམ་པར་ཁྱབ་པས་སྤྱི་བོས་བརྟེན་པ་ཁོར་ཡུག་རྒྱ། །འོད་སྟོང་ལྡན་པ་ཉི་མའི་མགོན་པོ་པད་མ་(པ་ད་འགྲོ་བ་ལའོ་ཞེས་བྱིངས་ཨརྟི་ཧུ་སུ་དྷྲ་ཀྵི་ཎི་པ་ད་ཞེས་པ་པ་མའོ། མ་རྐྱེན་བྱིན་པས་པད་མ་འགྲུབ་ཏུ་ཡོད་པ་ལའོ་ཞེས་བྱིངས་ཉེར་བསྒྱུར་སམ྄་སྔོན་དུ་བཞག །ཨཙ྄་རྐྱེན་ཡོན་ཏན་བྱས། སམ་བྷ་ཝ་འགྲུབ་བོ་ཚིག་སྡུད་བྱས། དངོས་འགྱུར་དུ་བསྒྱུར་བ། མེ་ཏོག་པདྨ་ལས་འཁྲུངས་པའི་བྱུང་བ། ངེས་པར་ཀུན་སྦྱིན་པ་སྟེ་ལྔ་པ་ནི་ངའི་ཨཱ་ཏ་པདྨར།) ཕོ་བྲང་བསམ་རྩེའི་རྒྱབ་རི་གླང་ཆེན་ཉལ་འདྲའི་མཁལ་མའི་སྟེང་གི་ཐད་འོག་ཙམ་གྱིས་ཕུག་པ་གཉིས་སུ་སློབ་དཔོན་རིན་པོ་ཆེ་པད་མ་དང་མཚོ་རྒྱལ་གྱིས་ས་ཡུལ་འདིར་མི་མཐུན་ཕྱོགས་ཀྱི་འདྲེ་སྲིན་གདུག་པའི་ཚོགས་ཚར་བཅད། ས་གཞི་གཞོམ་མེད་རྡོ་རྗེའི་རང་བཞིན་


TNT23_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱིན་གྱིས་བརླབས་ནས་རྒྱུན་རིང་བར་བཞུགས་ཤིང༌། ཐེག་པ་ཐམས་ཅད་ཀྱི་མཐར་ཐུག །གྲུབ་མཐའ་ཐམས་ཅད་ཀྱི་ཞེ་ཕུག །རྡོ་རྗེ་ཐེག་པ་ལས་ཀྱང་སྙིང་པོ་གསང་སྔགས་ཟབ་མོ་སྒྲུབ་པ་སམ་བྷ་ཝ། བཀའ་བརྒྱད་ཀྱི་དཀྱིལ་འཁོར་མངོན་པར་བཞེངས་ནས་དབང་བསྐུར། མན་ངག་ཟབ་དོན་སྙིང་པོར་བསྒྲིལ་ནས་མཚོ་རྒྱལ་དང་གདུལ་བྱ་སྣོད་ལྡན་གྱི་ཚོགས་ལ་གསུངས། སླར་མཚོ་རྒྱལ་གྱིས་ཉམས་ལེན་དུ་དྲིལ་ནས་བསྒྲུབ་པས་འབྲས་བུ་གྲུབ་པའི། རྟགས་སུ་སྒྲུབ་ཆུ་རང་རྡོལ་དུ་བབས་པ་དང༌། བཀའ་བརྒྱད་ཀྱི་དབང་བསྐུར་བའི་སྟེགས་དང་བཅས་དུས་དེང་སང་ཡང་མངོན་གསལ་དུ་ཡོད་པ་འདི་ཡིན་ཞིང༌། མིང་བཀའ་བརྒྱད་ཕུག་པ་ཞེས་ཡོངས་ལ་གྲགས་སོ། །གསང་སྔགས་ཟབ་མོ་སྒྲུབ་པ་བཀའ་བརྒྱད་ཅི་ལྟ་བུའི་ཡིན་ཟེར་ན། དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོར་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཧེ་རུ་ཀས་འོག་མིན་གནས་སུ་ཞི་བས་འདུལ་བའི་དོན་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་བཞེངས། དྲག་པོས་འདུལ་དགོས་པར་ཧེ་རུ་ཀ་ཆེན་པོའི་སྐུས་ཁྲོ་བོ་སྔོན་འབྱུང་གི་དཀྱིལ་འཁོར་ཆེན་པོ་རབ་རྒྱས་འབྲིང་བསྡུས་ཀྱིས་ཕྲིན་ལས་ཀྱི་ཚོགས་རབ་ཏུ་གྲུབ་པའི་སྒོ་ནས་གསུངས་པ། དེ་ལ་ཞི་ཁྲོ་སྤྱིའི་རྒྱུད་དང་བྱེ་བྲག་གི་རྒྱུད་དུ་དང་པོ་སྤྱི་རྒྱུད་ལས། རྒྱུད་སྡེ་ལྔ་གསུངས་


TNT23_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་བདེ་གཤེགས་ཐམས་ཅད་འདུས་པ་རྩ་བའི་རྒྱུད། ཕྱི་མ་ངེས་པར་འབྱུང་བའི་རྒྱུད། ཕྱི་མའི་ཕྱི་མ་སྔགས་ཀྱི་རྒྱུད། མ་ཚང་བ་ཁ་སྐོང་བ་རྒྱུད། འབྱེད་བྱེད་ལྡེ་མིག་གི་རྒྱུད་དང་ལྔའོ། །གཉིས་པ་བྱེ་བྲག་རྒྱུད་ལ་ཡང་རྩ་རྒྱུད་དང༌། ཡན་ལག་གི་རྒྱུད་གཉིས་སུ་གསུངས། དང་པོ་རྩ་རྒྱུད་ལ་སྒོས་རྒྱུད་བཅུ་ཐམ་པ་གསུངས་ཏེ། ཞི་བ་འདུས་པ་རྩ་བའི་རྒྱུད། ཆེ་མཆོག་འདུས་པ་རྩ་བའི་རྒྱུད། ཁྲག་འཐུང་འདུས་པ་རྩ་བའི་རྒྱུད། གཤིན་རྗེ་འདུས་པ་རྩ་བའི་རྒྱུད། དབང་ཆེན་འདུས་པ་རྩ་བའི་རྒྱུད། ཕྲིན་ལས་འདུས་པ་རྩ་བའི་རྒྱུད། མ་མོ་འདུས་པ་རྩ་བའི་རྒྱུད། དྲེགས་ཅན་འདུས་པ་རྩ་བའི་རྒྱུད། དྲག་སྔགས་འདུས་པ་རྩ་བའི་རྒྱུད། ཞི་ཁྲོ་གཉིས་ཀ་སྒྲུབ་པའི་རིགས་ན། འདུས་པ་རྩ་བའི་རྒྱུད་རྣམས་གསུངས་སོ། །ཡན་ལག་གི་རྒྱུད་ནི་དགོས་རྒྱུད་བཅུ་པོ་སོ་སོ་ལ་ཡན་ལག་གི་རྒྱུད་ཤིན་ཏུ་མང་བར་བཞུགས་པ་རྣམས་རྒྱལ་བ་དགོངས་པས་གསུང་ཚུལ་ལོ། །རིག་འཛིན་བྱང་ཆུབ་སེམས་དཔའ་རྒྱུད་སྡེ་རྣམས་གླེགས་བམ་ལ་བྲིས་ཚུལ་ནི་རིག་འཛིན་བྱང་ཆུབ་སེམས་དཔའ་རྣམས་འདུས། བྱང་ཆུབ་སེམས་དཔའ་རྡོ་རྗེ་ཆོས་ཞེས་ཀྱང་བྱ། རྡོ་རྗེ་སེམས་དཔའ་འམ་ལག་ན་རྡོ་རྗེ་དྲག་པོ་རྩལ་ཞེས་ཀྱང་བྱ་བ་དེས་ཐོག་མར་ངག་ཏུ་བསྡུས། དེ་ནས་གསེར་གྱི་གླེགས་བམ་ལ་བཻ་ཌཱུརྱ་ཞུན་མས་བྲིས་


TNT23_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

པས་རིག་འཛིན་རིག་པའི་རྒྱུད་གླེགས་བམ་དུ་བྲིས་པའོ། །གཏེར་དུ་སྦས་ཚུལ་ནི་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེས་སྤྱི་རྒྱུད་དང༌། བྱེ་བྲག་རྒྱུད་སོ་སོར་ཕྱེ་ལ་རིན་པོ་ཆེའི་སྒྲོམ་སོ་སོའི་ནང་དུ་བཞུགས་ཚུལ་ནི་སྤྱི་རྒྱུད་ལྔ་དང་སྒོས་རྒྱུད་བཅུ་སྟེ་བཅོ་ལྔའོ། །རིན་པོ་ཆེ་སྣ་བརྒྱད་ཀྱི་སྒྲོམ་དུ་བཙུད། འཇམ་དཔལ་སྐུ་ལྕགས་སྒྲོམ། པད་མ་གསུང་ཟངས་སྒྲོམ། ཡང་དག་ཐུགས་དངུལ་སྒྲོམ། ཆེ་མཆོག་གསེར་སྒྲོམ། ཕུར་པ་ཕྲིན་ལས་གཡུ་སྒྲོམ། མ་མོ་རྦོད་གཏོང་བསེ་སྒྲོམ། འཇིག་རྟེན་མཆོད་བསྟོད་མཆོང་སྒྲོམ། དམོད་པ་དྲག་སྔགས་གཟི་སྒྲོམ་སོགས་སུ་བཙུད་པ་དེ་རྣམས་ལྷ་སྲིན་སྡེ་བརྒྱད་རྣམས་གཏེར་གང་དུ་འཇུག་མ་འཆམ་པ་ལ་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེས་དུར་ཁྲོད་བསིལ་བ་ཚལ་གྱི་མཆོད་རྟེན་བདེ་བྱེད་བརྩེགས་པར་གཏེར་དུ་སྦས་སོ། །དེ་གྲུབ་ཐོབ་ཀྱིས་བཏོན་ཚུལ་ནི་དུར་ཁྲོད་བསིལ་བ་ཚལ་གྱི་གནས་དེར་ཉིན་མཚན་དུ་ཐོག་སེར་དང་མེ་འོད་སྣ་ཚོགས་འཁྲུགས་པ་གཟིགས་པས་སློབ་དཔོན་བརྒྱད་དགོངས་པ་གཅིག་ཏུ་འདུས་ནས་མཐུན་རྫས་བཤམས་ནས་བདེན་བརྡར་གྱི་ཆོས་གསུངས་པས། མཁའ་འགྲོ་མ་ལས་ཀྱི་དབང་མོས་གཏེར་ནས་བཏོན་ཏེ་གསེར་སྒྲོམ་བི་མ་ལ་མི་ཏྲ་དང༌། དངུལ་སྒྲོམ་སློབ་དཔོན་ཧཱུྃ་(ཌུ་ཀྲྀཉ྄་ཨཙ྄། ཧ་ན་འཚེ་བ་ལའི་བྱིངས། ཌཱུ་རྐྱེན་རྗེས་སུ་འབྲེལ་བ་ལ་མཐའི་དབྱངས་ལ་སོགས་


TNT23_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

དབྱི་སོགས་ཀྱི་འགྲུབ།) ཀ་ར་ལ། ལྕགས་སྒྲོམ་སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ། ཟངས་སྒྲོམ་སློབ་དཔོན་ཀླུ་སྒྲུབ་ལ། གཡུ་སྒྲོམ་སློབ་དཔོན་པདྨ་ལ། བསེ་སྒྲོམ་དྷ་ན་སམ་སྐྲྀ་ཏ་ལ། མཆོད་སྒྲོམ་སློབ་དཔོན་རོམ་བུ་གུཧྱ་དེ་ཝ་ཙནྡྲ་ལ། གཟི་སྒྲོམ་སློབ་དཔོན་ཤནྟིཾ་གརྦྷ་ལ་གཏད། སོ་སོའི་བཀའ་ལུང་རྒྱས་པར་བསྩལ་བ་སྟེ་གནང་ངོ༌། །རིན་པོ་ཆེ་སྣ་བརྒྱད་ལས་བྱས་པའི་སྒྲོམ་དབུས་སུ་བཞག་པ་དེ་སླར་གཏེར་དུ་སྦས་སོ། །སློབ་དཔོན་རིན་པོ་ཆེ་པདྨས་སླར་གནས་དེར་བྱོན་ནས་གཏེར་དུ་སྦས་པ། དེའང་བཀའ་ལས་གྲོལ་ཞིང༌། གཞན་བཀའ་བརྒྱད་པོ་ཡང་མ་ལུས་ཤིང༌། ལུས་པ་མེད་པར་ཚང་ལ་རྒྱས་པར་དབང་ལུང་མན་ངག་གིས་རྒྱས་བཏབ་སྟེ་ཡོངས་སུ་རྫོགས་པར་སློབ་དཔོན་རིན་པོ་ཆེ་པདྨ་ཉིད་ལ་བབས་སོ། །གང་ཟག་སྙན་ཁུངས་སུ་རྒྱུད་དེ་བོད་ཡུལ་དུ་བབས་ཚུལ་ནི། སློབ་དཔོན་པདྨ་བོད་དུ་ཕེབས་གྲུབ་རྗེས་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སློབ་དཔོན་ཆེན་པོ་ལགས། བདག་རྒྱལ་པོའི་རིགས་ཅན་འདྲ་བ་འཇིག་རྟེན་གྱི་ཕྱོགས་སུ་བྱ་བྱེད་མང་བ་དང་གཡེངས་པ་ཆེ་བས་ཐོས་བསམ་དང་དཀའ་ཐུབ་ལ་མ་བལྟོས་པའི་མྱུར་དུ་སངས་རྒྱས་ངེས་པའི་ཆོས་རྒྱུད་མ་བུ་བཤད་འགྲེལ་དང་བཅས་པ། འཕྲིན་ལས་ལག་ལེན་དང་བཅས་པ། སྒོམ་རིམ་གདམས་པ་དང་བཅས་པ། ལས་ཁ་ཚར་


TNT23_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་(དོན) དང་བཅས་པ། གསང་སྔགས་ཀྱི་སྤྱིའི་གནད་ཆིངས་དང་བཅས་པ་རང་གཞན་གྱི་དོན་མ་ལུས་པར་ཚང་བའི་ཆོས་གཅིག་ཞུ་ཞེས་པས། རྒྱལ་པོ་ཉིད་ཀྱིས་གཙོ་བྱས་པའི་བདག་ཅག་རྗེ་འབངས་བརྒྱད་ཀྱིས་བསམ་ཡས་མཆིམས་ཕུར་དབང་རིམ་རྫོགས་པར་ཞུས་ཏེ་དེ་ཡང་སློབ་དཔོན་གྱི་བདེ་བར་གཤེགས་པ་ཐམས་ཅད་འདུས་པ་ཞི་ཁྲོ་གཉིས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ནས་བསྒྲུབས་ཏེ་དབང་ཕྱི་ནང་གསང་བ་གསུམ་རྫོགས་པར་བསྐུར་བ་ལ། དང་པོ་ཞི་བའི་དཀྱིལ་འཁོར་དུ་ཐུན་མོང་སྤྱི་ཁྱབ་རྫོགས་པར་བསྐུར། དེ་ནས་ཁྲོ་བོའི་དཀྱིལ་འཁོར་འཇུག་པའི་ཚེ། (དད་བརྩོན་བརྟུལ་ཞུགས་ལྡན་པའི་སྐལ་ལྡན་གང༌། །ཕན་ནུས་ཟབ་གསུམ་དབང་གི་སྨིན་བྱས་ནས། །ཞེས་དད་པ་ཅན་ལ་ཕྱི་ཕན་པའི་དབང་བཅུ་བསྐུར། བརྩོན་འགྲུས་ཅན་ལ་ནང་ནུས་པའི་བུམ་དབང་ལྔ་བསྐུར། བརྟུལ་ཞུགས་དང་ལྡན་པའི་གང་ཟག་ལ་གསང་བ་ཟབ་མོའི་དབང་གོང་མ་གསུམ་བསྐུར།) བདག་རྗེ་འབངས་བརྒྱད་ཀྱིས་དཀྱིལ་འཁོར་ལ་མེ་ཏོག་གསེར་སྲང་བཅུ་བཅུ་གཏོར་བས་རྒྱལ་པོ་ཉིད་ཀྱི་མེ་ཏོག་དབུས་ཆེ་མཆོག་གི་དཀྱིལ་འཁོར་ལ་བབས། སྣུབས་ནམ་མཁའི་སྙིང་པོ་ཡང་དག་གི་དཀྱིལ་འཁོར་ལ། སྣུབས་སངས་རྒྱས་ཡེ་ཤེས་གཤིན་རྗེའི་དཀྱིལ་འཁོར་ལ། ངན་ལམ་རྒྱལ་བ་མཆོག་དབྱངས་དབང་ཆེན་རྟ་མགྲིན་གྱི་དཀྱིལ་འཁོར་ལ། ཇོ་མོ་མཚོ་རྒྱལ་གྱི་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལ་


TNT23_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

འབྲོག་དཔལ་གྱི་ཡེ་ཤེས་བླ་མེད་ཧེ་རུ་ཀའི་དཀྱིལ་འཁོར་ལ། རླངས་དཔལ་གྱི་སེང་གེ་དྲེགས་པ་ཀུན་འདུལ་གྱི་དཀྱིལ་འཁོར་ལ། ལོ་ཙཱ་བ་བཻ་རོ་ཙ་ན་སྟོབས་ལྡན་ནག་པོའི་དཀྱིལ་འཁོར་ལ་བབས་ཏེ། དེ་ནས་སློབ་དཔོན་གྱིས་ཁྲོ་བོའི་ལྷ་ཚོགས་བརྒྱ་དང་ཉི་ཤུ་རྩ་ལྔའི་ཞལ་ནི་མེ་ལོང་གི་གཟུགས་བརྙན་བཞིན་དུ་བསྟན་ནས། དབང་ཕྱི་ནང་གསང་བ་གསུམ་ལྟ་བ་སྤྱི་འབྱམས་དང་ཡོངས་སུ་རྫོགས་པར་བསྐུར་ཞིང༌། ངོ་སྤྲད་དེ་ལུས་ངག་ཡིད་གསུང་ལྷའི་སྐུ་གསུང་ཐུགས་སུ་སྒྱུར་ཞིང་སྨིན་པར་མཛད་དོ། །རྒྱལ་པོ་ཉིད་ལ་གནང་བའི་གསང་སྔགས་བཀའ་བརྒྱད་བདེ་གཤེགས་འདུས་པ་སྟེ་ལྡན་མ་རྩེ་མངས་ཀྱིས་བསྒྱུར་ཞིང་བཀོད་པ་ལ་རྒྱུད་ཀྱི་སྐོར། ལུང་གི་སྐོར། མན་ངག་གི་སྐོར་རྣམས་སུ་ཕྱེ་ནས་རྒྱུད་ཀྱི་སྐོར་ལ་སྤྱི་རྒྱུད་ལྔ། བྱེ་བྲག་གི་རྒྱུད་བཅུ་སྟེ་བཅོ་ལྔ་ཡོད། ལུང་གི་སྐོར་ལ་ལུང་ཆེན་པོ་ལྔ་གསུངས་པ་སྟེ། གསང་སྔགས་ངེས་པ་བདུན་གྱི་ལུང༌། མཛད་པ་ཆོ་འཕྲུལ་ལྷའི་ལུང༌། ཕྲིན་ལས་མཐར་ཕྱིན་སྒྲུབ་པའི་ལུང༌། ཐུགས་རྗེ་དཔྱད་ཐག་གནས་ཀྱི་ལུང༌། གསལ་བར་བྱེད་པ་སྒྲོལ་མའི་ལུང་ངོ༌། །དེ་ལྟར་རྒྱུད་ལུང་ཉི་ཤུའོ། །མན་ངག་གི་སྐོར་ལ་གསུམ་ལས་ཕྱེ་བའི་ཉི་ཤུའོ། །སྒྲུབ་པ་བཀའ་བརྒྱད་ཉམས་ལེན་སྙིང་པོར་དྲིལ་བ་ལྔ་སྟེ་ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་བསྐྱེད་པ་མ་ཧཱ་ཡོ་


TNT23_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ག་ལྟར་བསྒྲུབས་པ། ནང་ཕུང་པོའི་དཀྱིལ་འཁོར་ལ་བརྟེན་ནས་རྫོགས་པ་ཨ་ནུ་ཡོ་ག་ལྟར་བསྒྲུབས་པ། གསང་པ་རིག་པ་སེམས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལྟར་བསྒྲུབས་པ། དེ་ཁོ་ན་ཉིད་ལམ་རིམ་ལ་བརྟེན་ནས་བསྐྱེད་རྫོགས་ཟུང་འབྲེལ་དུ་བསྒྲུབས་པ། ཕྲིན་ལས་ཡོངས་རྫོགས་ལ་བརྟེན་ནས་སྒྱུ་ལུས་ལྷ་རུ་ངོ་སྤྲད་དང་ལྔའོ། །དེ་ལྟ་བུའི་སྒྲུབ་པ་བཀའ་བརྒྱད་ཉམས་སུ་བླངས་པ་ལ་བརྟེན་ནས་རྒྱལ་པོ་སྐུ་ཚེ་བསྲིངས་པ་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཐོབ་བོ། །སྣུབས་ནམ་མཁའི་སྙིང་པོས་ཉི་ཟེར་ལ་འགྲོ། སྣུབས་སངས་རྒྱས་ཡེ་ཤེས་བྲག་ལ་ཕུར་པ་འདེབས། ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱིས་རྟ་སྐད་འབྱིན་ནུས། ཇོ་མོ་མཚོ་རྒྱལ་གྱིས་བསད་གསོ་ནུས། འབྲོག་མི་དཔལ་གྱི་ཡེ་ཤེས་ཀྱིས་མ་མོ་མངོན་སུམ་དུ་རྦོད་ནུས། རླངས་དཔལ་གྱི་སེང་གེ་ལྷ་མ་ཡིན་སྡེ་བརྒྱད་བྲན་དུ་འཁོལ་ནུས། ལོ་ཙཱ་བ་བཻ་རོ་ཙ་ནས་འཇིག་རྟེན་དྲེགས་པ་ཅན་ཐམས་ཅད་དབང་དུ་འདུས་ཤིང་ལས་ལ་འགྱེད་ནུས། ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་རས་རྫུ་འཕྲུལ་སྣ་ཚོགས་སྟོན་ནུས་སོ། །ཞེས་སྔོན་དུ་བཤད་པ་ལྟར་གྱིས་ཟབ་ཆོས་ཕུན་སུམ་ཚོགས་པ་སྒྲུབ་པ་ཆེན་པོ་བཀའ་བརྒྱད་དེ་ཉིད་ཀྱི་དབང་བསྐུར་སོགས་ཟབ་ཆོས་ཆ་ཚང་བ་རྒྱས་པར་སློབ་དཔོན་རིན་པོ་ཆེ་པདྨས་བསྐྱར་བཟླས་ཏེ་བསམ་


TNT23_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་རྩེའི་བཀའ་བརྒྱད་བྲག་ཕུག་ཏུ་གསུངས་པ་ཡང་གོང་བཞིན་ནོ། (སློབ་དཔོན་རིན་པོ་ཆེ་པདྨ་རྒྱལ་པོ་ལ་གསུངས་པ་བཀའ་བརྒྱད་བདེ་གཤེགས། བཀའ་འདུས་པ་ཆོས་རྒྱལ་པོ་ཉིད་རང་ཐུགས་རྒྱུད་ལ་བཞུགས་པས་བླ་ཡི། མ་འོངས་པ་ལ་དགོངས་ནས་བྲག་མགྲིན་བཟང་ལ་སྦོས་གསུངས་པ་བཞིན་སྦས། སླར་རྒྱལ་ཁྲིམས་འཇིག་ལ་ཉེ་བ་ནས་དབོན་སྲས་དང་ཡེ་ཤེས་མཁའ་འགྲོ་མ་རྣམས་ཀྱི་ལྷོ་ཕྱོགས་མཐའ་འདུལ་གྱི་གཙུག་ལག་ཁང་གི་རྣམ་པར་སྣང་མཛད་ཀྱི་སྐུ་རྒྱབ་ཏུ་གཏེར་སྣོད་པོད་ཏི་སྦས་སོ། །གཏེར་འདོན་པའི་དུས་ལ་བབ་དུས་རྒྱལ་པོ་དངོས་ཉིད་བྱོན་པ་ལུང་བསྟན་ནོ། །གཏེར་ཁ་གོང་མ་མངའ་བདག་མྱང་རིན་པོ་ཆེ་གཏེར་ཁ་ནས་བཀའ་བརྒྱད་བདེ་གཤེགས་འདུས་པ་ཆ་ལག་ཚང་བ། གཏེར་ཁ་འོག་མ་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་བཀའ་བརྒྱད་གསང་བ་ཡོངས་རྫོགས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུས་བཀའ་བརྒྱད་རང་བྱུང་རང་ཤར།) གཉིས་པ་ཡང་སྙིང་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་བསྟན་འཛིན་སྐྱེས་བུ་འཁྲུངས་ཤིང་བསྟན་པ་སྤེལ་བའི་ངོ་མཚར་ཕུན་སུམ་ཚོགས་པ་ནི་ཅག་པོ་ཡུ་བ་གདོང་གི་གྲོང་དེར་ལོ་ཙཱ་བ་བཻ་རོ་ཙ་ན་(ཕལ་ཆེ་བའི་འཇིག་རྟེན་གྲགས་གཏམ་བླུན་ཆིག་ལ་བཻ་རོ་ཙ་ན་སྙེ་མོ་བྱེ་མཁར་དུ་འཁྲུངས་ཀྱང་ཟེར་རོ།)འཁྲུངས་པ་བཻ་རོའི་འདྲ་འབག་འཁྲུལ་མེད་ལས་བཤད་དོ། །རྒྱ་གར་གྲུབ་ཐོབ་རྣམས་ཀྱི་ཟབ་དོན་མན་ངག་ཐུགས་ཀྱི་ཉིང་ཁུ་རྫོགས་པ་ཆེན་པོའི་ཉམས་ལེན་གནད་དུ་བསྣུན་ནས་སྒྲུབ་པ་ལ་བསྒྲིལ་ནས་བཞུགས་པའི་བསྟི་གནས་ཀྱི་ཕུག་པ་བྱིན་རླབས་ཅན་ཕོ་བྲང་


TNT23_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་རྩེའི་ཤར་ཕྱོགས་ཀྱི་སྐྱིད་བདེ་སྦུག་གི་ཕུག་ན་ཡོད་པའི་བཻ་རོ་ཕུག་པར་གྲགས་པ་དེ་ཡིན་ནོ། །ཟངས་ཁར་རིའི་འོག་ཙམ་ན་བཻ་རོའི་རྡོ་ལ་ཞབས་རྗེས་དང༌། གཞན་ཡང་གྲུབ་རྟགས་ཀྱིས་ཁྱད་པར་བསྟན་པ་སོགས་ཡོད་དོ། །བཻ་རོ་ཙ་ན་ཞེས་པ་དེ་སློབ་དཔོན་རིན་པོ་ཆེ་པད་མ་སམ་བྷ་ཝས་ལས་ཅན་དག་པའི་འཁོར་རྗེ་འབངས་བརྒྱད་ཀྱི་ནང་ནས་བཻ་རོ་ཙ་ན་ལ་སྟོབས་ལྡན་ནག་པོའི་བཀའ་བབས་པའི་སྐྱེས་མཆོག་དམ་པ་རྫུ་འཕྲུལ་གྱི་འཇིག་རྟེན་དྲེགས་པ་ཅན་ཐམས་ཅད་དབང་དུ་འདུས་ཤིང༌། ལས་ལ་འགྱེད་ནུས་པའི་མཐུ་ལྡན་ནོ། །བོད་དུ་རབ་ཏུ་བྱུང་བ་ལ་སྔ་བ་ལ་སད་མི་བདུན་གྱི་མཁན་པོ་བོ་དྷི་ས་ཏྭ། ལས་སློབ་དང༌། གསང་སྟོན་སོགས་དང༌། དཱ་ན་ཤཱི་ལ། ཛི་ན་མི་ཏྲ་སོགས་རྒྱ་གར་གྱི་དགེ་སློང་ཁྱད་པར་ཅན་གྱི་ཚོགས་འདུས་པར་བསྙེན་པར་རྫོགས་པ། རྦ་ཡེ་ཤེས་དབང་པོ། པ་གོར་བཻ་རོ་ཙ་ན། ངན་ལམ་རྒྱལ་བ་མཆོག་དབྱངས། རྨ་ཨཱ་ཙཱརྻ་རིན་ཆེན་མཆོག །འཁོན་ཀླུའི་དབང་པོ་སྲུང༌། རླངས་ཁམས་པ་གོ་ཆ། གཙང་ལེགས་གྲུབ་ཏེ། སད་མི་བདུན་གྱི་ནང་གི་མཆོག་གྱུར་བཻ་རོ་ཙ་ན་འམ་རྣམ་པར་སྣང་མཛད་སྲུང་བར་གྲགས་པ་ཡིན་ནོ། །བདེ་བར་གཤེགས་པའི་གཞུང་ལུགས་བླ་ན་མེད། །ཞུ་ཆེན་སྒྱུར་བྱེད་མཆན་བུའི་གནས་འདུག་པ། །སྐད་གཉིས་སྨྲ་མཁས་ལོ་ཙཱ་ཆེན་པོ་རྣམས། དེ་དག་བདག་ཅག་རྣམས་ཀྱི་མིག་ཏུ་གྱུར། ཅེས་


TNT23_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ལྟར་ལོ་ཙཱ་བ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་ཉི་མ་ལྟར་མངོན་པར་མཐོ་བར་གྱུར་པ་བཻ་རོ་ཙ་ན་དེས་གནས་མཆོག་མཆིམས་ཕུར་བླ་འབུམ་མར་གྲགས་པའི་འགྱུར་བྱང་དུ་བན་ཆུང་བོད་དུ་སྐྱེས་ཀྱང་དམ་པའི་ཆོས་ཀྱི་མཐོ་བ། ཤེས་བྱའི་ཆོས་ལ་མི་ཤེས་པའི་མུན་པ་དང་བྲལ་ནས་རབ་འབྱམས་གནས་ལུགས་ཟབ་མོ་ཁོང་དུ་ཆུད་པ། བློ་གྲོས་ཆུ་གཏེར་གྱི་གཏིང་མཐའ་མི་དཔོག་པ། རྒྱ་གར་པཎ་གྲུབ་རྣམས་ཀྱང་ཐུགས་ཞུམ་ནས་འདུད་པ་ལ་མངོན་དུ་ཕྱོགས་པ། ལྟ་བ་ཀློང་དུ་བརྡོལ། རྒྱལ་པོའི་བླའི་མཆོད་གནས་ཀྱི་ཏོག་ཏུ་བཀུར་ཞིང༌། དཀའ་བ་བརྒྱ་ཕྲག་ཏུ་སྤྱད་ཀྱང་སེམས་ཞུམ་པ་དང་བྲལ་བའི་ཤཱཀྱའི་དགེ་སློང་རྣམ་པར་སྣང་མཛད་སྲུང་བ་ཞེས་པས་རྒྱ་གར་དབུས་འགྱུར་གྱི་དཔེ་ལ་བཏུགས་ཏེ་འགྱུར་བའོ། །ཞེས་དང༌། བཻ་རོ་ཙ་ན་བདག་ནི་སྐྱེ་བ་གྲངས་མེད་ནས་སངས་རྒྱས་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབས་པའི་ཡོན་ཏན་གྱི་རྫུ་འཕྲུལ་གྱི་མངོན་པར་གཤེགས་པ་དང༌། ཕ་རོལ་གྱི་སེམས་ཤེས་པ་དང༌། འཆི་འཕོ་བ་དང་སྐྱེས་པ་ཤེས་པ་ལ་སོགས་པའི་མངོན་ཤེས་ཡོད་པ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱྀ་དགོངས་པ་སེམས་ལ་སྟོན། བླ་མ་མཁས་པ་རྣམས་ཀྱི་ཐུགས་ཀྱི་བང་མཛོད་མ་ལུས་པར་བཀྲུས་པ། མཆོག་གི་དངོས་གྲུབ་ལྷུན་གྱིས་གྲུབ་པ་སངས་རྒྱས་


TNT23_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཉེ་བ། སྲིད་པ་མཐའ་མ་བ་ཡིན་ཞེས་སྣང་བ་མཆོག་ཐོབ་པ་ཡིན་ནོ། །རྒྱུའི་ཐེག་པའི་ཆོས་རྒྱ་གར་པཎྜི་ཏ་ལྔ་བརྒྱ་ལ་ཞུས་ཤིང༌། འབྲས་བུའི་ཆོས་ཟབ་མོ་རྫོགས་པ་ཆེན་པོ་རྒྱ་གར་མཁས་གྲུབ་བདུན་དང༌། ཁྱོད་པར་ཤྲཱི་སིདྷ་ལས་ཡོངས་སུ་རྫོགས་པར་ཐོབ་པའི་སྐྱེས་མཆོག་དམ་པ་སློབ་དཔོན་བི་མ་ལ་དང་པཎ་གྲུབ་ལོ་ཙཱ་བ། རྒྱལ་བློན་འཁོར་བཅས་ཀྱིས་བཻ་རོ་ཙཱ་ན་ལ་ཡང་དག་བཅུ་གཅིག་གི་སྒོ་ནས་བསྟོད་ཅིང་བསྔགས་པའི་སྐྱེས་ཆེན་དེ་བསམ་རྩེར་འཁྲུངས། གཞན་ཡང་བཻ་རོས་འདུལ་བ་ལུང་སྡེ་བཞི་བསྒྱུར། ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་བམ་པོ་དགུས་མ་ལོང་པ་བསྒྱུར། དཀོན་མཆོག་བརྩེགས་པ་བམ་པོ་སུམ་ཅུ་རྩ་ལྔས་མ་ལོངས་པ་བསྒྱུར། སངས་རྒྱས་ཕལ་པོ་ཆེ་བམ་པོ་བརྒྱ་དང་བརྒྱད་བསྒྱུར། མྱང་འདས་བམ་པོ་ཉིས་བརྒྱ་བརྒྱད་ཅུ་ལས་བམ་པོ་ཉིས་བརྒྱ་མ་བསྒྱུར། ལང་ཀར་གཤེགས་པ་བམ་པོ་བཅོ་ལྔ་བསྒྱུར་བ་སོགས་རྒྱུའི་ཐེག་པ་བཀའ་དང་བསྟན་བཅོས་ཤིན་ཏུ་མང་བར་བསྒྱུར། འབྲས་བུ་སྔགས་ཀྱི་ཆོས་ལ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཡོད་པ་ལ་བཅུ་དྲུག་བསྒྱུར། ནམ་གུང་ལ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་སྔ་འགྱུར་ལྔ་ལ་སོགས་པ་འགྱུར་རོ། །གསོ་བ་རིག་པའི་རྒྱུད་སོགས་ཀྱང་བསྒྱུར་རོ། །སྤྱིར་(མན་ངག་རྫོགས་པ་


TNT23_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་སྐོར་ལ་ཕྱི་སེམས་སྡེའི་སྐོར་དང༌། ནང་ཀློང་སྡེའི་སྐོར་དང༌། བམ་པོའི་སྐོར་དང༌། མདོ་ལུང་རྫོགས་ཆེན་མ་བུའི་སྐོར་དང༌། མན་ངག་རྫོང་འཕྲེང་གི་སྐོར། མན་ངག་བསམ་གཏན་གྱི་སྐོར།) རྫོགས་པ་ཆེན་པོའི་ཕྱི་སྐོར་ལ་རྣམ་གྲངས་དང༌། འགྱུར་ལུགས་གཉིས། རྣམ་གྲངས་ནི་རྒྱུད་སྡེ། སེམས་སྡེ། ཀློང་སྡེ། བམ་པོའི་སྐོར། མདོ་ལུང་རྫོགས་པ་ཆེན་པོ་མ་བུའི་སྐོར། མན་ངག་རྫོང་འཕྲེང་གི་སྐོར། མན་ངག་སྙན་རྒྱུད་སྐོར། མན་ངག་བསམ་གཏན་སྐོར་སོགས་རྒྱ་གར་གྱི་ཡུལ་ན་རྣམ་གྲངས་དགུ་བཞུགས། འགྱུར་ལུགས་ནི་རྒྱ་གར་གྱི་ཡུལ་ན་རྒྱུད་མང་ཡང་རྩ་བའི་རྒྱུད་ལྔ་དང༌། ཡན་ལག་གི་རྒྱུད་བདུན། བཤད་པའི་རྒྱུད་བཞི་སྟེ་རྒྱ་མཚོའི་གླིང་དུ་བཤད་པའི་རྒྱུད་སྡེ་ཆེན་པོ་བཅུ་དྲུག་བོད་དུ་བསྒྱུར་རོ། །ཀུན་བྱེད་རྒྱལ་པོ་མ་བུ་དགུ་སྐོར་དུ་གསུངས་པ་དང༌། ཀུན་བྱེད་རྩ་བའི་རྒྱུད་ཐོབ་པའི་ཤེས་རབ་ལ་གདམས་པ་ལེའུ་ལྔ་བཅུ་རྩ་བདུན་པ། རྒྱུད་ཕྱི་མ་བསམ་བྱུང་གི་ཤེས་རབ་ལ་གདམས་པ་ལེའུ་གཉིས་པ། ཕྱི་མའི་ཕྱི་མ་སྒོམ་ཆུང་གི་ཤེས་རབ་ལ་གདམས་པ་ལེའུ་བཅོ་ལྔ། ཀུན་བྱེད་བཤད་པའི་རྒྱུད་མདོ་བཅུ། སྤྱིའི་བཤད་རྒྱུད་འཁོར་བ་རྩད་གཅོད་དང་ལྔ། ལྟ་བ་ནམ་མཁའ་དང་མཉམ་པའི་རྒྱུད་ལེའུ་བཅུ་གསུམ། སྒོམ་པ་རྒྱ་མཚོ་དང་མཉམ་པའི་རྒྱུད་ལེའུ་བདུན། སྤྱོད་པ་ཉི་ཟླ་དང་མཉམ་པའི་རྒྱུད་


TNT23_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་བཅུ་གཅིག །འབྲས་བུ་རིན་པོ་ཆེ་དང་མཉམ་པའི་རྒྱུད་ལེའུ་བཅུ་གཅིག་པ་ཞེས་སོ། །སེམས་སྡེའི་སྐོར་ལ་རྒྱ་གར་ཡུལ་ན་སེམས་སྡེ་བདུན་ཅུ་རྩ་བདུན་བཞུགས་པ་ལ་བོད་དུ་འགྱུར་པ་ལ་ནམ་མཁའ་ཆེ་ཁྱུང་ཆེན་རྩལ་ཆེ། རིག་པའི་ཁུ་བྱུག སྒོམ་པ་དོན་དྲུག་མ། རྨད་དུ་བྱུང་བ་ནམ་མཁའི་རྒྱལ་པོ། རྡཽ་ལ་གསེར་ཞུན་བདེ་བ་ཕྲ་བཀོད། བྱང་ཆུབ་སེམས་ཏིག་ཀུན་འདུས། བདེ་འཇམ་སྙིང་པོ། རྫོགས་པ་སྤྱི་སྤྱོད། ཡིད་བཞིན་ནོར་བུ། རྗེ་རྩལ་དམ་པ། སྤྱི་རྒྱུད་སྤུངས་པ། རྩེ་མོ་བྱུང་རྒྱལ། དེ་ལྟར་སེམས་སྡེའི་རྒྱུད་བཅོ་བརྒྱད། མན་ངག་བཅོ་བརྒྱད་ངོ་སྤྲོད་དང་བཅས་པའོ། །ཀློང་སྡེའི་སྐོར་ལ་རྒྱ་གར་ཡུལ་ན་ཀློང་སྐོར་བཅོ་བརྒྱད་བཞུགས་པ་ལ་ཐུགས་རྗེ་ཀློང་ནག་མ་གཉིས། ཀློང་དཀར་པོ་རྒྱ་མཚོའི་ཀློང་མ་བུ་གཉིས། ཀློང་ཆེན་རབ་འབྱམས་མ་བུ་བཞི་སྟེ་ཀློང་སྐོར་གསུམ་བོད་དུ་འགྱུར་རོ། །རླུང་སེམས་ཁ་སྦྱོར་ཞེས་བྱ་བ་སྟེ་སེམས་སྡེ་རྩ་བ་བཅོ་བརྒྱད། བསྐལ་པ་དུམ་བུའི་རྒྱུད་བཅོ་བརྒྱད་བོད་དུ་འགྱུར་རོ། །བམ་པོའི་སྐོར་ལ་རྒྱ་གར་ན་བམ་པོ་ཉིས་ཁྲི་བཞུགས་པ་ལ་ནང་པའི་བམ་པོ། སྟོང་པའི་བམ་པོ། ཡེ་ཤེས་ཀྱི་བམ་པོ། ལྟ་སྒོམ་སྤྱོད་པ་འབྲས་བུའི་བམ་པོ་སོགས་བམ་པོ་བརྒྱད།(བརྒྱ)སྐོར་ཞིག་བོད་དུ་འགྱུར་རོ། །རྫོགས་ཆེན་མདོ་ལུང་གི་སྐོར་ལ། མདོ་ལུང་


TNT23_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་རྩ་གཉིས། མདོ་འགྲེལ་དང་གསུམ་བོད་དུ་འགྱུར་རོ། །ཡུལ་རྫོགས་ཆེན་མ་བུའི་སྐོར་ལ། མ་སྟོང་པའི་ཡེ་ཤེས། བུ་རིག་པའི་ཡེ་ཤེས་མ་བུ་གཉིས་བོད་དུ་འགྱུར་རོ། །མན་ངག་རྫོང་འཕྲེང་གི་སྐོར་ལ། བཀའ་རྫོང༌། གཉན་རྫོང་གཉིས་བོད་དུ་འགྱུར་རོ། །མན་ངག་སྙན་རྒྱུད་ཆེ་ཆུང་གཉིས་བོད་དུ་འགྱུར། མན་ངག་བསམ་གཏན་གྱི་སྐོར་ལ། བསམ་གཏན་བརྒྱད་ཅུ་པ་བོད་དུ་འགྱུར་རོ། །དེ་རྣམས་ནི་ཨ་ཏི་ཕྱི་སྐོར་སེམས་ཕྱོགས་ཀྱི་འགྱུར་ལུགས་སོ། །རྫོགས་ཆེན་ནང་སྐོར་འདི་ལ་རྣམ་གྲངས་དང༌། འགྱུར་ལུགས་གཉིས་ལས་རྣམ་གྲངས་ནི་རྒྱ་གར་ཡུལ་ན་རིག་པ་བླ་མའི་རྒྱུད་བྱ་བ་མ་བུ་གསུམ་བཞུགས། འགྱུར་ལུགས་ནི་བྲམ་ཟེའི་སྐོར་དང༌། རིག་པའི་སྐོར་དང༌། གབ་པའི་སྐོར་དང༌། རྨད་དུ་བྱུང་བའི་སྐོར་དང༌། སྙིང་པོའི་སྐོར། རྫོགས་ཆེན་ལྡེ་མིག་གི་སྐོར་དྲུག་བོད་དུ་འགྱུར་རོ། །རྫོགས་ཆེན་བྲམ་ཟེའི་སྐོར་འདི་ལ་རྒྱུད་དྲུག །ལོ་རྒྱུས་བདུན། འཕྲུལ་གྱི་ལྡེ་མིག་དང་བརྒྱད། འཁོར་ལོ་གསུམ་སྟེ་བཅུ་གཅིག །རིན་པོ་ཆེ་རྒྱན་གྱི་མན་ངག་དང་བཅུ་གཉིས་བཞུགས་སོ། །དེ་རྣམས་ནང་སྐོར་གྱིས་འགྱུར་རོ། །ཨ་ཏིག་གསང་བའི་སྐོར་འདི་ལ་རྣམ་གྲངས་དང༌། འགྱུར་ལུགས་གཉིས། རྣམ་གྲངས་ནི་རྒྱ་གར་ཡུལ་ན་གསང་རྒྱུད་ཆེན་པོ་གཅིག ཡང་ཏིག སྤྱི་ཏིག་དང་གསུམ་དུ་བཞུགས་སྐད། འགྱུར་ལུགས་ནི་ཨ་ཏི་གསང་སྐོར་ལ་ཟབ་མོ་སྐོར་དགུ་བོད་དུ་འགྱུར་རོ། །རྫོགས་པ་ཆེན་པོ་སྐྱེ་ཚད་སྐོར། འཕྲུལ་


TNT23_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཟབ་མོ་སྐོར་གཅིག་རིན་པོ་ཆེ་རྒྱས་པའི་སྐོར་ཟབ་མོ་གཅིག་ཡིན། ཉི་མའི་འཁོར་ལོ་ཟབ་མོ་སྐོར་གཅིག་ཡིན། རྒྱལ་པོའི་གཏེར་ཟབ་མོ་སྐོར་གཅིག་ཡིན། ཟ་འོག་བར་ཁྱིམ་ཟབ་མོ་སྐོར་གཅིག་ཡིན། རྒྱུད་པ་ཐ་མ་ཟབ་མོ་སྐོར་གཅིག་ཡིན། གཞན་ཡང་བཤད་ཐོབ་གཉིས་ལས་མཁས་པ་པཎྜི་ཏའི་ལུགས་ལ་ཐིག་ལེ་སྡེ་བཞི། འཇམ་དཔལ་སྡེ་བཞི་བི་ག་བར་ཏ་སྡེ་བཞི་ལ་སོགས་སོ། །ཀུ་སུ་ལུ་རྣལ་འབྱོར་པའི་ལུགས་ལ་སྔགས་ཀྱི་རྩ་བ་གསུམ་སྟེ། རྒྱུད་ཐམས་ཅད་ཀྱི་རྩ་བ་འཇམ་དཔལ་དགོངས་པ་འདུས་པ། ལུང་ཐམས་ཅད་ཀྱི་རྩ་བ་མཁའ་འགྲོ་མ་དྲ་བའི་འཁོར་ལོ། མན་ངག་ཐམས་ཅད་ཀྱི་གསང་བ། འཁོར་ལོ་ལྔས་སྐོར་བའོ། །ཆོས་དཔག་ཏུ་མེད་པའི་ཀུན་རྫོགས་པའི་མཐའ་མ་ལ་རང་གྲོལ་མངོན་སུམ་དུ་སྟོན་པའི་མན་ངག་གནང་སྟེ་གསལ་བྱེད་རིན་པོ་ཆེ་འབར་བ་བཞེངས་ནས། རྒྱལ་ཐབས་སྤྱི་ལུགས་རྣལ་མའི་དབང་ལ་སོགས་པ་དབང་གི་ཆུ་བོ་བདུན་རྫོགས་པ་བསྐུར། དེ་རྗེས་རིག་པ་རྩལ་དབང་བཅོ་བརྒྱད་བསྐུར་ནས་གནས་ལུགས་གཙོ་བོར་བཏོན་པ་ཡེ་ཤེས་རྫོགས་པའི་ངང༌། འཁྲུལ་ཚུལ་གཙོ་བོར་སྟོན་པ་ཡེ་ཤེས་གསང་བ་དང༌། རྟོགས་ཐབས་གཙོ་བོར་སྟོན་པ་རིག་པ་རང་གསལ་མཆོག་གི་རྒྱུད་དང༌། སྒོམ་ཐབས་གཙོ་བོ་སྟོན་པ་ནམ་མཁའ་ས་མུན་ཏ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་དང༌། འབྲས་བུ་གཙོ་བོར་སྟོན་པ་སྙིང་པོ་དོན་གྱི་རྒྱང་


TNT23_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྔའོ། །གཞན་ཡང་ཀློང་དགུ་ལ་སོགས་པ་སྟེ་ཡན་ལག་གི་རྒྱུད་རྩ་ལྔ་དང༌། སྤྲུལ་སྐུ་དགའ་རབ་རྡོ་རྗེའི་བཀའི་མན་ངག་ཕྲན་བུ་བཅོ་བརྒྱད། རིག་འཛིན་གྱི་ཆོས་བཞི་སོགས་སློབ་དཔོན་ཆེན་པོ་སོ་སོས་མཛད་པ་ཤིན་ཏུ་མང༌། རང་བཞིན་རྫོགས་པ་ཆེན་པོ་སྡེ་གསུམ་ལས་དེ་དག་ལས་ཁྱད་པར་དུ་བསྡུས་པའི་ཐིག་ལེ་རང་གནད་ལ་དབབ་པ་འདི་ལ་རྣམ་གྲངས་དང༌། འགྱུར་ལུགས་གཉིས་ལས་རྣམ་གྲངས་ལ་གཉིས་ཏེ། སྙན་རྒྱུད་དང་བཤད་རྒྱུད་གཉིས་སོ། །བཤད་རྒྱུད་ལ་ཐིག་ལེ་རང་གནད་ལ་དབབ་པ་འདི་ལ་ཕྱི་སྐོར་ནང་སྐོར་གསང་སྐོར་དང་གསུམ། གསང་སྐོར་བླ་ན་མེད་པའི་སྐོར་དང་བཞི། རྒྱ་གར་ཡུལ་ན་རྣམ་གྲངས་བཞི་བཞུགས་སོ། །ཕྱི་སྐོར་ནང་སྐོར་གསང་སྐོར་གྱི་འགྱུར་ལུགས་ནི། ཕྱི་ཤིང་སྒྲོམ་སྐྱ་མོའི་སྐོར་དང་གཅིག །ནང་བསེ་སྒྲོམ་སྨུག་པོའི་སྐོར་དང་གཉིས། གསང་བ་དངུལ་གྱི་གྭའུ་སྤར་ཁབ་ཅན་གྱི་སྐོར་དང་གསུམ་བོད་དུ་འགྱུར་རོ། །ཕྱི་ཤིང་སྒྲོམ་སྐྱ་མོ་སྐོར་སོགས་(ཟུག་པ་རྩ་བ། གྱེས་པ་ཡལ་ག རྒྱས་པ་ལོ་འདབ། གསལ་བ་མེ་ཏོག སྨིན་པ་འབྲས་བུ། ) ལས་ཕྱི་པ་ཤིན་ཏུ་མང་ངོ༌། །རྫོགས་པ་ཆེན་པོ་ཡང་གསང་བ་བླ་ན་མེད་པའི་མངོན་སུམ་སྙིང་ཏིག་གི་སྐོར་ལ་རྒྱུད་བཅུ་བདུན། ཁྲོས་མ་ནག་མོའི་རྒྱུད་དང་བཅོ་བརྒྱད། ཟབ་པའི་པོ་ཏི་བཞི། ཐུན་མོང་གི་པོ་ཏི་བཞི། མན་ངག་གི་ཡི་གེ་མི་འདྲ་བ་བརྒྱ་དང་བཅུ་དགུ་བཞུགས་སོ། །སེམས་སྡེ་མ་བུ་བཅོ་བརྒྱད་ཀྱི་ནམ་མཁའ་ཆེ་


TNT23_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་བཻ་རོས་སྔར་ཁྲི་སྲོང་ལ་ལྐོག་གྱུར་དུ་གསུངས་པས་སྔ་འགྱུར་ལྔ་དང་མན་ངག་རྒྱ་མཚོའི་ཀློང་དུ་གྲགས་པ་རྣམས་ལ་བརྒྱུད་པ་དང་པོ་ཞེས་བྱའོ། །བི་མ་ལས་རྩེ་མོ་བྱུང་རྒྱལ་ལ་སོགས་བཅུ་གསུམ་གསུངས་པས་ཕྱི་འགྱུར་ཞེས་གྲགས་སོ། །ཡང་ན་བརྒྱུད་པ་བར་མ་ལ་གཡུ་སྒྲ་སྙིང་པོས་གཉགས་ཛྙཱ་ན་དང༌། རྨ་རིན་ཆེན་མཆོག་ལ་གསུངས་པ་རྣམས་སོ། །བརྒྱུད་པ་མཐའ་མ་ནི་རྒྱལ་པོ་གཡུ་སྒྲ་སྙིང་པོས་སྤང་སངས་རྒྱས་མགོན་པོ་དང༌། རྒྱ་བློ་གྲོས་གཞོན་ནུ་དང༌། སྦས་རྡོ་རྗེ་རྒྱལ་མཚན་ལ་གསུངས་པ་རྣམས་ཡིན་ནོ། །བཻ་རོ་ནས་ཁམས་སུ་རིམ་བརྒྱུད་དུ་བྱོན་པ་ལ་རྫོགས་ཆེན་ཨ་རོ་དང༌། རྡོ་རྗེ་ཟམ་པ་སོགས་སོ། །རྒྱུད་མན་ངག་ཐམས་ཅད་ཀྱི་འབྱུང་ཁུངས་སུ་གྱུར་པ་ལོ་ཙཱ་བ་བཻ་རོ་ཙ་ན།(རུ་ཙ྄་འབར་བ་ལའོ་ཞེས་བྱིངས་བཞག །བི་སྔོན་དུ་ཡུཊ྄འི་རྐྱེན་བྱིན། དེ་དེ་ཡི་བསྡུ་ཞེས་བསྡུ་བ་བྱས། ཡོན་ཏན་ཡུ་བུ་རྣམས་ཀྱི་ཨ་ན་ཨ་ཀ་ཨན་ཏ྄་ཞེས་པ་ཡུ་ཨ་ན་རུ་བསྒྱུར། དེ་རིག་དེ་རྗོད་དེའི་འདི་ལྟར་སོགས་ཀྱི་ཨ་སྔར་འདོད་ཅེས། ཨཎ་རྐྱེན་ཌཱ་ཡིག་དང་བཅས་པ་ལ་དང་པོར་འཕེལ་བའོ་ཞེས་པ་བཻ་རུ་འགྱུར།)བསམ་འགྲུབ་རྩེའི་ས་ཡུལ་དུ་འཁྲུངས་ཤིང༌། ཐོས་དོན་སྒྲུབ་པ་སྙིང་པོར་དྲིལ་བ་ཡིན་ནོ། །གསུམ་པ་ལྟ་བའི་མཐར་ཐུག་ཐལ་འགྱུར་ལ་འཆད་ཉན་གྱི་སྒོ་ནས་བསྟན་པ་སྤེལ་བའི་ངོ་མཚར་ཕུན་སུམ་ཚོགས་པ་ནི་བོད་དུ་ཐལ་འགྱུར་སྲོལ་འབྱེད་པ་ཙམ་གྱི་སློབ་མ་རྨ་བྱའི་འཆད་ཉན་མཛད་པའི་དགོན་པ་ཕུན་


TNT23_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཚོགས་ཤིང༌། སྤྱི་མདོ་དང་སྒོས་ཐལ་འགྱུར་གྱི་བཤད་སྲོལ་བླ་ན་མེད་པའི་དགོན་གནས་ཆེན་པོ་ད་ལྟ་གནས་རྙིང་རྒྱལ་ཁང་ཡོད་པ་འདི་ཡིན་ཞིང༌། རྨ་བྱའི་སྤུར་རིལ་པོ་དང་ཕྱག་དཔེ། ན་བཟའ་ཆ་ཚང༌། གསོལ་ལྷུང་རྣམས་མཆོད་རྟེན་ནང་དུ་བཞུགས་པས་ན་མཆོད་རྟེན་གྱི་མིང་རྨ་བྱ་མཆོད་རྟེན་དུ་གྲགས་སོ། །འདི་ལ་སྐོར་བ་བརྒྱབ་པས་དོན་ཐམས་ཅད་འགྲུབ་པ་དང༌། རྩོད་པ་ལས་རྒྱལ་བ་སོགས་རྟགས་མཚན་མངོན་གྱུར་དུ་གསལ་བར་གྱུར་པས་སྟོད་སྨད་ལ་བྱོན་པའི་གྲྭ་སྐོར་བ་སོ་སོ་རྣམས་འདི་ལ་སྐོར་བ་ཆེད་གཉེར་རྒྱག་གོ །རྨ་བྱའི་ཐུགས་དམ་རྟེན་བྱིན་རླབས་ཅན་དུ་གྲགས་པ་ཐུབ་དབང་གསེར་སྐུ་པད་གདན་དང་བཅས་པ་ལ་མདའ་ཚད་གང་ཙམ་ཡོད་པ་དེ་བཞི་སྡེའི་ལྷ་ཁང་ན་བཞུགས། རྨ་བྱ་ལ་ཀླུ་དང་དྲི་ཟས་ཕུལ་བའི་ཆོས་དུང་གཉིས་ཡོད་པ་རྣམ་ཐར་ནང་དུ་གསལ་བ། དེ་ཉིད་གང་རུང་ཞིག་ཡིན་ཟེར་བའི་ལོ་རྒྱུས་ཀྱི་ངེས་པ་མ་རྙེད་ཀྱང་བཞི་སྡེར་རྨ་བྱའི་ཆོས་དུང་དངུལ་ཤོག་མ་ཡོད་དོ། །སྤྱིར་བཏང་པ་ཚབ་ལ་ཡང་བསྟན་པ་སྔ་དར་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་ཡོ་ག་ལ་མཁས་པའི་མི་གསུམ་སྟེ། ཚིག་ལ་མཁས་པ་འཇམ་དཔལ་བཤེས་གཉེན། དོན་ལ་མཁས་པ་སངས་རྒྱས་གསང་བ། ཚིག་དོན་གཉིས་ཀར་མཁས་པ་སློབ་དཔོན་ཀུན་དགའ་སྙིང་པོ་དེ་གསུམ་ལས་སངས་རྒྱས་གསང་བ་དང༌། སངས་རྒྱས་ཞི་བ་གཉིས་གངས་ཏི་སེར་སྒྲུབ་པ་ལ་


TNT23_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཕེབས་དུས་བོད་རྒྱལ་པོས་དགོངས་ནས་སྤྱན་འདྲེན་ལ་བརྫངས་པས་འཇམ་དཔལ་དབྱངས་ཀྱི་ལུང་བསྟན་ལ་བོད་དབུས་གཙང་ལ་ཕྱིན་ན་དོན་དུ་མི་འགྱུར་ཞིང༌། ཚེ་ལ་བར་ཆད་འོང་ཞེས་བཀའ་ལས་མ་གྲོལ་བས་བོད་རྒྱལ་པོ། བཙུན་མོ། བློན་པོ། བཤད་གྲྭ། སྒོམ་གྲྭ་སོ་སོ་ལ་ཞལ་གདམས་ཚིགས་བཅད་གནང་ནས་སློབ་དཔོན་སངས་རྒྱས་གསང་བས་མ་བྱོན། ཆོས་ཟབ་མོ་གནང་བར་ཞལ་གྱིས་བཞེས་པར་མཛད་པའི་ཆོས་བསྒྱུར་བའི་ལོ་ཙཱ་ལ་ཕེབས་པ། པ་ཚབ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་པོ་ཟེར་བའི་པ་ཚབ་གཅིག་དང་འདི་འཁྲུངས་ས་མྱང་སྟོད་སྟག་རྩེའི་ཕུ་ཡིན། གདུང་རྒྱུད་ད་ལྟ་ཡོད་བཞིན་པ་དམ་ཆོས་སྡུག་བསྔལ་ཞི་བྱེད་ཀྱི་རྒྱུད་པ་དང་པོ། ཁ་ཆེ་ཛྙཱ་ན་གུརྻ་ནས་ཨོང་ལོ་ཙཱ་སོགས་རྒྱུད་པ་བར་པ། རྨ་སོ་སྐམ་གསུམ་ནས་རིམ་བརྒྱུད་དོ། །རྒྱུད་ཕྲན་ལ་གྲྭ་པ་མངོན་ཤེས་དང༌། ལྕེ་དང་གཉགས་གསུམ་ནས་བརྒྱུད་དོ། །རྒྱུད་པ་མཐའ་མ་བྱང་ཆུབ་སེམས་པ་ཀུན་དགའ་དེས་པཱ་ཚབ་དགོན་པ་པ་ཞེས་པའི་པ་ཚབ་གཅིག །འདིར་བཤད་པར་སྐབས་སུ་བབས་པའི་པ་ཚབ་ནི་པ་ཚབ་ཉི་མ་གྲགས་ཞེས་པ། མངའ་བདག་རྩེ་ལྡེའི་ཆོས་འཁོར་བཙུགས། དབུས་གཙང་གི་མཁས་པ་ཕལ་ཆེ་བས་མངའ་རིས་ལ་བྱོན་སྐབས་དང་བྱོན་པ་དུས་མཚུངས་པ། གཞན་འདི་


TNT23_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྐུ་བགྲེས་གཞོན་གྱི་རིམ་པ་ཅུང་ཟད་མ་གཏོགས་འདི་དང་ཐོག་མཚུངས་སུ་བྱོན་པ་ལ། རྔཽག་ལོ་ཙཱ་བ་(མདོ་སྔགས་ཀྱི་ཆོས་མང་དུ་བཀའ་བབས་ཤིང་བསྒྱུར་བ།) པུ་ཧྲང་ལོ་ཆུང་གྲགས་མཆོག་ཤེས་རབ་(བདེ་མཆོག་གྱི་རྒྱུད་བཤད་པ་མནངག་ཟབ་ཆོས་པུ་ཧྲང་ལུགས་དར་རོ། ) དེའི་སློབ་མ་དམར་ཆོས་རྒྱལ་མཚན། མར་དོ་ཆོས་ཀྱི་དབང་ཕྱུག(བདེ་མཆོག་གི་རྒྱུད་བཤད་མན་ངག་དོ་པ་ལུགས་དར་རོ། )མལ་གྱོ་བློ་གྲོས་གྲགས་(འདི་ས་སྐྱ་པ་ཆེན་པོ་ལ་གནང་བ་སོགས་བདེ་མཆོག་རྒྱུད་བཤད་དང༌། མན་ངག་སོགས་དང་མགོན་པོའི་སྐོར་མལ་ལུགས་དར་རོ།)རྭ་ལོ་རྡོ་རྗེ་གྲགས། (གཤིན་རྗེ་གཤེད་ནག་པོ་དགྲ་གདོང་འཇིགས་གསུམ་གྱི་རྒྱུད་དང་མན་ངག་དར་རོ། )གཉན་ལོ་དར་མ་གྲགས། (གསང་འདུས་ཡེ་ཤེས་ཞབས་ལུགས་ཀྱི་རྒྱུད་མན་ངག་དང་ཞལ་བཞི་པའི་ཆོས་སྐོར་དར་རོ། ) དེའི་སློབ་མ་གནམ་ཁའུ་པ། ལོ་ཙཱ་བ་ཁའོ་ཆེ་སོགས་སོ། །པ་ཚབ་ཀྱིས་རྒྱ་གར་ལ་བྱོན། རིག་པའི་ཁུ་བྱུག་སློབ་མ་ས་ར་དྷེ་ས། ཧ་སུ་མ་རི། ཀ་ན་ཀ་ཝ་རྨ་གསུམ་བསྟེན་ནས་ཆོས་ཚུལ་ཞིབ་པར་ཞུས་ནས་བོད་དུ་བྱོན། ཐལ་འགྱུར་བའི་སྲོལ་ལམ་གྱི་རྒྱུན་བཟང་པོ་བཙུགས་སོ། །སླར་ཛ་ཡ་ཨཱ་ནན་བོད་ལ་སྤྱན་དྲངས། ལྷ་སར་རྩ་འཇུག་བཞི་གསུམ་སོགས་ཡུལ་འགྱུར་གྱི་དཔེ་ལ་གཏུགས་ནས་བསྒྱུར་བའི་ལོ་ཙཱ་བ་བཀའ་དྲིན་ཅན་པ་ཚབ་ཉི་མ་གྲགས་ཞེས་འཕན་ཡུལ་སྨོན་མཁར་རྫོང་གི་སྟོད་ཙམ་ན་སྐུ་གདུང་རིལ་པོར་ཁང་བུ་བརྩེགས་པའི་ནང་ན་མ་ཉམས་པར་ད་ལྟའང་བཞུགས་ཤིང༌། གདུང་རྒྱུད་འཕན་ཡུལ་ཕུ་ན་ད་


TNT23_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ལྟའང་ཡོད་དོ། །རྨ་བྱ་ཞེས་བྱ་བ་ལ་ཡང་ཕྱྭ་བ་ཆོས་ཀྱི་སེང་གེའི་སློབ་མའི་མཆོག་སེང་གེ་བརྒྱད། ཇོ་སྲས་མི་བཞི། གྲུབ་ཐོབ་མི་གསུམ། སེང་འདྲ་བརྒྱད་ཅེས་སོགས་ཡོད་པ་ལས་སེང་ཆེན་བརྒྱད་ཀྱི་ཟླ་མཚན་རིག་པའམ་རྩོད་པའི་ཁྱུ་མཆོག་རྨ་བྱ་བྱང་བརྩོན་ཟེར་བའི་རྨ་བྱ་གཅིག་རྒྱ་འདུལ་བ་འཛིན་པ་དབང་ཕྱུག་ཚུལ་ཁྲིམས་ལ་སློབ་མའི་མཆོག་ཏུ་གྱུར་བ་ཀ་བཞི། གདུང་མ་བརྒྱད། ལྕམ་དྲལ་མ་སོགས་སློབ་མ་ཆེས་མང་ཡང་ཀ་བ་བཞི་ནི་འདར་འདུལ་འཛིན། མཐའ་བཞི་བརྩོན་འགྲུས་འབར། ཇོ་གདན་ནག་པོ་དར་ཚུལ། རྨ་ཚོ་འམ་རྨ་བྱ་བྱང་རྡོར་རམ་བྱང་ཆུབ་རྡོ་རྗེ། རྨ་བྱ་འདིའི་དངོས་སློབ་བྱ་འདུལ་བ་འཛིན་པ་བརྩོན་འགྲུས་འབར་ཡིན་ཞིང༌། ཡང་བྱ་འདུལ་འཛིན་གྱི་སློབ་མ་སོགས་འདུལ་འཛིན་ཡང་ཡིན་ནོ། །བྱ་འདུལ་འཛིན་འདི་རོང་པ་ཕྱག་སོར་བའི་སློབ་མ་བུ་བཞིར་གྲགས་པའི་ནང་ཚན་ཞིག་ཡིན་ཞིང༌། རོང་པ་ཕྱག་སོར་བའི་ལམ་རིམ་དང༌། ནག་ཚོས་མཛད་པའི་ལམ་ཡིག་རྣམས་བྱ་འདུལ་འཛིན་ནས་ཆེས་དར་རོ། །རྒྱའི་སློབ་མ་རྨ་བྱ་བྱང་རྡོར་ཟེར་བའི་རྨ་བྱ་གཅིག་དང་འདིར་བཤད་པར་འོས་པའི་རྨ་བྱ་ནི་པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་པའི་བུ་བཞི་ནི། ཚིག་ལ་མཁས་པ་གངས་པ་ཤེའུ། དོན་ལ་མཁས་པ་གཙང་པ་འདྲེ་སྒུར། ཚིག་དོན་གཉིས་ཀ་ལ་མཁས་པ་རྨ་བྱ་བྱང་བརྩོན། གཉིས་ཀ་ལ་མི་མཁས་པ་ཞང་ཐག་པག་བ་[ཐག་མ་པ་]དང་བཞི་ཡོད་


TNT23_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས། ཚིག་དོན་གཉིས་ཀ་ལ་མཁས་པ་རྨ་བྱ་བྱང་ཆུབ་ཡེ་ཤེས་སམ་རྨ་བྱ་བྱང་བརྩོན་ཞེས་པའི་འཆད་ཉན་མཛད་པའི་དགོན་གནས་གོང་དུ་སྨོས་པ་ལྟར་ཡིན་ཞིང༌། རྨ་བྱ་བྱང་བརྩོན་གྱིས་བྱང་ཆུབ་སེམས་པ་ཟླ་བ་རྒྱལ་མཚན་ལ་ཆོས་ཞུ་བར་བཞེངས་ནས་དགེ་འདུན་ལ་མང་བཀོལ་བྱས། ཆོས་སྐྱོང་ལ་གཏོར་མ་བཏང་བས་མནལ་ལམ་དུ་ཁྱོད་ཐུགས་རྗེ་ཆེན་པོ་ཅན་དུ་འགྲོའམ་ཟེར། མི་འགྲོ། བྱང་ཆུབ་སེམས་པའི་ཟླ་བ་རྒྱལ་མཚན་ཅན་དུ་འགྲོ་བྱས་པས། དེ་ཁ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་དངོས་ཡིན། ཁྱོད་ལམ་དུ་འཇིགས་པ་མི་ཡོང་པར་འདུག་གི མྱུར་བར་ལོག་ཤོག་ཅེས་ཆོས་སྐྱོང་གིས་ལུང་བསྟན་པ་ཡང་བསམ་རྩེའི་ཉེ་འགྲམ་གནས་རྙྀང་རྒྱལ་ཁང་ཡོད་པ་འདི་ག་ཡིན། ཆོས་སྐྱོང་བསྲུང་བ་དེ་ཆོས་སྡེ་ཆེན་པོ་དེའི་གཉེར་གཏད་སྲུང་བར་རྒྱལ་པོ་ཆེན་པོ་འདི་ཉིད་ཡིན་པས་གནས་རྙྀང་རྒྱལ་པོ་ཁོ་ན་ཉིད་དེ་ཞེས་གདམས་སོ། །བཞི་པ་ལྟ་སྒོམ་གྱི་མཐར་ཐུག་བཀའ་བརྒྱུད་གྲུབ་ཐོབ་རྐྱེན་ཆེན་གྱིས་སྒྲུབ་པ་བསམ་གཏན་གྱི་འཁོར་ལོ་བསྐོར་བའི་ངོ་མཚར་ཕུན་སུམ་ཚོགས་པ་ནི་སྒྲུབ་བརྒྱུད་བཀའ་བརྒྱུད་ཀྱི་ཆོས་ལུགས་རྡོ་རྗེ་འཆང་དབང་ནས་རྩ་བའི་བླ་མའི་བར་དུ་རྒྱུད་པའི་ཟམ་མ་ཆད་པ། གཞན་ལ་ལྟོས་མི་དགོས་པས་ཕ་རྗེས་བུས་ཟིན་པ་ཤ་སྟག་རྟོགས་པ་དོན་གྱི་དབང་ཆོག་སེམས་ལ་བསྐུར་བས་སྣང་སྲིད་སྐུ་གསུམ་གྱི་རྒྱལ་སྲིད་ལ་དབང་བསྒྱུར་བའི་བརྒྱུད་ལྡན་དངོས་གྲུབ་རྒྱ་མཚོ་ཁ་མ་བྲི་བ། སེམས་ཉིད་ཡིད་བཞིན་ནོར་བུ་ལ་བྱི་


TNT23_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

དོར་བྱས་པས་དགོས་འདོད་མཐའ་དག་སེམས་ལས་གྲུབ་པ། རྟོགས་པའི་ནོར་བུ་འོད་མ་ཡལ་བ། མན་ངག་ཟབ་མོ་ཉམས་སུ་བསྟར་བ་གྲུབ་ཐོབ་འམ་བུག་པ་ཞེས་བསམ་འགྲུབ་རྩེའི་ཆུ་སྤེའི་ཕྱོགས་ཀྱི་བྲག་ལོགས་ཀྱི་ཕུག་པ་འདིར་དམན་པའི་ས་བཟུང༌། གྱོང་ལྟོ་གོས་གཏམ་གསུམ་ལ་བསྐུར། རིའི་བུ་བྱས། ན་བུན་གྱི་གོས་གྱོན། རྡོ་རྗེ་ཐེག་པའི་སྤྱོད་པས་ཉོན་མོངས་པ་རང་བཞིན་ཤེས་པའི་ལམ་གྱིས་སྦྱངས། སྤང་བླང་གི་མཚན་མར་རང་གྲོལ་ཙན་དན་དང་ལྡེའུ་འམ་མཁའ་དང་ལག་མཐིལ་ལྟར་མཉམ་པ་ཉིད་ཁོང་དུ་ཆུད་ཅིང༌། དེ་ཁོ་ན་ཉིད་རྟོགས་པ་མཐར་ཐུག་ནས་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་ཆེན་པོ་ལ་ཕེབས་པ་ཡང་བྲག་ཕུག་འདི་ཉིད་ཡིན་ནོ། །གཞན་ལ་འམ་བུ་འདི་ན་བདེ་མཆོག་གསུངས་པས་མཚན་དང་ཡུལ་གྱི་མིང་ལ་ཡང་དེ་ལྟར་དུ་ཐོགས་སོ། །བསམ་འགྲུབ་རྩེའི་ཤར་གྱི་ཚལ་གསེབ་ཏུ་དཔའ་བོ་ཆོས་དབང་ལྷུན་གྲུབ་ཀྱིས་ས་གནས་ཀྱི་རྟེན་འབྲེལ་ཁྱད་པར་ཅན་དུ་གཟིགས་ནས་ཡུན་རིང་སྒྲུབ་པ་ལ་བཞུགས་པས་རྟོགས་གྲོལ་ཕུན་སུམ་ཚོགས་པ་རྙེད་པ་ཡང་ཡིན་ནོ། །གསེར་གླིང་པ་བཀྲ་ཤིས་དཔལ་གྱི་སློབ་མའི་མཆོག་ཏུ་གྱུར་པ། རྡོ་རྗེ་དཔལ་གྱིས་ང་མཁས་བཙུན་གཞོན་ནུ་འཁྲུངས་སར་སྒོམ་ལ་འགྲོ་གསུངས་ནས་ཕོ་བྲང་བསམ་རྩེའི་རྫོང་གི་ལྟག་རི་ཁྲོད་བྲག་པོ་ཆེར་སྒྲུབ་པ་ལ་རྩེ་གཅིག་


TNT23_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་རྒྱུན་རིང་བཞུགས་པས་གནས་ཀྱི་མིང་གང་ཟག་ལ་ཐོགས་ཏེ་བྲག་པོ་ཆེ་བ་རྡོ་རྗེ་དཔལ་ཞེས་གྲགས་སོ། །ཕོ་བྲང་བསམ་རྩེའི་ཤར་མྱང་ཆུའི་ཉེ་འགྲམ་ན་རྒྱལ་བའི་དབང་པོ་རང་བྱུང་རྡོ་རྗེའི་སྐལ་ལྡན་གྱི་གདུལ་བྱ་མང་ཤས་ཤིག་ལ་ཟབ་ཁྲིད་སྐུ་གསུམ་ངོ་སྤྲོད་རྣམ་བཞི་རྒྱུད་གྲོལ། བསྐྱེད་རིམ་དང་འབྲེལ་བ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ། རྫོགས་རིམ་རླུང་སེམས་དབྱེར་མེད་ཀྱི་ཁྲིད། སེམས་ཁྲིད་ཡིད་བཞིན་ནོར་བུ། པདྨས་དངོས་སུ་རང་བྱུང་རྡོ་རྗེ་ལ་གནང་བའི་སྙིང་ཐིག་ཟབ་རྟགས་བརྒྱུད་གསུམ་སོགས་ཆོས་འཁོར་རྒྱ་ཆེན་པོ་བསྐོར་བའི་བཞུགས་ཁྲི་ད་ལྟ་ཡང་མཇལ་རྒྱུ་ཡོད་དོ། །ལྔ་པ་ལ་སྐྱེས་བུ་དམ་པ་མཆོག་རྣམས་འཁྲུངས་པ་དང་ཞབས་ཀྱིས་བཅགས་ནས་བསྟན་པ་ལ་བྱ་བ་མཛད་པའི་ངོ་མཚར་ཕུན་སུམ་ཚོགས་པ་ནི་སྔོན་དུ་སྨོས་པ་ལྟར་ལོ་ཙཱ་བ་བཻ་རོ་ཙ་ན་ཡུ་བ་གདོང་དུ་འཁྲུངས། དཔལ་ན་རོ་པའི་ལྕམ་སྲིང་མོ། རྡོ་རྗེ་འཆང་ལ་གདམས་པ་དངོས་སུ་ཐོབ་པ། ནི་སྒུ་སྟ། ཟུར་ཆགས་པའི་ནི་གུ་མ་ཞེས་པས། སྨིན་བྱེད་དབང་གི་སྐོར། དོན་ཁྲིད་མན་ངག་གི་སྐོར། རྒྱབ་རྟེན་ལུང་གི་སྐོར། བཀའ་སྲུང་མགོན་པོའི་སྐོར་སོགས་རྒྱ་ཆེ་བར་བཞུགས་ཤིང༌། སྨིན་བྱེད་ལ་གཞུང་བཀའ་དབང་ཉི་ཤུ་རྩ་ལྔ་སོགས་ཏེ། རྩ་བ་ནི་གུ་ཆོས་དྲུག །སྡོང་པོ་ཕྱག་རྒྱ་ཆེན་པོ། ཡལ་ག་ལམ་ཁྱེར་རྣམ་གསུམ། མེ་ཏོག་མཁའ་སྤྱོད་དཀར་


TNT23_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

དམར། འབྲས་བུ་འཆི་མེད་འཆུག་མེད་སོགས་གདམས་པ་ཟབ་ལ་རྒྱ་ཆེ་བ་དང་བཅས་ཁྱུང་པོར་གནང་ནས། མི་རབས་བདུན་དུ་ཆིག་རྒྱུད་རྒྱ་ཡིས་བཏབ་ཅེས་པའི་ཆིག་རྒྱུད་བདུན་ནི་རྡོ་རྗེ་འཆང༌། ནི་གུ་མ། ཁྱུང་པོ་རྣལ་འབྱོར། རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས། དབོན་སྟོན་སྐྱེར་ཁང༌། སངས་རྒྱས་གཉན་སྟོན། སངས་རྒྱས་སྟོན་པ། འདི་ཡན་ལ་ཆིག་བརྒྱུད་རྒྱས་བཏབ་པ་ཡིན་ལ་ནི་གུའི་རིན་ཆེན་སྣ་བདུན་ནམ་ཆིག་བརྒྱུད་བདུན་གྱི་མཐའ་མ་སངས་རྒྱས་བསྟན་པའི་སློབ་མ་འཇག་བསམ་གཉིས་ལས་བསམ་སྡིངས་པ་མཁས་པ་གཞོན་ནུ་གྲུབ་ཀྱི་འཁྲུངས་ས། མྱང་སྨད་གཅུང་པ་ཡུ་བ་གདོང་དུ་འཁྲུངས། དེས་བསམ་སྡིངས་བཏབ་ནས། (དྭགས་ཤངས་ཆུ་བོ་གཉིས་འདུས་ཀྱི་) ཤངས་པ་བཀའ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་རྒྱ་ཆེན་སྤེལ་ལོ། །སངས་རྒྱས་བདུན་པ་རབ་གསལ་གྱི་རྣམ་འཕྲུལ་ཞྭ་ལུ་བུ་སྟོན་གྱི་བླ་མ་མཆོག་ཏུ་གྱུར་པ་རྒྱུ་རི་པ། ཞེས་པ་དེའང་འཁྲུངས། དེ་བསམ་རྩེའི་རྫོང་རྒྱབ་ཀྱི་རྒྱུ་རི་ན་དེང་སང་དཔོན་བརྒྱུད་དང་བཅས་པ་ཡོད་པ་དེ་ཡིན། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་ཞལ་སློབ་ཁྱད་པར་ཅན་ཀུན་དགའ་ཚེ་འཕེལ་འཁྲུངས་ས་ནི་ཟངས་དཀར་མདུན་གྱི་དགའ་གྲོང་དུ་འཁྲུངས། ཐོས་བསམ་མཐར་ཕྱིན་ནས་བྲག་དམར་མཆོད་སྡེའི་སློབ་དཔོན་མཛད་ནས་རྒྱུད་སྡེ་ཆེན་པོའི་སྒྲུབ་


TNT23_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་མང་ཤས་ཡོད་པ་རྣམས་ལ་གད་བརྡར་གྱི་ལག་ལེན་གཙང་བ་སོགས་ཀྱི་སྲོལ་རྒྱུན་བཟང་པ་བཙུགས། སློབ་དཔོན་རྒྱུན་རིང་མཛད་པས་གནས་ཀྱི་མིང་བླ་མ་ལ་ཐོགས་ཏེ་བྲག་དམར་བ་ཀུན་དགའ་ཚེ་འཕེལ་གྱིས་སྡོམ་གསུམ་སྐོར་གྱི་ཡིག་ཆ་མང་བཤད་མཛད། ཕྱིས་སྒྲུབ་པ་སྙིང་པོར་དྲིལ་ས་ཟངས་དཀར་རྫོང་གི་རྒྱབ་ན་རི་གསེར་སྡིངས། སྐུ་ཚེ་ཧྲིལ་པོ་སྒྲུབ་པ་ཁོ་ན་བཞུགས་སོ། །རྒྱ་གར་ཤར་ཕྱོགས་སཉྫ་ན་དར་འཁྲུངས་པའི་པཎྜི་ཏ་ཆེན་པོ་ནགས་ཀྱི་རིན་ཆེན་ལ་ཡི་དམ་སྒྲོལ་མའི་ལུང་བསྟན་གྱིས་གངས་རིའི་ལྗོངས་སུ་ཕེབས། བོད་དབུས་གཙང་དུ་རྒྱུད་གདམས་པ་ཟབ་མོས་ཉིན་མོར་བྱེད་པ་ལྟར་གསལ་ཞིང༌། སྐལ་བཟང་རྣམ་ཐར་ལམ་ལ་བཀོད་ནས་རྒྱ་གར་ལ་ལོག་ཕེབས་སྐབས་པཎྜི་ཏ་ནགས་རིན་དང༌། ཁྲུས་ཁང་ལོ་ཙཱ་བ་བསོད་ནམས་རྒྱ་མཚོས་ཞབས་འབྲིང་བ་མཛད་ནས་ཕོ་བྲང་བསམ་རྩེར་བྱོན། བདེ་མཆོག་ལྷ་བཅུ་གསུམ་གྱིས་དབང་བསྐུར་བའི་དུས་མཎྜལ་མེ་ལོང་ལས་ཀྱང་ཆུང་བའི་ལག་མཐིལ་ཙམ་ཆུང་ཆུང་ཞིག་ལ་ཁྲུས་ཁང་པས་བདེ་མཆོག་རྡུལ་ཚོན་གྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་བྲིས་པ་དེས་སློབ་མས་གྲུབ་པའི་རྟགས་ཁྱད་པར་བ་བསྟན། པཎ་ཆེན་གྱི་ཕྱག་ནས་ལྷུང་བ་ལྟར་མཛད་ཀྱང་རྡུལ་


TNT23_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཚོན་གྱི་དཀྱིལ་འཁོར་ལ་ཉེས་སྐྱོན་མ་བྱུང་བར་བཀྲག་མདངས་གསལ་ལེར་བྱུང་བས་བླ་མས་གྲུབ་རྟགས་བསྟན་ཞེས་བོད་ཡོངས་ལ་གྲགས་སོ། །བདེ་མཆོག་ལྷ་བཅུ་གསུམ་མ་དེ་ལ་བཀའ་སྲོལ་བཞིའི་ནང་གི་བདེ་མཆོག་གསང་འདུས་འཕགས་ལུགས་ལྟར་བཀྲལ་བའི་བདེ་མཆོག་སྡོམ་འབྱུང་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་གཅིག་དང༌། ཤེར་ཕྱིན་དགུ་བརྒྱ་པ་གསུང་བ་པོའི་ལ་ཝ་བ། ཙ་རི་བྱར་གྱི་ལ་ཝ་ཕུག གཉལ་སྨད་ལོ་རོ་སོགས་སུ་བྱོན་པའི་ལ་ཝ་པ། ཤར་འབུམ་པར་གདུང་བཞུགས་པའི་ལ་ཝ་པ། དགེ་སློང་པད་མོའི་མིང་པོ་རྒྱལ་པོ་མཛད་དུས་མིང་ཨིནྡྲ་བོ་དྷི། (ཨིནྡྲ་བོ་དྷི་ཆེ་འབྲིང་ཆུང་གསུམ་གྱི་ཆུང་བ་ཡིན་ནོ།) རྣལ་འབྱོར་པ་མཛད་དུས་མིང་ལ་ཝ་པ། ལོ་བཅུ་གཉིས་གཉིས་མཛད་རྟོགས་པ་མངོན་དུ་གྱུར་པའི་ཨོ་རྒྱན་ཡུལ་གྱི་གྲུབ་ཐོབ་དེ་ནས་བརྒྱུད་པ། བདེ་མཆོག་སྦྱངས་པའི་ཡོན་ཏན་སྟེ། བདེ་མཆོག་ལ་ཝ་པའི་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་གཅིག་དང༌། འབྲུག་པའི་ཕྱོགས་ལ་གཙོ་བོར་བཞུགས་པའི་མཻ་ཏྲི་བཅུ་གསུམ་མའི་དཀྱིལ་འཁོར་གཅིག་དང༌། དཔལ་ཤ་ཝ་རིས་དངོས་སུ་བལ་པོ་ཤནྟ་པུ་རིར་ནགས་རིན་ལ་གསུངས་པའི་


TNT23_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་རིམ་དང་འབྲེལ་བ་བདེ་མཆོག་ལྷ་བཅུ་གསུམ་མའི་དཀྱིལ་འཁོར། རྫོགས་རིམ་ཁྱད་པར་ཅན་ཟབ་ཆོས་ཆེས་མང་བ་བཞུགས་སོ། །ཕོ་བྲང་བསམ་འགྲུབ་རྩེའི་ཉེ་འགྲམ་སྒྲོལ་མ་རི་ཞེས་པའི་མདུན་ན་གཙུག་ལག་ཁང་སོགས་དང༌། སངས་རྒྱས་སྟོང་གི་རྡོ་སྐུ་སོགས་དང༌། རྗེ་བཙུན་བྱམས་པའི་སྐུ་གསེར་ཟངས་ལས་གྲུབ་པ་སྐུ་ཚད་སུམ་ཐོག་ཙམ་བཞུགས་པ་སོགས་འཆད་ཉན་གྱི་དགོན་ཕུན་སུམ་ཚོགས་པ་བཀྲ་ཤིས་ལྷུན་པོ་འདི་པཎ་ཆེན་དགེ་འདུན་གྲུབ་ཀྱི་དགུང་ལོ་ང་བདུན་པར་བཏབ་དུས་དེང་སང་གི་སྐབས་མཁན་པོར་མངའ་གསོལ་བ་པཎ་ཆེན་རིན་པོ་ཆེ་འདི་ཉིད་དགེ་བའི་བཤེས་གཉེན་བཀའ་གདམས་པའི་སྐྱེས་ཆེན་རྣམས་ཀྱི་མཚན་ཉིད་(བསླབ་གསུམ་རིན་ཆེན་ཐོད་བཞིན་སྤྱི་བོས་བཀུར། །བྱང་ཆུབ་སེམས་མཆོག་རབ་སྦྱངས་གཞན་དོན་མཛད། །དད་ལྡན་སྐྱེ་བོ་ངེས་ལེགས་གཉིས་ལ་བཀོད། ཅེས་དང༌། ཇོ་བོ་རྗེ་ཨ་ཏི་ཤའི་གསུང་ལས། ང་མཁས་པས་བཙུན་ཚུགས་མ་བཅོམ་པ། །ལས་རྒྱུ་འབྲས་ཟབ་མོ་སྒོམ་པའི་དྲིན། །ང་སྒོམ་པས་ཁ་འདོན་མི་འཇོམས་པ། །བཀའ་མདོ་སྡེ་ཟབ་མོ་བལྟས་པའི་དྲིན། །ང་ཀློག་པས་བསམ་གཏན་མི་འཇོམས་པ། །རྗེ་བླ་མའི་མན་ངག་ཆུན་པའི་དྲིན། །ཆོས་ཐམས་ཅད་གཅིག་ཏུ་རབ་བསྡུས་ནས། །གནས་སྟན་ཐོག་གཅིག་ཏུ་སྒོམ་ཤེས་པ། །ཀྱེ་བཀའ་གདམས་ཆོས་ལ་སྤྱད་པའི་དྲིན།)དང་ལྡན་པ་འདིས་


TNT23_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་པའི་སྐུ་ཟངས་སྐུ་རྒྱ་ལྷ་དང་ནོར་འགྲོ་བ་མི་ཚད་ཙམ། འདུ་ཁང་གི་མཆོད་རྟེན་དུ་རྗེ་བཙུན་གྱི་སྐུ་དངུལ་གར་བླུགས་ལི་མ་ལྷ་ཁང༌། སྔགས་ཁང་ལྷ་དབང༌། དེར་གསང་བ་འདུས་པ། མར་ཁུག་ནས་བརྒྱུད་པའི་རྒྱུད་དང་མན་ངག་གི་བཤད་སྒོམ་གྲྭ་བཟང་པོ་འཛུགས་པར་མཛད། གཙུག་ལག་ཁང་གི་བསྟི་སྟང་ལ་རྒྱ་ཕིབས། གན་ཇི་ར། དགེ་འདུན་གྱི་དབྱེན་འདུམ་པའི་གནས་ཟབ་མོ་ལ་དགོངས་ནས་ནུབ་ཆུ་ལྷ་མོ་ལྕེ་སྟོང་གི་ཕྲག་གནོན་པ་ལྟ་བུ། དབྱེན་འདུམ་མཆོད་རྟེན་ཆོས་འཁོར་ཡན་གསེར་ཟངས་ལས་གྲུབ་པའི་སོགས་སོ། །གསུམ་པ། གསང་བ་རྟེན་གསུམ་ལ་བརྟེན་པའི་ངོ་མཚར་ཕུན་སུམ་ཚོགས་པ་ལ་བཞི་སྟེ། ལི་མ་ལྷ་ཁང་གི་རྟེན་ངོ་མཚར་ཕུན་སུམ་ཚོགས་པ། རྒྱ་ནག་བླ་མ་ལྷ་ཁང་གསུམ་གྱི་རྟེན་ངོ་མཚར་ཕུན་སུམ་ཚོགས་པ། གསུང་རྟེན་བཞུགས་ཚུལ་གྱི་ངོ་མཚར་ཕུན་སུམ་ཚོགས་པ་དང་བཞིའོ། །དང་པོ་ནི། ལི་མ་ལྷ་ཁང་གི་རྟེན་ངོ་མཚར་ཕུན་སུམ་ཚོགས་པ་ནི་རྒྱ་གར་མ་ག་དྷ་སྟེ་དབུས་འགྱུར་འཆང་དང༌། གཽ་ཊ་པ་སྟེ་རྒྱ་གར་ཤར་ཕྱོགས། བཻ་དརྦྷ་སྟེ་རྒྱ་གར་ལྷོ་ཕྱོགས། ཀསྨི་ར་སྟེ་རྒྱ་གར་ནུབ་ཕྱོགས་སོགས་ཡུལ་གྱི་སྤྱི་དང་བྱེ་བྲག་སོ་སོར་ཕྱེ་བས་སྤྲུལ་པའི་བཟོ་བོས་བཞེངས་པ། རྒྱུ་རང་བྱུང་དང་བཅོས་མས་ཛྙཻ་ཀྵིཾ་བདེ་གཤེགས་ཐུབ་པ་བཞིས་རྒྱུ་བྱིན་གྱིས་བརླབས་པ་ལས་བྱུང་བ། ལི་དཀར། ལི་དམར།


TNT23_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ལི་སེར། ལི་ཁྲ་སོགས་དང༌། ཁྱད་པར་མོ་རག་གར་བུར་དང་ལི་ཁྲ་དཀར་དང༌། ནག་དང༌། སྨུག་དང༌། ཁྱད་པར་རག་སྐྱ་སོགས་ཀྱིས་རྒྱུ་ཕུན་སུམ་ཚོགས་པའི་ཁར་སངས་རྒྱས་ཀྱི་རིང་བསྲེལ་གྱིས་ཐུགས་ཀར་གཏམས་པ་ཁོ་ན་ལི་མ་ལྷ་ཁང་དེར་བཞུགས་པ་ཐམས་ཅད་ཀྱི་ལོ་རྒྱུས་སོགས་བརྗོད་པར་ཅི་ལ་སྤོབས། རྟེན་གཙོ་རག་ཙམ་ཞིག་སྨོས་ན། ཇོ་བོ་རིན་པོ་ཆེ་ཤཱཀྱ་མུ་ནེའི་བཟོ་ཕུད་སངས་རྒྱས་དངོས་ཀྱི་ཕྱག་གནས་བཞུགས་ཤིང༌། ལྷ་ཡུལ་དུ་བཞེངས་པས་མཚན་ཐུབ་པ་ལྷ་ཡུལ་མར་ཐོགས་པ་འདི་རྒྱ་གར་ནས་པཎྜི་ཏ་ཤྲདྡྷ་ཀ་ར་ཝས་ཐུགས་དམ་རྟེན་ལ་མངའ་རིས་སུ་བསྣམས་ཕེབས། དེས་ལོ་ཙཱ་བ་རིན་ཆེན་བཟང་པོར་གནང་བས། དེས་ཐུགས་དམ་སྤེལ་མཛད་པ་སོགས་དེ་ནས་རིམ་བརྒྱུད་མངའ་རིས་རྫོང་དགར་ཕེབས་པ། བྱང་པ་ཏཱ་དབེན་པའི་གནས་ཚུལ་ལ་བརྟེན། ཐུགས་རྟེན་གངས་ལ་ཉི་ཤར། གསུང་རྟེན་མདོ་སྡེ་གསེར་གྱི་གད་པ། སྐུ་རྟེན་ཐུབ་སྐུ་ལྷ་ཡུལ་མ་རྣམས་བྱང་པས་མིག་གཙུག་ཤོར་བ་རྣམས་རྟ་ཟུར་རྫོང་དུ་ཕེབས། བཞུགས་པའི་ཡུལ་གྱི་མིང་ཐོབ་པའི་ཐུབ་པ་རྟ་ཟུར་མ་གར་ཕེབས་པའི་སར་ཐོག་ལམ་རྒྱུན་བཅད་པས་ཐུབ་པ་ཐོག་ཐུབ་མར་གྲགས་པ་དང༌། རྒྱ་གར་རྡོ་རྗེ་གདན་གྱི་མཁན་པོ་པཎྜི་ཏ་བསྟན་སྐྱོང་འབུམ་ཕྲག་གསུམ་པའི་ཐུགས་དམ་རྟེན། འབྲེ་ཆེན་


TNT23_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་འབར་གྱི་ཐུགས་དམ་རྟེན། གནས་རྙྀང་པའི་འབྲེ་ཡི་ཁྱད་འཕགས་བཅུ་གསུམ་གྱི་ནང་ཚན་གྱི་གཙོ་བོ་རྒྱ་གར་གྱི་ལྷ་གསེར་སྐུ་ཐུབ་པ་དམར་པོ་གྲགས་པ་དང༌། ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་ཕ་རོལ་ཚོད་བགམ་པར་བྱ་བའི་ཕྱིར་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་པ་ཕོ་བྲང་སྣེ་གདོང་རྩེའི་རྟེན་གྲལ་ནས་འདོམས་གསུངས་པར་བདམས་པར་མཛད་པའི་ཐུབ་པ་རྡོ་རྗེ་གདན་ཆུང་པ་འདི་ཕྱག་ཏུ་བྱུང་བས་ལྷ་རྣམས་ཉམས་ཆེ་བས་ཐོག་ཆོད་ཅིང༌། འདི་ཕྱག་ཏུ་བྱུང་བས་ན་མགོ་བཟུང་དགེ་ལེགས་ཐམས་ཅད་འབྱུང་བས་རྩ་བར་གྱུར་པའི་ལི་མ་དེ་དང༌། སྟོད་མངའ་རིས་སྐོར་གསུམ་དུ་གྲགས་ཆེ་བའི་པཎྜི་ཏ་ཆོས་ཀྱི་ཉིན་བྱེད་ཀྱི་ཐུགས་དམ་རྟེན་བཤགས་པའི་བདེ་ཀྱེ་གཡེར་པོ་ཆེའོ་ཞེས་རྟགས་མཚན་ཤག་ཅེས་ཡི་གེ་བཏབ་ཡོད་པའི་ལི་མ་གཉིས་དང༌། ཡར་ལུང་གི་རྒྱ་ལྷ་གྲགས་པ་ཅན། བཀྲ་ཤིས་བརྩེགས་པའི་ཀོང་ཀ་ནའི་བདེ་མཆོག་དང༌། སྐྱིད་ཤོད་ཀྱི་རྒྱ་ལྷ་གྲགས་པ་ཅན། དྲུག་པ་རྡོ་རྗེ་འཆང་ཆེན་པོ་རྒྱུ་ལི་དཀར། རྡོ་རྗེ་འཆང་བ་དཀྱིལ་ཀྲུང་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་བའི་རྒྱ་གར་ལི་མ་མི་གཅིག་པུ་ཁོ་ན་བོད་དུ་བཞུགས་པ་ཡིན་ལགས། གཞན་རྡོ་རྗེ་སེམས་དཔའ། རྡོ་རྗེ་སྙེམས་མ་དང༌། དཔའ་བོ་རྡོ་རྗེ་ཆོས་དང༌། བྱང་ཆུབ་སེམས་དཔའ་རྡོ་རྗེ་ཆོས་སོགས་མང་བར་མཐོང་ངོ༌། །ཐལ་


TNT23_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་སྲོལ་འབྱེད་སངས་རྒྱས་བསྐྱངས་ཀྱིས་ཕྱག་བཟོ་མ་ལུང་ཁ་གཅིག་ལ་གྲུབ་པ་ལ་གཙོ་བོ་ལི་དམར་ཡུམ་ཆེན་མོ། ལྷ་གཞན་རྣམས་ལི་དཀར་ལས་གྲུབ་པ་ངོ་མཚར་བ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་ཐུགས་དམ་རྟེན་ཡིན་པ་དེ་ས་པཎ་ལ་གནང༌། ས་པཎ་དང་འཕགས་པ་གཉིས་ཀའི་ཐུགས་དམ་རྟེན་ཡིན་པ་སོགས་འདི་དང༌། ཐུབ་པ་ཟངས་ཐང་མ་ཁ་ཤས། ཡར་རྒྱབ་སྡེ་པའི་ཐུབ་པ་གསེར་གླིང་མ་ཡིན་ནོ། །ཞེས་ཡིད་འཕྲོག་པའི་ཁྱད་པར་ཅན་དང༌། འཕྱོངས་རྒྱས་པའི་ཐུབ་པ་གསེར་གླིང་མ་ཡིན་ནོ་ཟེར་བའི་ཁྱད་པར་དང༌། ལྷོ་པ་སྡེ་པའི་དུས་འཁོར་གཡེར་པོ་ཆེ་ཟེར་བའི་ཕྱག་ཉི་ཤུ་རྩ་བཞི་པ་དུས་འཁོར་ཞལ་ཕྱག་ཡོངས་ཀྱི་ལི་མ་ཁྱད་འཕགས་སོ། །པཎ་ཆེན་ནགས་རིན་གྱི་ཐུགས་དམ་ཕྱག་ཉི་ཤུ་རྩ་དྲུག་པ་སྡོམ་པ་ཆེན་པོ་ཞལ་ཕྱག་ཡོངས་རྫོགས་ཀྱི་ལི་མ་ཁྱད་འཕགས་སོ། །ངོ་མཚར་བ་འབའ་ཞིག་གི་ལི་མའི་རྟེན་བཞུགས་པ་ལ། རྟེན་བསྟར་དཀྱུས་རིང་བ་དབུས་ན། བྱང་ན་རྟེན་བསྟར་དཀྱུས་རིང་བ། མཆོད་རྫས་མ་ན་ཧོ། གཡང་ཊི་ཡུལ་འཛིན་[ཡུ་རིང་]སོགས་བསམ་གྱིས་མི་ཁྱབ་པ་ཡོད་དོ། །གཉིས་པ་བཞི་སྡེ། རྒྱ་ནག་བླ་མ་ལྷ་ཁང་གསུམ་གྱི་ངོ་མཚར་ཕུན་སུམ་ཚོགས་པ་ནི་བཞི་སྡེའི་དབུས་ཀྱི་རྟེན་བསྟར་གྱི་གཙོ་བོར་ལ་དགོན་རྩའི་ཇོ་བོ་འཇམ་དབྱངས། (གསུང་ཐེངས་མ་བདུན་བྱོན་པ་


TNT23_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལོ་རྒྱུས་མང༌།) གཡས་གཡོན་གཉིས་ན་གཉན་ལོའི་བྱམས་པ་ཡང་ཟེར། བ་རི་ལོ་ཙཱས་སྤྱན་དྲངས་ཟེར་བ་གཉིས། དཔོན་ཆེན་རྒྱལ་བཟང་དང༌། ནང་ཆེན་ཀུན་དགའ་དཔལ་གཉིས་ཀྱི་ཕྱག་ཏུ་ས་སྐྱ་ནས་བྱུང་བ། ཕྱིས་གཉན་བུ་དགོན་པ་ནས་རྒྱལ་བྱེད་ཚལ། དེ་ནས་ཕོ་བྲང་བསམ་རྩེར་ཕེབས། གཅིག་ཉུག་རྒྱལ་ཁང་ནས་བསམ་རྩེར་ཕེབས་པ་ཡིན་ནོ། །གཉན་ལོའི་སྒྲོལ་མ་གཉིས་བདེ་མཆོག་དུས་ཀྱི་འཁོར་ལོ་ལྟར་བཀྲལ་བ། བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་རྒྱུད་ལེའུ་བཅོ་ལྔ་པའི་སྐབས་སུ་གསུངས་པའི་བདེ་མཆོག་མཁའ་འགྲོ་རྒྱ་མཚོ་ཞལ་ཕྱག་ཡོངས་རྫོགས་ངམ་རིང་དུ་བཞེངས། ཐུགས་ཀར་རྒྱ་སྒོམ་ལེགས་པ་རྒྱལ་མཚན་གྱི་རིང་བསྲེལ་བཞུགས་པ་འདིའི་རབ་གནས་ཀྱི་ཉིན་ནས་ངམ་རིང་ཚོང་འདུས་ཡོད་པའི་ཐོག་མ་བྱུང༌། ཆོས་རྒྱལ་ལི་མའི་དུས་གསུམ་སངས་རྒྱས། དམ་པ་འཚལ་[མཚལ་]ཁྲག་མ་སོགས་ཁུངས་བཙུན་མ་བྱིན་རླབས་བསམ་གྱིས་མི་ཁྱབ་པ་བཞུགས་སོ། །གཡས་ཀྱི་རྟེན་བསྟར་ལ་ལྷུན་རབས་ཀྱི་གྲུབ་ཐོབ་བརྒྱད་ཅུ་གསེར་ཟངས་ལས་གྲུབ་པ་ཁྱད་པར་ཅན། ལམ་འབྲས་རྫོང་ལུགས་ཀྱི་བླ་རྒྱུད། གནས་བཅུ་ཟངས་སྐུ་ཚོགས་གཉིས་སོགས་མང་བར་བཞུགས། གཡོན་གྱི་རྟེན་བསྟར་ལ་འཕགས་པའི་འབུལ་ཐོབ་མ་གསུམ་གྱི་གཅིག་ས་སྐྱའི་ཤེལ་གཙུག་


TNT23_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཚུངས་པའི་ཁྱད་པར་ཅན་སོགས་མང་བར་བཞུགས་ཤིང༌། སྐུ་མདུན་ན་མཆོད་རྫས་བསམ་གྱིས་མི་ཁྱབ་པ་ཡོད་དོ། །གསུམ་པ་གསུང་དངོས་སུ་བྱོན་པའི་རྟེན་ཡོད་ཚུལ་ངོ་མཚར་ཕུན་སུམ་ཚོགས་པ་ནི་གསུང་དངོས་སུ་བྱོན་པ་མངོན་སུམ་ཚད་མའི་ལོ་རྒྱུས་ཁུངས་དང་འབྲེལ་བའི་སྐུ་རྟེན་བཞུགས་སོ། །ཆུ་མིག་གི་རྗེ་བཙུན་སྒྲོལ་མ།(ས་སྐྱ་པཎྜི་ཏ་རྒྱ་ནག་ཏུ་ཕེབས་སྐབས་ཆུ་མིག་ཏུ་སྒྲོལ་མའི་སྐུ་བརྙན་དང་མཇལ། འཆི་བའི་འཇིགས་པ་ཆེན་པོ་བརྒྱད་སོགས་ཀྱིས། །འདེད་པའི་དགྲ་འཇོམས་གཉེན་སྒྲོལ་ཉེར་གཅིག་གི །གཙོ་མོ་ཁྱེད་ཀྱི་མིག་ཡང་དེ་དང་ཉིད། །དབྱེར་མེད་འགྲོ་བའི་དོན་ལ་དམ་བཅས་མཛད། །འཇམ་དབྱངས་རིགས་རལ་གྱིས་ཆུ་མིག་གི་སྒྲོལ་མ་ལ་གསོལ་བ་བཏབ་པས་གསུང་བྱོན། བསྐལ་པ་སྙིགས་མའི་དུས་ཀྱི་བདེ་མཆོག་ཆེན་པོ་བྱུང༌། །ཐར་པའི་ལམ་མཆོག་ཁོ་ན་ཉམས་སུ་ལོང༌། ཞེས་གསུང་བྱོན་པ་ཙམ་གྱི་ཐུགས་ཀྱི་དགོངས་པའི་ཚིགས་བཅད་ཅིག་བརྩམས་ཤིང༌། ངེས་དོན་མཐར་ཐུག་ལ་གཞོལ་པ་མཛད་དོ། །རོང་ངུར་སྨིག་གི་རྗེ་བཙུན་སྒྲོལ་མའི་སྐོར་ས་པཎ་རྣམ་ཐར་ལས། རོང་ངུར་སྨིག་ཏུ་ཕེབས་སྐབས། ཆག་རྡུལ་དྲི་མེད་པད་མ་ལ། །རང་བྱུང་ཡེ་ཤེས་སེམས་དཔའ་མ། །དེས་བདག་འཁོར་བ་ལས་སྒྲོལ་མ། །དོན་དམ་བདེན་པའི་གསུང་བྱོན་མ། །གླིང་ཁ་སྒྲོལ་མ་ལྷ་ཀླུ་སྒྲོལ་མ་དཔལ་ཆེན་མོ། །རྒྱ་གར་པཎ་ཆེན་འབུམ་ཕྲག་གསུམ་པའི་ཐུགས་དམ་རྟེན་གྱི་གཙོ་བོ་བྱང་ཆུབ་སེམས་དཔའི་སྙིང་པོ། དགེན་རྩའི་འཇམ་དབྱངས། སྣུ་རུ་བན་དེ་གཤིན་རྗེ་གྲགས་ཀྱིས་བཞེངས་པའི་རྗེ་བཙུན་རིན་པོ་ཆེ་གྲགས་པའི་སྐུ། སརྦ་མངྒ་ལཾ། བཀྲ་ཤིས།


TNT23_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པ། ༧ཆོས་སྐུ་དེ་བཞིན་ཉིད་དབྱིངས་སྲིད་ཞིའི་བདག་ངེས་པ་བཞི་ལྡན་ཐེབ་ཆེན་མོས་པའི་ཡུལ། ཐུན་མོང་གཞན་སྣང་མཛད་པ་བཅུ་གཉིས་སོགས། འགྲོ་བའི་མོས་བློའི་རྗེས་ཞུགས་གད་དེ་རྒྱལ། ཕགས་བོད་གྲུབ་བརྒྱའི་ཐུགས་སྲས་ཟླ་མེད་པ། རྗེ་བཙུན་ཏཱ་ར་ནཱ་ཐ་གང་ཉིད་ཀྱིས། བསྩམས་པའི་མྱང་ཡུལ་ཆོས་འབྱུང་ངོ་མཚར་བའི་གཏམ་གྱི་ལེགས་བཤད་མཁས་པའི་འཇུག་དོགས་འདི། རྗེ་བཙུན་ངག་དབང་ཡོན་ཏན་བཟང་པོ་ཡིས། དཔལ་ལྡན་འཛམ་ཐང་གཙད་པའི་ཆོས་གྲྭ་ཆེར། །སྤྱི་ལོ་གཅིག་དགུ་གོ་བརྒྱད་ལོ་ལ་ནི། །མྱང་ཡུལ་ཆོས་འབྱུང་བོད་ལྗོངས་ལྕགས་པར་བཞིན། །བར་དུ་བསྐྲུན་སྐབས་བློ་གྲོས་འཕེལ་ཉིད་དང་། །རྡོར་བཞང་དང་ནི་ཨ་རྣམས་ལ་སོགས་པས། །མཐུན་རྐྱེན་གང་འོས་སྦྱོར་བའི་དགེ་པ་ཡིས། །རྒྱལ་བསྟན་སྤྱི་དང་ལྷག་པར་ཇོ་ནང་བའི། །བསྟན་འཛིན་སྐྱེས་བུ་རྣམས་དག་སྦྱིན་བདག་ཀྱིས། །ཆོས་སྤྱོད་བྱ་བ་དབྱར་ཆོས་རྒྱས་པ་ལྟར། །གོང་ནས་གོང་དུ་འཕེལ་བའི་སྟོངས་གྲོགས་ལ། །དཀོན་མཆོག་རིན་ཆེན་བྱིན་རླབས་འཇུག་གྱུར་ཅིག །འདི་ཡང་བྲན་དུ་པུཎྱེ་ཤྲཱིས་སྦྱར་བའོ། །


no previousམྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་མཁས་པའི་འཇུག་ངོགས།no next