cover

རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ།

གླེགས་བམ། ཉ༽

རྩེ་ལེ་སྣ་ཚོགས་རང་གྲོལ།

Nitartha international
Images scanned by TBRC

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དཀར་ཆག


TR008_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་རྗེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ་ཆོས་ཚན་གྱི་རྣམ་གྲངས་ཇི་ལྟར་བཞུགས་པའི་རིམ་པ་བཀོད་པར་གླེགས་བམ། ཉ། པ་ལ། མངའ་བདག་མྱང་གི་གཏེར་ཁའི་གུ་རུ་དྲག་པོ་བདེ་གཤེགས་འདུས་པའི་ལས་བྱང་སྒྲིགས་ཆགས་བལྟས་ཆོག་ལྡེབ། ༢༧ དཀོན་མཆོག་སྤྱི་འདུས་ཀྱི་དབང་བསྐུར་བྱ་བའི་ལས་རིམ་ལོ་རྒྱུས་རྣམ་བཤད་དང་བཅས་པ་ལྡེབ། ༢༤ འཇའ་ཚོན་གཏེར་ཆོས་ལུགས་ཀྱི་ལས་བཞིའི་སྦྱིན་བསྲེག་ཇི་ལྟར་བྱ་ཐབས་ལྡེབ། ༢༨ བཀའ་བརྒྱད་ཁྲོ་བོ་རོལ་པའི་གཏེར་སྒྲུབ་ཆེན་མོའི་ཕྱག་བཞེས་ཀྱི་ཟིན་བྲིས་ལྡེབ། ༡༩ བཀའ་བརྒྱད་གསང་བ་ཡོངས་རྫོགས་


TR008_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལས་བྱང་གཞུང་སྲེང་གི་རིམ་པ་ལྡེབ། ༦༣ བླ་མ་དགོངས་འདུས་སྒྲུབ་ཆེན་བདུད་རྩི་སྨན་སྒྲུབ་སྤྲོས་བཅས་བུམ་དབང་དང་བཅས་པ་ཕྱག་བཞེས་བྱ་ཚུལ་གྱི་ས་བཅད་ཟིན་སུ་བཀོད་པ་ལྡེབ། ༢༢ བྱང་བཏང་ལ་ཉེ་བར་མཁོ་བའི་ཡོ་བྱད་ཀྱི་གསུངས་གླེང་ལྡེབ། ༦ མཐའ་འོག་བདུད་འདུལ་ཡུག་པའི་གནས་བཤད་ལྡེབ། ༧ ཁྱབ་བདག་དཔལ་ལྡན་བླ་མ་དམ་པ་སྣ་ཚོགས་རང་གྲོལ་གྱི་རྣམ་ཐར་གསོལ་འདེབས་ཡོན་ཏན་མི་ཟད་རྒྱན་གྱི་ཟློས་གར་ལྡེབ། ༡༤ བཀའ་འབུམ་ནང་གི་བརྡ་དང་སྙན་དངགས་སོགས་ཀྱི་འགྲེལ་པ་རྒྱ་ཆེར་བཤད་པ་ལྡེབ། ༧ ཐེག་པ་ཐམས་ཅད་ཀྱི་


TR008_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་རབ་གསང་བ་བླ་ན་མེད་པ་འོད་གསལ་རྡོ་རྗེ་སྙིང་པོའི་དོན་རྣམ་པར་བཤད་པ་ཉི་མའི་སྙིང་པོ་ལྡེབ། ༦༧ བར་དོ་སྤྱིའི་དོན་གསལ་བར་བྱེད་པ་དྲན་པའི་མེ་ལོང་ལྡེབ། ༦༠ རྩ་གསུམ་གཏོར་འབུལ་ཕྲིན་ལས་མྱུར་འགྲུབ་ལྡེབ། ༧ རྩེ་ལེ་རིག་འཛིན་ཆེན་པོ་སྐུ་མི་མངོན་ཆོས་ཀྱི་དབྱིངས་སུ་གཤེགས་ཁར་གནང་བའི་ཞལ་གདམས་ལྡེབ། ༧ བསྔོ་སྨོན་ལྡེབ། ༣ བཀའ་འབུམ་ཀ་བའི་དཀར་ཆག་ལྡེབ། ༢ ཁ་པའི་དཀར་ཆག་ལྡེབ། ༢ ག་པའི་དཀར་ཆག་ལྡེབ། ༢ ང་པའི་དཀར་ཆག་ལྡེབ། ༢ ཅ་པའི་དཀར་


TR008_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཆག་ལྡེབ། ༥ བཅས་བཞུགས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །ཛ་ཡནྟུ།

མངའ་བདག་མྱང་གི་གཏེར་ཁའི་གུ་རུ་དྲག་པོ་བདེར་གཤེགས་འདུས་པའི་ལས་བྱངསྒྲིགས་ཆགས་ལྟས་ཆོག


TR008_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་བདག་མྱང་གི་གཏེར་ཁའི་གུ་རུ་དྲག་པོ་བདེར་གཤེགས་འདུས་པའི་ལས་བྱངསྒྲིགས་ཆགས་ལྟས་ཆོག་བཞུགས་སོ། །


TR008_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་དུས་རྒྱལ་བའི་ཐུགས་རྗེ་གཅིག་བསྡུས་པའི། །ཕྲིན་ལས་གདུག་པ་འདུལ་བར་རབ་མངག་པ། །བདུད་འདུལ་རྒྱལ་པོ་པདྨ་ཐོད་འཕྲེང་ཞབས། །བཏུད་ནས་དེ་ཡི་ཆོ་གའི་ལས་རིམ་བྲི། དེ་ལ་འདིར་འགྲོ་བའི་མགོན་པོ་མངའ་བདག་མྱང་རིན་པོ་ཆེའི་གཏེར་ཁ་ལས་བྱོན་པའི་གུ་རུ་དྲག་པོ་བདེར་གཤེགས་འདུས་པའི་ལས་བྱང་ཕྲིན་ལས་ཀྱི་རིམ་པ་ཇི་ལྟར་བྱ་བ་ལ། ཐོག་མར་དམ་ཚིག་དང་ལྡན་པའི་གང་ཟག་གིས། གནས་ཡིད་དང་མཐུན་པར་བྱི་དོར་ལེགས་པར་བྱས་ལ་ས་རྒྱན་གནམ་རྒྱན་སོགས་བཀོད་པའི་ཁྱད་པར་བག་དྲོ་བར་བྱས་ཏེ། གུ་རུ་ཞི་དྲག་གི་སྐུ་རྟེན་བྱིན་


TR008_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་ཅན་གྱི་རིགས་བྲིས་འབུར་ཅི་རིགས་བཤམས་པའི་དྲུང་དུ། དཔལ་གཏོར་ཟུར་གསུམ་རིན་ཆེན་འབར་བའི་དབྱིབས་ཅན་རྡོ་རྗེ་དང་མེ་རིས་མཚན་ཞིང་ཞབས་སུ་པདྨ་འདབ་བཞི་ཅན་རྒྱན་དཀར་དམར་གྱིས་མཛེས་ཤིང་བརྗིད་པར་བྱས་པའི་གཡས་གཡོན་དུ་བདུད་རྩི་སྨན་རག་དང་། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྤྱིའི་གཏོར་མ་ཅི་རིགས་ཚོགས་ཀྱི་ཡོ་བྱད། ཕྱི་ནང་གསང་བའི་མཆོད་རྫས་མ་ཚང་བ་མེད་པར་བཤམས་ནས། སྤོས་དང་རོལ་མོ་སོགས་འཛོམ་པའི་ངང་ནས་སྒྲུབ་པ་པོ་རྣམས་བདེ་བའི་སྟན་ལ་འཁོད་དེ་རོལ་མོས་བྱིན་ཕབ་ནས། གུ་རུ་རིན་པོ་ཆེ་ལ་སྐྱབས་གནས་དཀོན་མཆོག་མ་ལུས་པས་བསྐོར་ནས་མདུན་གྱི་ནམ་མཁར་སྤྲིན་གཏིབས་པ་ལྟ་བུར་


TR008_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་ཡུལ་ཚོགས་གསོག་གི་ཞིང་དུ་བཞུགས་པ་མོས་པ་རྩེ་གཅིག་གིས་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི། ན་མོ། སྐྱབས་གནས་དཀོན་མཆོག་མ་ལུས་འདུས་པའི་སྐུ། །རིགས་ཀུན་ཁྱབ་བདག་པདྨ་དྲག་པོ་རྩལ། །ཡུལ་འཁོར་བཅས་ལ་བདག་སོགས་སེམས་ཅན་རྣམས། །འདི་བཟུང་བྱང་ཆུབ་བར་དུ་སྐྱབས་སུ་མཆིའོ། །སྲིད་ཞི་མཉམ་ཉིད་ཡེ་སངས་རྒྱས་པའི་དོན། །མ་རྟོགས་ཨ་འཐས་འཁྲུལ་པས་འཁོར་བར་འཁྱམས། །ད་ནི་རང་རིག་རང་ངོ་ཤེས་པ་ཡིས། །དོན་དམ་བྱང་ཆུབ་སེམས་མཆོག་བསྐྱེད་པར་བགྱིའོ། །ཞེས་ཚིག་དོན་མཐུན་པར་ལན་གསུམ་བྱ། དེ་ནས་ཡན་ལག་དགུ་པའི་སྒོ་ནས་ཚོགས་བསགས་པ་ནི། ཧཱུྃ། དུར་ཁྲོད་མེ་རི་འབར་བའི་ཕོ་བྲང་ནས། །འཇིགས་བྱེད་ཆོན་པོ་བཛྲ་ཧེ་རུ་ཀ །དབང་དྲག་པདྨ་བཀའ་ཡི་འཁོར་དང་བཅས། །མཆོད་པའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། བཛྲ་ས་མཱ་ཛཿ ཧཱུྃ། དུར་ཁྲོད་འཇིགས་སུ་རུང་བའི་ཕོ་བྲང་དུ། །དྲེགས་པ་ཕོ་མོ་


TR008_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཟླའི་གདན་སྟེངས་སུ། །དབང་དྲག་པདྨ་འཁོར་དང་བཅས་པ་རྣམས། །རྔམས་བརྗིད་དགྱེས་པའི་ཚུལ་གྱིས་བཞུགས་སུ་གསོལ། ས་མ་ཡ་ཏིཥྛ་ལྷན། ཧཱུྃ། སྐྱེ་འཆི་གཉིས་སྤངས་རྡོ་རྗེའི་རང་བཞིན་ལས། །ཕྲིན་ལས་ལྷུན་གྲུབ་སྡེ་བརྒྱད་དམ་ལ་འདོགས། །སྐུ་གསུམ་དབྱེར་མེད་སྐྱེ་འགྲོ་ཡོངས་ཀྱི་མགོན། །དབང་དྲག་པདྨའི་སྐུ་ལ་ཕྱག་འཚལ་ལོ། །ན་མོ་སུ་རུ་ཤ་ཡ་ཧོཿ ཧཱུྃ། ཁམས་གསུམ་སྐུ་གསུམ་དབྱིངས་སུ་བསྒྱུར་བའི་དཔྱིད། །དུག་གསུམ་དབང་གྱུར་དགྲ་གེགས་འབྱུང་པོ་རྣམས། །དྲག་པོས་བསྒྲལ་བའི་ཤ་ཁྲག་རུས་པའི་ཚོགས། །དབང་དྲག་པདྨའི་ལྷ་ལ་མཆོད་པར་འབུལ། །མ་ཧཱ་པུ་ཛཿཧོཿ ཧཱུྃ། བདག་ནི་མ་རིག་འཕྲུལ་པའི་དབང་སོགས་སྟེ། །དུག་གསུམ་ཉེས་པས་འགལ་བར་གྱུར་པ་དང་། ལུས་ངག་ཡིད་ཀྱིས་སྡོག་པ་ཅི་བགྱིས་པ། །དབང་དྲག་པདྨའི་སྐུ་ལ་བཟོད་པར་གསོལ། ཧཱུྃ། ཁམས་གསུམ་སྲིད་པ་གསུམ་ལ་དབང་བསྒྱུར་


TR008_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

བའི། །དྲག་པོ་གཟི་བརྗིད་འབར་བའི་སྐུ་མཆོག་གིས། །འཁོར་བ་གཏིང་ནས་སྐམ་ལ་འདོན་པའི་ཕྱིར། །དུག་གསུམ་ཞལ་དུ་གསོལ་ལ་ཡི་རང་ངོ་། ཧཱུྃ། སྔོན་གྱི་ཐུགས་དམ་ཞལ་བཞེས་ཡིན་པའི་ཕྱིར། །པདྨ་དྲག་པོ་རྡོ་རྗེ་ཐོད་འཕྲེང་རྩལ། འགྲོ་རྣམས་ཇི་སྲིད་རྫོགས་སངས་རྒྱས་ཀྱི་བར། །མྱ་ངན་མི་འདའ་བདག་སོགས་ཐུགས་རྗེས་གཟིགས། ཧཱུྃ། རྣལ་འབྱོར་བདག་ཅག་འཁོར་བའི་སེམས་ཅན་རྣམས། །བྱང་ཆུབ་ལམ་གྱི་བར་ཆད་བསྒྲལ་བ་དང་། །དངོས་གྲུབ་མ་ལུས་མྱུར་དུ་ཐོབ་པའི་ཕྱིར། །ཐེག་ཆེན་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། ཧཱུྃ། བདག་གིས་མོས་གུས་དད་པས་ཁྱེད་སྒྲུབས་ནས། །ཐུགས་རྗེ་མ་ཆུང་སྔོན་གྱི་ཐུགས་དམ་དགོངས། །སྨོན་ལམ་འབྲེལ་པ་བཟང་པོས་མཚམས་སྦྱར་ནས། །བདག་དང་འགྲོ་ཀུན་བྱང་ཆུབ་ཐོབ་ཕྱིར་བསྔོའོ། ཞེས་པ་དེ་ཡན་གྱིས་ཐོག་མར་བདག་ཉིད་རྒྱུད་དག་པར་བྱ་ཕྱིར་སྐྱབས་སེམས་ཚོགས་བསགས་གི་ལས་རིམ་སྔོན་དུ་བཏང་ནས། མདུན་གྱི་ནམ་མཁར་བཞུགས་པའི་ཚོགས་ཡུལ་དེ་རྣམས་སྐར་མདའ་རྒྱུགས་པ་


TR008_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཚུར་བྱོན་ནས་རང་ཉིད་ཀྱི་སྤྱི་བོར་ཐིམ་པ་ཙམ་གྱིས་སྐད་ཅིག་ལ་བདག་ཉིད་དབང་དྲག་འབར་བའི་སྐུ་རི་རབ་ཙམ་དུ་གྱུར་པའི་ཐུགས་ཀའི་ཧཱུྃ་དམར་ལས་ཡེ་ཤེས་ཀྱི་མེ་དང་མཚོན་ཆའི་ཚ་ཚ་སྐར་ལྟར་འཁྲུག་པ་འཕྲོས་པས། བར་ཆད་གདོན་བགེགས་འབྱུང་པོའི་རིགས་ཐམས་ཅད་ཚར་བཅད་རྡུལ་དུ་བརླག་ཅིང་མེ་དང་མཚོན་ཆའི་བསྲུང་གུར་ཕུབ་པའི་ཕྱོགས་བཅུར་བདག་གི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་ཡིག་མཐིང་ནག་བཅུ་འཕྲོས་པ་སྤྲུལ་པ་ཁྲོ་བོ་བཅུར་གྱུར་པས་ཕྱོགས་བཅུའི་བར་ཆད་ཐམས་ཅད་བསྲུང་བའི་ཕྲིན་ལས་མཛད་པར་མོས་ལ། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ། བདག་ཉིད་དྲག་པོའི་ཐུགས་སྲོག་ལས། །འབྱུང་བ་ལྔ་དང་མཚོན་ཆའི་གུར། །ཕྱོགས་མཚམས་སྟེང་འོག་ཀུན་ནས་ཕུབས། །བསྲུང་འཁོར་གནམ་ས་ཁ་སྦྱོར་ནང་། །མཐིང་ནག་ཧཱུྃ་ལས་གནས་གྱུར་པ། །སྤྲུལ་པ་ཁྲོ་ཆེན་འབར་བ་བཅུ། །མཐིང་ནག་རྔམ་བརྗིད་ཁྲོས་པའི་སྐུ། །གཡས་པ་རྡོ་རྗེ་ཐོ་བ་དང་། །གཡོན་པ་ལྕགས་ཀྱུ་འབར་བ་བསྣམས། །


TR008_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་ཆས་ཀྱི་སྐུ་ལ་བརྒྱན། །བརྐྱང་བསྐུམ་ཞབས་ཀྱིས་དྲེགས་པ་གནོན། ཧཱུྃ་ཧཱུྃ་ཕཊ་ཕཊ་ང་རོ་སྒྲོག །མེ་དཔུང་ཀློངས་ན་འགྱིང་ཞིང་བརྗིད། །རང་འདྲའི་སྤྲུལ་འཁོར་གྲངས་མེད་བཅས། །ཕྱོགས་བཅུའི་གདོན་ཚོགས་འདུལ་བ་དང་། །མཚམས་གཅོད་བསྲུང་འཁོར་མཛད་པར་གྱུར། ཧཱུྃ། ང་ནི་དབང་དྲག་པདྨའི་སྐུ། །ཆེ་བའི་ལྷ་རྣམས་ང་ཡི་འཁོར། །འཇིག་རྟེན་དྲེགས་པ་འདུལ་བའི་ཕྱིར། །ཕྱོགས་བཅུར་ཁྲོ་བོའི་སྤྲུལ་པ་འགྱེད། །སྟེང་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །ལྷ་གདོན་བསྣོལ་བའི་ཁྲི་སྟེངས་སུ། །ཁྲོ་བོའི་རྒྱལ་པོ་ཧཱུྃ་ཀ་ར། །ལྷ་གདོན་འདུལ་ལ་ཕྱག་འཚལ་བསྟོད། །བར་སྣང་གདོན་ཚོགས་མཚམས་ཆོད་ཅིག །ཤར་ཕྱོགས་འཁོར་ལོའི་རྩིབ་སྟེང་ན། །དྲི་ཟ་བསྣོལ་བའི་ཁྲི་སྟེངས་སུ། །ཁྲོ་བོའི་རྒྱལ་པོ་རྣམ་པར་རྒྱལ། །དྲི་ཟ་འདུལ་ལ་ཤར་གྱི་གདོན་ཚོགས། །ལྷོ་ཕྱོགས་འཁོར་ལོའི་རྩིབས༴ གཤིན་རྗེ་བསྣོལ་བའི༴ ཁྲོ་བོའི་རྒྱལ་པོ་གཤིན་རྗེའི་གཤེད། །གྲུལ་བུམ་འདུལ་ལ་ཕྱག་འཚལ་ལྟོད།


TR008_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་ཡི་གདོན་ཚོགས་མཚམས༴ ནུབ་ཕྱོགས་འཁོར་ལོའི་རྩིབས༴ ཀླུ་རྒྱལ་བསྣོལ༴ ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དཔལ༴ ཀླུ་གདོན་འདུལ༴ ནུབ་ཀྱི་གདོན༴ བྱང་ཕྱོགས་འཁོར་ལོའི་རྩིབས༴ གནོད་སྦྱིན་བསྣོལ༴ ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ། གནོད་སྦྱིན༴ བྱང་གི་གདོན༴ ཤར་ལྷོ་འཁོར་ལོའི༴ མེ་ལྷ་བསྣོལ། ཁྲོ་བོའི་རྒྱལ་པོ་དབྱུག་སྔོན་ཅན། མེ་ལྷ་འདུལ༴ ཤར་ལྷོའི༴ ལྷོ་ནུབ༴ སྲིན་པོ༴ ཁྲོ་བོའི་རྒྱལ་པོ་མི་གཡོ་མགོན། སྲིན་པོ་འདུལ༴ ལྷོ་ནུབ་གདོན༴ ནུབ་བྱང་འཁོར་ལོའི་རྩིབ༴ རླུང་ལྷ་བསྣོལ༴ ཁྲོ་བོའི་རྒྱལ་པོ་གཞན་མི་ཐུབ། རླུང་ལྷ༴ ནུབ་བྱང་༴ བྱང་ཤར་འཁོར་ལོའི༴ འབྱུང་པོ་བསྣོལ༴ ཁྲོ་བོའི་རྒྱལ་པོ་ཁམས་གསུམ་རྒྱལ། དབང་ལྡན་འདུལ༴ བྱང་ཤར་གདོན༴ འོག་ཕྱོགས་འཁོར་ལོའི༴ ས་བདག་བསྣོལ༴ ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ། ས་བདག་འདུལ་ལ་འཚལ་ལྟོད། འོག་ཕྱོགས་གདོན་ཚོགས་མཚམས། ཆོད་ཅིག །ཨོཾ་བཛྲ་


TR008_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧཱ་ཀྲོ་དྷ་སརྦ་རཀྵ་ཧཱུྃ། ཞེས་པས་མཚམས་གཅོད་བསྲུང་འཁོར་བསྒོམ་ཞིང་། ཡང་དག་དོན་གྱི་སྲུང་མཚམས་ནི། འཁོར་བ་མྱང་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གདོད་ནས་དག་པ་ཆེན་པོར་ལྷུན་གྱིས་གྲུབ་པའི་རང་བཞིན་ལ་བསྲུང་བྱ། སྲུང་བྱེད་ཀྱི་སྤྲོས་པ་མཐའ་དག་ལས་འདས་པའི་དོན་དྲན་པར་བྱ་བ་ནི་སྲུང་འཁོར་གྱི་དམ་པའོ། །དེ་ནས་གཏོར་མཆོད་བྱིན་གྱིས་བརླབས་པ་ནི། བདག་ཉིད་དྲག་པོའི་ཐུགས་ཀའི་ཧཱུྃ་ལས་ཡི་གེ་རྃ་ཡྃ་ཁྃ་འཕྲོས་པས་འབགས་རྩོགས་བསང་ཞིང་སྦྱངས། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་པའི་དོན་དྲན་པའི་ངང་ནས། བདག་གི་ཐུགས་ཀའི་ཧཱུྃ་ལས་རྃ་ཡྃ་ཁྃ། འཕྲོས་པས་ཡེ་ཤེས་མེ་ཡིས་ཉེས་སྐྱོན་བསྲེག །ཡེ་ཤེས་རླུང་གི་མཚན་འཛིན་བག་ཆགས་གཏོར་ཡེ་ཤེས་ཆུ་ཡི་ཀུན་རྟོག་དྲི་མ་བཀྲུས། ཨོཾ་ཨཱཿའཕྲོས་མཆོད་པའི་རྫས་ལ་ཐིམ། དག་པ་ཆེན་པོར་བྱིན་རླབས་སྤེལ་སྦྱང་བསྒྱུར། །ཕྱི་ནང་གསང་བ་དེ་བཞིན་ཉིད་ཀྱི་འཕྲུལ། །ཀུན་བཟང་མཆོད་སྤྲིན་ཆོས་དབྱིངས་ཁྱབ་པར་གྱུར། ཨོཾ་བཛྲ་ཨརྒྷཾ།


TR008_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝེ་དྱཱ། ཤབྟ་པཱུ་ཛ་ཨཱཿཧཱུྃ། རཱུ་པ་ཤབྟ། གྷནྡྷ། རཱ་ས། སྤརྴེ་ཨཱཿཧཱུྃ། བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་པཱུ་ཛ་ཨཱཿཧཱུྃ། ཨོཾ་ཨཱཿཧཱུྃ་སརྦ་པཉྕ་ཨ་མྲྀ་ཏ་ཧཱུྃ་ཧྲཱི་ཐཱ། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཕཊཿ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིངྟ་ཏེ་ཛོ་བ་ལིནྟ་བ་ལ་བྷ་ཏེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། དེ་ལྟར་འདི་ཡན་ཆད་སྔོན་འགྲོའི་ལས་རིམ་ཡིན་ནོ།། ༈ །།གཉིས་པ་དངོས་གཞིའི་ཐོག་མར་ཏིང་འཛིན་རྣམ་པ་གསུམ་ཚིག་དོན་མཐུན་པར་སྒོམ་སྟེ། ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭཱ་བྷ་ཝ་ཨཏྨ་ཀོ྅ཧཾཿ སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཐམས་ཅད། །ཡེ་སྟོང་རྩ་བྲལ་གདོད་ནས་ཡང་དག་པ། ཀུན་བཟང་ཡངས་པ་ཆེན་པོར་ལྷུན་གྲུབ་པའི། །དེ་བཞིན་ཉིད་ཀྱི་ཏིང་འཛིན་བློ་འདས་དང་། །དེ་ལྟར་མ་རྟོགས་འཁྲུལ་པའི་འགྲོ་བ་རྣམས། །རང་ངོ་མ་རིག་གཉིས་འཛིན་འཁོར་བར་འཁྱམས།


TR008_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

འགག་མེད་རྩལ་མདངས་སྙིང་རྗེར་ཤར་བ་ཡི། །ཀུན་ཏུ་སྣང་བའི་ཏིང་འཛིན་རིས་མེད་ཁྱབ། །རྒྱུ་འབྲས་གཉིས་སུ་འཛིན་མི་དམིགས་ཀྱང་། །རྟེན་ཅིང་འབྲེལ་པར་འབྱུང་བ་མི་འགོག་ཕྱིར། །ལུས་མེད་རིག་པའི་ངོ་བོ་ཡི་གེ་ཧཱུྃ། །དམར་གསལ་ནམ་མཁའི་མཐོངས་སུ་སྐར་ཆེན་བཞིན། དེ་ལྟར་ཏིང་འཛིན་གསུམ་གྱི་སྙིང་པོ་རྒྱུའི་ཡི་གེ་ལས་བྱུང་རིམ་གཞལ་ཡས་གདན་དང་བཅས་པ་བསྒོམ་པ་ནི། ཧཱུྃ་ལས་ཨེ་ཡྃ་རྃ། སུྃ་ཀེ༚་རྃ་བྷྲུྃ། ཡིག་འབྲུ་འཕྲོས་པ་གནས་འགྱུར་འབྱུང་རིམ་རྩེགས། ཨེ་ལས་ཆོས་དབྱིངས་ནམ་མཁའ་མཐའ་དབུས་བྲལ། ཡྃ་ལས་རླུང་གི་རྡོ་རྗེ་རྒྱ་གྲམ་སྟེང་། །ར་ལས་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུག །སུྃ་ལས་ཞིང་ཆེན་ས་གཞི་ཁྱབ་གདལ་དབུས། །ཀེ༚་ལས་རུས་པའི་རིབ་ཟུར་གསུམ་སྟེང་། །རྃ་ལས་བསྐལ་པའི་མེ་ཆེན་སྨུག་ནག་འབར། །བྷྲུྃ་ལས་དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་། །ཐོད་པའི་རྩིགས་པ་ཞིང་


TR008_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཀ་གདུང་བྱས། །ཞིང་ཆུང་དྲལ་དྲབ་མི་ལྤགས་གཡང་གཞིའི་ཐོག །རྒྱུ་མའི་ལྡ་ལྡི་ཙིཏྟའི་ཕོ་ལོང་འཕྱང་། །མི་རོའི་རྒྱན་མཚན་སྐྲ་ཡི་བ་དན་འཕྱར། །གསུར་དུད་སྤྲིན་འཁྲིག་ཁྲག་ཆེན་ཞལ་ཆུར་འབབ། །རབ་ཏུ་འཇིགས་པའི་ཕོ་བྲང་ཆེན་པོའི་དབུས། །འཁོར་ལོ་རྩིབས་བཞི་ལྟེ་བ་ཆོས་འབྱུང་མཐིང་། །པདྨ་འདབ་སྟོང་ཟླ་བ་ཉི་མ་དང་། །དྲེགས་པ་རྒྱལ་བསེན་འབུམ་ཕྲག་བསྒྱེལ་བའི་སྟེང་། །བདག་གི་རིག་པའི་ངོ་བོ་ཧཱུྃ་དེ་བབས། །ཧཱུྃ་ལས་འོད་ཟེར་ཕྱོགས་བཅུའི་ཞིང་དུ་འཕྲོས། །རྒྱལ་བ་ཀུན་མཆོད་བྱིན་རླབས་ཧཱུྃ་ལ་འདུས། །འོད་འཕྲོས་ཁམས་གསུམ་སྐྱེ་འགྲོའི་ལས་ཉོན་སྦྱང་། །རྒྱལ་འགོང་དམ་སྲི་འབྱུང་པོ་རྡུལ་དུ་བརླག །ཐེའུ་རང་འབྱུང་པོའི་རྣམ་ཤེས་གཞོབ་ཏུ་བསྲེག །འོད་ཟེར་ཚུར་འདུས་ཧཱུྃ་ལ་ཐིམ་པ་ཡིས། །བདག་ཉིད་དབང་


TR008_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དྲག་པདྨ་ཐོད་ཕྲེང་སྐུ། །རི་རབ་ལྟ་བུའི་སྐུ་ཆེ་ཡན་ལག་རག །སྐུ་མདོག་མགར་གྱི་ལྕགས་བསྲེག་འབར་བ་འདྲ། །ཞལ་གཅིག་ཕྱག་གཉིས་ཞབས་ནི་དོར་སྟབས་བཞེངས། །སྤྱན་གསུམ་གདངས་མིག་ཉི་ཟླའི་འོད་བཞིན་འབར། །ཞལ་བགྲད་ལྗགས་འདྲིལ་མཆེ་བ་གངས་རི་འདྲ། །དབུ་སྐྲ་ཁམ་ནག་ནམ་མཁའི་དབྱིངས་སུ་འཕྱོ། །ཐོད་སྐམ་རིན་ཆེན་རྩེ་བྲན་དར་དཔྱང་བཅིངས། །སྙན་རྒྱན་མགུར་ཆུ་ཕྱག་ཞབས་སྐུ་ལུས་ཀུན། །རིན་ཆེན་རུས་རྒྱན་སྦྲུལ་ཆུན་སྤེལ་བས་བརྒྱན། །ཀོ་རློན་གཡང་གཞི་སྟག་ཤམ་མགོ་འཕྲེང་དང་། །ཐལ་ཞག་ཁྲག་གིས་བྱུགས་ཤིང་ཁྲོ་ཆས་རྫོགས། །གཡས་པའི་ཕྱག་གིས་གསེར་རྡོར་རྩེ་དགུ་འཕྱར། །དེ་ལས་གནམ་ལྕགས་ཐོག་གི་ཚ་ཚ་འཕྲོ། །ཕྱག་གཡོན་སྡིག་མཛུབ་ལྕགས་སྡིག་མགོ་དགུ་འགྱོད། །དེ་ལས་སྤྲུལ་པའི་ལྕགས་སྡིག་གྲངས་མེད་འཕྲོ། །རྔམས་འཇིགས་ཁྲོ་གཏུམ་


TR008_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་དྲག་པོ་ཡི། །དབུ་གཙུག་ཁྱུང་ནག་མེ་ཡི་གཤོག་རླབས་ལྡིང་། །རྭ་བར་ནོར་བུ་འབར་བའི་འོད་འཁྱིལ་དུ། །རིགས་བདག་སྣང་མཐའ་ཚེ་དཔག་མེད་པ་བཞུགས། །བདག་གི་དུང་ཁང་སྐུ་ཡི་ལྷ་མཆོག་ནི། །འཇམ་དཔལ་སེར་ནག་རལ་གྲི་སྡིགས་མཛུབ་ཅན། །མགྲིན་པར་གསུང་གི་དབང་ཕྱུག་རྟ་མགྲིན་དམར། །དབྱིག་ཐོ་སྡིག་མཛུབ་སྤྱི་བོར་རྟ་མགོས་མཚན། །ཐུགས་ཀར་གསང་བདག་མཐིང་ནག་ཕྱག་གཡས་ཀྱིས། །ལྕགས་རྡོར་གདེངས་ཤིང་གཡོན་པ་སྡིགས་མཛུབ་བསྒྲེང་། །ལྟེ་བར་མཁའ་འགྲོ་དམར་མོ་གྲི་ཐོད་བསྣམས། ཁ་ཊྭཱྃ་རུས་རྒྱན་རིགས་བཞི་མཁའ་འགྲོས་བསྐོར། །གསང་གནས་ཡཀྴ་མེ་དབལ་སྐུ་མདོག་ནག །གཡས་གཡོན་རྡོ་རྗེའི་ཐོ་བ་མེ་ཞགས་འཛིན། །ཀུན་ཀྱང་ཁྲོ་ཆས་ཡོངས་རྫོགས་དོར་སྟབས་འགྱིང་། །གཞན་ཡང་མཐའ་སྐོར་ཕྱི་རིམ་ཐམས་ཅད་དུ། །རྒྱུད་སྡེ་བཞི་དྲུག་


TR008_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ལྷ་ཚོགས་དང་། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྒྱ་མཚོའི་ཚོགས། །ཉི་མ་དང་ནི་འོད་ཟེར་ཇི་བཞིན་བཞུགས། །སྟེང་གི་ནམ་མཁར་པདྨ་འབྱུང་གནས་དང་། །རྩ་རྒྱུད་བླ་མ་སྤྲིན་བཞིན་གཏིབས་ནས་བཞུགས། །དེ་ལྟར་རང་རིག་རོལ་རྩལ་ལྷ་ཚོགས་ཀུན། །སྣང་ལ་རང་བཞིན་མེད་པར་ཆུ་ཟླའི་གར། །ཡེ་ཤེས་སྒྱུ་མའི་རོལ་པ་ཆེན་པོ་ཡིཿ གནས་གསུམ་འབྲུ་གསུམ་དག་ལས་འོད་འཕྲོས་པས། །ཡེ་ཤེས་སེམས་དཔའི་ཐུགས་དམ་རྒྱུད་བསྐུལ་གྱུར། དེ་ལྟ་བུའི་ལྷ་རྣམས་ཡེ་ནས་རང་སེམས་དང་ཐ་དད་མེད་ཀྱང་གནས་སྐབས་གཉིས་འཛིན་གྱི་བག་ཆགས་སྦྱོང་ཕྱིར་དབྱིངས་ནས་སྤྱན་དྲངས་པ་ནི། ཚིལ་ཆེན་གུ་གུལ་སྦྱར་བའི་སྤོས་དུད་རྐང་གླིང་ཐོད་རྔ་ལ་སོགས་རོལ་མོའི་སྒྲ་དང་། །མོས་གུས་གདུང་ཤུགས་དྲག་པོ་བ་སྤུ་གཡོ་ཞིང་མཆི་མ་འཁྲུགས་ནུས་པ་བསྐྱེད་དེ་སྙན་པའི་དབྱངས་ཀྱིས། ཧཱུྃ། དུར་ཁྲོད་མེ་རི་སྨུག་ནག་འབར་བའི་ཀློང་དཀྱིལ་ནས། །སྟོང་གསུམ་དྲེགས་པ་འདུལ་མཛད་པདྨ་ཐོད་འཕྲེང་སྐུ། །བཞེངས་ཅིག་བཞེངས་ཅིག་ཆོས་ཀྱི་དབྱིངས་


TR008_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཞེངས། །འགྲོ་བ་རྣམས་ཀྱི་དོན་ལ་སྐུ་བཞེངས་འཚལ། །འདོད་ཆགས་ཁྲག་གི་རྒྱ་མཚོའི་ཀློང་ནས་བཞེངས། །ཞེ་སྡང་ཀེང་རུས་གྲམ་ལྟར་ཁྲོལ་བའི་དབུས་ནས་བཞེངས། །གཏི་མུག་ཤ་ཆེན་རི་ལྟར་སྤུངས་པའི་དཀྱིལ་ནས་བཞེངས། །ང་རྒྱལ་མེ་ལྟར་འབར་བའི་ཀློང་ནས་བཞེངས། །ཕྲག་དོག་རླུང་ལྟར་འཚུབ་པའི་ཀློང་ནས་བཞེངས། །བསྐལ་པ་མེ་རླུང་འཚུབ་མའི་དཀྱིལ་ནས་བཞེངས། །དྲག་པོའི་ལས་ལ་གནས་པའི་སྤྱན་འདྲེན་ན། །དགྲ་གེགས་འབྱུང་པོ་འདུལ་ཕྱིར་གཤེགས་སུ་གསོལ། རཀྴ་སྲིན་པོ་འདུལ༴ ཕྱིར༴ འཆི་བདག་གཤིན་རྗེ་འདུལ༴ འཇིག་རྟེན་དྲེགས་པ་འདུལ༴ ལྷ་སྲིན་སྡེ་བརྒྱད་འདུལ༴ ས་བདག་ཀླུ་གཉན་འདུལ༴ རྒྱལ་འགོང་བསེན་མོ་འདུལ༴ བདུད་དང་མུ་སྟེགས་འདུལ་ཕྱིར་གཤེགས་སུ་གསོལ། ཁེས་སྤྱན་དྲངས་པས། ལྷོ་ནུབ་རྔ་ཡབ་གླིང་ནས་གུ་རུ་པདྨ་ཐོད་ཕྲེང་དཔའ་བོ་མཁའ་འགྲོའི་ཚོགས་དཔག་ཏུ་མེད་པ་དང་བཅས་


TR008_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

རེ་བྱ་རྒོད་ཁྱུ་ལྡིང་བཞིན་བྱོན་པར་དམིགས་ལ། ཧཱུྃ། །དུར་ཁྲོད་མེ་རི་སྨུག་ནག་འབར་བའི་ཕོ་བྲང་ན། །འཇིགས་བྱེད་ཆེ་མཆོག་པདྨ་འབྱུང་གནས་སྐུ། །དགྲ་གེགས་སྲིན་པོ་བསྣོལ་བའི་ཁྲི་སྟེངས་སུ། །ཉི་ཟླ་པདྨ་བརྩེགས་པའི་གདན་སྟེང་འདིར། །བདག་དང་གཉིས་སུ་མེད་པར་བཞུགས་སུ་གསོལ། །ཞེས་པ་དམ་ཡེ་གཉིས་མེད་དུ་འདྲེས་པར་བསམ། ཧཱུྃ། རང་བྱུང་ལྷུན་གྲུབ་པདྨ་འབྱུང་གནས་སྐུ། །དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས་ལས་སྤྲུལ། །མཐུ་འཚལ་རྨད་བྱུང་པདྨ་ཧེ་རུ་ཀ །ལྷ་སྲིན་དྲེགས་པ་འདུལ་བའི་མཐུ་མངའ་བ། །དབང་དྲག་པདྨའི་སྐུ་ལ་ཕྱག་འཚལ་ལོ། །ཞེས་པས་རང་ལས་སྤྲུལ་པའི་ལྷ་མོ་གྲངས་མེད་པས་ཕྱག་འཚལ་ཞིང་། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་འབུལ་བ་དམིགས་ལ། ཧཱུྃ། སྣང་སྲིད་སྣོད་བཅུད་དངོས་པོར་གྱུར་ཚད་ཀུན། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་བླ་ན་མེད། །མེ་ཏོག་བདུག་སྤོས་མར་མེ་ཞལ་ཟས་དྲི། །རོལ་མོ་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །ཡབ་ཡུམ་ཐབས་ཤེས་ལྷན་སྐྱེས་བདེ་བའི་མཆོག །རྩ་


TR008_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་སྟོང་སྦྱར་བདུད་རྩི་ཨ་མྲྀ་ཏ། །འཁོར་བ་རྒྱུ་རྐྱེན་རྩད་གཅོད་རཀྟ་དང་། །དམ་རྫས་རྒྱན་གྱི་གཏོར་མ་བརྗིད་ལྡན་བཅས། །དངོས་འབྱོར་ཡིད་སྤྲུལ་མཆོད་པའི་བྱེ་བྲག་ཀུན། །དབང་དྲག་ལྷ་ཚོགས་འཁོར་དང་བཅས་ལ་འབུལ། །མཆོད་ཡུལ་མཆོད་བྱ་མཆོད་བྱེད་རོ་མཉམ་པར། །འཁོར་འདས་མཉམ་ཉིད་ཆེན་པོར་བཞེས་སུ་གསོལ། །མ་ཧཱ་སརྦ་པཱུ་ཛ་པྲ་ཏཱིཙྪ་ཧཱུྃ། ཧཱུྃ། རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་རྣམས། །བྱང་ཆུབ་སྒྲུབ་ལ་བར་ཆད་བྱེད་པའི་རིགས། །གཟུགས་ཅན་དགྲ་དང་གཟུགས་མེད་བགེགས་ལ་སོགས། །དྲག་པོས་བསྒྲལ་བའི་ཤ་ཁྲག་རུས་པའི་ཚོགས། །དབང་དྲག་པདྨའི་ལྷ་ལ་མཆོད་པར་འབུལ། མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། དབང་པོ་ལྔ་ལ་ཁ་རམ་ཁཱ་ཧི། དེ་ནས་གུ་རུ་པདྨ་དྲག་པོའི་ལྷ་ཚོགས་རྣམས་ལ་ཆེ་བའི་ཡོན་ཏན་


TR008_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསམ་ཞིང་དང་བའི་ཡིད་ཀྱིས་བསྟོད་པ་བྱ་སྟེ། ཧཱུྃ། ཁམས་གསུམ་གནས་ན་སྟོབས་ལྡན་རྫུ་འཕྲུལ་ཅན། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ན། །སྣང་བ་མཐའ་ཡས་སྐུ་གསུང་ཐུགས་ལས་སྤྲུལ། །ངོ་མཚར་རྨད་བྱུང་པདྨ་ཧེ་རུ་ཀ །མཐུ་ཆེན་པདྨ་དབང་ཕྱུག་གཟི་མདངས་ཅན། །དུར་ཁྲོད་ཆས་བརྒྱད་སྐུ་ཡི་རྒྱན་དུ་ཁྲོལ། །སྐུ་མདོག་དམར་པོ་མེ་ཡི་མདོག་འདྲ་བ། །སྤྱན་གསུམ་ཁྲོ་གཉེར་སྡང་མིག་ཕྱོགས་བཅུར་གཟིགས། །ཞལ་བགྲད་མཆེ་གཙིགས་དྲག་པོའི་རྐན་སྒྲ་སྡེབས། །ཨག་ཚོམ་དམར་སེར་བསྐལ་པའི་མེ་ལྟར་འབར། །དབུ་སྐྲ་གྱེན་བརྫེས་ཐོད་སྐམ་ལྔ་ཡིས་བརྒྱན། །འཇིགས་བྱེད་ཁྲོ་རྒྱལ་རྡོ་རྗེ་ཐོད་ཕྲེང་རྩལ། །དྲག་པོ་པདྨའི་སྐུ་ལ་ཕྱག་འཚལ་བསྟོད། །ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་ལ། །ཧཱུྃ་རྃ་ཕཊ་གསུམ་རྒྱུ་ཡི་རྡོ་རྗེའི་མཚན། །དབང་སྡུད་བསྲེག་དང་གཏོར་བའི་ཕྲིན་ལས་ལྡན། །ཡེ་ཤེས་ལྔ་ཡི་མེ་དཔུང་འུར་འུར་འབར། །རི་རབ་ལྷུན་པོ་ཀུན་ཀྱང་


TR008_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་ལ་བསྙིལ། །གནམ་ཐོལ་དཀར་པོ་རྣམས་ཀྱི་ཀླད་པ་འཇོམས། །པེ་ཧར་སྲོག་བདག་རྒྱལ་པོ་རྡུལ་དུ་རློག །ཕྱག་གཡོན་ལྕགས་ཀྱི་སྡིག་པ་འགྱེད་ཚུལ་བསྣམས། །རྐན་སྒྲ་རྡེབ་ཅིང་ཤུག་ཀླུ་ཀྱུ་རུ་རུ། །རྔམས་བརྗིད་སྟོབས་ལྡན་ཁ་དགུ་མིག་དགུ་བགྲད། །ཚ་ཚ་འཕྲོ་ཞིང་མི་སྡུག་གཟུགས་ཅན་མ། །ཡེ་ཤེས་ལྔ་ཡི་མེ་སྤྲུངས་འཚུབས་ཅིང་འབར། །དགྲ་གེགས་ཞལ་དུ་བརྫངས་ནས་ལྟེ་བའི་དཀྱིལ་དུ་གཟིར། །ཆོས་ཉིད་ཐུགས་སུ་ཆུད་པས་རང་ལུགས་གཟི་བརྗིད་འབར། །བྱང་ཆུབ་ལམ་ལ་བར་ཆད་བྱེད་རྣམས་རྡུལ་དུ་རློག །ཕྲིན་ལས་ལྷུན་གྲུབ་པདྨ་ཐོད་ཕྲེང་རྩལ། །དབང་དྲག་པདྨའི་སྐུ་ལ་ཕྱག་འཚལ་བསྟོད། ཧཱུྃ། །གཏི་མུག་འཇོམས་ཕྱིར་གླང་ཆེན་སྟོད་གཡོགས་མཛད། །འདོད་ཆགས་འཇོམས་ཕྱིར་ཞིང་ལྤགས་རྐེད་ལ་དཀྲིས། །ཕྲག་དོག་འཇོམས་ཕྱིར་གནས་གསུམ་བྱུགས་པས་མཚན། །ང་རྒྱལ་དབང་བསྡུད་སྟག་གི་ཤམ་ཐབས་ཅན།


TR008_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་སྡང་གཞོམ་ཕྱིར་སྦྲུལ་གྱི་ཡན་ལག་དཀྲིས། །དྲེགས་པ་འདུལ་ཕྱིར་ཐོད་ཕྲེང་དོ་ཤལ་མཛད། །འདོད་དོན་རྣམ་གཞག་རིན་ཆེན་དུ་མས་བརྒྱན། །ཞབས་གཉིས་བརྐྱང་བསྐུམ་དྲེགས་པའི་གདན་ལ་འགྱིང་། རྔམས་བརྗིད་པདྨའི་སྐུ་ལ་ཕྱག་འཚལ་བསྟོད། ཧཱུྃ། དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ། །སྐུ་མཆོག་འགྱུར་ལྷུན་གྲུབ་བྱའི་ཕྱིར། །ཡ་མནྟ་ཀ་དུང་ཁང་ནང་ན་བཞུགས། །ཞལ་གཅིག་ཕྱག་གཉིས་ཁྲོ་ཚུལ་འགྱིང་བག་ལྡན། །སྐུ་མདོག་དམར་སེར་རལ་པའི་ཅོད་པཎ་ཅན། །ལོག་ལྟ་རྩ་གཅོད་ཕྱག་གཡས་རལ་གྲི་བསྣམས། །ཐམས་ཅད་ཟིལ་གནོན་ཕྱག་གཡོན་སྡིག་མཛུབ་མཛད། །ཞབས་གཉིས་བརྐྱང་བསྐུམ་སེམས་དཔའི་སྐྱིལ་ཀྲུང་བཞུགས། །དབུ་རྒྱན་སྙན་ཆ་རིན་ཆེན་འབར་བས་བརྒྱན། །སྐུ་ཡི་ལྷ་མཆོག་སྲིད་གསུམ་ཟིལ་གྱིས་གནོན། །ཡ་མཱནྟ་ཀའི་སྐུ་ལ་ཕྱག་འཚལ་བསྟོད། ཧཱུྃ། དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ། །གསུང་མཆོག་འགགས་མེད་ལྷུན་གྱིས་གྲུབ་བྱའི་ཕྱིར། །མགྲིན་པར་


TR008_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཆེན་རྟ་མགྲིན་རྒྱལ་པོ་བཞུགས། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར་བའི་མདངས། །སྤྱི་གཙུག་དབང་གི་རྟ་སྐད་འཚེར་བ་ཡིས། །དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཟིལ་གྱིས་གནོན། །ཕྱག་གཡས་རྡོ་རྗེའི་དབྱུག་པས་དགྲ་གེགས་འདུལ། །ཐམས་ཅད་ཟིལ་གནོན་ཕྱག་གཡོན་སྡིགས་མཛུབ་མཛད། །བརྐྱང་བསྐུམ་དོར་སྟབས་ཞིང་ལྤགས་གཡང་གཞི་ཅན། །སྟག་གི་ཤམ་ཐབས་སྦྲུལ་གྱིས་ཡན་ལག་བརྒྱན། །པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། ཧཱུྃ། །དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ། །ཐུགས་མཆོག་སྐྱེ་མེད་ལྷུན་གྱིས་གྲུབ་བྱའི་ཕྱིར། །གསང་བའི་བདག་པོ་ཐུགས་ཀྱི་དཀྱིལ་ན་བཞུགས། །སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པས་རྡོ་རྗེ་རྩེ་ལྔ་སྟངས་སྟབས་མཛད། །ཐམས་ཅད་ཟིལ་གནོན་ཕྱག་གཡོན་སྡིགས་མཛུབ་མཛད། །སྟག་ལྤགས་ཤམ་ཐབས་རིན་ཆེན་སྦྲུལ་གྱིས་བརྒྱན། །ཞབས་གཉིས་བརྐྱང་བསྐུམ་སྟངས་སྟབས་


TR008_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

འགྱིང་བག་ཅན། མཐུ་སྟོབས་རྡོ་རྗེ་འཛིན་ལ་ཕྱག་འཚལ་བསྟོད། ཧཱུྃ། དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ། ཡོན་ཏན་འདོད་པའི་དོན་རྣམས་ལྷུན་གྲུབ་ཕྱིར། །མཁའ་འགྲོ་སྡེ་ལྔའི་དཀྱིལ་འཁོར་ལྟེ་བར་བཞུགས། །སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་པ། །གཡས་པ་གྲི་གུག་གཡོན་པ་ཐོད་ཁྲག་བསྣམས། །རྡོ་རྗེ་ཁ་ཊྭཱཾ་རྩེ་གསུམ་མཆན་ཁུང་བརྟེན། །རིན་ཆེན་རུས་པའི་རྒྱན་ལྔ་རབ་ཏུ་འཁྲོལ། །ཐམས་ཅད་དབང་སྡུད་རིགས་བཞི་མཁའ་འགྲོས་བསྐོར། །ཡེ་ཤེས་མཁའ་འགྲོ་མ་ལ་ཕྱག་འཚལ་བསྟོད། ཧཱུྃ། །དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ། །ཕྲིན་ལས་ལྷུན་གྲུབ་མཐའ་ཡས་ཁྲོས་པའི་ཁྱུང་། །སྤྱི་བོའི་གཙུག་ན་ལྷ་འདྲེ་གཉེན་པོར་ལྡིང་། །བྱ་ཁྱུང་མཐིང་ནག་མེ་ཡི་གཤོག་པ་ཅན། །ཁྲོ་གཉེར་སྤྱནགསུམ་རྡོ་རྗེའི་མཆུ་སྡེར་གྱིས། །ཞེ་སྡང་གདུག་པའི་ཀླུ་རྣམས་ཞལ་དུ་གསོལ། །གནམ་ལྕགས་རལ་པ་དྲག་པོའི་ཚ་ཚ་འཕྲོ། །རིགས་ཀྱི་བདག་པོས་དབུ་ཡི་གཙུག་ཏུ་བརྒྱན། །མི་འགྱུར་རྡོ་རྗེ་འབར་བའི་བ་སྤུ་ལས། །སྤྲུལ་


TR008_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་སྤྲུལ་བྱ་ཁྱུང་མང་པོ་འགྱེད། །རལ་གྲི་འབར་བའི་གཤོག་པ་གཡས་གཡོན་ལས། །ཡེ་ཤེས་སྦལ་གྱི་མེ་སྒྲ་འབྲུག་སྟོང་ལྡིར། །མཐའ་ཡས་ཁྲོས་པའི་ཁྱུང་ལ་ཕྱག་འཚལ་བསྟོད། ཧཱུྃ། །དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ། །དབང་དྲག་སྟོབས་ཀྱིས་དགྲ་གེགས་འདུལ་བའི་ཕྱིར། །སྐུ་ཡི་སྤྲུལ་པ་ཡཀྴ་མེ་དབལ་འགྱེད། །ཞལ་གཅིག་ཕྱག་གཉིས་འཇིགས་ཚུལ་ཁྲོ་བོའི་སྐུ། །སྐུ་མདོག་མཐིང་ནག་འཇིགས་པའི་འགྱིང་བག་ཅན། དཔའ་བོ་ལྟག་གི་ཤམ་ཐབས་སྐུ་སྨད་དཀྲིས། །སྐུ་ལས་བསྐལ་པའི་མེ་རི་སྨུག་ནག་འབར། །ཀླུ་རྣམས་འདུལ་ཕྱིར་སྦྲུལ་གྱིས་ཡན་ལག་བརྒྱན། །དབུ་སྐྲ་རལ་པ་དམར་སེར་གྱེན་དུ་བརྫེས། །གཅེར་བུ་སྟངས་སྟབས་ཁྲོ་གཉེར་གློག་སྟོང་འགྱུ། །ཕྱག་གཡས་རྡོ་རྗེ་ཐོ་བ་བསྣམས་པ་ཡིས། །དགྲ་གེགས་འབྱུང་པོ་རྣམས་ཀྱི་གཤེད་དུ་ཚེ། །གཡོན་པ་རྫུ་འཕྲུལ་མེ་ཡི་ཞགས་པ་ཡིས། །དམ་ཉམས་འབྱུང་


TR008_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྡུལ་དུ་རླག་པར་བྱེད། །ཡཀྴ་མེ་དབལ་སྐུ་ལ་ཕྱག་འཚལ་བསྟོད། །པདྨ་འབྱུང་གནས་འགྲོ་བའི་སྐྱབས་མགོན་མཆོག །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་བཅས། །ལྷ་ཚོགས་ཀུན་ལ་གུས་པས་བསྟོད་བགྱིས་ན། །བདག་སོགས་ཁྱེད་ཀྱིས་གོ་འཕང་མྱུར་འགྲུབ་ཤོག །དེ་ནས་འཛབ་བསྙེན་བྱ་བ་ནི། །དྲག་པོ་ཕྱི་ནང་གསང་བའི་སྒྲུབ་པ་ལས་ཁ་ཚར་གྱི་བྱེ་བྲག་སོགས་ནི་སྒྲུབ་གཞུང་ཉིད་ནས་འབྱུང་མོད་ཀྱི། །འདིར་ལས་གཞུང་རྒྱུན་ཁྱེར་གྱི་རྩ་སྔགས་བཟླ་བ་ནི། །བདག་ཉིད་པདྨ་དྲག་པོར་གསལ་བ་ཡིས། །ཐུགས་ཀྱི་ལྷ་མཆོག་གསང་བདག་ཕྱག་རྡོར་གྱི། །ཐུགས་ཀར་གསེར་གྱི་མཆོད་རྟེན་བུམ་པའི་དབུས། །འཁོར་ལོ་རྩིབས་བཞིའི་ལྟེ་བར་ཧཱུྃ་དམར་ལ། སྔགས་ཕྲེང་མེ་ཡི་མདོག་འདྲ་གཡས་སུ་འཁོར། །འོད་འཕྲོས་རྒྱལ་བ་ཀུན་མཆོད་དངོས་གྲུབ་བསྡུས། །སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་སྡུག་བསྔལ་གསལ། །སྡེ་བརྒྱད་དམ་སྲི་འབྱུང་པོ་རྒྱལ་


TR008_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

བསེན་ཚོགས། ལུས་སྲོག་རྡུལ་བརླག་ལས་ངན་རྒྱུན་བཅད་ཅིང་། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་ཐེམ་པར་གྱུར། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨར་ཙིག་ནིར་ཙིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊཿ ཨོཾ་ཨཱཿཧཱུྃ་པདྨ་སིདྡྷི་ཧཱུྃ་ཧཱུྃ་ཕཊཿ ཨ་ཡ་མ་དུ་རུ་ཙ་ཤ་ན། ས་མ་ཡ་ཧཱུྃ་ཕཊཿ ཨོཾ་བཛྲ་ཡཀྴ་ཧཱུྃ། རཀྴ་ཧཱུྃ་ཕཊཿ རཱ་ཛཱ་གནོད་བྱེད་ཀྱི་སྙིང་ལ་མ་ར་ཡ་ཧཱུྃ་ཕཊཿ ཅེས་ལོང་སྐབས་དང་བསྟུན་ཏེ་ཅི་ནུས་བཟླས་པའི་མཐར། །ལྷག་པའི་ལྷ་མཆོག་པདྨ་དྲག་པོ་རྩལ། །འཇབ་བསྙེན་མཆོད་པ་ཕུལ་བའི་བྱིན་རླབས་ཀྱིས། །ལུས་ངག་ཡིད་ཀྱི་སྒྲིབ་པ་ཀུན་བྱང་སྟེ། །ལྷ་དང་གཉིས་སུ་མེད་པར་བདག་འགྲུབ་ཤོག །དེ་ཡན་ཆད་ཀྱི་དངོས་གཞིའི་རིམ་པ་གྲུབ་ནས། གསུམ་པ་རྗེས་ཀྱི་ལས་རིམ་རྣམས་ཀྱི་དང་པོར་ཚོགས་ཀྱི་མཆོད་པ་བྱ་བ་ནི། །རིན་ཆེན་གྱི་སྣོད་དུ་བཤོས་ཆེན་རྒྱན་ལྡན་བཟའ་བཏུང་འདོད་ཡོན་གྱི་ལོངས་སྤྱོད་རྒྱ་ཆེར་འཛོམ་པ་


TR008_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་ལྤགས་སོགས་ཀྱི་གདན་སྟེངས་སུ་བཤམས་ལ་བདུད་རྩིའི་ཟེར་ལས་ཁྱབ་པར་མཐོར་སྟེ། ཧཱུྃ། ཆོས་སྐུ་རྣམ་དག་སྐྱེ་བ་མེད་པ་ལས། །ལོངས་སྐུ་འགག་མེད་འོད་དཔག་མེད་དུ་ཤར། །སྣ་ཚོགས་སྤྲུལ་སྐུ་མ་ཧཱ་གུ་རུའི་སྐུ། །དབང་དྲག་པདྨ་དཔལ་གྱི་ཐུགས་ཀ་ནས། །རྃ་ཡྃ་ཁྃ་གསུམ་ཡིག་འབྲུའི་འཕྲོ་འདུ་ལས། །ཚོགས་ཀྱི་ཞལ་ཟས་འདོད་ཡོན་ལོངས་རྣམས། །མི་གཙང་དྲི་མ་ཉེས་པའི་སྐྱོན་རྣམས་ཀུན། །བསྲེག་གཏོར་བཀྲུ་ཞིང་བག་ཆགས་སྦྱང་བར་བྱ། བཛྲ་ཛྭ་ལ་རྃ། ཡྃ་སྥ་ར་ཎ་ཕཊཿ ཁྃ་ཤུདྡྷོ྅ཧཾ། རང་གི་ཐུགས་ཀའི་ས་བོན་ལས་བྱུང་བའི། །རྃ་ཡྃ་ཀེ༚་དང་ཨཱཿཡིག་འཕྲོ་འདུ་ལས། མེ་རླུང་ཐོད་སྐྱེད་བནྡྷའི་སྣོད་ནང་དུ། །ཨོཾ་ཨཱཿཧཱུྃ་གི་ཡིག་འབྲུའི་འཕྲོ་འདུ་ལས། །ཚོགས་ཀྱི་ཞལ་ཟས་ཤ་ལྔ་བདུད་རྩི་ལྔ། །ཟག་མེད་ཡེ་ཤེས་བདུད་རྩི་རྒྱ་མཚོ་ལས། །འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་རུ། །རྒྱལ་བའི་


TR008_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

། ཐུགས་དམ་བསྐང་ཕྱིར་བྱིན་གྱིས་བརླབས། ཨོཾ་ཨཱཿཧཱུྃ། །མཧཱ་ག་ཎ་ཙཀྲ་སརྦ་སཉྩ་ཨ་མྲྀ་ཧཱུྃ་ཧྲཱིཿཐཱ།། །རླུང་གཡོས་མེ་སྦར་ཐོད་པའི་བདུད་རྩི་ཁོལ། །རླངས་པའི་འོད་ཀྱི་རབ་འབྱམས་རྒྱལ་བ་མཆོད། །ཡེ་ཤེས་བདུད་རྩི་བཀུག་ནས་ཐོད་པར་ཐིམ། །དམ་ཡེ་དབྱེར་མེད་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཞེས་པས་ཚོགས་རྫས་བྱིན་གྱིས་བརླབས་ན། ཚོགས་མགྲོན་སྤྱན་དྲངས་པ་ནི། རོལ་མོའི་དབྱངས་དང་བཅས་པས། ཧཱུྃ་ཧཱུྃ། ནུབ་ཕྱོགས་ཨུ་རྒྱན་ཡུལ་གྱི་དུར་ཁྲོད་ནས། །གནས་གསུམ་མཁའ་འགྲོ་སྤྲིན་ཕུང་འདུས་པའི་དབུས། །ཆགས་བྲལ་པད་ཉི་རོ་ཡི་གདན་སྟེང་ན། །རྔམས་འཇིགས་སྟོབས་ལྡན་པདྨ་ཐོད་ཕྲེང་སྐུ། །དུས་ངན་སྙིགས་མའི་འགྲོ་བ་འདུལ་བ་དང་། །བདག་ཅག་རྗེས་འཇུག་ཐུགས་རྗེས་བཟུང་སླད་དུ། །ཞལ་ཟས་འདོད་ཡོན་ཚོགས་ལ་སྤྱན་འདྲེན་ན། །ཐུགས་རྗེ་རྫུ་འཕྲུལ་ལྡན་


TR008_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐུ་བསྐྱོད་ལ། །བྱིན་རླབས་དངོས་གྲུབ་འབེབས་ཅིང་གཤེགས་སུ་གསོལ། །དགའ་བདེ་ཡེ་ཤེས་རྒྱུད་ལ་སྤར་བའི་ཕྱིར། །ཕག་མོ་ཡུམ་དང་བཅས་ཏེ་གཤེགས་སུ་གསོལ། །ཞི་བས་འཇིགས་པ་བརྒྱད་ལས་སྐྱོབས་པའི་ཕྱིར། །རྡོ་རྗེ་མཁའ་འགྲོའི་ཚོགས་དང་གཤེགས་སུ་གསོལ། །རྒྱས་པས་འབྱོར་པ་དྲུག་དང་ལྡན་པའི་ཕྱིར། །རིན་ཆེན་མཁའ་འགྲོའི་ཚོགས་དང་། །དབང་མཆོག་མོས་པ་བཞི་དང་ལྡན་པའི་ཕྱིར། །པདྨ་མཁའ་འགྲོའི་ཚོགས་དང་། དྲག་པོ་མངོན་སྤྱོད་ལས་རྣམས་གྲུབ་པའི་ཕྱིར། །ལས་ཀྱི་མཁའ་འགྲོའི༴ ཕྲིན་ལས་སྣ་ཚོགས་མ་ལུས་གྲུབ་པའི་ཕྱིར། །དཔའ་བོ་མཁའ་འགྲོའི་ཚོགས༴ བསྟན་པ་བསྲུང་ཞིང་བར་ཆད་བསལ་བའི་ཕྱིར། །བཀའ་སྲུང་ཆོས་སྐྱོང་ཚོགས་དང་གཤེགས་སུ་གསོལ། །གུ་རུ་པདྨ་སརྦ་ཌཱ་ཀི་ནཱི། །ཨེ་པཱ་ར་ལི་ཕེ༚་ཕེ༚། ཧཱུྃ། །ཚོགས་ཁང་དུར་ཁྲོད་འབར་བའི་གཞལ་ཡས་འདིར། །ཉི་ཟླ་པདྨ་བཾ་ཆེན་གདན་དུ་གཏིང་། །འཕན་གདུགས་བླ་བྲེས་གྲིབ་ཡོལ་


TR008_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་གྱིས་སྤྲས། །ཞལ་ཟས་ཚོགས་ཁང་འབར་བའི་ཕྲོང་འདིར། །དབང་དྲག་པདྨ་མཁའ་འགྲོའི་ཚོགས་དང་བཅས། །རྔམས་དགྱེས་པའི་ཚུལ་གྱིས་བཞུགས་སུ་གསོལ། །བཛྲ་ས་མ་ཡ་ཏིཥྛ་ལྷན། ཧཱུྃ། །མཐའ་ཡས་སྤྲུལ་པ་སྐྱེ་འགྲོ་ཡོངས་ཀྱི་མགོན། །ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །བྱིན་གྱིས་བརླབས་པ་པདྨ་ཐོད་ཕྲེང་རྩལ། །ཡོན་ཏན་འགྲན་མེད་ཆེ་མཆོག་ཧེ་རུ་ཀ །དབང་དྲག་པདྨའི་སྐུ་ལ་ཕྱག་འཚལ་ལོ། ཨ་ཏི་པཱུ་ཧོ། པྲ་ཏི་ཛ་ཧོཿཨ་ལ་ལ་ཧོཿདེ་ནས་ཚོགས་ཕུད་རིམ་གསུམ་སྣོད་སོ་སོར་བཅུག་ནས་བཤམས་པའི་དང་པོ་ནི། ཧཱུྃ། །དབང་དྲག་པདྨ་འཁོར་དང་བཅས་པ་ལ། །འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ་བ་ནི། །གཟུགས་ཀྱི་ལྷ་མོ་མཛེས་པ་མེ་ལོང་བསྣམས། །བརྒྱན་གྱི་མཆོད་པར་འབུལ་ལོ་བཞེས་སུ་གསོལ། །སྒྲ་ཡི་ལྷ་མོ་སྙན་པའི་རོལ་མོ་འཐོགས། །སྙན་ལ་མཆོད་པར་འབུལ་ལོ་བཞེས་སུ་གསོལ། །དྲི་ཡི་ལྷ་


TR008_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

མོ་དྲི་ཞིམ་བདུག་སྤོས་ཐོགས། །ཤངས་ཀྱི་མཆོད་པར་འབུལ་ལོ༴ རོ་ཡི་ལྷ་མོ་ཟས་མཆོག་ཞོང་པ་ཐོགས། ལྗགས་ལ་མཆོད་པར༴ རེག་བྱའི་ལྷ་མོ་གཉན་འཇམ་ན་བཟའ་འཐོགས། སྐུ་ལ་མཆོད༴ ཆོས་ཀྱི་ལྷ་མོ་བདེ་སྟོང་ཆོས་འབྱུང་འཛིན། ཐུགས་ལ་མཆོད་པར་འབུལ་ལོ༴ ཨོཾ་ག་ཎ་ཙཀྲ་རཱུ་པ། ཤཔྟ། གནྡྷ། རཱ་ས། སྤརྴེ། དྷརྨ་པཱུ་ཛ་མེ་གྷ་ཨཱཿཧཱུྃ། ཞེས་པས་ཚོགས་ཕུད་དང་པོ་གཏོར་མའི་ནང་དུའམ་དེའི་དྲུང་དུ་ཕུལ་ལོ། །ཚོགས་པར་བས་ཉམ་ཆགས་བཤགས་པ་ནི། ཧཱུྃ། དབང་དྲག་པདྨའི་ལྷ་ཚོགས་དགོངས་སུ་གསོལ། །བདག་ཅག་རྣལ་འབྱོར་དབང་ཕྱུག་རྡོ་རྗེ་འཛིན། །བསྐལ་པ་ཐོག་མ་མེད་པའི་སྔོན་རོལ་ནས། །མཐའ་མ་ལུས་འདི་བླངས་པ་ཡན་ཆོད་དུ། །མ་རིག་ཉོན་མོངས་འཁྲུལ་པའི་དབང་གྱུར་པས། །ལུས་ངག་ཡིད་གསུམ་མི་དགེའི་ལས་བགྱིས་ཏེ། །རྒྱལ་བའི་སྐུ་གསུང་ཐུགས་དང་འགལ་གྱུར་པ། །ཞལ་ཟས་ཚོགས་ཀྱི་


TR008_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་ལ་བརྟེན་ནས། །གནོང་ཞོང་འགྱོད་པའི་སེམས་ཀྱིས་བཤགས་པར་བགྱི། །ཐུགས་རྗེ་བརྩེ་བས་ཚངས་པར་ཡར་བཞེས་ནས། །ཡེ་ཤེས་དོན་གྱི་དངོས་གྲུབ་སྩལ་དུ་གསོལ། ས་མ་ཡ་ཨ་ཨ། ཞེས་པས་ཚོགས་བར་པ་འབུལ། དེ་ནས་ཚོགས་ཐ་མ་ལ་གནོད་བྱེད་བསྟིམ་ཞིང་བསྒྲལ་སྟབ་བྱ་བ་ནི། ན་མོ། དཀོན་མཆོག་གསུམ་དང་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྲུང་རྣམས་ཀྱི་བྱིན་རླབས་ནུས་པའི་མཐུ་སྟོབས་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་ཆེན་པོས། དེང་འདིར་བསྟན་པ་ལ་གནོད་ཅིང་སེམས་ཅན་ལ་འཚེ་བར་བྱེད་པ་དང་། རྣལ་འབྱོར་བདག་ཅག་དམ་པའི་ཆོས་སྒྲུབ་པ་ལ་བར་དུ་གཅོད་པའི་དགྲ་གེགས་འབྱུང་པོ་གང་ཡིན་པ་དེ་དག་སྐད་ཅིག་གིས་ཚོགས་ཐ་མ་འདི་ལ་ཁུག་ཛཿ ཧཱུྃ། དབང་དྲག་པདྨ་ཐོད་ཕྲེང་རྩལ། །རྔམས་དྲག་གཏུམ་པའི་རང་བཞིན་ལས། ཡཀྴ་མེ་དབལ་སྐར་ལྟར་འཁྲུག །ལས་བྱེད་ཕོ་ཉས་སྟོང་གསུམ་


TR008_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

གང་། །སྒྲོལ་བྱེད་མཚོན་ཆའི་ཆར་ཆེན་འབེབས། །གནོད་བྱེད་གཟུགས་ཕུང་དུམ་བུར་གཏུབ། །ལྔ་ཕུང་ལྷ་ཡི་ཞལ་དུ་སྟབ། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་ཕཊ། །གནོད་བྱེད་འབྱུང་པོ་མ་ར་ཡ་རྦད་རྦད། ཅེས་ཚོགས་ཐ་མ་དེ་དུམ་བུར་གཏུབ་ལ་དགྲ་གེགས་ཀྱི་ཤ་ཁྲག་ཏུ་དམིགས་ནས་གཏོར་མར་འབུལ་ཞིང་། ཧཱུྃ། དབང་དྲག་པདྨའི་ལྷ་ཚོགས་སྐུར་བཞེངས་ལ། །རྔམས་བརྗིད་རབ་ཏུ་འཇིགས་པའི་ཞལ་ཕྱེ་ཅིག །གྲུ་གསུམ་དམར་ནག་འབར་བའི་སྣོད་ནང་དུ། །དགྲ་གེགས་འབྱུང་པོ་བསྒྲལ་བའི་ཤ་ཁྲག་འདི། །དབང་དྲག་པདྨའི་ལྷ་ཚོགས་ཞལ་དུ་སྟབ། །དགྱེས་པར་རོལ་ཅིག་བཛྲ་ཨ་ར་ལི། །གཏི་མུག་ཤ་ལ་ཆེམ་ཆེམ་དགྱེས་པར་རོལ། །འདོདཆགས་ཁྲག་ལ་རྫིབ་རྫིབ་དགྱེས་པར་རོལ། ཞེ་སྡང་རུས་ལ་ཀྲུམ་ཀྲུམ་དགྱེས་པར་རོལ། །དངོས་གྲུབ་བར་ཆོད་བྱེད་པའི་དགྲ་དང་བགེགས། །དུག་གསུམ་ཤ་ཁྲག་རུས་པའི་མཆོད་པ་འདི། །དབང་དྲག་


TR008_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ཁྱེད་ཀྱིས་བཞེས་ནས་ཀྱང་། །བྱང་ཆུབ་བསྒྲུབ་ལ་བར་ཆད་མེད་པར་མཛོད། མ་ཧཱ་མཱཾ་ས༴ རཀྟ༴ ཀེ༚་ནི་རི་ཏི། མ་ཧཱ་ཙིཏྟ། གོ་རོ་ཙ་ན། བ་སུ་ཏ་ཁཱ་ཧིཿ དེ་ནས་སྒྲུབ་པ་པོ་དཔོན་སློབ་མཆེད་ལྕམ་རྣམས་ལ་ཚོགས་དྲངས་ཤིང་དངོས་གྲུབ་བླང་བ་ནི། ཧཱུྃ། དབང་དྲག་པདྨའི་ལྷ་ཚོགས་དགོངས་སུ་གསོལ། །སྙིགས་མ་རྩོད་ལྡན་དུས་ཀྱི་མཐའ་མ་འདིར། །འཁོར་བའི་རྒྱ་མཚོར་བྱིང་བའི་འགྲོ་བ་བདག །ཁྱོད་ལ་སྐྱབས་གསོལ་ཡུན་དུ་མཆོད་བགྱི་ན། །ཡེ་ཤེས་ཐུགས་རྗེའི་སྤྱན་གྱིས་གཟིགས་ནས་ཀྱང་། །ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་། །མཆོག་དང་ཐུན་མོང་དངོས་གྲུབ་ཐམས་ཅད་ཀུན། །ཞལ་ཟས་ཚོགས་མཆོད་འདི་ལ་ཆར་ལྟར་ཕོབས། །དུས་འདི་ཉིད་ལ་བདག་ལ་སྩལ་དུ་གསོལ། །འགྱུར་མེད་སྐུ་ཡི་དངོས་གྲུབ༴ འགག་མེད་གསུང་༴ འཁྲུལ་མེད་ཐུགས༴ ཡོན་ཏན་ལྷུན་གྱིས་གྲུབ་པའི༴ ཕྲིན་ལས་ཐོགས་པ་མེད་པའི་དངོས་གྲུབ་སྩོལ།


TR008_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཀཱ་ཡ་སིདྡྷི་ཧཱུྃ། ཝཱཀ་སིདྡྷི་ཨཱཿཙིཏྟ་སིདྡྷི་ཧཱུྃ། གུ་ཎ་སིདྡྷི་སྭཱ། ཀརྨ་སིདྡྷི་ཧཱ། ཞེས་པས་ཚོགས་ལ་རང་ཉིད་ལྷའི་རྣལ་འབྱོར་གྱི་ངང་ནས་རོལ་ཞིང་། དེ་ལྟར་ལྷ་ལ་ཕུལ་ཞིང་རྣལ་འབྱོར་པ་རྣམས་ལ་དྲངས་པའི་ཚོགས་ཀྱི་ལྷག་མ་གང་ཡོད་ཐམས་ཅད་སྣོད་ཆེ་བ་གཅིག་ཏུ་སྤུངས་ཏེ་དཀྱིལ་འཁོར་གྱི་མཐའ་ཟུར་ཅིག་ཏུ་བཞག་ནས་སྨན་རག་སྦྲན་པ་ལ། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབས་པས། བཀའ་སྡོད་སྲུང་མ་ལྷག་མའི་མགྲོན་རྣམས་ཇི་ལྟར་དགྱེས་པའི་ལོངས་སྤྱོད་ཕུན་ཚོགས་སུ་དམིགས་ལ། ཧཱུྃ། དབང་དྲག་པདྨའི་འཁོར་དུ་གནས་པ་ཡི། །ཕྱི་འཁོར་སྐྱོང་བའི་སྲུང་མ་ཐམས་ཅད་དང་། །དབང་ཕྱུག་མཁའ་འགྲོ་གང་གི་དང་ལངྐ་དང་། །ཕྲ་མན་ཤུགས་འགྲོ་གཤིན་རྗེ་སྲིན་པོའི་ཚོགས། །འཇིགས་པའི་ལུས་ལ་རྔམས་པའི་ཆ་བྱད་ཅན། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང་། །རྫུ་འཕྲུལ་ཐོགས་མེད་དཔལ་གྱི་ཕམ་ཕབ་བསྡུད། །ཏིང་འཛིན་དྲོད་མྱུལ་རྣལ་འབྱོར་ཚོགས་ཁང་འགྲིམ། །རང་རང་སྤྲུལ་པ་འཁོར་


TR008_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་རྣམས། །ཞལ་ཟས་ཚོགས་ཀྱི་ལྷག་མ་འདི་བཞེས་ལ། ཇི་ལྟར་དབང་བའི་ཕྲིན་ལས་སོ་སོར་མཛོད། ཨོཾ་ཨུ་ཙིཥྚ། སརྦ་ཌཱཀི་ནཱི། བ་ལིནྟ་ཁཱ་ཧི། ཞེས་ནམ་མཁའ་མཐོང་བའི་གཙང་སར་བསྐྱལ་ཞིང་སྣོད་དེ་ཉིད་བཤལ་བའི་བཤལ་ཆུ་ཡང་དེ་ཕྱོགས་སུ་གཏོར་རོ། དེ་ལྟར་རྒྱུན་གྱི་བསྐང་གསོ་ལས་གཞུང་ནི་འདི་ཀས་ཆོག་ཚེ། འདིའི་མཇུག་ཏུ་བསྔོ་སྨོན་ཤིས་བརྗོད་སོགས་བྱ་ཞིང་།། ༈ །།གལ་ཏེ་ཚེས་བཅུ་སོགས་དུས་བཟང་གི་གཏོར་ཆོག་རྒྱས་པར་བྱ་བའམ། བར་ཆད་སེལ་བའི་རིམ་འགྲོ་ལྟ་བུ་གལ་ཅན་གྱི་སྐབས་སུ་གཏོར་མཆོད་ཀྱང་ཆེར་བཤམས་ཞིང་། ཐུགས་དམ་གནད་ནས་བསྐུལ་ཏེ་ཕྲིན་ལས་གཞོལ་བ་ནི་ཚོགས་ལྡན་གྲུབ་པའི་སྐབས་འདིར། གཏོར་མ་རྣམས་བསྐུལ་ཞིང་སྨན་རག་བྲན། བསུར་དུད་རྔ་གླིང་རོལ་མོའི་སྒྲ་དང་བཅས་པས་སྒྲུབ་པ་པོ་དད་གུས་གདུང་ཤུགས་དྲག་པོ་བསྐྱེད་དེ་དབྱངས་ཀྱི་ང་རོས་འདི་ལྟར་བསྐུལ་བར་བྱའོ། །ཧཱུྃ། དུར་ཁྲོད་འཇིགས་སུ་རུང་བའི་ཕོ་བྲང་ནས། རྔམས་བརྗིད་སྟོབས་ལྡན་པདྨ་ཐོད་ཕྲེང་རྩལ། །ཐམས་ཅད་ཟིལ་གནོན༴


TR008_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་པོའི་གདན་ལ་བཞེངས། །ཆགས་པའི་སྐྱོན་བྲལ་པདྨའི་ལྟ་བ་ལ། །ཐུགས་རྗེ་རྨད་བྱུང་ཟླ་བའི་དཀྱིལ་འཁོར་སྟོང་། །ཉོན་མོངས་འདམ་སྐམ་ཉི་མའི་དཀྱིལ་འཁོར་འབར། །མ་བཅོས་རང་བྱུང་ཧཱུྃ་གི་འཕྲོ་འདུ་ལས། །བདེན་པའི་སྟོབས་རྒྱས་བྱིན་རླབས་ཚ་ཚ་ཁོལ། །འཇིག་རྟེན་དྲེགས་པའི་ཚོགས་རྣམས་ཚར་གཅད་ནས། །གསུང་གི་དབང་ཕྱུག་ཧེ་རུ་ཀ་ཡི་སྐུ། །དཔའ་ལ་སྒེག་པའི་ཆ་ལུགས་གསལ་བར་ལྡན། །རྔམས་ལ་བརྗིད་པའི་ཁོ་བོ་གཡུལ་ལས་རྒྱལ། །གཏུམ་ལ་འཇིགས་པའི་ཁྲག་འཐུང་ཧེ་རུ་ཀ །བདུད་ཀྱི་དཔུང་རྣམས་འཇོམས་པའི་མཐུ་སྟོབས་ཅན། །ཆེ་མཆོག་བགེགས་འདུལ་པདྨ་ཐོད་ཕྲེང་རྩལ། །ཐུགས་ཉིད་ཀློང་ཡངས་འཇིག་རྟེན་ལྟོ་བར་བཅུག །དམ་ལས་འགལ་བའི་དགྲ་གེགས་འབྱུང་པོ་རྣམས། །རང་དབང་མེད་པར་དབང་དུ་བསྡུས་ནས་ཀྱང་། །བསད་བཅད་གཏུབ་ནས་ཤ་ཁྲག་རུས་པ་འཆའ། །ཁྱོད་ནི་དུས་ངན་བསྟན་པའི་རྒྱལ་ལན་


TR008_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །བསྟན་ལ་སྡང་བ་ཐམས་ཅད་ཕུང་བར་མཛོད། །བགེགས་འདུལ་པདྨའི་ཐུགས་དམ་དབྱིངས་ནས་བསྐུལ། །དུག་གསུམ་ཤ་ཁྲག་མཆོད་པ་འདི་བཞེས་ལ། །ཐུགས་དམ་དུས་ལ་བབ་པོ་ས་མ་ཡ། ཧཱུྃ། །དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ། །སྐུ་མཆོག་ནམ་མཁའི་ཁམས་གང་འཇིགས་པ་ལ། །ལྟ་བས་ཆོག་མི་ཤེས་པའི་མཚན་དཔེར་ལྡན། །སྐུ་མདོག་དམར་པོ་བསྐལ་པའི་མེ་ལྟར་འབར། །དབུ་སྐྲ་ཁམས་ནག་རལ་པ་གྱེན་དུ་འཁྱིལ། །སྤྱན་རྩ་དམར་པོ་གདངས་མིག་ཕྱོགས་བཅུར་བགྲད། །བར་སྣང་ཁམས་གྱི་གདོན་ཚོགས་རླགས་པར་བྱེད། །ཞལ་བགྲད་མཆེ་གཙིགས་དྲག་པོའི་རྐན་སྒྲ་རྡེབ། །གཟི་བརྗིད་འོད་ཀྱི་སྟོང་ཁམས་མ་ལུས་བསྲེག །ཁྲོས་པའི་རྐན་རྡེབ་རི་རབ་ཐང་ལ་བསྙིལ། །རྔམས་པའི་སྟོབས་ཀྱིས་རྒྱ་མཚོ་ཧུབ་ཀྱིས་འདེབས། །ཐུགས་རྗེའི་ཤུགས་ཀྱིས་འགྲོ་དྲུག་ཞལ་དུ་གསོལ། །རྔམས་བརྗིད་པདྨའི་ཐུགས་དམ་དབྱིངས་ནས་བསྐུལ། དུག་གསུམ་ཤ་ཁྲག་


TR008_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་འདི་བཞིས་ལ། །ཐུགས་དམ་དུས་ལ་བབ་པོ་ས་མ་ཡ། ཧཱུྃ། དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ། །ཆོས་ཉིད་མི་འགྱུར་ཕྱག་གཡས་རྡོ་རྗེ་བསྣམས། །འདྲེ་གདོན་འདུལ་ཕྱིར་ཕྱག་གཡོན་སྡིག་པ་བསྣམས། །གླང་ཆེན་མི་ལྤགས་སྟག་ཤམ་སྦྲུལ་གྱིས་བརྒྱན། །ཐོད་རློན་དོ་ཤལ་རིན་ཆེན་རུས་རྒྱན་དང་། །དུར་ཁྲོད་ཆས་ལྡན་གནས་གསུམ་བྱུགས་པས་མཚན། །ཉོན་མོངས་བསྲེག་བྱེད་མེ་དཔུང་ཀློང་ན་བགྱིང་། །ཆས་ལྡན་པདྨའི་ཐམས་དམ་དབྱིངས་ནས་བསྐུལ། །དུག་གསུམ་ཤ་ཁྲག༴ ཐུགས་དམ་དུས་ལ༴ ཧཱུྃ། །དྲག་པོ་པདྨ་རྡོ་རྗེ༴ སྐུ་དབང་རྫོགས་ཕྱིར་འཇམ་དཔལ་དབུ་ལ་བཞུགས། །གསུང་དབང་རྫོགས་ཕྱིར་རྟ་མགྲིན་མགྲིན་པར་བཞུགས། །ཐུགས་དབང་རྫོགས་ཕྱིར་ཕྱག་རྡོར་ཐུགས་ཀར་བཞུགས། །ཡོན་ཏན་འདོད་པའི་དོན་རྣམས་ལྷུན་གྲུབ་ཕྱིར། །མཁའ་འགྲོ་སྡེ་ལྔའི་དཀྱིལ་འཁོར་ལྟེ་བར་བཞུགས། །ཕྲིན་ལས་རྫུ་འཕྲུལ་ཐོགས་པ་མེད་པའི་ཕྱིར། །སྤྱི་བོའི་སྟེང་ན་ལྕགས་ཀྱི་བྱ་ཁྱུང་ལྡིང་། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་ཚར་བཅད་ཕྱིར། །སྐུ་ཡི་


TR008_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པ་ཡཀྴ་མེ་དབལ་འགྱེད། རྣམ་དག་པདྨའི་ཐུགས་དམ་རྒྱུད་ནས་བསྐུལ། །དུག་གསུམ་ཤ་ཁྲག༴ ཐུགས་དམ་དུས་ལ༴ ཧཱུྃ། དྲག་པོ་པདྨ༴ སྐུ་ཡི་གཟི་བརྗིད་འབར་བའི་འོད་ཟེར་གྱིས། །སྲིད་པ་གསུམ་ཡང་ཟིལ་གྱིས་གནོན་པར་བྱེད། །གསུང་གི་ང་རོ་རྔམས་པའི་གདངས་སྐད་ཀྱིས། ཁམས་གསུམ་མ་ལུས་དབང་དུ་སྡུད་པར་བྱེད། །ཐུགས་ཉིད་བྱམས་པའི་ཐུགས་རྗེ་ཚད་མེད་ཀྱིས། །འགྲོ་དྲུག་མ་ལུས་འཁོར་བའི་གནས་ནས་འདྲེན། །ཨ་ར་ལི་ཡི་སྒྲ་ཆེན་སྒྲོག་པ་ཡིས། །མ་མོ་མཁའ་འགྲོ་ཐམས་ཅད་དབང་དུ་སྡུད། ཧཱུྃ་དང་ཕཊ་ཀྱི་སྒྲ་ཆེན་སྒྲོག་པ་ཡིས། །དྲེགས་པ་ལྷ་སྲིན་སྡེ་བརྒྱད་དམ་ལ་འདུ། །སྟོབས་ལྡན་པདྨའི་ཐུགས་དམ་དབྱིངས་ནས་བསྐུལ། །དུག་གསུམ་ཤ་ཁག ཐུགས་དམ་དུས་ལ༴ ཧཱུྃ། དྲག་པོ་པདྨ་རྡོ་རྗེ༴ སྤྱི་བོའི་གཙུག་ནས་ཁྱུང་ཆེན་སྤྲུལ་པ་འགྱེད། ཡང་སྤྲུལ་ཁྱུང་གིས་སྟོང་གསུམ་འཇིག་རྟེན་འགྱེངས། ག་རུ་ཌ་ཡིས་ཐུགས་དམ་དབྱིངས་ནས་


TR008_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ། དུག་གསུམ༴ ཐུགས་དམ་དུས༴ ཧཱུྃ། དྲག་པོ་པདྨ་རྡོ་རྗེ༴ དུང་ཁང་ནང་ནས་འཇམ་དཔལ་སྤྲུལ་པ་འགྱེད། ཡང་སྤྲུལ་ཁྲོ་བོས་སྟོང་གསུམ་འཇིག་རྟེན་འགེངས། ཡ་མནྟ་ཀའི་ཐུགས་དམ་དབྱིངས་ནས་བསྐུལ། དུག་གསུམ༴ ཐུགས་དམ་དུས༴ ཧཱུྃ། དྲག་པོ་པདྨ༴ མགྲིན་པའི་གནས་ནས་རྟ་མགྲིན་སྤྲུལ་པ་འགྱེད། ཡང་སྤྲུལ་ཁྲོ་བོས་སྟོང་གསུམ་འཇིག་རྟེན་འགེངས། ཧ་ཡ་གྲཱྀ་བའི་ཐུགས་དམ། དུག་གསུམ༴ ཐུགས་དམ༴ ཧཱུྃ། དྲག་པོ་པདྨ༴ ཐུགས་ཀྱི་སྤྲུལ་ནས་ཕྱག་རྡོར་སྤྲུལ་པ་འགྱེད། ཡང་སྤྲུལ་ཁྲོ་བོས༴ བཛྲ་པཱ་ཎིའི་ཐུགས་དམ་དབྱིངས་ནས་བསྐུལ། དུག་གསུམ༴ ཐུགས་དམ་དུས༴ ཧཱུྃ། དྲག་པོ་པདྨ༴ ལྟེ་བའི་གནས་ནས་མཁའ་འགྲོའི་སྤྲུལ་པ་འགྱེད། །ཡང་སྤྲུལ་མཁའ་འགྲོས་སྟོང་གསུམ་འཇིག་རྟེན་ཁེངས། །དཔའ་བོ་དཔའ་མོའི་ཐུགས་དམ་དབྱིངས་ནས་བསྐུལ། །དུག་གསུམ༴ ཐུགས་དམ༴ ཧཱུྃ། དྲག་པོ་པདྨ༴ སྐུ་གསུང་ཐུགས་ལས་མེ་དབལ་སྤྲུལ་པ་འགྱེད། །ཡང་སྤྲུལ་ཁྲོ་བོས༴ ཡཀྴ།


TR008_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

མེ་དབལ་ཐུགས་དམ༴ དུག་གསུམ་ཤ་ཁྲག༴ ཐུགས་དམ་དུས་ལ༴ ཧཱུྃ། དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ། །འགྲོ་ལ་མགོན་དང་སྐྱབས་ཀྱི་མཆོག་གྱུར་པ། །བདག་གི་སྒོ་གསུམ་དད་པས་ཁྱོད་བསྒྲུབ་ན། །དཀའ་བ་དང་བླངས་ལྗི་བ་ཁུར་དུ་འཁུར། །ལུས་སྲོག་འབེན་བཙུགས་ཤ་ཁྲག་བཟས་ལ་བོར། །མོས་གུས་གཏིང་ནས་ཁྱེད་ལ་སྐྱབས་གསོལ་ན། །ཐུགས་རྗེ་མ་ཆུང་སྔོན་གྱི་ཐུགས་དམ་དགོངས། །དུས་ངན་སྙིགས་མའི་དུས་འདིར་བདག་བསྐྱེད་ན། །ཁྱེད་ཀྱིས་ཐུགས་རྗེས་བདག་ལ་བྱིན་གྱིས་རློབས། །བདག་ནི་བླ་མེད་བྱང་ཆུབ་བསྒྲུབ་པ་ལ། །ལམ་ལ་བར་དུ་གཅོད་པའི་དགྲ་གེགས་རྣམས། །དབང་དྲག་པདྨ་འཁོར་དང་བཅས་པ་ཡིས། །ཐུགས་རྗེ་དྲག་པོའི་སྟོབས་ཀྱིས་བསྒྲལ་ནས་ཀྱང་། །གྲུ་གསུམ་མཐིང་ནག་འབར་བའི་ཞལ་དུ་སྦྱོང་། །གསུང་དབྱངས་དྲུག་ཅུར་ལྡན་པའི་མགུར་དུ་དྲིལ། །དོན་དམ་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་བསྟིམ། །རྣལ་འབྱོར་བདག་གི་


TR008_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པའི་དོན་རྣམས་ནི། །དབང་དྲག་པདྨ་འཁོར་དང་བཅས་པ་ཡིས། །གྲུབ་པར་མཛོད་ཅིག་བཛྲ་ས་མ་ཡཱཿ ཞེས་བསྐུལ་ནས་གཏོར་མ་འབུལ་བའམ་ཟོར་དུ་འཕང་བ་གང་འོས་བྱ། དེ་ནས་གཏོར་གཞོང་ཆང་ཕུད་ཀྱིས་བཤལ་བར་འབྲུ་སྣ་ཅུང་ཟད་བླུག་པ་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ཐོགས་ནས་སྔོན་གྱི་དམ་ཚིག་གི་ཆད་མོད་དང་བསྟན་སྐྱོང་བྱ་བ་ནི། ཧཱུྃ། །དུས་གསུམ་ཀུན་མཁྱེན་པདྨ་ཐོད་ཕྲེང་རྩལ། །ཡེ་ཤེས་རྩལ་གྱིས་ཁམས་གསུམ་དབང་དུ་བསྡུད། །རྫུ་འཕྲུལ་མཐུ་ཡིས་ལྷ་སྲིན་བཅུད་ལ་བོར། །གཙུག་ལག་ཁང་གི་བགེགས་ཚོགས་དམ་ལ་བཏགས། །ལྷ་སྲིན་སྡེ་བརྒྱད་ཆོས་སྐྱོང་ཆོས་སྐྱོང་སྲུང་མར་བཀོད། །མྱ་ངན་མི་འདའ་ཀུན་གྱི་གཉེན་གཅིག་པུ། །མི་མངོན་དབྱིངས་ནས་བདག་ལ་བྱིན་གྱིས་རློབས། །ཕྲིན་ལས་དགྲ་གེགས་འདུལ་བའི་དུས་ལ་བབས། །ཐུགས་དམ་ཐུགས་རྗེས་ཁམས་གསུམ་དབང་དུ་བསྡུས། ཧཱུྃ། །སྔོན་གྱི་བསྐལ་པའི་དང་པོ་ལ། །སློབ་དཔོན་པདྨ་


TR008_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གནས་ཀྱིས། །དམ་ལ་བཏགས་པའི་ལྷ་འདྲེ་རྣམས། །ཆོས་ཉིད་བདེན་པའི་བཀའ་ལ་ཉོན། །སློབ་དཔོན་པདྨ་ཕར་གཤེགས་པས། །མང་ཡུལ་བྱེ་མའི་རབ་ཁ་དོར། །ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས། །ང་ནི་སློབ་དཔོན་རྒྱུད་འཛིན་ཡིན། །ཁྱེད་ནི་ལྷ་འདྲེ་དམ་ཅན་ཡིན། །སྔོན་ཚེ་ཁས་བླངས་བཀའ་མ་བཅག །ད་ལྟ་རིག་འཛིན་དམ་ལ་འདའ། །རྒྱན་གྱི་གཏོར་མ་འདི་བཞེས་ལ། །བཀའ་དང་དམ་ལས་མ་འདའ་ཅིག །གཙང་གི་གན་ས་ཆུ་མིག་ཏུ། །དགེ་བསྙེན་ཐམས་ཅད་དམ་ལ་བཏགས། །ང་ནི་སློབ་དཔོན་རྒྱུད་འཛིན་ཡིན། །ཁྱོད་ནི་ལྷ་འདྲེ་དམ་ཅན་ཡིན། །སྔོན་ཚེ་ཁས་བླངས་བཀའ་མ་བཅག །ད་ལྟ་རིག་འཛིན་དམ་ལ་འདའ། །རྒྱན་གྱི་གཏོར་མ་འདི་བཞེས་ལ། །བཀའ་དང་དམ་ལས་མ་འདའ་ཞིག །གནུབས་ཀྱི་རུ་ཐོག་བྲག་དམར་དུ། །དྲི་ཟ་ཕོ་མོ་དམ་ལ་བཏགས། ང་ནི་སློབ་དཔོན༴ ཁྱོད་ནི༴ སྔོན་ཚེ༴ ད་ལྟ༴ རྒྱན་གྱི༴


TR008_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་དང་། གཡུ་མཚོ་ཕྱུག་མོའི་ནང་ཤེད་ན། ཕོ་རྒྱུད་ཐམས་ཅད་དམ་ལ་བཏགས། ང་ནི༴ བྱང་འབྲོག་གྲ་ཡི་རྫ་མགོ་དེར། ལྷ་བཙན་ཕོ་མོ་དམ༴ མལ་གྲོ་ཀུན་གྱི་རྒྱ་མཚོ་དེར། ཀླུ་རིགས་ཐམས་ཅད་དམ་པ་བཏགས། རོང་མདོ་ལུང་པ་ནག་པོ་དེར། སྲིན་པོ་ཕོ་མོ༴ རོ་ཧ་ལུང་པ་ཁྲ་མོ་དེར། མ་ཡམ་ཐམས་ཅད༴ སིལ་མ་གཙང་གི་གངས་དཀར་དེར། སྨན་དང་ལྷ་སྨན་དམ༴ ཁ་རི་གངས་ཀྱི་ལྷོ་བྲག་ཏུ། བསྟན་མ་བཅུ་གཉིས་དམ༴ གཙང་གི་ཁ་རག་གཡའ་མིག་ཏུ། འབྲོག་མོ་ཐམས་ཅད་དམ༴ བསམ་ཡས་དབུ་རྩེ་རིས་གསུམ་དུ། རྒྱལ་པོ་ཐམས་ཅད་དམ་ལ་བཏགས། ཁམས་ཀྱི་གླ་བ་རྐང་གཅིག་ཏུ། །ཐེའུ་རང་ཐོད་དམ་ལ་བཏགས། ང་ནི་སློབ་དཔོན༴ ཁྱོད་ནི་ལྷ་འདྲེ། སྔོན་ཚེ༴ ད་ལྟ་རིག་འཛིན། རྒྱན་གྱི༴ བཀའ་དང་དམ་ལས༴ རྣལ་འབྱོར་བསམ་པ་སྒྲུབ་ཏུ་གསོལ།


TR008_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས། བཤལ་ཆུ་དེ་ལ་སྨན་རག་འཐོར་ནས་ནམ་མཁར་གཏོར། སླར་ཡང་གཏོར་གཞོང་ཁ་སྤུབ་པའི་འོག་ཏུ་དམ་སྲེ་བཀུག་ཅིང་རྟ་བྲོས་མནན་པ་ནི། གཏོར་མ་འབུལ་བའི་སྐབས་གཏོར་མནན་འདི་ཡི་དགོས་ཀྱང་། གཏོར་མ་ཟོར་དུ་འཕང་བ་ཡིན་ན། ཚུར་ལམ་སྒོ་ཁང་འོག་གམ། ལམ་རྒྱ་གྲམ་ལྟ་བུར་གཏོར་གཞོང་གང་ཡོད་རྣམས་ཁ་སྤུབ་ཏུ་བརྩེགས་པའི་འོག་ཏུ་ཨེ་གྲུ་གསུམ་ནག་པོ་གཏིང་གཏིང་རིང་མཐའ་མེད་དུ་གནོད་བྱེད་དམ་སྲི་ཐམས་ཅད་བཅུག་པར་བསམ་ཞིང་། ན་མོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་ཆེན་པོའི་ནུས་སྟོབས་ཀྱིས། བདག་གིས་དམ་པའི་ཆོས་སྒྲུབ་པ་ལ་བར་དུ་གཅོད་པའི་དམ་སྲི་འབྱུང་པོ་གང་ཡིན་པ་དེ་དག་ཐམས་ཅད་གཏོར་གཞོང་རི་རབ་ཆེན་པོའི་འོག་ཏུ་ཁུག་ཛཿདེ་ནས་རང་ཉིད་ཁྲོ་རྒྱལ་ཡཀྴ་མེ་དབལ་མཐིང་ནག་རབ་འཇིགས་ཁྲོ་ཚོགས་སྤྲུལ་པ་བུ་ཡུག་འཚུབ་པ་ལྟ་བུར་གསལ་བའི་གཡས་རྒྱ་གྲམ་གཡོན་རི་རབ་བསྣམས་པས་དམ་སྲི་འབྱུང་པོའི་ཚོགས་རྣམས་གྲུ་གསུམ་མཐིང་ནག་དྲག་པོའི་བཙོན་ཁང་དེར་བཅུག་པའི་ཁ་རྡོ་རྗེ་རྒྱ་གྲམ་གྱིས་བཅད་ཅིང་རི་རབ་གྱིས་


TR008_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

མནན་པའི་སྟེང་ན་ཁྲོ་ཚོགས་རྣམས་རྡོ་རྗེའི་བྲོ་བརྡུང་བར་དམིགས་ཅིང་། ཧཱུྃ། གྲུ་གསུམ་མཐིང་ནག་དཀྱིལ་འཁོར་དུ། །དགྲ་གེགས་བསྒྲལ་བའི་ཚོགས་བརྒྱད་ལ། །ཁྲོ་བོ་ཆེན་པོས་བྲོ་བརྡུངས་སྟེ། །དམ་སྲི་འབྱུང་པོ་ཕྱེ་མར་རླག །སྐུ་མདོག་མཐིང་ནག་ཡ་ལ་ལ། །གཏི་མུག་མུན་པ་སེལ་བའི་རྟགས། །སྟག་གི་ཤམ་ཐབས་ང་རྒྱལ་འདུལ། །སྦྲུལ་གྱི་ཆུན་པོས་ཞེ་སྡང་འདུལ། །གཡས་བརྐྱང་གཡོན་བསྐུམ་དྲག་པོས་གཟིར། །མཆེ་གཙིགས་སྣང་སྲིད་ལྷ་འདྲེ་འདུལ། །རྐང་པ་གཡས་པས་བྲོ་བརྡུངས་པས། །རྣལ་འབྱོར་ཕོ་སྲི་འདུལ་བའི་བྲོ། །རྐང་པ་གཡོན་པས་བྲོ་བརྡུངས་པས། །རྣལ་འབྱོར་མོ་སྲི་འདུལ་བའི་བྲོ། །རྐང་གཉིས་ཐབས་སྲི་བྲོ་བརྡུངས་པས། །ཆེ་སྲི་ཆུང་སྲི་འདུལ་བའི་བྲོ། །དཔའ་བོའི་བྲོ་བརྡུངས་ཁྲིགས་སེ་ཁྲིག །དཔའ་མོས་གླུ་ལེན་ཀྱུ་རུ་རུ། །སྟབས་ཀྱི་གར་བྱེད་ཁྱུགས་སེ་ཁྱུག །སྡང་བའི་དགྲ་དང་གནོད་པའི་བགེགས། །མནན་ནོ་དེ་ནི་མ་ལྡང་


TR008_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །བཅིང་ངོ་དེ་ནི་མ་གྲོལ་ཅིག །དགྲ་ནི་ཐལ་བར་རློག་པའི་བྲོ། །བདུད་ནི་ཕྱེ་མར་འཐག་པའི་བྲོ། །གནོད་བྱེད་ཐམས་ཅད་རྡུལ་དུ་རློག །ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ། གྲྀ་ཧྣ་གྲྀ་ཧྣ་ཧཱུྃ། གྲྀ་ཧྣ་པ་ཡ་གྲྀ་ཧྣ་པ་ཡ་ཧཱུྃ། ཨ་ན་ཡ་ཧོཿ བྷ་ག་ཝཱན། བཛྲ་བི་དྱཱ་རཱ་ཛ་ཡ་ཧཱུྃ་ཕཊཿ དེ་ནས་གཏོར་གཞོང་རྣམས་ཡར་ལ་ཁ་ཕྱེས་པས་སྒྲུབ་པ་པོའི་ཚེ་བསོད་དཔལ་འབྱོར་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་འཕེལ་བར་བསམ་མོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་ཉེས་བྱས་བཤགས་ཅིང་བསྔོ་སྨོན་ཤིས་བརྗོད་བསྡུ་ཆོག་བྱ་བའི་ལས་རིམ་ནི། ཧཱུྃ། །གུ་རུའི་ཐུགས་རྗེའི་བདག་ཉིད་དགོངས་སུ་གསོལ། །བདག་ཅག་དུས་མཐའི་སེམས་ཅན་རྨོངས་པའི་བུ། །ཆོ་ག་ལྷག་ཆད་འགལ་འཁྲུལ་ཉེས་ཚོགས་ཀུན། །བཟོད་བཞེས་ཚངས་པར་རྩལ་ཞིང་བྱིན་གྱིས་རློབས། ཡིག་བརྒྱ་བརྗོད། ཧཱུྃ། བདག་གིས་པདྨ་དྲག་པོ་སྒྲུབ་པ་ཡི། །དགེ་བ་འདིས་མཚོན་འཁོར་འདས་ལམ་


TR008_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི། །དགེ་རྩས་མཁའ་མཉམ་འགྲོ་བ་མ་ལུས་པ། །བླ་མ་དྲག་པོའི་གོ་འཕང་ཐོབ་ཕྱིར་བསྔོ། །བདག་ཀྱང་འཁོར་བའི་མཐའ་མཉམ་དེ་སྲིད་དུ། །རྣམ་འཕྲུལ་རྒྱ་མཚོས་འགྲོ་བ་འདྲེན་བྱེད་ཅིང་། །བསྟན་ལ་གནོད་པའི་བདུད་སྡེ་དཔུང་བཅས་ཀུན། །རྡུལ་དུ་རློག་པའི་ཕྲིན་ལས་མངའ་བརྙེས་ཤོག ཧཱུྃ། །བླ་མ་རྒྱལ་བ་རྒྱ་མཚོ་མ་ལུས་པའི། །ཐུགས་རྗེའི་ནུས་སྟོབས་གཅིག་ཏུ་བསྡུས་པའི་སྐུ། ཁམས་གསུམ་ཟིལ་གནོན་པདྨ་དྲག་པོ་རྩལ། །བྱིན་རླབས་བཀྲ་ཤིས་ཆར་རྒྱུན་གནས་འདིར་སྩོལ། །གུ་རུའི་སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྤྲུལ། །འཇམ་དཔལ་རྟ་མཆོག་གསང་བདག་མཁའ་འགྲོ་ལྔ། །མེ་དབལ་ཁྱུང་ཆེན་ལྕགས་སྡིག་ཁྲོ་ཚོགས་ཀྱི། །དངོས་གྲུབ་བཀྲ་ཤིས་ཆར་རྒྱུན་གནས་འདིར་སྩོལ། །ཡང་སྤྲུལ་ཁྲོ་ཚོགས་དཔའ་བོ་མཁའ་འགྲོ་དང་། །ཆོས་སྲུང་བཀའ་སྡོད་དམ་ཅན་རྒྱ་མཚོ་རྣམས། །དམ་མེད་ཚར་གཅོད་དམ་ལྡན་བུ་བཞིན་སྐྱོངས།


TR008_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་བཀྲ་ཤིས་ཆར་རྒྱུན་གནས་འདིར་སྩོལ། ཞེས་དང་། །གཞན་ཡང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྒྱས་པར་བརྗོད། །ཆོས་དབྱིངས་སྐྱེ་མེད་ཀློང་མ་འགག་མེད་གདངས། །ཡེ་ཤེས་སྒྱུ་མར་སྣང་བའི་ལྷ་ཚོགས་རྣམས། །སླར་ཡང་ཆོས་དབྱིངས་ཐིག་ལེ་ཉག་གཅིག་དང་། །ཁྱབ་གདལ་ཀུན་བཟང་ཆོས་སྐུར་ཨེ་མ་ཧོ། ཞེས་པས། སྣོད་བཅུད་གཞལ་ཡས་ལྷ་དང་བཅས་པའི་བཀོད་སྤྲུལ་ཐམས་ཅད་བདག་ཉིད་ཀྱི་ཐུགས་སྲོག་ཧཱུྃ་ལ་བསྡུ་ཞིང་ཧཱུྃ་ཡང་གྱེན་རྫོགས་སུ་ཐིག་ལེ་ནཱ་དའི་བར་དུ་སྤྲིན་ནམ་མཁར་ཡལ་བ་བཞིན་དམར་པོར་གྱུར་ནས། སྣང་སྲིད་ཐམས་ཅད་འོད་དམར་པོར་ཆམ་གདལ་བའི་ངང་དུ་འདས་མ་འོངས་ད་ལྟར་གྱི་རྟོགས་པ་མཐའ་དག་གཉིད་སད་པའི་རྨི་ལམ་བཞིན་ཡེ་གྲོལ་བློ་འདས་ཆེན་པོར་གློད་ཅིང་། སླར་ཡང་འོད་དམར་གྱི་ཀློང་ནས་བདག་ཉིད་པདྨ་དྲག་པོའི་སྐུར་ལམ་གྱི་ཤར་བར་མོས་ལ་སྤྱོད་ལམ་ཐམས་ཅད་པདྨ་དྲག་པོའི་དཀྱིལ་འཁོར་གསུམ་དང་མ་བྲལ་བར་བྱའོ།། ༈ །།རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་མཐའ་ཡས་ཀུན། །རིགས་འདུས་བླ་མ་ཁོ་ནའི་རོལ་པ་ཉིད། །གང་གིས་བླ་མ་བསྒྲུབ་ལ་རབ་བརྩོན་ན།


TR008_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡིས་རྒྱལ་བའི་དཀྱིལ་འཁོར་ཀུན་འགྲུབ་འགྱུར། །བླ་མའི་བླ་མ་ཁྱབ་བདག་ཐོད་ཕྲེང་རྩལ། །འདི་ནི་སངས་རྒྱས་ཀུན་གྱི་ཕྲིན་ལས་པ། །དེ་སྒྲུབ་བསྙེན་ཅིང་མཆོད་བསྟོད་གསོལ་འདེབས་དང་། །དད་ཅིང་མོས་པ་ཙམ་ལའང་བྱིན་རླབས་འཇུག །སྙིགས་དུས་བདུད་དང་འབྱུང་པོ་མ་རུངས་པས། །དམ་ཆོས་དགེ་བ་བསྒྲུབ་ལ་བར་དུ་གཅོད། །དེ་ཉིད་གཉེན་པོའི་ལྷ་མཆོག་འདི་ཉིད་ལ། །ཡིད་གཉིས་སོམ་ཉི་སྤངས་ནས་སུས་བསྒྲུབས་པ། །བར་ཆད་ཀུན་ཞི་བསམ་པའི་དོན་རྣམས་འབྱུང་། །གདུག་པ་ཟིལ་ནོན་ལྷ་སྲིན་བྲན་ལྟར་ཉན། །མཆོག་གི་གོ་འཕང་བདེ་བླག་འགྲུབ་གྱུར་ན། །ཐུན་མོང་དངོས་གྲུབ་འབད་མེད་སྨོས་ཅི་དགོས། །དེ་ཕྱིར་གཏན་འདུན་དོན་གཉེར་སྐལ་བཟང་དག །ལྷ་དང་བླ་མ་དབྱེར་མེད་འདི་བསྒྲུབ་ནས། །གནས་སྐབས་ལས་ཚོགས་ཕྲ་མོ་མ་ཡིན་པར། །ཚེ་གཅིག་བྱང་ཆུབ་མཆོག་དོན་སྒྲུབ་འཚལ་ལོ།། ༈ །།གུ་རུ་པདྨ་དྲག་པོ་རྩལ་གྱི་བསྒྲུབ་བསྐོར་གཏེར་ཁ་གོང་འོག་ཐམས་ཅད་ནས་རྒྱས་བསྡུས་ཇི་སྙེད་བསམ་གྱིས་མི་ཁྱབ་པ་ཞིག་མཆིས་མོད་ཀྱང་། འདིར་མངའ་བདག་རིན་པོ་ཆེའི་གཏེར་ཁ་ལས་བྱོན་པའི་དྲག་པོ་བདེར་གཤེགས་


TR008_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་བ་ལ་ཕྲིན་ལས་ལས་བྱང་གི་རིམ་པ་དྲིན་ཆགས་སུ་བགྱིས་གཞིག་མི་འདུག་པས། རྒྱུན་ཁྱེར་ལྟས་ཆོག་མ་ཞིག་ཡི་གེར་འཁོད་པ་གྱིས་ཤིག་ཅེས། མདོ་ཁམས་རྒྱ་སྟོན་གྱི་ཕྱོགས་སུ་གསང་སྔགས་ཀྱི་བསྟན་པ་དྲི་མ་མེད་པ་འཛིན་སྐྱོང་སྤེལ་བའི་བདག་པོ་མཚུངས་པ་མེད་པའི་ཆོས་ཀྱི་རྒྱལ་པོ་ཆོས་ཀྱི་རྗེ་ཆོས་ཀྱི་སྤྱན་ལྡན་ངག་དབང་བསྟན་སྐྱོང་དཔལ་བཟང་པོའི་མཚན་གྱི་གྲགས་དཀར་སྲིད་རྩེར་ཁྱབ་པ་གང་གི་བཀས་རིང་མོ་ཞིག་ནས་བསྐུལ་བར་མཛད་པ་བཞིན། བརྒྱལ་དབང་པདྨའི་གུ་ལ་བྱར་གཏོགས་པའི་བཙུན་པ་མཁས་མཆོག་པདྨ་ལེགས་གྲུབ་རྩལ། མིང་གཞན་སྣ་ཚོགས་རང་གྲོལ་དུ་བོད་པ་དེས་ཆུ་བོ་གསེར་ལྡན་གཡས་སུ་འཁྱིལ་བའི་ངོགས་ཀྱི་སྒྲུབ་གྲ་ཀུན་བཟང་ཆོས་གླིང་གི་ཡང་དབེན་འཚམས་མལ་དུ་བཀོད་པ་ཕྱོགས་དུས་ཀུན་ཏུ་དགེ་བར་གྱུར་ཅིག །བཀྲ་ཤིས། གཅིག་ཞུད།

ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་དབང་བསྐུར་ཇི་ལྟར་བྱ་བའི་ལས་རིམ་ལོ་རྒྱུས་རྣམ་བཤད་དང་བཅས་པ་སྒྲིགས་ཆགས་ལྟས་ཆོག་ཏུ་བཀོད་པ།


TR008_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་དབང་བསྐུར་ཇི་ལྟར་བྱ་བའི་ལས་རིམ་ལོ་རྒྱུས་རྣམ་བཤད་དང་བཅས་པ་སྒྲིགས་ཆགས་ལྟས་ཆོག་ཏུ་བཀོད་པ་བཞུགས་སོ།


TR008_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་མ་ལུས་པའི་སྤྱི་དཔལ་ཁྱབ་བདག་པདྨ་འོད་འབར་སྤྲུལ་འཁོར་བཅས་པའི་ཞབས་ཀྱི་པདྨོར་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། བྱིན་གྱིས་བརླབས་ཏུ་གསོལ། འདིར་མཚུངས་བྲལ་རིག་འཛིན་ཆེན་པོ་འཇའ་ཚོན་སྙིང་པོའི་གཏེར་ཆོས་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་དབང་བསྐུར་ཇི་ལྟར་བྱ་ཐབས་མདོ་ཙམ་སྟོན་ཏེ། དེ་ཉིད་ཀྱི་དཀྱིལ་འཁོར་དང་དབང་རྫས་སོགས་ཡ་བྱད་ཐམས་ཅད་ཚང་བར་བཤམས་དགོས་ཏེ། དེ་ཡང་གསང་སྔགས་ཟབ་མོའི་དབང་བསྐུར་གྱི་རིགས་འདི་དག་ལ་གཡས་མེད་ཁྱད་སོད་སྒྱིད་ངན་གྲོན་ཆུང་སྟབས་བདེའི་དབང་དུ་མི་བཏང་བར་ཕྱི་ནང་གི་རྫས་དང་ཡོ་བྱད་བཤམས་དགོས་ལག་ལེན་ཏིང་འཛིན་སོགས་གཞུང་ལྟར་བགྱིས་ན་ལེགས་ཚོགས་ཀྱི་ཡོན་ཏན་དང་བྱིན་རླབས་ཤུགས་ཀྱི་འབྱུང་


TR008_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེ་ལྟར་མ་ཡིན་པར་སླ་ཆོས་དང་བཟོ་ལུམ་རས་ཆོས་བྱས་ན་སྔགས་ཀྱི་དམ་དང་འགལ་ཞིང་རྟེན་འབྲེལ་གྱི་གནས་འཆུགས་ཏེ་བར་ཆད་ཀྱི་རྒྱུ་རྐྱེན་དུ་འགྱུར་བས། དེས་ན་དཀྱིལ་འཁོར་དང་གཏོར་ཚོགས་མཆོད་སོགས་རྒྱས་པར་འཛོམ་ངོས། ཆོ་ག་གཞུང་སྲང་ལ་བདག་བསྐྱེད་དང་བཅས་པ་དང་། མདུན་བསྐྱེད་ཀྱི་དཀྱིལ་འཁོར་དབང་རྫས་རྣམས་ཀྱི་སྐྱེད་ཆོག་རབ་གནས་བྱིན་རླབས་རྣམས་ཀྱང་ནན་ཏན་དུ་བྱས་ལ། བཟླས་པའི་འཇབ་བསྙེན་ཅི་མང་དང་། ཐ་མར་སྟོང་ཕྲག་ལས་མི་ཉུང་བར་བཟླ་ཞིང་སློབ་དཔོན་རང་ཉིད་ཏིང་ངེ་འཛིན་གྱི་དབང་བླང་བ་སོགས་སྔོན་དུ་བྱ་བའི་ལས་རིམ་རྣམས་མཐའ་དག་གྲུབ་ཟིན་པར་བྱའོ།། ༈ །།དེ་ནས་སློབ་མ་རྣམས་ཚོགས་རེ་བར་ཆད་ཀྱི་བགེགས་སྦྱང་ཕྱིར་གླུད་གཏོར། ཉམས་ཆགས་གི་སྡིག་སྒྲིབ་སྦྱོང་བའི་ཁྲུས་


TR008_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག །བསོད་ནམས་ཀྱི་ཚོགས་བསགས་ཕྱིར་མཎྜལ་སོགས་སྤྱི་ལྟར་བྱས་པའི་རྗེས་སུ་ཟབ་མོའི་ཆོས་བཞིན་འཆད་དེ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་དུ་དམ་པའི་ཆོས་གསན་ཞིང་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་ཞུ་བར་དགྱི་སྙམ་པའི་ཐུགས་བསྐྱེད་རིན་པོ་ཆེ་མཛད་ནས་གསན་འཚལ། དེ་ཡང་ལུང་ལས། སངས་རྒྱས་འབྱུང་བ་བརྒྱ་ལ་རྙེད་པར་དཀའ། །མིར་སྐྱེ་བ་ཡང་ཤིན་ཏུ་དཀའ་བ་སྟེ། །གྲོགས་པོ་གང་དག་དད་དང་ཆོས་ཉན་པ། །འདི་འདྲ་བསྐལ་བ་བརྒྱར་ཡང་རྙེད་མི་འགྱུར། ཞེས་པ་ལྟར་ཡིན་པ་ལ། ད་རེས་དལ་འབྱོར་ཕུན་ཚོགས་ཀྱི་མི་ལུས་ཐོབ་ཅིང་རྒྱལ་བའི་བསྟན་པ་དང་མཇལ་ནས་དམ་པའི་ལྷ་ཆོས་ལ་སྤྱོད་དུ་ཡོད་པའི་དུས་འདིར། ནམ་བཞག་གཏན་གྱི་འདུན་མ་ཐར་པའི་ལམ་སྣ་ཟིན་པའི་ཐབས་ལ་འབད་དགོས། དེ་ལྟར་མ་བྱས་


TR008_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ན་མི་ཚེའི་ཉི་མ་ནི་ཡུན་ཐུང་། །འཆི་བདག་གི་བདུད་པོ་ནི་བང་མགྱོགས་འཆི་བའི་རྐྱེན་ངན་ནི་གྲངས་མང་། མ་ཚོར་ཡེངས་མ་ལམ་གྱི་ངང་ནས་འཆི་བ་ནམ་མཁའི་ཐོག་ལྟར་འོང་བས། དེ་ལ་འབྲོས་པ་དང་གཟུར་བའི་ཐབས་ནི་གང་ཡང་མེད། ཤི་བ་ཙམ་དུ་མ་ཟད་ཁམས་གསུམ་རིགས་དྲུག་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་གང་དུ་སྐྱེས་ཀྱང་བདེ་བའི་གོ་སྐབས་སྤུ་ཙམ༴ མེད་པར་སྡུག་བསྔལ་གྱི་ཡོ་ལང་འབའ་ཞིག་ལ་སྤྱོད་དགོས་པས་བཟོད་ཐབས་མི་འབྱུང་། དེ་ལྟ་བུ་ལས་སྐྱོབ་ཅིང་ཐར་བའི་ཐབས་ནི། དམ་པའི་ཆོས་གཅིག་པུ་ལས་གཞན་གང་གིས་ཀྱང་མི་ཕན་པས། དེས་ན་ད་ལྟ་དབང་པོ་ཚང་ཞིང་རང་དབང་རང་ལ་ཡོད་པའི། དལ་འབྱོར་འདི་དོན་མེད་སྟོང་ཟད་དུ་མི་བྱ་བར་འཆི་ཁར་འགྱོད་མེད་ཀྱི་གྲབས་ལ་རེམས་དགོས། དམ་པའི་ཆོས་ཀྱི་རྣམ་གྲངས་དང་


TR008_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པའི་བྱེ་བྲག་ལམ་གྱི་འཇུག་སྒོ་ནི་མཐའ་ཡས་པ་ཤིག་མཆིས་མོད་ཀྱང་། ཀུན་གྱི་སྙིང་པོ་དོན་གྱི་མཐར་ཐུག་ནི་ཐེག་ཆེན་གསང་སྔགས་རྡོ་རྗེའི་ཐེག་པ་ཁོ་ན་ཡིན་ཏེ། དེ་ལ་མ་བརྟེན་པར་ཚེ་གཅིག་བྱང་ཆུབ་འགྲུབ་པའི་ཐབས་མ་མཆིས་པ་དང་། ཐེག་པ་གཞན་རྣམས་ནི་ལམ་གྱི་གཞིའམ་ལམ་སྟེགས་ཀྱི་ཚུལ་ཙམ་ཡིན་ལ་གསང་སྔགས་ནི་ལམ་དངོས་དང་འབྲས་བུ་ཉིད་ལ་སྦྱོར་བར་བྱེད་པ་དང་། གཞན་རྣམས་ནི་བརྗོད་བྱེད་ཀྱི་ཚིག་གཙོ་བོར་སྟེན་ལ། གསང་སྔགས་ནི་བརྗོད་བྱའི་དོན་ཉིད་གཙོ་བོར་སྟོན་པ་དང་། གཞན་རྣམས་ནི་དཔེར་ན་འོ་མ་ལྟ་བུ་ཡིན་ལ། གསང་སྔགས་ནི་མར་གྱི་ཡང་ཞུན་ལྟ་བུ་ཡིན་པ་སོགས་ཀྱི་ཁྱད་ཆོས་མང་པོ་དང་ལྡན་ཞིང་། གསང་སྔགས་དེ་ལྟ་བུའི་འཇུག་སྒོ་ནི་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་གདམས་པ་གཉིས་ཡིན་པ་ལས་ཐོག་མར་སྨིན་བྱེད་ཀྱི་དབང་ཐོབ་དགོས་ཤིང་། དེ་ཉིད་ཐོབ་པར་


TR008_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་བདག་པོའི་རྐྱེན་ནི་རྡོ་རྗེའི་སློབ་དཔོན་ལ་རག་ལས་པ་དང་། རྒྱུའི་རྐྱེན་དུ་སློབ་མ་རྣམས་དག་སྣང་མོས་གུས་དང་ལྡན་པ། དམིགས་པའི་རྐྱེན་དུ་དབང་རྫས་ཡོ་བྱད་ཚོགས་པ། དེ་མ་ཐག་པའི་རྐྱེན་དུ་དཀྱིལ་འཁོར་བསྒྲུབ་མཆོད་བཟླས་པ་ལ་སོགས་སྔོན་དུ་བྱ་བའི་ལས་རིམ་རྣམས་ལེགས་པར་གྲུབ་པ་ནས། དངོས་གཞི་དབང་བསྐུར་ལའང་ཐོག་མར་བརྒྱུད་པའི་ཁུངས་བཙུན་ཞིང་གདམས་པ་ལ་ཡིད་ཆེས་ངེས་ཤེས་བསྐྱེད་ཕྱིར་བླ་མ་བརྒྱུད་པའི་ལོ་རྒྱུས་བརྡ་ཙམ་ཞིག་སྙན་དུ་འབུལ་བར་དགྱི་ན། སྤྱིར་ཕྱོགས་དུས་ཀྱི་སངས་རྒྱས་ཐམས་ཅད་སྟོན་པ་སྐུ་གསུམ་གྱི་ངོ་བོར་མ་འདུས་པ་མེད་ལ། སྐུ་གསུམ་པོ་ཡང་བླ་མ་རྡོ་རྗེ་སློབ་དཔོན་མཆོག་གི་ངོ་བོ་ཉིད་དུ་དབྱེར་མེད་པ་ནི། བསྐལ་པ་སྟོང་གི་སངས་རྒྱས་ཀྱང་། བླ་མ་དག་ལ་བརྟེན་ནས་བྱུང་། ཞེས་པ་ལྟར་དང་། དེ་ལྟ་བུའི་བླ་མའམ་སློབ་དཔོན་དེ་དག་ལ་ཟེར་སྙམ་ན་སྐྱོན་ཐམས་ཅད་དང་བྲལ་


TR008_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཡོན་ཏན་ཐམས་ཅད་ཚང་ཞིང་རྫོགས་པའི་རྡོ་རྗེའི་སློབ་དཔོན་ཡང་དག་པ་ནི་གུ་རུ་པདྨ་འབྱུང་གནས་ཡིན་ཏེ། ཇི་སྐད་དུ། །རང་བྱུང་པདྨ་ཞེས་བྱར་གྲགས་པ་གང་། །སངས་རྒྱས་སྣང་བ་མཐའ་ཡས་ཐུགས་ལས་སྤྲུལ། །འཕགས་པ་སྤྱན་རས་གཟིགས་དབང་གསུང་གི་འོད། །མཁའ་འགྲོ་ཡོངས་ཀྱི་མིང་པོ་དཔའ་བོའི་རྒྱལ། །དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་བདག །མཉམ་མེད་ཀུན་བཟང་རྡོ་རྗེ་འཆང་ཆེན་པོ། །སྤྲུལ་པའི་སྐུར་སྣང་ཐུགས་རྗེའི་སྟོབས་ཆེན་ལྡན། །གང་ལ་གང་འདུལ་ཕྲིན་ལས་རླབས་པོ་ཆེས། །སེམས་ཅན་རྣམས་ཀྱི་རེ་འདོད་ཡིད་བཞིན་སྐོངས། ཞེས་གསུངས་པ་བཞིན་ཏེ། གུ་རུ་པདྨ་འབྱུང་གནས་དེ་ཉིད་འཁོར་འདས་ཐམས་ཅད་ཀྱི་སྔོན་རོལ་ནས་འཁྲུལ་མེད་རང་རིག་གདོད་མའི་ཀ་དག་ཀློང་ཡང་ཆེན་པོར་སངས་རྒྱས་པའི་མཚན་གྱི་རྣམ་གྲངས་སུ་ཆོས་སྐུ་ཀུན་བཟང་འོད་མི་འགྱུར་བའམ་དྲུག་པ་རྡོ་རྗེ་འཆང་ཆེན་པོ་དང་། །སངས་རྒྱས་སྣང་བ་མཐའ་ཡས་ཅེས་བྱ་སྟེ། འཁོར་འདས་དུས་གསུམ་མཉམ་ཉིད་ཡེ་ཤེས་ཆེན་པོ་


TR008_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་བྲལ་འདུས་མ་བྱས་པའི་ཆོས་སྐུ་མཆོག་གི་ངོ་བོར་རྟག་ཏུ་བཞུགས་པ་ཡིན་ལ། དེ་ཉིད་ཀྱི་རང་མདངས་འགགས་མེད་ཀྱི་འོད་གསལ་ལྷུན་གྲུབ་ཟུང་འཇུག་བདེ་བ་ཆེན་པོའི་རོལ་པ་ལོངས་སྐུའི་དཀྱིལ་འཁོར་དུ་སྣང་བ་ནི་དཔག་ཏུ་མེད་དེ། དབུས་ཕྱོགས་བདེ་ཆེན་སྙིང་པོ་བཀོད་པའི་རྒྱན་ཞེས་བྱ་བའི་ཞིང་ཁམས་སུ་སློབ་དཔོན་པདྨ་རྣམ་པར་སྣང་མཛད་གངས་ཆེན་མཚོ་ཞེས་བྱ་བའི་སྐུའི་བ་སྤུའི་ཁུང་བུ་རེ་རེ་ནས༴ ཡང་གངས་ཆེན་མཚོའི་ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་བྱེ་བ་ཕྲག་བརྒྱ་བརྒྱ་དང་། དེ་དག་རེ་རེའི་བ་སྤུའི་ཁུང་བུ་རེ་ལས་སྤྲུལ་པ་སྐུའི་ཞིང་ཁམས་བྱེ་བ་ཕྲག་བརྒྱ་བརྒྱར་གང་ལ་གང་འདུལ་གྱི་འགྲོ་བའི་དོན་མཛད་པ་དང་། དེ་བཞིན་དུ་ཤར་ཕྱོགས་བདེ་ཆེན་རྣམ་བཀོད་ཀྱི་ཞིང་ཁམས་སུ་པདྨ་འབྱུང་གནས་རྡོ་རྗེ་གངས་ཆེན་མཚོའི་སྐུའི་བ་སྤུའི་བུ་ག་རེ་རེ་ལ་དེ་དང་མཚུངས་པའི་ལོངས་སྤྲུལ་གྱི་ཞིང་ཁམས་བྱེ་བ་ཕྲག་


TR008_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་གཅིག་ལ་གཅིག་འཕེལ་དང་། ལྷོ་ཕྱོགས་སུ་བདེ་ཆེན་རིན་ཆེན་བཀོད་པའི་ཞིང་ཁམས་ན་པདྨ་འབྱུང་གནས་རིན་ཆེན་གངས་ཆེན་མཚོ་བྱེ་བ་ཕྲག་བརྒྱ་བརྒྱ་འགྱུར་བ་གོང་བཞིན་དང་། ནུབ་ཕྱོགས་པདྨ་བཀོད་པའི་རྒྱན་དུ་སློབ་དཔོན་པདྨ་གངས་ཆེན་མཚོ་བྱེ་བ་ཕྲག་བརྒྱ་འགྱུར་སྔར་བཞིན་དང་། བྱང་ཕྱོགས་བདེ་ཆེན་ལས་རབ་བཀོད་པར་པདྨ་འབྱུང་གནས་ཕྲིན་ལས་གངས་ཆེན་མཚོ་བྱེ་བ་ཕྲག་བརྒྱ་གོང་འཕེལ་འགྱུར་གྱི་ཞིང་ཁམས་ཕུན་སུམ་ཚོགས་པའི་བཀོད་པས་འགྲོ་དོན་མཛད་པའི་ལོངས་སྐུའི་དཀྱིལ་འཁོར་དེ་དག་རེ་རེའི་བ་སྤུའི་གྲངས་མཉམ་བྱེ་བ་ཕྲག་བརྒྱའི་སྤྲུལ་སྐུའི་ཞིང་དང་གང་འདུལ་སྤྲུལ་པའི་ཟློས་གར་བསྒྱུར་ཚུལ་དུས་གསུམ་རྒྱུན་ཆད་མེད་པའི་ཚད་བཟུང་བར་ནི་སུ་ཡི་ནུས་ལ། འོ་སྐོལ་གྱི་མི་མཇེད་འཇིག་རྟེན་ཁམས་འདི་གཅིག་པུར་ཡང་ཞིང་དང་སྟོན་པར་སྤྲུལ་པའི་མཛད་ཕྲིན་ནི་དཔག་ཏུ་མེད་དེ། ཤཱཀྱའི་དབང་པོའི་བསྟན་


TR008_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་ལ་སློབ་དཔོན་པདྨ་འབྱུང་གནས་སྤྲུལ་པའི་གུ་རུ་མཚན་བརྒྱད་སོགས་སུ་སྤྲུལ་ནས་རྡོ་རྗེ་ཐེག་པའི་བསྟན་པ་རྒྱས་པར་མཛད་པ་འདི་བཞིན་དུ། འདི་ནས་ཤར་ཕྱོགས་སུ་ཞིང་ཁམས་དྲི་མ་མེད་པ་ཅེས་བྱ་བར་སངས་རྒྱས་དྲི་མེད་རྔ་སྒྲའི་བསྟན་པ་ལ་སློབ་དཔོན་པདྨ་དྲི་མེད་སྐྱེད་བཟང་དུ་སྤྲུལ་ནས་འགྲོ་དོན་མཛད་པ་དང་། ལྷོ་ཕྱོགས་ཡོན་ཏན་འབྱུང་བའི་ཞིང་དུ་གུ་རུ་པདྨ་ལྷུན་གྲུབ་འོད་ཀྱི་འཁོར་ལོ་དང་། ནུབ་ཕྱོགས་ཡེ་ཤེས་རྒྱ་མཚོའི་ཞིང་དུ་པདྨ་གར་གྱིས་དབང་ཕྱུག་དང་། བྱང་ཕྱོགས་འཇིགས་བྲལ་གྱི་ཞིང་ན་པདྨ་ཡེ་གྲུབ་མཐའ་བྲལ་དང་། དེ་བཞིན་དུ་ཕྱོགས་དང་ཕྱོགས་བྲལ་གྱི་ཞིང་སྣ་ཚོགས་པར་པདྨ་འབྱུང་གནས། སྨྲ་བའི་སེང་གེ། བཞད་པའི་རྩལ་འཆང་། ཐུགས་རྗེ་འགྲོ་འདུལ། འཇིག་རྟེན་དབང་ཕྱུག །འཁོར་བ་དོང་སྤྲུག །རང་བྱུང་ཡེ་ཤེས། བདེ་བའི་གཙུག་ཕུད། ཆོས་དབྱིངས་དཔལ་འབར། གསེར་གྱི་རི་དབང་། རྒྱལ་བའི་


TR008_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལོང་། སྣང་བའི་ཅོད་པན། རྣམ་དག་ཡེ་ཤེས། འཁོར་བའི་གཅོང་འབྱིན། ལམ་སྟེར་བཤེས་གཉེན། འདོད་དགུ་འབྱུང་གནས། བདེ་བ་སྦྱིན་མཛད༴ མི་ནུབ་རྒྱལ་མཚན། འཁོར་བ་ཡོངས་འདུལ། རོལ་པ་རྣམ་དག་ཅེས་བྱ་བ་ལ་སོགས་པའི་མཚན་གྱི་རྣམ་གྲངས་བརྗོད་ལས་འདས་པར་བཞུགས་པ་དང་། སྟོང་གསུམ་འཇིག་རྟེན་འདི་ཉིད་ཁོ་ནའི་བྱེ་བྲག་འགྲོ་བ་རིས་དྲུག་གི་གནས་རིས་ཐ་དད་དུ་ཡང་འདུལ་བྱེད་སྤྲུལ་པའི་གུ་རུ་དྲུག་ཏུ་སྤྲུལ་བ་དེ་དག་རེ་རེ་ལས་ཀྱང་སྤྲུལ་པ་དུ་མར་འགྱེད་པ་སྟེ། ལྷ་རྣམས་འདུལ་བ་ལ་གུ་རུ་སྲིད་ཐུབ་འཛིན་དང་། དེའི་རྣམ་འཕྲུལ་ནི་ཆོས་ཀྱི་འབྱུང་གནས། རིག་པའི་འབྱུང་གནས། དགའ་བའི་འབྱུང་གནས། ཆགས་མཆོག་འབྱུང་གནས། ཡོན་ཏན་འབྱུང་གནས། ཤེས་རབ་འབྱུང་གནས། ཡེ་ཤེས་འབྱུང་གནས། དྲི་མེད་འབྱུང་གནས་ལ་སོགས་ཀྱི་མཚན་འཆང་བས་ལྷ་རྣམས་ཀྱི་འཕོ་ལྟུང་གི་སྡུག་བསྔལ་སེལ་ཞིང་བརྩོན་འགྲུས་ཀྱི་ཆོས་སྟོན་པ་དང་། དེ་བཞིན་དུ། ལྷ་མིན༴


TR008_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་གུ་རུ་རྣམ་པར་རྒྱལ་བའི་སྐུར་སྤྲུལ་ཞིང་། དེ་ལས་ཀྱང་དྷརྨ་ཐོད་ཕྲེང་། སཾ་བྷ་ག་ཐོད་ཕྲེང་། ནིར་མ་ཎ་ཐོད་ཕྲེང་སོགས་དང་། བཛྲ་རཏྣ་པདྨ་ཀརྨ་བུདྡྷ་ཐོད་ཕྲེང་རྣམས་སུ་སྤྲུལ་ནས་ལྷ་མིན་འཐབ་རྩོད་ཀྱི་སྡུག་བསྔལ་སེལ་ཞིང་། བྱམས་དང་སྙིང་རྗེ་བཟོད་པ་སོགས་ཀྱི་ཆོས་སྟོན། མིའི་གནས་སུ་གུ་རུ་པདྨ་འབྱུང་གནས་ལས་སྤྲུལ་པའི་གུ་རུ་མཚན་བརྒྱད་ཡང་སྤྲུལ་ཉི་ཤུ་རྩ་བཞི་སོགས་སུ་སྤྲུལ་བས་གདུལ་བྱ་སོ་སོའི་སྐལ་བ་དང་དབང་པོའི་རིམ་པ་ཐ་དད་དང་མཐུན་པའི་ཆོས་སྟོན། བྱོལ་སོང་རྣམས་ལ་གུ་རུ་སེང་གེ་རབ་བརྟན་དང་། དེ་ལས་སྤྲུལ་པའི་རྣམ་གྲངས་བདེ་བའི་འབྱུང་གནས། དག་པའི་འབྱུངས། ཤིན་ཏུ་དག་འབྱུང་། གཏེར་གྱི་འབྱུང་གནས། བྱང་ཆུབ་འབྱུང་གནས་དབང་གི་འབྱུང་གནས། ཕྲིན་ལས་འབྱུང་གནས་ལ་སོགས་ཀྱིས། །དུད་འགྲོའི་བཀོལ་སྤྱོད་ཀྱི་སྡུག་བསྔལ་སེལ་ཞིང་ཤེས་རབ་དང་རྟེན་འབྲེལ་གྱི་ཆོས་


TR008_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རང་རང་གི་བརྡ་དང་སྐད་ཀྱིས་སྟོན་ཅིང་འདུལ་བར་མཛད། །ཡི་དྭགས་རྣམས་ལ་གུ་རུ་རྣམ་པར་སྣང་བྱེད་དང་། དེའི་ཡང་སྤྲུལ་བདེ་བའི་དབང་པོ། ཤཱནྟ་རཀྵི། གཤོར་བ་གཞོན་ནུ། སུ་ནི་ཏྲ། པདྨ་བཛྲ། པུཎྜ་རཱི་ཀ པདྨ་བྷཱུ་ཏི་ལ་སོགས་པས་ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་སེལ་ཞིང་སྦྱིན་པ་དང་སྨོན་ལམ་གྱི་ཆོས་སྟོན། དམྱལ་བ་པ་རྣམས་ལ་གུ་རུ་རྣམ་པར་གནོན་པ་དྲག་པོའི་གཟུགས་ཅན་དང་། དེ་ལས་སྤྲུལ་པ་བདེ་མཆོག་སྙིང་པོ། བདེ་བའི་དངོས་གྲུབ། ནག་པོ་སྤྱོད་པ། གཟི་བརྗེད་འོད་འབར། པདྨ་ཀུན་རྒྱུ། པདྨ་མཁའ་ལྡིང་ལ་སོགས་པས་དམྱལ་བ་ཚ་གྲངས་གི་སྡུག་བསྔལ་སེལ་ཞིང་བསམ་གཏན་ཏིང་ངེ་འཛིན་གྱི་ཆོས་སྟོན་པར་མཛད་པ་སོགས་འགྲོ་དོན་གྱི་སྤྲུལ་པའི་སྒྱུ་འཕྲུལ་ནི་རང་ཅག །སོ་སོ་སྐྱེ་བོ་རྣམས་ཀྱི་བློའི་སྤྱོད་ཡུལ་ལས་འདས་པ་ལགས་ཤིང་། ད་ལྟ་རྔ་ཡབ་གླིང་དུ་སྲིན་པོའི་ཁ་གནོན་ལ་བཞུགས་ཚུལ་གཅིག་


TR008_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

པུའི་སྐུའི་བཀོད་པའི་རྣམ་འགྱུར་ཀྱང་ཚད་མེད་དེ། སྲིན་པོའི་རྒྱལ་ཁམས་ཡུལ་གླིང་ཆེན་པོ་ཉི་ཤུ་རྩ་གཉིས་ཡོད་པའི་དབུས་ན་ཤ་ཁྲག་ཟ་བྱེད་ཀྱི་གླིང་དུ་གྲོང་ཁྱེར་བྱེ་བ་ཕྲག་དགུའི་རྒྱལ་པོ་བདུད་འདུལ་ཧེ་རུ་ཀ་ཞེས་བྱ་བར་སྤྲུལ་ནས་གསང་སྔགས་སྦྱོར་གྲོལ་མངོན་བྱུང་གི་ཆོས་ཀྱིས་འགྲོ་བའི་དོན་མཛད་པ་དང་། དེ་བཞིན་དུ། ཤར་སྟོད་ཛཱ་ཏིའི་ནགས་གླིང་ན་གྲོང་ཁྱེར་འབུམ་ཚོ་ཉེར་གཅིག་གི་རྒྱལ་པོར་པདྨ་དེ་ཝ་རཱ་ཛཱ་ཞེས་བྱ་བར་སྤྲུལ་ནས་ཞི་ཁྲོ་སྒྱུ་འཕྲུལ་གྱི་ཆོས་སྟོན་པ་དང་། ཤར་སྨད་ན་བུན་ཐིབ་པའི་གླིང་ན་གྲོང་ཁྱེར་བྱེ་བ་ཕྲག་གསུམ་ལ་རྒྱལ་པོ་སྨྲ་བའི་སེང་གེས་འཇམ་དཔལ་སྐུའི་ཆོས་ཀྱིས་འདུལ་བར་མཛད་པ་དང་། ལྷོ་ཕྱོགས་ཀེང་རུས་བརྩེགས་པ་གླིང་ན་གྲོང་ཁྱེར་བྱེ་བ་བཅུ་དྲུག་གི་རྒྱལ་པོ་ཀཱ་ལ་ཐོད་ཕྲེང་ཞེས་བྱ་བས་མ་གཤིན་ཕུར་པ་དྲག་པོའི་ཆོས་ཀྱིས་འདུལ་བ་དང་། ནུབ་སྟོད་ཤ་མཁར་


TR008_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་གླིང་ན་གྲོང་ཁྱེར་འབུམ་ཕྲག་ཉེར་དགུའི་རྒྱལ་པོ་ཁྱུང་ཆེན་འབར་བ་ཞེས་པས་ངེས་དོན་ཕྱག་རྒྱ་ཆེན་པོའི་ཆོས་ཀྱིས་འདུལ་བ་དང་། ནུབ་སྨད་ཁྲག་མཚོ་ཁོལ་བའི་གླིང་ན་གྲོང་ཁྱེར་བྱེ་བ་གཉིས་ཡོད་པའི་རྒྱལ་པོ་གཏུམ་པོ་མེ་དབལ་ཞེས་བྱ་བས་འཕགས་པ་སྤྱན་རས་གཟིགས་ཀྱི་ཆོས་སྐོར་ཁོ་ནས་འདུལ་བ་དང་། བྱང་ཕྱོགས་འདོད་འབྱུང་ནོར་བུའི་གླིང་གི་གྲོང་ཁྱེར་བྱེ་བ་ཕྲག་གཅིག་ལ་རྒྱལ་པོ་བཛྲ་པཱ་ཎི་ཞེས་བྱ་བས་དྲག་སྔགས་མངོན་སྤྱོད་ཀྱི་སྒོ་ནས་འདུལ་བ་དང་། ཤར་ལྷོ་འབར་བ་གློག་ཕྲེང་གི་གླིང་ན་གྲོང་ཁྱེར་འབུམ་ཕྲག་བཅུ་གཉིས་ཀྱི་རྒྱལ་པོ་ཟིལ་གནོན་མེ་འོད་ཅེས་བྱ་བས་མ་མོ་རྒྱུད་ལུང་གི་ཆོས་ཀྱི་འདུལ། ལྷོ་ནུབ་རཀྴ་འཁྲུག་པའི་གླིང་ན་གྲོང་ཁྱེར་འབུམ་ཕྲག་དྲུག་གི་རྒྱལ་པོ་རཀྴ་ཐོད་ཕྲེང་གི་གསང་སྔགས་དུས་འཁོར་གྱི་ཆོས་སྟོན། ནུབ་བྱང་རླུང་ནག་འཁྲུག་པའི་གླིང་གི་གྲོང་ཁྱེར་འབུམ་མཚོ་


TR008_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ན་རྒྱལ་པོ་སེང་གེ་སྒྲར་སྤྲུལ་བས་འཇིག་རྟེན་མཆོད་སྟོད་ཀྱི་ཆོས་སྟོན། བྱང་ཤར་མུན་ནག་འཁྲིག་པའི་གླིང་ན་གྲོང་ཁྱེར་འབུམ་ཕྲག་ཉེར་གཅིག་གི་ལ་རྒྱལ་པོ་གཙུག་ན་མེ་འབར་གྱིས་དམོད་པ་དྲག་སྔགས་རོལ་པའི་ཆོས་ཀྱིས་འདུལ་བར་མཛད་ལ། ཁྱད་པར་དབུས་ཟངས་མདོག་དཔལ་རིའི་རྩེ་མོར་པདྨ་འོད་ཀྱི་ཕོ་བྲང་ཆེན་པོའི་ཡང་ཐོག་ན་གུ་རུ་ཐོད་ཕྲེང་རིག་ལྔ། བར་ཁང་ན་མཚན་བརྒྱད་རིག་འཛིན་འབུམ་གྱིས་བསྐོར་བ་འོག་ཁང་དུ་དྲག་པོ་ཐོད་ཕྲེང་རྩལ་ལ་མཁའ་འགྲོ་ཆོས་སྐྱོང་བཀའ་གཉན་བླ་མ་རྒྱ་མཚོས་བསྐོར་ནས་བཞུགས་ཏེ་བླ་མེད་འབྲས་བུ་རྫོགས་ཆེན་གྱི་ཆོས་འཁོར་རྒྱུན་མི་ཆད་པར་མཛད་པ་དང་། ཕོ་བྲང་གི་ཕྱི་རོལ་ཏུ་ཡང་ཤར་ཞི་བ་ཆོས་ཀྱི་ཚོགས་ཁང་ན་སློབ་དཔོན་ཉིད་པཎྜི་ཏའི་ཆ་བྱད་ཀྱིས་བཀའ་སྡེ་སྣོད་གསུམ་གྱི་ཆོས་འཁོར་བསྐོར། ལྷོ་རྒྱས་པ་ལོངས་སྤྱོད་


TR008_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཚོགས་ཁང་དུ་གུ་རུ་ཉིད་ཚེ་དཔག་མེད་ཀྱི་སྐུར་བཞེངས་ནས་གསང་སྔགས་རྒྱུད་སྡེ་རྒྱ་མཚོའི་སྨིན་གྲོལ་གྱི་ཆོས་འཁོར་བསྐོར་ནུབ་སྨད་དབང་གི་ཚོགས་ཁང་དུ་སློབ་དཔོན་ཉིད་རྟ་མགྲིན་དབང་གི་རྒྱལ་པོར་བཞེངས་ཏེ་མ་རྒྱུད་ཐབས་ལམ་ཟབ་མོའི་ཆོས་བསྐོར་གསུངས་བྱང་དྲག་པོ་ཕྲིན་ལས་ཀྱི་ཚོགས་ཁང་དུ་གུ་རུ་དྲག་པོ་གཏུམ་ཆེན་དུ་སྤྲུལ་ནས་སྡེ་བརྒྱད་དྲེགས་པ་འདུལ་བྱེད་ཕྲིན་ལས་རབ་འབྱམས་ཀྱི་ཆོས་འཁོར་བསྐོར་བར་མཛད་པ་སོགས་ངོ་མཚར་གྱི་རྣམ་པར་ཐར་པ་ནི་བསྐལ་པ་བརྒྱར་ཡང་བརྗོད་ཀྱི་མི་ལངས་ཤིང་། སྐུ་དངོས་དེ་ལྟ་བུའི་ཚུལ་ལས་མ་གཡོས་པར་བཞུགས་བཞིན་དུ། གདུལ་བྱའི་ཞིང་ཁམས་ནམ་མཁས་གར་ཁྱབ་ཐུགས་རྗེའི་སྤྲུལ་པས་ཁྱབ་ཅིང་། ཁྱད་པར་འོ་སྐོལ་ཐ་འཁོབ་བོད་ཀྱི་ཡུལ་དུ་དུས་བཟང་ཚེས་བཅུའི་མཆོད་པ་དང་གསང་སྔགས་ཟབ་མོའི་དབང་བསྐུར་ཡེ་ཤེས་འབེབ་པའི་སྐབས་རྣམས་དང་


TR008_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་དད་ཅན་གསོལ་བ་གང་འདེབས་ཀྱི་སར་ཐུགས་རྗེའི་རྫུ་འཕྲུལ་ནམ་མཁའི་གློག་ལས་མྱུར་བས་གཤེགས་ནས་བྱིན་གྱིས་རློབས་པར་ཞལ་གྱི་བཞེས་ཤིང་ཐུགས་དམ་དུ་བཅས་པ་ལགས་ཏེ། །ཉིད་ཀྱི་བཀའ་ལས་ཀྱང་། དད་གུས་མོས་གདུང་ཅན་གྱི་སྐྱེ་འགྲོ་ལ། །སངས་རྒྱས་གཞན་ལས་བདག་ཉིད་ཐུགས་རྗེ་མྱུར། ཁམས་གསུམ་འཁོར་བའི་སེན་མ་ཟད་པར། །པདྨ་འབྱུང་གནས་ཐུགས་རྗེ་ཟད་མི་སྲིད། ཅེས་གསུངས་པ་བཞིན། མ་འོང་པ་ན་རྒྱལ་བ་བྱམས་པའི་བསྟན་པ་ཤར་ཚེ། །སློབ་དཔོན་ཉིད་རྒྱལ་སྲས་འགྲོ་བ་ཀུན། །འདུལ་ཞེས་པར་སྤྲུལ་ནས་གསང་སྔགས་ཐེག་ཆེན་བླ་མེད་ཀྱི་ཆོས་སྟོན་གསུངས་པ་བཞིན་དུ། བསྐལ་བཟང་གི་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་ལ་དེ་ལྟར་འགྲོ་དོན་མཛད་པར་འགྱུར་བ་སྟེ། མདོར་བསྡུ་ན། དེ་ལྟ་བུའི་ཐུགས་རྗེ་ཕྲིན་ལས་རྨད་དུ་བྱུང་ཞིང་སྐུ་ཆེ་བའི་ཡོན་ཏན་


TR008_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་པ་བྲལ་བའི་རྒྱལ་བ་པདྨ་འབྱུང་གནས་དེ་ཉིད་རྒྱ་གར་འཕགས་པའི་ཡུལ་དུ་མི་ལོ་སུམ་སྟོང་དྲུག་བརྒྱའི་བར་དུ་བསྟན་པའི་སྒྲོན་མེ་སྦར་ཞིང་སེམས་ཅན་གྱི་དོན་མཛད་པའི་མཐར། གངས་ཅན་བོད་ཀྱི་ཡུལ་འདིར་འཇམ་དབྱངས་སྤྲུལ་པའི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྤྱན་དྲངས་ནས། ལྷ་མ་སྲིན་གདུག་པ་ཅན་རྣམས་དབང་དུ་བསྡུས་ཤིང་དམ་ལ་བཏགས་ཏེ་བཀའི་བསྲུང་མར་བསྐོས། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙོ་བྱས་པའི་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་གྲངས་མེད་བཞེངས་ཤིང་རབ་ཏུ་གནས་པར་མཛད། ལོ་པཎ་མཁས་གྲུབ་མང་པོར་བཅས་པས་བཀའ་མདོ་རྒྱུད་ལུང་མན་ངག་གི་ཆོས་ཀྱི་གཏེར་མཛོད་ཕྱེས། བཤད་སྒྲུབ་ཐོས་བསམ་སྒོམ་པའི་དགེ་འདུན་གྱི་སྡེ་གཙུག་སྟེ་སངས་རྒྱས་ཀྱི་བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་འཇུག་པའི་བཀའ་དྲིན་གྱིས་


TR008_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་པར་མཛད་པའི་སྐབས་དེར། གྲུབ་ཐོབ་རྗེ་འབངས་ཉེར་ལྔ་དང་སྐལ་ལྡན་སྙིང་གི་བུ་དགུ་ལ་སོགས་ལ་གསང་སྔགས་ཐེག་པའི་ཡང་སྙིང་ཟབ་པའི་མཐར་ཐུག་ཚེ་གཅིག་ལུས་གཅིག་ལ་རྫོགས་པའི་སངས་རྒྱས་བདེ་བླག་ཏུ་ཐོབ་པར་བྱེད་པའི་ཆོས་བཀའ་རབ་འབྱམས་མཐའ་ཡས་པའི་ཆར་རྒྱུན་ཕབས་ནས། དུས་མ་འོངས་སྙིགས་མ་རྩོད་ལྡན་གྱི་གདུལ་བྱ་རྣམས་ལ་བརྩེ་བ་ཆེན་པོས་དགོངས་ཏེ་རྒྱུད་ལུང་མན་ངག་བསྐྱེད་རྫོགས་སྨིན་གྲོལ་ལས་ཚོགས་དང་བཅས་པའི་ཆོས་སྐོར་ཟབ་ཅིང་རྒྱ་ཆེ་བ་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་ལས་ལྷག་པའི་དངོས་གྲུབ་ཀྱི་འདོད་འཇོ་དམ་པར་གྱུར་པ་རྣམས་ཡི་གེར་བཏབ་ནས་གནས་ཆེན་རི་བྲག་གཉན་ཁྲོད་གཙུག་ལག་ལ་སོགས་པ་ཇི་སྙེད་ཁྱབ་པ་གཏེར་དུ་སྦས་པ་དག་རྗེ་འབངས་སྐལ་ལྡན་སྐྱེས་མཆོག་དེ་རྣམས་


TR008_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྨོན་ལམ་ཐུགས་རྗེའི་རྣམ་འཕྲུལ་རིམ་ཅན་དུ་བྱོན་པས་གཏེར་ནས་སྟོན་ཏེ་ལས་འཕྲོ་སྐལ་བར་ལྡན་པའི་གདུལ་བྱ་རྣམས་སྨིན་གྲོལ་དུ་མཛད་པ་ལས། ད་ལམ་གྱི་ཆོས་བཀའ་འདི་ཉིད་ཀྱི་དབང་དུ་བགྱིས་ན། གུ་རུ་རིན་པོ་ཆེའི་ཞལ་སློབ་ལྷག་མེད་འོད་ལུས་འགྲུབ་པའི་གྲུབ་ཐོབ་བརྒྱད་ཀྱི་ནང་ནས་ཏིང་འཛིན་ཟག་མེད་འོད་གསལ་ཆེན་པོར་དབང་བསྒྱུར་བ་མྱང་བན་ཏིང་འཛིན་བཟང་པོ་ཞེས། སྔོན་ཚེ་ཐུབ་པའི་དྲུང་ན་དགེ་སློང་འགོའུ་ཏ་མ། གསང་བདག་ཕྱག་རྡོར་གྱི་སྤྱན་སྔར་ལྷའི་རིག་འཛིན་གྲགས་ལྡན་མཆོག་སྐྱོང་། བོད་ཐ་འཁོབ་ཀྱི་རྒྱལ་པོ་ལ་སྔ་བ་འོད་གསལ་ལྷའི་རིགས་འཆང་གཉའ་ཁྲི་བཙན་པོ་ལ་སོགས་དག་པའི་སྐྱེ་བ་བརྒྱུད་མར་བྱོན་པའི་མྱང་བན་ཆེན་པོ་དེ་ཉིད་ལ་ཆོས་བཀའ་འདི་དག་གི་དབང་བསྐུར། བཀའ་གཏད། ལུང་བསྟན། བྱིན་གྱིས་


TR008_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

བརླབས། སྨོན་ལམ་གྱི་མཚམས་སྦྱར་ཏེ། དིང་སང་འོ་སྐོལ་དུས་ངན་གྱི་འགྲོ་བ་སྡུག་བསྔལ་སྣ་ཚོགས་ཀྱིས་ཉམ་ཐག་པ་རྣམས་འདུལ་ཞིང་སྐྱོབས་པའི། རྣམ་འདྲེན་དམ་པར་བསྔགས་པར་མཛད་ཅིང་ཆོས་བཀའ་རྣམས་རྒྱ་རིམ་པ་བདུན་གྱིས་བཏབས་ནས་ཀོོང་ཡུལ་ཉང་ལུང་ཝ་རུ་ཎ་ཚལ་གྱི་གཏེར་གནས་ཧཾ་འཕྲང་ལྕགས་ཀྱི་སྒོ་མོར་གཏེར་དུ་བཏམས་ནས་བཞུགས་སུ་གསོལ། དེ་ནས་གུ་རུའི་ཐུགས་རྗེ་དང་སྔོན་གྱི་སྨོན་ལམ་གྱི་མཐུ་ལས་མྱང་བན་དེ་ཉིད་སྐུ་ལུས་ཟག་མེད་འོད་ཕུང་དུ་ཐིམ་ཀྱང་ཐུགས་རྗེ་ཡེ་ཤེས་རྣམ་རོལ་གྱི་རྒྱུ་འཕྲུལ་ལས། སྙིགས་མའི་དུས་སུ་འགྲོ་བའི་དོན་དུ་སྤྲུལ་པའི་སྐུ་སྐྱེས་སྒོམ་ཡེ་ཤེས་རྡོ་རྗེ། འགྲོ་མགོན་དུང་མཚོ་རས་པ། མཁས་གྲུབ་ཆོས་དབྱིངས་དབང་ཕྱུག་གམ་འཁྲུལ་ཞིག་བསོད་ནམས་རྒྱལ་མཚན། གྲུབ་ཐོབ་སངས་རྒྱས་སྒོམ་པ་


TR008_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

རས་དཀར་ཐུགས་རྗེ་རྒྱལ་མཚན། དུང་མཚོ་རས་པ་ཕྱི་མ། སྤྲུལ་སྐུ་བསོད་ནམས་རྒྱལ་པོ། དྲུང་པ་ཆོས་བཟང་ཉི་མ། མཚུངས་མེད་གནས་པ་རབ་འབྱམས། གྲུབ་མཆོག་སྦྱིན་པ་རིན་ཆེན་ལ་སོགས་པ་སྐྱེས་ཆེན་དུ་མར་སྤྲུལ་ནས་ཡུལ་དུས་དེ་དང་དེ་སྐབས་ཀྱི་གདུལ་བྱ་རྣམས་དྲངས་ཏེ། སླར་ལྔ་བརྒྱ་ཐ་མ་རྩུབ་འགྱུར་རབ་ཏུ་འཁྲུག་པའི་དུས་འདིར་གཏེར་སྟོན་གྱི་ཨོ་རྒྱན་ལས་འགྲོ་གླིང་པའམ། མཚན་གྱི་རྣམ་གྲངས་སུ་རིག་འཛིན་འཇའ་ཚོན་སྙིང་པོ། ཁྲག་འཐུང་ཧཱུྃ་ནག་མེ་འབར་ལ་སོགས་པར་གྲགས་པའི་སྙན་པ་རྒྱ་མཚོའི་གོས་ཅན་ཁྱབ་པར་བྱོན་པ་དེ་ཉིད་སྐུ་གཞོན་ནུའི་དུས་ནས་སྐྱེས་བུ་དམ་པའི་རྣམ་ཐར་གྱི་མཚན་ཉིད་ཡོངས་སུ་ཚང་ཞིང་། སྐྱེ་བར་དམ་པའི་ཆོས་དོན་མཐར་ཕྱིན་ཀྱང་གདུལ་བྱ་རྣམས་ལ་གདམས་ངག་རྣམ་ཐར་གྱི་སྒོ་ནས་སྟོན་ཕྱིར་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་ནས་མདོ་རྒྱུད་


TR008_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་གི་གསན་བསམ་ཕྱོགས་མེད་དུ་སྒྲོ་འདོགས་བཅད། དཀའ་དཔྱད་སྙིང་རུས་ཀྱི་གོ་ཆ་རྨད་དུ་བྱུང་བས་བསྒྲུབ་པ་བརྩེ་གཅིག་གི་རང་དོན་མངོན་དུ་གྱུར། ཟབ་མོའི་གཏེར་སྒོ་ཕྱེས་ཤིང་གཞན་དོན་དུ་ཐུགས་བསྐྱེད་སྨོན་ལམ་ལས་འཕྲོའི་འབྲས་བུ་སྨིན་པའི་མཁྱེན་བརྩེ་ནུས་པའི་ཕྲིན་ལས་ཟླ་མེད་པས་སྐལ་ལྡན་གདུལ་བྱའི་ཁ་ལོ་ཐར་གླིང་དུ་བསྒྱུར་བའི་འདྲེན་མཆོག་དེད་དཔོན་དམ་པ་དེ་ཉིད་ཀྱིས་གཏེར་ནས་སྤྱན་དྲངས་པའི་བཀའ་དྲིན་ལས་བྱུང་བའི་ཟབ་ཆོས་འདི་དག་མཚན་ལྡན་བླ་མ་བརྒྱུད་པའི་བྱིན་རླབས་ཀྱི་དྲོད་མ་ཡལ། དམ་ཚིག་གི་སེལ་མ་ཞུགས། སྙན་རྒྱུད་ཀྱི་ཟམ་མ་ཆད། དངོས་གྲུབ་ཀྱི་མཚོ་མ་སྐམ། ཕྱག་བཞེས་ཀྱི་གནས་མ་འཆུགས། གུ་རུ་པདྨ་འབྱུང་གནས་ནས་དྲིན་ཅན་རྩ་བའི་བླ་མའི་བར་དུ་སྨིན་གྲོལ་


TR008_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཆུ་རྒྱུན་མ་ཆད་པའི་བབས་ཚུལ་དེ་ལྟར་ལགས་པས་ན། ཐུགས་དད་པ་མོས་གུས་ཀྱི་སྣང་བ་གོང་འཕེལ་དུ་མཛད་པར་འཚལ་ཞིང་། འདི་ལྟ་བུའི་དབང་བསྐུར་ཟབ་མོ་གསན་པར་བྱེད་པ་ལ་དང་པོར་ལྷ་དང་བླ་མ་དབྱེར་མེད་ལ་གསོལ་བ་གདབ་པ་འདིའི་རྗེས་ཟློས་བཀའ་དྲིན་སྐྱོང་བར་ཞུ། །དཀོན་མཆོག་སྤྱི་འདུས་བླ་མ་ནི། །རིགས་རྣམས་ཀུན་བདག་ཆེ་བའི་མཆོག །དཔའ་བོ་ཆེན་པོས་རྗེས་སུ་བཟུང་། །དབང་གིས་སྨིན་གྲོལ་དངོས་གྲུབ་སྩོལ། དེ་ལྟར་གསོལ་བ་གདབ་པའི་སྔོན་དུ་སོང་ནས་སློབ་དཔོན་གྱི་གནང་བའི་སྐབས་ཕྱེས་པ་ཡིན་པས། དེས་ན་གསང་སྔགས་ཟབ་མོའི་ཆོས་ནི་དཔེར་ན་སེང་གེའི་འོ་མ་ལྟར་ཡིན་ཕྱིར་སྣོད་ཀྱི་མཚན་ཉིད་ཚུལ་བཞིན་ལྡན་པ་མ་གཏོགས། སྣོད་མ་ཡིན་པའི་ལམ་དུ་སོང་ན་ཉེས་ལྟུང་ཆེན་པོའི་སྐྱོན་གྱིས་ཕུང་བར་


TR008_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བས། གསང་བའི་དམ་ཚིག་ལས་མི་འདའ་བར་མཛད་དགོས་པ་ལགས། དེ་ལྟར་ཡིན་ན་ཧེ་རུ་ཀའི། དལ་དུ་སུ་ཞུགས་སྨིན་པར་བྱ། བླ་མེད་ཡང་གསང་བྱིན་རླབས་འདི། གནས་ཁང་འདི་ཡི་ཕྱི་རོལ་དུ། དམ་མེད་པ་ལ་སྨྲར་མི་རུང་། དེ་ཕྱིར་སྙིང་ནས་བྲོ་བོར་ཞིག །བཛྲ་རཀྵ་སི་ཧཱུྃཿས་མ་ཡ་ཨི་དན་ན་ར་ཀན། ཅེས་པ། དམ་ཚིག་གི་རྡོ་རྗེ་སྤྱི་བོར་བཞག་ཅིང་བདུད་རྩི་ལྕེ་ལ་གཞག་གོ། །དེ་ནས་ཡེ་ཤེས་དབབ་པའི་ཕྱིར་དུ་སྤོས་དང་རོལ་མོ་སོགས་ཐ་མལ་འཁྲུལ་ཞེན་གྱི་སྣང་བ་བསྒྱུར་བའི་རྫས་དང་ཡོ་བྱད་རྣམས་གསར་ལ། དེ་ནས་ཡང་ཁྱེད་རང་རྣམས་ཐུགས་མ་ཡེངས་པར་གསན་མཛོད། གསང་སྔགས་སྙིང་པོའི་དོན་གྱི་དབང་ཞུ་བར་བྱེད་པ་ལ་བདག་གཞན་སྣོད་བཅུད་རྣམས་ཐ་མལ་འཁྲུལ་འཛིན་ཨ་འཐས་ཀྱི་བློ་ངོར་དབང་བསྐུར་བའི་ཡུལ་མིན་ཏེ། དེ་ལྟ་བུ་ལ་


TR008_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་ཡང་མི་ཆགས་པའི་ཕྱིར་སྣོད་བཅུད་ལྷའི་དཀྱིལ་འཁོར་ཡེ་ནས་ཡིན་ཀྱང་ཡིན་ཚུལ་ངོ་མ་ཤེས་པའི་གང་ཟག་ངོ་སྤྲོད་ཅིང་གསལ་གདབ་པ་དང་། དེ་ལས་མི་འགྱུར་བར་དམ་ཚིག་ཡེ་ཤེས་གཉིས་མེད་དུ་རྒྱས་བཏབ་དགོས་པ་ནི་དབང་དོན་གྱི་གཙོ་བོ་ཡིན་ཕྱིར་དེས་ན་དམིགས་པ་འདི་བཞིན་བསྒོམ་པར་ཞུ། འོ་སྐོལ་རྣམས་ཀྱི་འདུག་པའི་གནས་ཁང་ཡུལ་ཁམས་འདི་ཐམས་ཅད་ཐ་མལ་གྱི་ཡུལ་མ་ཡིན་པར་ཡེ་ཤེས་འོད་ལྔ་ལས་གྲུབ་པའི་ཞིང་ཁམས་གཞལ་ཡས་ཁང་དུ་མོས་པ་མཛད་པ་དང་། བདག་སློབ་དཔོན་ཡང་ཐ་མལ་རང་རྒྱུད་པ་ལ་མ་ཡིན་པར་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་རོལ་དུ་ངེས་ཤེས་བསྐྱེད་པ་གནང་། ཁྱེད་རང་རྣམས་ཀྱང་སྐད་ཅིག་དྲན་རྫོགས་སུ་གདན་པདྨ་ཉི་ཟླ་བརྩེགས་པའི་ཁར་སྐུའི་ངོ་བོ་རྗེ་བཙུན་ཆེན་པོ་རྒྱལ་བ་པདྨ་འོད་འབར་དུ་ལམ་གྱིས་གསལ་ཏེ། སྐུ་གཟི་བརྗིད་ཀྱི་ལྷུན་


TR008_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མཚན་དཔེའི་དཔལ་དུ་འབར་བ་ཐབས་ཤེས་ཀྱི་ཕྱག་གཉིས་སྣང་སྟོང་ཟུང་འཇུག་མཚོན་ཕྱིར་གཡས་གསེར་གྱི་རྡོ་རྗེ་དང་གཡོན་མཚན་ཐོད་པ་ཚེ་བུམ་གྱིས་མཚན་པ་བསྣམས་ཤིང་། །བདེ་སྟོང་མཉམ་ཉིད་མཚོན་པའི་ཁ་ཊྭྃ་མཆན་ཁུང་གཡོན་དུ་འཛིན་པ། སྐུ་ལྔ་ཡོངས་རྫོགས་ཀྱི་དབུ་ཞྭ་འདབ་ལྡན་རིགས་ལྔ་ཉི་ཟླ་རྒོད་སྒྲོ་དར་དཔྱང་དང་ལྡན་པ་དབུ་ལ་གསོལ་བས་ཁམས་གསུམ་ཟིལ་གྱིས་གནོན་པ་སྐུ་ལ་ཐེག་པ་རིམ་དགུའི་ཟབ་བེར། མདོ་སྔགས་ཟུང་འཇུག་གི་ཆོས་གོས། ཡོན་ཏན་ཡོངས་རྫོགས་ཀྱི་རྒྱན་ཆས་རྣམས་ཀྱི་སྤྲས་པས་སྲིད་གསུམ་དབང་དུ་བསྡུད་པ། སྲིད་ཞི་དང་རྟག་ཆད་ཀྱི་མཐའ་དང་བྲལ་བས་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་ཞུགས་པ། ཡེ་ཤེས་ལྔ་རྫོགས་འཇའ་འོད་འཁྱིལ་བའི་ཀློང་ན་སྣང་སྟོང་ཟུང་འཇུག་གི་སྐུར་གསལ་ཞིང་། སྣང་གྲགས་ཐམས་ཅད་རིགས་འདུས་བླ་མའི་


TR008_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཡེ་གདོད་མ་ནས་ཡིན་པ་ལ་ཡིན་པའི་ངེས་ཤེས་བརྟན་པོ་མཛད་འཚལ་ཞིང་། དེ་ནས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་སྲོག་གི་འོད་ཟེར་དང་། ཁྱེད་རང་རྣམས་ཀྱི་སྤྱི་བོ་མགྲིན་པ་སྙིང་ག་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་ཀྱང་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས་པས། ལྷོ་ནུབ་པདྨ་འོད་ཀྱི་གཞལ་ཡས་སུ་རྗེ་བཙུན་ཆེན་པོ་པདྨ་འབྱུང་གནས་སྤྲུལ་འཁོར་དང་བཅས་པ་རྣམས་ལ་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ་ནས། ནམ་མཁའི་ཁམས་ཐམས་ཅད་བླ་མ་ཡི་དམ་མཁའ་འགྲོའི་ལྷ་ཚོགས་ཁ་བ་བུ་ཡུག་འཚུབས་པ་ལྟར་བྱོན་ཏེ་སྣང་སྲིད་ཐམས་ཅད་རོལ་མོའི་སྒྲ་དང་སྤོས་དྲིས་གང་ཞིང་ཐུགས་རྗེ་བྱིན་རླབས་ཀྱི་རྫུ་འཕྲུལ་རླབས་ཆེན་གཡོ་བས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་དབྱེར་མེད་དུ་ཐིམ་པའི་མོས་པ་དྲག་པོ་རྩེ་གཅིག་ཏུ་མཛད་པར་ཞུ། ཅེས་དམིགས་པ་སྤྲད་ཅིང་


TR008_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་འདྲེན་འཛབ་དབྱངས་རོལ་མོ་སོགས་ཀྱི་རྟེན་འབྲེལ་རྒྱུ་རྐྱེན་འཛོམ་པས་སྣང་བ་ཟི་ཞུན་གྱི་འགྲོ་ཐུབ་པར་བྱ་ཞིང་། མེ་ཏོག་ལ་རྟེན་འབྲེལ་སྙིང་པོ་དང་གུ་རུ་བཟླས་པས་ཆར་ཕབ་ཅིང་དམ་ཡེ་གཉིས་མེད་བརྟན་པར་བྱའོ།། ༈ །།དེ་ནས་དབང་དངོས་གཞི་བསྐུར་བའི་རིམ་པ་ལ། དབང་དོན་སེམས་ལ་སྤྲད་པ། དབང་རྫས་ལུས་ལ་གཞག་པ། དབང་ཚིག་རྣ་བར་བསྒྲག་པ་དང་བཅས་པ་འཛོམ་དགོས་པས་ན། དབང་དོན་གྱི་དམིགས་པའི་བརྡ་དོན་འདི་བཞིན་ཐུགས་དགོངས་འཚལ་ཏེ། སྤྱིར་དབང་གི་རྣམ་གྲངས་ལ་བསམ་གྱིས་མི་ཁྱབ་པ་ཞིག་མཆིས་མོད་ཀྱང་མདོར་བསྡུ་ན། ལུས་ངག་ཡིད་གསུམ་ཤེས་བྱའི་སྒྲིབ་པ་དང་བཞི་པོ་དག་པར་བྱེད་ཅིང་འབྲས་བུ་སྐུ་བཞི་འགྲུབ་པའི་སླད་དུ་བུམ་གསང་ཤེར་ཡེ་ཚིག་དབང་དང་བཞི་ལ་བརྟེན་ནས་ལམ་སྨིན་གྲོལ་སྐལ་བ་རྒྱུད་ལ་འཇོག་པ་ཡིན་པས། ཐོག་མར་ལུས་སྨིན་པར་བྱེད་


TR008_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

པ་བུམ་པའི་དབང་བསྐུར་བ་ལགས་ཏེ། དེས་ན་དབང་བསྐུར་བའི་སློབ་དཔོན་དང་བསྐུར་བའི་ཡུལ་ཁྱེད་རང་རྣམས་དང་བཅས་པ་ཐམས་ཅད་རྒྱལ་བ་པདྨ་འོད་འབར་གྱི་ངོ་བོར་གསལ་བར་མཛད་པའི་ངང་ནས། བསྐུར་བྱའི་དབང་རྫས་འདི་དག་རྣམས་ཀྱང་གནས་སྐབས་སུ་མཚོན་བྱེད་ཀྱི་དཔེ་དང་བརྡ་ཙམ་ཡིན་ལ་དོན་དམ་པར་རྒྱལ་བ་འོད་འབར་གྱི་སྐུ་ཉིད་ཡིན་པར་གསལ་བའི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་འཕྲོས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོ་མགྲིན་པ་སྙིང་ཁ་རྣམས་ལ་རིམ་བཞིན་ཐིམ་པའི་དམིགས་པ་མ་ཡེངས་པར་གནང་བ་ཞུ།། ༈ །།ཧྲཱིཿ དཀོན་མཆོག་སྤྱི་འདུས་རིགས་ཀྱི་བདག །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་མཆོག་རིན་པོ་ཆེ། །བྱིན་རླབས་ཀློང་ཡངས་རང་བཞིན་འབར། ཨོཾ། སྐུ་ཡི་སྨིན་མཚམས་ཨོཾ་དཀར་ལས། །འོད་ཟེར་སྐར་མདའ་འཆད་པ་ལྟར། །སྐལ་ལྡན་ལུས་ལ་གཉིས་


TR008_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཐིམ། །བུམ་དབང་ཐོབ་ནས་སྣང་སྟོང་བསྒོམ། །པདྨ་འབྱུང་གནས་སྐུ་ཡི་དབང་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི། ཀཱ་ཡ་ཨ་བྷི་ཥཱིཉྩ་ཧཱུྃ་ཨོཾ། ཞེས་འཛབ་དབྱངས་རོལ་མོར་བཅས་པས་བུམ་དབང་སྤྱི་བོར་བསྐུར་བའི་རྗེས་ལ་ངོ་སྤྲད་པ་ནི།། ༈ །།དེ་ལྟར་བུམ་པའི་དབང་བསྐུར་བས་ལུས་ཀྱི་སྒྲིབ་པ་མ་ལུས་པ་བྱང་ནས། ལུས་ལྷའི་ངོ་བོར་རྒྱས་ཐེབས་པས་སྣོད་བཅུད་ལྷའི་སྐྱེད་རིམ་བསྒོམ་པའི་སྐལ་བ་དང་ལྡན་ཞིང་། བླ་མ་སྤྲུལ་པ་སྐུའི་གོ་འཕང་ཐོབ་པའི་རྟེན་འབྲེལ་གྱི་ནུས་པ་རྒྱུད་ལ་བཞག་པ་ཡིན་པས་དེ་ལྟ་བུའི་ངེས་ཤེས་མཛད་པ་དང་། དབང་འདིའི་དམ་ཚིག་ཏུ་ལུས་ཀྱི་མི་དགེ་བ་སྤོང་ཞིང་ལྷ་དང་བླ་མའི་བསྐྱེད་རིམ་བསྒོམ་པ་ལ་རྒྱུན་དུ་བརྩོན་པར་མཛད་དགོས་པ་ལགས། ཧྲཱིཿ དཀོན་མཆོག་སྤྱི་འདུས་རིགས་ཀྱི་བདག །གསུང་གི་ལྗགས་སྟེང་ཨཱཿདམར་ལས། །འོད་ཟེར་མར་མེའི་རྩེ་


TR008_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ལྟར། །སྐལ་ལྡན་ལྕེ་ལ་གཉིས་མེད་ཐིམ། །གསང་བའི་དབང་ཐོབ་ངག་རླུང་བསྒོམ། །པདྨ་འབྱུང་གནས་གསུང་གི་དབང་ཐོབ་ཤོག །བཛྲ་གུ་རུ༴ ཝཱ་ཀ་ཨ་བྷིི་ཥཱིཉྩ་ཧཱུྃ། ཅེས་ཐོད་པ་བདུད་རྩིས་མགྲིན་པར་བསྐུར་ནས། དེ་ལྟར་གསང་དབང་ངག་ལ་བསྐུར་ནས་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག་ཅིང་ངག་སྔགས་ཀྱི་འཁོར་ལོར་རྒྱས་ཐེབས་པ། བསྙེན་སྒྲུབ་བཟླས་དང་རྩ་རླུང་བསྒོམ་པའི་སྐལ་བར་ལྡན་ལ། མཐར་ཐུག་བླ་མ་ལོངས་སྐུ་འགྲུབ་པའི་རྟེན་འབྲེལ་རྒྱུད་ལ་བཞག་པ་ཡིན་ལ། དབང་འདིའི་དམ་ཚིག་ཏུ་ངག་གི་མི་དགེ་བ་སྤོང་ཞིང་རྟག་ཏུ་གསོལ་འདེབས་བཟླས་པ་ལ་འབད་པར་གནང་འཚལ། ཧྲཱིཿ དཀོན་མཆོག་སྤྱི་འདུས་རིགས་ཀྱི་བདག །ཐུགས་ཀྱི་ཧཱུྃ་སྔོན་འོད་འབར་ལས། །འོད་ཟེར་སྤོས་རེང་དུ་བ་ལྟར། །སྐལ་ལྡན་སེམས་ལ་གཉིས་མེད་ཐིམ། །ཤེར་ཡེའི་དབང་ཐོབ་གསལ་སྟོང་སྒོམ། །པདྨ་འབྱུང་གནས་ཐུགས་ཀྱི་དབང་ཐོབ་ཤོག །


TR008_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་གུ་རུ༴ ཙིཏྟ་ཨ་བྷི་ཥཱིིཉྩ་ཧཱུྃ། ཅེས་ཕྱག་མཚན་ཁ་ཊྭཱྃ་ཕྱག་རྒྱ་མཚོན་བྱེད་སྙིང་ཁར་བསྐུར་ལ། དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་ཡིད་ལ་བསྐུར་བས་སེམས་ཀྱི་སྒྲིབ་པ་སྦྱང་། །སེམས་ཆོས་ཉིད་ཀྱི་རོལ་པར་རྒྱས་ཐེབས་ཅིང་། །སྤྲོས་མེད་རྫོགས་རིམ་བསྒོམ་པའི་སྐལ་བར་ལྡན་པ་དང་། མཐར་ཐུག་བླ་མ་ཆོས་སྐུ་འགྲུབ་པའི་ནུས་པ་རྒྱུད་ལ་བཞག་པ་ལགས་ཅིང་། དབང་འདིའི་དམ་ཚིག་ཏུ་ཡིད་ཀྱི་མི་དགེ་བ་མཐའ་དག་སྤོང་ཞིང་རང་རིག་བཟོ་མེད་ལྷུག་པ་བཅིང་གྲོལ་བྲལ་བའི་ཉམས་ལེན་ལས་མི་འདའ་བར་མཛད་དགོས་པ་ལགས། དེ་ནས་དབང་རྫས་བླ་མར་གསལ་བའི་སྐུའི་སྤྱི་མགྲིན་སྙིང་ཁ་ལྟེ་བ་གསང་གནས་ལྔ་ལས་འོད་ཟེར་ལྔ་ལྡན་འཕྲོས་པ་ཁྱེད་རང་རྣམས་ཀྱི་གནས་ལྔར་ཐིམ་པས་དབང་བཞི་ཡོངས་རྫོགས་ཐོབ་པའི་མོས་པ་གནང་བར་ཞུ། ཧྲཱིཿ དཀོན་མཆོག་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་


TR008_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པའི་འོད་ཟེར་ནི། །ནམ་མཁའ་ཆུ་ལ་འཇའ་ཤར་ལྟར། །སྐལ་ལྡན་གནས་ལྔར་གཉིས་མེད་ཐིམ། །དབང་བཞི་ཡེ་ཤེས་རྫོགས་ཆེན་བསྒོམ། །པདྨ་འབྱུང་གནས་རང་བཞིན་དབང་ཐོབ་ཤོག །བཛྲ་གུ་རུ༴ སརྦ་དྷརྨ་ཨ་བྷི་ཥཱིཉྩ་ཧཱུྃ། ཞེས་པས་སྟོང་པ་མཚོན་བྱེད་དུ་ཐོད་པའི་ནང་དུ་སྣང་བ་མཚོན་ཕྱིར་ཤེལ་བཅུག་ལ་སྣང་སྟོང་ཟུང་འཇུག་མཚོན་རྡོ་རྗེ་དང་ལྷན་ཅིག་ཏུ་གནས་ལྔའམ་སྤྱི་བོར་བཞག །འདི་སྐབས་སུ་བླ་མ་མཚན་ལྡན་གྱི་སློབ་མ་ཉམས་ལེན་གཅིག་དྲིལ་བྱེད་པའི་རིགས་ལ་ནི་གཞུང་ཉིད་ཀྱི་གུད་དུ་སྦས་པའི་ཚིག་དབང་དང་པདྨའི་སྲོག་ཕུར་དང་བཅས་པའི་ངོ་སྤྲོད་ཚུལ་བཞིན་བྱ་ལ། གང་ཟག་ཕལ་པ་རྣམས་ལ་ནི་ཡུལ་མ་ཡིན་པས་གོང་གི་བརྡ་མཚོན་འདི་ཀས་ཆོག་པའོ། དེ་ལྟར་ཚིག་དབང་རིན་པོ་ཆེ་སྒོ་གསུམ་ལ་དབང་བསྐུར་བས། ཤེས་བྱའི་བག་ཆགས་ཕྲ་མོ་ཡན་ཆད་སྦྱོང་བ་དང་། ཅིར་སྣང་ཡེ་ཤེས་ཀྱི་རྣམ་རོལ་དུ་རྒྱས་ཐེབས་ནས། གནས་ལུགས་ཕྱག་རྒྱ་ཆེན་པོ་འོད་གསལ་རྫོགས་པ་ཆེན་པོ་བསྒོམ་པའི་སྐལ་ལྡན་དུ་གྱུར་


TR008_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ནས། མྱུར་བ་ཉིད་དུ་བླ་མ་སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་མངོན་དུ་འགྱུར་བའི་ནུས་པ་རྒྱུད་ལ་བཞག་པ་ལགས་ཤིང་། དབང་འདིའི་དམ་ཚིག་ཏུ་སྒོ་གསུམ་ཆོས་མིན་གྱི་བྱ་བ་རིང་དུ་སྤང་ནས་བསྐྱེད་རྫོགས་ཟུང་འཇུག་སྒོམ་མེད་ཡེངས་མེད་ཁྲིག་ཆོད་ཐོད་རྒལ་གྱི་ཉམས་ལེན་སྙིང་པོར་དྲིལ་བ་ལ་བརྩོན་དགོས་པ་ལགས་ཚེ་དེ་བཞིན་དགོངས་པར་བཅམས་འཚལ། དེ་ནས་གཏེར་ཆོས་ཀྱི་གླེགས་བམ་དར་སྣ་ལྔའི་ན་བཟའ་དྲིལ་བ་ཐོགས་ལ། དེ་ལྟ་བུའི་དབང་བཞི་ཡོངས་སུ་རྫོགས་པ་ཐོབ་པའི་མཐའ་རྟེན་ཟབ་ཆོས་བཀའ་གཏད་རྗེས་སུ་གནང་བའི་དབང་འབུལ་བ་ཡིན་ཏེ། ཆོས་བཀའ་འདི་དག་གི་ཡིག་འབྲུ་ཐམས་ཅད་འོད་ཟེར་ཁ་དོག་ལྔ་ལྡན་གྱི་ཡི་གེ་དབྱངས་གསལ་གྱི་རྣམ་པར་ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལ་ཐིམ་བྱུང་བའི་མོས་པ་མཛད་པར་ཞུ། ཧྲཱིཿ སངས་རྒྱས་ཀུན་གྱི་ངོ་བོ་


TR008_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

པད་འབྱུང་གི། །ཟབ་གཏེར་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་འདི། །ལས་ཅན་རྣམས་ལ་སྒྲུབ་བཤད་སྟན་ནས་ཀྱང་། །མ་འོངས་དམ་ལྡན་འགྲོ་ཀུན་གྲོལ་བར་ཤོག །ཅེས་ལག་ཏུ་གཏད་ཅིང་ཨཱ་ལྀ་ཀ་ལི་རྟེན་འབྲེལ་སྙིང་པོ་བཅས་པ་བརྗོད། དེ་ལྟར་བཀའ་པུ་ཏི་གླེགས་བམ་གྱི་དབང་བསྐུར་བས་ཟབ་ཆོས་འདི་དག་གི་ཚིག་དོན་ལ་རང་དབང་ཐོབ་ཅིང་རང་གཞན་གྱི་དོན་བསྒྲུབ་པ་ལ་དབང་བའི་སྐལ་ལྡན་དུ་བྱས་པ་ཡིན་ལ། འདིའི་དམ་ཚིག་ཏུ་གླེགས་བམ་དང་མི་འབྲལ་ཞིང་ཕྱག་མཆོད་བཀུར་བསྟི་དང་ཉམས་ལེན་ལ་བརྩོན་པར་མཛད་དགོས་པ་ལགས། འདི་སྐབས་སུ་སློབ་མ་འགྲོ་དོན་ནུས་པའི་རིགས་ལ་ཆོས་ཀྱི་སྙན་གྲགས་དང་གཞན་དོན་གྱི་རྟེན་འབྲེལ་དུ་རྒྱལ་མཚན་དང་བ་དན་ལ་སོགས་འཕྱར་ཞིང་དུང་འབུད་པ་དང་དཔོན་སློབ་རྣམས་ཀྱིས་བཀྲ་ཤིས་མངའ་གསོལ་རྒྱས་པར་མཛད་པ་ཡང་ཕྱག་བཞེས་སོ།། ༈ །།དེ་ནས་སློབ་མ་སྣོད་ལྡན་ཡིན་ན་བཀའ་སྲུང་གི་གཏོར་མ་ཙག་ཀ་འདི་དར་མཐིང་ནག་གི་གུར་ཕུབ་པ་ཐོག་ཏེ།། ༈ །།གཏོར་མ་འདི་ཉིད་ཀྱང་ཕྱི་


TR008_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མའི་རྣམ་པ་ཙམ་ལ་ནང་དུར་ཁྲོད་འཇིགས་པའི་གཞལ་ཡས་ཁང་གི་དབུས་སུ། ཡེ་ཤེས་ཀྱི་མཁའ་འགྲོ་སེང་གེའི་གདོང་ཅན་འཁོར་མཁའ་འགྲོ་ཆོས་སྐྱོང་བཀའ་སྲུང་གཏེར་བདག་གི་ཚོགས་རྔམས་བརྗིད་དྲག་རྩལ་མཐུ་སྟོབས་ཀྱི་གཟི་འོད་མེ་འབར་བ་ཞལ་མངོན་སུམ་དུ་ཁྲ་ལམ་མེ་བཞུགས་པ་འདི་ཉིད་ཀྱི་དབང་བསྐུར་བས་ཞི་རྒྱས་དབང་དྲག་གི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་འགྲུབ་པའི་ངེས་ཤེས་མཛད་པར་ཞུ། ཧཱུྃ་བྷྱོཿ དུས་གསུམ་རྒྱལ་བའི་ཡུམ་གཅིག་སེང་གདོང་མ། །ནམ་མཁའི་མདོག་ཅན་འོད་ཟེར་སྤྲུལ་པ་འགྱེད། །མཐོང་དང་དྲན་པ་ཙམ་གྱིས་ཡེ་ཤེས་བསྐྱེད། །སྐལ་ལྡན་བུ་ལ་ལུས་དང་གྲིབ་མའི་ཚུལ། །མི་འབྲལ་བྱིན་རླབས་ཕྲིན་ལས་དབང་ཐོབ་ཤོག །ཌཱཀྐི་སིངྷ་མུ་ཁ་ཨ་བྷི་ཥཱིཉྩ་ཧཱུྃ། གཞན་ཡང་ཕྱི་ནང་གི་བཀའ་སྲུང་ཐམས་ཅད་ཀྱིས་སྐལ་ལྡན་འདི་ལ་བསྲུང་བ་


TR008_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྐྱོབས་པ་དང་སྦེད་པར་མཛད་དུ་གསོལ་ལོ། ཞེས་གཏོར་མ་གནས་གསུམ་དུ་བཞག་ཅིང་། རྐང་གླིང་སོགས་རོལ་མོ་བསྒྲགས། མེ་ཏོག་འཐོར་ཏེ། དེ་ལྟར་དབང་བསྐུར་བས་མཁའ་འགྲོ་ཆོས་སྐྱོང་རྣམས་ལུས་དང་གྲིབ་ལྟར་འཁོར་ཞིང་ཅི་བཅོལ་གྱི་ལས་འགྲུབ་པར་འགྱུར་བ་ཡིན་ལ་ཆོས་སྐྱོང་གཉེར་གཏད་ཀྱི་དབང་འདི་ཐོབ་ཕྱིན་ཆད་སྐྱེད་རྫོགས་ཀྱི་ཉམས་ལེན་བརྩོན་ཞིང་བསྲུང་མ་རྣམས་ལ་བསྐངས་གསོ་གཏོར་མཆོད་ལ་འབད་པ་དང་། གཙོ་བོར་དམ་ཚིག་མ་ཉམས་པ་གལ་ཆེ་སྟེ། བསྲུང་མ་རྣམས་ནི་དམ་ཚིག་དང་ལྡན་པའི་གདོང་གྲོགས་བྱེད་ཅིང་དམ་ཉམས་རྣམས་ཀྱི་སྲོག་གཅོད་བྱེད་པར་རྒྱལ་བའི་སྤྱན་སྔར་དམ་བཅས་པ་ཡིན་ཕྱིར། འོ་སྐོལ་རྣམས་དམ་ཚིག་ལས་འགལ་ན་སྲུང་མ་རྣམས་བདུད་དུ་འབབ་པར་འགྱུར་ལ། དམ་ཚིག་གཙང་ན་ཕྲིན་ལས་ཅི་འདོད་ཡིད་བཞིན་དུ་བསྒྲུབ་པར་འགྱུར་


TR008_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

བས། དེ་ལྟ་བུའི་སྤང་བླང་གི་གནད་རྣམས་གོ་བ་མ་ལོག་པར་མཛད་དགོས་པ་དགོངས་པར་བཅགས་པ་ཞུ་ལགས།། ༈ །།དེ་ནས་བླ་མ་ཡི་དམ་མཁའ་འགྲོ་སངས་རྒྱས་བྱང་སེམས་སྤྲུལ་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་བྱོན་ནས་མེ་ཏོག་གི་ཆར་འབེབས་ཅིང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་ནས་རབ་ཏུ་གནས་པ་མཛད་པའི་མོས་པ་གནང་བར་ཞུ། ཅེས་བརྗོད་ལ་བཀྲ་ཤིས་བརྗོད་པར་བྱའོ།། ༈ །།འདི་ཉིད་ཀྱི་ཚེ་དབང་བསྐུར་བའི་རིམ་པ་ནི། དེ་ཡང་གང་ཟག་སྐལ་བ་དང་ལྡན་པའི་རིགས་ལ་ཆོས་བཀའ་ཆ་གི་བཀའ་གཏད་པ་སོགས་དབང་ཐམས་ཅད་རྫོགས་པར་བྱེད་པའི་དབང་དུ་བྱས་ནས། འདི་ཉིད་ཀྱི་དབང་བཞི་རྣམས་ཚུལ་བཞིན་བསྐུར་ནས། པུ་ཏི་ལུང་དབང་མ་བསྐུར་བའི་བར་དེར་ཚེ་དབང་བསྐུར་ཡང་རུང་ལ། ཡང་ན་སྒྲུབ་པ་ཞག་གྲངས་དང་བསྟུན་ནས་ཚེ་དབང་རྗེས་ནས་བསྐུར་བ་སོགས་གང་འཐད་བྱ། གཞན་སྐྱེ་བོ་ཕལ་པ་སོགས་འདི་ཉིད་དབང་བཞི་ཚུལ་ལྡན་མི་དགོས་པའི་རིགས་ལ་ཚེ་དབང་རྐྱང་པ་བསྐུར་བ་ནི། དབང་རྫས་ཡང་


TR008_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ། ཚེ་ཆང་གི་ཐོད་པ། ཚེ་རིལ། མདའ་དར་རྣམས་བཤམས་པ་མ་གཏོགས་གཞུང་གི་དབང་རྫས་རྣམས་མི་དགོས་ལ། ཚེའི་དབང་རྫས་དང་གཏོར་མཆོད་བཤམས་གྲུབ་པ་དང་ལས་གཞུང་བསྲང་ཞིང་འཛབ་ཀྱི་སྐབས་སུ་ཚེ་འཛབ་ཁོ་ན་བཟླས་པར་བྱ། དེ་ནས་དབང་གྲལ་ཚོགས་པ་རྣམས་ལ་བགེགས་སྒྲད་བསྲུང་འཁོར་ཁྲུས་ཆོག་སོགས་ནི་སྤྱི་དང་མཐུན་པར་རྒྱས་བསྡུས་གང་འོས་དང་། ཆོས་བཤད་ནི་གོང་གི་ཡེ་ཤེས་དབབ་པ་ཡན་ཆད་མཐར་ཆགས་བྱས་ཆོག་ལ། ཡེ་ཤེས་དབབ་ཚར་རྗེས་ཚེའི་དམིགས་པ་འདི་ལྟར་སྤྲད་ཏེ། ཤིན་ཏུ་བསྡུས་པ་ལ་ཆོས་བཤད་འདི་མན་ཆད་ཀྱི་ཆོག་གོ།། ༈ །།དེ་ཡང་འོ་སྐོལ་འགྲོ་བ་སེམས་ཅན་ཐམས་ཅད་སྐྱེས་པའི་མཐའ་མ་དེ་འཆི་བ་ལས་མ་འདས་ཤིང་། གླིང་གཞན་གྱི་མི་དང་འདོད་ཁམས་གཟུགས་ཁམས་ཀྱི་ལྷ་སོགས་ལ་ཚེ་ཚད་ངེས་ཅན་དུ་ཡོད་ཀྱང་། རང་ཅག་འཛམ་གླིང་བ་རྣམས་ལ་ནི་ཚེ་ཚད་ངེས་པ་མེད་པ་དང་། སོ་སོ་ལ་ཚེའི་དབང་སྐལ་ཇི་ཙམ་ཡོད་པ་དེ་ཉིད་ཀྱང་གློ་བུར་གྱི་རྐྱེན་གྱིས་བསྐྱོད་པས། ཚེ་ཉམས་པ་


TR008_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

གུད་པ། ཡར་བ། འཐོར་བ། འཁྱེར་བ་ལ་སོགས་པའི་དབང་དུ་སོང་ན་དུས་མིན་བློ་བུར་དུ་འཆི་བར་འགྱུར་ཕྱིར། ཚེ་བསྲིངས་བའི་ཐབས་གལ་ཆེ་བ་དང་། དེའི་ཐབས་ཀྱི་བྱེ་བྲག་ལ་བསམ་གྱིས་མི་ཁྱབ་པ་ཡོད་མོད་ཀྱང་མདོར་བསྡུ་ན་རྒྱུ་རྐྱེན་གཉིས་ལ་འདུས་ཏེ། རྒྱུ་ནི་སྐྱེ་འགྲོ་གཞན་གྱི་སྲོག་བཅད་པའི་འབྲས་བུས་རང་ཉིད་ཚེ་ཐུང་བར་འགྱུར་བ་བསླུ་མེད་ཀྱི་རྒྱུ་འབྲས་ཡིན་ཕྱིར་དེའི་གཉེན་པོར་སྲོག་གཅོད་སྤངས་ཤིང་ཚེ་ཐར་སྲོག་བསླུ་སོགས་དཀར་ཕྱོགས་དགེ་བའི་ལས་ལ་བརྩོན་དགོས་པ་དང་། རྐྱེན་གྱི་སྒོ་ནས་ཚེ་བསྲིང་བའི་ཐབས་ནི་ལྷ་དང་བླ་མའི་བྱིན་རླབས་ལ་བརྟེན་པ་ཁོ་ན་ཐབས་ཟབ་ཅིང་ཁྱད་པར་དུ་གྱུར་པ་ཡིན་པ་དང་། དེ་ལྟ་བུའི་བྱིན་རླབས་དང་ལྡན་པ་ནི་ཆོས་སྐུ་སྣང་བ་མཐའ་ཡས་ལོངས་སྐུ་ཚེ་དཔག་མེད་


TR008_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

པ། སྤྲུལ་སྐུ་པདྨ་འབྱུང་གནས་རྣམས་ངོ་བོ་གཅིག་ལ་རྣམ་པ་ཐ་དད་དུ་བསྟན་ནས་འགྲོ་བ་སེམས་ཅན་ལས་ངན་འཆི་རྐྱེན་དྲག་པོས་གཟིར་བ་རྣམས་སྡུག་བསྔལ་དེ་ལས་སྐྱོབ་པའི་ཐུགས་རྗེ་ནུས་སྟོབས་དང་ལྡན་པ་ལགས་ཚེ། དེས་ན་སྐབས་འདིར་འཆི་མེད་ཚེ་དབང་བསྒྲུབ་པའི་དཀྱིལ་འཁོར་བདག་མདུན་ཟུང་འབྲལ་ལྷའི་ངོ་བོ་ཚེ་བདག་པདྨ་འབྱུང་གནས་འཁོར་བཅས་རྣམས་བྱིན་རླབས་ཀྱི་སྤྲིན་ཐིབས། དངོས་གྲུབ་ཀྱི་མཚོ་འཁྱིལ། འཆི་མེད་ཚེའི་ཆུ་རྒྱུན་འབེབས་ཅིང་བཞུགས་པའི་དྲུང་དུ་དད་པ་དང་མོས་གུས་རྩེ་གཅིག་བསྐྱེད་ནས་ཚེ་དབང་དངོས་གྲུབ་ཞུ་ཕྱིར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛད་པར་ཞུ། ཧྲཱིཿ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །འགྲོ་རྣམས་མ་ལུས་སྒྲོལ་བའི་དེད་དཔོན་མཆོག །ཨུརྒྱན་པདྨ་རིག་འཛིན་ཚེ་དཔག་མེད། །བདག་གི་ལུས་ངག་ཡིད་གསུམ་


TR008_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རློབས་ལ། །འཆི་མེད་ཚེའི་དངོས་གྲུབ་སྩལ་དུ་གསོལ།། ༈ །།དེ་ལྟར་གསོལ་བ་བཏབ་པ་ལ་བརྟེན་ནས་དཀྱིལ་འཁོར་ཀུན་གཙོ་ཚེ་བདག་པདྨ་འབྱུང་གནས་བདག་མདུན་ཐམས་ཅད་ཀྱི་ཐུགས་ཁའི་ས་བོན་དང་སྐུའི་གནས་ལྔ་ནས་འོད་ཟེར་དཔག་ཏུ་མེད་པ་སྟེང་འོག་ཕྱོགས་མཚམས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་འཕྲོས་པས། ཕྱི་འབྱུང་བ་ས་ཆུ་མེ་རླུང་ནམ་མཁའ་ལ་སོགས་སྣོད་ཀྱི་འཇིག་རྟེན་ཀུན་གྱི་མཐུ་དང་བཅུད་ཀྱི་དངས་མ་ཐམས་ཅད་དང་། ནང་ཁམས་གསུམ་གྱི་སྐྱེ་འགྲོ་སེམས་ཅན་མཆོག་དམན་བར་མ་སོ་སོའི་སྟོབས་རྩལ་ནུས་པ་ཇི་སྙེད་དང་། གསང་བ་ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་སྲས་འཁོར་སྤྲུལ་པ་ཡང་སྤྲུལ་དང་བཅས་པའི་མཁྱེན་བརྩེ་མཛད་པ་ཕྲིན་ལས་ཐུགས་རྗེ་བྱིན་རླབས་ཡོན་ཏན་མཐའ་ཡས་པའི་བཅུད་དང་ནུས་པའི་དངས་མ་སོགས་མདོར་ན་འཁོར་བ་དང་མྱང་འདས་ཀྱིས་བསྡུས་པའི་བརྟན་གཡོའི་


TR008_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཚེ་དཔལ་ལོངས་སྤྱོད་ཅི་ཡོད་པ་ཐམས་ཅད་འོད་ཟེར་ཡི་གེ་ནྲྀ་ཡི་རྣམ་པར་བསྡུས་ཏེ་ཁྱེད་རང་རྣམས་ལ་ཐིམ་པའི་མོས་པ་མ་ཡེངས་པར་མཛད་པར་ཞུ། ཧྲཱིཿ ཕྱི་ནི་བུམ་པ་ནང་ནི་བདུད་རྩིས་གང་། ཅེས་པ་ནས། འོད་འབར་འཆི་མེད་ཚེ་ཡི་དབང་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨ་ཡུ་ཥེ་ཧཱུྃ་ནྲྀ་ཛཿ ཅེས། འཛབ་དབྱངས་རོལ་མོར་བཅས་ཏེ་མདའ་དར་གཡབ་ཅིང་ཚེ་འགུག་བྱས་ལ། མདའ་དར་དཔེ་དབང་བསྐུར་བ་ཡང་གཏེར་སྟོན་ཉིད་ཀྱི་ཕྱག་བཞེས་མཛད་དོ།། ༈ །།དེ་ནས་བུམ་པས་བསྐུར་བ་དང་། ཚེ་ཆུ་སྦྱིན་པ། ཚེ་རིལ་དང་། ཚེ་སྦྱིན་པ་རྣམས་ནི་གཞུང་ཚིག་ཇི་བ་མཐར་ཆགས་བྱས་ལ་དེ་ནས་རྒྱས་གདབ་པ་ནི་ཕྱག་བཞེས་སུ་མར་ལ་འབྲུ་གསུམ་བཟླས་ནས་སྤྱི་བོར་གཡང་མར་གྱི་ཚུལ་དུ་མཛད་པར་སྣང་ཞིང་། གཞུང་ཉིད་ལྟར་ན་རྡོ་རྗེ་རྒྱ་གྲམ་འམ་ཕྱག་མཚན་རྡོ་རྗེས་སྤྱི་བོར་རྒྱས་བཏབ་ཀྱང་རུང་ཞིང་དེའི་བརྗོད་ཚིག་ནི། ཨོཾ་ཨཱཿཧཱུྃ། དང་པོ་ཆོས་ཀྱི་དབྱིངས་ཀྱི་རྒྱ། ཅེས་པ་ནས། ཕྱག་རྒྱ་བདུན་གྱི་རྒྱས་གདབ་བོ། བཛྲ་རཀྵ་རཀྵ་ཧཱུྃ། དེ་ལྟར་


TR008_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་ཞིང་རྒྱས་བཏབ་པས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ཡེ་ཤེས་རྡོ་རྗེ་གོ་ཁྲབ་ཀྱིས་རབ་ཏུ་བཏམས་ཏེ། ཕྱི་ནང་གསང་བའི་བར་ཆད་གང་གིས་ཀྱང་མི་ཚུགས་ཤིང་། ཚེ་སྲོག་རྡོ་རྗེའི་བྲག་ལྟར་བརྟན་པ་དང་འཆི་མེད་ཡེ་ཤེས་ཀྱི་སྐུ་འགྲུབ་པའི་མོས་པ་དང་ངེས་ཤེས་བརྟན་པོར་མཛད་པར་ཞུ། དེ་ནས་ཤིས་བརྗོད་རྒྱས་པས་རབ་ཏུ་གནས་པར་བྱ་ཞིང་། དཀྱིལ་འཁོར་རྗེས་ཀྱི་བྱ་བའི་ལས་རིམ་ཐམས་ཅད་སྤྱི་དང་མཐུན་པར་བྱའོ། །བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་དབང་གི་ལོ་རྒྱུས་མཚམས་སྦྱོར་དམིགས་པ་འབོགས་ཚུལ་རྣམས་སྒྲིགས་ཆགས་སུ་བཀོད་པ་འདི་ནི། གཏེར་སྟོན་ཆེན་པོ་དེ་ཉིད་ཀྱི་སྐུའི་དབེན་པོ་སོགས་དོན་གཉེར་མང་པོར་ཕན་པར་དམིགས་ནས། སྣ་ཚོགས་རང་གྲོལ་གྱི་ཟིན་རིས་སུ་བགྱིས་པ་འདིས་ཀྱང་གཞན་ཕན་རྒྱ་ཆེར་འགྲུབ་པར་གྱུར་ཅིག །དགེའོ། གཅིག་ཞུད།

རིག་འཛིན་ཆེན་པོ་འཇའ་ཚོན་སྙིང་པོའི་གཏེར་ཆོས་ལུགས་ཀྱི་ལས་བཞིའི་སྦྱིན་བསྲེག་ཇི་ལྟར་བྱ་ཐབས།


TR008_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་ཆེན་པོ་འཇའ་ཚོན་སྙིང་པོའི་གཏེར་ཆོས་ལུགས་ཀྱི་ལས་བཞིའི་སྦྱིན་བསྲེག་ཇི་ལྟར་བྱ་ཐབས་བཞུགས་སོ། །


TR008_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མེད་ཐུགས་རྗེ་ཡེ་ཤེས་མེ་ཆེན་གྱིས། །ལས་ཉོན་བག་ཆགས་སྡུག་པོའི་ཚང་ཚིང་ཀུན། །སྲེག་རྫས་བླ་མ་ཡི་དམ་ལྷར་བཅས་ལ། །བཏུད་ནས་སྦྱིན་སྲེག་ཆོ་ག་མདོར་བསྡུས་བྲི། འདིར་རིག་འཛིན་ཆེན་པོ་འཇའ་ཚོན་སྙིང་པོའི་ཟབ་གཏེར་ལས་བྱུང་བའི་ཆོས་བཀའ་རྣམས་ཀྱི་གཞུང་བཞིན་སྦྱིན་སྲེག་བྱ་བར་འདོད་ན། དེ་ཡང་གནས་དང་གང་ཟག་གི་མཚན་ཉིད་སོགས་རྒྱུད་སྡེ་རྣམས་ལས་ཇི་ལྟར་གསུངས་པའི་ཚུལ་ལྡན་ནི་དེང་སང་གི་བསྐལ་དུས་ཀྱི་མི་རྙེད་མོད་ཀྱང་། མདོར་བསྡུ་ན་བླ་མ་མཆོག་ལ་དམ་ཚིག་མ་ཉམས་ཤིང་ཆོས་འདི་དག་གི་དབང་ལུང་ཐོབ་ནས་


TR008_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་རྫོགས་ཀྱི་ཉམས་ལེན་ཅི་རིགས་བགྱིས་པ་དང་། གསང་སྔགས་ཀྱི་ཆོ་གའི་གོ་རྟོགས་དང་ལྡན་པ་ཞིག་གིས། གནས་ཡིད་དང་མཐུན་པར། ཇི་ལྟར་དགོས་པའི་རྫས་དང་ཡོ་བྱད་མཐའ་དག་ཚོགས་པར་བྱས་ལ། དུས་ནི་ཞི་རྒྱས་དབང་གསུམ་ལ་ཟླ་བ་ཡར་གྱི་ངོ་ཡི་ཆོས་གྲངས་གཟའ་སྐར་འཕྲོས་སྦྱོར་བཟང་པོ་དང་། དྲག་པོའི་སྦྱིན་སྲེག་ལ་ནི་མར་ངོའི་དུས་ཚད་དྲག་ཅིང་རྩུབ་ལ་སྡེ་བརྒྱད་འགྱུ་ཐོབས་སོགས་མདོར་ན་ཤིན་ཏུ་རྩུབ་པའི་དུས་དང་སྤྲད་པ་ལ་སོགས་སོ་སོའི་སྐབས་ཐོབ་ཤེས་པར་བྱའོ།། ༈ །།ཇི་ལྟར་བྱ་བའི་ཚུལ་ནི་འདི་ལྟ་སྟེ་སྔོན་འགྲོ་རྫས་དང་ཡོ་བྱད་བཤམས་བཀོད་ཇི་ལྟར་བྱ་བ་དང་། དངོས་གཞི་ཆོ་གའི་རིམ་པ་གཞུང་བསྲང་བ་དང་། རྗེས་ཀྱི་བྱ་བའི་རིམ་པ་རྣམས་


TR008_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ཞར་ལ་སྟོན་པ་དང་གསུམ་གྱི་དང་པོ་ནི། དབང་དང་སྒྲུབ་པ་ཆེན་མོ་སོགས་དང་འབྲེལ་བའི་སྐབས་ཡིན་ན་དེ་ཉིད་ཀྱི་དཀྱིལ་འཁོར་དང་འབྲེལ་ཕྱིར་པའི་ཆོ་ག་སོགས་ཟུར་དུ་མི་དགོས་ཀྱང་། དེ་ལྟ་བུ་དང་མ་འབྲེལ་ན། ས་བརྟག་པ་བསླང་བ། སྦྱང་བ། བཟུང་བ། བསྲུང་བ་སོགས་ཚུལ་བཞིན་བྱ་ཐབས་རྣམས་སྦྱིན་བསྲེག་གི་གཞུང་ཕལ་ཆེར་ལས་འབྱུང་བ་བཞིན་འདིར་ཡང་གྲུབ་ན་ལེགས་ཤིང་། དེ་ལྟར་མི་ནུས་ན་ཞི་རྒྱས་དབང་གསུམ་གྱི་དཀྱིལ་འཁོར་བསྟེགས་བུའམ་མེ་ཐབ་ཀྱི་ས་ནི་གཙང་ཞིང་བཀྲ་ཤིས་པའི་ས་ཕྱོགས་ནས་བསླང་བ་དང་། དྲག་པོའི་སྐབས་སུ་ནི་དུར་ཁྲོད་ཀྱི་ས་ལ་བྱ་བར་གསུངས། དེ་ཡང་གཞུང་རྣམས་ནས་བཤད་པ་ལྟར་གྱི་ཐབ་ཁུང་སོགས་ནི་མི་འགྲུབ་ཚེ། བྲི་ཐབ་བྱ་བའི་ཚུལ་ནི། རྟེགས་བུ་ཞིང་དུ་མདའ་གང་དངདབང་དུ་སོར་བཞི་པ་བྱ་སྟེ། དབྱིབས་ནི་དྲག་པོ་ལ་གྲུམ་དང་གཞན་རྣམས་ལ་གྲུ་བཞིར་བྱ་བའམ། ཡང་། ཟླུམ་པོ་གྲུ་བཞི་ཟླ་གམ་སོགས་ཕྲིན་ལས་བཞི་ཐ་དད་དང་མཐུན་པར་བཟོས་ཀྱང་ལེགས་ལ། ཅིས་ཀྱང་ལོང་མེད་པའམ་མ་འབྱོར་ན། ལྕགས་གླང་པས་བཀང་པས་ཀྱང་རུང་ཏེ། དེའི་སྟེང་དུ་དཀྱིལ་འཁོར་ནི་ཞི་རྒྱས་དབང་གསུམ་ལ་པདྨ་འདབ་བརྒྱད་མུ་ཁྱུད་ཅན་


TR008_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

དང་དྲག་པོར་ནི་འཁོར་ལོ་རྩེབ་བརྒྱད་པ། སོ་སོའི་ལྟེ་བ་དང་མཐའ་སྐོར་དུ། ཞི་བ་ལ་རྡོ་རྗེ། རྒྱས་པ་ལ་ནོར་བུ་འབར་བ། དབང་ལ་པདྨ་ལྕགས་ཀྱུ། དྲག་པོ་ལ་རྒྱ་གྲམ་དང་རལ་གྲིས་མཚན་པ། ཕྱི་རོལ་དུ་རྡོ་ར་དང་མེ་རིས་བསྐོར་བ་འབྲི་ཞིང་། རྡུལ་མཚན་གྱི་ཁ་དོག་ཀྱང་དཀར། སེར། དམར། མཐིང་རྣམས་ལས་དང་མཐུན་པ་ཤས་ཆེ་བྱ། གལ་ཏེ་རྡུལ་ཚོན་མ་གྲུབ་ན་ཤོག་བུ་སོགས་ལ་བྲིས་ཤིང་ཚོན་ཁ་བསྒྱུར་ཏེ་འདི་དང་ནའང་རུང་ལ། ཞི་བ། རྒྱས་པ། དབང་། དྲག་པོ་དེ་ཙོ་ཡང་མི་ནུས་ན་ནི་འབྲུ་ཚོམ་ཙོ་ལ་བརྟེན་པ་ལས་འོས་མ་མཆིས་པ་ཉིད་དོ། དེའི་སྟེང་དུ་བུད་ཤིང་གི་ནི་གཞུང་ཆེན་པོ་རྣམས་ལས་བྱེ་བྲག་མང་དུ་གསུང་ཀྱང་། བསྡུ་ན་ཞི་བ་ལ་གླང་མའམ་ལྕང་མ་ཟླུམ་པོ་སྦོམ་ཕྲ་འཛུབ་མོ་དང་མཉམ་པ། རྒྱས་པ་ལ་སྟར་ཁ་སོགས་འབྲས་བུ་ཅན་གྱི་ཤིང་ལ་གྲུ་བཞི་གུང་མོ་དང་མཉམ་པ་དབང་ལ་མདོག་དམར་ཞིང་རོ་སྐྱུར་བའི་རིགས་སེ་རྒོད་སོགས་ཕྱེད་གཤག་ཟླ་གམ་སྲིན་ལག་དང་མཉམ་པ། དྲག་པོར་སྐྱེར་པ་ཚེར་ནག་སོགས་ལ་བཞི་གཤག་ཟུར་གསུམ་


TR008_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

མཐེའུ་ཆུང་དང་མཉམ་པ་བྱ་སྟེ། བརྩིགས་ཚུལ་དང་རིང་ཐུང་གི་ཚད་ལ་སོགས་པ་ཐམས་ཅད་གཙོ་བོར་སློབ་དཔོན་གྱི་ཕྱག་བཞེས་མཐོང་བ་རྒྱུད་པ་གལ་ཆེ་ལ། གལ་ཏེ་ཅིས་ཀྱང་ཤིང་རྣམས་མེད་པའི་ས་ཕྱོགས་སུ་ནི་ལྕེ་རིང་ཐུང་གི་ཚད་ནི། ཞི་བ་ལ་ཁྲུ་གང་། རྐང་གང་། མཐོ་གང་། ཆག་གང་ས་དང་བཞི་དགོས་ལ། རྒྱས་པ་ལ་ཁྲུ་གང་ས་ཤ་སྟག དབང་ལ་གྲུ་རྐང་མཐོ་དང་གསུམ། དྲག་པོར་ཞི་བ་དང་ཚད་མཐུན་པ་ཉིད་དོ། །བ་ལའང་རུང་བར་བཤད་ཅིང་། དེ་དག་གང་ཡིན་ཟླུམ་པོ་གྲུ་བཞི་ཟླ་གམ་གྲུམ་ལས་སོ་སོ་དང་མཐུན་པར་བརྩིགས་པའི་ཞར་ཀུ་ཤ་གཙང་མས་ཁྱབ་པར་རྩེ་མོ་ལས་གང་བྱེད་ཀྱི་ཕྱོགས་དང་མཐུན་པར་བཀབ། དེ་ཡང་ཁ་ལྟ་ཕྱོགས་ནི་དཀྱིལ་འཁོར་དང་འབྲེལ་ངན་དེ་ཉིད་ཀྱི་ཕྱོགས་བཞི་ཐ་དད་དང་བསྟུན་དགོས་ལ། དཀྱིལ་འཁོར་དང་མི་འབྲེལ་ན་ནི་ཕྱི་རོལ་གྱི་ཤར་ལྷོ་ནུབ་བྱང་དང་མཐུན་པར་བྱས་པའི་ཕྱོགས་སུ་གྲུབ་པ་པོ་ཁ་བལྟས་ཏེ་མེ་ཐབས་དང་ཁ་སྤྲོད་དུ་བྱ་བའོ། སློབ་དཔོན་གྱི་གཡས་ཕྱོགས་སུ་སྟེགས་སྟེང་དུ་མེ་ཏོག་ཚོམ་བུའི་ཁར་རྣམ་རྒྱལ་གྱི་བུམ་པ་དང་། ལས་བུམ་དང་བཅས་པ་ཁ་རྒྱན་མགུལ་འཆིངས་བུམ་རྫས་སོགས་སྤྱི་མཐུན་དང་རྒྱས་པར་དཀྱིལ་འཁོར་གང་ཡིན་གྱི་ལྷ་གྲངས་དང་མཉམ་པ་དགོས་མེད་ཀྱི་བསྡུ་ན་རིགས་ལྔར་མ་འདུས་པ་མེད་ཕྱིར་ཚོམ་བུ་ལྔ་དགོད་དེ། གི་ དྲིག་ དབང་ རྒྱས་


TR008_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བུམ་མ་འཛོམས་ན་དུང་ཆོས་སམ། མཐར་ནི་འགུ་རྩེ་སོགས་ཀྱིས་ཀྱང་རུང་བར་ཀུ་ཤའི་ཆུན་བུ་དང་བཅས་ཏེ་བསངས་བཅུའི་སྣོད་དུ་བདུད་རྩི་འཁྱིལ་པའི་བསྒོམ་བཟླས་བྱས་པའི་ཆུ་དང་། གཞན་ཡང་། ལས་བཞི་གར་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ཆོས་སྐྱོང་དང་བཅས་པའི་གཏོར་མ་ཇི་ལྟར་འབྱོར་པ་སྨན་དང་རཀྟ། ཚོགས་ཀྱི་ཡོ་བྱད། དྲག་པོ་ལ་ཉི་ཟེར་དུ་འཕང་རྒྱུའི་གཏོར་མ་ཤ་ཁྲག་ཚ་ཉུང་དང་རྩངས་སོགས་ཀྱིས་བརྒྱན་པ་གཙོ་ཆེར་བཤམས། ཁྱད་པར་གྱི་འབུལ་གཏོར་ནི། ཞི་བ་ལ་དཀར་གསུམ་གང་འབྱོར་གྱི་བརྫིས་པའི་གཏོར་མ་བཟླུམ་པོ་ཉེར་གཅིག་སོགས་ཅི་འབྱོར་དང་། རྒྱས་པ་ལ་དཀར་གསུམ་དང་མར་ཁུ་སོགས་ཀྱིས་བརྫིས་ཏེ་སྐུར་བཞི་པ་དང་། དབང་ལ་ཆང་དང་འབྲི་མགོ་སོགས་ཀྱིས་བརྫིས་པ་ཟླ་གམ་གྱི་དབྱིབས་ཅན། དྲག་པོར་འབྲུ་ནག་གི་ཕྱེ་ལ་དུག་ཁྲག་རོ་སོལ་སོགས་ཀྱིས་བརྫིས་ཤིང་བྱུག་པའི་ནག་པོ་སྐུར་གསུམ་གྱི་དབྱིབས་ཅན་དང་། དེ་དག་གི་གཏོར་རྒྱན་ཡང་དཀར་སེར་དམར་མཐིང་ཐ་དད་ཀྱིས་བརྒྱན་པ་གྲངས་ཅན་དུ་བྱས་པ་བཤམས། ཞི་ རྒྱས་ དབང་ དྲག་


TR008_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་མཆོད་ནི། ལས་བཞི་སོ་སོའི་ཁ་དོག་དང་མཐུན་པའི་མེ་ཏོག་དང་། དེ་བཞིན་དུ་སྤོས་དང་དྲ་ཆབ་ཀྱང་འབྱོར་ན་ཞི་བ་ལ་ཙནྡ་དམར་པོ། སི་ཧུ། སྤོས་དཀར། ག་བུར། ཨ་ཀ་རུ་དཀར་པོ་སོགས་དང་། རྒྱས་པ་ལ་ཨར་སེར་དང་། འགེ་ཝམ། ན་ཁེ། སྤྱི་ཡང་ཀུ། ཛ་ཏི་གུར་ཀུམ་སོགས་སྦྱར་བ་དང་། དབང་ལ་ཙནྡ་དམར་པོ་ཨར་སྨུག །རྡེ་དྲེག །སྤང་སྤོས་གུ་གུལ། སིདྷཱུ་ར་སོགས་སྦྱར་བ་དང་། དྲག་པོ་ལ། ཤ་ཆེན། གླ་རྩི། མུ་ཟི། ཤིང་ཁུན། སྒོག་པ། ཆུ་དག་ནག་པོ་ལ་སོགས་ཀྱིས་དྲི་བྱ་བ་དང་སྤོས་བྱ་བར་བཤད། མར་མེ་ཡང་ཞི་བ་ལ་མར་དཀར་མར་ཁུ། རྒྱས་པ་ལ་ཤིང་ཏོག་གི་མར་ཁུ་སོགས་དང་། དབང་ལ་མར་ཁུ་དེ་དག་འབྲི་མགོ་དང་སྦྱར་བའམ། སྤྲ་རྩིལ་གྱི་མར་ཁུ། དྲག་པོ་ལ་ཞུན་ཆེན་དང་ཏིལ་ནག་ཡུང་ཀར་གྱི་མར་ཁུ་སོགས་ལ་བྱ་བར་གསུངས། ཞལ་ཟས་ཀྱང་། ཞི་བ་ལ་འབྲས་ཀྱི་ཕྱེ་དང་དཀར་གསུམ་ལས་བཟོས་པའི་ཁ་དོག་དཀར་པོ་དང་། རྒྱས་པར་འབྲུ་སྣའི་ཕྱེ་ལ་མར་ཁུ་དང་བསྲེས་པ་སེར་པོ་དང་། དབང་ལ་རམ་བུའི་ཕྱེའམ་གྲོ་མའི་ཕྱེ་


TR008_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

མ་མངར་གསུམ་དང་སྦྱར་བ་དམར་པོ། དྲག་པོར་བྲ་ཟན་གྱི་ཕྱེ་ལ་དུག་ཁྲག་རོ་སོལ་དང་སྦྱར་བས་ནག་པོར་བྱ་བར་གསུང་ལ། ཡང་མེ་ཏོག་དངོས་མ་འཛོམ་པའི་དུས་ན་མཆོད་འབྲུ་ཁ་དོག་ལས་བཞི་སོ་སོ་དང་མཐུན་པར་བྱ་བ་དང་། ཡོན་ཆབ་ཀྱི་རིགས་རྣམས་ཀྱང་ཁ་དོག་ཐ་དད་པར་བསྒྱུར་ནས་བཤམས་དགོས་པར་གསུངས་སོ། །གཞན་ཡང་མཆོད་གཏོར། ཚོན་གྱིས་བསྒྱུར་བའམ་རང་གྲུབ། བཤམས་པའི་གདན། སྒྲུབ་པ་ ཞི་བར་འོ་མ་ རྒྱས་པར་གུར་གུམ། དབང་ལ་རྒྱས་སྟག །དྲག་པོར་སྣག་ཚའམ་རམ་སོགས་ཀྱིས་སོ་རྣམས་ཀྱི་ཞྭ་གོས་རྒྱན་ཆས་གདན་ཁྲིར་བཅས་པ་མཐའ་དག་ཕྲིན་ལས་བཞི་ཐ་དད་ཀྱི་མདོག་དང་བསྟུན་ཞིང་། ཁྲུས་དང་བྱུག་རྫས། འདུག་སྟངས། ཕྱག་རྒྱ། སྐོར་ཕྱོགས། ཞང་། ཚོན་གྱི་བསྒྱུར་བའམ་རང་གྲུབ་བླུགས་འཛིན་ཚུལ་སོགས་ཐ་དད་པའི་དགོས་ཚུལ་ཞིབ་ཆ་རྣམས་སྦྱིན་བསྲེག་གི་རྒྱུད་དང་གཞུང་ཆེན་ཐམས་ཅད་ནས་གསུངས་པས་འབྱོར་ན་དེ་ལྟར་བྱ་ལ། གལ་ཏེ་སྒྲུབ་པ་པོ་དང་སྦྱིན་བདག་སོགས་ཀྱི་


TR008_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

སྟབས་ལས་ཇི་ལྟ་བར་མ་འཛོམས་ན་གང་འཛོམ་གྱིས་ཀྱང་རུང་སྟེ། གཙོ་བོར་མོས་པ་དང་ཏིང་འཛིན་སོགས་ཁོ་ན་གལ་ཆེ་བ་སྟེ། བཟང་ངན་གྱི་བྱེད་ལས་མཐའ་དག་སེམས་ཀྱི་བསྒྱུར་ཁ་ལ་རག་པའི་ཕྱིར་རོ། དེ་ལྟར་ཕྱི་མཆོད་བཤད་ནས། གཞན། ནང་མཆོད་གསང་མཆོད་ཁྱད་པར་གྱི་མཆོད་རྫས་སོགས་གཞུང་གཞན་ནས་མང་དུ་གསུངས་ནའང་། ཆོས་བཀའ་འདི་དག་གི་གཞུང་ལས་མ་གསུངས་ཕྱིར་དངོས་སུ་བཤམས་མི་དགོས་ལ། འདི་སྐབས་ཀྱི་དྲག་པོའི་སྲེག་རྫས་ཁྱད་པར་བ་ནི། དགྲ་གེགས་ཀྱི་ལིངྒ་དུག་ཤིང་གི་ལོ་མ་ལ་བྲིས་པ་གྲངས་མ་ཉུང་སྐབས་དང་བསྟུན་པས་གང་མཚམས་དང་། ཟན་ལིང་ཆེ་བ་གཅིག་དང་བཅས་པ་སྔ་ཚགས་སུ་ཚུད་པར་བྱ། གཞན་ཡང་། འབྲོག་འབྲང་ཞེས་བྱ་བ། ཤ་ཁྲག་ཚིལ་རྐང་ཞག་རུས་པ་དང་བཅས་པ་རྣམས་དགྲ་གེགས་ཀྱི་ཤ་ཁྲག་སོགས་སུ་མོས་ལ་སྣོད་དུ་གཅིག་ཏུ་བཤམས་པ་དང་། ཐུན་རྫས་ཞེས་པ་ནི། བྲི་ཚུལ་དང་སྔགས་ལ་སོགས་ཞིབ་པར་འདོད་ན་དགོངས་འདུས་སྦྱིན་བསྲེག་ལྟར། ལྕགས་ཕྱེ་ཟངས་ཕྱེ་


TR008_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་ལྕགས་ཀྱི། དྲི་གཟར་གྱིས་རྦབ་རྡོའི། རྡོ་ཕྱེ་དང་། སྐེ་རྩེ་ཤངས་རྩེ་ཐང་འབྲོམ་འབྲུ་གུ། སྦང་སྙམས་ཀྱི་ཕྱི་སོགས་ལྷན་ཅིག་དུག་ཁྲག་གིས་སྦོལ་ལ་སྣོད་གཅིག་ཏུ་བཤམས་པ་སྟེ། འདི་ལྟར་ལིངྒ་དང་འབྲོག་འབྲང་ཐུན་རྫས་རྣམས་ནི་དྲག་པོ་ཁོ་ན་ལ་མ་གཏོགས་ཞི་རྒྱས་དབང་གསུམ་ལ་མི་དགོས་སོ། །དེ་ལྟར་མཆོད་གཏོར་ཚོགས་ཀྱི་ཡོ་བྱད་དང་བཅས་པ་རྣམས་སློབ་དཔོན་གྱི་གཡས་མེ་ཐབ་ཀྱི་གཡོན་དུ་བཤམས། སློབ་དཔོན་གྱི་གཡོན་མེ་ཐབ་ཀྱི་གཡས་སུ་སྲེག་རྫས་རྣམས་བཤམས་སྟེ། དེ་ཡང་ལས་བཞི་སྤྱི་ཁྱབ་ཐམས་ཅད་ལ་དགོས་པའི་སྲེག །དྲག་པོར་གོ་ལོགས་ཏུ་བཤམས། རྫས་ནི། མར་ཁུ། ཡེ་ཤེས་ཤིང་། ཏིལ། ཐེའུ་རྦ། འབྲས་ཟས་མཆོག །ཀུ་ཤ་སོ་བ་ནས། སྲན་མ་དང་བཅས་པ་རྣམས་སྣོད་ཐ་དད་དུ་བཤམས་པར་བྱ་སྟེ། དེ་ལས་དང་པོར་མར་ཁུ་ནི་ཞི་རྒྱས་གཉིས་ལས་ཡར་དཀར་བཞུས་པ་དང་། དབང་དྲག་གཉིས་ལ་རིལ་མར་གྱིས་རུང་ངོ་། ཡམས་ཤིང་ནི་ཞི་བ་ལ་བལ་དཀར་པོར་བཞི་པ་ཤུན་པ་དང་བཅས་པ་ལ་དཀར་གསུམ་གྱི་བྱུག་པ་དང་


TR008_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པ་ལ་སྟར་ཁ་ཁམ་བུ་སོགས་འབྲས་བུ་ཅན་སོར་བཅུ་གཉིས་པ་ལོ་འདབ་ཅུང་ཟད་དང་ལྡན་ཞིང་ཞུན་མར་དང་ཆང་གིས་བྱུགས་པ་དང་། དབང་ལ་སེང་ལྡིང་མཛོད་མོ་ཤིང་སོགས་མང་དུ་བཤད་ཀྱང་རྒྱ་ཤུགས་ཀྱི་རུང་སྟེ་སོར་བརྒྱད་པ་མཚལ་ལམ་བཙག་དང་སིནྡྷུ་ར་དང་མངར་གསུམ་གྱིས་བྱུག་པ་དང་། དྲག་པོར་ཚེར་ནག་སོགས་ལ་སོར་བཅུ་གཉིས་པ་ཟུར་གསུམ་རྣོ་བར་གཞོགས་ཏེ་མི་རྟ་ཁྱི་སོགས་ཀྱི་ཁྲག་དང་རོ་སོལ་དང་ཚྭ་ཆུས་བྱུགས་པ་སྟེ། དེ་ལྟར་ཡམ་ཤིང་ཐམས་ཅད་བརྒྱའམ་ཉེར་གཅིག་ལ་སོགས་ཅི་འབྱོར་བཤམས། ཟས་མཆོག་ཅེས་པ་ནི། ཞི་བའི་སྐབས་སུ་འབྲས་ཆེན་བཙོས་པ་ལ་ཞོ་དང་འོ་མ་བཏབ་པ་དང་། རྒྱས་པར་ནི་འབྲས་ཆན་དེ་ལ་མར་ཁུ་སྦྲང་རྩི་སོགས་བཏབ་ཅིང་གཞན་ཡང་ཟས་སྣ་བཟང་པོ་གང་འཛོམས་དང་ཤིང་ཏོག་སྣ་ཚོགས་སོགས་སྣོད་གཅིག་ཏུ་བླུགས་པ་ཡིན་ལ། དབང་ལ་ནི་འབྲས་དམར་རམ་གྲོའི་ཆན་ལ་ཆང་དང་མངར་གསུམ་གང་འབྱོར་བཏབ་པ་དང་། དྲག་པོ་ལ་ནི་ནས་སྲན་ནག་སོགས་ཀྱི་ཆན་ལ་ཁྲག་དང་ལན་ཚ་བཏབ་པ་སྟེ། དེ་ལྟར་ཟས་


TR008_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་འདི་ཉིད་ལ་སྦྱིན་བསྲེག་གཞན་དུ་ནི་ཟན་ཞེས་ཀྱང་གྲགས་པའོ། དུརྦ་དང་ཀུ་ཤ་རྣམས་ལ་ཡང་ཞི་རྒྱས་དབང་གསུམ་ལ་ནི་ལེགས་པར་བཀྲུས་ནས་མར་དཀར་བཞུས་པའི་ཁུ་བས་བྲན་ཞིང་ལོ་འདབས་དང་རྩ་རྩེ་མ་ཉམས་པ་བྱ་ལ། རྟག་སོར་ནི་དུག་ཁྲག་གི་བྲན་ཞིང་དུམ་བུར་བཏུབ་པར་བཤད་དོ། །ཁྱད་པར་དུ་དྲག་པོ་ལ་ཏིལ་གྱི་ཚབ་ཏུ་ཐང་ཁྲོམ་རིགས་གསུམ་གང་རྙེད་ཀྱི་འབྲུ་ལ་བྱ་བར་བཤད་པ་དང་། དེ་བཞིན་དུ་མར་ཁུ་ཡང་བསི་ཤིང་མར་ཁུ་དང་རན་རོག་གི་མར་ཁུ་སོགས་ལ་བྱ་བར་གཞུང་ཆེན་རྣམས་ལས་འབྱུང་ཀྱང་མི་རྙེད་པས་རིལ་མར་ཉིད་ཀྱི་ཆོག་གོ། །དེ་ལྟ་བུའི་མཆོད་རྫས་དང་བསྲེག་རྫས་རྣམས་ཀྱི་སྣོད་ཀྱང་ཕྲིན་ལས་བཞི་སོ་སོ་དང་བསྟུན་ཏེ། ཞི་བ་ལ་དུང་དང་ཉ་ཕྱིབ་དངུལ་དང་དཀར་ཡོལ་ལ་སོགས་དང་། རྒྱས་པ་ལ་གསེར་དང་ར་གནང་དབང་ལ་ཟངས་སམ་རྫ་དམར། དྲག་པོར་ལྕགས་དང་པོ་དང་ཐོད་པ་སོགས་སུ་བཤམས་པར་གསུངས་པ་བཞིན་འཇོམས་ནའང་ལེགས་ཤིང་། མདོར་ན། དོན་དམ་པར་འཁོར་འདས་


TR008_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཆོས་ཐམས་ཅད་མཉམ་ཉིད་རིག་པའི་ཀློང་དུ་མ་གྱུར་པ་རྡུལ་ཙམ་མེད་ལ། ད་ལ་ནི་མཚན་མའི་སྤྲོས་པ་ཐམས་ཅད་ལས་འདས་ཀྱང་། གཉིས་འཛིན་མ་ཟད་ཀྱི་བར་དུ་ཀུན་རྫོབ་རྟེན་ཅིང་འབྲེལ་འབྱུང་གི་ཆ་ནས་རྒྱུ་དང་འབྲས་བུ་བསླུ་མེད་དུ་འབྱུང་བའི་ཚུལ་ལ་ཁྱད་དུ་མི་གསད་པར་ངེས་ཤེས་འགྲོངས་དགོས་ཕྱིར། སྤྲོས་མེད་དོན་ཇི་ལྟར་རྟོགས་བཞིན་དུ་སྤྲོས་པའི་ཚུལ་གྱི་ལག་ལེན་རྣམས་ལ་རྩིངས་ཆོས་སུ་མི་བྱ་བར་རྒྱལ་བའི་བཀའ་གཞུང་དག་དང་མཐུན་པར་བྱ་དགོས་ཀྱི། སྤྲོས་མེད་ཁ་ཁྱེར་ཙམ་གྱི་གདེངས་འཁུར་ནས་ཟོག་ཆོས་གཟུ་ལུམ་རས་ཆོད་དུ་འགྱུར་བའི་ཉེན་ཡོད་པས། དེས་ན་འདི་དག་གི་ལག་ལེན་ཞིབ་རྒྱས་མཐའ་དག་བླ་མ་དགོངས་པ་འདུས་པའི་སྦྱིན་བསྲེག་མེ་འོད་འབར་བ། ཞི་ཁྲོ་དགོངས་པ་རང་གྲོལ་གྱི་སྦྱིན་བསྲེག་འཕྲིན་ལས་རང་གྲོལ་སོགས་དང་། གསང་སྔགས་གསར་མ་ལྟར་ན་སློབ་དཔོན་ཨ་བྷ་ཡའི་སྦྱིན་བསྲེག་འོད་ཀྱི་སྙེ་མ་སོགས་ཀྱི་དགོངས་པ་ལོན། དགོས་པ་ཡང་ཕྱི་རབ་ཀྱི་གང་ཟག་


TR008_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ལྡན་རྣམས་ཀྱི་དགོངས་འཚལ་ལོ། དེ་ལྟར་དཀྱིལ་འཁོར་ཡོ་བྱད་བཤམས་དགོད་ཐམས་ཅད་ལེགས་པར་གྲུབ་ཅིང་། གཞན་ཡང་དགང་བླུགས་རྡོར་དྲིལ་རོལ་མོ་སོགས་མཁོ་བའི་ཡོ་བྱད་མཐའ་དག་ལེགས་པར་འཛོམས་ནས། དངོས་གཞི་ཆོ་གའི་ལས་རིམ་ཇི་ལྟར་བྱ་བའི་ཚུལ་ནི། ཐོག་མར་བདག་བསྐྱེད་ཡི་དམ་གང་དང་ཡང་རུང་བའི་ལས་གཞུང་བསྲང་བའམ། ཁྱད་པར་གཏེར་ཁ་འདིའི་ལུགས་ཀྱི་རྒྱས་པར་སྤྲོ་ན། ཞི་བའི་སྦྱིན་བསྲེག་གི་ཚེ་བདག་མདུན་ཐམས་ཅད་ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གྱི་ཆོ་གའི་གཞུང་ལྟར་དང་། རྒྱས་པ་ལ་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེའི་ལས་གཞུང་བསྲང་བ་དང་། དབང་ལ་རྟ་ཕག་ཡིད་བཞིན་ནོར་བུ་དང་། དྲག་པོའི་སྐབས་སུ་དཔལ་མགོན་མ་ནིང་ནག་པོའི་ཆོག་གཞུང་ལྟར་བྱ་བ་སྐབས་སུ་འབབ་མོད་ཀྱང་། རེ་ཞིག་སྐབས་འདིར་གང་ཟག་རྣམས་འཇུག་པ་བདེ་བའི་སླད་དུ་ལས་གཞི་ཐམས་ཅད་ལ་བདག་དང་བུམ་པ་གཉིས་དཀར་རྒྱལ་བ་དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་ཁོ་


TR008_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ན་བསྐྱེད་པའི་ཚུལ་འཆད་པར་བྱ་སྟེ། ཧྲཱིཿ བདག་ཉིད་འགྱུར་མེད་ཡེ་ནས་རྡོ་རྗེའི་སྐུ། ཞེས་སོགས་ནས་བཟུང་སྟེ་བསྟོད་པའི་བར་དུ་ལས་བྱང་གཞུང་བཞིན་ལས། ཁྱད་པར་ལྷ་བསྐྱེད་པའི་སྐབས་སུ་རྣམ་རྒྱལ་བུམ་པ་དེ་ཡང་ཕྱི་བུམ་པའི་རྣམས་པ་ལ་ནང་ཡེ་ཤེས་འོད་ལྔའི་གཞལ་ཡས་ཁང་གི་དབུས་སུ་པད་ཟླའི་གདན་ལ་པདྨ་འོད་འབར་བདག་བསྐྱེད་དང་མཚུངས་པར་གསལ་ཞིང་སྐུ་མདོག་དཀར་དམར་ལ་ཅུང་ཟད་ལས་དང་མཐུན་པའི་ཁ་བསྒྱུར་ཏེ། དེ་ཡང་གཞུང་ཚིག་གི། འགྱུར་མེད་སྐུ་མདོག་གངས་ལ་ཉི་ཤར་ལྟར། དམར་མདངས་ཅུང་ཟད་འཚེར་ལ་ཕྱག་འཚལ་བསྟོད། ཅེས་པ་འདི་ཉིད། དབང་གི་སྦྱིན་སྲེག་ལ་འདི་ཀ་སོར་བཞག་བྱ་ཞིང་། གཞན་ཞི་བའི་སྐབས་སུ་ཡིན་ན། དཀར་མདངས་ཅུང་ཟད་འཚེར་ལ། ཞེས་པ་དང་། དེ་བཞིན་དུ་རྒྱས་པ། སེར་མདངས་དང་། དྲག་པོ་ལ་མཐིང་མདངས་ཞེས་ཁ་བསྒྱུར་ཤེས་པ་བྱ་ཞིང་། དམིགས་པ་ཡང་དེ་དང་། མཐུན་པའི་སྐུ་མདོག་ཏུ་བདག་བསྐྱེད་


TR008_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་བསྐྱེད་གཉིས་ཀར་གསལ་བ་དང་། སྤྱན་འདྲེན་གྱི་ཚེ་རྔ་ཡབ་གླིང་ནས་རང་འདྲའི་ཡེ་ཤེས་སེམས་དཔའ་དཔག་མེད་བྱོན་ནས་བདག་བུམ་གཉིས་ཀར་ཐིམ་པའི་མོས་པ་བྱ། འཇབ་ཀྱི་སྐབས་སུ་བདག་བུམ་གཉིས་ཀར་ཞི་བའི་སྦྱིན་བསྲེག་ལ་པདྨ་འོད་འབར་དཀར་པོའི་སྤྱི་བོར་ཨོཾ་དཀར་གྱི་མཐའ་སྐོར་དུ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཨོཾ་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། ཞེས། སྔགས་འཕྲེང་དཀར་པོས་བསྐོར་བར་དམིགས་ནས་བརྒྱ་སྟོང་སོགས་སྐབས་དང་སྦྱར་ལ་བཟླ་ཞིང་བདག་བུམ་གཉིས་ཀའི་སྔགས་འཕྲེང་ལས་འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོས་པས་རང་གཞན་ཀུན་གྱི་ནད་གདོན་སྡིག་སྒྲིབ་ཞི་བར་བསམ།། ༈ །།རྒྱས་པའི་སྦྱིན་བསྲེག་ལ། བདག་བུམ་གཉིས་ཀ་པདྨ་འོད་འབར་སྐུ་མདོག་སེར་པོའི་ལྟེ་བར་སྟེ་བར་བྷྲུྃ་སེར་གྱི་མཐར། བཛྲ་གུ་རུའི་ཤམ་བུར་བྷྲུྃ་པུཥྚིངྐུ་རུ་ཡེ་སྭཱ་ཧཱཿ ཞེས་སེར་པོས་བསྐོར་བ་ལས་འོད་ཟེར་སེར་པོ་དཔག་མེད་འཕྲོས་པས། ཚེ་བསོད་དཔལ་འབྱོར་ལོངས་སྤྱོད་རྒྱས་པར་བསམ་ལ་


TR008_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་བཟླ།། ༈ །།དབང་ལ་སྐུ་མདོག་དམར་པོའི་མགྲིན་པར་ཧྲཱིཿདམར་གྱི་མཐར་བཛྲ་གུ་རུ་དང་། ཧྲཱིཿཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ་ཞེས་དམར་པོས་བསྐོར་ཞིང་འོད་ཟེར་དམར་པོས་ཁམས་གསུམ་དུ་སྡུད་པར་བསམ།། ༈ །།དྲག་པོ་ལ་སྐུ་མདོག་མཐིང་གའི་གསང་གནས་སུ་མཐིང་ལ་བཛྲ་གུ་རུ་དང་། སརྦ་དུཥྚན་མ་ར་ཡ་ཕཊཿ ཅེས་མཐིང་གས་བསྐོར་བའི་འོད་ཟེར་མེའི་ཚ་ཚ་ཁྲོ་ཆུང་མཚོན་ཆའི་ཆར་སོགས་གྲངས་མེད་འཕྲོས་པས་གནོད་བྱེད་ཐམས་ཅད་ཚར་བཅད་པར་དམིགས་པ་ལ་བཟླ་སྟེ། འདི་དག་ནི་ཡང་ཟབ་ཉིད་ཀྱི་ཕྲིན་ལས་བཞི་སྒྲུབ་ཀྱི་དགོངས་པ་ཡིན་ཞིང་། དེ་ཉིད་ནས་གསུངས་པའི་འདོད་གསོལ་གྱི་ཚིགས་བཅད་རྣམས་སོ་སོའི་། ཐུན་ཐར་བརྗོད་ཀྱང་ལེགས་སོ།། ༈ །།ལས་བུམ་མམ། བས་ས་ཆུའི་སྣོད་དེར་སྐྱེད་ཆོག་ནི། ཨོཾ་སྭཱ་བྷ་ཝ་ཤུདྡྷ་སརྦ་དྷརྨཱཿསྭ་བྷ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་སྐད་ཅིག་གིས། །ཕྱི་ནི་བུམ་གཟུགས་ནང་གཞལ་ཡས། །དབུས་སུ་པད་ཉིའི་གདན་སྟེང་


TR008_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ། །དེ་ལས་འོད་འཕྲོས་རྒྱལ་ཀུན་མཆོད། །འགྲོ་བའི་དོན་བྱས་འོད་ཚུར་འདུས། །ཡོངས་གྱུར་ཁྲོ་ཆེན་བདུད་རྩི་འཁྱིལ། །ལྗང་སྔོན་ཞལ་གཅིག་ཕྱག་གཉིས་གཡས། །རྡོ་རྗེའི་དབྱུག་ཏོ་ནམ་མཁར་འཕྱར། །གཡོན་པ་ཐུགས་ཀར་སྡིག་འཛུབ་བསྒྲེངས། །ཁྲོ་བོའི་ཆས་བརྒྱན་དོར་སྟབས་འགྱིངས། །གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཐིམ། །བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ ཐུགས་ཀར་ཉི་སྟེང་ཧཱུྃ་ལྗང་ལས། །འོད་འཕྲོས་རིགས་ལྔ་སྤྱན་དྲངས་པས། །བུམ་པས་དབང་བསྐུར་བདུད་རྩིའི་རྒྱུན། །ཕབ་པས་སྐུ་གང་དྲི་མ་དག །དོན་གྲུབ་རིགས་ལྔས་དབུ་བརྒྱན་གྱུར། བཛྲ་ཨརྒྷཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻཝི་དྱ། ཤབྟ་པཱུ་ཛ་པྲ་ཏིཙྪ་ཨཱཿཧཱུྃ།། ༈ །།རྒྱལ་བ་ཀུན་གྱི་ ཕྲིན་ལས་སྐུ། །འཇིགས་བྱེད་འཇིགས་པའི་མཐུ་སྟོབས་ཅན། །


TR008_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བོའི་རྒྱལ་པོ་ཁྱོད་ལ་བསྟོད། །ལས་རྣམས་འགྲུབ་པར་མཛད་དུ་གསོལ། ཞེས་པས་བསྟོད། ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྔགས་འཕྲེང་ལྗང་སྔོན་གྱི་བསྐོར་བར་དམིགས་ལ། ཨོཾ་ཨཱཿབི་གྷཱ་ནཱནྟ་ཀྲྀཏ་ཧཱུྃ་ཕཊཿཅེས་བརྒྱ་རྩ་སོགས་ཅི་འགྲུབ་བཟླ་ཞིང་། སྔགས་རྣམས་ལས་བདུད་རྩིའི་རྒྱུན་བབས་པས་སྣོད་ཁེངས། མཐར་ལྷ་ཉིད་ཀྱང་འོད་དུ་ཞུ་ནས་ཆུ་ལ་ཐིམ་པས། བདུད་རྩིའི་ཆུ་དེ་གང་དང་གང་ལ་འཐོར་བ་ཙམ་གྱིས་འབགས་རྩོག་ཉེས་སྐྱོན་མཐའ་དག་ཞི་ཞིང་། ཕྲིན་ལས་གང་འདོད་འགྲུབ་པའི་མཐུ་ལྡན་དུ་གྱུར་པར་བསམ་མོ།། ༈ །།དེ་ནས་སྐབས་འདིར་ལས་བྱང་གི་ཚོགས་བྱིན་རླབས་བྱ་ཞིང་སྤེལ་ནས་ཕུད་དཀྱིལ་འཁོར་ལ་འབུལ་དྲག་པོ་ཡིན་ན་ལིངྒ་བསྒྲལ་ལས་རྒྱས་བསྡུས་གང་འོས་ཀྱང་འདིར་བྱའོ།། ༈ །།དེ་ནས་བསངས་ཆུ་དེ་ཉིད་སྲེག་རྫས་ཐམས་ཅད་ལ་ཀུ་ཤའི་ཆུན་བུས་འཐོར་ཞིང་། ཨོཾ་སྭ་བྷ་ཝ་ཤུདྡྷཿསོགས་ཀྱི་དངོས་འཛིན་སྦྱངས་ལ། ཨོཾ་ཨཱཿསྭ་ཧཱ། སྔགས་འདི་རྣམས་རྡོ་གདན་བཞི་སོགས་རྒྱུད་སྡེ་མང་པོ་ལས་གསུངས་པའི་སྲེག་རྫས་སྦྱང་བའི་


TR008_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཏེ། གསར་རྙིང་ཐམས་ཅད་དགོངས་པ་མཐུན་ནོ། །ཨོཾ་ཤྲཱི༚་སྭཱ་ཧཱ། ཨོཾ་སྭཱ་ཧཱ། ཨོཾ་ཛི༚་སྭཱ་ཧཱ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། སྲེག་རྫས་ཀྱི་སྣོད་རྣམ་པར་དག་པ་སྟོང་གསུམ་གྱི་ཁྱོན་དང་མཉམ་པའི་ནང་དུ། བཅུད་རྣམ་པར་དག་པ་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་སོ་སོར་གང་ལ་གང་འདོད་ཀྱི་ལོངས་སྤྱོད་ཟད་མི་ཤེས་ཤིང་ཕུན་སུམ་ཚོགས་པའི་རང་བཞིན་དུ་གྱུར། དེ་ནས་མེ་ཐབ་ལ་མེ་སྦར་བ་ནི། གཞུང་ཆེན་རྣམས་ལས་གསུངས་པ་ལྟར་གྱི་མེ་བླང་བའི་ཡུལ་དང་། སྦར་མཁན། སྤར་བའི་རྫས་དང་ཡོ་བྱད་སོགས་ཕྲིན་ལས་བཞི་ཐ་དད་ལ་གསུངས་པ་རྣམས་ཚུལ་བཞིན་འཛོམས་ན་ལེགས་ཤིང་། མ་འབྱོར་ན་མོས་པ་ཙམ་ལ་བརྟེན་པ་དང་། ལས་བཞི་སོ་སོའི་ཕྱོགས་སུ་ཁ་བལྟས་ནས་མེ་སྦར་ཞིང་། བསངས་ཆུ་ནི་ཞི་རྒྱས་དབང་གསུམ་ལ་གཡས་བསྐོར་དང་། དྲག་པོར་གཡོན་སྐོར་གྱི་འཐོར་ནས། ཐོག་མར་བགེགས་སྦྱངས་ཞིང་བསྲུང་བ་ནི། ཨོཾ་སྭ་བྷཱ་ཝ༴ འཁོར་འདས་


TR008_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དངོས་པོའི་མཚན་འཛིན་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་མེ་ཐབ་ཀྱི་དབུས་སུ་ཧཱུྃ་ཡིག་འོད་དང་གཟི་མདངས་འབར་བ་རི་རབ་ཙམ་ཞིག་གསལ་བ་ལས་འོད་ཟེར་མེའི་ཚ་ཚ་ཁྲོ་ཆུང་མཚོན་ཆ་ལ་སོགས་སྐར་ལྟར་འཁྲུག་པ་འཕྲོས་པས། སྦྱིན་བསྲེག་གི་ལས་བསྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་རིགས་ཐམས་ཅད་ཚར་བཅད། འོད་ཟེར་ཚུར་འདུས་པས་སྟེང་འོག་ཕྱོགས་མཚམས་ཀུན་ཏུ་ཡིག་འབྲུ་ཕྱག་མཚན་མཚོན་ཆའི་ར་བ་མེ་དཔུངས་དང་བཅས་པས་བསྲུང་བའི་གུར་ཁང་ཆེན་པོར་གྱུར། ཧཱུྃ། བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། མེ་ལྷ་དྲང་སྲོང་ཡི་དམ། གཏོགས་པའི། གནོད་བྱེད་བགེགས་ཀྱི་ཚོགས་རྣམས་ཕྱིར་གདེངས་ཤིག །མི་འགྲོ་གནས་འདིར་འདུག་ན་རྡུལ་དུ་རློག །ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲྀ་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿདང་། ཧཱུྃ། དུག་ལྔ་


TR008_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས་པའི་ཡེ་ཤེས་མེ་འོད་ལྔ། །ཡིག་འབྲུ་ལྔ་དང་དེ་བཞིན་ཕྱག་མཚན་ལྔ། །ཁྲོ་ཚོགས་སྤྲུལ་པ་དཔག་ཡས་བསམ་མི་ཁྱབ། །སྲུང་འཁོར་རིམ་པ་ལྔ་ཡི་ཚུལ་དུ་བསྐོར། །འབར་བ་ཡེ་ཤེས་མེ་ཡིས་མཚམས་ཆོད་ཅིག །ཨོཾ་ཨགྣ་ཡེ་ཛྭ་ལ་རཾ། དྷི་ནི་རཾ། ཧཱུྃ་ཧཱུྃ་ཧཱུྃ། ཨོཾ་ཙག་རཾ་ཛྭ་ལ་རཾ་ཛྭ་ལ་རམ་ཧཱུྃ་ཕཊཿ ཧཱུྃ། ཤར་ལྷོ་ནུབ་བྱང་ཕྱོགས་ཕྱོགས་ནས། །མེ་སྦར་ལྷ་མོ་རང་མདོག་ལྡན། །དྲི་ཟ་གཤིན་རྗེ་གནོད་སྦྱིན་ཀླུ། །ཞི་རྒྱས་དབང་དྲག་མེ་སྦར་མཛོད། ཧཱུྃ་ཧྲཱིཿ མཚམས་བཞི་མེ་ལྷ་སྲིན་པོ་དང་། །རླུང་ལྷ་དབང་ལྡན་ལ་སོགས་ཀྱང་། །ཤིང་ཐུན་རྣམས་ཀྱིས་ཤིང་ཐུས་ཤིག །རླུང་གཡབ་རྣམས་ཀྱི་རླུང་གཡོབ་ཅིག །ཞི་རྒྱས་དབང་དྲག་ཕྲིན་ལས་མཛོད། ཨོཾ་ཨགྣི་ཛྭ་ལ་རཾ་ཧཱུྃ། དེ་ནས་མེ་ལྷ་དམ་ཚིག་པ་བསྐྱེད་ཅིང་ཡེ་ཤེས་བསྟིམ་ནས་ཕྱག་འཚལ་མཆོད་བསྟོད་བྱ་


TR008_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། ཐོག་མའི་ཞི་བའི་སྦྱིན་བསྲེག་ལུགས་ལྟར་ན། ཧཱུྃ། མེ་ཐབ་མི་དམིགས་སྟོང་པའི་ངང་ཉིད་ལས། ཨེ་ལས་བྱུང་བ་ཞི་བའི་ཐབ་ཁུང་ཟླུམ། །དཀར་གསལ་མདངས་ལྡན་མེ་ལྕེ་ཟླུམ་པོར་འབར། །དབུས་སུ་པདྨ་ཉི་ཟླའི་གདན་སྟེངས་སུ། །དམ་ཚིག་མེ་ལྷ་དྲང་སྲོང་ཆ་ལུགས་ཅན། །སྐུ་མདོག་དཀར་པོ་འཛུམ་ཞིང་ཞི་འཛུམ་མཛེས། །ཞལ་གཅིག་ཕྱག་བཞི་སྤྱན་གསུམ་ར་སྐྱེས་ཆིབས། །ཕྱག་གཡས་མེ་ཐབ་འོག་མས་གྷུ་རྡེ་བསྣམས། །གཡོན་པ་བགྲང་ཕྲེང་འོག་མས་ལྕགས་ཀྱུ་འཛིན། ཤ་རྒྱས་གཟུགས་བྱུང་སྒེག་ཅིང་ལྟོ་བ་འཕྱང་། །སྨྲ་ར་དམར་སེར་རལ་པའི་ཅོད་པཎ་ཅན། །དྲང་སྲོང་ཚོགས་ཀྱིས་བསྐོར་བའི་དབུས་ན་གསལ། །བདག་ཉིད་ཡི་དམ་ལྷ་ཡི་ཐུགས་ཀ་ནས། །འོད་འཕྲོས་ཤར་ལྷོ་མེ་ལྷའི་ཡུལ་ནས་ནི། །ཡེ་ཤེས་སེམས་དཔའ་དམ་ཚིག་ཇི་ལྟ་བར། །དྲང་སྲོང་ཚོགས་ཀྱི་


TR008_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བ་སྤྱན་དྲངས་གྱུར། འདི་བཞིན་དུ། རྒྱས་པའི་སྦྱིན་བསྲེག་ལ་ཚིག་གཞན་རྣམས་གོང་བཞིན་ལས། ཨེ་ལས་བྱུང་བའི་རྒྱས་པའི་ཐབ་ཁུང་ནི། །གྲུ་བཞི་སེར་པོ་མེ་ལྕེ་རིན་ཆེན་འབར། །དེ་དབུས་པདྨ་ཉི་ཟླའི་གདན་སྟེངས་སུ། །དམ་ཚིག་མེ་ལྷ་སེར་པོ་གཟི་བརྗིད་ཅན། ཞེས་ཁ་བསྒྱུར་ཞིང་། དེ་བཞིན་དུ་དབང་གི་སྐབས་སུ། ཨེ་ལས་བྱུང་བའི་དབང་གི་ཐབ་ཁུང་དམར། །ཟླ་གམ་མེ་ལྕེ་འགུགས་བྱེད་ལྕགས་ཀྱུ་འབར། ཞེས་པ་དང་། །དམ་ཚིག་མེ་ལྷ་དམར་པོ་ཆགས་པའི་མདངས། ཞེས་སོགས་དང་། དྲག་པོ་ལ། ཨེ་ལས་བྱུང་བའི་དྲག་པོའི་ཐབ་ཁུང་ནི། །གྲུ་གསུམ་ལྗང་ནག་མེ་ལྕེ་མཚོན་ཆར་འབར། ཞེས་དང་། དམ་ཚིག་མེ་ལྷ་ལྗང་ནག་ཁྲོས་པའི་སྐུ། ཞེས་ཁ་བསྒྱུར་བར་བྱའོ། །དེ་ནས་ཕྲིན་ལས་བཞི་གའི་མེ་ལྷ་སྤྱན་འདྲེན་ནི། ལས་སོ་སོའི་ཁ་དོག་མཐུན་པའི་མདའ་དར་གཡབ། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །སྤྱན་འདྲེན་ཚུར་གཤེགས་འབྱུང་


TR008_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །རང་བཞིན་གནས་ནས་སྐུ་བསྐྱོད་ལ། །རང་གི་དམ་ཚིག་ཚུལ་བཞིན་དུ། །རང་བཞིན་དཀྱིལ་འཁོར་ཆེན་པོ་ནས། །གཟུགས་བརྙན་དཀྱིལ་འཁོར་དམ་པ་འདིར། །སྤྱན་འདྲེན་མཆོད་ཀྱིས་གཤེགས་སུ་གསོལ། ཨོཾ་ཨགྣ་ཡེ། བྷི་རི་ཥི་ཉྱ་ཛཿཛཿ ཨེ་ཧྱ་ཧི། ས་མཱ་ཛཿཛཿཧཱུྃ་བྃ་ཧོཿ བཞུགས་སུ་གསོལ་བ་ནི། ཧཱུྃ། གཟི་བརྗིད་འབར་བ་མེ་ཡི་ལྷ། །ཡིད་ལ་འདོད་པ་ཀུན་བསྒྲུབ་ཅིང་། །ཐུགས་རྗེས་སེམས་ཅན་དོན་བྱེད་པ། །འབར་བའི་གནས་འདིར་བཞུགས་སུ་གསོལ། ཨོཾ་ཨགྣ་དེ་ཝ། ས་མ་ཡ། ཨ་ཝེ་ཤ་ཡ་ཏིཥྛ་ལྷན། །དམ་ཡེ་གཉིས་མེད་དུ་གྱུར་པ་ལ་ཕྱག་འཚལ་བ་ནི། ཧཱུྃ། ཚངས་པ་འཇིག་རྟེན་མགོན་གྱི་སྲས། ཞི་ལ་སོགས་པའི་ལྷ་དཔལ་ཏེ། །ཇི་ལྟར་འདོད་པའི་དོན་འགྲུབ་པ། །གཟི་བརྗིད་རྒྱལ་པོར་ཕྱག་འཚལ་ལོ། ཨ་ཏི་པུ་ཧོ། པྲ་ཏི་ཛ་ཧོཿ མཆོད་པ་འབུལ་བ་ནི། ཧཱུྃ། སྟོང་གསུམ་འདིའམ་གཞན་


TR008_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

དག་ན། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ཇི་སྙེད་ཀུན། །ཡེ་ཤེས་མེ་ལྷའི་ཚོགས་ལ་འབུལ། །ཕྲིན་ལས་སྒྲུབ་ཕྱིར་བཞེས་སུ་གསོལ། ཨོཾ་ཨགྣ་དེ་ཝ་ཏྱ། བཛྲ་ཨརྒྷཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གྷནྡྷེ། ནཻ་བི་དྱ། ཤབྟ་པྲ་ཏཱིཙྪ་སྭཱ་ཧཱ། ཧཱུྃ། སྟོང་གསུམ་འདི་འམ་གཞན་དག་ན། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །འདོད་ཡོན་བླ་མེད་མཆོད་པ་འདི། །ཡེ་ཤེས་མེ་ལྷའི་ཚོགས་ལ་འབུལ། །ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ། ཨོཾ་ཨགྣེ་དེ་ཝ་ཏྱ། རཱུ་པ། ཤབྟ། གྷནྡྷ། རཱ་ས། པརྴེ་པྲ་ཏཱིཙྪ་སྭཱ་ཧཱ། ཧཱུྃ། སྟོང་གསུམ་འདི༴ བདུད་རྩི་རྩ་བརྒྱད་སྟོང་སྦྱར་དང་། །རཀྟ་དམར་མཆོད་ཨརྒྷཾ་དང་། བཅུད་ལྡན་མཆོག་གི་གཏོར་མ་རྣམས། ཡེ་ཤེས་མེ་ལྷའི༴ ཕྲིན་ལས་བསྒྲུབ་ཕྱིར་བཞེས་


TR008_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གསོལ། ཨོཾ་ཨགྣ་དེ་ཝ་ཏྱ། པཉྩ་ཨ་མྲྀ་ཏ། རཀྟ། བྷ་ལིངྟ་ཁ་རཾ་ཁཱ་ཧི། ཧཱུྃ། སྟོང་གསུམ༴ འདོད་ཡོན་མཆོག་གི་ལོངས་སྤྱོད་ནི། །ཚོགས་མཆོད་བདུད་རྩིའི་རྒྱ་མཚོ་འདི། ཡེ་ཤེས་མེ་ལྷའི༴ ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ། ཨོཾ་ཨགྣ་དེ་ཝ་ཏྱ། ག་ན་ཙཀྲ་པཱུ་ཛ་ཁཱ་ཧི། དེ་ལྟར་འདི་ཡིན་གྱི་མཆོད་པ་རྣམས་ནི་ལས་བཞི་ཐམས་ཅད་ལ་འབུལ་ཞིང་། དྲག་པོ་ཡིན་ན། འབྲོག་འབྲང་འབུལ་བ་ནི། ཧཱུྃ། །ང་བདག་གཟུང་འཛིན་དགྲ་གེགས་ཤ་ཁྲག་རུས། །ཀླད་པ་རྐང་མར་ཚིལ་བུ་ནང་རོལ་བཅས། །གཟུགས་ཀྱི་ཕུང་པོ་མེ་ལྷའི་ཞལ་དུ་འབུལ། །མ་རུང་གདུག་པ་ཐུལ་ཕྱིར་བཞེས་སུ་གསོལ། ཨོཾ་ཨགྣ་དེ་ཝ་ཏྱ། སརྦ་ཤ་ཏྲུམ་ཨ་མུ་ཀཾ་མ་ར་ཡ་ཧཱུྃ་ཕཊཿ དང་ཅེས་འབུལ་ཞིང་། མངའ་གསོལ་བ་ནི། ཧཱུྃ་ཧྲཱིཿ ཆེ་བའི་ཆེ་མཆོག་མེ་ལྷ་ནི། ཁམས་གསུམ་བསྲེག་


TR008_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཞལ་ཆེར་བགྲད། །སྲིད་གསུམ་གཟིགས་ཕྱིར་སྤྱན་གསུམ་ཧྲིག །སྟོང་གསུམ་འདུལ་ཕྱིར་མེ་དཔུངས་འབར། །འུར་འུར་ཆེམ་ཆེམ་སྲེག་བྱེད་སྐུ། །ལས་ངན་སྡིག་སྒྲིབ་ཞལ་དུ་བསྲེག །བསམ་སྦྱོར་ངན་པ་ཞལ་དུ་བསྲེག །རྦད་འདྲེ་རྦོད་གཏོང་ཞལ་དུ་བསྲེག །བསྟན་པའི་རུ་དྲ་ཞལ་དུ་བསྲེག །རྐྱེན་ངན་བར་ཆད་ཞལ་དུ་བསྲེག །ཨོཾ་ཨགྣི་དེ་ཝ་ཏྱ། གནོད་བྱེད་འབྱུང་པོ་སརྦ་ཤ་ཏྲུམ་མཱ་ར་ཡ་ཕཊཿ དང་། དེ་ནས་ཐུན་རྫས་ཕུལ་ལ། ཧཱུྃ། ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་སོགས། །ཁྲག་དང་བསྲེས་ཏེ་འབུལ་ལགས་ན། །མུནྡྷ་ར་ཡི་ཆང་དང་སྦྱར། །བསྲེས་པས་དགྲ་གེགས་ཕུང་བར་མཛོད། །ཨ་མུ་ཀཾ་མཱ་ར་ཡ་ཕཊཿ དང་། དེ་ལྟར་གོང་གི་འབྲོག་འབྲང་ནས་འདི་ཡན་ཆད་རྣམས་དྲག་པོ་མ་གཏོགས་གཞན་གསུམ་ལ་མི་དགོས་ཤིང་། ཞི་རྒྱས་དབང་གསུམ་ལ་ནི་ཚོགས་ཕུལ་བའི་འཇུག་དེར་སོ་སོའི་


TR008_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཡམ་ཤིང་འདི་ལྟར་འབུལ་ཏེ། ཧཱུྃ། ཞི་བའི་ཡམ་ཤིང་གླང་མ་བལ་དཀར་སོགས། །ཞི་བའི་རྫས་ཀྱི་བྲན་ནས་བྱིན་རླབས་པ། །བཅོམ་ལྡན་ཡེ་ཤེས་མེ་ལྷའི་ཚོགས་ལ་འབུལ། །ཞི་བའི་ཕྲིན་ལས་སྒྲུབ་ཕྱིར་བཞེས་སུ་གསོལ། ཨོཾ་ཨགྣེ་དེ་ཝ་ཏྱ། ནད་གདོན་སྡིག་སྒྲིབ་རྐྱེན་ངན་བར་ཆད་ཐམས་ཅད་ཤནྟི༚་ཀུ་རུ་ཡེ་སྭཱ་ཧཱ། ཞེས་འབུལ་ཞིང་། དེ་བཞིན་དུ་རྒྱས་པ་ལ། ཧཱུྃ། རྒྱས་པའི་ཡམ་ཤིང་འབྲས་བུ་ཅན་རྣམས་ལ། །དེ་དང་མཐུན་པའི་རྫས་བྱུག་བྱིན་རླབས་ཏེ། །བཅོམ་ལྡན་ཡེ་ཤེས་མེ་ལྷའི་ཚོགས་ལ་འབུལ། །རྒྱས་པའི་ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ། ཨོཾ་ཨགྣི་དེ་ཝ་ཏྱ། ཚེ་བསོད་དཔལ་འབྱོར་ལོངས་སྤྱོད་ཐམས་ཅད་པུཥིྚ་ཀུ་རུ་ཡེ་སྭཱ་ཧཱ། དབང་ལ། ཧཱུྃ། དབང་གི་ཡམ་ཤིང་ཙནྡ་རྒྱ་ཤུག་ལ། །དེ་དང་མཐུན་པའི་རྫས་བྱུགས་བྱིན་རླབས་ནས། བཅོམ་ལྡན་ཡེ་ཤེས༴ དབང་གི་ཕྲིན་ལས༴ ཨོཾ་ཨགྣི་དེ་


TR008_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཝ་ཏྱ། ཁམས་གསུམ་སྲིད་པ་གསུམ་གྱི་སྐྱེ་འགྲོ་དང་བརྟན་གཡོའི་བཅུ་དང་ནུས་མཐུ་ཐམས་ཅད་ཝ་ཤམ་ཀུ་རུ་ཡེ་སྭཱ་ཧཱ། དྲག་པོ་ལ། ཧཱུྃ། དྲག་པོའི་ཡམ་ཤིང་ཚེར་མ་དུག་ཤིང་ཚོགས། །དེ་དང་མཐུན་པའི་རྫས་བྱུགས་བྱིན་རླབས་པ། །བཅོམ་ལྡན་ཡེ་ཤེས་མེ་ལྷའི༴ དྲག་པོའི་ཕྲིན་ལས༴ ཨོཾ་ཨགྣི་དེ་ཝ་ཏྱ། གནོད་བྱེད་དགྲ་གེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཕཊཿ དེ་ནས་སྲེག་གཞན་རྣམས་ཀྱང་རིམ་པ་བཞིན་འབུལ་བ་ནི། ཐོག་མར་དགང་བླུགས་ཀྱི་སྦྱོར་བས་མར་ཁུ་ལན་བདུན་སོགས་ཅི་རིགས་འབུལ་ཞིང་། ཨོཾ་ཨགྣ་ཡེ། ཨ་དྷི་བྷྱཿ ས་དྷི་བྷྱཿ ཨཱ་བྷེ་ཤ་ཡ་མ་ཧཱ་ཤྲི་ཡོ། ཧ་བྱ་ཀ་བྱ། བྷ་ཧ་ནཱ་ཡེ་སྭཱ་ཧཱ། ཞེས་པས་འབུལ་ཞིང་། གོང་གིས་ཡམ་ཤིང་གི་སྔགས་མཐའ་དང་མཐུན་པར། འདིར། བསྲེག་རྫས་ཐམས་ཅད་ཀྱི་ཕུད་ཅུང་ཟད་རེ་བཅད་ནས་འོག་ཏུ་ཡི་དམ་ལ་འབུལ་བ་ཡང་ཕྱག་བཞེས་ཏེ། །གཙོ་བོར་མཐིང་བ་རྒྱུད་པ་གལ་ཆེའོ། ལས་


TR008_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་གང་ཡིན་པའི་འདོད་གསོལ་བརྗོད། འདི་བཞིན་བསྲེག་རྫས་འོག་མ་ཀུན་ལ་ཡང་སྔགས་རིང་འདིར་བརྗོད་པའི་མཐར་སོ་སོའི་སྔགས་གདགས་པར་བྱ་སྟེ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། ཞེས་པས་ཏིལ་འབུལ་ཞིང་འདོད་གསོལ་སྔར་ལྟར་བྱ། ཨོཾ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ། ཞེས་པས་དུརྦ་འབུལ། ཨོཾ་བཛྲ་པུཥྚཱ་ཡེ་སྭཱ་ཧཱ། འབྲས་འབུལ། ཨོཾ་བཛྲ་པཾ་པ་ཏེ་སྭཱ་ཧཱ། ཟས་མཆོག་འབུལ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ། ཀུ་ཤ་འབུལ། ཨོཾ་བཛྲ་བི་ཛ་ཡེ་སྭཱ་ཧཱ། སོ་བ་འབུལ། ཨོཾ་མ་ཧཱ་བི་དྱཱ་སྭཱ་ཧཱ། ནས་འབུལ། ཨོཾ་མ་ཧཱ་བ་ལ་སྭཱ་ཧཱ། སྲན་མ་འབུལ་ཏེ། དེ་ལྟར་སྲེག་རྫས་རྣམས་ཕུལ་བའི་མཐར། ཧཱུྃ། གཟི་བརྗིད་འབར་བ་མེ་ཡི་ལྷ། །དྲང་སྲོང་ཆེན་པོའི་ལྷ་ཚོགས་རྣམས། །ཐུགས་རྗེས་སེམས་ཅན་དོན་མཛད་ཕྱིར། །སྦྱིན་སྲེག་མཆོད་པ་བཞེས་སུ་གསོལ། ཧཱུྃ། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །


TR008_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

དམ་རྫས་བདུད་རྩི་འབར་བའི་སྦྱིན་བསྲེག་འདི། །མེ་ལྷ་དྲང་སྲོང་ཁྱོད་ལ་མཆོད་པ་འབུལ། །ཕྲིན་ལས་རྣམས་བཞི་མྱུར་དུ་འགྲུབ་པར་མཛོད། ཧ་ཧ་ཧེ་ཧེ་ཧཱུྃ་ཧཱུྃ། དེ་ནས་བསྟོད་པ་ནི། ཧཱུྃ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །བདུད་བཞི་འཇོམས་མཛད་ཕྱག་བཞི་པ། །ལས་ཀུན་སྒྲུབ་མཛད་འོད་པོ་ཆེ། །སྔོན་ཚེ་དུས་ན་ལྷ་ཡི་མཆེད། །ད་ལྟ་རྣལ་འབྱོར་སྒྲུབ་པའི་མཆེད། །ལས་ཀུན་མཛད་ལ་ཕྱག་འཚལ་བསྟོད། ཧཱུྃ། དྲང་སྲོང་མེ་ལྷ་གཟི་བརྗིད་འབར་བའི་འོད། །འགྲོ་དོན་ཐུགས་རྗེ་རྒྱུན་ཆད་མེད་པ་ཡི། །ཡབ་ཡུམ་སྲས་དང་སྤྲུལ་འཁོར་བཅས་པ་ལ། །དམ་རྫས་སྦྱིན་བསྲེག་མཆོད་པ་འདི་ཕུལ་བས། །ཞི་རྒྱས་དབང་དྲག་ཕྲིན་ལས་ཐམས་ཅད་ནི། །ཐོགས་མེད་མྱུར་དུ་བསྒྲུབ་པའི་དུས་ལ་བབས། བཛྲ་ས་མ་ཡ་ཛཿ ཀརྨ་ཀུ་རུ་ཧཱུྃ། ཞེས་དང་། ལས་བཞི་སོ་སོའི་འདོད་གསོལ་


TR008_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ཞི་བ་ལ། ཧོ། དྲང་སྲོང་ཆེན་པོ་ཁྱོད་ལ་ཕྲིན་ལས་སུ་གསོལ་བ་ནི། བདག་ཅག་དཔོན་སློབ་རྒྱུ་སྦྱོར་ཡོན་བདག་འཁོར་དང་བཅས་པ་རྣམས་ལ། སྡང་བའི་དགྲ། གནོད་པའི་བགེགས། གདུགས་པའི་དབལ། རྣོ་བའི་མཚོན། སྦྱོར་བའི་དུག །ནད་བཞི་བརྒྱ་རྩ་བཞི་གདོན་སྟོང་ཕྲག་བརྒྱད་ཅུ། །ཡེད་འབྲོག་གསུམ་བརྒྱ་དྲུག་ཅུ། རྨི་ལམ་ངན་པ། ལྟས་ངན་པ། མཚན་མ་ངན་པ། སྦྱོར་བ་རྩུབ་པ། ལོ་སྐག་ཟླ་ཀག་ཞག་ཀག་ཟ་ཀག །མོ་ངན་རྩིས་རྩུབ། མི་ཁ་བྲམ་ཆུ་ལ་སོགས་པ། མདོར་ན་བཀྲ་མི་ཤེས་པའི་དངོས་པོ་ཐམས་ཅད་ཞི་བར་མཛད་དུ་གསོལ། ཤནྟིང་ཀུ་རུ་ཡེ་སྭཱ་ཧཱ། ཞེས་སོགས་གང་འདོད། སྐབས་དང་སྦྱར་རོ། དེ་བཞིན་དུ་རྒྱས་པ། ཧོ། དྲང་སྲོང་ཆེན་པོ་ཁྱོད་ལ་ཕྲིན་ལས་གསོལ་བ་ནི། བདག་སོགས་དཔོན་སློབ་རྒྱུ་སྦྱོར་ཡོན་བདག་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དཔལ་དང་འབྱོར་


TR008_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྙན་པ་དང་གྲགས་པ་སྟོབས་དང་ནུས་པ་གཟི་བརྗིད་དང་ལོངས་སྤྱོད་བུ་ནོར་དང་མངའ་ཐང་ཏིང་འཛིན་དང་ཉམས་རྟོགས་ལ་སོགས་དགེ་ལེགས་ཀྱི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཤནྟིང་ཀུ་རུ་ཡེ་སྭཱ་ཧཱ། དབང་ལ། ཧོ། དྲང་སྲོང་ཆེན་པོ༴ བདག་ཅག་དཔོན་སློབ་རྒྱུ་སྦྱོར་ཡོན་བདག་འཁོར་དང་བཅས་པ་ལ་ཁམས་གསུམ་སྲིད་གསུམ་འཇིག་རྟེན་ཀུན་གྱི་མི་ནོར་ཟས་གསུམ་མོས་པ་རྣམ་བཞི་ལྷ་འདྲེ་མི་གསུམ་གྱི་མཐུ་སྟོབས་ལོངས་སྤྱོད་ལ་སོགས་སྣང་སྲིད་འཁོར་འདས་ཀྱི་འདོད་དགུའི་དངོས་གྲུབ་ཐམས་ཅད་དབང་དུ་འདུ་བར་མཛད་དུ་གསོལ། ཝ་ཤམ་ཀུ་རུ་ཡེ་སྭཱ་ཧཱ། དྲག་པོ་ལ། ཧོཿ དྲང་སྲོང་ཆེན་པོ་ཁྱོད་ལ་ཕྲིན་ལས་སུ་གསོལ་བ་ནི། །སྤྱིར་སངས་རྒྱས་ཀྱི་བསྟན་པ་བཤིག་པ། དཀོན་མཆོག་གི་དབུ་འཕང་སྨོད་པ། །དགེ་འདུན་གྱི་སྤྱི་དགྲ་བྱེད་པ། རྣལ་འབྱོར་པའི་དགོས་དགྲ་གྱུར་པ་ལ་སོགས་


TR008_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཁྱད་པར་བདག་སོགས་དཔོན་སློབ་ཡོན་མཆོད་མི་ནོར་འཁོར་དང་བཅས་པ་ཐམས་ཅད་ལ། བསམ་པ་ངན་ཞིང་སྦྱོར་བ་རྩུབ་མོ་བཤོམ་པར་བྱེད་པའི་དགྲ་བོ་བྱས་མ་ལྷ་བསྲུང་དང་བཅས་པ་གནོད་བྱེད་ཀྱི་གདོན་བགེགས་རྒྱབ་རྟེན་དཔུང་རོག་དང་བཅས་པ་ལ་སོགས་ལོག་པར་འདྲེན་ཞིང་འཚེ་བར་གྱུར་པའི་རུ་དྲ་ཐམས་ཅད་རྡུལ་ཕྲན་བཞིན་དུ་རླག་པར་མཛད་དུ་གསོལ། མེད་པར་མཛད་དུ་གསོལ་སྟོང་པར་མཛད་དུ་གསོལ། མིང་གི་ལྷག་མ་ཙམ་ཡང་མ་ལུས་པར་མཛད་དུ་གསོལ། སརྦ་ཤ་ཏྲུམ་མཱ་ར་ཡ་ཕཊཿདེ་ནས་བར་སྐབས་འདིར། ཚེ་ལྷའི་ལྟོ་བར་གཞལ་ཡས་ཁང་གསལ་བར་དཀྱིལ་འཁོར་གྱི་ལྷ་ཚོགས་གང་འདོད་བསྐྱེད་པ་ལ་སྦྱིན་བསྲེག་གི་མཆོད་པ་འབུལ་བར་གསུངས་པས་འདིར་ཡང་ཚེ་སྒྲུབ་དང་ཐུགས་རྗེ་ཆེན་པོ་ལ་སོགས་གང་བསྐྱེད་ཀྱང་རུང་མོད་ཀྱི་འོན་ཀྱང་ལྷ་ཐམས་ཅད་རྒྱལ་བ་ཞི་ཁྲོ་ལ་མ་འདུས་པ་གང་ཡང་མེད་ཕྱིར། ཞི་ཁྲོ་


TR008_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་དོན་སྙིང་པོ་ལྟར་བསྐྱེད་པར་བྱ་སྟེ། མེ་ཐབ་བུད་ཤིང་དུ་ཅུང་ཟད་ཁ་གསོས་ནས་བསངས་ཆུ་འཐོར་ཏེ། མེ་ལྷའི་རྒྱལ་པོ་དྲང་སྲོང་ཆེན་པོའི་སྐུའི་ལྟོ་བ་རབ་ཏུ་ཡངས་པ་ཆོས་ཀྱི་དབྱིངས་དང་མཉམ་པའི་དབུས་སུ། ཡེ་ཤེས་འོད་ལྔ་འཁྲིག་པའི་གཞལ་ཡས་ཁང་གི་ནང་། པདྨ་ཉི་ཟླ་བརྩེགས་པའི་གདན་ལ། དཀྱིལ་འཁོར་མ་ལུས་པའི་བདག་ཉིད་རྒྱལ་བ་པདྨ་འོད་འབར་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པར་བཞུགས་པའི་ཐུགས་ཆོས་དབྱིངས་ཁྱབ་གདལ་གྱི་ཀློང་ན། རང་སེམས་ཀ་དག་གི་ངོ་བོ་ཀུན་བཟང་ཡབ་ཡུམ། ལྷུན་གྲུབ་ཡེ་ཤེས་ཀྱི་རང་མདངས་རིགས་ལྔ་ཡབ་ཡུམ་བཅུ། སེམས་དཔའ་སེམས་མ་ཐུབ་དྲུག་སྒོ་བ་སྒོ་མ་དང་བཅས་པ་རྣམས་ཀྱི་རྩལ་གདངས་འགགས་མེད་ཀྱི་རོལ་པར། ཀླད་པ་དུང་ཁང་འབར་བའི་ཕོ་བྲང་འཇའ་འོད་མེ་སྤུངས་ཐིག་ལེའི་ཀློང་དུ། ཁྲོ་བོ་ཐམས་ཅད་


TR008_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྤྱི་དཔལ་ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ་གྱི་འཁོར་དུ། སྤྲུལ་པའི་ཁྲག་འཐུང་ཡབ་ཡུམ་བཅུ་དང་། ཡང་སྤྲུལ་ཀཽ་རི་མ་མོ་བརྒྱད། སིངྷ་ཕྲ་མོན་བརྒྱད། ལས་བྱེད་སྒོ་མ་བཞི། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ལ་སོགས་དམ་པ་རིགས་བརྒྱའི་ལྷ་ཚོགས་དང་། །མགྲིན་པར་རིག་འཛིན་དཔའ་བོ་ཡབ་ཡུམ་བཅུ། ལྟེ་བར་ཡུམ་མཆོག་མཁའ་འགྲོ་སྡེ་ལྔ་ལ་མ་མོ་མཁའ་འགྲོ་རྒྱ་མཚོས་བསྐོར་བ། གསང་བར་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ལ་ཆོས་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ཀྱི་བསྐོར་བ་དང་། གཞན་ཡང་སྐུའི་བ་སྤུའི་ཁུང་བུ་ཡན་ཆད་ལ་ཕྱི་ནང་གསང་བའི་དཀྱིལ་འཁོར་རབ་འབྱམས་ནམ་མཁའི་མཐའ་ཀླས་པར་བཞུགས་པའི་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་ཀའི་ས་བོན་དང་གནས་གསུམ་འབྲུ་གསུམ་ལས་འོད་འཕྲོས་པས། ཡེ་ཤེས་ཀྱི་ལྷ་ཚོགས་ཉི་ཟེར་ལ་རྡུལ་འཁྲིགས་པ་ལྟར་བྱོན་ནས་དམ་ཚིག་གི་


TR008_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཚོགས་རྣམས་ལ་ཐིམ་པར་གྱུར། །ཞེས་ཚིག་དོན་མཐུན་པར་བསྐྱེད་ལ། །སྤྱན་འདྲེན་མཆོད་བསྟོད་ཀྱི་རིམ་པ་ནི། ཧཱུྃ། རང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །རང་མདངས་རོལ་པའི་ཆོ་འཕྲུལ་ཞི་ཁྲོའི་ཚོགས། །འགྲོ་བའི་དོན་དུ་སོ་སོའི་སྐུ་སྤྲུལ་པ། །ཡབ་ཡུམ་སྲས་དང་བཅས་པ་གཤེགས་སུ་གསོལ། བཛྲ་ས་མ་ཡ་ཛཿ རང་བྱུང་ལྷུན་གྲུབ་ཡེ་ཤེས་གཞལ་ཡས་ཁང་། །ཡེ་ནས་མ་བཅོས་རང་བབས་དཀྱིལ་འཁོར་འདིར། །གླང་ཆེན་ལ་སོགས་བམ་དང་ཉི་ཟླའི་སྟེང་། །སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས་བཞུགས་སུ་གསོལ། །ས་མ་ཡ་ཨ་བྷེ་ཤ་ཡ་ཏི་ཥྛ་ལྷན། ཧཱུྃ། སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་སྟེ། །སྣང་སྟོང་གྲགས་སྟོང་གསལ་སྟོང་རིག་སྟོང་དང་། །བདེ་སྟོང་དབྱེར་མེད་ཨ་འཐས་སྡུག་བསྔལ་བྲལ། །རྒྱལ་བ་ཞི་ཁྲོའི་ཚོགས་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོ་པྲ་ཏི་ཛ་ཧོཿ ཡ་མི་ན་མོ། ཧཱུྃ་ཧྲཱིཿ མཆོད་ཡོན་བརྒྱ་དང་རྒྱལ་སྲིད་རིན་ཆེན་


TR008_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

བདུན། །འདོད་ཡོན་ལྔ་ལྡན་ཕྱི་མཆོད་སྣ་ཚོགས་འབུལ། །ལྷ་མོ་བཅུ་དྲུག་སྨན་རཀ་བདུད་རྩི་དང་། །དུག་ལྔ་ཡེ་ཤེས་སྦྱོར་སྒྲོལ་ནང་མཆོད་འབུལ། ཨོཾ་ཨཱཿཧཱུྃ། སརྦ་པཱུ་ཛ་ཧོཿ ཧཱུྃ་ཧྲཱིཿ རྣམ་ཤེས་ཚོགས་བརྒྱད་དགའ་བཞི་བདེ་སྟོང་གསལ། །ཕྱི་ནང་སྣོད་བཅུད་འདོད་ཡོན་ཕྱི་གཏོར་དང་། །དུག་ལྔ་ཕུང་པོ་ཤ་ཁྲག་ནང་གཏོར་དང་། །ཡེ་ཤེས་ལྔ་ལྡན་ཏིང་འཛིན་གསང་གཏོར་འབུལ། ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནི། ཨི་བ་ལི༚་ཏ་ཁ་རཾ་ཁཱ་ཧི། ཨརྒྷཾ། པཱདྱཾ། པུཥྤེ། ཨཱ་ལོ་ཀེ། གྷ་ནྡྷེ། ནཻ་ཝི་དྱ། ཤབྟ་པྲ་ཏཱིཙྪ་ཨཱ་ཿཧཱུྃ། རཱུ་པ། ཤབྟ། གནྡྷེ། རཱ་ས། པརྴེ་པྲ་ཏིཙྪ་ཨཱཿཧཱུྃ། སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། དེ་ནས་བར་འདིར་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་བསྲེག་རྫས་འབུལ་བ་ནི། དགང་བླུག་གི་སྦྱོར་བས་མར་ཁུ་ལན་བདུན་ནམ་ཉེར་གཅིག་སོགས་འབུལ་ཞིང་། སྔགས་ནི། ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནི་


TR008_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ན་མསྶ་མནྟ་བུདྡྷ་ནཾ། ཨགྣི་ཡེ་སྭཱ་ཧཱ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྦྱིན་བསྲེག་གི་མཆོད་པ་ཕུལ་ནས། བདག་སོགས་ཡོན་མཆོད་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་རྐྱེན་ངན་བར་ཆད་ཤིནྟང་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པ་ལ་སོགས་ཕྲིན་ལས་བཞི་གང་ཡིན་གྱི་འདོད་གསོལ་རྣམས་གོང་དུ་ཡམ་ཤིང་གི་སྐབས་སུ་བཤད་པ་ལྟར་བརྗོད། དེ་བཞིན་དུ། ཡམ་ཤིང་། ཏིལ། དུར་ཝ། འབྲས། ཟས་མཆོག་ཀུ་ཤ །སོ་བ། ནས། སྲན་མ་རྣམ་ཀྱང་གོང་ལྟར་འབུལ་ཞིང་། སྔགས་ནི་ཡམ་ཤིང་ལ། ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནི། བཛྲ་ཏི་པ་ལཱ་ཡེ་སྭཱ་ཧཱ། ཞེས་དང་། །གཞན་རྣམས་ལ་རིམ་པ་བཞིན། ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནི། སརྦ་པཱ་པཾ་ཧ་ན་བཛྲ་ཡེ་སྭཱ་ཧཱ། ཞེས་སོགས་གོང་མ་རྣམ་ལྟར་འགྲེས་ཤེས་པར་བྱ་ཞིང་། སྲན་མའི་རྗེས་ལ་བདུད་རྩི། རཀྟ། གཏོར་མ། ཚོགས་དང་བཅས་པ་ཡང་རང་རང་གི་སྔགས་ཀྱི་འབུལ། ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནི། སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་དང་། དེ་བཞིན་དུ་


TR008_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧཱ་རཀྟ། མ་ཧཱ་བ་ལིངྟ། ག་ན་ཙཀྲ་སོགས། དྲག་པོ་ལ། འབྲོག་འབྲང་། ལིངྒ་ཐུན་རྫས་རྣམས་ཀྱང་འབུལ་ཞིང་། དེ་ཐམས་ཅད་ལ། བཅོམ་ལྡན་ཡེ་ཤེས་མེ་ལྷའི་ཚོགས་ལ་འབུལ་ཞེས་པའི་སར། བཅོམ་ལྡན་དཀྱིལ་འཁོར་ལྷ་ཡི་ཚོགས་ལ་འབུལ། །ཞེས་དང་། སྔགས་ཀྱི་སྐབས་སུ་ཡང་། ཨགྣི་དེ་ཝ་ཏྱ་ཞེས་པའི་སར་གུ་རུ་དེ་ཝ་ཌ་ཀི་ནི་ཞེས་བསྒྱུར་ཤེས་པར་བྱའོ། དེ་ནས་བསྟོད་པ་ནི། ཧཱུྃ། ཀུན་བཟང་ཡབ་ཡུམ་ཐུགས་རྗེའི་སྤྲུལ་པ་ནི། །རྡོར་སེམས་སྤྱན་མ་ལ་སོགས་རིགས་ལྔ་དང་། །སེམས་དཔའ་སེམས་མ་ཡབ་ཡུམ་བཅུ་དྲུག་བཅས། ཐུབ་དྲུག་སྒོ་བ་ཡབ་ཡུམ་བརྒྱད་ལ་སོགས། །ཞི་བ་བཞི་བཅུ་གཉིས་ལ་ཕྱག་འཚལ་བསྟོད། །ཆེ་མཆོག་ལ་སོགས་ཁྲག་འཐུང་ཡབ་ཡུམ་དང་། །ཀཽ་རི་སིངྷ་ཕྲ་མན་བརྒྱད་རྣམས་དང་། །སྒོ་མ་བཞི་དང་དབང་ཕྱུག་ཉི་ཤུ་བརྒྱད། །ཁྲག་འཐུང་ལྔ་བཅུ་བརྒྱད་ལ་ཕྱག་འཚལ་བསྟོད། ཧཱུྃ །ཞི་བའི་ལྷ་ཚོགས་མཚན་དཔེའི་གཟི་བརྗིད་འབར། །ཁྲག་འཐུང་ལྷ་ཚོགས་གར་དགུའི་ཆས་ཀྱིས་བརྒྱན། །རིག་འཛིན་དཔའ་བོ་མཁའ་འགྲོ་


TR008_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

འཇའ་འོད་ཐིབས། །བཀའ་སྡོད་སྲུང་མར་བཅས་ལ་ཕྱག་འཚལ་བསྟོད། ཧཱུྃ་ཧྲཱིཿ པདྨ་འོད་འབར་གནས་ལྔར་དཀྱིལ་འཁོར་མཛེས། །དམ་པ་རིག་བརྒྱ་རིག་འཛིན་དཔའ་བོ་དང་། །མཁའ་འགྲོ་སྡེ་ལྔ་ཕུར་པའི་ལྷ་ཚོགས་བཅས། །དཀོན་མཆོག་སྤྱི་འདུས་དཀྱིལ་འཁོར་ལྷ་ལ་བསྟོད། དེ་ནས་སྐབས་འདིར་འཛབ་ནི། མདུན་བསྐྱེད་ཀྱི་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་ཀར་རང་རང་གི་ཐུགས་སྲོག་སྔགས་ཕྲེང་དང་མ་འདྲེས་ཡོངས་རྫོགས་སུ་མོས་པ་ཙམ་དང་། བདག་བསྐྱེད་ཀྱི་ཐུགས་སྲོག་གི་འོད་ཟེར་འཕྲོས་པས་མདུན་བསྐྱེད་རྣམས་ཀྱི་ཐུགས་སྲོག་ལ་ཕོགས་པས་ཐུགས་དམ་གྱི་རྒྱུད་བསྐུལ་དེ། ཞི་རྒྱས་དབང་དྲག་ཕྲིན་ལས་ཀྱི་དངོས་གྲུབ་ཐམས་ཅད་ཐོག་པ་མེད་པར་སྩོལ་བར་བསམ་ཞིང་། ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷ་ཏུ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ནད་གདོན་སྡིག་སྒྲིབ་ཞི་བར་གྱུར་ཅིག །ཤནྟིང་་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ཞི་བའི་འཛབ་དང་། དེ་བཞིན་དུ་རྒྱས་པ་ལ་ཞི་ཁྲོའི་རྩ་སྔགས་དེ་ཉིད་ཀྱི་འཇུག་ཏུ། ཚེ་དང་བསོད་ནམས་རྒྱས་པར་གྱུར་རིག་པུཥིྚ་ཀུ་རུ་ཡེ་སྭཱ་ཧཱ། དབང་ལ་རྩ་སྔགས་


TR008_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མཐར། ཁམས་གསུམ་སྲིད་གསུམ་དབང་དུ་བསྡུས་ཤིག་ཝ་ཤམ་ཀུ་རུ་ཡེ་སྭཱ་ཧཱ། དྲག་པོར། རྩ་སྔགས་ཤམ་བུར། གནོད་བྱེད་དགྲ་གེགས་འབྱུང་པོ་ཐམས་ཅད་མ་ར་ཕཊཿ དང་། ཅེས་བཟླ་ཞིང་། སྲུང་རྐུད་ལས་སོ་སོའི་ཁ་དོག་དང་མཐུན་པ་ལ་རྡོ་རྗེའི་མདུད་པ་བྱས་ནས་བསངས་བྲན་ཞིང་མེ་ཐབས་ཀྱི་མེ་ལྕེ་དང་དུ་བ་ལ་བདུག་ནས་ལུས་ལ་གདགས་པ་ཡང་རུང་ངོ་།། ༈ །།དེ་ནས་དཀྱིལ་འཁོར་གྱི་ལྷ་ལ་བཏང་རག་གི་ཚུལ་དུ། ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནི། བཛྲ་ཨརྒྷཾ་པུཥྤེ་སོགས་ཀྱིས་མཆོད་ཅིང་སྲེག་རྫས་ཚང་མར་ལན་རེ་འབུལ་བའམ། བསྡུས་པ་བྱེད་ན་དགང་བླུགས་ཀྱི་མར་ཁུ་ཕུལ་བས་ཀྱང་འགྲུབ་སྟེ། རྒྱུད་སྡེ་རྣམས་ལས་སྦྱིན་བསྲེག་གི་རྫས་ཀྱི་གཙོ་བོ་ནི་ཡམས་ཤིང་དང་། མར་ཁུ་ཡིན་པར་གསུང་བའི་ཕྱིར་རོ། །སྔགས་དང་འདོད་གསོལ་ཀྱང་དེ་དང་མཚུངས་པར་རྒྱས་བསྡུས་ཅི་རིགས་བྱས་པའི་རྗེས་ལ། ཧཱུྃ་ཧྲཱིཿ པདྨ་འོད་འབར་གནས་ལྔར་དཀྱིལ་འཁོར་མཛེས། །ཅེས་སོགས་ཤྭ་ལོ་ཀ་གཅིག་པས་བསྟོད་ལ། དངོས་གྲུབ་བསྐུལ་བ་ནི། ཧྲཱིཿ ཚེ་དཔག་མེད་མགོན་སྟོང་ཉིད་


TR008_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེའི་ཐུགས། །སྤྲོས་བྲལ་ཆོས་སྐུའི་དངོས་གྲུབ་སྩལ་དུ་གསོལ། །སྤྱན་རས་གཟིགས་དབང་འགྲོ་དོན་དཔག་མེད་གསུང་། །འགགས་མེད་ལོངས་སྐུའི་དངོས་གྲུབ་སྩལ་དུ་གསོལ། །གུ་རུ་པདྨ་འཆི་མེད་རྡོ་རྗེའི་སྐུ། །མི་འགྱུར་སྐུ་ཡི་དངོས་གྲུབ༴ ཡི་དམ་རྟ་མཆོག་དངོས་གྲུབ་ཀུན་གྱི་དཔལ། །ཕྱག་རྒྱ་ཆེན་པོའི༴ རྡོ་རྗེ་ཕགས་མོ་དགོས་འདོད་རེ་བ་བསྐོངས། །མཆོག་དང་མཐུན་མོངས༴ ཡེ་ཤེས་མེ་ལྷ་ཕྲིན་ལས་སྒྲུབ་པའི་ལྷ། །ཞི་རྒྱས་དབང་དྲག་དངོས་གྲུབ༴ མ་དང་མཁའ་འགྲོ་མི་ཟད་གཏེར་གྱི་བདག །ཟས་ནོར་ལོངས་སྤྱོད༴ དམ་ཅན་རྒྱ་མཚོ་བསྟན་པ་བསྲུང་བའི་བདག །རིགས་རྒྱུད་དབང་གི་དངོས་གྲུབ༴ ཆོས་སྐྱོང་བསྲུང་མ་མངོན་སྤྱོད་ཕྲིན་ལས་བསྒྲུབ། །དྲག་རྩལ་མཐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ་ཧཱུྃ། བཅོམ་ལྡན་མེ་


TR008_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ལྷའི་རྒྱལ་པོ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་ཀྱིས། བདག་ཅག་ཡོན་མཆོད་རྣམས་ལ་མཆོག་དང་ཐུན་མོངས་ཀྱི་དངོས་གྲུབ་ཐམས་ཅད་ཐོགས་པ་མེད་པར་སྩལ་བར་མཛད་དུ་གསོལ་ལོ། །ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནི། སརྦ་སིདྡྷི་ཕ་ལ་པུཥྚིང་ཀུ་རུ་ཧོཿ ཞེས་པས་བདུད་རྩི་མྱང་ཞིང་། ཚོགས་ལ་རོལ་ལོ། དེ་ནས་བཀོད་གསོལ་ཉམས་ཆགས་བཤད་ཏེ། ཧོ། དགོངས་སུ་གསོལ། བདག་ཅག་གི་སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆགས་དང་ཆོ་ག་ལྷག་ཆད་ནོར་འཕྲུལ་ལ་སོགས་པའི་ཉེས་པ་ཅི་བགྱིས་པ་ཐམས་ཅད་མཐོལ་ཞིང་བཤགས་སོ། །ཚེ་འདིའི་འགལ་རྐྱེན་དུ་མི་འགྱུར་བ་དང་། །ཕྱི་མ་བྱང་ཆུབ་ཐོབ་པའི་བར་ཆད་དུ་མི་འགྱུར་བར། །མྱུར་དུ་སངས་རྒྱས་ཐོབ་པར་བྱིན་གྱིས་བརླབས་ཏུ་གསོལ། ཡིག་བརྒྱ་ཡང་བརྗོད། ཨོཾ། ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་


TR008_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

སྩོལ། །སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿ ཞེས་ཡེ་ཤེས་པ་རྣམས་གཤེགས་ཅིང་དམ་ཚིག་པ་རྣམས་བདག་བསྐྱེད་ཀྱི་ཐུགས་ཀར་ཐིམ་པར་མོས་སོ།། ༈ །།དེ་ནས་སླར་ཡང་མེ་ཅུང་ཟད་ཁ་གསོས་ལ་བསངས་ཆུ་འཐོར་ཞིང་། །མེ་ལྷ་སྔར་ལྟར་ཡིད་ཀྱི་གསལ་བཏབ་ལ། བཏང་རག་གི་ཚུལ་དུ། ཨོཾ་ཨགྣི་དེ་ཝ་ཏྱ། བཛྲ་ཨརྒྷཾ་སོགས་ཀྱི་མཆོད་ཅིང་། །བདུད་རྩི་རཀྟ་གཏོར་མ་ཚོགས་དང་བཅས་པ་རྣམས་ཀྱང་རང་རང་གི་སྔགས་ཀྱི་འབུལ། སྲེག་རྫས་གཞན་རྣམས་དང་། དྲག་པོའི་ཁྱད་པར་གྱི་རྫས་ལིངྒ་ལ་སོགས་ཀྱི་ལྷག་མ་ཐམས་ཅད་ཀྱང་འབུལ་ཞིང་། བསྡུ་ན་དགང་བླུགས་ཀྱི་སྦྱོར་བས་མར་ཁུ་ལན་གྲངས་ཅི་རིགས་ཕུལ་བས་རུང་ཚུལ་ནི་གོང་བཞིན་ནོ། །སྲེག་རྫས་ཀྱི་ལྷག་རོལ་ཅུང་ཟད་ཚོགས་ལྷག་དང་བཅས་པ་ལས་བྱང་གི་ལྷག་མའི་ཚིག་གིས་ཕྱི་རོལ་དུ་འབུལ་ལོ།། ༈ །།མཐར་མེ་ལྷ་ལ་བསྟོད་པ་དང་གཤེགས་


TR008_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་ནི། ཧཱུྃ། ཕྲིན་ལས་ཐོགས་མེད་མངའ་མཛད་པའི། །དྲང་སྲོང་འཁོར་བཅས་ཁྱོད་ལ་བསྟོད། །རང་བཞིན་གནས་སུ་ད་གཤེགས་ལ། །ཕྱོགས་འདིར་དགེ་ཞིང་ཤིས་པར་མཛོད། ཨགྣི་དེ་ཝ་གཙྪ། དེ་ནས་ཞི་རྒྱས་དབང་གསུམ་ལ་ནི་མཁའ་འགྲོ་ཆོས་སྐྱོང་གི་གཏོར་མ་འབུལ་བར་འོས་པ་རྣམས་ཆད་མོད་བྱས་ལ་འབུལ་ཞིང་། དྲག་པོར་ནི་གཏོར་མ་ཟོར་དུ་འཕངས་བའི་ལས་རིམས་རྒྱས་བསྡུས་ཅི་རིགས་ལས་གཞུང་ལྟར་བྱ་བ་དང་། གཞན་ཡང་ཆོ་གའི་འཇུག་གི་ལས་རིམས་བསྔོ་བ་སྨོན་ལམ་བཀྲ་ཤིས་རྫོགས་རིམས་དུ་བསྡུ་བ་སོགས་ཐམས་ཅད་ཡང་ཟབ་ལས་བྱང་བཞིན་བྱས་ལ་ཡོ་བྱད་རྣམས་བསྡུའོ།། ༈ །།དེ་ལྟར་ཆོ་ག་དངོས་གཞི་གྲུབ་ནས། ཞར་ལ་རྗེས་ཀྱི་བྱ་བ་བསྟན་པ་ནི། སྦྱིན་བསྲེག་གི་མེ་རོ་ནི་ཞི་རྒྱས་དབང་གསུམ་ལ་ལོང་ཁྱབ་ཡོད་ན་མེ་མ་ཤི་བར་བཞག་ཅིང་། ལོང་མེད་ན་ཆུ་གཙང་དང་འོ་མ་སོགས་ཀྱི་གཞིལ་ནས། ཞི་བའི་མེ་རོ་ནི་ཆུ་ཀླུང་ཆེན་པོར་དོར་བ་དང་། རྒྱས་པའི་མེ་རོ་ནི་ཞིང་གི་མུ་དང་བྱུགས་ཀྱི་ར་བ་སོགས་ལ་བླུགས་


TR008_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་ནི་རི་མཐོ་ས་ནས་རླུང་ལ་འཕྱར་བར་གསུངས་ཤིང་། དྲག་པོའི་མེ་ནི་ལོང་ཁྱབ་ཡོད་ཀྱང་མི་བཞག་བསད་ལ་ཐལ་བ་ཟོར་དུ་འཕང་བའམ། ལམ་མདོར་མནན་པ་སོགས་བྱ་བར་གསུངས་ཏེ། རྒྱས་པར་སྦྱིན་བསྲེག་ཆེན་མོ་རྣམས་ཀྱི་གཞུང་ནས་སོ་སོའི་ལས་ཁ་ཚར་བྱ་ཐབ་དང་བཅས་པ་ཞིབ་པར་འབྱུང་ཕྱིར་དེ་དག་ཏུ་བལྟ་བར་བྱའོ།། ༈ །།ཡང་གང་ཞིག་ཚེ་འདས་ཀྱི་ཕུང་པོ་ལ་སྦྱིན་བསྲེག་བྱ་བའི་ཚེ་ན། སྡིག་སྒྲིབ་སྦྱོང་ཕྱིར་ཞི་བའི་སྦྱིན་བསྲེག་ཁོ་ན་དགོས་མོད་ཀྱི། འདི་ལ་ནི་གང་ཟག་ཡུལ་གོང་འོག་གི་་ཁྱད་ཀྱིས། བླ་མ་སྐྱེས་ཆེན་དམ་པ་མཆོག་རྣམས་ཀྱི་སྐུ་གདུང་ལ་ནི་སྦྱོང་བ་དང་གནས་སྤར་སོགས་གང་ཡང་མི་དགོས་ཕྱིར། པུར་ཁང་དུ་དར་གྱི་ན་བཟའ་དྲི་བཟངས་དང་བཅས་པས་བཞུགས་སུ་གསོལ་སྟེ། དེ་ཉིད་ཀྱི་སྐུ་གསུང་ཐུགས་དཀྱིལ་འཁོར་ལྷ་དང་མཐའ་མི་དད་པར་ཐག་ཆོད་པའི་དད་གུས་ཀྱི་སྒོ་ནས། རང་གཞན་རྗེས་འཇུག་མཁའ་ཁྱབ་འགྲོ་བ་ཐམས་ཅད་ཚོགས་རྫོགས་སྒྲིབ་བྱང་གི་ཆེད་དུ་སྦྱིན་


TR008_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེག་ཕུལ་བ་ཁོ་ནས་ཆོག་ལ།། ༈ །།ཡང་དེ་ཙམ་དུ་མ་ཡིན་པའི་བླ་མའི་ཚུལ་དང་དགེ་བའི་བཤེས་གཉེན་རྣམས་ལ་ནི། ཕུང་པོ་དེེ་ཉིད་བུད་ཤིང་གི་ཚུལ་དང་རྣམ་པར་ཤེས་པའི་ངོ་བོ་རེ་ཤིག་ལ་ཏིང་ངེ་འཛིན་གྱིས་བཀུག་ནས་དེ་ཉིད་དཀྱིལ་འཁོར་གྱི་ལྷར་བསྐྱེད་དེ་སྦྱིན་བསྲེག་བྱས་པས། སྒོ་གསུམ་མ་དག་པའི་དྲི་མའི་དངོས་པོ་ཐམས་ཅད་དག་པ་ཆེན་པོར་བསྒྱུར་བའི་ཐབས་ཀྱི་ཁྱད་པར་ཡིན་པས་ཕན་ཡོན་ཆེ་བར་གསུངས་སོ།། ༈ །།གཞན་གང་ཟག་ཐ་མལ་པ་རྣམས་ལ་ནི་སྦྱོང་བ་དང་སྒྲིབ་པ་བཀྲུ་ཞིང་གཤེད་དང་འཕྲལ་ཐབས་ལ་སོགས་གང་འགྲུབ་བྱས་པའི་རོ་དེ་ཉིད་སྲེག་ཁང་དུ་བཅུག་སྟེ། བདག་བསྐྱེད་བུམ་སྐྱེད་ལ་སོགས་གྲུབ་རྗེས། མེ་སྦར་བའི་ཚེ་དམིགས་ཡུལ་དེ་ཉིད་ཀྱི་སྤྱི་བོར་ཉོན་མོངས་པ་ང་རྒྱལ་གྱི་བག་ཆགས་ལས་གྲུབ་པའི་ལྷའི་ས་བོན་ཨ་དཀར་པོ། །མགྲིན་པར་ཕྲག་དོག་ལྷ་མིན་གྱི་ས་བོན་སུ་ལྗང་སེར། །སྙིང་གར་འདོད་ཆགས་མེའི་ས་བོན་གྲྀ་སྔོ་སྐྱ། །ལྟེ་བར་གཏི་མུག་དུད་འགྲོའི་ས་བོན་ཏྲི་དམར་


TR008_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ནག །གསང་བར་སེར་སྣ་ཡི་དྭགས་ཀྱི་ས་བོན་སྲི་སེར་སྐྱ། རྐང་མཐིལ་དུ་ཞེ་སྡང་དམྱལ་བའི་ས་བོན་དུ་ནག་པོ་རྣམས་གསལ་ཞིང་། འཁོར་བ་ཐོགས་མེད་ཀྱི་ལས་ཉོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་ཀྱང་ཡི་གེ་དེ་དག་ལ་འདུས་པར་བསམ། གདོས་བཅས་ཀྱི་ཕུང་པོ་དེ་ཉིད་ནི་བུད་ཤིང་གི་ཚུལ་དུ་མོས་ལ། བདག་བུམ་གཉིས་ཀའི་ཐུགས་སྲོག་ལས་འོད་ཟེར་ཡེ་ཤེས་ཀྱི་མེ་སྤུངས་འབར་བ་འཕྲོས་པས། ཁོའི་ལས་ཉོན་བག་ཆགས་རིས་དྲུག་གི་ས་བོན་དང་བཅས་པ་མཐའ་དག་ཐུལ་གྱི་བསྲེག་པར་བསམ་ལ་མེ་སྦར་རོ། །དེ་ནས་སྦྱིན་བསྲེག་ཚུལ་བཞིན་བྱ་ཞིང་འདི་དག་གིས་སྐབས་ཚོར་མདུན་སྐྱེད་ཀྱི་འཛབ་ཀྱང་ཡིག་བརྒྱ་འབའ་ཤིག་བཟླ་ཞིང་། སྲེག་རྫས་འབུལ་བའི་དུས་ཀྱི་འདོད་གསོལ་ཡང་གཞན་མི་བྱ་བར། ཚེ་ལས་འདས་པ་འདི་ཉིད་ཀྱི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དམ་ཚིག་ཉམ་བཞག་


TR008_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་སརྦ་པཱ་པཾ་ད་ཧ་ན་ཤནྟིང་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པ་ཁོ་ན་བརྗོད་པ་དང་། བསྲེག་རྫས་ཀྱི་གཙོ་བོར་མར་ཁུ་དང་རིལ་ནག་སྤུངས་ཆེ་བར་འབུལ་ལོ། ལར་ཚེ་འདས་ཀྱི་ཕུང་པོ་སྦྱོང་བའི་ཚུལ་རྣམས་ལ་བཀའ་གསར་སྙིང་ཐ་དད་ཀྱི་རྒྱུད་དང་མན་ངག་བླ་མ་སོ་སོའི་བཞེད་ཚུལ་སོགས་མི་མཐུན་པ་མང་ཕྱིར། ཕུང་པོ་ལྟར་བསྐྱེད་པ་དང་། མཆོད་རྫས་སུ་བྱ་བ་དང་། གཞལ་ཡས་སུ་བསྐྱེད་ནས་རྣམ་ཤེས་བཀུགས་ཏེ་ལྷར་བསྐྱེད་པ་དང་། དཀྱིལ་འཁོར་གྱི་བར་འཁྱམས་སུ་བཀུག་ནས་མགྲོན་ཐབས་སུ་བྱེད་པ་དང་། རྣམ་ཤེས་སྤར་ནས་ཕུང་པོ་བུད་ཤིང་གི་ཚུལ་དུ་བྱ་བ་སོགས་ཕྱག་བཞེས་མི་འདྲ་བ་མང་ཀྱང་། གཙོ་བོར་གོང་དུ་སྨོས་པ་ལྟར་གང་ཟག་མཆོད་དམན་གྱི་ཁྱད་འགྱེད་པ་གལ་ཆེ་བར་གསུངས་ཚེ། གང་ཟག་མཆོག་རྣམས་ལ་ལྷ་དང་དབྱེར་མེད་དུ་མཆོད་འབྲིང་རྣམས་ལ་ཕུང་པོ་གཞལ་ཡས་ཁང་བུད་ཤིང་གང་རུང་ལ། རྣམ་ཤེས་ལྷར་བསྐྱེད་ནས་མཆོད་ཅིང་། མཐར་ཡེ་ཤེས་


TR008_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ནི་རྣམ་ཤེས་སྤར་བ་ཡིན་པས། ཚུལ་འདི་ནི་བསྐྱེད་རྫོགས་ཀྱི་མཐུས་པ་ལམ་སྦྱང་བགྲོད་ཀྱི་རྣམ་པར་གྱུར་ཏེ་ཕན་ཡོན་རླབས་པོ་ཆེར་འབྱུང་བར་གསུངས་པ་དང་། ཐ་མལ་ཕལ་པ་རྣམས་ལ་ནི་སྡིག་སྒྲིབ་སྦྱོང་ཐབས་ཀྱི་སྦྱིན་བསྲེག་ཁོ་ན་ཡིན་ཕྱིར། དེ་ལྟར་དབྱེ་བ་ཤེས་པར་བྱའོ།། ༈ །།གཞན་ཡང་། སྦྱིན་བསྲེག་ལས་བཞི་པོ་མེ་ཐབ་གཅིག་ཏུ་སྤྱིར་དྲིལ་བྱ་ཐབས་དང་། ཕྱོགས་བཞི་སོ་སོར་ཐབ་བཞི་གང་བཤམས་ནས་ལས་བཞི་མཐར་ཆགས་སུ་བྱ་བ་དང་། དེའི་ཐབ་ཆེན་རེ་རེ་ལ་ཐབ་ཕྲན་ཉི་ཤུ་རྩ་བཞི་བཞིས་བསྐོར་ནས་བཤམས་ཤིང་ཆོ་ག་ཚར་གཅིག་ལ་སྦྱིན་བསྲེག་བརྒྱ་རྩ་ཕྲིན་ལས་བཞི་ཡོངས་རྫོགས་སུ་བྱ་བ་སོགས་དང་། བསྙེན་གྲུབ་ཀྱི་སོགས་ཀྱི་ཁ་བསྐོངས་སྦྱིན་བསྲེག་བརྒྱ་སྟོང་ཁྲི་འབུམ་གྲངས་ཐིམས་སུ་བྱ་ཐབས་སོགས་རྣམ་གྲངས་མང་ཡོད་ཀྱི། འདིར་ནི་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་གཞུང་དང་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་ནས་གསུངས་པའི་སྦྱིན་བསྲེག་མྱུར་


TR008_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

མགྱོགས་འོད་འབར་གཙོ་བོར་བྱས་ཞིང་། འཕྲི་བསྣན་ཕྲན་བུ་དགོས་པ་དག་ཀྱང་དགོངས་འདུས་དང་ཐོས་གྲོལ་གྱི་སྦྱིན་བསྲེག་གི་དགོངས་པ་ལྟར་བཀོད་པ་སྟེ། མདོར་ན་བདག་འདྲ་རྨོངས་པས་འདི་ལྟར་འབྲི་བར་སྤོབ་པ་མ་ཡིན་ནའང་། སྔོན་ནས། རིག་འཛིན་ཆེན་པོ་འཇའ་ཚོན་སྙིང་པོ་དེ་ཉིད་ཀྱི་ཞལ་སྔ་ནས། གཏེར་གསར་འདི་ལ་སྦྱིན་བསྲེག་ཁྱེར་བདེ་སྒྲིགས་ཆགས་ཤིག་ཅིས་ཀྱང་དགོས་པར་ཡོད་ཀྱང་། ཁོ་བོ་ནི་སྤྱིར་ཡང་རྙིང་ལུགས་ཀྱི་ཆོ་གའི་ལག་ལེན་སྐོར་འདི་ལ་ཧ་ཅང་གོམ་འགྲིས་ཆེ་བ་ཞིག་མེད་པ་དང་། ཁྱད་པར་ན་སོ་རྒས་ཤིང་བློ་སྣ་འཐུང་བའི་དབང་གིས་མ་ནུས་པས། ཕྱེད་ཀྱི་དེ་ལྟ་བུ་ཞིག་ཅིས་ཀྱང་བཟོས་དང་། རྗེས་འཇུག་མང་པོར་ཕན་པ་འོ་ཞེས་ཡང་ཡང་བཀའ་གསལ་ནའང་། རང་ཉིད་རྣམ་གཡེང་གི་དབང་དུ་གྱུར་ཅིང་། ཕྱིས་ནས་ནི་སྐལ་པའི་འཕོ་འགྱུར་དང་གང་ཟག་རྣམས་ཀྱི་བྱེད་སྤྱོད་སོགས་གང་ལ་བལྟས་ཀྱང་དགོས་ཆེད་ཅིག་མི་ཡོང་བར་བསམ་


TR008_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྩོལ་བ་མ་བྱས་ཏེ། སླད་དུ། རྗེ་དེ་ཉིད་ཀྱི་ཞལ་སློབ་དམ་པར་གྱུར་པ་དབོན་པོ་རྒྱལ་དབང་གིས་ཆེད་གཉེར་དུ་བསྐུལ་བར་མཛད་པ་ལ་བརྟེན་ནས། ཤར་ཕྱོགས་ཀོང་རོང་གི་ཡུལ་ཁམས་མཐའ་དག་ཟད་པའི་དབེན་ཁྲོད་དཔལ་རིའི་གངས་ཞོལ་རྒོད་ཚང་ཕུག་ཏུ། སྣ་ཚོགས་རང་གྲོལ་གྱི་ཟིན་རིས་སུ་བགྱིས་པ་འདིའི་དགེ་བ་མཚོན་བྱེད་དུ་བྱས་ནས་ཚེ་རབས་ཀུན་གྱི་དགེ་ཚོགས་མཐའ་དག་གཅིག་ཏུ་བཟླུམས་པའི་མཐུས་རྗེ་བཙུན་བླ་མ་མཆོག་དེའི་དགོངས་པ་རྫོགས་ཤིང་། རྡོ་རྗེ་ཐེག་པའི་བསྟན་པ་དྲི་མེད་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ། །

ཞི་ཁྲོ་བདེར་གཤེགས་འདུས་པ་སྒྲུབ་པ་བཀའ་བརྒྱད་ཁྲོ་བོ་རོལ་པའི་གཏོར་སྒྲུབ་ཆེན་མོའི་ཕྱག་བཞེས་ཀྱི་ཟིན་བྲིས།


TR008_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོ་བདེར་གཤེགས་འདུས་པ་སྒྲུབ་པ་བཀའ་བརྒྱད་ཁྲོ་བོ་རོལ་པའི་གཏོར་སྒྲུབ་ཆེན་མོའི་ཕྱག་བཞེས་ཀྱི་ཟིན་བྲིས་བཞུགས་སོ། །


TR008_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ས་མཱ་དཱ་ན་ཡེ། །ཡེ་ཤེས་སྒྱུ་མ་སྟོང་ཉིད་རོལ་པ་ལས། །ལོག་རྟོག་སྒྱུ་མའི་དགྲ་གེགས་འདུལ་སླད་དུ། །ཐུགས་རྗེ་སྒྱུ་མ་ལྟ་བུའི་གར་མཁན་མཆོག །བླ་མ་ཡི་དམ་དཀྱིལ་འཁོར་ལྷར་བཅས་མཆོད། །གསང་སྔགས་རྒྱུད་སྡེ་མ་ལུས་ཀུན་གྱིས་སྙིང་། །བདེར་གཤེགས་འདུས་པ་བཀའ་བརྒྱད་ཀྱི། །གཏོར་སྒྲུབ་ཆེན་མོའི་ལས་རིམ་ཁྲིགས་ཆགས་སུ། །གསལ་བར་བསྟན་འདིར་དོན་གཉེར་འཇུག་པར་བྱའོ།། ༈ །།དེ་ལ་དོན་གསུམ་གྱིས་སྟོན་ཏེ། སྔོན་འགྲོ་དཀྱིལ་འཁོར་དང་ཡོ་བྱད་བཤམས་བཀོད་ཀྱི་ཚུལ་ཇི་ལྟར་བྱ་བ་དང་།


TR008_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གཞི་བསྙེན་སྒྲུབ་ཀྱི་ལས་རིམ་མཐར་ཆགས་ཀྱི་ཚུལ་རྣམས་བྱ་བའི་ཐབས་དང་། རྗེས་ཀྱི་ལས་སྦྱོར་ཕྲིན་ལས་ཁ་བསྒྱུར་དྲག་ལས་ཀྱི་རིམ་པའི་ཚུལ་རྣམས་སྟོན་པ་དང་གསུམ་ལས་དང་པོ་སྔོན་འགྲོ་ནི། དེ་ཡང་འདི་ལྟ་བུ་བྱེད་པའི་གང་ཟག་དེས་སྔོན་ནས་སྒྲུབ་པ་བཀའ་བརྒྱད་ཀྱི་ཆོས་བཀའ་ཡོངས་སུ་རྫོགས་པའི་དབང་ལུང་ལེགས་པར་ཐོབ་ཅིང་བསྙེན་སྒྲུབ་མཐར་ཕྱིན་པའམ། ཐ་མ་ཡང་དབང་བསྡུས་པ་གང་རུང་དང་འདི་སྐབས་ཀྱི་ཆོག་གཞུང་རྣམས་ཀྱི་ལུང་ཐོབ་པ་དང་། ཡི་དམ་གང་རུང་ཞིག་ལ་བསྙེན་ཚད་ཐེམ་


TR008_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཙམ་ཞིག་ནི་མེད་མི་རུང་བ་དེ་ལྟར་སྔོན་དུ་གྲུབ་པར་བྱས་ལས།། ༈ །།དེ་ནས་འདི་ཉིད་གང་དུ་བྱས་པའི་གནས་དེར་དགོས་པའི་ཡོ་བྱད་དང་འཁོར་ལོ་ལིངྒ་རྫས་ཀྱི་བྱེ་བྲག་སོགས་ཐམས་ཅད་སྔ་ཚགས་སུ་ཆུད་པར་བྱས་ནས། དུས་ཚེས་ལ་ནམ་བབས་པའི་སྐབས་དེར། ཐོག་མར་དཀྱིལ་འཁོར་གྱི་སྟེགས་བུ་རྒྱ་ཁྱོན་མཐོ་དགུ་ལས་མི་ཆུང་བའི་ཁར། སྦ་ཕུབ་ཀྱི་ཁྱོན་དང་མཉམ་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ཏེ། དེ་ཡང་བཀའ་བརྒྱད་ཉིད་ཀྱི་དབང་སྒྲུབ་ཆེན་མོ་དང་འབྲེལ་བའི་སྐབས་ལྟ་བུ་ཡིན་ན་ནི། དཀྱིལ་འཁོར་ཆེན་མོའི་མདུན་སོགས་གང་འཐད་དུ་འདི་ཉིད་ལས་ཀྱི་དཀྱིལ་འཁོར་དུ་བྱ་ཞིང་། དེ་ལྟ་བུ་དང་མ་འབྲེལ་བར་འདི་ཁོ་ན་ཆོད་གཏད་དུ་བསྒྲུབ་པ་ཡིན་ན། ཐིག་ཆོག་དང་ཚོན་བྱིན་རླབས་སོགས་ཀྱང་སྒྲུབ་ཁོག་ལྟར་གྲུབ་ན་ལེགས་ཤིང་། དཀྱིལ་འཁོར་ནི་ལྟེ་བ་ཆོས་འབྱུང་བསྣོལ་མ་ཧཱུྃ་མཐིང་ནག་གིས་མཚན་པའི་ཕྱི་རིམ་འཁོར་ལོ་སྔོན་པོ་རྩིབས་བརྒྱད་


TR008_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཧཱུྃ་བརྒྱད་རྣམས་གཙོ་བོ་སོ་སོའི་སྐུ་མདོག་དང་མཐུན་པ་བྲིས་པའི་མཐའ་སྐོར་ཐོད་ར་རྡོར་པད་མེ་རིས་བསྐོར་ཞིང་། ཕྱི་ནས་མ་ཏྲཾ་གི་གཟུགས་མགོ་ལྷོ་ནུབ་ཏུ་བསྟན་པ་སྤྱི་དང་མཚུངས་པར་བྲི། དེའི་སྟེང་དུ་ལྡིང་ཁྲི་དངོས་སམ་མ་འཛོམ་ན་ཧོཾ་བཞི་བསྣོལ་མདའ་གང་ཙམ་བསྲ་ཞིང་བརྟན་པའི་ཁར་སྦ་ཕུབ་ཆེ་བ་ཞིག་བཞག་པའི་སྟེང་དུ་གཡང་གཞི་སོགས་ཀྱི་གདན་ལ་དབུས་སུ་ཚོམ་བུ་དགུ་དང་། ཕྱོགས་མཚམས་བརྒྱད་དུ་ལྔ་ཚོམ་རེ་དགོད། དེ་ནས་གཏོར་མ་རྣམས་བཞེངས་གྲུབ་ནས་མ་བཤམ་ཙམ་གྱི་བར་དེར་རྡོ་རྗེ་སློབ་དཔོན་གྱི་མདུན་དུ་ལྕགས་སླང་སོགས་ཀྱི་ནང་དུ་གདན་འཁོར་ལོ་ལིངྒ་ལྟོ་འཁོར་རྣམས་བཤམས་ཏེ་བསངས་སྦྱང་ཞིང་། མཁྱེན་གསོལ་གཟུ་དཔང་རྒྱས་བསྡུས་གང་འོས་བྱས་ལ་བདེན་སྟོབས་དགུག་གཞུག་དྲག་པོ་བདུན་ནམ་གསུམ་སོགས་ཀྱིས་བཀུག་བསྟིམ་ནན་ཏན་དུ་བྱས་ཏེ་དེ་ནས་གོ་རིམ་


TR008_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནོར་བར་བཀོད་པ་ནི་གལ་ཆེ་བའི་གནད་ཅིག་གོ། །འཁོར་ལོ་སོགས་དེ་དག་གི་བྲི་ཚུལ་ནི་གཞུང་དཔེ་རིས་ཕྱག་ལེན་སོགས་ལས་བྱུང་བ་ལྟར་ཏེ། གཙོ་གཏོར་གྱི་འོག་ཏུ་འཁོར་ལོ་རྩིབས་བརྒྱད་པ་རྩེ་མོ་ནང་བསྟན་དང་། འཁོར་རྣམས་ལ་རྩིབས་དྲུག་པ་སྟེ་མདོར་ན་དཔེའུ་ཆུང་ལྟར་བྲིས་པའི་ལིངྒའི་འཕོང་ཕྱིར་བསྟན་ནས་སོ་སོའི་ཚོམ་བུའི་ཁར་བཀྲམ་ལ། དེ་དག་སྟེང་དུ་གསད་འཁོར་རྣམས་ཁ་མར་བསྟན་ལ་བཀབ་པའི་ཁར་གདན་འཁོར་རྣམས་ཁ་ཡར་བསྟན་ནས་བཏིང་བའི་སྟེང་དུ་གཏོར་ཆེན་རྣམས་དགོད་པར་བྱའོ། །གཏོར་མ་ནི་གཞུང་ལས་དྲེག་པ་སྤྱི་ཟློག་གཏོར་མ་མདོས་སུ་གཏོང་བའི་དགོངས་པ་ལྟར་གྱི་དབང་དུ་བྱས་ན། སྣ་ཕུབ་དེ་ཀའི་སྟེང་དུ་གཏོར་ཆེན་དགུ་པོ་ཤོང་བའི་ཆག་ཚད་དང་བསྟུན་པའི་གཏོར་སྣོད་ལ། དབུས་སུ་ཆེ་མཆོག་གི་གཏོར་མ་གཙོ་འཁོར་དགུ་པ་མཐེབ་ཀྱུས་བརྒྱན་པ་ལ་རྩངས་


TR008_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

མར་ཁྲུ་གང་བ་བཅོ་བརྒྱད་ལ་དྲག་སྔགས་ཀྱི་ཤོག་བྱང་གིས་བརྒྱན་པ་གཟུག་ཅིང་། ལྟེ་བར་གཏོར་ཁུང་བཏོད་ལ་ལྟོ་འཁོར་ཕྱག་བཞེས་ལྟར་ལྟེབས་པ་རླན་གྱིས་མི་འཇིག་པའི་དྲིལ་ཚས་དང་ལྡན་པར་བཞུག །གཙོ་གཏོར་གྱི་ཁྱུང་གི་ལྟོ་བར་ལྟོ་འཁོར་ཆེ་ཆུང་དང་། སྐུ་གསུང་ཐུགས། གྲོ་གའི་ལྤགས་པ་གཙང་མ་སོགས། ཡོན་ཏན་ཕྲིན་ལས་ཀྱི་འཁོར་ལོ་ལྔ། གཞན་ཡང་འདེབས་ཁའི་ལྟོ་བྱང་སོགས་དགོས་ཆེད་རྒྱས་བསྡུས་གང་འོས་སྐབས་དང་མཐུན་པར་རླན་གྱིས་མི་འཇིག་པར་བྱས་ཏེ་གཞུག་ཅིང་། བྱང་བུ་ལྔ་པ་ལྟར་གྱི་ཕོ་ཤིང་མོ་ཤིང་གི་བྱང་བུ་རྣམས་དང་། ཁྱུང་བཅས་ནས་གསུངས་པའི་སྔགས་བྱང་རྣམས་དང་བཅས་པ་རྣམས་རྫོགས་པར་དག །གཡས་གཡོན་དུ་རྩངས་རིང་སྔགས་བྱང་ཅན་གཉིས་དང་། སྟེང་ནས་སྦྲུལ་མའི་འཁོར་ལོ། འདི་ནི་གཏོར་མ་མདོས་སུ་གཏོང་བའི་ལུགས་ལྟར་ཡིན་ལ། གཞན་སྐབས་དང་སྦྱར་རུང་ངོ་། ནམ་མཁའི་ཏོག་དང་ལྡན་


TR008_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྩིབས་བརྒྱད་པ་བྱས་ལ་བསྲུང་འཁོར་མར་ཁ་བསྟན་པ་དང་ཟློག་འཁོར་སྟེང་ནས་ཡར་ཁ་བསྟན་པ་བྱས་པའི་རྩིབས་བརྒྱད་ལ་ཕྱོགས་མཚམས་ཀྱི་རྒྱལ་མཚན་བརྒྱད་དང་། ནམ་མཁའི་ཏོག་ལ་གཙོ་བོ་ཉིད་ཀྱི་རྒྱལ་མཚན་བཏགས་པར་བྱ་ཞིང་། དེ་བཞིན་དུ་གཙོ་བོ་བརྒྱད་པོའི་གཏོར་སྣོད་རྣམས་རྒྱབ་ཕྱོགས་ཀྱི་ཟུར་གཉིས་བཅག །ཚར་གཉིས་འཛོམ་ན་འདི་ལྟར་བྱ་བ་ཡིན་ནོ། །ནས་གྲུ་གསུམ་དུ་བྱས་ན་བཀོད་བདེ་བའི་ཁྱད་ཡོད་ཅིང་། དཔལ་སོ་སོ་ལ་འཁོར་ལོ་བཞི་བཞི་དང་མཐིབས་ཀྱུས་བརྒྱན་པ། རྩངས་རིང་གཉིས་སྔགས་བྱང་དང་བཅས་པ། སྦ་ཕུབ་ཁར། གོང་བཞིན་དང་། སྟེང་ནས་སྣལ་མའི་འཁོར་ལོ་རྩིབས་བཞི་པ་རེ་ལ་རང་རང་གི་སྲུང་ཟློག་གི་འཁོར་ལོ་དང་སོ་སོའི་རྒྱལ་མཚན་བཅས་གཟུག །ཁྱུང་ཕྲན་རྣམས་ཀྱི་ལྟོ་བར་ཡང་ལྟས་ངན་ཟློག་པའི་འཁོར་ལོ་རེ་དང་། བྱང་བུ་ལྔ་པ་ལྟར་གྱི་སྔགས་བྱང་གི་བརྒྱན་པ་བྱ་ཞིང་། སོ་སོའི་གཏོར་མའི་ཁྱུངས་དགུ་མ་ཡིན་ཚེ་ལྟོ་འཁོར་བཞུགས་ཚུལ་


TR008_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱང་གོང་བཞིན་བྱས་ལ། གཙོ་བོའི་ཕྱོགས་མཚམས་བརྒྱད་དུ་ཞལ་ཕྱིར་གཟིགས་སུ་བཀོད། རྡུལ་ཚོན་དཀྱིལ་འཁོར་གྱི་ལྟེ་བ་དང་མཐའ་སྐོར་དུ་ཕུར་པ་དགུ། མར་མེ་དགུ། ཟན་ལིང་དགུ་རྣམས་བཀྲམ། དེའི་མཐར་ཤར་ཕྱོགས་སུ་ཞི་བ། ཆེ་མཆོག་ཡང་དག་དང་གསུམ་གྱི་ཁྲམ་ཤིང་དང་། ཕྱོགས་མཚམས་གཞན་རྣམས་སུ་གཙོ་བོ་སོ་སོའི་ཁྲམ་ཤིང་རྣམས་གཟུག་ཅིང་། དེ་བཞིན་དུ་བརྒྱ་གསོགས་ཀྱི་དབང་དུ་བྱས་ན་ཟོར་མདའ་བརྒྱ། འདི་རྣམས་ཕྱག་བཞེས་ལུགས་གཅིག་ཡིན་ཅིང་། ཁྲོ་ཟློག་གི་གཞུང་གྱེར་རྒྱུ་ཀྱང་ཡོད་ལ། མ་བྱས་ཀྱང་འགལ་བ་མེད་དོ། སོ་སྦ་ཕུབ་དང་མཉམ་པ་བསྐོར་ལ་གཟུག །དེའི་ཕྱི་སྐོར་དུ་ཟོར་སྐོང་བརྒྱ་ལ་བྱང་བུ་བརྒྱ་གསོགས་ནས་གསུངས་པའི་ཤིང་ལ་སྔགས་ཚན་གཉིས་གསུམ་རེ་བྲིས་པ་དང་རྩང་ཐུང་གཉིས་རེ་གཙུག་ཅིང་ཟོར་གཞུང་ལྟར་གྱི་རྫས་རྣམས་བླུགས་པ་དང་། གཞན་ཡང་། གཏོར་ཟོར། ཁྲག་ཟོར། རྡོ་ཟོར་རྣམས་བརྒྱ་རྩེ་རེ། བསྡུ་ན་བདུན་ལྔ་གསུམ་གཅིག་སོགས་གང་རིགས་བྱར་རུང་ངོ་།


TR008_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཏེ་བཤམས། དཀྱིལ་འཁོར་གྱི་ལྷོ་ནུབ་མ་ཏྲཾ་གི་མགོའི་སྟེང་དུ་ཁམས་གསུམ་ཧཱུྃ་སྒྲ་ཅན་གྱི་གཏོར་མ་ཟུར་གསུམ་གཙོ་འཁོར་དགུ་ལྡན་ཁྱུང་དང་གཙོ་བོའི་ཞལ་འབག་སོགས་བྲིས་པ་གཙུག་ཅིང་། རྩངས་དང་སྔགས་བྱང་སོགས་གཙོ། འདི་གང་ཡིན་པ་གོ་མཁན་མི་འདུག་ཀྱང་ཁྱུང་རྣམས་ཀྱི་དགོས་གཏོར་ཡིན་ནོ། །གཏོར་དང་ཆ་མཐུན་པ་བྱས་ལ་བཤམས། མདུན་ཕྱོགས་སུ་སྡེ་དཔོན་སུམ་ཅུ་དང་། དཔལ་གྱི་བཀའ་སྡོད་ཀྱི་གཏོར་མ་དེ་ཉིད་ཀྱི་རྒྱལ་མཚན་ཅན་དང་། མཐའ་སྐོར་རྣམས་སུ་ཆོས་སྐྱོང་གི་གཏོར། མདུན་བྱང་དུ་བཞག་ན་འཐད་པར་སྣང་མ་རྣམས། འདི་མདུན་ཕྱོགས་སུ་འཐད་ཀྱང་ཇི་ལྟར་རིགས་པ་སོ་སོའི་བྲིས་སྐུ་དང་དར་གྱི་ཅོད་པན་རྒྱལ་མཚན་སོགས་ཀྱིས་མཛེས་ཤིང་རྔམས་བརྗིད་དང་ལྡན་པར་བཀོད་ཁྱད་པར་སྒྲུབ་ཆེན་དཀྱིལ་འཁོར་དང་མི་འབྲེལ་ན། རྒྱབ་ཕྱོགས་སམ་གང་འོས་སུ་སྟེགས་མཐོ་བར་བླ་མ་ཡི་དམ་མཁའ་འགྲོའི་གཏོར་མ་དང་སྨན་རག་མཆོད་རྫས་རྒྱ་ཆེན་པོ་དང་། ཚེ་དང་དངོས་གྲུབ་བླང་བའི་ཡོ་བྱད་


TR008_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱང་ཚུལ་བཞིན་བཤམས་པ་ཡང་གལ་པོ་ཆེའི་གནད་ཡིན་ཅིང་། གཞན་ཡང་། འདི་ཉིད་ཀྱི་ལས་སྦྱོར་ཁ་བསྒྱུར་གང་བྱེད་ཀྱི་གཅའ་གཞིའི་བྱེ་བྲག་སྲིན་མོ་ཟ་ལམ་མ་དང་། ལྟས་ངན་དམིགས། རྗེས་མཐའ་རྒྱས་ཀྱི་ལས་རིམ་རྣམས་འདི་ལ་བརྟེན་དགོས་པའི་ཕྱིར་རོ། །སྒྲལ། རྔ་མོ་ཁྱུང་ཞོན། འདེབས་ཁ། ལས་ཕྲན། ཁ་བསྒྱུར་སོགས་ཐ་དད་ཀྱི་རིགས་གང་ལ་གང་དགོས་རྣམས་ཀྱང་གཞུང་དང་ཕྱག་བཞེས་མཐོང་རྒྱུད་ལྟར་བསགས་ཤིང་བཤམ། བསྒྲལ་ལས་སོགས་ལ་དགོས་པའི་ཡོ་བྱད་ཐུན་དང་ཕྱག་མཚན་གཡབ་དར་ཕུར་ཐུན་མཚོན་དགུ་ལ་སོགས་མཐའ་དག་ཀྱང་ཚགས་སུ་ཆུད་ཅིང་འཛོམ་པར་བྱ་བ་སྟེ། ལར་ཡང་འདི་ནི་བདེར་གཤེགས་འདུས་པའི་ལྷ་ཚོགས་མ་ལུས་པའི་བསྙེན་སྒྲུབ་ཆེན་མོ་གཏོར་མ་ལ་བརྟེན་པ་ཡིན་པས་ན། གནས་དང་གང་ཟག་གིས་ཁྱབ་ན་ཕྱི་ནང་གི་མཚམས་གཅོད་རྒྱལ་ཐོ་སྒོ་བྱང་


TR008_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ཕུར་གདག་པ་དམ་སྲི་མནན་པ་སོགས་དང་། ནང་དུ་དཀྱིལ་འཁོར་རྒྱན་བཀོད་འབར་གདབ་མངའ་གསོལ་སོགས་མདོར་ན་སྒྲུབ་ཆེན་ཁོག་འབུབ་ཀྱི་གཞུང་ཚུལ་བཞིན་བསྲང་དགོས་པ་ཡིན་གྱི། དིང་སང་ནི་ཁྲོ་བོ་རོལ་པའི་གཏོར་ཟློག་ཅེས་ཀུན་རྫོབ་ལྟར་གྱི་སྔགས་བོན་ཕལ་པའི་ཡས་བཏགས་དཀྱུས་མ་དང་འདྲ་བར་བརྩི་ཞིང་། གང་ཟག་ཀྱང་སུ་ཡིན་ཡིན་གྱི་བྱེད། ཡུལ་དང་སྦྱིན་བདག་ཀྱང་རུང་རུང་ལ་བྱེད། ཡོ་བྱད་དང་ཕྱག་ལེན་ཡང་ཅི་བྱུང་བྱུང་གིས་ཆོག་པར་བྱེད་པ་འདི་ལྟ་བུ་ལ་ནི་གསང་སྔགས་དམར་གནས་སུ་བྱེད་པ་ཅེས་གསུངས་ཏེ། བྱིན་རླབས་དང་ནུས་པ་ནི་ཕར་ཞོག །མཁའ་འགྲོ་བཀའ་སྲུང་སོགས་མི་མཉེས་པའི་འཁུ་ལྡོག་འབྱུང་བར་བཤད་ཅིང་། བྱེད་པ་པོ་ལ་ཡང་གསང་སྔགས་གསང་སྒྲོག་གི་ལྟུང་བ་དང་གཟུ་ལུམ་རས་ཆོད་ཀྱི་ཉེས་པ་ཚད་མེད་པ་འབྱུང་བར་གསུངས་ལ། འོན་ཏེ་སྤྲོས་པ་མེད་


TR008_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་འབའ་ཞིག་མངོན་དུ་གྱུར་པ་ཞིག་ལ་ནི་འདི་དག་གི་བྱ་བ་བརྩམས་པར་ཡང་མི་འཚལ་ལ། དེ་ཉིད་མངོན་དུ་མ་གྱུར་པའི་གང་ཟག་གིས་ནི་གཞུང་དང་སློབ་དཔོན་གྱི་ཕྱག་བཞེས་ཇི་ལྟ་བ་ལ་ཚུལ་བཞིན་འབད་དགོས་ཀྱི། སླ་ཆོས་དང་སྒྱིད་ངན་གྱི་དབང་དུ་བཏང་ནས་སྤྲོས་མེད་ལ་ཁག་བཀལ་བའི་རྩིང་ཆོས་ཀྱིས་རྒྱལ་བའི་བཀའ་གཞུང་གི་ཁྱད་དུ་གསད་པས་ནི་དོན་འགྲུབ་པར་མི་འགྱུར་བས། དེ་ལྟ་བུའི་དགོངས་དོན་རྟོག་དགོས་པར་གདའ་བ་ནི་ཕྱི་རབས་ཀྱི་གང་ཟག་བློ་ལྡན་རྣམས་ཀྱི་ཡིད་ལ་བཅག་འཚལ།། ༈ །།དོན་གཉིས་པ་ཆོ་ག་དངོས་གཞི་བསྙེན་སྒྲུབ་གཞུང་སྲོང་གི་རིམ་པ་ཇི་ལྟར་བྱ་བའི་ཚུལ་ནི་དེ་ལྟ་བུའི་སྔོན་འགྲོ་བཤམ་བཀོད་ཀྱི་ལས་རིམ་ཐམས་ཅད་ཚུལ་ལྡན་དུ་ལེགས་པར་གྲུབ་ནས། ཐོག་མར་སྐྱབས་སེམས་ཡན་ལག་བདུན་པ་དང་།


TR008_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་གཏོར་བགེགས་སྐྲད་མཚམས་སྤྱོད་བསྲུང་འཁོར་མཆོད་རྫས་བྱིན་རླབས་སོགས་ཀྱི་ལས་རིམ་མཐའ་དག་ལས་གཞུང་ཆེ་ཆུང་གང་བྱེད་ཀྱི་གཞུང་ནས་འབྱུང་བ་བཞིན་རྒྱས་པར་བྱ་ཞིང་། བདག་བསྐྱེད་སྐྱེད་རྫོགས་ཆེ་འབྲིང་ཆུང་ངུ་གང་བྱེད་ཀྱི་སྤྱན་འདྲེན་ཡན་དང་། དེ་ནས་མདུན་བསྐྱེད་མངོན་རྟོག་འོད་ཀྱི་དྲ་བ་སོགས་རྒྱས་བསྡུས་གང་ཡིན་བསྒོམ་ལ། བདག་མདུན་ཟུང་འཇུག་ཏུ་སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་མཆོད་བསྟོད་བཟླས་པའི་བར་དང་། ཁྱུང་གི་ལས་བྱང་བྱ། ཆོས་སྐྱོང་གི་བསྐང་གསོ་རྒྱས་བསྡུས་ཇི་ལྟར་རིགས་པ་དང་། སྡེ་དཔོན་སུམ་ཅུའི་མཆོད་གཏོར་སོགས་ཀྱང་བྱ་ཞིང་། དེ་ཡང་མི་ལག་གིས་ཁྱབ་ན། ལ་ལས་སྔགས་ཀྱི་བཟླས་རྒྱུན་འབའ་ཞིག་བཟུང་ཞིང་། ལ་ལས་ཆོ་ག་གཞུང་སྲོང་དང་བསྐང་རྒྱུན་བཟུང་བ་སོགས་མདོར་ན་སྒྲུབ་ཆེན་གྱི་སྐབས་ལྟར་བྱ་ཞིང་། མི་ལག་གིས་


TR008_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལྕོགས་ན་ཆོ་ག་དང་བཟླས་པ་དང་སྤེལ་མར་བྱ་བ་ཉིད་ལས་འོས་མེད་དེ། གང་ལྟར་ཡང་འཛབ་ཀྱི་ཐུན་མཚམས་རྣམས་སུ་སྟོང་ཚིག་གི་མཆོད་བསྟོད་བྱ་བར་གསུངས་ཕྱིར། མཆོད་པ་བསྡུས་པ་ཏེ་དང་བཞི་བསྟོད་དང་ཉིས་བསྟོད་སོགས་གང་འོས་སྐབས་དང་བསྟུན་ཏེ་བྱ་ཞིང་། ཚོགས་ཀྱི་སྐབས་སུ་དམ་རྫས་མདངས་ཀྱིས་བསྐང་བ་དང་མཆོད་བསྟོད་བཤགས་པའི་བསྐང་བ་ཡང་བྱ་བ་དང་། ཉིན་ཚན་ཐུན་རྣམས་ལ་གདབ་ལས་དོན་དྲུག་པ་ཡན་ཆད་ཀྱང་སྤྱི་ལྟར་བྱའོ།། ༈ །།ཁྱད་པར་བསྙེན་སྒྲུབ་ཀྱི་ཞག་གྲངས་ཇི་ཙམ་བྱ་བའི་ནུབ་དང་པོར་བདེར་གཤེགས་ཞི་བའི་ལྷ་ཚོགས་ཀྱི་འཛབ་བསྐུལ་འཛབ་དགོངས་སོགས་དང་བཅས་ཏེ་ཞི་བསྙེན་བྱ། དེ་བཞིན་དུ་ནུབ་གཉིས་པ་ལ་གཙོ་བོ་ཆེ་མཆོག །ནུབ་གསུམ་པར་དཔལ་བརྒྱད་པོ་རྣམས་དང་། འདི་ནི་རྒྱུད་ལས་ཞི་བར་བསྙེན་ཅིང་་ཁྲོ་བོར་བསྒྲུབ། ཅེས་གསུངས་པ་ལྟར་གྱིས། ཞག་དང་པོ་


TR008_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བསྙེན་ལ། དེ་ལྷག་མ་རྣམས་སྒྲུབ་པ་ཡིན་པ་དང་། ཕྱི་མའི་ནུབ་མོ་མན་ཆད་ལས་སྦྱོར་ཡིན་ནོ། །བཞི་པར་ཁྱུང་ཆེན་རིགས་ལྔའི་བསྙེན་པ་ཁྱུང་གི་ལས་སྔགས་ལ་འབད། དེ་ལྷག་གི་ཞག་རྣམས་བཀའ་བརྒྱད་སྤྱི་དྲིལ་དྲག་སྔགས་སོ་ལྔ་པ་བཟླ་ཞིང་། ནུབ་རྟིང་མ་ལ་ཟོར་གྱི་ལས་དགུ་སོགས་ནས་འབྱུང་བའི་ཟོར་གྱི་ངར་འདོགས་པའི་ལས་སྔགས་རྣམས་དང་། གཞན་ཡང་ཟུར་གསོག་གི་རིགས་སོགས་ལས། ལས་འགྲིག་ཆེེན་མོ་ཚར་བའི་ནུབ་མོ། སྦྱོར་གྱི་དྲག་སྔགས་གང་ལ་གང་འདོད་ཀྱི་བཟླས་པ་རྣམས་བྱ་ལ། གལ་ཏེ་ཅིས་ཀྱང་མི་གྲངས་དང་ཞག་གྲངས་ལོང་ཁྱབ་སོགས་ཀྱིས་མ་འབྱོར་ན་དྲག་སྔགས་སོ་ལྔ་པ་ཁོ་ན་ལ་འབུངས་ཀྱང་རུང་ངོ་། །གཞན་བར་མཚམས་རྣམས་སུ་ཐུན་ལ་བརྟེན་ནས་གསད་པའི་སྔགས་དང་། ལིངྒའི་ སྒྲུབ་ཞག་ཐམས་ཅད་ བླ་འགུགས་ཀྱི་སྔགས་སོགས་ཀྱང་གང་འགབ་སྐབས་སྦྱོར་ཤེས་པར་བྱ་སྟེ། མདོར་ན་འདི་ཡན་ཆད་སྒྲུབ་པ་དངོས་


TR008_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

གཞིའི་ལས་རིམ་ཡིན་པས་ཞག་གྲངས་སོགས་ཇི་ལྟར་རིགས་པའམ། གལ་ཆེ་ན་དངོས་ཉམས་རྨི་ལམ་གྱི་རྟགས་ཐོན་དུ་བསྒྲུབ་པར་བྱའོ།། ༈ །།དེ་ནས་ལས་སྦྱོར་གྱི། དགུ། བདུན། ལྔ། སྐབས་ལ་བབས་པའི་ཉི་མ་སྔ་མར་བདག་མདུན་ལས་གཞུང་དང་ཆོས་སྐྱོང་གི་བསྐང་བ་སོགས་སྔ་བར་གྲུབ་པར་བྱ་སྟེ། ཚོགས་མཆོད་རྒྱས་པར་བྱ་ཞིང་། འདི་སྐབས་དིང་སང་ཕལ་ཆེར་ལས་འགྲིག་དང་གཏོར་མ་འཕང་བ་གཉིས་ཉིན་གཅིག་ལ་བྱེད་པ་མང་ཡང་། དེ་ལྟར་ན་ཧ་ཅང་རིངས་སྟབས་སུ་གྱུར་ཏེ་ཕྱག་ལེན་སྨིན་པོ་མི་འབྱུང་བས། ཉི་མ་སྔ་རྟིང་བྱེད་པ་ཕྱག་བཞེས་ལེགས་སོ། །བསྐང་བའི་རིགས་རྣམས་དང་། ཁྱད་པར་ཚོགས་ཉ་བསྒྲལ་བའི་མཐར་བམ་སྐོང་ཡང་འདིར་བྱ་བ་ཕྱག་སྲོལ་དང་སྲུང་མའི་རིགས་ཀྱི་བསྐང་བ་དང་། ཚོགས་ལྷག་ཡན་ཆད་གྲུབ་པར་བྱས་པའི་རྗེས་སུ་དེ་ནས་བསྒྲལ་ལས་ཆེན་མོ་ལ། ཡང་ན་བསྒྲལ་ལས་ཚར་བའི་ལིང་རོ་བསྟབ་པ་དང་ལྷན་


TR008_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་བྱ་བའི་གང་འཐད་བྱ། །དགོས་པའི་ལིང་ཆེན་ཡང་སྟ་གོན་བྱས་ལ། ཉིན་གུང་གི་ཐུན་ལ་གདབ་ལས་རྒྱས་པ་བྱེད་རྒྱུའི་སྔ་གྲོ་ནས་ལས་འགྲིག་གི་ཐོག་མར་ལྷ་ཚོགས་རྣམས་ལ་བསྟོད་པ་མངའ་གསོལ་བ་རྒྱས་པར་བྱ་ཞིང་། དེ་ནས་དྲག་པོའི་ཕྲིན་ལས་བསྐུལ་ཕྱིར་རྒྱལ་བ་སྤྱི་སྐུལ་ཆེན་མོ་དང་། དམ་ཅན་དགོས་བསྐུལ། ཕོ་ཉ་དགོས་བསྐུལ་དང་བཅས་པ་རྣམས་ཀྱིས་ཐུགས་དམ་གནད་ནས་བསྐུལ། གསེར་སྐྱེམས་ཀྱི་མཆོད་རྫས་བསངས་དུད་སོགས་ཀྱི་ཡོ་བྱད་དང་ལྡན་པས། མཆོད་པ་ཕུད་སྐོངས་ཆེན་མོ་དང་། །དམ་བདར་བཅོས་བསྐུལ་རྒྱས་བསྡུས་ཅི་རིགས་བྱ། དེ་ནས་སློབ་དཔོན་གྱི་མདུན་དུ་བསྒྲལ་ལས་ཀྱི་བཅའ་གཞི་བཤམས་ལ། ཕྱོགས་བཅུ་དུས་གསུམ་སོགས་ཀྱི་གཟུ་དབང་གི། བསྙེན་སྒྲུབ་ཚུལ་བཞིན་བྱེད་པའི་དོན་མ་ཆུང་། ཞེས་པའི་མཐར། ཁྱུང་བཅས། ཁྱུང་བཅས་ནས་འབྱུང་བའི་སྣོད་བཅུད་ལྷར་གསལ་བ་དེ་དག་དམག་དཔུང་གོ་གསར་པ་ལྟར་བསྐྱེད་ཨེ་བཛྲ་མཎྜ་ལ་ཧཱུྃ་ཅེས་སོགས་


TR008_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་ཀྱི་གཞུང་ནས་འབྱུང་བའི། ཕྱོགས་བཅུ་ནམ་མཁའ་ཡངས་པ་ཅེས་སོགས་ནས། འདུལ་བའི་ལས་མཛོད་ཅིག་ཅེས་པའི་བར་དང་། སླར་བཀའ་བརྒྱུད་བླ་མ་རྣམས་ཀྱི་དོན་མ་ཆུང་། ཞེས་སོགས་ཀྱིས་མཁྱེན་གསོལ་གཟུ་དཔང་རྒྱས་པར་བྱ། དེ་ནས་བདག་དཔལ་ཆེན་པོར་གསལ་བ། ལིངྒ་དགྲ་གེགས་དངོས་སུ་གསལ་བ་ཕུར་པ་གྲས་མཆོག་ཏུ་གསལ་བ་དང་གསུམ་གྱི་དང་པོ་ནི། བདག་ཉིད་དཔལ་དུ་གསལ་བའི་ཐུགས་ཀ་ནས་ཨེ་ཅིག་འཕྲོས་པ་ལས། ཅེས་སོགས་ཀྱིས་ཧོམ་ཁུང་བསྐྱེད་ལ། དེའི་ནང་དུ་ལིངྒ་དགྲ་གེགས་དངོས་སུ་བསྐྱེད་པ། གདབ་ལས་ནས་འབྱུང་བ་ལྟར་གྱིས་ ཚིག་དོན་མཐུན་པར་བྱས་ནས། བདེན་སྟོབས་ཀྱིས་དགུག་གཞུག་དྲག་པོ་ལན་མང་དུ་བྱས་པས་བཀུག་པའི་མཐར། གདབ་ལས་ཀྱི་ སྨུག་ནག་གྲུ་གསུམ་སོགས་ཚིག་རྐང་བརྒྱད་ཀྱིས་ཆེ་མཆོག་ལྷ་ཚོགས་རྣམས་བསྐུལ་ཞིང་། སླར་དམ་ཚིག་ཆེན་པོ་དང་། ཁྲག་འཐུང་སྐུ་ལས་སྤྲུལ་པའི་སོགས་དང་། ནམ་མཁའ་ ཁྱུང་བཅས་ནས་འབྱུང་བའི་ གདབ་ལས་ཀྱི་


TR008_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

མཐོངས་སུ་ཤོར་མི་སྲིད། སོགས་ཀྱི་འཕྱོང་རྣམས་གདག་པའི་མཇུག་ཏུ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་སོགས་དང་། ཧོ། དཔལ་ཆེན་པོ་ཆེ་མཆོག་ཡོན་ཏན་གྱི་ལྷ་ཚོགས་ཅེས་པ་ནས་ཁུག་གཅིག་གྱི་བར་གྱི་མོད་པ་རྣམས་བརྗོད་དེ། འདི་བཞིན་དཔལ་བརྒྱད་ཀ་ལ་འགྲོའོ།། ༈ །།དེ་ནས་ཡང་། མཐིང་ནག་གྲུ་གསུམ་འབར་བའི་སོགས་ཀྱིས་ཡང་དག་ལྷ་ཚོགས་རྣམས་བསྐུལ་ཞིང་། ཨེ་ཡི་ཚོགས་ཀྱི་སོགས་དང་། ལྷ་མོ་བློ་ལྡན་ནས། རྡུལ་དུ་རློག ཅེས་པའི་བར་གྱི་འཕྱོང་གདག་ཅིང་། རུ་ལུའི་སྔགས་དང་། ཧོཿ དཔལ་ཆེན་པོ། ཁྱུང་བཅས་ནས་ཡང་དག་ཐུགས་ཀྱི་སོགས་ནས། རླག་པར་གྱིས་ཤིག་གི་བར་གྱི་མོད་པ་བརྗོད་དོ། །དེ་ནས་ཡང་། སེར་ནག་གྲུ་གསུམ་སོགས་རྐང་པ་བརྒྱད་ཀྱི་འཇམ་དཔལ་སྐུའི་ལྷ་ཚོགས་བསྐུལ་ཞིང་། དེའི་འཕྱོང་དུ། དམ་ཉམས་དགྲ་གེགས་སྡིག་ཅན་ལ། །འགོ་བར་བྱེད་པའི་ལྷ་ཁྱོད་ཉོན། ཞེས་སོགས་ནས། །མ་མཛད་གཅིག་ཅེས་པའི་བར་དང་། དང་སོ་སོར་མ། ཁྱུང་བཅས་ནས་ ཡི་གདབ་ལས་


TR008_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

པང་དུ་བླངས་ཙ་ན། སོགས་མཐར་ཆགས་དང་། ཨ་ཀྲོའི་སྔགས་དང་དམོད་པ་ཡང་བརྗོད་ཅིང་རྫས་སྔགས་ཕྱག་རྒྱ་དང་བཅས་པས་ལྷ་བྱེ་བྱའོ། དེ་ནས་རྟ་མགྲིན། ཕུར་པ། མ་མོ་དང་བཅས་པ་རྣམས་ལ་འཕྱོང་གཞན་མེད་པས་རང་རང་གི་བསྐུལ་དང་། སྔགས་དམོད་པ་རྣམས་མཐར་ཆགས་གདབ་ལས་ལྟར་བྱ་བ་ཉིད་དོ། །དེ་ནས་བསྒྲལ་ལས་ཀྱི་དང་པོ་ཉེས་པ་བསྒྲགས་པ་ནི་སེམས་ཅན་ཆེན་པོ་ཁྱོད་ཉོན་ཅིག །ཞེས་པ་ནས། བསྒྲལ་བར་བྱ། ཞེས་པའི་བར་བརྗོད་དེ། སྐབས་འདིར་ཕུར་པ་སྲས་མཆོག་ཏུ་གསལ་བ་ནི། ཁྱུང་བཅས་ནས་འབྱུང་བའི། གདབ་ལས་ནས་བྱུང་བ་ལྟར་ བདག་གི་ལས་པ་གཡས་ཀྱི་སོར་མོ་ལྔ་ལ་ཞེས་སོགས་ཀྱིས་གསལ་གདབ་ལ། །སྒྲོལ་ནུས་པའི་དབང་ཐོབ་པར་འགྱུར། ཞེས་པའི་བར་གྱིས་བྱིན་གྱིས་བརླབ་ཅིང་། སླར་ཡང་བདག་ཉིད་ཆེ་མཆོག་ཅེས་སོགས་ནས། སྨོས་ཅི་དགོས་


TR008_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པའི་བར་དང་། །བདག་ཉིད་ཁྲག་འཐུང་ཧེ་རུ་ཀ་ནས། བྃ་ཧཱུྃ་ཕཊ། ཞེས་པའི་བར་གྱིས་ཕུར་པ་མངའ་གསོལ་ཞིང་གཟི་བྱིན་བསྐྱེད་འདི་སྐབས་སུ་ཕུར་པ། ཁྱུང་བཅས་ནས་ ཡེ་ཤེས་ཀྱི་ལྷ་ལ་བཏབ་པ་དང་སྣོད་བཅུད་ལ་བཏབ་པ་ལ་སོགས་རྣམས་ནི་ཁྲོ་བོ་རོལ་པའི་གཞུང་འདི་དཀྱུས་ལས་མི་གསལ་བས་རྒྱས་པར་སྤྲོ་ན་སློབ་དཔོན་མཆོག་རྣམས་ཀྱི་ཞལ་གྱི་བདུད་རྩི་མྱང་བར་བྱའོ། །དེ་ནས་ཚེ་ཁྲུས་ཀྱི་དགོངས་པས་བདག་ཉིད་ནུས་སྟོབས་བསྐྱེད། བརྡ་ཙམ་ཁྱུང་བཅས་ནས་བསྟན་ཀྱང་། ཅིང་དམིགས་བྱའི་ལས་ངན་གྱི་བག་ཆགས་སྦྱང་བར་བྱ་སྟེ། ཨེ་མ་ཁམས་གསུམ་སེམས་ཅན་རྣམས། ཅེས་སོགས་དང་། ཕོའི་སྙིང་གི་དཀྱིལ་དུ་ཞེས་སོགས་ནས་མཐར་ཆགས་སུ་བྱ་ཞིང་། ཁྱུང་བཅས་ནས། ལྕགས་སམ་ནག་པོའི་ཤིང་སོགས་ནས་ཁྱུང་བཅས་ནས།། ༈ །།འདི་ནི་བདེར་འདུས་ཉིད་ཀྱི་དཀྱུས་ལྟར་ཡིན་ཀྱང་། དིང་སང་ནི་གནམ་གོ་དྲུང་པས་མཛད་པའི་གདབ་ལས་གདུག་པ་ཀུན་སྒྲོལ་ལྟར་བྱེད་པ་མང་ཞིང་སྟབས་ཀྱང་དེ་ཀ་བདེ་བར་སྣང་ངོ་། །ཧཱུྃ་ཧཱུྃ་ཕཊ་ཕཊཿསོགས་ཀྱི་བར་


TR008_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པའི་མཇུག་ཏུ་གདབ་པ་དོན་སྙིང་ནས་འབྱུང་བའི། ལྕགས་སམ་གདུག་པའི་སོགས་ནས། ལྷ་ཀླུ་བྱད་ཁ་ཟློག་སོགས་དང་། ཡོན་ཏན་རྒྱུད་ནས་འབྱུང་བ་ཡི། སོགས་ཀྱི་ཕུར་ཟློག་ཀྱང་བྱ་ཞིང་། དེའི་རྗེས་སུ་ཁྲམ་ཤིང་དང་མདའ་དར་ནག་པོ་འཐོགས་ཏེ། ད་ནི་སྔགས་འཆང་སོགས་ཀྱི་མཐར། བྱད་མའི་ཐོག་ཏེ་བྷྱོཿསོགས་ཀྱིས་བྷྱེ་འདེབས་བྱ་ཞིང་སླར། ཆེ་མཆོག་ལྷ་ཚོགས་འཁོར་བཅས་རྣམས། ཅེས་སོགས་ཀྱི་བཅོལ། ཁ་སྐོང་ནས། གདམས་ཀྱང་བྱའོ། །དེ་ནས་བསྒྲལ་བ་དངོས་ལ་དང་པོར། མཐིང་ནག་གྲུམ་སོགས། ཁ་སྐང་ནས་འབྱུང་ ཀྱི་ཚིག་རྐང་བརྒྱད་ཀྱིས་མཆོད་བསྟོད་ལྷ་ཚོགས་བསྐུལ་ལ། ཆོས་ཀྱི་དབྱིངས་ནས་རང་བྱུང་སོགས་ཚིག་རྐང་བཞི་དང་། ཆེ་མཆོག་བཛྲ་ཀཱི་ལ་ཡ། ཅེས་སོགས་དང་། དུག་ལྔ་འདུས་པའི་ཅེས་པ་ནས། །ང་ལ་ལྟོས་ཅེས་པའི་བར་དང་། །ང་ནི་བཀའ་བརྒྱད་ཧེ་རུ་ཀ །ལག་ལེན་ཆེན་མོ་ནས་ སོགས་དང་། ང་ནི་དུས་གསུམ་ ཁ་སྐོང་ནས་འབྱུང་བའི་ སོགས་ནས་ ལག་ལེན་ལས། ཁ་བཅས་ནས་


TR008_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

མ་ར་ཡ་ཛ་ཛའི་བར་བརྗོད་པའི་རྗེས་སུ་ཕུར་ཐུན་མཚོན་དགུ་རྣམས་ཀྱིས་བསྒྲལ་ཏེ། །རྡོ་རྗེ་ཕུར་པ་ཀཱི་ལ་ཡ། སོགས་མཐར་ཆགས་བྱ། དེ་ནས་རྡུང་གཅིག་རྡོ་རྗེ་འབར་བ་སོགས་ནས། ཁ་ཐམ་གྱི་བར་བརྗོད་པ་གཏུན་རྡུང་དང་། སླར་ཡང་། གདབ་ལས་ནས། བཀའ་བརྒྱད་སྤྲུལ་པའི་གཤན་པ་འབུམ། ཁྱུང་བཅས་ནས་ །ཞེས་སོགས་བརྗོད་པས་མཚོན་ཆས་བཏུབ་ཅིང་བསྒྲལ། དྲག་པོའི་ཐུན་གྱིས་གསད་པ། ཁ་སྐོང་ནས། ཡང་སྐབས་འདིར་བྱ་ཞིང་དེ་ནས། ཨོཾ་བཛྲ་ཙཎྜ་སརྦ་སོགས་མཆོད་བསྟོད་ཀྱི་སྔགས་དང་དམོད་པ་རྣམས་བྱའོ། །དེ་ནས་བསྟབ་པའི་ལས་རིམ་རྣམས་ཀྱི་ཐོག་མར། མཐིང་ནག་གྲུ་གསུམ་སོགས་རྐང་པ་བརྒྱད་ཀྱིས་དྲག་སྔགས་ལྷ་ཚོགས་བསྐུལ་ཞིང་། ཕྱེ་ཅིག་ཕྱེ་ཅིག་ཞལ་ཕྱེ་ཅིག་སོགས་དང་། ཆོས་སྐུ་སྐྱེ་མེད་རང་བཞིན་ལས། ཅེས་སོགས་ཀྱི་སྟབ་ཅིང་། ཟློག་འབུམ་རྒྱས་བསྡུས་གང་རིགས་ཀྱིས་མི་ཤ་ཁྲག་མཆོད་བྱ་ཞིང་ཕྲིན་ལས་གཞོལ། ཨོཾ་བཛྲ་སརྦ་དུཥྚན་སོགས་དམོད་པ་དྲག་ ལག་ལེན་ལས་


TR008_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་སྔགས་དང་དམོད་མོ་བྱས་ལ། སླར་ཡང་ལྷ་ཚོགས་རྣམས་ལ་སྒྲལ་ལས་ཀྱི་དཔའ་ཡོན་ལྟ་བུའམ་གཏང་རག་གི་ཕྱིར་དུ་དམར་སྦྲེང་། སླར་སྟབས། མཆོད་པ། བསྟོད་པ་དང་བཞི་ལས་དང་པོ་དམར་ཆེན་ཁྲག་གི་མཆོད་པ་འབུལ་ཞིང་། ང་རྒྱལ་ཁྲག་གི་རྒྱ་མཚོ་འཁྱིལ་ལི་ལི། སོགས་དཔལ་དགུ་སོ་སོའི་གཅིག་དྲིལ་གང་རུང་ལོང་སྐབས་དང་བསྟུན་ཏེ་བྱ། སླར་སྟབ་ནི། གོང་གི་ལིང་རོ་ལྷག་མ་བྲན། ཁ་སྐོང་གིས་དམུག་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། ཞིང་། །བདེར་གཤེགས་ཞི་ཁྲོའི་ལྷ་ཚོགས་རྣམས། ཅེས་པ་ནས། ས་མ་ཡ་ཁ་ཧིའི་བར་གྱིས་འབུལ་ཞིང་། །འདིར་དཀྱིལ་འཁོར་དུ་འབུལ་བ་ལ་མི་དབང་། ཁ་སྐོང་ནས་བའི་རིགས་ཀྱི་སྲུང་མ་དག་ལ་ཤ་ཁྲག་གི་ལྷག་མ་ཅུང་ཟད་ཕྱི་རོལ་དུ་གཏོར། བམ་སྐོང་ཡང་གོང་དུ་མ་བྱས་ན་སྐབས་འདིར་བྱའོ། །ཞིང་བསྔོ་བར་བྱ་བ་ཡང་ཕྱག་བཞེས་སོ། །མཆོད་པ་ནི། །གཏོར་མ་ཁ་


TR008_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

གསོ་ཞིང་སྨན་རག་སྦྲེང་ལ། །འཇིག་རྟེན་གཏོར་སྣོད་བཅུད་རྣམས་གཏོར་མར་སྦྱར། སོགས་ཀྱིས་མཆོད་ལ། བཀའ་བརྒྱད་ཀྱིས་བསྟོད་པ་རྒྱས་བསྡུས་ལོང་སྐབས་དང་སྦྱར། ཁ་སྐོང་ལས་བའི་གཏང་རག་གི་བསྟོད་བྱའོ། །མཐར་བདག་དང་ལྷའི་མཐུ་སྟོབས་གཟི་བྱིན་གསོ་བ་དང་། གཟས་པ་པོའི་ཁམས་བཅོ་བརྒྱད་ཀྱི་སྒྲིབ་པ་སྦྱང་ནས་རྒྱལ་བའི་སྲས་སུ་བྱ་བ། སྣོད་བཅུད་ཐམས་ཅད་དཔལ་གྱི་སྐུར་བསྡུ་ཞིང་དབྱིངས་སུ་འཁོར་གསུམ་ཡོངས་དག་ཆེན་པོའི་རྒྱས་གདབ་པ་རྣམས་ནི་འདི་སྐབས་གཅིག་པུར་མ་ཟད་བསྒྲལ་ལས་བྱེད་ཏོ་ཅོག་ཐམས་ཅད་ཀྱི་མཇུག་དོན་ཡང་དག་པའི་སྙིང་པོ་ཡིན་ཕྱིར། ཚུལ་འདི་དག་གི་ཕྱག་བཞེས་རྣམས་ཀྱི་ཐུགས་རྒྱུད་ལ་འཁེལ་འཚལ་ལོ།། ༈ །།དེ་ལྟར་གཏོར་སྒྲུབ་ཆེན་མོའི་བསྙེན་སྒྲུབ་དང་ལས་འགྲིག་དངོས་གཞིའི་རིམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་གྲུབ་ནས། མཐར་མནན་སྲེག་འཕང་གསུམ་གྱིས་ལས་ཀྱི་


TR008_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

མཇུག་བསྡུ་བ་ནི་གསང་སྔགས་སྤྱི་འགྲོས་ཡིན་མོད་ཀྱི། དེ་ལས་མནན་པའི་ལས་མཐའ་ཁྱད་པར་བ་ནི་འདི་སྐབས་དཀྱུས་ཀྱི་ཁྲིགས་རིམ་ལ་དགོས་ཤས་ཆུང་བས་འདིར་རེ་ཤིག་སྲེག་འཕང་གཉིས་ཀྱི་བྱ་ཚུལ་འཆད་པར་བྱ་སྟེ། དེ་ཡང་གོང་དུ་བརྗོད་པ་བཞིན་སྒྲུབ་པའི་ཞག་གྲངས་ཇི་ཙམ་བྱེད་པའི་ཞག་ཕྱི་མའི་ཉིན་མོ་བསྒྲལ་ལས་དངོས་བྱས། དེའི་ནུབ་མོ་ཟོར་སྔགས་སོགས་བཟླ། ནང་པར་ཐོ་རངས་ནས་ལས་གཞུང་བསྐང་གསོ་ཚོགས་མཆོད་སོགས་རྒྱས་པར་གྲུབ་རྗེས། བཀའ་བརྒྱད་ཉིད་ཀྱི་སྦྱིན་སྲེག་རྒྱས་པ་བྱ་བའམ། ཡང་ཕྲིན་ལས་ཀྱི་གཟེར་ཆེན་ལྔའི་ནང་ཚན་གྱི་ཧོམ་ལ་བརྟེན་ནས་བསྲེག་པའི་ལས་སྦྱོར་ཚུལ་ལྡན་བྱེད་ན་མཆོག་ཡིན་མོད་ཀྱི། དེ་ལྟ་བུ་མ་གྲུབ་པའི་ཚེ་ན། ལྕགས་སླང་གི་ནང་དུ་སྐྱེར་པའི་ཤིང་སོགས་ཀྱི་མེ་ཐབ་ཆུང་ངུ་


TR008_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ལ། མེ་ལྷ་དྲག་པོའི་ལུགས་ཀྱི་སྐྱེ་མཆོག་དང་དེའི་ལྟོ་བར་བཀའ་བརྒྱད་ཀྱི་ལྷ་ཚོགས་ཚང་བར་བསྐྱེད་ནས། སྤྱན་འདྲེན་མཆོད་པ་མདོར་བསྡུས་བྱ་ཞིང་། ལས་སྦྱོར་གྱི་འཁོར་ལོ་དང་ལིངྒ་སོགས་བསྲེག་པར་འོས་པ་ཐམས་ཅད་དང་། གདབ་ལས་ཀྱི་ལིང་རོ་ཤ་ཁྲག་སོགས་དང་གཞན་ཡང་སྲེག་རྫས་ཀྱི་ཚོགས་ཀྱང་གང་འབྱོར་འབུལ་ཞིང་། བསྟོད་པ་དང་ཕྲིན་ལས་བཅོལ་བ་ལ་གཤེགས་གསོལ་བྱ། དེའི་མེ་རོ་ཡང་གཏོར་ཟོར་འཕང་བའི་དུས་ལྷན་ཅིག་ཏུ་འཁྱེར་ལ་ཟོར་དུ་འཕེན། ཡང་ན་ཐལ་བ་ཆ་གཅིག་མནན་པ་བྱས་ཀྱང་རུང་བས་ཇི་ལྟར་རིགས་པ་སྐབས་ཀྱི་དགོས་དོན་དང་བསྟུན་ལ་བྱའོ།། ༈ །།དེ་ནས་ལྷ་ཚོགས་རྣམས་ལ་དཔའ་བོ་གཡུལ་དུ་འཆད་པའི་དམག་གི་གོ་སར་བའི་མིག་བརྡའ་གཏོང་བའི་ཚུལ་དུ་དྲག་ལས་ཀྱི་བཅའ་ཀ་དང་གཤོམ་ར་ཐམས་ཅད་སྟ་གོན་དུ་བྱས་ལ། ཐོག་མར་ ཆོས་སྐྱོང་གི་ཏུ་དར་སོགས་


TR008_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་སྐྱེམས་ཕུལ་ཞིང་། རིགས་འཛིན་སྤྱི་བསྐུལ། དམ་ཅན་སྤྱི་བསྐུལ་ཆོས་སྐྱོང་སོ་སོའི་དགོས་བསྐུལ་རྣམས་དང་། །གཟེར་ཁའི་འཕྱོང་སྨད་ལས་བསྐུལ་གྱི་བྱང་བུ། ཁྱུང་གིས་ལས་བྱང་ཆེན་མོའི་ འདི་དག་ད་ལྟའི་ཁྲོ་རོལ་དཀྱུས་མའི་དཔེ་ལ་མེད་པ་ནས་ཆེ་ཡང་བདེར་འདུས་ཉིད་ལས་འབྱུང་ངོ་། བསྐུལ་སོགས་ཁྱུང་བསྐལ་རྒྱས་བསྡུས་བྱ་ལུང་རྒྱ་མཚོ་ལ་སོགས་པ་བསྐུལ་གྱི་རིགས་ཐམས་ཅད་བྱས་ལ། བར་འདིར་ལས་ཕྲན་བཅུ་དང་། འདེབས་ཀ་དགུ། ཁ་བསྒྱུར་བཅུ་གསུམ་སོགས་ཁ་ཚར་གྱི་ལས་སྦྱོར་དགོས་པའི་རིགས་ཡོད་ན་བྱ་ཞིང་གཏོར་ཟློག་རྐྱང་པ་ལ་ནི་དེ་དག་མི་དགོས་པས་དབྱེ་མཚམས་ཤེས་པར་བྱའོ། །དེ་ནས་ཟློག་གཞུང་རྣམས་ཀྱི་དང་པོར། ཕྱིའི་གཏོར་མས་འཁོར་བ་མྱང་འདས་སུ་བཟློག་པ་དང་། ནང་གི་གཏོར་མས་སེམས་ཅན་སངས་རྒྱས་སུ་བཟློག་པ་དང་། གསང་བའི་གཏོར་མས་དུག་ལྔ་ཡེ་ཤེས་ལྔར་བཟློག་པ་དང་བཅས་


TR008_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་དང་། དེ་ནས་གཏོར་མ་ལ་བརྟེན་ནས་བཟློག་པའི་ཟེར་ཁ། རྒྱལ་མཚན་དགུ་འཕྱོང་། བྷྱོ་འདེབས། ཁྲམ་བཟློག །རྩངས་གྱེར་སོགས་བྱ། ཡང་། སྐག་བསྒྱུར་ངར་གླུད་ལྟར་གཏོང་བའི་ཚེ་ན་བར་འདིར་དེའི་གཞུང་ཡང་གྱེར་དྲག་པོའི་སྔགས་ཟློག་ཆེན་མོ་ནི་སྔ་ཕྱི་ལོང་སྐབས་དང་བསྟུན་པའི་ངོས་ནས་ཇི་ཙམ་གྲུབ་པ་བྱ་ཞིང་། ཁྱུང་གི་པྲ་བརྟག་ཀྱང་བྱ། དེ་ནས་གཏོར་མ་རྣམས་དཀྱིལ་འཁོར་སྟེང་ནས་མདུན་དུ་དཔགས་ཏེ་གཏོར་དྲིལ་བྱ། ཟོར་སྒོ་དབྱེ་ཞིང་ཕྱི་རོལ་ཏུ་སླེབ་ནས་འཆད་མདོའི་གཏོར་མ་འབུལ་རྒྱུ་ཟུར་དུ་བྱས་ དཔེ་རིས་ལྟར་རྡུལ་མཚོན་ནམ་འབྲུ་ནག་གི་ཕྱེ་མ་བྲི། ལ་འབུལ་ཞིང་། རྒྱལ་ཐོ་སྒོ་བྱང་སོགས་ཡོད་ན་བཏང་རག་ཕུལ་ལ་དཀྲོལ་བ་སྒྲུབ་ཆེན་ལྟར་དང་ འཆད་མདོ་གྱེར། དེ་རྗེས་ཟ་ལམ་དང་དམིགས་བསྒྲལ་སོ་སོའི་ཟློག་གཞུང་གྱེར་ལ་དེ་གཉིས་འཕང་། ཁྱུང་ཟློག་གྱེར་ཞིང་ཁྱུང་རྣམས་གཤེགས། སྤུང་གཏོར་ཆུང་བ་གཅིག་སྔར་ནས་སྟ་གོན་བྱས་ནས་འདི་སྐབས་སུ་འབུལ་བ་ཡང་


TR008_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་འཕང་འདས་རིམས་ཐམས་ཅད་ལ་གལ་ཆེ་བར་གསུངས་སོ། དེ་ནས་ཟོར་དངོས་ཀྱི་དང་པོར་གསེར་སྐྱེམས་ཕུལ་ཞིང་ཟོར་ལྷ་བསྐུལ། དེ་ནས་ཟོར་གྱི་ལས་དགུ་པའི་ལུགས་དང་བསྟུན་ན་དེ་ལྟར་དང་། གཞན་བདེར་འདུས་ཉིད་ཀྱི་ཟོར་གཞུང་བཞིན་ཏེ། དང་པོ་སྐོང་ བདེར་འདུས་ནས་ཟོར་འཕང་བའི་བྱ་བུ་ནས་འབྱུང་ ཟོར། གཉིས་པ་གཏོར་ཟོར། གསུམ་པར་མདའ་ཟོར། བཞི་པ་རྡོ་ཟོར། ལྔ་པ་ཁྲག་ཟོར་རྣམས་གྱེར་དང་མཐུན་པར་རིམ་པ་འཕང་། འདིར་དིང་སང་ཕྱག་སྲོལ་ལ་ལར་ཟོར་རྣམས་ཕྱོགས་མཚམས་ཐམས་ཅད་དུ་འཕང་བར་བྱེད་པ་སྣང་ཀྱང་། འདིའི་དགོངས་པར་ནི། གསེར་སྐྱེམས་དང་དཀར་གཏོར་སོགས་ཕྱོགས་བཅུར་ཕུལ་ནས་ཕྱོགས་སྐྱོང་སོགས་ལ་རུ་ང་མ་བྱེད་པར་བཀའ་བསྒོ་བ་ཡིན་མོད་ཀྱི། ཟོར་ནི་ངེས་པར་དམིགས་སྒོ་ཡོད་ན་དེ་ཕྱོགས་དང་། མེད་ན་གཏོར་མ་འཕང་བའི་ཕྱོགས་སུ་འཕང་དགོས་ཀྱི། གཞན་ཕྱོགས་


TR008_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འཕང་ན་གཟའི་འགྱུ་ཕྱོགས་དང་སྒྲ་གཅན་སོགས་བརྩི་བ་ལ་དགོས་པ་མེད་པར་འགྱུར་བའི་ཕྱིར་རོ། །དེ་ནས་བཞེས་འབོད་སོགས་བྱས་ལ་གཏོར་མའི་ཡེ་ཤེས་པ་གཤེགས་ཅིང་དུག་མཚོན་དམག་དཔུང་སོགས་དམིགས་པ་ཁ་བསྒྱུར་ནས་དགྲ་ཕྱོགས་སུ་འཕང་ཞིང་དྲག་སྔགས་དམོད་བཅོལ་རྡུལ་རློག་སོགས་བྱ། གཏོར་གཞོང་བཤལ་ཆུས་བསྟན་མ་བསྐྱོང་བ་དང་། གཏོར་མནན་སོགས་དང་ཕྱི་རྗེས་ཀྱི་མཚམས་གཅོད་དང་གོ་བགོ་བ་སོགས་བྱ་ཞིང་། ནང་དུ་ལོག་ནས་ཚེའི་ཆོ་ག་དངོས་གྲུབ་བླང་བ། མར་མེའི་སྨོན་ལམ་སོགས་དང་། བཤགས་པ་བསྔོ་སྨོན་བཀྲ་ཤིས་སོགས་རྗེས་མཐའ་རྒྱས་ཀྱི་ལས་རིམ་རྣམས་ནི་སྒྲུབ་ཆེན་དང་འབྲེལ་ན་དེའི་དཀྱུས་བཞིན་དང་། མི་འབྲེལ་ན་ཡང་སྤྱི་དང་མཐུན་པར་ཞིབ་རྒྱས་སུ་བྱ་སྟེ། མཇུག་གི་ལས་རིམ་འདི་ལ་སླ་ཆོས་བྱར་མི་རུང་སྟེ། ཡོན་མཆོད་དང་གནས་ཡུལ་སོགས་ལ་བཀྲ་ཤིས་མི་ཤིས་


TR008_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྟེན་འབྲེལ་གནད་ཆེ་བར་གསུངས་པས་སོ། ཨེ་མ། གསང་སྔགས་རྒྱུད་སྡེའི་སྙིང་པོ་ཡང་ཞུན་མཆོག །བདེ་གཤེགས་ཀུན་འདུས་སྒྲུབ་པ་བཀའ་བརྒྱད་ལ། །བསྙེན་ཅིང་བསྒྲུབ་པས་དངོས་གྲུབ་མཆོག་བརྙེས་པ། །རྒྱ་བོད་རིག་འཛིན་གྲངས་མང་བྱོན་མོད་ཀྱང་། །དིང་སང་སྙིགས་མའི་ཡང་སྙིགས་འདི་འདྲའི་ཚེ། །བཀའ་བརྒྱད་སྨིན་གྲོལ་བང་མཛོད་མ་ཐོབ་པར། །ཁྲོ་རོལ་བུ་སྨད་གསོ་བའི་ཡས་ཆོག་ཏུ། །བྱེད་པའི་སྔགས་འཆང་ཁས་འཆེས་གྲོང་སྒོ་ཁེངས། །ཀྱེ་མ་གསང་སྔགས་སྔ་འགྱུར་བསྟན་པའི་ཉི། །ནུབ་རིའི་ཕག་ཏུ་བཞུད་ལ་མི་སྐྱོ་ཞིང་། །དལ་འབྱོར་ལན་ཅིག་ཐོབ་འདི་ལྟོ་ཕྱིར་དུ། །འབད་པས་རྒྱུག་འདི་འཆི་ཁར་ཅིར་འགྱུར་བསོམ།། ༈ །།གསང་སྔགས་ཆོས་ལ་བསླབ་པའི་མཐའ་བཅུ་དགོས། །བཀའ་བརྒྱད་མཁན་ལ་བསྐྱེད་རྫོགས་གུང་དགུ་


TR008_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

དགོས། །གདབ་ལས་བྱེད་ན་རྫོང་འཕྲང་སྲོག་གསུམ་དགོས། །དགོས་ཀྱང་ཡོད་མཁན་དཀོན་པར་གཟིགས་ལགས་སམ།། ༈ །།སྐྱེད་རྫོགས་དགོངས་དོན་ཆ་ཙམ་མ་རྟོགས་བཞིན། །སྲུང་ཟློག་ལས་གཞུང་བོན་ལྟར་གྱེར་བ་དེས། །ལྟོ་ཙམ་ཕྱིད་ཀྱང་གསང་སྔགས་དམར་བཤད་ཀྱི། །རྣམ་པར་སྨིན་དེས་ཕྱི་མ་ཅིར་སྐྱེ་བསོམ།། ༈ །།ཟོལ་ཟོག་རྫུན་ལམ་འཁྱོག་པོས་དགུ་རྣམས་ལ། །བདེན་གཏམ་དྲང་པོའི་ལམ་སྲོལ་བསྟན་ན་ཡང་། །རླུང་ནད་ཅན་ལ་ག་བུར་བླུད་ལྟར་བས། །ལྕེ་རྩེ་ནང་དུ་བཀུག་པ་གནད་དུ་ཟབ།། ༈ །།དེ་ལྟའང་བཀའ་དྲིན་མཚུངས་མེད་རྗེ། །དཔལ་ལྡན་གཞན་ཕན་རྡོ་རྗེའི་དང་། །རྒྱལ་སྲས་རིག་འཛིན་སྙིང་པོ་སོགས། །ཞལ་གདམ་ལས་བྱུང་ཚུལ་འདི་བྲིས།། ༈ །།རང་ཉིད་སྒོམ་ཆེན་རྒན་པོ་ལ། །འདི་འདྲའི་ཚུལ་གྱི་ཅི་ཞིག་བྱ། །འོན་ཀྱང་ཕྱི་རབས་སྔགས་ཆུང་འགར། །ཕན་སྙམ་བསམ་པ་དཀར་དེའི་


TR008_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

དགེ།། ༈ །།འདི་དང་དུས་གསུམ་དགེ་ཚོགས་ཀུན། །གཅིག་བསྡོམས་གསང་སྔགས་འབྲས་བུའི་ཐེག །འཛིན་སྐྱོང་བསྲུང་དང་ཡེལ་བའི་རྒྱུར། །བསྔོ་དང་སྨོན་པ་འགྲུབ་གྱུར་ཅིག །ཅེས། སྤོང་བའི་བརྟུལ་ཞུགས་ལ་མོས་པ་ལམ་དུ་བྱེད་པ་སྣ་ཚོགས་རང་གྲོལ་གྱི་བཀོད་པ་དགེའོ།། ༈ །།གོང་དུ་སྨོས་པའི་བསླབ་པའི་མཐའ། སྐྱེད་རྫོགས་ཀྱི་གུང་ཤིང་དགུ་དང་རྫོང་འཕྲང་སྲོག་གསུམ་ཞེས་པ་དེ་དག་གང་ལ་ཟེར་སྙམ་ན། མཐའ་བཅུ་ནི། གསང་སྔགས་ཀྱི་ཆོས་ལ་འཇུག་པའི་སྒོ་ནི་དབང་གིས་ཕྱེ་བ། གཞི་དང་སྲོག་ནི་དམ་ཚིག་གིས་བཟུང་བ། ཐག་ནི་ལྟ་བས་བཅད་པ། ལ་ནི་སྤྱོད་པས་དོར་བ། ཉམས་སུ་ནི་ཏིང་ངེ་འཛིན་གྱིས་བླང་བ། དོན་ནི་མན་ངག་ཟབ་མོ་སྒྲུབས་པ། རྒྱུད་ནི་ཐོས་པས་འགྲོལ་བ། སྒོ་ནི་ཐེག་པ་ཀུན་ནས་བདུར་བ། ཤེས་བྱ་ནི་ཕྱོགས་མེད་ལ་བསླབ་པ། །དགོངས་དོན་ནི་དུ་མ་རོ་གཅིག་ཏུ་བསྡུ་བ་སྟེ། དེ་ལྟར་བསླབ་པར་བྱའོ། །སྒྲུབ་པ་བཀའ་བརྒྱད་ལ། སྐྱེད་རྫོགས་ཀྱི་གུང་ཤིང་དགུ་ནི། སྐུ་འཇམ་དཔལ་འཆི་མེད་ཀྱི་དགོངས་པ་འཁོར་ལོ་རྣམ་བཞི། གསུང་པདྨ་རྣམ་དག་གི་འོངས་པ་རྟ་སྐད་


TR008_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཐེང་གསུམ། ཐུག་ཡང་དག་དོན་གྱི་དགོངས་པ་རུ་ལུ་འབྲུ་བརྒྱད། ཡོན་ཏན་ཆེ་མཆོག་ཧེ་རུ་ཀའི་དགོངས་པ་བདུད་རྩི་རྣམ་བཞི། ཕྲིན་ལས་རྡོ་རྗེ་གཞོན་ནུའི་དགོངས་པ་ཕུར་བུ་ཐལ་འབྱིན། རྦོད་གཏོང་མ་མོ་ཀུན་ཁྱབ་ཀྱི་དགོངས་པ་རྩ་རླུང་ཐིག་ལེ། རིག་འཛིན་བླ་མ་བྱིན་རླབས་ཀྱི་དགོངས་པ་ཐུགས་གསལ་རྣམ་དག །མཆོད་བསྟོད་དྲེག་པ་ཀུན་འདུས་ཀྱི་དགོངས་པ་སྒྲུབ་ལུགས་དོན་བཞི། དྲག་སྔགས་དུག་ལྔ་རང་མདངས་ཀྱི་དགོངས་པས་གནད་ཀྱི་མན་ངག་བཞི་སྟེ། དེ་ལྟར་དགུ་ལ། རྒྱུད་མ་ཧཱ་ཡོ་ག་ལྟར་སྐྱེད་རིམ་དུ་སྒྲུབས་པ། ལུང་ཨ་ནུ་ཡོ་ག་ལྟར་རྫོགས་རིམ་སྒྲུབས་པ། མན་ངག་ལ་ཨ་ཏི་ཡོ་ག་ལྟར་རྫོགས་པ་ཆེན་པོར་སྒྲུབ་པ་དང་ཡོད་དོ། གདབ་ལས་ཀྱི་རྫོང་འཕྲང་སྲོག་གསུམ་ནི། བསྒྲལ་ལས་བྱེད་པའི་མཁན་པོ་དང་། སྒྲོལ་བྱེད་ཀྱི་ཕུར་བུ། བསྒྲལ་བྱའི་དམིགས་ཡུལ་གསུམ་པོ་གཞི་ཆོས་ཉིད་སྐྱེ་མེད་ཀྱི་ངོ་བོར་ཐག་ཆོད་པ་ནི་ལྟ་བའི་རྫོང་། ལམ་རོལ་པ་འགགས་མེད་གསལ་བ་གསུམ་དང་ལྡན་པ་ནི་སྒོམ་པའི་འཕྲང་། ཚེ་ལུང་ཁྲུས་ལུང་གི་དགོངས་པས་བདག་ཉིད་ནུས་པ་བསྐྱེད་ཅིང་དམིགས་བྱ་བསྒྲལ་འདྲེན་


TR008_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས་འབྲས་བུ་ཟད་པར་སྐྱོལ་བ་ནི་སྤྱོད་པའི་སྲོག་སྟེ། དེ་ནས་འདི་དག་གི་དོན་མི་ཤེས་པར་སྔགས་འཆང་དུ་མི་རུང་བ་ཡང་ཕྱི་རབས་རྣམས་ཀྱིས་ཐུགས་ལ་བཅག་པ་འཚལ་ལོ། །ཤུ་བྷཾ། མངྒ་ལམ། གཅིག་ཞུས་ཁུལ།

བདེར་གཤེགས་སྒྲུབ་པ་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ལས་བྱང་གཞུང་སྲོང་གི་རིམ་པ་རྣམས།


TR008_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

བདེར་གཤེགས་སྒྲུབ་པ་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ལས་བྱང་གཞུང་སྲོང་གི་རིམ་པ་རྣམས་བཞུགས་སོ། །


TR008_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་ཧེ་རུ་ཀ་གུ་རུ་ཨ་དྭ་ཡ་ན་མོ། །བདེར་གཤེགས་རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་ཀུན། །སྒྲུབ་པ་བཀའ་བརྒྱད་གསང་བ་ཡོངས་རྫོགས་སུ། །གདོད་ནས་ལྷུན་གྲུབ་ཆེན་པོར་ཡོངས་འདུས་པའི། །ཁྱབ་བདག་ཆེ་མཆོག་པདྨ་ཐོད་ཕྲེང་མཆོད། །གང་དེའི་ཐུགས་རྗེའི་རོལ་རྩལ་སྒྱུ་འཕྲུལ་ནི། །ཡེ་ཤེས་དཀྱིལ་འཁོར་རྣམ་དགུར་ཤར་བ་ལ། །བསྙེན་སྒྲུབ་མཆོད་བསྟོད་ཕྲིན་ལས་གཞུང་སྲོང་གི། །ལས་རིམ་གཏེར་གཞུང་ཇི་བཞིན་འདིར་བཀོད་བྱ། གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གིས་གཏེར་ནས་སྤྱན་དྲངས་པའི་ཞི་ཁྲོ་བཀའ་བརྒྱད་གསང་བ་ཡོངས་


TR008_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཆེན་པོའི་བསྙེན་སྒྲུབ་ལས་གཞུང་གི་རིམ་པ་ཇི་ལྟར་བྱ་བ་ནི། ཐོག་མར་གང་དུ་བྱ་བའི་གནས་དེར་འཕྱག་བདར་རྐྱང་ནུལ་སོགས་ལེགས་པར་བྱས་ནས། དེ་ཡང་དབང་དང་སྒྲུབ་ཆེན་སོགས་མདུན་སྐྱེད་གཙོ་བོར་བཏོན་པའི་སྐབས་དག་ཏུ་ནི། དེ་དང་མཐུན་པའི་དཀྱིལ་འཁོར་གྱི་བཤམས་བཀོད་རྒྱས་པར་དགོས་མོད་ཀྱང་། འདིར་ནི་བདག་སྐྱེད་རྐྱང་སྒྲུབ་ཀྱི་སྐབས་ཁོ་ནའི་དབང་དུ་བྱས་ཕྱིར། གཏོར་མཆོད་གང་རྒྱས་ཙམ་བཤམས་པའི་ཚུལ་བཤད་པར་བྱ་སྟེ། ཞི་ཁྲོ་བཀའ་བརྒྱད་ལྷ་ཚོགས་ཀྱི་སྐུ་རྟེན་སོགས་ཇི་ལྟར་འབྱོར་བ་བཀྲམ་པའི་མདུན་དུ་ཅོག །རྩེ་སོགས་སྟེགས་བཟང་པོ་ལྷ་གོས་མཛེས་པས་གཡོགས་པའི་ཁར་མེ་ཏོག་སིལ་མ་དཀྲམ་ཞིང་། རིན་ཆེན་གྱི་སྣོད་ཆེ་བ་ཞིག་ཏུ་ཆེ་མཆོག་


TR008_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དགུའི་གཏོར་མ་དཔལ་གཏོར་ཟུར་གསུམ་པ་འཁོར་བརྒྱད་དང་མཐེབ་ཀྱུས་བསྐོར་ཞིང་རྒྱན་དཀར་དམར་གྱིས་མཛེས་པ་སྟེང་ན་དར་མཐིང་ནག་གི་གུར་ཕུབ་པ་གཟི་བརྗིད་དང་ལྡན་པ་དབུས་སུ་བཞག །དེའི་གཡས་སུ་བླ་མའི་གཏོར་མ། གཡོན་དུ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྤྱིའི་གཏོར་མ་དང་། གཡས་ཀྱི་མཐའ་ལོགས་སུ་འདི་ཉིད་ཀྱི་བཀའ་སྲུང་དྲེགས་པའི་སྡེ་དཔོན་སུམ་ཅུའི་སྒེར་གཏོར་གཙོ་བོ་ཟུར་གསུམ་པ་གྲི་རིས་ཅན་ཆེ་བ་གཅིག་ལ་འཁོར་ཟུར་གསུམ་སུམ་ཅུས་བསྐོར་བ་ཤ་ཁྲག་གིས་རྒྱན་པ་བཞག །གཡོན་གྱི་མཐའ་འགྲམ་དུ་དཔལ་གྱི་བཀའ་སྡོད་རྣམས་ཀྱི་གཏོར་མ་ཡང་སྔ་མ་ལྟར། གཙོ་བོ་ནི་ཟུར་གསུམ་གྲི་རིས་ཅན་དེ་ཁམས་གསུམ་ཧཱུྃ་སྒྲ་ཅན་ཞེས་ཁྱུང་གི་གཏོར་མ་ཡིན་ལ། དེའི་འཁོར་ནི་ལྷ་གྲངས་མང་བས་གྲངས་མཉམ་པ་ནི་མི་འགྲུབ་ཀྱང་ཇི་ཙམ་ཤོང་ཤོང་གིས་བསྐོར་ཞིང་ཤ་ཁྲག་གིས་བརྒྱན་པ་བཞག །དེ་དག་གི་གཡས་གཡོན་དུ་ཀ་པཱ་ལར་བདུད་རྩི་སྨན་རཀ་སྤྱི་ལྟར་དང་། འདི་ལ་ཁྱད་པར་དུ་བདུད་རྩི་བསང་ནན་ཞེས་པ། རིན་ཆེན་གྱི་སྣོད་ཅི་རིགས་པར་ཛཱ་གད་ཆང་ཕུད་བཟང་པོས་བཀང་བ་ཞིག་ཀྱང་གཙོ་གཏོར་གྱི་མདུན་དུ་བཞག་ཅིང་། གཞན་ཡང་ཕྱི་ནང་གསང་མཆོད་སྤྱན་


TR008_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་འདོད་ཡོན་ཕུན་སུམ་པའི་མཆོད་རྫས་དང་བཀོད་པའི་ཁྱད་པར་མཛེས་ཤིང་བརྗིད་ལ་བག་དྲོ་བ་སྒྲུབ་པ་པོ་རྣམས་སྣང་བ་འགྱུར་ཐུབ་པའི་བཤམ་བཀོད་དང་། སྤོས་དང་རོལ་མོའི་བྱེ་བྲག་སོགས་མདོར་ན་རྩ་གསུམ་ཞི་ཁྲོ་དམ་ཅན་གྱི་ཚོགས་ཐམས་ཅད་མཉེས་ཤིང་དམ་ལ་འདུ་བའི་རྟེན་འབྲེལ་གྱི་གནད་ཡོད་པས། གཡས་མེད་ཁྱེར་བདེ་སྒྱིད་ངན་གྱི་དབང་དུ་མི་བཏང་ཞིང་། གཏོར་ཚོགས་མར་མེ་མཆོད་རྫས་ཡོ་བྱད་སོགས་ལ་འབགས་རྩོགས་དང་སེར་སྣ་སོགས་སྐྱོན་གྱིས་བསླད་ན། ཡེ་ཤེས་ལྷ་ལ་རྟོག་པའི་འཛིན་པ་དང་བྲལ་ཡང་བཀའ་སྲུང་དམ་ཅན་རྣམས་ནི་ལེགས་ཉེས་ཕྲ་མོ་ལའང་མགུ་ཁང་བྱེད་ཅིང་། དེའི་ཕན་གནོད་ཀྱི་འབྲས་བུ་སྒྲུབ་པ་པོ་ལ་འཕྲལ་དུ་འབྱུང་ཕྱིར། རྩིངས་ཆོས་སུ་མ་སོང་བར་བྱ་དགོས་པ་ནི་གསང་སྔགས་ཀྱི་དམ་ཚིག་གི་སྒོ་དང་པོ་ཡིན་ནོ། དེ་ནས་ཆོ་ག་དངོས་ལ་འཇུག་པའི་དང་པོར། སྐྱབས་སེམས་ཚོགས་གསོག་སྡོམ་གཟུང་རྣམས་ཀྱིས་རང་རྒྱུད་ལས་རུང་དུ་མ་སྒྲུབས་ན་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་འཇུག་པར་མི་དབང་བས་དེ་དག་བྱ་བ་ནི། ཕྱོགས་བཅུ་མཐའ་ཡས་པའི་ཞིང་ཁམས་ན་བཞུགས་པའི་རྒྱལ་བ་སྲས་བཅས་ཡེ་ཤེས་ཀྱི་སྤྱན་ལྡན་རྣམས་ལ་མོས་གུས་གདུངས་ཤུགས་


TR008_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འདུན་པ་བསྐྱེད་ཅིང་། ཇི་སྐད་དུ། ཡེ་ཤེས་ལྷ་ལ་རང་རྒྱུད་ཀྱི། །རྩིས་གདབ་ཁྲིགས་སུ་བཅད་པ་མེད། །གང་ལྟར་མོས་པ་དེ་བཞིན་སྣང་། ཞེས་གསུངས་པ་བཞིན་མོས་པའི་རང་གཟུགས་ཇི་ལྟར་འདོད་བཞིན་འཆར་བ་ཡིན་ཕྱིར། འདི་སྐབས་སུ་ཕྱོགས་བཅུའི་རྒྱལ་བ་མ་ལུས་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་འབའ་ཤིག་པའི་རྣམ་འགྱུར་གྱིས་ཞིང་ཁམས། ཁྱབ་པར་བཞུགས་པར་མོས་ལ་ཚིག་གི་རྗེས་སུ་དོན་སེམས་ལ་དྲན་པའི་ངང་ནས་འདི་སྐད་དོ། །ན་མོ། །ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་གཞལ་ཡས་ནས། །བླ་མེད་དཀོན་མཆོག་རྒྱལ་བ་སྲས་བཅས་དགོངས། །བདག་སོགས་མཐའ་ཡས་སེམས་ཅན་མ་ལུས་ཀུན། །དུས་འདི་ནས་བཟུང་སངས་རྒྱས་མ་ཐོབ་བར། །ཐུགས་རྗེའི་དབང་གིས་འགྲོ་ལ་དགོངས་མཛད་པའི། །བླ་མ་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི། །རྩེ་གཅིག་ཐུགས་རྗེས་བྱིན་རླབས་ཡེ་ཤེས་སྐུ། །ཡི་དམ་ལྷ་ལ་ཕྱག་འཚལ་སྐྱབས་སུ་མཆི། །རྩོལ་རྟོག་མི་མངའ་ཡོན་ཏན་ཐུགས་རྗེའི་བདག །སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །ཆགས་པ་མེད་པར་འགྲོ་དོན་མ་ལུས་འབྱུང་།


TR008_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཆོས་རྣམས་ལ་ཕྱག་འཚལ་ལོ། །མ་ནོར་ལམ་ལ་གནས་མཛད་ཞིང་མཆོག་སྐྱོང་། དགེ་འདུན་རྣམས་ལ་ཕྱག་འཚལ། འགྲོ་བའི་དོན་དུ་རང་བྱུང་སྐུར་སྤྲུལ་པ། །པདྨ་འབྱུང་གནས་སྐུ་ལ་ཕྱག་འཚལ་ལོ། །གཅིག་ཤེས་ཀུན་གྲོལ་སྐད་ཅིག་སངས་རྒྱས་སྟོན། འགྲོ་མགོན་ཆོས་དབང་སྐུ་ལ། ཇི་བཞིན་རྟོགས་པའི་གདེངས་ལྡན་ཐུགས་རྗེའི་བདག །རྒྱལ་སྲས་སྨན་ལུང་པ་ལ། མཐར་ཕྱིན་ངེས་པའི་དོན་སྟོན་མཁྱེན་བརྩེའི་སྐུ། སངས་རྒྱས་དྭགས་སྟོན་སྐུ་ལ༴ བཀའ་ལུང་དབང་བསྒྱུར་མཐར་ཕྱིན་ངེས་དོན་བདག །བཛྲ་ཛྙཱ་ནའི་སྐུ་ལ༴ གསང་སྔགས་རྒྱུད་འཛིན་ལུང་རིག་ཀུན་གྱིས་བདག །བུ་དྷ་ཤྲཱིའི་སྐུ་ལ༴ སྔོན་གྱི་ལས་སད་གུ་རུས་བྱིན་བརླབས་པ། གུ་ཎ་ཕ་ལའི་སྐུ་ལ༴ ཨུ་རྒྱན་ལུང་བསྟན་ཆོས་དབང་ཐུགས་ཀྱི་སྲས། ཆོས་སྐུ་འོད་ཟེར་སྐུ་ལ༴ རང་སེམས་ཆོས་སྐུར་རྟོགས་ནས་གཞན་


TR008_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མཛད། ཡེ་ཤེས་ཀུན་དགའི་སྐུ་ལ་ཕྱག་འཚལ། སྐྱེད་རྫོགས་མཐར་ཕྱིན་སྒྲུབ་རྒྱུད་བསྟན་པ་འཛིན། དཔལ་འབྱོར་དབང་ཕྱུག་སྐུ་ལ༴ མཐུ་སྟོབས་ནུས་པའི་དཔུངས་ལ་མངའ་བརྙེས་པ། །ནམ་མཁའ་གུ་རུའི་སྐུ་ལ༴ སྔགས་ཀྱི་རབ་འབྱམས་བསླབ་གསུམ་རྒྱན་གྱིས་མཛེས། །བསོད་ནམས་རྣམ་རྒྱལ་སྐུ་ལ༴ །རྒྱལ་བས་བྱིན་རླབས་ལུང་རིགས་ཀུན་གྱི་བདག །ཨོ་རྒྱན་བསྟན་འཛིན་སྐུ་ལ༴ །ལེགས་ངེས་སྟངས་འཛིན་དངོས་གྲུབ་སྟེར་མཛད་པ། །མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །སངས་རྒྱས་བསྟན་བསྲུང་བཀའ་ཡི་བྱ་ར་མཛད། །ཆོས་སྐྱོང་སྲུང་མའི་ཚོགས་ལ་ཕྱག་འཚལ་སྐྱབས་སུ་མཆི། བཛྲ་ས་མ་ཡ་ཛཿ བཛྲ་ས་མ་ཡ་ཧཱུྃ། ཡོ་ག་ས་མ་ཡ་ཛཿ ཡོ་ག་ས་མ་ཡ་ཧཱུྃ། ཀྲོ་དྷ་ས་མ་ཡ་ཛཿཀྲོ་དྷ་ས་མ་ཡ་ཧཱུྃ། ཛཿཧཱུྃ་བྃ་ཧོ། བདག་གཞན་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་སྙིང་པོ་སངས་རྒྱས་མ་ཐོབ་ཀྱི་བར་དུ་


TR008_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

དྲིན་ཅན་རྩ་བ་དང་རྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ༴ ཆོས་ལ༴ དགེ་འདུན་ལ༴ བླ་མ་ལ༴ སངས་རྒྱས་ལ༴ ཆོས་ལ༴ དགེ་འདུན་ལ༴ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ༴ མཁའ་འགྲོ་དཔའ་བོ་དཔའ་མོ་རྣམས་ལ༴ དམ་པ་ཡེ་ཤེས་ཀྱི་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་གནས་པར་གྱུར་ཅིག །ཨོཾ། བདེར་གཤེགས་ཡོངས་


TR008_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་རྒྱལ་བ་ཞི་ཁྲོའི་ངང་། །ཆོས་སྐུ་སྤྲོས་བྲལ་བདེ་ཆེན་གདོད་ནས་དག །ལོངས་སྤྱོད་རྫོགས་སྐུ་བསམ་འདས་བརྗོད་ལས་འདས། །སྤྲུལ་སྐུ་འགྲོ་དོན་རྫོགས་མཛད་བདག་ལ་དགོངས། །ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ །འགྲོ་འདུལ་ཐབས་ཀྱི་གཙོ་བརྒྱད་འཁོར་དང་བཅས། །ཡོན་ཏན་སྐུ་གསུང་ཐུགས་དང་ཕྲིན་ལས་བདག །འདོད་འཇོའི་ཀུན་མཛོད་ཁྱོད་ལ་ཕྱག་འཚལ་ལོ། །ཨོཾ། །དཔལ་ལྡན་ཞི་ཁྲོ་དབང་ཕྱུག་གསང་བའི་བདག །ཕྱི་ནང་གསང་བ་དེ་ཉིད་མཆོད་པའི་སྤྲིན། །སྐུ་གསུང་ཐུགས་མཆོག་ནམ་མཁའི་གཏེར་མཛོད་ཀྱི། །བླ་མེད་མཆོད་སྤྲིན་མཆོག་སྦྱར་མཆོད་པ་བཞེས། ཨོཾ། ཐོག་མེད་དུས་ནས་འཁོར་འདས་བདག་གཞན་དོན། །གཉིས་མེད་བྱང་ཆུབ་སེམས་སུ་གཅིག་ཉིད་ཀྱང་། །ལས་ཀྱིས་འཁྲུལ་པས་ཐ་དད་སོ་སོར་བཟུང་། །གཉིས་འཛིན་ལོག་རྟོག་ཡིད་ཀྱི་ཐེ་ཚོམ་བྱུང་། །མ་རིག་བག་ལ་ཉལ་


TR008_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྣམ་སྨིན་གྱིས། །རྒྱལ་བའི་དགོངས་སྤྱོད་ཟབ་མོའི་གཏིང་མ་རྟོགས། །ཐབས་དང་ཤེས་རབ་ཡ་བྲལ་བླང་དོར་སྤྱད། །ཆེ་མཆོག་གསང་བའི་བཀའ་ལས་འགལ་ཞིང་ཉམས། །འབྲས་བུ་དོན་ཆེན་སྒྲིབ་པའི་རྒྱུར་གྱུར་པ། །མནོང་འགྱོད་ཞི་བའི་སེམས་ཀྱིས་རབ་སྦྱང་ཞིང་། །རྩ་བ་ཡན་ལག་སྐུ་གསུང་ཐུགས་ཀྱི་གསང་། །ཐུན་མོང་མཆོག་དང་བྱེ་བྲག་བསམ་མི་ཁྱབ། །ཇི་ལྟར་གདམས་པ་གཞུང་བཞིན་མ་བགྱིས་པ། །བདེར་གཤེགས་རྒྱལ་བ་ཞི་ཁྲོ་འཁོར་དང་བཅས། །ཐུགས་རྗེའི་མངའ་བདག་ཁྱེད་ལ་བཟོད་གསོལ་བཤགས། ཨོཾ། ཡེ་ཤེས་རྩལ་གྱིས་སངས་རྒྱས་ས་ནོན་ཅིང་། །ཐུགས་རྗེའི་ཤུགས་ཀྱིས་གང་འདུལ་འགྲོ་དོན་མཛད། །དུས་གསུམ་མི་འབྲལ་ཀུན་ཏུ་དགོངས་མཛོད་ལ། །དག་ཚངས་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། ཨོཾ། ཞི་ཁྲོ་རྒྱལ་བ་ཡེ་ཤེས་སྐུ། །འགྲོ་ལ་ཕན་མཛད་


TR008_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཅན། །སྲིད་པ་གསུམ་གྱི་གཉེན་གཅིག་བུ། །ལྷ་ཡི་ལྷ་རྣམས་དགོངས་སུ་གསོལ། །བདེ་བར་གཤེགས་པ་ཀུན་འདུས་པ། །སྤྲུལ་པ་རྒྱ་མཚོའི་ཚོགས་དང་བཅས། །ཕྱོགས་དུས་ཀུན་ཏུ་བཞུགས་པ་རྣམས། །མ་ལུས་འདུས་པ་མཁྱེན་པར་གསོལ། །བདག་ནི་རྒྱལ་སྲིད་ལོངས་སྤྱོད་དང་། །རང་དོན་ཆེད་དུ་མི་སྒྲུབ་ཅིང་། །འགྲོ་གཞན་དོན་དུ་འབད་བརྩོན་ནས། །ཀུན་གྱི་དཔལ་དུ་འགྱུར་བར་བྱ། །ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་པས། །བདག་གཞན་ཀུན་གྱི་ལྷག་བསམ་མཁྱེན། །སྤྱན་སྔར་བདག་གིས་དམ་བཅས་པ། །རྣལ་འབྱོར་བསླུ་བར་མི་བགྱིའོ། །ཁེ་དང་གྲགས་པ་འཇིག་རྟེན་ཆོས། །གཡོ་སྒྱུ་ངན་པའི་སེམས་སྤངས་ནས། །ཀུན་ཏུ་བཟང་པོ་བྱང་ཆུབ་སེམས། །དོན་དམ་ཀུན་རྫོབ་ཚུལ་བཟུང་ངོ་། །སེམས་ཅན་ཐམས་ཅད་འདུས་གྱུར་ཏེ། །བདག་ལ་གནོད་པར་རབ་སྦྱར་ཀྱང་། །ཤེས་རབ་སྙིང་རྗེ་དང་བྲལ་བས། །ཡི་དམ་ལྷ་དང་བླ་མ་དང་། །མཆོད་བཟུང་ཐེག་


TR008_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེར་གནས་པ། །སྲོག་གི་ཕྱིར་ཡང་མི་གཏོང་སྒྲུབས། །སྣང་སྲིད་རྨི་ལམ་སྒྱུ་མ་ལ། །འཆི་བའི་འཇིགས་པ་མ་མཆིས་པས། །སྐྱེ་བོ་གཞན་གྱི་དོན་འགྱུར་ན། །བྱང་ཆུབ་སེམས་ཀྱི་སྤྱོད་པ་ཡིས། །རང་དབང་དུ་ནི་སྐྱེ་བ་བླང་། །བདག་ནི་གཅིག་པུ་ཞི་བདེ་ལ། །མྱུར་འགྲོའི་སྤྲོ་བ་མ་མཆིས་པར། །ཇི་སྲིད་འཁོར་བ་མ་སྟོངས་བར། །བསྐལ་པ་རྒྱ་མཚོར་མི་གཏོང་ཞིང་། །བྱང་ཆུབ་སེམས་ཀྱི་དགའ་བས་ཀྱང་། །ཤེས་རབ་ཐབས་ཀྱིས་དོན་མཛད་ཚེ། །འགྲོ་བ་ལས་ཀྱི་འདུལ་སྐལ་ལ། །སོ་སོའི་བློ་དང་སྐད་བཞིན་དུ། །ཇི་ལྟར་འཚས་པ་དེ་སྟོན་ནོ། །རྣལ་འབྱོར་མཆོག་གི་ལམ་ཞུགས་ཏེ། །སྐྱེས་ཆེན་རིག་པ་འཛིན་པ་དག །ནུས་པ་ཇི་སྙེད་ཤུགས་ཀྱིས་ནི། །བརྩོན་འགྲུས་འདབ་པས་བསྙེན་བཀུར་རོ། །གསང་བའི་ཐེག་པ་བླ་མེད་ལ། །རབ་སྡང་གདུག་པའི་ཚུལ་


TR008_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་བ། །ནུས་མཐུ་དྲག་རྩལ་ཅི་ཡོད་ཀྱིས། །མྱུར་དུ་སྒྲོལ་བར་དྲག་བརྩམ་མོ། །ད་ལྟའི་དུས་ཆེན་འདི་ཉིད་ནས། །ཐེག་ཆེན་བླ་མེད་ཐུག་གི་བར། །དཔལ་ཆེན་བདེ་བར་གཤེགས་རྣམས་ཀྱིས། །ཇི་ལྟར་དམ་བཅས་དེ་བཟུང་ངོ་། །དེ་ལྟར་འདི་ཡན་ཆད་རྣམས་ཐུན་མོང་གི་སྔོན་འགྲོ་ཡིན་ལ། དེ་ནས་ལས་གཞུང་ཉིད་ལ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་དང་། དངོས་གཞི། རྗེས་དང་གསུམ་གྱི་ས་བཅད་རྩ་ཐོ་གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་ཉིད་ཀྱིས་མཛད་པ་ལས།། ༈ །།ཞི་ཁྲོ་གསང་བ་ཡོངས་རྫོགས་ཀྱི། །སྒྲུབ་ཆེན་ལས་གཞུང་བསྲང་བ་ལ། །སྔོན་འགྲོ་དངོས་གཞི་རྗེས་དང་གསུམ། སྔོན་འགྲོ་ཐུན་མོང་ལས་བདུན་ནི། མཚམས་བཅད། བརྡ་སྒོ། བརྡ་ཕྱག་འཚལ། དམ་བཅའ། བྱིན་དབབ། མཆོད། བཤགས་བྱ། ཞེས་གསུངས་པའི་དང་པོར་མཚམས་གཅོད་ཀྱི་སྔོན་དུ་བདག་ཉིད་ལྷའི་ཏིང་འཛིན་བསྒོམ་ནས་བར་གཅོད་ཀྱི་བགེགས་བསྐྲད་པ་འདི་བཞིན་ཚིག་དོན་མཐུན་པར་བྱ་སྟེ། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧྃ། སྣང་སྲིད་འཁོར་འདས་ཀྱིས་


TR008_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པའི་ཆོས་ཐམས་ཅད་མི་དམིགས་པར་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྐད་ཅིག་གིས་རྃ་ལས་བསྐལ་པའི་མེ་རབ་ཏུ་འབར་བའི་ཀློང་ན། བདག་ཉིད་སྐད་ཅིག་གིས་ཆེ་མཆོག་ཧེ་རུ་ཀ་དབུ་གསུམ་པ་ཕྱག་དྲུག་པ། ཞབས་བཞི་པ་སྐུ་མདོག་མཐིང་ནག་རབ་ཏུ་འབར་བ། གཡས་ཞལ་དཀར་ལ་འཚེར་བ། གཡོན་ཞལ་དམར་ལ་གཤེ་བ། དབུས་ཞལ་མཐིང་ལ་རྔམས་པ། །སྤྱན་གཡས་གསུམ་གྱེན་དུ་གཟིགས་པ། །གཡོན་གསུམ་ཐུར་དུ་གཟིགས་པ། །དབུས་གསུམ་ཐད་ཀར་གདངས་མིག་ཏུ་བགྲད་པ། ཞལ་བགྲད་པ་ལྗགས་འདྲིལ་བ་མཆེ་བ་གཙིགས་པ། སྨིན་མ་ཨག་ཚོམ་རལ་པ་ཁམ་ནག་མུན་ལྟར་གཏིབས་པ། སྙན་དྲུག་གསངས་ལ་མ་འགགས་པར་གསལ་བ། ཞལ་གསུམ་ནས་ཕཊ་སྒྲ་སྒྲོག་པ། ཤངས་གསུམ་ནས་ཧཱུྃ་སྒྲ་འབྱིན་པ། ཨུཏྤལ་ཉི་མ་ཟླ་བས་སྙན་གོང་


TR008_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པ། །ཀླུ་རིགས་ལྔ་སྦྲུལ་གྱི་རྣམ་པས་བརྒྱན་པ། ཕྱག་གཡས་ཀྱི་དང་པོ་ན་རྡོ་རྗེ་རྩེ་དགུ་པ། བར་པ་ན་རྩེ་ལྔ་པ། མཐའ་མ་ན་རྩེ་གསུམ་པ་བསྣམས་པ། གཡོན་གྱི་དང་པོ་ན་བནྡྷ་ལྕང་ལོ་ཅན་ཁྲག་གིས་བཀང་བ། བར་པ་ན་ཐོད་རློན་ཁྲག་གིས་བཀང་བ། མཐའ་མ་ན་ཐོད་སྐམ་ཁྲག་གིས་གང་བ་བསྣམས་པ། གཡས་དང་པོའི་རྡོ་རྗེ་གཡོན་དང་པོའི་བན་དམར་དཀྲུག་པའི་ཚུལ་གྱིས་ཡུམ་ལ་འཁྱུད་པ། ཞབས་བཞི་བརྐྱང་བསྐུམ་དོར་སྟབས་སུ་བགྲད་པ། གསང་བཀབ་དར་སྣ་ལྔ་དང་སྟ་ཟུར་དར་དཔྱངས་གསུམ་གྱིས་བརྒྱན་པ། སྐུ་སྟོད་ལ་གླང་ཆེན་གྱི་ཀོ་རློན་དང་མི་ལྤགས་ཀྱི་གཡང་གཞི་གསོལ་བ། སྐུ་སྨད་ལ་སྟག་ལྤགས་ཀྱི་ཤམ་ཐབས་དཀྲིས་པ། ཐོད་པ་སྐམ་པོ་ལྔ་ཡིས་དབུ་ལ་བརྒྱན་ཅིང་ཐོད་རློན་ལྔ་བཅུས་དོ་ཤལ་བྱས་པ། ཐལ་ཆེན་ཞག་ཆེན་དམར་ཆེན་གསུམ་གྱིས་ཞལ་གྱི་འབུར་བཞི་དང་སྐུ་སུལ་ཐམས་ཅད་བརྒྱན་པ་


TR008_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་གཤོག་པ་གཡས་སུ་གདེངས་པ། རིན་པོ་ཆེའི་གཤོག་པ་གཡོན་དུ་གདེངས་པ། དཔུངས་པ་གཡས་གཡོན་གཉིས་ན་ཡེ་ཤེས་ཀྱི་ཁྱུང་དཀར་ནག་རེ་རེ་ལྡིང་བ། དབུ་སྐྲ་དང་བ་སྤུ་ཐམས་ཅད་ཁྲོ་ཆུང་དང་མཚོན་ཆའི་རྣམ་པར་འཕྲོ་བ་རྡོ་རྗེའི་སླག་པ། དབང་གི་བསེ་ཁྲབ། དཔལ་གྱི་ཆས་བཅུ། དུར་ཁྲོད་ཀྱི་ཆས་བརྒྱད། གར་གྱི་ཉམས་དགུ། རུས་པའི་རྒྱན་དྲུག །ཧེ་རུ་ཀའི་རྔམས་བརྗིད་དང་ལྡན་པ། །དེའི་པང་དུ་ཡུམ་གནམ་ཞལ་ཀུན་ཏུ་བཟང་མོ་སྐུ་མདོག་མཐིང་ནག །ཞལ་གཅིག་ཕྱག་གཉིས། ཕྱག་གཡས་ཁ་ཊྃྭཱ་ག་ཡབ་ལ་འཁྱུད་ཅིང་གཡོན་པ་དུང་དམར་གཙོ་ལ་སྟོབ་པ། ཞབས་གཡས་ཕབ་ཀྱི་སྐེད་ལ་འཁྲིལ་ཞིང་གཡོན་བརྐྱང་བ་གཟིག་གི་པགས་པའི་ཤམ་ཐབས་དང་དུར་ཁྲོད་རུས་པའི་དྲ་བས་བརྒྱན་པ། ཡབ་ཡུམ་གཉིས་སུ་མེད་པར་བསྐལ་པའི་མེ་རབ་ཏུ་འབར་བའི་ཀློང་


TR008_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ན་བཞུགས་པའི་ཐུགས་ཀའི་ཧཱུྃ་ལས། ཤར་དུ་ཐུགས་ལས་སྤྲུལ་ཏེ་བཛྲ་ཧེ་རུ་ཀ་འཕྲོས། །ལྷོར་སྐུ་ལས་སྤྲུལ་ཏེ་གཤིན་རྗེའི་གཤེད་པོ། ནུབ་ཏུ་གསུང་ལས་སྤྲུལ་ཏེ་རྟ་མགྲིན་དབང་ཆེན། བྱང་དུ་ཕྲིན་ལས་ལས་སྤྲུལ་ཏེ་རྡོ་རྗེ་གཞོན་ནུ། ཤར་ལྷོར་གཟི་བརྗིད་ལས་སྤྲུལ་ཏེ་བླ་མེད་ཧེ་རུ་ཀ །ལྷོ་ནུབ་ཏུ་རིགས་ལས་སྤྲུལ་ཏེ་རིག་འཛིན་ཐོད་པ་རྩལ། ནུབ་བྱང་དུ་འཇིགས་བྱེད་ལས་སྤྲུལ་ཏེ་དྲེགས་པ་ཀུན་འདུལ། བྱང་ཤར་དུ་སྟོབས་ལས་སྤྲུལ་ཏེ་སྟོབས་ལྡན་ནག་པོ་འཕྲོས། དེའི་སྟེང་གི་ཕྱོགས་སུ་ཁྲོ་བོ་ཆེན་པོ་ཧཱུྃ་ཀ་ར་ཤར་དུ་རྣམ་པར་རྒྱལ་བ། ལྷོར་གཤིན་རྗེ་གཤེད་པོ། ནུབ་ཏུ་རྟ་མགྲིན་རྒྱལ་པོ། བྱང་དུ་བདུད་རྩི་འཁྱིལ་པ། ཤར་ལྷོར་དབྱུག་པ་སྔོན་པོ། ལྷོ་ནུབ་ཏུ་མི་གཡོ་མགོན་པོ། ནུབ་བྱང་དུ་འདོད་པའི་རྒྱལ་པོ། བྱང་ཤར་དུ་ཁམས་གསུམ་རྣམ་རྒྱལ། འོག་ཏུ་སྟོབས་


TR008_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེ། དེ་ཐམས་ཅད་ཀྱི་སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་གསུམ་སྤྲུལ་བསམ་གྱིས་མི་ཁྱབ་པའི་ཕྱག་ན་མཚོན་ཆ་སྣ་ཚོགས་ཀྱི་ཆར་འབེབས་ཤིང་ཞལ་ནས་ཧཱུྃ་སྒྲ་འབྱིན་པ་རོལ་པ་ཁྲོ་བོ་ཆེན་པོའི་དཀྱིལ་འཁོར་དུ་གྱུར། ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་སྤྱི་བོར་ཨཱོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་ལས་འོད་ཟེར་འཕྲོས་པས་འོག་མིན་ནས་ཡེ་ཤེས་པ་སྤྱན་དྲངས། གཉིས་སུ་མེད་པར་གྱུར། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊཿ ན་མོ། །སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི། གསང་སྔགས་དང་རིགས་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། བདེན་པ་ཆེན་པོ་དེ་རྣམས་ཀྱི་མཐུ་དང་ནུས་པ་བྱིན་རླབས་ལ་བརྟེན་ནས། གནོད་བྱེད་ལོག་འདྲེན་བར་ཆད་འབྱུང་པོ། མི་མིན་མི་རུ་བརྫུ་བ། ལྷ་མིན་ལྷ་རུ་བརྫུ་བ་


TR008_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

གང་དག་ཚེ་དང་སྲོག་ལ་བར་དུ་གཅོད་པ། དཀྱིལ་འཁོར་གྱི་མདངས་འཕྲོག་པ། བདུད་རྩིའི་བཅུད་འཕྲོག་པ། གཏོར་མའི་རོ་འཕྲོག་པ། རཀྟའི་ཞག་འཕྲོ་པ། བདུག་སྤོས་ཀྱི་དྲི་འཕྲོག་པ། མེ་ཏོག་གི་མདངས་འཕྲོག་པ། མར་མེའི་འོད་འཕྲོག་པ། དྲི་ཆབ་ཀྱི་བསུང་འཕྲོག་པ། ཞལ་ཟས་ཀྱི་གཟུགས་འཕྲོག་པ། རོལ་མོའི་སྒྲ་གཅོག་པ། རྣལ་འབྱོར་པའི་དྲོད་ལ་མྱུལ་ཞིང་སྒྲུབ་པ་པོ་ལ་བར་དུ་གཅོད་པ་ཐམས་ཅད་གནས་འདིར་མ་འདུག་པར་གཞན་ལ་ཕར་བྱེར་ཞིག །དེང་ཞིག །སོང་ཞིག །སརྦ་བྷཱུ་ཏ་ཨུཙྪ་ཊ་ཡ་ཕཊཿ ཞེས། རོལ་མོའི་སྒྲ་དྲག་པོ་དང་ཏིང་འཛིན་གསལ་བས་བགེགས་བསྐྲད་དོ། །སླར་ཡང་ལས་གཞུང་ཉིད་ཀྱི་མཚམས་གཅོད་ལ་རིམ་པ་གསུམ་ཡོད་པའི་དང་པོ་རང་བཞིན་ལྟ་བའི་གདེངས་ཀྱིས་བགེགས་སྐྲོད་པ་ནི། བདག་ཉིད་དཔལ་ཆེན་པོའི་སྐུ་གསུམ་ཐུགས་རྡོ་རྗེ་གསུམ་གྱི་ངོ་བོར་གསལ་བའི་ངང་ནས། ཧཱུྃ། རྒྱལ་བ་ཞི་ཁྲོ་ཡོངས་རྫོགས་དཀྱིལ་འཁོར་དུ། །སྣང་སྲིད་རྣམདག་ཡེ་ཤེས་ལྷ་ཡི་ཚོགས། །ཀུན་བཟང་ཆོས་


TR008_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབྱིངས་ལས་མ་གཡོས་ཀྱང་། །རིག་རྩལ་རྣམ་དག་ཐབས་ཤེས་གཡུ་དྲུང་ལྷ། །འདི་ལ་ལོག་པར་ལྟ་བའི་དགྲ་དང་བགེགས། །བདུད་སྡེ་དཔུངས་བཅས་ཐམས་ཅད་ཕྱིར་དེངས་ཤིག །ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ། གྲྀཧྣ་གྲྀཧྣ་ཧཱུྃ། གྲྀཧྣ་པཱ་ཡ་གྲྀཧྣ་པཱ་ཡ་ཧཱུྃ། ཨཱ་ན་ཡ་ཧོ། བྷ་ག་ཝཱ་ན། བཛྲ་བི་དྱཱ་རཱ་ཛཱ་ཡ་ཧཱུྃ་ཕཊཿ གཉིས་པ་དྲག་པོ་མཚོན་ཆའི་མཚམས་ཀྱི་བསྲུང་བ་ནི། བདག་ཉིད་དཔལ་ཀྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་གྱི་མཚོན་ཆ་སྣ་ཚོགས་བུ་ཡུག་འཚུབ་པ་བཞིན་འཕྲོས་པས་གུར་ཁང་དུ་གྱུར་པར་དམིགས་ལ། ཧཱུྃ། བདག་ཉིད་དཔལ་ཆེན་ཁྲག་འཐུང་ཐུགས་ཀ་ནས། །དྲག་པོའི་བྱིན་རླབས་མཚོན་ཆའི་འོད་ཟེར་འཕྲོ། །མཚོན་ཆའི་གུར་ཆེན་ཡེ་ཤེས་མེ་དཔུང་འབར། །ཕྱོགས་མཚམས་སྟེང་འོག་ཀུན་ཏུ་ཁྱབ་པར་བསྲུང་། ཨོཾ་བཛྲ་ཙཀྲ་ཏཱིཀྵཱ་ཀརྨ་ཀཱི་ལ་ཡཿ ཛྭ་ལ་རཾ་ཧཱུྃ་ཕཊཿ གསུམ་པ་ཁྲོ་བོ་རོལ་པའི་


TR008_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ཀྱིས་ཚར་བཅད་པ་ནི། སླར་ཡང་བདག་གི་ཐུགས་ཀའི་ཧཱུྃ་ལས་སྤྲུལ་པའི་ཁྲོ་ཚོགས་མཐིང་ནག་རབ་འཇིགས་གྲངས་མེད་འཕྲོས་པས། ཕྱོགས་བཅུའི་བགེགས་རིགས་ཐམས་ཅད་བསྒྲལ་ཏེ་རྣམ་ཤེས་ཆོས་དབྱིངས་སུ་སྤར་ཞིང་གཟུགས་ཕུང་གདན་དུ་བཏིང་བའི་ཁར་བཞུགས་ནས་བར་ཆད་བསྲུང་བར་བསམ་ལ། ཧཱུྃ། དྲེགས་པ་ལྷ་ཆེན་ཕྱོགས་སྐྱོང་བསྣོལ་བའི་སྟོང་། །ཆེ་མཆོག་ལ་སོགས་དཔལ་ཆེན་ཁྲོ་རྒྱལ་ཚོགས། །གར་དགུའི་ཚུལ་གྱིས་ཧཱུྃ་སྒྲ་སྒྲོག་ཅིང་བཞུགས། །བར་ཆད་འབྱུང་པོ་ཐམས་ཅད་རྡུལ་དུ་རློག །ཨོཾ་བཛྲ་ཀྲོ་དྷ་སྭ་བྷཱ་ཝ་ས་མ་ཡ་རུ་ལུ་རུ་ལུ་ཧཱུྃ་ཕཊཿ ཧཱུྃ་ཧཱུྃ་ཧཱུྃ། བི་ཤྭ་བཛྲ་ཙཀྐྲ་ཛྭ་ལ་མཎྜ་ལ་ཧ་ལ་ཧ་ལ་ཧཱུྃ་ཕཊཿ ཧཱུྃ། ཕྱོགས་མཚམས་ཀུན་ཏུ་རྡོ་རྗེའི་མེ། །རྣམ་པར་འཕྲོ་བ་རབ་བསམ་སྟེ། །མ་རུངས་པ་དག་ཚིག་བྱས་ནས། །ཕྱོགས་བཅུ་རབ་ཏུ་འཕྲོ་བར་གྱུར། །ཕྱོགས་མཚམས་ཕུར་བུས་གདབ་ནས་ཀྱང་། སྟེང་འོག་ཡན་ལག་བྱིན་རླབས། བཛྲ་བཛྲ་བཛྲ་རྃ་ཡྃ་ཝྃ།


TR008_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་འགྲོའི་ལས་རིམ་གཉིས་པ་བརྡ་སྒོ་དབྱེ་བ་ནི། སྣོད་དང་བཅུད་གཞལ་ཡས་ཁང་དང་ལྷའི་རང་བཞིན་ཡེ་ནས་ཡིན་པའི་ཡིན་ཚུལ་དྲན་པར་བྱས་ཏེ། ཧཱུྃ། སྣང་སྲིད་ཐམས་ཅད་བདེ་ཆེན་གཞལ་ཡས་ཁང་། །གཟུགས་སྣང་ཐམས་ཅད་རང་རིག་ཡེ་ཤེས་ལྷ། །དེ་ཉིད་མ་རྟོགས་མ་རིག་སྒོ་བཅད་པས། །རང་གསལ་ཡེ་ཤེས་འཆར་སྒོ་ད་ཕྱེས་ཅིག །བྷྲུྃ་པྲ་བེ་ཤ་ཡ་ཕཊཿ གསུམ་པ་བརྡ་ཕྱག་འཚལ་བ་ནི། སྣོད་བཅུད་ལྷའི་དཀྱིལ་འཁོར་དེ་ཐམས་ཅད་ཀྱང་རང་སེམས་ལས་གཞན་དུ་མ་མཆིས་པར་རང་ངོ་ཤེས་པའི་ཕྱག་འཚལ་བ་ནི། ཧཱུྃ། རང་བྱུང་ཡེ་ཤེས་སྙིང་པོ་སེམས་ཀྱི་ལྷ། །མ་རྟོགས་རང་ངོ་རང་གིས་མ་ཤེས་པས། །ཡེ་ནས་རང་དང་འགྲོགས་ཀྱང་ཞལ་མ་མཇལ། །རང་གསལ་བརྡ་ཡི་དོན་དང་མཇལ་ཕྱག་འཚལ། ཧཱུྃ་ཧེ་རུ་ཀ །ཨ་ཏི་པུ་ཧེ། པྲ་ཏྲཱིཙྪ་ཧོ། བཞི་པ་ལྷ་དང་མི་འབྲལ་བར་དམ་བཅའ་བ་ནི། ལྷ་དང་རང་སེམས་དབྱེར་མེད་ཡིན་པར་སྔན་ཆད་མ་རིག་པ་དེ་ད་ལྟ་རྟོགས་པ་འདི་ལས་མི་འདའ་ཞིང་མི་གཏོང་བར་ཞེ་དམ་བཅས་ཞིང་། ཧཱུྃ། དུས་གསུམ་


TR008_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

བདེར་གཤེགས་རྒྱལ་བ་ཞི་ཁྲོའི་ཚོགས། །བསྐལ་པ་སྔོན་འདས་དུས་ནས་ཡི་དམ་ལྷ། །ད་ལྟ་གཉིས་མེད་དོན་དམ་རང་ངོ་ཤེས། །སྲོག་གི་ཕྱིར་ཡང་མི་བཏང་བསྒྲུབ་ལགས་སོ། །ཧཱུྃ་བཛྲ་ཙིཏྟ་ས་མ་ཡ་ཧཱུྃ། བཛྲ་ས་མ་ཡ་ཛཿ ས་མ་ཡ་ཧཱུྃ། ལྔ་པ་བྱིན་དབབ་པ་ནི། བདག་གི་ཐུགས་སྲོག་ཧཱུྃ་ལས་དད་པའི་འོད་ཟེར་ལྕགས་ཀྱུ་ལྟ་བུ་གྲངས་མེད་པ་འཕྲོས་པས། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་དམ་རྒྱུད་བསྐུལ་ཏེ་སངས་རྒྱས་མ་ལུས་རྒྱལ་བ་ཞི་ཁྲོ་ཡོངས་རྫོགས་ཀྱི་ལྷའི་རྣམ་པར་བྱོན་ནས་བདག་ལ་དབང་བསྐུར། གནས་ཁང་ཡོ་བྱད་དཀྱིལ་འཁོར་མཆོད་རྫས་ཐམས་ཅད་ལ་བྱིན་གྱིས་བརླབས་པར་མཛད་ཅིང་བདག་དང་སྣོད་བཅུད་ཐམས་ཅད་ཡེ་ཤེས་ཆེན་པོའི་རང་བཞིན་དུ་གྱུར་པར་མོས་ལ། ཧཱུྃ། ཆོས་དབྱིངས་ཡེ་ཤེས་ལྔ་ཡི་ཕོ་བྲང་ནས། །ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང་། །ལོངས་སྐུ་རིགས་ལྔ་ཞི་ཁྲོ་འཁོར་དང་བཅས། །སྤྲུལ་སྐུ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་རྣམས། །ཐུགས་དམ་དབང་གིས་གནས་འདིར་གཤེགས་སུ་གསོལ། །སྐུ་གསུང་ཐུགས་ཀྱི་བྱིན་


TR008_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བརླབ་ཏུ་གསོལ། །ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་གསོལ། །གསང་བའི་དཀྱིལ་འཁོར་འདི་ལ་བྱིན་ཅིག་ཕབ། །ཁྱེད་ཀྱི་ཐུགས་རྗེས་མཆོག་གིས་བཟུང་དུ་གསོལ། ཨོཾ་ཤྲཱི་བཛྲ་ཀྲོ་དྷ་ཧེ་ཝ་དེ་ཝ་སརྦ་དུཥྚན་ཌཱ་ཀི་ནཱི་ས་མ་ཡ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཨཱ་ཝེ་ཤ་ཡ་ཨ་ཨཱཿ། དྲུག་པ་མཆོད་པ་འབུལ་བ་ནི། མཆོད་པ་བྱིན་རླབས་རྒྱས་པར་སྤྲོ་ན་སངས་རྒྱས་དྭགས་སྟོན་པས་མཛད་པའི་སྐབས་འདིར་གུ་རུ་རིན་པོ་ཆེའི་ཚིག་བདུན་གསོལ་འདེབས་ཀྱིས་བྱིན་འབེབས་བྱ་བ་ཡང་། ཆོས་དབང་རིན་པོ་ཆེའི་ཕྱག་བཞེས་སོ། །ལྷན་ཐབས་སོགས་གཞན་ནས་འབྱུང་བ་བཞིན་དང་། བསྡུས་པ་ནི་གོང་གི་བྱིན་འབེབས་དེས་སྣོད་བཅུད་མ་ལུས་བྱིན་གྱིས་བརླབས་པ་ཡིན་ཕྱིར་དེས་ཆོག་ཅིང་། འབུལ་ཚིག་ནི། མཆོད་བྱ་མཆོད་བྱེད་གཉིས་མེད་དུ་ཤེས་པའི་ངང་ནས། ཧཱུྃ། རང་དང་གཉིས་མེད་ལྷ་ཚོགས་ལ། །མར་མེ་སྨན་གཏོར་རཀྟ་དང་། །ཕྱི་ནང་གསང་བའི་མཆོད་སྤྲིན་གཏིབས། །ཐུགས་དམ་བསྐང་ཕྱིར་འབུལ་གྱི་བཞེས། ཨོཾ་ཨཱཿཧཱུྃ། བཛྲ་པུཥྤེ་ཧཱུྃ། བཛྲ་དྷུ་པེ་ཧཱུྃ།


TR008_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ཨཱ་ལོ་ཀེ་ཧཱུྃ། བཛྲ་གནྡྷེ་ཧཱུྃ། བཛྲ་ནཻ་ཝི་དྱཱ་ཧཱུྃ། བཛྲ་ཤབྟ་ཧཱུྃ། བཛྲ་སརྦ་པཱུ་ཛ་མེ་གྷ་ཧཱུྃ། དེས་ནི་ཕྱི་མཆོད་རྣམས་བྱིན་གྱིས་བརླབས་ཅིང་ཕུལ་ནས། ནང་མཆོད་སྨན་གཏོར་རཀྟ་བྱིན་བརླབས་པ་ཡང་། རྒྱས་པར་སྤྲོ་ན་གཞན་ནས་བྱུང་བ་ལྟར་དང་། བསྡུ་ན་གཏེར་གཞུང་ཉིད་ཀྱི་སྔགས་ཀྱིས་བྱིན་རླབས་འདི་ནས་འགྲུབ་སྟེ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཐཱ། ཞེས་ལན་བདུན་ནམ་གསུམ་གྱིས་རྩ་བརྒྱད་ཡན་ལག་སྟོང་སྦྱར་གྱི་བདུད་རྩིའི་རྒྱ་མཚོར་གྱུར་པར་མོས། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིནྟ་ཏེ་ཇོ་བ་ལིནྟ་བ་ལ་བྷ་ཏེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། ཞེས་བཟླས་པས་དམ་རྫས་གཏོར་མ་འདོད་ཡོན་ཕུན་ཚོགས་ནམ་མཁའ་དང་མཉམ་པར་བསམ། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཕཊཿ ཞེས་བཟླས་པ་ཙམ་གྱིས་རཀྟའི་རྒྱ་མཚོ་སྟོང་གསུམ་གང་བར་གྱུར་པར་བསམ་མོ། །གསུམ་པ་ཕྱི་ནང་གསང་བའི་མཆོད་པ་ཐམས་ཅད་བྱིན་གྱིས་བརླབས་པ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ། མ་ཧཱ་པཉྩ། མ་ཧཱ་བ་ལིནྟ། མ་ཧཱ་རཀྟ།


TR008_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཧོ་སུ་ཁ་ས་མ་ཡེ་སྭཱ་ཧཱ། ཞེས་བརྗོད་པས་མཆོད་པའི་རྫས་དང་དངོས་པོར་གྱུར་ཚད་ཐམས་ཅད་རྒྱ་ནམ་མཁའི་ཁམས་དང་མཉམ་ཞིང་རྒྱུན་འཁོར་བ་མ་སྟོངས་ཀྱི་བར་དུ་ཟད་པ་མེད་ཅིང་ཡོངས་སུ་འཕེལ་བས། མཆོད་ཡུལ་ཐམས་ཅད་ཀྱི་ཐུགས་རྒྱུད་ལ་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་བསྐྱེད་ནུས་པར་བསམ་མོ།། ༈ །།བདུན་པ་བཤགས་པ་བྱ་བ་ནི། རང་གི་ཐུགས་ལས་སྤྲུལ་པའི་རྩ་གསུམ་ཞི་ཁྲོའི་ལྷ་ཚོགས་མདུན་གྱི་ནམ་མཁའ་གང་བར་བཞུགས་པར་མོས་ལ། ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་དགོངས། །བསྐལ་པ་སྔོན་ནས་ད་ལྟའི་དུས་ཡན་ཆད། །རྩ་བ་ཡན་ལག་དམ་ཚིག་ཉམ་ཆགས་སོགས། །རང་གནོང་འགྱོད་སེམས་དྲག་པོས་མཐོལ་ཞིང་བཤགས། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། བཛྲ་ས་མ་ཡ་ཛཿ ན་ར་ཀ །པྲེ་ཏ་ཀ །ཏིཏྱ་ཀ །ནི་བེ་ཤ །དེ་ཝ་ཨ་ལི་བི་ཤུདྡྷེ། དཀྵ་ཀ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ། ཞེས་བཤགས་པས་སྡིག་སྒྲིབ་ཉམ་ཆགས་ཐམས་ཅད་གཞི་མེད་དུ་བྱང་ཞིང་དག་ནས། མདུན་གྱི་བཤགས་ཡུལ་ཐམས་ཅད་ཀྱང་རང་ཉིད་ལ་


TR008_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་མ་ཐག །རང་ཉིད་ལྷ་ཚོགས་སུ་སྣང་བ་ཐམས་ཅད་ཀྱང་རེ་ཤིག་ལ་སྤྲིན་ནམ་མཁའ་ལ་ཡལ་བ་བཞིན་ཆོས་དབྱིངས་སྟོང་པ་ཆེན་པོར་ཡལ་བར་བསམ་མོ། །དེ་ལྟར་འདི་ཡན་ཆད་ཀྱིས་སྔོན་འགྲོའི་ལས་རིམ་བདུན་པོ་གྲུབ་པའོ།། ༈ །།དེ་ནས་དངོས་གཞིའི་ལས་རིམ་ཉེར་ལྔ་ནི། རྩ་ཐོ་ལས། ཏིང་འཛིན་རྣམ་གསུམ་འབྱུང་རིམ་བརྩེགས། །གཞལ་ཡས་ལྷ་བསྐྱེད་བྱིན་རླབས་བསྐུར། །རང་བཞིན་སྤྱན་དྲངས་བརྟན་པར་བཞུགས། །ཕྱག་དང་ཕྱག་རྒྱ་གླུས་མཆོད་ཅིང་། །ཕྱི་དང་ནང་དང་གསང་མཆོད་འབུལ། །དུག་གསུམ་སྨན་གཏོར་རཀྟ་དང་། །བདུད་རྩི་བསང་ནན་སྦྱོར་སྒྲོལ་མཆོད། །བསྟོད་བཤགས་འཛབ་བཟླས་དངོས་གྲུབ་བླང་། ཞེས་གསུངས་པའི་དངོས་པོར་ཏིང་འཛིན་རྣམ་པ་གསུམ་གྱི་ཐོག་མར་དེ་བཞིན་ཉིད་ཀྱི་ཏིང་འཛིན་ནི། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་སེམས་གདོད་མའི་གནས་ལུགས་ཉིད་ལས་མ་གཡོས་པའི་དོན་ལ་མཉམ་པར་བཞག་ཏེ། ཧཱུྃ། སྤྲོས་མེད་ཡང་དག་དེ་བཞིན་ཉིད། །མཉམ་ཡངས་ཕྱོགས་བྲལ་ཀུན་ཏུ་གདལ། །མ་ནོར་མ་བཅོས་ཆོས་ཀྱི་སྐུ།


TR008_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ལྷུན་གྲུབ་ངང་གི་གསལ། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཏྨ་ཀོ྅ཧཾ། གཉིས་པ་ཀུན་ཏུ་སྣང་བའི་ཏིང་འཛིན་ནི། དེ་ལྟ་བུའི་རང་སེམས་ཆོས་སྐུའི་རང་ཞལ་མ་མཐོང་བའི་སེམས་ཅན་བདག་མེད་ལ་བདག་ཏུ་འཛིན་ཞིང་དངོས་མེད་ལ་དངོས་པར་བཟུང་བས་འཁོར་བ་མཐའ་མེད་དུ་འཁྱམས་པ་རྣམས་ལ་སྟོང་ཉིད་ཀྱི་རྩལ་མདངས་སྙིང་རྗེ་ཕྱོགས་མེད་དུ་བསྒོམ་ཞིང་། ཧཱུྃ། དེ་བཞིན་ཀུན་ཁྱབ་ཀུན་ཏུ་སྣང་། །མ་རིག་འཁྲུལ་སྣང་འཁོར་བའི་ཀློང་། །གཟུང་འཛིན་བག་ཆགས་རབ་ཏུ་འཐས། །མ་རྟོགས་སེམས་ཅན་སྙིང་རེ་རྗེ། ཨོཾ་དྷརྨ་དྷཱ་ཏུ་སྱ་བྷཱ་ཝ་བི་ཤུདྡྷེ་མཎྜ་ལ་ཧཱུྃ། གསུམ་པ་རྒྱུའི་ཏིང་ངེ་འཛིན་ནི། རང་སེམས་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་ངོ་བོ་དེ་ཉིད་སེམས་ཅན་གྱི་དོན་རྒྱ་ཆེར་བྱ་བའི་ཕྱིར། སྤྲུལ་པ་ཐམས་ཅད་སྤྲོ་བའི་གཞིའམ་རྒྱུ་རང་རིག་ཡི་གེ་ཧཱུྃ་མཐིང་ནག་འོད་འབར་བ་གཅིག་ཏུ་གྱུར་པ་ཆོས་དབྱིངས་ནམ་མཁའི་ཐོངས་སུ་ཟླ་བ་ལྟར་ལྡིང་བར་དམིགས་ལ། ཧཱུྃ། ཆོས་རྣམས་རང་བྱུང་རྟེན་འབྲེལ་ཏེ། །རྒྱུ་ལས་མ་བྱུང་གང་ཡང་


TR008_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

མེད། ཧཱུྃ་ནི་ཐམས་ཅད་སྐྱེད་པའི་རྒྱུ། །དགོས་འདོད་འབྱུང་བའི་ཡི་གེ་བསྒོམ། ཙིཏྟ་བཛྲ་ས་མཱ་དྷི་ཧཱུྃ། བཞི་པ་འབྱུང་བ་རིམ་རྩེགས་ནི། རང་རིག་རྒྱུའི་ཡི་གེ་ཧཱུྃ་དེ་ལས་རྃ་ཡྃ་ཁྃ་གསུམ་འཕྲོས་པ་ལས། མེ་རླུང་ཆུ་གསུམ་གྱི་སྐལ་པ་བྱུང་སྟེ་མ་དག་འཇིག་རྟེན་གྱི་སྣོད་བཅུད་ཐམས་ཅད་བསྲེག་གཏོར་བཀྲུས་ནས་ནམ་མཁའ་སྟོང་པ་མཐའ་དབུས་བྲལ་བར་གྱུར་པ་ལ། སླར་ཡང་རྒྱུའི་ཡི་གེ་ཧཱུྃ་ལས་ཡུམ་ལྔའི་རང་བཞིན་འབྱུང་བ་རྣམས་ཀྱི་ས་བོན་ཡི་གེ་རྣམས་འཕྲོ་བར་བསམ་སྟེ། རྃ་ཡྃ་ཁྃ། ཧཱུྃ། བསྐལ་པ་གསུམ་གྱིས་འཇིག་རྟེན་སྟོངས། །ཡི་ནས་དག་པའི་ངང་ཉིད་ལས། །སྣོད་བཅུད་སྦྱང་ཕྱིར་འབྱུང་རིམ་བརྩེགས། །རྣམ་དག་ཡུམ་ལྔའི་མཁའ་ཀློང་གསལ། ཧཱུྃ་ཨེ་ཡྃ་ར་སུྃ་ཀེ༚་རྃ་བྷྲུྃ། ཧཱུྃ། ཨེ་ལས་ནམ་མཁའ་མཐའ་དབུས་མེད། །ཡྃ་ལས་རླུང་གི་དཀྱིལ་འཁོར་སྟེང་། །ར་ལས་རཀྟའི་རྒྱ་མཚོ་འཁྱིལ། །སུྃ་ལས་ཞིང་ཆེན་ས་གཞི་གདལ། །ཀེ༚་ལས་རུས་པའི་རི་རབ་སྟེང་། །རྃ་ལས་བསྐལ་པའི་མེ་དཔུང་འབར།


TR008_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པ་གཞལ་ཡས་ཁང་གདན་དང་བཅས་པ་སྐྱེད་པ་ནི། རྒྱུའི་ཡི་གེ་ཧཱུྃ་ལས་བྷྲུྃ་ཁ་དོག་ལྔ་ལྡན་འཕྲོས་པ་གནས་འགྱུར་བ་ལས་གཞལ་ཡས་ཁང་དུ་གྱུར་ཏེ། ཕྱི་ཕོ་བྲང་ཆེན་པོ་གཅིག་ལ་ནང་དཀྱིལ་འཁོར་ཡོངས་རྫོགས་དགུ་དང་ལྡན་པའི་ཕྱི་རོལ་འཁོར་ཡུག་ཏུ་དུར་ཁྲོད་བརྒྱད་ཀྱིས་བསྐོར་ཞིང་། དེའི་ཕྱི་རོལ་ཏུ་པདྨ་འདབ་སྟོང་ཁ་གྱེན་དུ་ལྟ་བ་དང་། གསེར་གྱི་འཁོར་ལོ་རྩིབས་སྟོང་སྟེང་ནས་མར་ཕུབས་པའི་མཐའ་སྐོར་རྡོ་རྗེའི་བྲག་རིས་བསྐོར་བའི་ཕྱི་ནས་ཡེ་ཤེས་ཀྱི་མེའི་ར་གུར་སྟེང་འོག་ཕྱོགས་མཚམས་ཀུན་ཏུ་འབར་བ། དེའི་ཕྱི་རོལ་འོག་བཞི་ཀེ༚་རུས་ཀྱི་རི་རབ་སྟེང་གི་ཟུར་བཞིར་གཏེར་གྱི་བུམ་པ་རི་བོ་ཙམ་བཞིའི་ཁ་རྒྱན་དཔག་བསམ་གྱི་ཤིང་ལོ་མེ་ཏོག་འབྲས་བུར་འཛོམ་པས་ནམ་མཁའ་ཁྱབ་སྟེ། འདི་དག་གསང་སྔགས་ཀྱི་དཀྱིལ་འཁོར་གཞན་ལས་མ་བཤད་ཀྱང་སྒྲུབ་པ་བཀའ་བརྒྱད་ཀྱི་ཁྱད་ཆོས་ཡིན་ནོ། །གདན་བསྐྱེད་པ་ལ་ཡང་། ཕོ་བྲང་གླིང་དགུ་རེ་རེ་བཞིན་དུ་ནང་གི་དབུས་སུ་གསེར་གྱི་འཁོར་ལོ་རྩིབས་བཞི་མུ་འཁྱུད་དང་བཅས་པ་རེ་རེ་དང་། ཕོ་བྲང་དབུས་མ་གཙོ་མཆོག་གི་གནས་སུ་འཁོར་ལོའི་ལྟེ་བར་ཟླ་གམ་


TR008_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་གཅིག་པ། དེའི་ནང་དུ་ཆོས་འབྱུང་མཐིང་ནག་གྲུ་གསུམ་གྱི་སྟེང་དུ་སྣ་ཚོགས་པདྨ་ཟླ་བ་ཉི་མ་རྣམས་བརྩེགས་པའི་ཁར། དྲེགས་པའི་གདན་ནི། ཚངས་པ། ཁྱབ་འཇུག །དབང་ཕྱུག་དབང་པོ། ཚོགས་བདག །བྷྲིངྒི་རི་རི། དགའ་བྱེད་དབང་ཕྱུག །ཀརྟཱི་ཀ་སྡེ་ལྷ་ཆེན་བརྒྱད། མཐའ་ཡས། དུང་སྐྱོང་། འཇོག་པོ། པད་ཆེན། སྟོབས་རྒྱུ། རིགས་ལྡན། ཧུ་ལནྟ། བ་སུ་ཀ་སྟེ་ཀླུ་ཆེན་བརྒྱད་པོ་རྣམས་བསྣོལ་བའི་ཁར། བྱོལ་སོང་གཙོ་བོ་བརྒྱད་ནི། མི་འཇིགས་པ་སེང་གེ། དཔའ་བ་སྟག །རྔམས་པ་གཟིག །གཏུམ་པ་དོམ། སྟོབས་གླང་པོ་ཆེ། བརྗིད་པ་མ་ཧེ། འཇིགས་པ་ཆུ་སྲིན། གདུག་པ་སྦྲུལ་དང་བརྒྱད་ཀྱིས་གནོན་པ། དེ་དག་གི་སྟེང་དུ་གསེར་གྱི་འཁོར་ལོ་རྩིབས་བཅུ་གཉིས་པ་བཏིང་བའི་ཁར། འཁོར་བའི་རྒྱུ་ཆགས་སྡང་གཉིས་ཀྱི་རང་གཟུགས་དྲེགས་པ་ཅན་ཐམས་ཅད་ཀྱི་གཙོ་བོ་དབང་ཕྱུག་དང་ཨུ་མ་གཉིས་ཁ་སྤུབ་དང་གན་རྒྱལ་དུ་བསྐྱེལ་བའི་གདན་དང་། ཕྱོགས་མཚམས་ཀྱི་གཙོ་བོ་བརྒྱད་ལ་པདྨ་ཉི་ཟླའི་སྟེང་དུ། ཤར་དུ་རུ་དྲ་ཕོ་མོ་བསྣོལ་བ་ལྷོར་ཆུང་གླང་ཟུང་བཞི། ནུབ་ཏུ་ཀླུ་རྒྱལ་ཕོ་མོ། བྱང་དུ་ལྷ་ཆེན་ཕོ་མོ། ཤར་ལྷོར་སྲིད་པའི་ཕོ་མོ་བསྣོལ་


TR008_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

བ། ལྷོ་ནུབ་ཏུ་དར་ཟབ་སྣ་ལྔའི་འབོལ་སྟན། ནུབ་བྱང་དུ་འཇིག་རྟེན་དྲེགས་པ་བསྣོལ་བ། བྱང་ཤར་དུ་དགྲ་གེགས་བསྣོལ་བའི་གདན་གྱིས་མཚན་པ། རྩིབས་བཞི་རེ་རེ་ལ་ཡང་པདྨ་ཉི་ཟླ་དགྲ་གེགས་ཀྱི་གདན་དང་། སྒོ་བ་རྣམས་ལ་བམ་རོའི་གདན་རེ་དང་བཅས་པ་བསྐྱེད་དེ། ཧཱུྃ། བྷྲུྃ་ལས་རིན་ཆེན་གཞལ་ཡས་ཁང་། །དུར་ཁྲོད་རབ་འཇིགས་དཀྱིལ་འཁོར་བསྐྱེད། །ཟླ་གམ་ཡེ་ཤེས་འཆར་སྒོའི་དབུས། །ཆོས་སྐུ་འགྱུར་མེད་ཨེ་རུ་གསལ། །བྷཉྫ་སྐམ་རློན་ཕོ་བྲང་བརྩིགས། །རིན་ཆེན་མཛེས་པའི་དཀྱིལ་འཁོར་དགུ། །འཁོར་ལོ་རྩིབས་བཞི་མུ་འཁྱུད་བཅས། །གྲུ་ཆད་བར་འཁྱམ་སྒོ་འཁྱུད་རྫོགས། །རང་བྱུང་ལྷུན་གྲུབ་ངོ་མཚར་ཆེ། །དྲེགས་པ་པདྨ་ཉི་ཟླའི་གདན། །གཙོ་དང་འཁོར་ལ་འཚམ་པར་བསལ། བྷྲུྃ་བི་ཤྭ་བི་ཤུདྡྷེ། བྷཉྫ་ཛྙཱ་ན་ཨེ་ཙཀྲ་མཎྜ་ལ་བྷྲུྃ། །ཏུ་དྲ་ཀྲོ་དྷི་ཏི་ར་བམ། མ་སཱུ་རྱ་མཎྜ་ལ། ཨ་ཙནྟྲ་མཎྜ་ལ། སམ་པདྨ་མཎྜ་ལ།། ༈ །།དྲུག་པ་ལྷ་བསྐྱེད་པ་ནི། དེ་ལྟར་འབྱུང་རིམ་གཞལ་ཡས་གདན་དང་བཅས་པ་གསལ་


TR008_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ངང་ནས། རང་སེམས་རྒྱུའི་ཡི་གེ་ཧཱུྃ་དེ་ཉིད་བྱ་ཆེན་བཟླས་ལ་བབས་པ་ལྟར་ནམ་མཁའི་དབྱིངས་ནས་ཕོ་བྲང་དབུས་མའི་གདན་གྱི་སྟེང་དུ་བབས་ཏེ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལ་མཆོད་པ་འབུལ། འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྡུག་བསྔལ་སྦྱངས། བསྟན་པའི་རུ་དྲ་གདུག་པ་ཅན་ཐམས་ཅད་ཚར་བཅད། འོད་ཟེར་ཚུར་འདུས་ནས་ཧཱུྃ་ལ་ཐིམ་པ་ཙམ་གྱིས་གནས་འགྱུར་ཏེ། བདག་ཉིད་གཙོ་མཆོག་ཡབ་ཡུམ་དུ་གསལ་བར་བྱ་བ་འདི་ནི་ཆོ་ག་གསུམ་བསྐྱེད་ཀྱི་སྒོམ་ཚུལ་ཡིན་ལ། རྒྱས་པར་མངོན་བྱང་ལྔ་བསྐྱེད་ཀྱི་ལུགས་སུ་བྱེད་ན་ཧཱུྃ་ཡིག་དེས་འོད་ཟེར་སྤྲོ་བསྡུ་དོན་གཉིས་བྱས་ནས་འོད་ཟེར་ཚུར་འདུས་ཧཱུྃ་ལ་ཐིམ་མ་ཐག་རྡོ་རྗེ་མཐིང་ནག་རྩེ་དགུ་པ་ལྟེ་བར་ཧཱུྃ་གིས་མཚན་པར་གྱུར། དེ་ལས་འོད་འཕྲོས་དོན་གཉིས་གོང་བཞིན་བྱས་ནས་ཚུར་འདུས་ཡོངས་སུ་གྱུར་པ་ལས་གཙོ་མཆོག་གི་སྐུར་གསལ་བའོ། ཧཱུྃ། རྒྱུ་ཡི་ཡི་གེ་གདན་ལ་བབས། །སྤྲོ་བསྡུའི་སྦྱོར་བས་དཔལ་ཆེན་སྐུ། །བདག་ཉིད་ཆེ་མཆོག་ཧེ་རུ་ཀ །མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། །ཞབས་བཞི་གྱད་ཀྱི་དོར་ཐབས་


TR008_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །རིགས་ལྔས་དབུས་བརྒྱན་ཐུགས་སྲོག་ཧཱུྃ། །སྤྱན་དགུ་ཞལ་བགྲད་མཆེ་བ་གཙིགས། །གཡས་ཀྱི་ཕྱག་གསུམ་རྡོ་རྗེ་གསོར། །གཡོན་གྱི་ཕྱག་གསུམ་བྷན་དམར་འཛིན། །དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྒྱན། །གནམ་ཞལ་ཡུམ་ཆེན་ཀུན་བཟང་འཁྲིལ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། །གཡས་པ་གཙོར་འཁྱུད་ཁ་ཊྭཱྃ་བསྣམས། །གཡོན་པ་དུང་དམར་གཙོ་ལ་སྟོབ། །ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས། །རིགས་བཞི་ལྷ་ཚོགས་འཁོར་བཅས་གསལ། །བསྐལ་པའི་མེ་དཔུངས་ཀློང་ན་བཞུགས། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊཿ མ་ཧཱ་ཀྲོ་དྷི་ཤྭ་རི་སྟྭཾ། དེ་ནས་ཡབ་ཡུམ་ཀྱི་མཁའ་གསང་བྱིན་བརླབས་ཅིང་ཐབས་ཤེས་བདེ་སྦྱོར་གྱི་བྱང་ཆུབ་སེམས་ལས་སྲས་འཁོར་སྤྲོ་བ་ནི། མ་སཱུརྱ་མཎྜ་ལ་ཧཱུྃ་བཛྲ་ཨོཾ། ཨ་ཙནྡྲ་མཎྜ་ལ་ཨེ་ཨཾ། ས་མ་


TR008_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ཧོ། ས་མ་ཡ་སྟྭཾ། ར་ཧོ་ཧཾ། ར་ག་ཡ་མི། ཛཿཧཱུྃ་བྃ་ཧོ། ས་མ་ཡ་མུ་དྲ་པྲ་ཝེ་ཤ་ཡ་ཕཊཿ ཨོཾ་ཨོཾ་ཨོཾ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊཿ སྥ་ར་ཎ་ཕཊཿ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། དེ་ལྟར་ཡབ་ཡུམ་སྦྱོར་བའི་བྱང་སེམས་ཡུམ་གྱི་པདྨ་ནས་ཡབ་ཀྱི་གསང་བའི་ལམ་དུ་ཡར་ལོག་པ་ཧཱུྃ་མཐིང་ནག་ཉིས་འབྲེལ་བརྒྱད་དུ་གྱུར་པ་རྣམས་གཙོ་བོའི་ཐུགས་ཀ་ནས་ཕྱིར་འཕྲོས་ཏེ་ཕྱོགས་མཚམས་བརྒྱད་ཀྱི་གདན་ཐོག་ཏུ་བབས་གནས་གྱུར་བས་ལྷ་སོ་སོའི་སྐུར་གྱུར་པར་བསམ་ལ། ཧཱུྃ། དཔལ་ཆེན་ཡབ་ཡུམ་ཐུགས་ཀ་ནས། །ཕྱོགས་བཞི་མཚམས་བཞིའི་དཀྱིལ་འཁོར་དུ། །མཐིང་ནག་ཧཱུྃ་ཆེན་ཡིག་འབྲུ་སྤྲོ། །ཁྲག་འཐུང་ཡབ་ཡུམ་སྲས་བཅས་བསྐྱེད། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཧཱུྃ། ཤར་དུ་བཛྲ་ཧེ་རུ་ཀ །བཛྲ་ཀྲོ་དྷི་ཤྭ་རི་ཡུམ། རིགས་བཞི་ལ་སོགས་འཁོར་བཅས་ལ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊཿ ཧཱུྃ། ལྷོ་རུ་འཇམ་དཔལ་གཤིན་རྗེའི་གཤེད།


TR008_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཟ་བྱེད་བཻ་ཏྲ་ནག་མོ་ཡུམ། རིགས་བཞི་ལ་སོགས། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ། ཧཱུྃ་ཕཊཿ ཧཱུྃ། ནུབ་ཏུ་དབང་ཆེན་རྟ་མཆོག་དཔལ། །པདྨ་གཟི་ལྡན་ཁྲོ་མོ་ཡུམ། རིགས་བཞི། ཨོཾ་པདྨ་ཏ་ཀྲྀ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ ཧཱུྃ། བྱང་དུ་རྡོ་རྗེ་གཞོན་ནུ་ཆེ། འཁོར་ལོ་རྒྱས་འདེབས་དཔལ་གྱི་ཡུམ། རིགས་བཞི། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཡ། སརྦ་བིགྣན་བཾ་ཧཱུྃ་ཕཊཿ ཧཱུྃ། ཤར་ལྷོར་བླ་མེད་ཧེ་རུ་ཀ །ཉིད་བཞི་བདེ་མཆོག་ཆེན་མོ་ཡུམ། །མ་ལྔ་ལ་སོགས་འཁོར་བཅས་གསལ། །ཨཱོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ །ཀྲོ་དྷི་ཤྭ་རི་ཧཱུྃ་ཕཊཿ ཧཱུྃ། ལྷོ་ནུབ་རིག་འཛིན་ཐོད་པ་རྩལ། །རྡོ་རྗེ་རྣལ་འབྱོར་གསང་བའི་ཡུམ། །རིགས་བཞི། ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་ཧཱུྃ་ཕཊཿ ཧཱུྃ། ནུབ་བྱང་དྲེགས་པ་ཀུན་འདུལ་ཆེ། ཁམས་གསུམ་སྲིད་པའི་སྤྱི་འདུལ་ཡུམ།


TR008_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་བཞི་ལ༴ ཨོཾ་བཛྲ་ཙཎྜ་སརྦ་དུཥྚན་ཧཱུྃ་ཕྲཊཿ ཧཱུྃ། བྱང་ཤར་སྟོབས་ལྡན་ནག་པོ་ཆེ། །འབྱུང་བ་ལྔ་ཡི་བདག་མོ་ཡུམ། རིགས་བཞི། །ཨོཾ་བཛྲ་སརྦ་དུཥྚན་ཨེ་ཛ་བྷྱོ་ཧཱུྃ་ཕཊཿ ཧཱུྃ། ཉི་མ་དང་ནི་འོད་ཟེར་བཞིན། །དཔལ་ཆེན་སོ་སོའི་སྤྲུལ་འཁོར་བཅས། །ཕྱི་རོལ་སྒོ་བ་རིགས་བཞི་ནི། །ཡ་མན་པྲཛྙཱ་པདྨ་བིག །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོགས་དྲིལ། །ཚོམ་བུ་དགུ་ཡི་ལྷ་ཚོགས་རྣམས། །སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས། །མ་འདྲེས་ཡོངས་སུ་རྫོགས་པར་གསལ། ཛཿཧཱུྃ་བྃ་ཧོ། ཧཱུྃ། ཕྱི་རོལ་ལྕགས་རི་ཁོར་ཡུག་ལ། །མཁའ་འགྲོ་དབང་ཕྱུག་གིང་ལངྒ། །འབར་མ་མ་སྲིང་བཀའ་སྡོད་ཚོགས། །བསམ་གྱིས་མི་ཁྱབ་ཡོངས་རྫོགས་གཏིབས། །མ་ཧཱ་མུ་དྲ་ས་མ་ཡ་ཧོ།། ༈ །།དེ་ལྟར་ཕོ་བྲང་གླིང་དགུ་རེ་རེ་བཞིན་དུ་གཙོ་བོ་ཡབ་ཡུམ་གྱི་ཕྱོགས་བཞིར་རིགས་བཞི་ཡབ་ཡུམ་དང་། ལྷག་མ་ཐམས་ཅད་རང་རང་བར་འཁྱམས་སུ་བཞུགས་ཤིང་། སྒོ་བཞིར་རང་རང་གི་སྒོ་བ་རྣམས་དང་བཅས་


TR008_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡོངས་བསྡོམ་གྱི་ལྷ་གྲངས་ནི། ཆེ་མཆོག་ཡོན་ཏན་གྱི་ལྷ་ཚོགས་སུམ་ཅུ་སོ་གཉིས། ཡང་དག་ཐུགས་ཀྱི་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད། འཇམ་དཔལ་སྐུའི་ལྷ་ཚོགས་ལྔ་བཅུ་རྩ་དགུ། པདྨ་གསུང་གི་ལྷ་ཚོགས་དགུ་བཅུ་རྩ་བརྒྱད། ཕུར་པ་ཕྲིན་ལས་ལྷ་ཚོགས་བདུན་བཅུ་རྩ་བཞི། མ་མོ་རྦོད་གཏོང་ལྷ་ཚོགས་བདུན་ཅུ་དོན་དགུ། རིག་འཛིན་སློབ་དཔོན་ལྷ་ཚོགས་ཉི་ཤུ་རྩ་དྲུག འཇིག་རྟེན་མཆོད་བསྟོད་ཀྱི་ལྷ་ཚོགས་བཞི་བཅུ་ཐམ་པ། དམོད་པ་དྲག་སྔགས་ཀྱི་ལྷ་ཚོགས་ཉི་ཤུ་རྩ་བརྒྱད། དཔལ་གྱི་བཀའ་སྡོད་ཀྱི་ལྷ་ཚོགས་ཉིས་བརྒྱ་དང་སོ་དྲུག་རྣམས་བསྡོམས་པས་བདུན་བརྒྱ་ཉེར་ལྔར་བསྡུས་པ་ཡིན་ནའང་། ནང་ཚན་དུ་ཕྱེས་ན། འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ་འབུམ་ཚོ་ཉི་ཤུ་ཡོད་ཀྱང་ཡོད་ཀྱང་འདིར་དེ་དག་གི་གཙོ་མོ་ཉི་ཤུ་ལ་བསྡུས་ནས་བགྲངས་པ་ཡིན་ནོ། །དེ་ལྟར་ལྷ་ཚོགས་ཐམས་ཅད་ཀྱང་ངོ་བོ་གཅིག་ལ་རྣམ་འགྱུར་ཐ་དད་པའི་གཙོ་བོ་སོ་སོའི་འཁོར་ཐམས་ཅད་ཀྱང་ཉི་མ་དང་འོད་ཟེར་གྱི་ཚུལ་ལྟར་རང་བྱུང་ལྷུན་གྲུབ་ཏུ་གསལ་བའི་ལྷ་ཐམས་ཅད་ཀྱི་སྤྱི་བོར་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་ཨོཾ་དཀར་པོ། མགྲིན་པར་པད་དམར་འདབ་བརྒྱད་ཀྱི་ཟེའུ་འབྲུར་ཨཱཿདམར་པོ། ཐུགས་ཀར་


TR008_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རྒྱ་གྲམ་མཐིང་གའི་ལྟེ་བར་ཧཱུྃ་མཐིང་ནག་གིས་མཚན་པ་རེ་རེ་བསྒོམ་པར་བྱའོ།། ༈ །།བདུན་པ་དབང་བསྐུར་བ་ནི། ལྷ་ཐམས་ཅད་ཀྱི་གནས་གསུམ་འབྲུ་གསུམ་ལས་འོད་འཕྲོས་འོག་མིན་ཆོས་ཀྱི་དབྱིངས་ནས་རྒྱལ་བ་ཀུན་བཟང་རིགས་ལྔ་ཡབ་ཡུམ་ལ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཉི་ཟེར་གྱི་རྡུལ་བཞིན་བྱོན་ནས་བདག་དམ་ཚིག་འཁོར་བཅས་རྣམས་ལ་སྐུ་གསུམ་ཡེ་ཤེས་ལྔའི་དབང་བསྐུར་བར་མོས་ལ། ཧཱུྃ། རང་བྱུང་དཀྱིལ་འཁོར་དཔལ་ཆེན་ཚོགས། །མཐུ་རྩལ་ཡོངས་སུ་རྫོགས་བྱའི་ཕྱིར། །སྐུ་གསུང་ཐུགས་སུ་བྱིན་རླླབས་ལ། །ཡེ་ཤེས་རྣམ་ལྔའི་དབང་བསྐུར་ཅིག །ཨོཾ་ཨཱཿཧཱུྃ། ཨོཾ་ཧཱུྃ་སྭཱ་ཧྲཱིཿཧ་ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཀྩི་ཏྟྟ་ཛྙཱ་ན་པཉྩ་བཛྲ་སཱ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཞེས་དབང་བསྐུར་བའི་དབང་རྟགས་སུ་ལྷ་ཐམས་ཅད་ཀྱི་དབུའི་གཙུག་ཏུ་ཀུན་བཟང་དང་། གཞན་རྒྱལ་བ་རིགས་ལྔ་རྣམས་ལྷ་སོ་སོའི་རིགས་མཐུན་གྱིས་གཙོ་བོ་མཛད་པའི་རིགས་ལྔས་དབུ་བརྒྱན་པའོ། །བརྒྱད་པ་ཡེ་ཤེས་པ་སྤྱན་དྲངས་བ་ནི། ལྷ་གཙོ་འཁོར་རང་རང་སོ་སོའི་ཐུགས་ཀ་ནས་འོད་ཟེར་


TR008_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མེད་བཞིའི་ལྷ་མོ་གྲངས་མེད་པ་འཕྲོས་པས། རང་བཞིན་གྱི་གནས་ན་ཡེ་ཤེས་སེམས་དཔའ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བས། ཆོས་སྐུ་ལས་གཟུགས་སྐུར་བཞེངས་ཏེ་ནམ་མཁའི་ཁམས་་ཁེངས་པར་བྱོན་པའི་མོས་པ་དང་དད་གདུང་བསྐྱེད་ལ། ཧཱུྃ། རྣམ་དག་ཆོས་དབྱིངས་མཉམ་ཉིད་ལས། །ཞི་ཁྲོ་ཡོངས་རྫོགས་སྐུ་བཞེངས་ལ། །སྲིད་གསུམ་གདུག་པའི་ཚོགས་བསྒྲལ་ཕྱིར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། ཨོཾ་ཨེ་ཧྱེ་ཧེ་ཛཿཧཱུྃ་བྃ་ཧོ། ས་མ་ཡ་ཧྲི༚་ཧྲི༚་ཛཿ དགུ་པ་བཞུགས་གསོལ་ནི། དེ་ལྟ་བུའི་ལྷ་ཚོགས་ཐམས་ཅད་ཡེ་ནས་རང་རིག་ཡེ་ཤེས་སུ་དབྱེར་མེད་ཀྱང་། རྣམ་པ་སྒྱུ་མ་ཙམ་དུ། གཙོ་བོ་ལ་གཙོ་བོ། འཁོར་ལ་འཁོར་གཉིས་མེད་དུ་ཐིམ་པར་བསམ་ཞིང་། ཧཱུྃ། བདེར་གཤེགས་ཀུན་འདུས་དཀྱིལ་འཁོར་འདིར། །དམ་ཚིག་ཡེ་ཤེས་དབྱེར་མེད་པར། །ཆུ་ལ་ཆུ་བཞག་ཇི་བཞིན་དུ། །དུ་མ་རོ་གཅིག་བརྟན་པར་བཞུགས། །ས་མ་ཡ་ཨ་ཝེ་ཤ་ཡ་ཏིཥྛ་སྟྭཾ། བཅུ་པ་ཕྱག་འཚལ་བ་ནི་


TR008_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཀྱི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་བཞི་ལ་རང་འདྲའི་འཁོར་ཚོགས་གྲངས་མེད་པས་བསྐོར་བ་འཕྲོས་པས་དཀྱིལ་འཁོར་གྱི་ཕྱོགས་བཞི་ནས་ཕྱག་བསམ་གྱིས་མི་ཁྱབ་པ་བཙལ་ནས་སླར་རང་གི་ཐུགས་ཀར་ཐིམ་པར་བསམ་ཞིང་། ཧཱུྃ། ཆོས་རྣམས་རང་བཞིན་ཡེ་ནས་དག །རྟོག་འཁྲུལ་འཇིག་རྟེན་སེམས་ཅན་ལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྟོན། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ། ཨ་ཏི་པུ་ཧོ། ན་མཿཧྲི། སླར་ཡང་ཕྱག་འཚལ་རྒྱས་པར་སྤྲོ་ན་ཆོས་བཀའ་འདི་ཉིད་ཀྱི་ན་རག་བཤགས་སྐོངས་ནས་གསུངས་པའི་ཕྱག་འཚལ་ཡང་སྐབས་འདིར་དྲངས་ཏེ། ན་མོ། ཡོན་ཏན་ཕུན་ཚོགས་བླ་མ་རྣམས་ལ་ཕྱག་འཚལ་ལོ། །དམིགས་མེད་སྤྲོས་བྲལ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་ལ། །འགྲོ་མགོན་སྤྱིར་ཡང་སྤྲུལ་པའི་སྐུ་ལ༴ གནས་ལུགས་མི་འགྱུར་རྡོ་རྗེའི་སྐུ་ལ༴ ཡང་དག་མངོན་པར་བྱང་ཆུབ་སྐུ་ལ༴ ཉོན་མོངས་ཞི་མཛད་ཞི་བའི་ལྷ་ལ༴ ལོག་ལྟ་ཚར་གཅོད་ཁྲོ་བོའི་ཚོགས་ལ༴ ཐབས་མགོན་ཚེ་བདག་འཇམ་དཔལ་


TR008_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ལ་ཕྱག་འཚལ་ལོ། །སྐྱོན་བྲལ་སྒྲ་སྒྲོག་པདྨ་གསུང་ལ༴ ཡང་དག་དོན་རྟོགས་བཛྲ་ཐུགས་ལ༴ དུག་ལྔའི་ནད་སེལ་བདུད་རྩི་སྨན་ལ༴ དྲེགས་པ་འཇོམས་མཛད་ཕུར་པའི་ཚོགས་ལ༴ འབྱུང་བའི་མངའ་བདག་མ་མོའི་ཚོགས་ལ༴ ས་དང་ལམ་རྫོགས་རིག་འཛིན་རྣམས་ལ༴ བསྟན་པ་སྲུང་མཛད་དམ་ཅན་རྣམས་ལ༴ དགྲ་གེགས་བདུད་འདུལ་སྔགས་བདག་ཚོགས་ལ་ཕྱག་འཚལ་ལོ། །རྩ་བའི་བླ་མ་རྒྱུད་པའི་རྗེ། །དངོས་གྲུབ་སྩོལ་བའི་ཡི་དམ་ལྷ། །ལས་བྱིན་རློབས་པའི་མཁའ་འགྲོ་མ། །རྩ་བ་གསུམ་ལ་ཕྱག་འཚལ་ལོ། །ཕྱི་དཀོན་མཆོག་གསུམ། ནང་རྩ་བ་གསུམ། གསང་བ་སྐུ་གསུམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་པ་འབུལ་ལོ། །སྡིག་པ་བཤགས་སོ། །དགེ་བ་ལ་རྗེས་སུ་ཡི་རང་ངོ་། །སྐུ་མྱ་ངན་ལས་མི་འདའ་བར་འགྲོ་བ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་དུ་གསོལ་ལོ། །བཅུ་གཅིག་པ་ཕྱག་རྒྱ་གར་མཆོད་ནི། སླར་ཡང་བདག་ཉིད་ཀྱི་ཐུགས་


TR008_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ནས་མཆོད་པའི་ལྷ་མོ་བསམ་གྱིས་མི་ཁྱབ་པ། རྣམས་ཀྱིས་མཆོད་པའི་རྣམ་གྲངས་མཐའ་དག་རིམ་པ་བཞིན་འབུལ་བར་དམིགས་ཏེ། ཐོག་མར་ལྷ་སོ་སོའི་སྐུ་མདོག་ཕྱག་མཚན་བཞུགས་སྟངས་སོགས་ཇི་ལྟ་བའི་རྣམ་འགྱུར་དང་མཐུན་པའི་ཕྱག་རྒྱ་གར་གྱིས་མཆོད་པར་བསམ་ལ། ཧཱུྃ། །གདུལ་བྱའི་མོས་བློ་ཐ་དད་པས། །ཞི་དང་ཁྲོ་དང་འདྲེས་པའི་ཚུལ། །སྐུ་མདོག་ཞལ་ཕྱག་བསམ་འདས་ཀྱང་། །ལྷ་རྣམས་གསལ་འདེབས་གར་མཆོད་འབུལ། ཧཱུྃ། དཔེན་ཆེ་མཆོག་ཧེ་རུ་ཀ །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །རིགས་ལྔས་དབུ་བརྒྱན་ཐུགས་སྲོག་གསལ། །གཡས་ཀྱི་ཕྱག་གསུམ་རྡོ་རྗེ་གདེངས། །གཡོན་གྱི་ཕྱག་གསུམ་བྷན་དམར་འཛིན། །ཡུམ་ཆེན་གནམ་ཞལ་ཀུན་བཟང་མོ། །གཡས་པ་གཙོར་འཁྱུད་ཁ་ཊྭཱཾ་ག །གཡོན་པ་ཆགས་པའི་དུང་དམར་སྟོབ། ཡབ་ཡུམ་ཐབས་ཤེས་ཟུང་འཇུག་རྒྱ། །ཕྱག་རྒྱ་གར་གྱི་མཆོད་པ་བཞེས་


TR008_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧཱ་མུ་དྲ་པཱུ་ཛ་ཧོ། ཧཱུྃ། དཔལ་ཆེན་བཛྲ་ཧེ་རུ་ཀ །དབུ་གསུམ་ཕྱག་དྲུག༴ གཡས་དཀར༴ རིགས་ལྔས༴ གཡས་གསུམ་རྩེ་དགུ་ཁ་ཊྭཱཾ་རྔ༴ གཡོན་གསུམ་དྲིལ་བྷན་རྒྱུ་ཞགས་བསྣམས། ཡུམ་ཆེན་ཀྲོ་དྷི་ཤྭ་རི་མ། གཡས་པ་གཙོ་གཡོན་པ་དུང་། ཡབ་ཡུམ་ཐབས་ཤེས༴ ཕྱག་རྒྱ་གར༴ མ་ཧཱ་མུ་དྲ་པཱུ་ཛ་ཧོ། ཧཱུྃ། དཔལ་ལེན་འཇམ་དཔལ་གཤིན་རྗེའི་གཤེད། དབུ་གསུམ༴ གཡས་དཀར༴ རིགས་ལྔས༴ གཡས་གསུམ་བེ་ཅོན་རལ་གྲི་སྟེ། གཡོན་གསུམ་སྡིགས་མཛུབ་མདུང་བྷན་དམར། ཡུམ་ཆེན་བཛྲ་བེ་ཏཱ་ལི། གཡས་པ་གཙོར༴ གཡོན་པ༴ ཡབ་ཡུམ༴ ཕྱག་རྒྱ༴ མ་ཧཱ་མུ༴ ཧཱུྃ། དཔལ་ལེན་རྟ་མགྲིན་པདྨ་དབང་། དབུ་གསུམ༴ གཡས་དཀར་གཡོན་སྔོ་དབུས་དམར་ཞལ། དབུ་གཙུག་རྟ་སྐད་ཕྱོགས་བཅུར་སྒྲོག །རིགས་ལྔས༴ གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་ཞགས། །གཡོན་གསུམ་དྲིལ་བུ་བྷན་དམར་སྒྲོགས།


TR008_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་ཆེན་ཨེ་ཀ་ཛྭ་ཊི་མ། གཡས་པ་གཙོར༴ གཡོན་པ་ཆགས༴ ཡབ་ཡུམ༴ ཕྱག་རྒྱ་གར༴ མ་ཧཱ་མུ༴ ཧཱུྃ། དཔལ་ལེན་རྡོ་རྗེ་གཞོན་ནུ་ཆེ། དབུ་གསུམ༴ གཡས་དཀར༴ རིགས་ལྔས༴ གཡས་གཉིས་རྩེ་དགུ་རྩེ་ལྔ་སྟེ། །གཡོན་གཉིས་མེ་དཔུང་ཁ་ཊྭཾ་ག །མཐའ་གཉིས་རི་རབ་ཕུར་བུ་འདྲིལ། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། གཡས་པ༴ གཡོན་པ༴ ཡབ་ཡུམ་ཐབས་ཤེས༴ ཕྱག་རྒྱ༴ མ་ཧཱ་མུ་དྲ༴ ཧཱུྃ། དཔལ་ཆེན་བླ་མེད་ཧེ་རུ་ཀ །དབུ་གསུམ༴ གཡས་དཀར༴ རིགས་ལྔས༴ གཡས་གསུམ་རྡོ་རྗེ་ཁྱུང་སྦྲུལ་ཞགས། །གཡོན་གསུམ་དུང་དམར་ཞིང་ག་འུ། །ཡུམ་ཆེན་ཉིད་ཞི་མུ་ཁ་ལེ། གཡས་པ༴ གཡོན་པ༴ ཡབ་ཡུམ༴ ཕྱག་རྒྱ༴ མ་ཧཱ་མུ་དྲ་པཱུ་ཛ་ཧོ། ཧཱུྃ། དཔལ་ལེན་རིག་འཛིན་ཐོད་པ་སྩལ། །ཞལ་གཅིག་ཕྱག་གཉིས་ཞབས་གཉིས་བགྲད། །སྐུ་མདོག་དཀར་དམར་རུས་རྒྱན་མཛེས། རིགས་ལྔས༴ རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བསྒྱུར། །ཡུམ་ཆེན་ཆོས་


TR008_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་རྣལ་འབྱོར་མ། །གཉིས་མེད་འཁྲིལ་སྦྱོར་བདེ་ཆེན་བསྐྱེད། གཡས་པ་གཙོར༴ གཡོན་པ་དུང་༴ ཡབ་ཡུམ༴ ཕྱག་རྒྱ༴ མ་ཧཱ༴ ཧཱུྃ། དཔལ་ཆེན་དྲེགས་པ་ཀུན་འདུལ་ཆེ། དབུ་གསུམ༴ གཡས་དཀར༴ རིགས་ལྔས་དབུ༴ གཡས་གསུམ་རྡོ་རྗེ་ལྷ་བརྒྱདམགོ་གཡོན་གསུམ་བྷན་དམར་ཀླུ་བརྒྱད་མགོ། །ཡུམ་ཆེན་སྲིད་པ་སྤྱི་འདུལ་མ། གཡས་པ༴ གཡོན་པ༴ ཡབ་ཡུམ༴ ཕྱག་རྒྱ༴ མ་ཧཱ༴ ཧཱུྃ། དཔལ་ཆེན་སྟོབས་ལྡན་ནག་པོ་ཆེ། དབུ་གསུམ༴ སྐུ་མདོག་མཐིང་ནག་འཇིགས་པ་ལ། རིགས་ལྔས༴ གཡས་གསུམ་རྡོ་རྗེ་ལྷ་བརྒྱད་སྙིང་། །གཡོན་གསུམ་བྷན་དམར་ཀླུ་བརྒྱད་སྙིང་། །ཡུམ་ཆེན་འབྱུང་བ་ལྔ་ཡི་བདག །གཡས་པ་གཟུགས་ཁམས་མཁའ་ལ་འདེགས། །གཡོན་པ་འདོད་ཁམས་ས་ལ་གནོན། ཡབ་ཡུམ༴ ཕྱག་རྒྱ༴ མ་ཧཱ་མུ་དྲ་པཱུ་ཛ་ཧོ། ཧཱུྃ། སོ་སོའི་རིགས་བཞི་འཁོར་ཚོགས་རྣམས། །ཞལ་དང་ཕྱག་མཚན་ཅིར་ཡང་བསྒྱུར། །བདེར་གཤེགས་ཐམས་ཅད་གར་གྱི་


TR008_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བདག །ཕྱག་རྒྱ་གར་གྱི་མཆོད་པ་བཞེས། མ་ཧཱ་མུ་དྲ་པཱུ་ཛ་ཧོ། །བཅུ་གཉིས་པ་གླུ་བྲོའི་མཆོད་པ་ནི། སྤྲུལ་པའི་ལྷ་མོ་རྣམས་ཀྱིས་སྐྱེ་མེད་སྟོང་པའི་གླུ་དང་། འགག་མེད་སྣང་བའི་བྲོའི་བྱེ་བྲག་བསམ་གྱིས་མི་ཁྱབ་པས་མཆོད་པར་བསམ་ལ། ཧཱུྃ། སྟོང་པའི་རང་བཞིན་ཅིར་ཡང་སྣང་། །སྣང་བའི་མཚན་ཉིད་སྐྱེ་བ་མེད། །གླུ་ནི་འདུ་འབྲལ་མེད་པའི་གླུ། །བྲོ་ནི་བར་ཆད་མེད་པར་བརྡུང་། ཨོཾ་མ་ཧཱ་ཛྙཱ་ན་ཏེ་ན་ཧཱུྃ། ཏེ་ན་ཏེ་ཏེ་ཧཱུྃ། དེ་ནས་བཅུ་གསུམ་པ་ཕྱིའི་མཆོད་པ་ནི། ཐུན་མོང་ཐེག་པ་དང་མཐུན་པའི་མཆོད་པ་རྣམ་ལྔ་འབུལ་ཏེ། ཧཱུྃ། རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་དུ། །བདུག་སྤོས་མེ་ཏོག་མར་མེ་དྲི། །ཞལ་ཟས་སིལ་སྙན་མཆོད་པའི་སྤྲིན། །དབྱིངས་ནས་བཏོན་ཏེ་དབྱིངས་སུ་འབུལ། ཨོཾ་ས་ན་སེམ། པེ་ནུ་པ་ར་ཏེ། ཏི་པུ་པ་ར་མུ། སརྦ་ཐཱ་ག་ཏ་སིདྡྷི་ས་མ་ཡ་ཧོ། ཨོཾ་ཤྲཱི་བཛྲ་རཱ་ག་དྷུ་པེ་ཧཱུྃ། ཨོཾ༴ པུཥེྤ་ཏྲཾ། ཨོཾ༴ ཨ་ལོ་ཀཻ་ཧྲཱིཿ ཨོཾ༴ གནྡྷེ་ཧོ། ཨོཾ༴ ནཻ་ཝི་དྱ་ཨཿ ཨོཾ་ཤྲཱི་བཛྲ་རཱ་ག་གཱིརྟི་ཤབྟ།


TR008_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ། བཅུ་བཞི་པ་ནང་འདོད་ཡོན་ལྔའི་མཆོད་པ་འབུལ་བ་ནི། སྣང་སྲིད་སྣོད་བཅུད་ཀྱི་འདོད་ཡོན་མཐའ་དག་བློས་བླངས་ནས་འབུལ་ཞིང་། ཨོཾ། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་གཏིབས། །གཟུགས་སྒྲ་དྲི་རོ་རེག་བྱ་ཚོགས། །འདོད་ཡོན་ལྔ་ལྡན་མཆོད་པ་བཞེས། ཨོཾ་སརྦ་པཱུ་ཛ་ས་མ་ཡ་ཧོ། བཅོ་ལྔ་པ་གསང་མཆོད་ནི། ཉོན་མོངས་པ་དུག་ལྔ་པོ་ཡེ་ནས་ཡེ་ཤེས་ལྔར་ལྷུན་གྱིས་གྲུབ་པའི་རང་བཞིན་དུ་རྟོགས་པའི་མཆོད་པ་འབུལ་ཞིང་། ཧཱུྃ། འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །ང་རྒྱལ་ཕྲ་དོག་ཉོན་མོངས་ལྔ། །ཡེ་ནས་རིམས་ལྔའི་རང་བཞིན་ཏེ། །སྦྱོར་སྒྲོལ་ཏིང་འཛིན་དམ་མཆོད་བཞེས། །ཧ་ལ་པཉྩ་པཱུ་ཛ་ཧོ། ཧ་ལ་པཉྩ་ཁ་རཾ་ཁཱ་ཧི། བཅུ་དྲུག་པ་དེ་ཁོ་ན་ཉིད་དུག་གསུམ་གཏན་ཡན་ལག་གི་མཆོད་པ་ནི་འཁོར་བར་འཁྱམས་པའི་རྒྱུ་རྐྱེན་གྱི་རྩ་བ་དུག་གསུམ་པོ་རྩད་ནས་བཅད་པའི་ཕྱིར། ལྷ་མོ་རྣམས་ཀྱིས་ཁམས་གསུམ་སེམས་ཅན་གྱི་རྒྱུད་ལ་ཡོད་པའི་དུག་གསུམ་ཐམས་ཅད་གཏི་མུག་ཤ །འདོད་ཆགས་


TR008_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག །ཞེ་སྡང་རུས་པའི་རྣམ་པར་ལྷ་ཚོགས་ཀྱི་ཞལ་དུ་ཕུལ་ཞིང་མཆོད་པས། སེམས་ཅན་ཀུན་གྱི་དུག་གསུམ་བག་ཆགས་དང་བཅས་པའི་ཁུངས་སྟོང་པར་བསམ་ལ། ཧཱུྃ། ཤ་ཁྲག་རུས་པ་རྣམ་པ་གསུམ། །དུག་གསུམ་མཆོད་པ་བླ་ན་མེད། །ཡེ་ནས་སྐུ་གསུམ་རང་བཞིན་ཏེ། །རང་གྲོལ་ཉིད་དུ་མཆོད་པ་བཞེས། མ་ཧཱ་མཾ་ས། མ་ཧཱ་རཀྟ། མ་ཧཱ་ཀེ༚་ནི་རི་ཏི་ཁཱ་ཧི། བཅུ་བདུན་པ་བདུད་རྩི་སྨན་མཆོད་བྱ་བ་ལ་གསུམ་སྟེ། སྨན་གྱི་ཆེ་བའི་ཡོན་ཏན་བརྗོད་པ་དང་། ལྷ་ཚོགས་རྣམས་ལ་ཇི་ལྟར་འབུལ་བ་དང་། །སྨན་གྱི་དངོས་གྲུབ་བླང་བ་དང་གསུམ་གྱི་དང་པོ་ནི། ཧཱུྃ། རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་སྒྲུབ་པའི་རྫས། །རྒྱུད་ལྔ་སེམས་ཅན་ཀུན་གྲོལ་ཕྱིར། །དུག་ལྔ་སེལ་བའི་བདུད་རྩི་ཆེ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཐཱཿ གཉིས་པ་བདུད་རྩིའི་འབུལ་བ་ལ་སྤྱིར་འབུལ་བ་དང་། བྱེ་བྲག་ཏུ་འབུལ་བ་གཉིས་ཀྱི་དང་པོ་ནི། ཧཱུྃ། རྩ་བརྒྱད་ཡན་ལག་སྟོང་


TR008_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བའི། ཐུན་མོང་མཆོག་དང་ཁྱད་འཕགས་འདི། དུས་གསུམ་བླ་མ་ཡི་དམ་ལྷ། རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ལ། རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། ཐུགས་རྗེ་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རྃ་ཁཱ་ཧི། བྱེ་བྲག་རྒྱས་པར་ལྷ་སོ་སོའི་མཚན་དོན་ལྟར་འབུལ་བ་ནི། ཧྲཱི། དམ་སྐོངས་དབང་དང་ཤེས་རྒྱུད་ལུང་སྟོན་པའི། ངེས་པའི་དོན་སྟོན་རྡོ་རྗེའི་སློབ་དཔོན་ལ། རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེ་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས། །སངས་རྒྱས་བཞི་བཅུ་རྩ་གཉིས་ལྷ་ཚོགས་ལ། རྣམ་དག །ཐུགས་རྗེ་བརྩེར༴ ཁྲོ་བོ་རོལ་པའི་དཀྱིལ་འཁོར་ཆེན་པོ་ནས། ཆེ་མཆོག་ཡོན་ཏན་ལྷ་ཚོགས་འཁོར་བཅས་ལ། རྣམ་དག༴ ཐུགས་རྗེ༴ ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ཆེན་པོ་ནས། ཡང་དག་ཐུགས་ཀྱི་ལྷ་ཚོགས་འཁོར་བཅས་ལ༴ གཤིན་རྗེ་རོལ་པའི་དཀྱིལ་འཁོར་ཆེན་པོ་ནས། འཇམ་དཔལ་སྐུ་


TR008_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ལྷ༴ དབང་ཆེན་རོལ་པའི༴ པདྨ་གསུང་གི༴ ཕུར་པ་རོལ་པའི༴ ཕུར་པ་ཕྲིན་ལས༴ ཤ་ཁྲག་རྒྱ་མཚོར་འཁྱིལ་བའི་དཀྱིལ་འཁོར་ནས༴ མ་མོ་རྦོད་གཏོང་ལྷ༴ ཐུགས་རྗེ་གདུང་ཚོབ་སྐུ་ཡི་དཀྱིལ་འཁོར་ནས། རིག་འཛིན་བླ་མའི་ལྷ་ཚོགས༴ དུག་ལྔ་མེ་ལྟར་འབར་བའི་དཀྱིལ་འཁོར་ནས། །འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་འཁོར་བཅས་ལ། གཏུམ་དྲག་མེ་ལྟར་འབར་བའི་དཀྱིལ་འཁོར་ནས། དམོད་པ་དྲག་སྔགས༴ ཞིང་ཆེན་བཅལ་དུ་དཀྲམ་པའི་དཀྱིལ་འཁོར་ནས། །བཀའ་སྲུང་ཕོ་ཉའི་ལྷ་ཚོགས་འཁོར་བཅས་ལ། །དཀྱིལ་འཁོར་དགུ་ཡི་བར་འཁྱམས་འཁོར་ཡུག་ན། །དཔལ་གྱི་བཀའ་སྲུང་དམ་ཅན་རྒྱ་མཚོ་ལ། །སངས་རྒྱས་ཀྱི་བཀའ་སྲུང་ཞལ་བཞེས་པའི། །དྲེགས་པའི་སྡེ་དཔོན་སུམ་ཅུ་འཁོར་བཅས་ལ། རྣམ་དག་བདུད་རྩི༴ ཐུགས་རྗེ་བརྩེར་དགོངས་དབང༴ ཨོཾ་ཨཱཿཧཱུྃ་སརྦ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། གསུམ་པ་བདུད་རྩིའི་དངོས་གྲུབ་བླང་བ་ནི། མཐེབ་སྲིན་གཉིས་སྦྱར་བ་ཐབས་ཤེས་ཀྱི་ཕྱག་རྒྱས་བདུད་རྩི་ཐིགས་གཅིག་བླང་ནས་


TR008_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་གནས་གསུམ་དུ་རེག་ཅིང་ལྕེ་ཐོག་ཏུ་མྱང་ལ། ལྷ་ཚོགས་ཐམས་ཅད་མཉེས་ནས་དངོས་གྲུབ་ཡི་གེ་འབྲུ་གསུམ་གྱི་རྣམ་པ་རང་གི་གནས་གསུམ་དུ་ཐིམ་པར་བསམ་ཞིང་། ཧཱུྃ། ལྕེ་ཡི་དམ་ཚིག་རྡོ་རྗེ་ལ། །དམ་ཚིག་ཅན་གྱིས་ཧཱུྃ་སྒོམས་ཏེ། །མཐེབ་སྲིན་ཐབས་ཤེས་ཕྱག་རྒྱ་ཡིས། །མྱ་ན་དངོས་གྲུབ་མཆོག་ཐོབ་འགྱུར། ཀཱ་ཡ་སིདྡྷི་ཨོཾ། ཝཱཀཱ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། སརྦ་སིདྡྷི་ཧྲཱིཿབཅོ་བརྒྱད་པ་གཏོར་མའི་མཆོད་པ་ནི། གཏོར་མའི་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་འདོད་ཡོན་གང་ལ་གང་དགྱེས་ཀྱི་རྫས་དང་ཡོ་བྱད་ཀྱིས་ལྷ་ཐམས་ཅད་མཉེས་ཚིམ་དུ་གྱུར་པར་དམིགས་ཤིང་། ཧཱུྃ། དམ་རྫས་རྨད་བྱུང་གཏོར་ཆེན་པོ། །འདོད་ཡོན་ལྔ་ཡི་ཕུང་པོ་འབར། །ཐམས་ཅད་ཚིམ་བྱེད་ཆོས་སྦྱིན་ཆེ། །ཞི་ཁྲོ་ཡོངས་རྫོགས་ཐུགས་དམ་བསྐང་། མ་ཧཱ་བ་ལིནྟ་པཱུ་ཛ་ཧོ། མ་ཧཱ་བ་ལིནྟ་ཁ་རྃ་ཁཱ་ཧི། བཅུ་དགུ་པ་རཀྟ་དམར་གྱི་མཆོད་པ་ནི། སྟོང་གསུམ་དང་མཉམ་པའི་པཱ་ལར་བསྟན་པའི་རུ་དྲ་བསྒྲལ་བའི་ཁྲག་གིས་


TR008_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

བཀངས་ཏེ་ཕུལ་བ་ལྷ་ཚོགས་ཐམས་ཅད་རྔམས་པའི་ཚུལ་གྱིས་གསོལ་བར་བསམ་ལ། ཧཱུྃ། རུ་དྲ་བསྒྲལ་བའི་ཁྲག་ཆེན་པོ། །ལྕང་ལོར་བཅས་པའི་བྷཉྫར་བསྐྱིལ། འཁོར་བ་དབྱིངས་སུ་དག་བྱའི་ཕྱིར། །དཔལ་ལེན་ཚོགས་ཀྱི་ཞལ་དུ་འབུལ། མ་ཧཱ་རཀྟ་པཱུ་ཛ་ཧོ། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། ཉི་ཤུ་པ་བདུད་རྩི་བསང་ནན་གྱི་མཆོད་པ་ནི། ནས། འབྲས། གྲོ། སྦྲང་། ཤིང་ཏོག་དང་བཅས་པ་ལས་བྱུང་བའི་ཛྭ་གད་དཔའ་བོའི་མཆོད་པ་ཕུལ་བས་ལྷ་ཚོགས་ཐམས་ཅད་མཉེས་པར་བསམ་ལ། ཧཱུྃ། རྒྱུ་གཉིས་རྐྱེན་སྦྱར་འབྲུ་བཅུད་འདི། །དུག་ལྔ་སྨན་གྱུར་དམ་པའི་རྫས། །ཛ་གད་དཔའ་བོའི་བདུད་རྩི་འདིས། རྒྱལ་བ་ཞི་ཁྲོའི་ཐུགས་དམ་བསྐང་། མ་ཧཱ་ཇ་གད་པཱུ་ཛ་ཧོ། མ་ཧཱ་ཛ་གད་ཁ་རཾ་ཁཱ་ཧི། ཉེར་གཅིག་པ་སྦྱོར་བའི་མཆོད་པ་ནི། ལྷ་ཚོགས་ཡབ་ཡུམ་སོ་སོ་རྣམས་མ་ཆགས་ཐབས་ཀྱི་སྦྱོར་བ་ལྷན་སྐྱེས་ཟག་མེད་ཀྱི་ཡེ་ཤག་སྐུ་ཉམས་སུ་བསྟར་བས་ཤེས་རབ་སྟོང་པ་ཆོས་ཀྱི་དབྱིངས་དང་ཐབས་བདེ་ཆེན་རིག་པའི་ཡེ་ཤེས་དབྱེར་མེད་ཟུང་འཇུག་ཆེན་པོ་མངོན་དུ་མཛད་པར་


TR008_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

མོས་ལ། ཧཱུྃ། དབྱིངས་རིགས་གཉིས་མེད་སྦྱོར་བ་ཡིས། །འཁོར་འདས་གཉིས་སུ་མེད་པར་སྦྱོར། །གཉིས་མེད་རྟོགས་པའི་སྦྱོར་མཆོད་འདིས། །རྒྱལ་བ་ཡབ་ཡུམ་མཉེས་གྱུར་ཅིག །ཛཿཧཱུྃ་བྃ་ཧོ། པདྨ་ཡོ་གི་ནཱི་ས་མ་ཡ་པྲ་ཝེ་ཤ་ཡ་ཕཊཿ ཉེར་གཉིས་བསྒྲལ་མཆོད་ནི། ལྷ་ཚོགས་ཡབ་ཡུམ་ཀུན་གྱི་སྦྱོར་མཚམས་ནས་སྤྲུལ་པའི་ལས་མཁན་འཁོར་ཚོགས་གྲངས་མེད་པ་ཉི་ཟེར་གྱི་རྡུལ་བཞིན་འཕྲོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་ནས། མ་རུང་ལོག་པར་སྤྱོད་པའི་རུ་དྲ་དམ་ཉམས་རྣམས་བསྒྲལ་ནས་གཟུགས་ཕུང་ཞལ་དུ་བཞེས་ཤིང་རྣམ་ཤེས་ཆོས་དབྱིངས་སུ་སྤར་བས། སྐྱེ་འགྲོ་ཐམས་ཅད་ཀྱི་འཁོར་བར་འཁྱམས་པའི་རྩ་བར་འཛིན་རྩ་ནས་བཅད། གཟུང་འཛིན་དྲུངས་ནས་ཕྱུངས། འཁོར་བ་ཁུངས་ནས་སྟོངས་པར་གྱུར་པར་དམིགས་ཏེ། ཧཱུྃ། ཡང་དག་དོན་རྟོགས་བློ་ཡིས་ནི། །མ་རྟོགས་སེམས་ཅན་གནས་སུ་བསྒྲལ། །དུས་གསུམ་བདེར་གཤེགས་དེ་ལ་མཉེས། །མཆོག་གི་མཆོད་པ་ཆེན་པོ་བཞེས། །ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ །མ་ཏྲམ་རུ་དྲ༴


TR008_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

པྲ་བཉྩཀྲ་ཧཱུྃ་ཕྲཊཿ པྲ་ཝེ་ཤ་ཡ་ཕཊ། ཏི་ཧཱུྃ་ཨཿཡྃ་སྥ་ར་ཎ་ཕཊ། ཅེས་མཆོད་པའི་རིམ་པ་ཐམས་ཅད་གྲུབ་པ་ནས་ལྷ་མོ་དང་ཁྲོ་ཚོགས་སོགས་ཐམས་ཅད་ཀྱང་གཙོ་འཁོར་རྣམས་ལ་ཚུར་ཐིམ་པས་ལྷ་ཐམས་ཅད་སྟོབས་དང་གཟི་བརྗིད་སྔར་ལས་ཀྱང་ལྷག་པར་བསམ་མོ། །ཉེར་གསུམ་པ་བསྟོད་པའི་ལས་རིམ་ལ་སྤྱི་དང་བྱེ་བྲག་གི་བསྟོད་པ་གཉིས་ཀྱི་དང་པོ་ལྷ་ཚོགས་སྤྱི་ལ་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི་ཆེ་བའི་ཡོན་ཏན་ལ་བསྟོད་པ་ནི། ཡེ་ཤེས་ཀྱི་ལྷ་ལ་བསྟོད་པས་མཉེས་པ་དང་མ་བསྟོད་པས་མི་མཉེས་པ་ལྟ་བུའི་འཛིན་རྟོག་མི་མངའ་ཡང་། བདག་སོགས་འགྲོ་བའི་ཚོགས་གཉིས་སྤེལ་ཞིང་བདེ་བར་གཤེགས་པའི་ཡོན་ཏན་ལ་ངེས་ཤེས་བསྐྱེད་ཕྱིར་སྒོ་གསུམ་གུས་པ་ཆེན་པོས་བསྟོད་པར་བྱ་སྟེ། ཨོཾ། མཉམ་ཉིད་ཆོས་སྐུའི་རང་བཞིན་ལས། །ཀུན་བཟང་ཟག་པ་མེད་པར་བདེ། །སེམས་ཅན་དོན་ལ་དེ་བཞིན་གཤེགས། །ཐུགས་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། ཨཱཿ རྩོལ་མེད་རང་བྱུང་ཆོས་ཀྱི་སྒྲ། །མ་འགག་རང་གསལ་འཛིན་པ་མེད། །ཆད་མེད་སྐྱོན་བྲལ་པདྨའི་གསུང་། ཡང་དག་གསུང་ལ༴ ཧཱུྃ། སྤྲོས་པ་


TR008_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་དབྱིངས་ཀྱི་ངང་། །མ་སྐྱེས་འཇིགས་མེད་རྡོ་རྗེའི་ཐུགས། །བླང་དོར་མེད་པ་ཆོས་ཀྱི་དབྱིངས། །འགྱུར་མེད་ཐུགས་ལ༴ སྭཱ། ཆོས་དབྱིངས་རོལ་པ་ཆེན་པོ་ལས། །རྩལ་དང་རོལ་པར་མི་དམིགས་ཀྱང་། །ནམ་མཁའ་མཛོད་ཀྱི་ཆོ་འཕྲུལ་གྱིས། །ཡོན་ཏན་རེ་སྐོངས་ཕྱག་འཚལ་བསྟོད། ཧཱ། རང་བཞིན་ཅིར་ཡང་མ་ངེས་ཀྱང་། །དཀྱིལ་འཁོར་ཆེན་པོའི་ཆ་བཟུང་ནས། །རྟོག་མེད་དྲེག་པ་ངང་གིས་འདུལ། །ཕྲིན་ལས་མཛད་ལ་ཕྱག་འཚལ་བསྟོད། ཨོཾ་ཨཱཿཧཱུྃ་ན་མོ་ཧྲི་ད་ཡ་ཨོཾ་ན་མ༔ གཉིས་པ་བྱེ་བྲག་ཏུ་བསྟོད་པ་ལ་རྒྱས་པར་ནི་དཀྱིལ་འཁོར་ཕོ་བྲང་ལ་གཞལ་ཡས་དོན་གྱི་བསྟོད་པ་དང་། ལྷ་ཚོགས་རྣམས་ལ་མཚན་གྲངས་དང་རྒྱན་ཆས་བརྡ་རྟགས་ཀྱི་སྒོ་ནས་བསྟོད་པ་སོགས་མང་ཡང་། འདིར་མདོར་བསྡུས་དཀྱིལ་འཁོར་ཚོམ་བུར་དྲིལ་རེ་བསྟོད་པ་ནི། ཚིག་དང་མཐུན་པའི་དོན་ཡིད་ལ་དྲན་པའི་ངང་ནས་བསྟོད་དེ། ཧཱུྃ། དུས་གསུམ་བདེར་གཤེགས་ཆོས་རྣམས་རྫོགས་པའི་དཔལ། །ཞི་བ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་


TR008_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད། དུས་གསུམ་བདེར་གཤེགས་ཡོན་ཏན་རྫོགས་པའི་དཔལ། ཆེ་མཆོག་ཡོངས་རྫོགས་ལྷ་ལ༴ དུས་གསུམ་བདེ་གཤེགས་ཐུགས་མཆོག་རྫོགས་པའི་དཔལ། ཡང་དག་ཡོངས་རྫོགས་ལྷ༴ དུས་སུམ་བདེ་གཤེགས་སྐུ་མཆོག་རྫོགས་པའི་དཔལ། གཤིན་རྗེ་ཡོངས་རྫོགས་ལྷ༴ དུས་གསུམ་བདེ་གཤེགས་གསུང་མཆོག་རྫོགས་པའི་དཔལ། དབང་ཆེན་ཡོངས་རྫོགས༴ དུས་གསུམ་བདེ་གཤེགས་ཕྲིན་ལས་རྫོགས་པའི་དཔལ། ཕུར་པ་ཡོངས་རྫོགས༴ དུས་གསུམ་བདེ་གཤེགས་གཟི་བརྗིད་རྫོགས༴ མ་མེ་ཡོངས༴ དུས་གསུམ་བདེ་གཤེགས་ཕྱག་རྒྱ་རྫོགས་པའི་དཔལ། རིག་འཛིན་ཡོངས་རྫོགས་ལྷ༴ དུས་གསུམ་བདེ་གཤེགས་མངོན་སྤྱོད་རྫོགས་པའི་དཔལ། །འཇིག་རྟེན་ཡོངས་རྫོགས་ལྷ༴ དུས་གསུམ་བདེ་གཤེགས་དམོད་མཐུ་རྫོགས་པའི་དཔལ། དྲག་སྔགས་ཡོངས་རྫོགས་ལྷ༴ ཕྲིན་ལས་བཞི་བསྒྲུབ་ཕྱི་ནང་བར་ཆད་སེལ། སྒོ་བ་སྒོ་མའི་ཚོགས་ལ༴ རྒྱལ་བའི་སྤྱན་སྔར་བསྟན་པའི་གཉེར་བླངས་པའི། བཀའ་ཉན་སྲུང་མའི་ཚོགས་ལ༴ ཕྱི་ནང་


TR008_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་མཆོད་པ་འདི་བཞེས་ལ། །བླ་མེད་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྣམས། །བདག་སོགས་མོས་པའི་བུ་ལ་སྩལ་དུ་གསོལ། ཉེར་བཞི་པ་བཤགས་པ་བྱ་བ་ནི། ཡི་དམ་གྱི་ལྷ་ཡང་ཡེ་གདོད་མ་ནས་རང་རིག་པ་ཆོས་ཀྱི་སྐུ་དང་ཐ་དད་མེད་ཅིང་འདུ་འབྲལ་སྐད་ཅིག་མེད་ཀྱང་དེ་ལྟར་མ་རྟོགས་པས་གཉིས་འཛིན་མཚན་མའི་བག་ཆགས་ལུ་གུ་རྒྱུད་ཀྱིས་དངོས་གྲུབ་ཀྱི་གེགས་སུ་གྱུར་པ་དེ་ཉིད་བཤགས་བྱ་བཤགས་བྱེད་ལས་འདས་པའི་ངང་དུ་མཉམ་པར་བཞག་ཅིང་། ཧཱུྃ། ཞི་ཁྲོ་བདེར་གཤེགས་ཡོངས་རྫོགས་དགོངས། །སྔོན་ནས་རང་དང་མཉམ་ཉིད་དོན། །མ་རྟོགས་རིས་ཚན་སོ་སོར་བཟུང་། །དབྱེར་མེད་རྣམ་དག་ཀློང་དུ་བཤགས། ས་མ་ཡ་ཨེ་ཧོ་ཤུདྡྷེ་ཨཱཿ ཞེས་དང་། ཧེ་རུ་ཀའི་ཡིག་བརྒྱ་ཡང་བཟླ་སྟེ། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་མ་ཡ་མ་ནུ་པ་ལ་ཡ། བཛྲ་ཧེ་རུ་ཀ་ཏེ་ནོ་པ་ཏིཥྠ། དྲི་དྡྷོ་མེ་བྷ་ཝ། སུ་ཏེ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་སོ་ཥྱོ་མེ་བྷ་


TR008_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲཱི་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱནཱ། བཛྲ་ཧེ་རུ་ཀ་མ་མེ་མུཉྩ་ཧེ་རུ་ཀོ་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱ་ཧཱུྃ་ཕཊཿ ཉེར་ལྔ་པ་ཛྲབ་བསྙེན་བྱ་ཞིང་དངོས་གྲུབ་བླང་བ་ལ་ཐོག་མར་ཛྲབ་ལ་ཞི་ཁྲོ་གཉིས་ལས་ཞི་བར་བསྙེན་་ཅིང་ཁྲོ་བོར་བསྒྲུབ། ཅེས་གསུངས་པའི་ཞི་བསྙེན་ལ་ཛྲབ་ཀྱི་དགོངས་པའི་ཏིང་ངེ་འཛིན་ནི། བདག་ཉིད་དཀྱིལ་འཁོར་དགུའི་ལྷ་ཐམས་ཅད་ཀྱི་དབུ་རྒྱན་རིགས་བདག་གི་ལྷ་ནི་སྤྱི་བོའི་གཙུག་ཏུ་པདྨ་ཉི་ཟླའི་གདན་ལ་ཁྱབ་བདག་ཀུན་བཟང་ཡབ་ཡུམ། དེའི་མདུན་དུ་མི་སྐྱོད་རྡོར་སེམས་ཡབ་ཡུམ་དང་། ཆེ་མཆོག་ཡོན་ཏན་གྱི་ལྷ་རྣམས་ཀྱི་དཔྲྲལ་བར་རིན་འབྱུང་། རྣ་ལྟག་གཡས་སུ་རྣམ་སྣང་ལྟག་པར་སྣང་མཐའ་རྣ་ལྟག་གཡོན་པར་དོན་གྲུབ་ཡབ་ཡུམ་སྟེ། སོ་སོའི་འཁོར་ཚོགས་ཀྱང་ཉི་མ་ལ་འོད་ཟེར་ཞར་འབྱུང་ལྟར་ལྷུན་གྲུབ་ཏུ་བཞུགས་པར་མོས། དེ་བཞིན་དུ། ཡང་དག་ཐུགས་ཀྱི་ལྷ་ཚོགས་རྣམས་ཀྱི་གཙུག་ཏུ་ཀུན་བཟང་ཡབ་ཡུམ་གྱི་མདུན་དུ་རྣམ་སྣང་། དཔྲལ་བར་མི་སྐྱོད། གཡས་སུ་རིན་འབྱུང་། རྒྱབ་ཏུ་སྣང་མཐའ། གཡོན་དུ་དོན་གྲུབ་དང་། འཇམ་དཔལ་སྐུའི་ལྷ་ཚོགས་ལ་གཞན་འདྲ་བ་ལས། དཔྲལ་བར་རྣམ་སྣང་


TR008_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་གསུང་གི་ལྷ་ཚོགས་ དཔྲལ་བར་ བར་སྣང་མཐའ། ཕུར་པ་ཕྲིན་ལས་ལ་དཔྲལ་བར་དོན་གྲུབ། མཚམས་བཞིའི་ཤར་ལྷོ་བླ་མེད་ཧེ་རུ་ཀ་ལ་ཆེ་མཆོག་གི་ཇི་ལྟ་བ་དང་། ལྷོ་ནུབ་རིག་འཛིན་ལ་དཔྲལ་བར་རྣམ་སྣང་དང་། མཆོད་བསྟོད་དྲག་སྔགས་གཉིས་ཀྱི་དཔྲལ་བར་མི་སྐྱོད་དང་གཞན་རྣམས་མཚུངས་པ་སྟེ། དེ་ལྟར་ཞི་བའི་ལྷ་ཚོགས་ཐམས་ཅད་དབུའི་རྒྱན་ལ་རྫོགས་པར་བཞུགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གནས་གསུམ་དུ་ཡི་གེ་གསུམ་དང་ཐུགས་ཀའི་ཧཱུྃ་ལ་རྩ་སྔགས་ཀྱིས་བསྐོར་བར་མོས་ཤིང་། ལྷ་ཐམས་ཅད་ཀྱི་ཞལ་ནས་ཛྲབ་ཀྱི་སྒྲ་བསྒྲག་པས། སྔགས་ཕྲེང་ལས་འདོག་ཕྲོས་པས་སྟོང་གསུམ་ཐམས་ཅད་ཞི་བའི་ལྷ་ཚོགས་དང་སྔགས་ཀྱི་སྒྲས་འུར་དིར་དུ་སོང་བ་དང་། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཚུར་བསྡུས་ནས་ལྷ་རྣམས་ཀྱི་ཐུགས་ཀར་ཐིམ་པར་དམིགས་ལ། ཧཱུྃ། གསང་བ་ཡོངས་རྫོགས་དཀྱིལ་འཁོར་དུ། །ཆེ་མཆོག་དཔལ་དགུའི་དབུ་རྒྱན་ནང་། །ཐབས་ཤེས་ཉི་ཟླ་པདྨའི་སྟེང་། མི་སྐྱོད་རྣམ་པར་སྣང་མཛད་དང་། རིན་འབྱུང་སྣང་མཐའ་དོན་ཡོན་གྲུབ། །ཡུམ་ཆེན་ཀུན་བཟང་སངས་རྒྱས་སྤྱན། །མཱ་ཀི་གོས་དཀར་དམ་ཚིག་སྒྲོལ། །རྒྱལ་བ་ཡབ་ཡུམ་ཕྱག་མཚན་བཅས། །ཀུན་བཟང་


TR008_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་དགྱེས་པར་སྦྱོར། །སྲས་མཆོག་སེམས་དཔའ་སེམས་མར་བཅས། །སྤྲུལ་སྐུ་ཐུབ་དྲུག་མཐར་བྱེད་བརྒྱད། །མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། །གསལ་འཚེར་ལྷུན་སྡུག་གཟི་བརྗིད་འབར། །དབུ་རྒྱན་ཅོད་པན་འཕྲེང་བ་དང་། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །རིན་ཆེན་དར་དཔྱངས་ཆས་རྣམས་རྫོགས། །གསུང་ནི་ཡང་སྙིང་སྔགས་སྒྲ་སྒྲོག །ཐུགས་ནི་རང་བྱུང་ཡེ་ཤེས་གསལ། །ཛྲབ་ཀྱིས་སྐུ་གསུང་ཐུགས་རྒྱུད་བསྐུལ། །སྤྲོས་པས་སྟོང་གསུམ་སྐུ་ཡིས་གང་། །སྐུ་ལས་གསུང་བྱོན་སྔགས་འབྲུག་ལྡིར། །བསྡུས་པས་ཆོས་དབྱིངས་མཁའ་ལ་ཐིམ། །མ་གསལ་བར་དུ་བསྐྱེད་ཅིང་སྒོམ། །མ་སྒྲུབ་བར་དུ་མི་བཏང་ངོ་། །ཞེས་གསལ་གདབ་ཅིང་དམ་བཅས་ལ། །ཛྲབ་དངོས་ལ་གསུམ་གྱི་དང་པོ་ཞི་བ་དམ་པ་རིགས་བརྒྱའི་རྩ་སྔགས་ནི། ཨོཾ་ཨཱཿལི་ཀཱ་ལོ་ཛྙཱ་ན་པཉྩ་སཏྭ་ཀྲོ་དྷ་མུ་ནི་ཡེ་སྭཱ་ཧཱ། ཞེས་བཞི་བཅུ་རྩ་གཉིས་ཀྱི་རྩ་སྔགས་ནི། ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷ་ཏུ་ཨཱཿགཙོ་བོ་རིགས་ལྔ་ཡབ་ཡུམ་ཀྱི་སྙིང་པོ་ནི་


TR008_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། མུྃ་ལཱྃ་མྃ་པྱྃ་ཏཱྃ། ཞེས་པའི་ཛྲབ་རྣམས་བརྒྱ་སྟོང་ཁྲི་འབུམ་ལ་སོགས་ལ་ལོང་སྐབས་དང་བསྟུན་ཏེ་བཟླས་པའི་མཐར་སྟོང་ཚིག་ཀྱི་མཆོད་པ་ནི། །བདེར་གཤེགས་ཞི་བའི་ལྷ་ཚོགས་སྤྱན་འདྲེན་གཤེགས། །ཕྱི་ནང་གསང་བའི་ཛྲབ་བསྙེན་མཆོད་པ་འབུལ། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་བསྟོད། །ཉམ་ཆགས་འགལ་འཁྲུལ་ཅི་མཆིས་མཐོལ་ལོ་བཤགས། མ་ཧཱ་པཉྩ། རཀྟ། བ་ལིནྟ། སརྦ་པཱུ་ཛ་ཁཱ་ཧི། ཞི་བའི་ལྷ་ཚོགས་ཁྱེད་སྐུ་ཅི་འདྲ་དང་། ཞེས་སོགས་ཀྱི་སྨོན་ལམ་ཡང་གདབ་བོ།། ༈ །།གཉིས་པ་ཁྲོ་བོར་སྒྲུབ་པའི་ལས་རིམ་གྱི་ཛྲབ་དགོངས་ནི། དེ་ཡང་སྒྲུབ་པ་ཆེན་པོའི་སྐབས་ལྟ་བུར་ནི་འཛབ་དགོངས་རྒྱས་པའི་གཞུང་ལྟར་དགོས་མོད་ཀྱང་། ལས་བྱང་གི་སྐབས་འདིར་ནི། ཕྲ་མོའི་ཏིང་འཛིན་ཡིད་ལ་གསལ་བས་རང་གི་གནས་སྦྱང་བ། བཟླས་བརྗོད་བསྙེན་པའི་འཕྲོ་འདུས་ཡེ་ཤེས་ཀྱི་ལྷ་ཉེ་བར་བསྙེན་པ། གསང་བ་བྱང་ཆུབ་སེམས་ཀྱི་འཕྲོ་འདུས་དངོས་གྲུབ་ཡུམ་གྱི་མཁར་བསྡུ་བ་དང་གསུམ་གྱི་ཛྲབ་དགོངས་ཡིན་ཏེ། དེ་ཡང་བདག་ཉིད་གཙོ་བོ་ཡབ་ཡུམ་དམ་ཚིག་སེམས་དཔའི་ཐུགས་ཀར་རིགས་འདུས་ཡེ་ཤེས་


TR008_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་དཀར་པོ་རྡོར་སེམས་ཀྱི་ཆ་བྱད་ཅན་དུ་གསལ་བའི་ཐུགས་རིན་པོ་ཆེ་ཟུར་བརྒྱད་པའི་ནང་དུ་ཉི་མའི་གདན་ལ་ཏིང་འཛིན་སེམས་དཔའ་རྡོ་རྗེ་རྩེ་ལྔ་སྔོན་པོའི་ལྟེ་བར་ཧཱུྃ་མཐིང་ནག་གི་མཐའ་སྐོར་དུ་གཙོ་བོའི་སྔགས་ཀྱིས་བསྐོར་བར་གསལ་བ་ནི་རང་གི་གནས་སྦྱང་བའོ། །དེ་ནས་ཛྲབ་བཟླས་པ་ཙམ་གྱིས་ཡེ་ཤེས་སེམས་དཔའི་ཐུགས་ཀར་བསྐར་བའི་སྔགས་འཕྲེང་སྔོ། རྒྱངས་ཀྱི་གྱེན་དུ་བྱུང་ནས་མགྲིན་པའི་ལམ་ནས་ལྗགས་ཀྱི་སྟེང་དུ་གསུང་གི་སྙིང་པོ་ཨཱཿལ་བསྐོར་བ་གཅིག་བྱས། སླར་ཤངས་བུག་གཡས་ནས་ཡར་བརྒྱུད་དེ་སྤྱི་བོའི་ཨཱོཾ་ལ་སྐོར་བ་བྱས་ནས་མར་ལ་ཤངས་བུག་གཡོན་གྱི་སྐོར་ཐོན་པ་ཡུམ་གྱི་ཤངས་བུག་གཡས་སུ་ཞུགས་ཤིང་ཐུགས་ཀའི་ཧཱུྃ་ལ་སྐོར་བ་བྱས་ཏེ་གསང་བའི་པདྨོར་བབས་པར་བསམ་ཞིང་ཛྲབ་བཟླ་བ་ནི་ཡེ་ཤེས་ཀྱི་ལྷ་ཉེ་བར་བསྙེན་པའོ། དེ་ནས་ཡུམ་གྱི་མཁའ་དབྱིངས་ནས་སྔགས་ཕྲེང་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་རྒྱལ་བ་ཐམས་ཅད་མཆོད། དེ་དག་གི་ཐུགས་རྗེ་བྱིན་རླབས་དངོས་གྲུབ་བསྡུས་ནས་ཡུམ་གྱི་པདྨར་བསྐྱིལ་བ་དེ་ཡབ་ཀྱི་གསང་རྡོར་གྱིས་རྔུབ་སྲེ་ཡར་དྲངས་ནས་ཐུགས་ཀའི་ཧཱུྃ་ལ་ཐིམ་པར་དམིགས་པ་ནི་བྱང་ཆུབ་སེམས་ཀྱི་འཕྲོ་འདུས་དངོས་གྲུབ་བསྡུ་བའོ། དེ་ལྟ་བུ་གཙོ་བོའི་ཛྲབ་དགོངས་འདི་ནི་བསྙེན་སྒྲུབ་ཡན་ལག་


TR008_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཡོངས་རྫོགས་ཀྱི་དགོངས་པ་ཡིན་པས་གཙོ་འཁོར་ཐམས་ཅད་ཀྱི་ཛྲབ་དགོངས་འདི་ཀས་འགྲུབ་པར་གསུང་མོད་ཀྱི། རྒྱས་པར་སྤྲོ་ན་གཙོ་བརྒྱད་རྣམས་ལ་གོང་གི་འདི་དང་མཚུངས་པར་བསྒོམ་ཞིང་། འཁོར་ཐམས་ཅད་ལ་ཐུགས་སོགས་ལ་སྔགས་ཕྲེང་གིས་བསྐོར་བར་མོས་པ་ཙམ་གྱིས་འགྲུབ་བོ། ཧཱུྃ། དབུས་ཕྱོགས་འཁོར་ལོའི་གཞལ་ཡས་ནས། །ཟླ་གམ་དབང་ཆེན་ཨེ་དཀྱིལ་དུ། །བྱོལ་སོང་གཙོ་བརྒྱད་དྲེགས་པའི་སྟེང་། །ཐབས་ཤེས་ཉི་ཟླ་འོད་ཀྱི་དཀྱིལ། །མ་ཆགས་པདྨའི་གེ་སར་ལ། །བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ །ཡུམ་ཆེན་གནམ་ཞལ་དབྱིངས་ཕྱུག་མ། །གཉིས་མེད་འཁྲིལ་སྦྱོར་ཆ་ལུགས་ནི། །སྒེག་པ་དཔའ་བ་འཇིགས་སུ་རུང་། །རྒོད་དང་གཤེད་དང་སྙིང་རྗེ་རྔམ། །འབར་ཁྲོ་ཞི་སོགས་གར་དགུར་ལྡན། །སྐུ་ལ་དུར་ཁྲོད་ཆས་རྣམས་རྫོགས། །གསུང་ནི་དྲག་པོའི་སྔགས་སྒྲ་སྒྲོག །ཐུགས་ནི་སྒྲོལ་མཛད་སྲོག་དང་བཅས། །ཛྲབ་ཀྱི་སྐུ་གསུང་ཐུགས་རྒྱུད་བསྐུལ། ཕཊཿཀྱིས་སྤྲོས་པས་སྟོང་གསུམ་


TR008_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

གང་། །བསྡུས་པས་ཡུམ་གྱི་མཁའ་ལ་འཁྲིལ། །གསང་བའི་སྦུབས་ནས་ཐུགས་ཀར་ཐིམ། །མ་གསལ་བར་དུ་བསྐྱེད་ཅིང་སྒོམ། །མ་གྲུབ་བར་དུ་མི་གཏང་ངོ་། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊཿ ཅེས་གཙོ་མཆོག་གི་སྙིང་པོ་ནན་ཏན་དུ་བཟླ་ཞིང་། འཁོར་རྣམས་ལ་ཅི་ནུས་སྐབས་དང་བསྟུན་ནས་རིམ་པར་བཟླའོ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊཿ ཡང་དག་ཐུགས་ཀྱི་སྙིང་པོའོ། ཨོཾ་ཧྲཱིཥཱིྚ་ཝི་ཏྲི་ཏཱ་ན་ན་ཧཱུྃ་ཕཊཿ འཇམ་དཔལ་གཤིན་རྗེའི་སྙིང་པོའོ། །ཨོཾ་ཧ་ཡ་གྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ པདྨ་གསུང་གི་སྙིང་པོའོ། །ཨོཾ་བཛྲ་ཀི་ལི་ཀི་ལ་ཡ་ཧཱུྃ་ཕཊཿ ཕུར་པ་ཕྲིན་ལས་ཀྱི་སྙིང་པོའོ། ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་ཀྲོ་དྷི་ཤྭ་རི་ཧཱུྃ་ཕཊཿ མ་མོ་རྦོད་གཏོང་གི་སྙིང་པོའོ། །ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་ཧཱུྃ་ཕཊཿ རིག་འཛིན་སློབ་དཔོན་གྱི་སྙིང་པོའོ། །ཨོཾ་བཛྲ་ཙཎྜ་སརྦ་དུཥྚན་ཧཱུྃ་ཕཊཿ མཆོད་བསྟོད་ཡོངས་རྫོགས་ཀྱི་སྙིང་པོའོ། །ཨོཾ་བཛྲ་སརྦ་དུཥྚན་ཨེ་ཛབྷྱོ་ཧཱུྃ་ཕཊཿ དམོད་པ་དྲག་སྔགས་འདུས་པའི་སྙིང་པོའོ།


TR008_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ། ཡང་སྤྲུལ་ཁྱུང་ཆེན་བཀའ་སྡོད་ཚོགས། །བཟླས་བརྗོད་བསྙེན་པའི་མཆོད་པ་བཞེས། ཨོཾ་ཁྲོམ་ག་རུ་ཌ་ཧཱུྃ་ཕཊཿ སརྦ་ཌཱཀྐི་ནི་ས་མ་ཡ་ཧྲིང་ཧྲིང་ཧཱུྃ་ཕཊཿ ཅེས། སྤྲུལ་པའི་ཁྱུང་ཆེན་དཀར་ནག་དང་། །དཔལ་གྱི་བཀའ་སྡོད་རྣམས་ཀྱི་སྲོག་སྔགས་ཀྱང་ཅུང་ཟད་བཟླའོ། །དེ་ལྟར་སྒྲུབ་པ་བཀའ་བརྒྱད་ཚོམ་བུ་དགུའི་ལྷ་ཚོགས་སོ་སོའི་ཛབ་བསྙེན་གྲུབ་པའི་མཐར། གསང་སྔགས་ཁྲོ་བོ་ཡོངས་འདུས་ཀྱི་སྙིང་པོ་བཀའ་བརྒྱད་བདུན་བརྒྱ་ཉེར་ལྔའི་སྤྱི་དྲིལ་བསྙེན་སྒྲུབ་ལས་སྦྱོར་གཅིག་ཏུ་དྲིལ་བའི་དྲག་སྔགས་ཆེན་མོ་སྤུ་གྲི་རེག་ཆོད་གནམ་ལྕགས་ཐོག་རྒོད་ལྟ་བུའི་བཟླས་པ་བྱ་བ་ནི། བདག་ཉིད་ལུས་ལྷའི་དཀྱིལ་འཁོར་ལྷ་ཚོགས་བདུན་བརྒྱ་ཉེར་ལྔ་ཡོངས་རྫོགས་རྣམས་ངག་སྔགས་ཀྱི་དཀྱིལ་འཁོར་དྲག་སྔགས་སོ་ལྔ་པ་ལྷ་ཐམས་ཅད་ཀྱི་ཞལ་ནས་འབྲུག་སྟོང་དུས་གཅིག་ལྡིར་བ་བཞིན་སྟོང་ཁམས་གང་བར་སྒྲོག་པ། སེམས་ཆོས་ཉིད་ཀྱི་དཀྱིལ་འཁོར་དུག་གསུམ་གཏན་སྤྲུགས་ཁམས་གསུམ་ཡོངས་སྒྲོལ་ཆེན་པོའི། ཐུགས་རྗེའི་སྟོབས་དང་རིག་རྩལ་གྱི་ངར་བསྐྱེད་དེ། བདག་ཉིད་ཀྱི་སྐུའི་བ་སྤུའི་བུ་ག་རེ་རེ་ཚུན་ཆད་ནས་ཡེ་ཤེས་མེའི་ཚ་ཚ་འགར་གྱི་ལྕགས་སྲེག་བརྡབ་པ་


TR008_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་འཕྲོས་ཤིང་མེ་སྤུངས་གིས་སྣང་སྲིད་ཁེངས་པས། ཕྱི་སྐྱེ་འགྲོ་སེམས་ཅན་གྱི་ལས་དང་ཉོན་མོངས་པའི་ཕུང་པོ། །ནང་སྒྲུབ་པོའི་རྣམ་རྟོག་བག་ཆགས་འཁྲུལ་འཛིན། བར་གདོན་བགེགས་འབྱུང་པོ་གནོད་བྱེད་ཀྱི་ཚུལ་དུ་སྣང་ཚད་སྲིད་ཚད་ཐམས་ཅད་གཞོན་ཏུ་བསྲེག །རྡུལ་དུ་རླགས། སྐྱེ་མེད་ཀྱི་དབྱིངས་སུ་ཐིམ་པར་དམིགས་ལ། དྲག་སྔགས་ཆེན་མོ་འདི་ཉིད་གནམ་ལྕགས་ཀྱི་ཐོག་ལྟར་བཟླའོ། །ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ། མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊཿ དེ་ནས་སྟོང་ཚིག་ཀྱི་མཆོད་པ་ནི། །ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས། །ཕྱི་ནང་གསང་བའི་མཆོད་ཚོགས་འབུལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །ཉམ་ཆགས་འགལ་འཁྲུལ་ཅི་མཆིས་བཤགས། །མ་ཧ་པཉྩ་བ་ལིནྟ་རཀྟ་ཁཱ་ཧི། དེ་ནས་སླར་ཡང་ལྷ་ཚོགས་རྣམས་ལ་གཏང་རག་གི་ཚུལ་དུ་བསྟོད་པར་བྱ་བ་ནི། །དང་པོ་ཞི་བའི་ལྷ་ཚོགས་ལ་བསྟོད་པ་བྱ་སྟེ། ཧཱུྃ། བཅོམ་ལྡན་བདེར་གཤེགས་ཀུན་བཟང་རིགས་ལྔ་ཡབ། །གདུལ་པ་འདུལ་ཕྱིར་ཁྲག་འཐུང་སྐུ་ལྔར་སྟོན། །


TR008_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་མོ་ལ་སོགས་ཀྲོ་དྷི་ཡུམ་དང་སྦྱོར། །སེམས་དཔའ་ལྕམ་དྲལ་མཐར་བྱེད་ཐུག་པ་དྲུག །དྲེགས་པ་འཇོམས་མཛད་གཏུམ་རྔམས་ཚོགས་དང་བཅས། །ཞི་བ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད། །མི་མངོན་དབྱིངས་ནས་གནས་འདིར་སྐུ་བསྐྱོད་ལ། །དམ་ཚིག་དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས། །གཉིས་མེད་ངང་དུ་ཕྱག་འཚལ་མཆོད་པ་འབུལ། །སྨན་གཏོར་རཀྟ་སྦྱོར་དང་བསྒྲལ་མཆོད་བཞེས། །ཉམས་ཆག་འགལ་འཁྲུལ་ཕམ་ལྟུང་ཉེས་བྱས་བཤགས། །ཞི་རྒྱས་དབང་དྲག་ལས་བཞིའི་དངོས་གྲུབ་སྩོལ། །གཞན་སྤྲུལ་གནོད་བྱེད་ཐམས་ཅད་བཟློག་པ་དང་། །བླ་མེད་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། དེ་ནས་ཁྲོ་བོའི་ལྷ་ཚོགས་ཚོམ་བུ་དགུའི་དཀྱིལ་འཁོར་ལ་བསྟོད་པ་ནི། ཧཱུྃ། །བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ །གཉིས་མེད་ཡུམ་ཆེན་གནམ་ཞལ་དབྱིངས་ཕྱུག་འཁྲིལ། །རིགས་བཞི་ཧེ་རུ་ཡབ་ཡུམ་ཡོན་ཏན་སྲས། །སྤྲུལ་པའི་ཁྲོ་བཅུ་སྒོ་སྐྱོང་འཁོར་གྱིས་བསྐོར། །


TR008_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

བདེར་གཤེགས་དགོངས་འདུས་ཆེ་བའི་ཡོན་ཏན་རྒྱས། །ཆེ་མཆོག་ཡོངས་རྫོགས་ལྷ༴ བཅོམ་ལྡན་དཔལ་ལེན་བཛྲ་ཧེ་རུ་ཀ །གཉིས་མེད་ཡུམ་ཆེན་ཀྲོ་དྷི་ཤྭ་རི་འཁྲིལ། །ཁྲག་འཐུང་རིགས་བཞི་ཡབ་ཡུམ་ཐུགས་ཀྱི་སྲས། །གནས་དང་ཡུལ་གྱི་མ་ཚོགས་སྒོ་མར་བཅས། །དྲི་མེད་རྣམ་དག་ཐུགས་མཆོག་འགྱུར་བ་མེད། །ཡང་དག་ཡོངས་རྫོགས་ལྷ༴ བཅོམ་ལྡན་དཔེན་འཇམ་དཔལ་གཤིན་རྗེའི་གཤེད། །སྐུ་ལྔ་སྦྱར་དང་དུག་ལྔ་སྦྱོར་ཡུམ་འཁྲིལ། །གཤེད་བཞི་ཡབ་ཡུམ་སྐུ་ཡི་སྲས་དང་བཅས། །ཕྱོགས་སྐྱོང་གིང་བདུད་སྒོ་བཞི་ཕྲ་མེན་བསྐོར། །རབ་འཇིགས་རྔམས་པའི་སྐུ་མཆོག་ཁྱད་པར་ཆེ། །གཤིན་རྗེ་ཡོངས་རྫོགས་ལྷ་ལ༴ བཅོམ་ལྡན་དཔེན་རྟ་མགྲིན་པདྨ་དབང་། །པདྨ་གཟི་ལྡན་བདེ་ཆེན་ཡུམ་མཆོག་འཁྲིལ། །དབང་ཆེན་རིགས་བཞི་ཡབ་ཡུམ་གསུང་གི་སྲས། །ཕྲ་མེན་ཟིལ་གནོན་ཁྲོ་རྒྱལ་སྒོ་བར་བཅས། །གསུང་གི་དབང་ཕྱུག་རྟ་སྐད་ཕྱོགས་བཅུར་སྒྲོག །དབང་ཆེན་ཡོངས་རྫོགས་སྐུ༴ བཅོམ་ལྡན་དཔལ་ཆེན་


TR008_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་གཞོན་ནུ་ཆེ། །གསང་ཆེན་རྒྱས་མཛད་འཁོར་ལོ་རྒྱས་འདེབས་འཁྲིལ། །ཕྲིན་ལས་སྲས་བཞི་ཁྲོ་བཅུ་ཡབ་ཡུམ་བཅས། །ཟ་གསོད་མ་ཚོགས་མིང་པོ་སྒོ་བས་བསྐོར། །ཕྲིན་ལས་བདག་ཉིད་རྩལ་ཆེན་འགྲོ་བ་འདུལ། །ཕུར་པ་ཡོངས་རྫོགས་ལྷ༴ བཅོམ་ལྡན་དཔེན་བླ་མེད་ཧེ་རུ་ཀ །དགྱེས་མཛད་ཡུམ་ཆེན་ཉིད་ཞི་མུ་ཁ་ལེ། །རྟག་རྒྱལ་མ་ལྔ་བདེ་ཆེན་ཀུན་བསྐྱེད་སྲས། །ཡེ་ཤེས་རྗེ་མོ་སྨན་མོ་སྒོ་སྐྱོང་ཚོགས། །ལས་ཀྱི་བདག་མོ་མ་མོ་རྦོད་གཏོང་འགྱེད། །མ་མོ་ཡོངས་རྫོགས་ལྷ༴ བཅོམ་ལྡན་དཔེན་རིག་འཛིན་ཐོད་པ་རྩལ། །གཉིས་མེད་ཡུམ་མཆོག་རྡོ་རྗེ་རྣལ་འབྱོར་འཁྲིལ། །ཐུགས་ཀྱི་སྲས་མཆོག་སློབ་དཔོན་རིགས་བཞི་དང་། །དཔའ་བོ་དཔའ་མོ་སྒོ་བཞི་སྲུང་མཛད་བཅས། །རྒྱུད་ལུང་མན་ངག་འགྲོ་འདུས་རིག་པ་འཛིན། །རིག་འཛིན་ཡོངས་རྫོགས་ལྷ་ལ༴ དྲེགས་པ་ཀུན་འདུལ་ཁྲོ་རྒྱལ་མི་བཟད་པ། ཁམས་གསུམ་སྲིད་པ་སྤྱི་འདུས་ཡུམ་


TR008_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་འཁྲིལ། །ཐུགས་སྲས་ཕོ་ཉ་སྡེ་བཞི་ཡབ་ཡུམ་བཅས། །སྡེ་དཔོན་འཁོར་བཅས་སྒོ་སྐྱོང་དྲེགས་པའི་ཚོགས། །ཞི་རྒྱས་དབང་དྲག་ལས་རྣམས་ཅི་བཅོལ་བསྒྲུབ། །འཇིག་རྟེན་ཡོངས་རྫོགས་ལྷ༴ མཐུ་སྟོབས་རྩལ་ལྡན་རབ་གཏུམ་ཁྲོ་བོའི་རྒྱལ། །འབྱུང་ལྔའི་བདག་མོ་ཡུམ་ཆེན་སྐུ་ལ་འཁྲིལ། །ཐུགས་སྲས་སྔགས་བདག་ལས་མཁན་སྡེ་བཞིར་བཅས། །དམ་ཚིག་དབང་གིས་བསྟན་སྲུང་སྔགས་བདག་ཚོགས། །དྲེགས་པ་བཅོ་བརྒྱད་གདུག་པའི་མཚོན་ངར་ཅན། །དྲག་སྔགས་ཡོངས་རྫོགས་ལྷ་ལ༴ དུས་གསུམ་རྒྱལ་བ་ཡོངས་རྫོགས་སྤྱན་སྔ་རུ། །དམ་མནོན་རང་རྟགས་སྲོག་གི་སྙིང་པོ་ཕུལ། །བཀའ་སྩལ་གཉེར་བླངས་རྫུ་འཕྲུལ་གར་གྱི་བདག །མ་ལྟར་བྱམས་ཤིང་སྲིད་ལྟར་གདུངས་ལ་སོགས། །དཀྱིལ་འཁོར་ཚུལ་འཛིན་རྣལ་འབྱོར་ཡོངས་ལ་སྐྱོབས། །བཀའ་སྲུང་ཡོངས་རྫོགས་ལྷ་ལ༴ ཧཱུྃ། རྣམ་དག་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་ནས། །འགྲོ་དོན་འདོད་དགུར་བསྒྱུར་བའི་གཙོ་


TR008_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

དང་འཁོར། །ཇི་ལྟར་སྤྲུལ་ཡང་ཡེ་ཤེས་རིག་པའི་རྩལ། །རང་ཤར་རང་གྲོལ་བདེ་ཆེན་གཡུང་དྲུང་ལྷ། །རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་པས། །ཐམས་ཅད་ཆོས་སྐུར་ཡོངས་རྫོགས་ལྷ་ལ་བསྟོད། །བདུན་བརྒྱ་ཉེར་ལྔ་རྒྱལ་བ་ཐུགས་དམ་ཅན། །མི་མངོན་དབྱིངས་ནས་གནས་འདིར་སྐུ་བསྐྱོད་ལ། །ཞེས་པ་ལ་སོགས་པའི་འདོད་གསོལ་རྣམས་གོང་གི་ཞི་བའི་མཇུག་དང་མཚུངས་པར་བྱའོ། །དེ་ལྟར་ཛྲབ་བསྙེན་བསྟོད་པ་དང་བཅས་པ་གྲུབ་རྗེས། ཐུན་ལ་མཚམས་སུ་དངོས་གྲུབ་བླང་བ་ནི། བདག་ཉིད་ཀྱི་ཐུགས་སྲོག་ཧཱུྃ་ལས་འོད་ཟེར་འཕྲོས་ཏེ་རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་ཡི་དམ་ལྷ་དང་མཁའ་འགྲོ་དམ་ཅན་ཆོས་སྲུང་ཐམས་ཅད་ལ་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ། སོ་སོའི་སྐུ་གསུང་ཐུགས་ཀྱི་གནས་རྣམས་ནས་བྱིན་རླབས་མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་འདིར་ལྔ་ལྡན་གྱི་ཚུལ་དུ་བྱུང་ནས་བདག་གི་གསུམ་དུ་ཐིམ་པར་བསམ་ལ། ཧཱུྃ། ལྷ་དང་རིག་འཛིན་མཁའ་འགྲོ་དགོངས། །འདིར་འདུས་རིག་འཛིན་བདག་ཅག་རྣམས། །སྨིན་གྲོལ་གཉིས་ཀྱི་རྒྱུད་སྦྱངས་ཤིང་། །སྐྱེད་རྫོགས་གཉིས་ཀྱི་ལས་


TR008_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་སྲོང་། །བསྙེན་སྒྲུབ་རྣམ་གསུམ་མཐའ་རུ་ཕྱིན། །ལས་དང་ཐུགས་རྗེ་མཐུན་པ་ཡི། །ཞི་རྒྱས་དབང་དྲག་ཡིད་བཞིན་གཏེར། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། ཨོཾ་ཨཱཿཧཱུྃ། །ཀཱ་ཡ་ཝཀྩིཏྟ་སིདྡྷི་ཧཱུྃ་ཨཱཿ དེ་ཡན་ཆད་ཀྱི་དངོས་གཞིའི་ལས་རིམ་ཉེར་ལྔ་རྣམས་གྲུབ་ནས།། ༈ །།གསུམ་པ་རྗེས་ཀྱི་ལས་རིམ་བཅུ་གཅིག་ནི། རྩ་ཐོ་ལས། ཆེ་བ་བསྐྱེད་ཅིང་། ཕྲིན་ལས་བསྐུལ། ཚོགས་དང་། ལྷག་ཆོག གཏོར་སྐྱོང་བྱ། གཏོར་ཟོར། བསྟན་མ་རྣམ་བཞིའི་བྲོ། དཀྱིལ་འཁོར་བསྡུ། བཀང་རྒྱུན་སྤྱོད་བྱ། ཞེས་གསུངས་པའི་དང་པོར། ཆོག་གཞུང་ལ་ལར་ཐུགས་བསམ་བསྐུལ་བ་སོགས་ཚོགས་ཀྱི་ལས་རིམ་གྲུབ་པའི་རྗེས་ཐོག་ཏུ་འབྱུང་མོད་ཀྱི། འདིར་ནི་བསྙེན་སྒྲུབ་ལས་གསུམ་གྱི་གོ་རིམ་དང་བསྟུན་པས་སྐབས་འདིར་བྱུང་བར་སྣང་བས། དེ་ལས་ཐོག་མར་བཀའ་སྡོད་ཕོ་ཉའི་ཚོགས་ལ་ཕྲིན་ལས་གཞོལ་བར་བྱེད་པ་ལ་རང་ཉིད་ལྷའི་ང་རྒྱལ་དང་མ་ལྡན་ན་སྲུང་མ་དམ་ལ་མི་འདུ། ཟིལ་གྱིས་མི་ནོན། ལས་ལ་མི་ཁོལ་བའི་ཕྱིར། བདག་ཉིད་ཡེ་གདོད་མ་ནས་རང་བཞིན་ཆོས་སྐུ་ཀུན་ཏུ་བཟང་པོའི་ངོ་བོར་ལྷུན་གྱིས་གྲུབ་པའི་


TR008_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

རང་གདངས་འགག་མེད་ཀྱི་རོལ་པ་ལས་གཟུགས་སྣང་ཐམས་ཅད་སྐུ། སྒྲ་སྒྲག་ཐམས་ཅད་སྔགས། དྲན་རྟོགས་ཐམས་ཅད་ཆོས་ཉིད་ཀྱི་རྣམ་རོལ་ཡིན་ལ་ཡིན་པར་ཤེས་པའི་ང་རྒྱལ་གྱི་དཔའ་གདེངས་བསྐྱེད་ལ། ཧཱུྃ། སྣང་སྲིད་ཐམས་ཅད་གཞལ་ཡས་ཁང་། །གཟུགས་སྣང་ཐམས་ཅད་ཧེ་རུ་ཀ །ཐམས་ཅད་ཐམས་ཅད་བྲན་དུ་ཁོལ། །ང་ལས་ཆེ་བ་སུ་ཡང་མེད། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་ཆེ་བ་བསྐྱེད་པས་སྣང་སྲིད་ཐམས་ཅད་མངའ་འོག་ཏུ་འདུས་པས་ཅི་བསྒོ་བའི་བཀའ་ཉན་པར་བསམ་མོ།། ༈ །།གཉིས་པ་ཕྲིན་ལས་བསྐུལ་བ་ནི། ཚོམ་བུ་དགུའི་ལྷ་ཚོགས་རྣམས་ལ་འགྲོ་བའི་དོན་དུ་ཐུགས་དམ་བསྐུལ་བ་ཙམ་གྱིས། ལྷ་ཐམས་ཅད་ལས་རང་འདྲའི་སྤྲུལ་པ་གྲངས་མེད་ཉི་ཟེར་གྱི་རྡུལ་བཞིན་སྤྲོས་ཏེ། འཇིག་རྟེན་གྱི་ཁམས་གང་བས་འཇིགས་བརྒྱད་ཞི་བ་དང་། འབྱོར་དྲུག་རྒྱས་པ་དང་། མོས་པ་རྣམ་བཞི་དབང་དུ་བསྡུ་བ་དང་། དགྲ་གེགས་འབྱུང་པོ་རྡུལ་དུ་རློག་པ་སོགས་ཕྲིན་ལས་གང་འདོད་ཐོགས་མེད་དུ་བསྒྲུབ་པར་དམིགས་ལ། ཧཱུྃ། ཆོས་སྐུ་སྐྱེ་མེད་ངང་ཉིད་ལས། །གཟུགས་སྐུ་འཇིགས་པའི་ཆ་ལུགས་བཞེངས། །ཞི་རྒྱས་དབང་དང་མངོན་སྤྱོད་ལས། །


TR008_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། ཧཱུྃ་སརྦ་དུཥྚན། ཨོཾ་ཤནྟིང་། པུཔུཥྚི༚། ཨ་ཝ་ཤམ། ཧཱ་མ་ར་ཡ་ཕཊ། སརྦ་སིདྡྷི་ཀུ་རུ་ཧཱུྃ་རྦོད་ཟོར་སརྦ་ཟློག་བྷྱོཿ ༈ །།གསུམ་པ་ཚོགས་ཀྱི་ལས་རིམ་རྣམས་ཀྱི་དང་པོར་བསང་སྦྱང་། བྱིན་གྱིས་བརླབས་པ་ནི། འདོད་ཡོན་གྱི་ལོངས་སྤྱོད་ཐབས་ཤེས་བཟའ་བཏུང་གཟུགས་སྒྲ་དྲི་རོ་རེག་བྱ་མ་ཚང་བ་མེད་ཅིང་སེར་སྣ་དང་རློམ་སེམས་ཀྱིས་མ་བསླད་པར་བསགས་ནས་ཞིང་ཆེན་གཡང་གཞིའམ་སྟག་པགས་སོགས་ཀྱི་གདན་ཁར་བཤམས་ལ། རྡོ་རྗེའི་ཕྱག་མཚན་དང་བཅས་པས་བདུད་རྩིའི་ཟེར་གྱིས་ཁྱབ་པར་འཐོར་ཏེ། ཨོཾ་ཨུཙྪུཥྨ་བཻ་ཏཱ་ལི་ཀྲོ་དྷ་ནཱི། སརྦ་དྲཱ་ཕྱཾ་སཾ་ཤོ་དྷ་ནི་ཧཱུྃ་ཕཊཿསྭཱ་ཧཱ། ཞེས་ཁྲོ་མོ་ཉེས་སྒྲིབ་ཟ་བྱེད་མའི་སྔགས་ཀྱིས་ཚོགས་ཀྱི་བགེགས་སྦྱང་། དེ་ནས་རང་རིག་མ་བཅོས་སྤྲོས་མེད་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས་འཁོར་འདས་བཟང་ངན་གཙང་རྩོགས་སོགས་ཀྱི་རྣམ་པར་རྟོགས་པ་བདེན་མེད་སྒྱུ་མར་ཤེས་པའི་ངང་ནས། བདག་སྐྱེད་ཀྱི་ཐུགས་སྲོག་ཧཱུྃ་ལས་ཡི་གེ་རཾ་ཡཾ་ཁཾ་འཕྲོས་པ་ལས་བྱུང་བའི་ཡེ་ཤེས་ཀྱི་མེ་རླུང་ཆུ་གསུམ་གྱིས་དྲི་མ་སྦྱང་། ཨཱོཾ་


TR008_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཧཱུྃ་གསུམ་གྱིས་ཟག་མེད་ཀྱི་ལོངས་སྤྱོད་དུ་བྱིན་བརླབས་པར་མོས་ལ། ཧཱུྃ། རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས། །ཆོས་ཀུན་ཐམས་ཅད་སྒྱུ་མར་རིག །རིག་པའི་ཡེ་ཤེས་རྃ་ཡྃ་ཁྃ། །ཚོགས་ཀྱི་དངོས་པོ་སྲོག་སྦྱང་བཀྲུ། རྃ་ཡྃ་ཁྃ། རྃ་སྥ་ར་ཎ་ཕཊཿ སྃ་ཧ་ར་ཎ་ཧཱུྃ། ཡྃ་སྥ་ར་ཎ་ཕཊཿ སྃ་ཧ་ར་ཎ་ཧཱུྃ། ཁྃ་སྥ་ར་ཎ་ཕཊཿ སྃ་ཧ་ར་ཎ་ཧཱུྃ། ཨོཾ་ཨཱཿཧཱུྃ། །ལྷར་གསལ་ཐུགས་ལས་སྦྱང་ཡིག་འཕྲོས། རྃ། རཾ་ལས་མེ་བྱུང་དངོས་འཛིན་བསྲེག །ཡྃ། ཡཾ་ལས་རླུང་འབྱུང་བག་ཆགས་གཏོར། ཁྃ། ཁཾ་ལས་ཆུ་བྱུང་གཉིས་འཛིན་བཀྲུ། །རང་ཉིད་ལྷ་ཡི་ཐུགས་ཀ་ནས། །བྱིན་གྱིས་རློབས་པའི་ཡི་གེ་སྤྲོ། ཧཱུྃ། ཧཱུྃ་གིས་རྣམ་པར་རྟོག་པ་སྦྱང་། ཨཱཿ ཨཱཿཡིས་ཡེ་ཤེས་བདུད་རྩིར་བསྒྱུར། ཨོཾ། ཨོཾ་གིས་འདོད་ཡོན་སྣང་། ཧྲཱིཿ ཧྲཱིཿཡིས་ཐུགས་ཀར་ལྷ་ཚོགས་དགྱེའོ། ཞེས་བྱིན་བརླབ་ཅིང་།། ༈ །།དེ་ནས་ཚོགས་མགྲོན་སྤྱན་དྲངས་


TR008_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་ཤིང་ཕྱག་མཆོད་བྱ་བ་ནི། བདག་ཉིད་ཀྱི་ཐུགས་ཀ་ནས་ཚད་མེད་བཞིའི་ལྷ་མོ་དཔག་ཏུ་མེད་པ་འཕྲོས་པས། རང་བཞིན་གྱི་གནས་རྣམས་ནས་རྒྱལ་བ་སྲས་བཅས་བླ་མ་ཡི་དམ་མཁའ་འགྲོ་དམ་ཅན་མཐའ་དག་སྤྱན་དྲངས་ནས་མདུན་གྱི་ནམ་མཁར་བཞུགས་པར་མོས་ལ། ཧཱུྃ། རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས། །ཡེ་ཤེས་རོལ་པའི་ཚོགས་ལ་གཤེགས། །དམ་ཚིག་དཀྱིལ་འཁོར་གནས་འདིར་བཞུགས། །བདག་དང་གུས་པས་ཕྱག་འཚལ་ལོ། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །མཛེས་སྙན་དྲི་ཞིམ་རོ་བདའ་ཞིང་། །རེག་བདེ་གླུ་གར་ཆོས་ཡིད་ཚིམ། །འདོད་ཡོན་མཆོད་པས་ཐུགས་དམ་བསྐང་། །དེ་ནས་ཚོགས་མཆོད་ཀྱི་བསྐང་བ་བྱ་བའི་སྔོན་དུ་བསྐང་ཡུལ་རྣམས་ལ་སྙན་གསན་དབབ་པའི་དགོངས་གསོལ་ནི། ཧཱུྃ། ཞི་ཁྲོ་བདེར་གཤེགས་ཡོངས་རྫོགས་ལྷ། །འགྲོ་ལ་ཕན་མཛད་ཐུགས་རྗེའི་བདག །སེམས་ཅན་ཡོངས་ཀྱི་གཉེན་གཅིག་པུ། །ཀུན་ནས་བདག་ལ་དགོངས་སུ་གསོལ། །ཞེས་པའི་མཐར་བཤགས་སྐོངས་དངོས་ནི། །ཚོར་དང་མ་ཚོར་བའི་དམ་ཚིག་ཉམས་ཆག་མཐའ་དག་མནོང་


TR008_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པས་མཐོལ་བཤགས་བྱ་སྟེ། ཧཱུྃ། ཤར་ནས་བཛྲ་ཨཀྵོ་བྷྱ། །རྡོ་རྗེ་རིགས་ཀྱི་ཐུགས་དམ་ལས། །ཞེ་སྡང་དམ་ཚིག་ཉམས་པོ་འཚལ། །འདི་ཡང་མི་འཆབ་མཐོལ་ལོ་བཤགས། །ལྷོ་ནས་རཏྣ་སམྦྷ་ཝ། །རིན་ཆེན་རིགས་ཀྱི་ཐུགས་དམ་ལས། །ང་རྒྱལ་དམ་ཚིག་ཉམས་པོ་འཚལ། འདི་ཡང་མི་འཆབ༴ ནུབ་ནས་པདྨ་དེ་ཝ་ཧྲཱིཿ པདྨ་རིགས་ཀྱི་ཐུགས་དམ་ལས། །འདོད་ཆགས་དམ་ཚིག་ཉམས་པོ་འཚལ། འདི་ཡང་༴ བྱང་ནས་ཨ་མོ་བྷ་སིདྡྷི༴ ལས་ཀྱི་རིགས་ཀྱི་ཐུགས་དམ་ལས། །ཕྲ་དོག་དམ་ཚིག་ཉམས༴ འདི་ཡང་༴ དབུས་ནས་བཻ་རོ་ཙ་ན་ཨོཾ། དེ་བཞིན་རིགས་ཀྱི་ཐུགས་དམ་ལས། །གཏི་མུག་དམ་ཚིག་ཉམས༴ འདི་ཡང་༴ ཡང་ཡང་ཡང་མི་བྱེད་མཐོལ་ལོ་བཤགས། ལང་ལང་ལང་མི་འཆབ་མཐོལ་ལོ་བཤགས། ཧཱུྃ། རྩ་བའི་དམ་ཚིག་གསོ་བའི་ཕྱིར། །མཆེད་དང་སློབ་དཔོན་ཐུགས་དམ་བསྐང་། །མི་སྤང་དམ་ཚིག་གསོ་བའི་ཕྱིར། གཉིས་སུ་མེད་པའི༴ དང་དུ་བླང་བའི་དམ་ཚིག་ལས། །ཉམས་པ་གསོ་བར་བྱ་བའི་ཕྱིར།


TR008_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

དམ་རྫས་ལྔ་ཡིས་ཐུགས་དམ་བསྐང་། །སྤྱད་པར་བྱ་བའི་དམ་ཚིག་ལས། ཉམས་པ་གསོ༴ སྦྱོར་དང་སྒྲོལ་བའི་ཐུགས་དམ་བསྐང་། སྒྲུབ་པར་བྱ་བའི་དམ་ཚིག་ལས། ཉམས་པ་གསོ༴ རིགས་ལྔ་དག་པས་ཐུགས་དམ་བསྐང་། ཤེས་པར་བྱ་བའི་དམ་ཚིག་ལས། ཉམས་པ༴ ཕུང་པོ་ཞིག་ཁྲོལ་འདི་ཡི་ཐུགས་དམ་བསྐང་། ཧཱུྃ། བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་བསྐང་། །སྦྱོར་བ་མེད་དེ་སྲིད་གསུམ་ཡོང་ལ་སྦྱོར། །སྒྲོལ་བ་མེད་དེ་དུག་གསུམ་ཡེ་ནས་སྒྲོལ། །ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང་། །ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི། །རྩ་བརྒྱད་སྟོང་ལས་སྦྱར་བའི་བདུད་རྩི་དང་། །ཁྱད་པར་རྨད་དུ་བྱུང་བའི་གཏོར་མ་དང་། །འཁོར་བ་རྒྱུ་ལས་བསྒྲལ་བའི་རཀྟ་དང་། །རྣམ་དག་རྒྱུད་ལས་བྱུང་བའི་བམ་ཆེན་དང་། །འབྲུ་བཅུད་སྟོང་ལས་སྦྱར་བའི་ཛཱ་གད་དང་། །ཕྱི་ནང་མཆོད་པའི་ཚོགས་ཀྱི་ཡོ་བྱད་ཀྱིས། །བཀའ་རྒྱུད་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་། །ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས། །བཞི་བཅུ་རྩ་གཉིས་རྒྱལ་བའི་ཐུགས་དམ་བསྐང་། ཁྲོ་བོ་རོལ་པའི་


TR008_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཆེན་པོ་ནས། །ཆེ་མཆོག་ཡོན་ཏན་ལྷ་ཚོགས༴ ཁྲག་འཐུང་རོལ་པའི༴ ཡང་དག་ཐུགས་ཀྱི་ལྷ༴ གཤིན་རྗེ་རོལ་པའི་དཀྱིལ་འཁོར༴ འཇམ་དཔལ་སྐུ་ཡི༴ དབང་ཆེན་རོལ་པའི༴ པདྨ་གསུང་གི༴ ཕུར་པ་རོལ་པའི༴ ཕུར་པ་ཕྲིན་ལས་ལྷ༴ ཤ་ཁག་རྒྱ་མཚོར་འཁྱིལ་བའི་དཀྱིལ་འཁོར་ནས། མ་མོ་རྦོད་གཏོང་༴ ཐུགས་རྗེ་གདུང་ཚོབ་སྐུ་ཡི་དཀྱིལ་འཁོར་ནས། རིག་འཛིན་བླ་མའི་ལྷ༴ དུག་ལྔ་མེ་ལྟར་འབར་བའི༴ འཇིག་རྟེན་མཆོད་བསྟོད༴ གཏུམ་དྲག་མེ་ལྟར་འབར་བའི་དཀྱིལ་འཁོར་ནས། དམོད་པ་དྲག་སྔགས་ལྷ༴ དཀྱིལ་འཁོར་དགུ་ཡི་བར་འཁྱམ་འཁོར་ཡུག་ནས། །བཀའ་སྲུང་དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་། །ཞིང་ཆེན་བཅལ་དུ་བཀྲམ་པའི་དཀྱིལ་འཁོར་ནས། །ཕོ་ཉ་ལས་བྱེད་ཚོགས་ཀྱི༴ སངས་རྒྱས་བསྟན་པ་བསྲུང་བར་ཞལ་བཞེས་པའི། །སྔགས་བདག་སྡེ་དཔོན་སུམ་ཅུའི༴ ཕོ་རྒྱུད་མགོན་པོའི་ཚོགས་ཀྱི༴ མ་རྒྱུད་ལྷ་མོའི་ཚོགས་ཀྱི༴ གནོད་སྦྱིན་ནོར་ལྷའི་ཚོགས༴ དྲང་སྲོང་གཟའ་ཡི་ཚོགས་ཀྱི༴


TR008_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཅན་དཔེ་སྲོག་གཙང་གསུམ་ཐུགས་དམ་བསྐང་། །ཡུལ་ལྷ་གཞི་བདག་རྣམས་ཀྱི་ཐུགས་དམ་བསྐང་། ཨོཾ་ཨཱཿཧཱུྃ། རྒྱལ་བ་ཞི་ཁྲོ་རྡོ་རྗེ་སློབ་དཔོན་དང་། །བདེར་གཤེགས་ཡོངས་རྫོགས་སྲུང་མ་དམ་ཚིགས་ཅན། །སྐུ་གསུམ་གདུང་ཚོབ་རྡོ་རྗེ་ལྕམ་དྲལ་མཆེད། །དཔང་གྱུར་སྐྱབས་མཆོག་མ་ལུས་དགོངས་སུ་གསོལ། །བདག་ནི་མ་རིག་ལུས་དང་ངག་སེམས་ཀྱིས། །སློབ་དཔོན་མཆེད་སོགས་སྐུ་སྨོད་ངན་སྨྲ་ཞིང་། །ཡི་དམ་སྔགས་དང་ཕྱག་རྒྱ་གསང་བའི་བསྒྲགས། །རྩ་བའི་དམ་ལས་འགལ་གྱུར་མཐོལ་ལོ་བཤགས། །ཤེས་བྱ་ལྔ་དང་སྤྱད་པར་བྱ་བ་ལྔ། །མི་སྤང་ལྔ་དང་བསྒྲུབ་པར་བྱ་བ་ལྔ། །དང་ལེན་ལྔ་སོགས་ཡན་ལག་དམ་ཚིག་རྣམས། །ཉམས་གྱུར་རང་མནོང་འགྱོད་པ་མཐོལ་ལོ་བཤགས། །སྔགས་ལ་ཐེ་ཚོམ་བླ་མེད་ཐེག་པ་སྨོད། །ལྟ་སྤྱོད་ཡ་བྲལ་བསྙེན་སྒྲུབ་གཞུང་མ་སྲོང་། །ལོང་ཡོད་ལེ་ལོས་དུས་ཀྱི་མཆོད་པ་ཆག །སྡོམ་གསུམ་ཐུན་མོང་དམ་ཉམས་མཐོལ་ལོ་བཤགས། །རིགས་པའི་རྩལ་ཆུང་སྙིང་པོའི་དོན་མ་རྟོགས། །སྒོམ་


TR008_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྲན་ཆུང་གནས་ལུགས་སོ་མ་ཐུབ། །བློ་ཡི་སྟོབས་ཆུང་སྤྱོད་པའི་བོག་མ་ཐོན། །ལེགས་སམ་སྤྱད་ཀྱང་དོན་ལ་ཐུགས་འགལ་བསགས། །འབྲས་བུ་ཡིད་སྨོན་ལུས་པ་མཐོལ་ལོ་བཤགས། ཡིག་བརྒྱའང་བརྗོད། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར། །གསང་བའི་ཕོ་བྲང་གཞུང་བཞིན་བཀོད་ནས་ཀྱང་། །སྒྲུབ་རྫས་གཉན་པོ་ཚུལ་བཞིན་བཀྲམ་ལགས་ན། །རྒྱལ་བ་ཞི་ཁྲོའི་ཐུགས་དམ་གཉན་བསྐོངས་ཏེ། །རྣལ་འབྱོར་བདག་ལ་གཡར་དམ་གསོར་སྩོལ་ཅིག །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། དེ་ནས་ཚོགས་ཀྱི་ཡོ་བྱད་ཆེ་ཆུང་ཇི་ཙམ་ཡོད་པ་དེ་ཐམས་ཅད་གསིལ་ནས་མང་དུ་སྤྲོས་ལ། དཀྱིལ་འཁོར་པ་ལ་ཇི་ཙམ་འབུལ་རྒྱུ་དེ་ལའང་རིམ་པ་གསུམ་སྟེ། དངོས་ཕུད། བར་པ་ཉམམ་ཆགས་བཤགས་རྟེན། ཐ་མས་གནོད་བྱེད་བསྒྲལ་སྟབས་བྱ་རྒྱུ་དང་། བར་དུ་སྒྲུབ་པ་པོ་རྣམས་དངོས་གྲུབ་ཏུ་ལོངས་སྤྱད་རྒྱུ་དང་། ཚོགས་ལྷག་ལ་ཡང་ཡར་གནས་ཀྱི་མགྲོན་རྣམས་ལ་གཙང་ལྷག་དང་། མར་གནས་རྣམས་ལ་སྒྲུབ་པ་པོ་རྣམས་ཀྱི་ལོངས་སྤྱོད་པའི་


TR008_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མ་བསྡུ་བའམ། འོན་ཀྱང་དིང་སང་ནི་ཆོ་ག་བ་ནུས་ལྡན་དགོན་པའི་གཤིས་ཀྱིས། རྡོ་རྗེ་སློབ་དཔོན་གཅིག་པུའི་བཞེས་ལྷག་ལ་བརྟེན་པའི་ཕྱག་སྲོལ་ཉིད་ལེགས་པར་སྣང་ངོ་། །དེ་ལས་ཐོག་མར་ཚོགས་ཕུད་རིམ་པ་གསུམ་གྱི་དང་པོ་ཚོགས་ཀྱི་རྩེ་མོ་དང་བཟའ་བཏུང་ཐམས་ཅད་ཀྱི་ཕུད་བསྡུས་ནས་རིན་ཆེན་སྣོད་དུ་ཡུངས་རེ་དཀྱིལ་འཁོར་རམ་གཏོར་མའི་དྲུང་དུ་འབུལ་ཞིང་། ཚོགས་ཀྱི་མཆོད་པ་དེ་ལས་གཟུགས་སྒྲ་དྲི་རོ་རེག་བྱའི་མཆོད་པ་ཐོགས་པའི་ལྷ་མོ་གྲངས་མེད་འཕྲོས་པས་མཆོད་ཡུལ་ལྷ་ཚོགས་ཐམས་ཅད་མཉེས་པའི་མཆོད་པ་འབུལ་བར་དམིགས་ཤིང་། ཧཱུྃ། བླ་མེད་མཆོག་གི་མཆོད་སྦྱར་བས། །ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ། །འདོད་ཡོན་ལྷ་མོས་རབ་བརྒྱན་འབུལ། །དམ་སྐོངས་དབང་དང་དངོས་གྲུབ་སྩོལ། ཨོཾ་ན་མསྶ་རྤ་ཏ་ཐཱ་ག་ཏེ། བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ། ག་ག་ན་ཁ་སྭ་ཧཱ། ཚོགས་ཕུད་བར་པ་ཡང་སྔར་བཞིན་གཏོར་མའི་དྲུང་དུ་ཕུལ་ཞིང་བཤགས་ཚིག་བརྗོད་པས། ཚོགས་གཏོར་དང་མཆོད་པའི་དངོས་པོ་ཞེན་ཅིང་མ་ཚང་བ་དང་སྒོ་གསུམ་གྱི་སྤྱོད་པ་ལ་སོགས་པའི་ཉེས་སྐྱོན་དག་ཅིང་ཐུགས་


TR008_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བསྐོངས་པར་མོས་ལ། ཧཱུྃ། མ་རིག་བདག་ཅག་ལུས་ངག་སེས། །བག་མེད་དམ་འགལ་འབྱོར་ཚོགས་ཆུང་། །བླ་མ་ཡི་དམ་མཁའ་འགྲོ་ཡི། །ཐུགས་དང་འགལ་གྱུར་བཟོད་པར་གསོལ། ཨ་ཧོ་མ་ཧཱ་སུ་ཁ་ས་མ་ཡ་ཧོ། ཚོགས་ཕུད་ཐ་མ་ལ་བསྒྲལ་སྟབས་བྱ་བ་ནི་དེ་ཡང་སྒྲུབ་ཆེན་ནམ། གཏོར་ཟློག་སོགས་དྲག་ལས་རྒྱས་པར་བྱ་བའི་སྐབས་དག་ཏུ་ནི་ལིངྒ་སོགས་བཅའ་གཞི་ཚང་བ་དང་། ཕུར་ཐུན་ཚོམ་བུར་བསྐུལ་བ་སོགས་ག་བ་ས་ལས་བརྒྱད་རྫོགས་པར་བྱ་དགོས་མོད་ཀྱི། ལས་གཞུང་རྒྱུན་ཁྱེར་གྱི་སྐབས་འདིར་ནི་ཚོགས་ཐ་མ་ལ་བརྟེན་ནས་དགུག་བསྒྲལ་སྟབས་གསུམ་མདོར་བསྡུས་ཙམ་བྱ་བ་ཡིན་ཏེ། ཚོགས་ཕུད་ཐ་མ་དེ་ཉིད་ཟན་དང་ཤ་ཁྲག་རུས་གསུམ་གཙོ་བོར་སྤུངས་ནས་ལྕགས་ཟེར་ལྟ་བུ་དྲག་པོའི་སྣོད་གཅིག་ཏུ་བཤམས་ལ། སྒྲོལ་བའི་ཕྱག་མཚན་ལྕགས་ཕུར་སོགས་ཐང་གསར་ནས། བརྗོད་ཚིག་དང་མཐུན་པའི་ཏིང་འཛིན་གསལ་ངར་དང་ལྡན་པས་བདག་ཉིད་གཙོ་བོའི་ཐུགས་ཀ་ནས་སྤྲུལ་པའི་ཆེ་མཆོག་བཛྲ་ཀཱི་ལ་ཡ་མཐིང་ནག་ཕྱག་གཉིས་ཕུར་བུ་འདྲིལ་ཞིང་། སྐུ་སྟོད་ཁྲོ་བོ་


TR008_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ལ་སྐུ་སྨད་གནམ་ལྕགས་ཀྱི་ཕུར་པ་རབ་ཏུ་རྣོ་བས་གཏམས་པ་མེ་སྤུངས་ཀྱི་ཀློང་ན་རྔམས་པར་བཞུགས་པའི་མདུན་ན། ལྕགས་ཀྱི་ཁང་སྒྲོམ་སྒོ་མེད་འཇིགས་སུ་རུང་བའི་ནང་དུ་གནོད་བྱེད་བསྒྲལ་བའི་ཞིང་དུ་གྱུར་པ་གང་ཡིན་དེ་དག་དབང་པོ་སྐྱེ་མཆེད་ཚང་ཞིང་ཡན་ལག་ལྕགས་སྒྲོག་གིས་བསྡམས་པ་མངོན་སུམ་དུ་གསལ་བར་གྱུར། ན་མོ། །རྗེ་བཙུན་རྩ་བ་དང་རྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས་དང་རིགས་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཡི་དམ་ཞི་ཁྲོ་རབ་འབྱམས་སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་བདུན་བརྒྱ་ཉེར་ལྔ་སྤྲུལ་འཁོར་དང་བཅས་པའི་བདེན་པ་དང་། གནས་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྲུང་བཀའ་སྡོད་དམ་ཅན་རྒྱ་མཚོ་དཀར་ཕྱོགས་ཡུལ་ལྷ་གཞི་བདག་དང་བཅས་པའི་བདེན་


TR008_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། དོན་དམ་ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་ཀུན་རྫོབ་བརྟེན་ཅིང་འབྲེལ་བར་འབྱུང་བ་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་ཆེན་པོའི་སྟོབས་ལ་བརྟེན་ནས། སྤྱིར་སངས་རྒྱས་ཀྱི་བསྟན་པ་བཤིག་པ། དཀོན་མཆོག་གི་དབུ་འཕང་སྨོད་པ། དགེ་འདུན་གྱི་སྤྱི་དགྲ་བྱེད་པ། སེམས་ཅན་ཡོངས་ལ་གནོད་པ་ཁྱད་པར་དུ་ཡང་། རྡོ་རྗེའི་སློབ་དཔོན་གྱི་སྐུ་ལ་བདོ་བ། མཆེད་དང་ལྕམ་དྲལ་གྱི་དམ་ལས་འགལ་བ། རྣལ་འབྱོར་སྒྲུབ་པ་པོ་ལ་གནོད་ཅིང་འཚེ་བ། དམ་པའི་ཆོས་དང་བྱང་ཆུབ་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་གཟུགས་ཅན་གྱི་དགྲ། གཟུགས་མེད་ཀྱི་བགེགས། ལས་ངན་གྱི་སྲི། བཀའ་ལས་འདའ་བ། དམ་ལས་ཉམས་པ། ཁྲིམས་ལས་དྲལ་བ། ཞིང་བཅུར་གྱུར་པའི་དགྲ་གེགས་འབྱུང་པོ་གང་ཡིན་པ་དེ་དག་སྲིད་པ་གསུམ་གང་དུ་གནས་ཀྱང་། ཕོ་ཉ་ལས་མཁན་དྲེགས་པའི་ཚོགས་རྣམས་ཀྱི་ལྕགས་ཀྱུས་སྙིང་ནས་བཟུང་སྟེ་རང་དབང་མེད་པར་སྐད་


TR008_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཙམ་ལ་ཚོགས་ཐ་མ་འདི་ལ་ཁུག་ཛཿ ནྲྀ་ཏྲི་བཛྲ་ཨང་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུ། བཛྲ་སྥོ་ཊ་བཾ། བཛྲ་གྷཎྜེ་ཧོ། ཞེས། རོལ་མོའི་སྒྲ་དྲག་པོ་དང་བཅས་པས་བཀུག་བསྟིམ་བྱ། དེ་ནས་ལྷ་ཚོགས་རྣམས་དྲག་པོའི་ཕྲིན་ལས་ལ་བསྐུལ་ཏེ། ཧཱུྃ། ཆོས་ཀྱི་དབྱིངས་ལས་རང་བྱུང་གྲུབ་པའི་ལྷ། །ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས། །ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ། །དཔལ་ཆེན་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད། ཧཱུྃ་ཧཱུྃ་བི་ཤྭ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཧཱུྃ་ཕཊཿ དེ་ནས་མགོན་སྐྱོབས་བྱེད་པའི་ལྷ་སྲུང་དང་འཕྲལ་ཏེ། ཧཱུྃ་བཛྲ་ཡཀྴ་ཀྲོ་དྷ་ཨ་ནྲྀ་དེ་ཝ་མ་ནུ་ཤག་ཕྱེ་ཕྱེ། དེ་ནས་བདག་ཉིད་ཧེ་རུ་ཀའི་རྒྱལ་གྱིས་ཕུར་པ་ཐལ་མོ་སྦྱར་བའི་བར་དུ་བཟུང་སྟེ་ལིངྒ་ལ་གཟིར་བས། འཁོར་འདས་སེམས་སུ་ཐག་ཆོད་པ་ནི་རིག་པ་ཆོས་སྐུ་ཡེ་ཤེས་ཀྱི་ཕུར་པ། དེ་ལྟར་མ་རྟོགས་པའི་སེམས་ཅན་འཁྲུལ་པ་ཨ་འཐས་ཀྱི་དགྲ་གེགས་ལ་ཚད་མེད་སྙིང་རྗེ་བསྐྱེད་པ་ནི་གསལ་མདངས་ལོངས་སྐུ་སྙིང་རྗེའི་ཕུར་པ། ལག་པའི་སོར་མོ་བཅུ་པོ་ཁྲག་འཐུང་རིགས་ལྔ་ཡབ་ཡུམ་སྦྱོར་བའི་སྲས་སུ་བཛྲ་ཀི་ལ་


TR008_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་བྱུང་བ་ནི་སྤྲུལ་སྐུ་རྫས་ཀྱི་ཕུར་པ་རེ། བདག་ཕུར་འབེན་གསུམ་སྐུ་གསུམ་གྱི་རྣམ་རོལ་དུ་ཤེས་པ་ནི་ལྟ་བའི་རྫོང་ཡིན་ཞིང་ཕུར་པའི་དབལ་རྩིར་ཧཱུྃ་ཡིག་ལས་མེ་འོད་འཕྲོས་པས་གནོད་བྱེད་དེའི་སྙིང་དཀྱིལ་དུ་ཡིད་ཀྱི་རྟེན་དབུགས་ཀྱི་དངས་མ་གཏོར། སྲོག་གི་རྟེན་ཁྲག་གི་དངས་མ་སྙམ། ཚེ་བསོད་ཀྱི་རྟེན་ཨ་ཡིག་དཀར་པོ་ཕུར་པའི་རྩེ་ལ་ཚུར་བྱུང་བ་བདག་གི་སྙིང་གར་བསྟིམ། རྣམ་ཤེས་ཀྱི་ནྲྀ་ལྗང་གུ་ཕུར་པའི་ཁོང་སེང་ནས་ཡར་བརྒྱུད་དེ་དཔལ་ཆེན་པོ་ནི་རུ་ཀའི་སྐུ་གསུང་ཐུགས་ལ་བསྟིམ་ཞིང་། སླར་ཡང་ཡབ་ཀྱི་དབུ་མའི་ལམ་བརྒྱུད་ནས་ཡུམ་གྱི་གསང་བར་བབས་པ་སྤྲུལ་པའི་སྲས་མཆོག་ཏུ་བལྟམས་ཤིང་འགྲོ་བའི་དོན་མཛད་པར་དམིགས་པ་ནི་སྒོམ་པའི་འཕྲང་། དེ་ལྟ་བུ་གསལ་སྟོང་ཟུང་འཇུག་ཐབས་ཤེས་དབྱེར་མེད་ཀྱི་སྒོ་ནས་སྒྲོལ་བ་ནི་སྤྱོད་པའི་སྲོག་སྟེ། རྫོང་འཕྲང་སྲོག་གསུམ་ཚང་བའི་ཏིང་འཛིན་དང་ལྡན་པས། གཟུགས་ལིང་གཏུབ་ཅིང་། ཧཱུྃ། ང་ནི་ཆེ་མཆོག་ཧེ་རུ་ཀ །གཡས་པ་ཐབས་ཀྱི་རང་བཞིན་ལ། གཡོན་པ་ཤེས་རབ་རང་བཞིན་ཏེ། །ཐབས་དང་ཤེས་རབ་སྦྱར་བ་ལས། །སྲས་མཆོག་བཛྲ་ཀཱི་ལ་


TR008_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཡ། དགྲ་གེགས་སྒྲོལ་བའི་དུས་ལ་བབས། །གང་ལ་བྱ་བ་ཁྱེད་ཀྱིས་ཤེས། །ཡིད་ལ་བརྣག་པའི་དགྲ་གེགས་འདི། །མ་ཐོགས་མྱུར་དུ་སྒྲོལ་བར་མཛོད། ཅེས་པའི་མཇུག་ཏུ་དྲག་སྔགས་སོ་ལྔ་པའི་ཤམ་དུ། ཀརྨ་རཾ་རཾ་ཛྭ་ལ་རཾ། །དགྲ་གེགས་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བསྒྲལ་ཞིང་གནས་སྤར་བས་འབྲས་བུ་ཡེ་ཤེས་ཀྱི་ཚོགས་བསྒྲུབས་ཏེ། ཤ་ཁྲག་གཟུགས་ཀྱི་ཕུང་པོའི་ལྷག་རོལ་དེ་ཉིད་ཤའི་ཕུང་པོ། ཁྲག་གི་རྒྱ་མཚོ། རུས་པའི་རི་བོར་གྱུར་པ་དེ་དག་ལྷ་ཚོགས་རྣམས་ཀྱི་ཞལ་དུ་སྟབས་པས་རྒྱུ་བསོད་ནམས་ཀྱི་ཚོགས་རྫོགས་ཤིང་འཁོར་བའི་རྒྱུ་རྐྱེན་རྩད་ནས་ཆོད་པར་བསམ་ལ་བསྒྲལ་བའི་རོ་མ་རྣམས་དཀྱིལ་འཁོར་དུ་འབུལ་ཞིང་། ཧཱུྃ། དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་ཞལ་ཕྱེ་ཅིག །བག་ཆགས་ཀུན་སྦྱོང་འཁོར་བའི་ལམ་དགག་ཕྱིར། །དགྲ་གེགས་བསྒྲལ་བའི་དུག་གསུམ་ཤ་ཁྲག་རུས། །ཟ་བྱེད་མི་འགྱུར་ཆོས་ཉིད་ཀློང་དུ་རོལ། །བཛྲ་ཡཀྵ་ཀྲོ་དྷ་བི་ཛ་ཡེ་ཁཱ་ཧི། དེ་ལྟར་དཀྱིལ་འཁོར་ལྷ་ཚོགས་ལ་ཚོགས་མཆོད་གྲུབ་པའི་རྗེས་ལ་ལྷག་མའི་མགྲོན་ཡར་གནས་ཡེ་ཤེས་པ་ལ་འབུལ་རྒྱུའི་གཙང་ལྷག་སྣོད་


TR008_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོར་བླུག་ནས་དཀྱིལ་འཁོར་གྱི་འགྲམ་དུ་བཞག་པ་དང་། བར་འདིར་སློབ་དཔོན་མཆེད་ལྕམ་རྣམས་ཚོགས་ཀྱི་དངོས་གྲུབ་བླང་བ་ནི། ལྷ་ཚོགས་ཀྱི་གནས་གསུམ་འབྲུ་གསུམ་ལས་འོད་འཕྲོས་པས་ཚོགས་ལ་ཐིམ་པས་ཡིད་བཞིན་ནོར་བུ་ལྟར་ཅི་འདོད་ཀྱི་དངོས་གྲུབ་འབྱུང་བར་མོས་ལ། ཚོགས་རྫས་ཀྱི་དངོས་པོ་གང་ཡོད་སྣ་ཚང་དུ་རིམ་པར་དྲངས་ཤིང་ཧོ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འདི། །འདོད་ཡོན་མ་སྤངས་ལོངས་སྤྱོད་བརྒྱན། །དངོས་གྲུབ་སྣ་ཚོགས་འདི་ལས་འབྱུང་། །རྣལ་འབྱོར་དགྱེས་པར་ཚོགས་ལ་རོལ། །སིདྡྷི་ཕ་ལ་ཨ་ལ་ལ་ཧེ། ཞེས་བརྗོད་ནས་རང་རང་སྒོ་གསུམ་ལྷའི་རྣལ་འབྱོར་དང་ལྡན་པས་ཚོགས་ལ་རོལ་ཞིང་། དེ་ཚེ་ཚོགས་ཀྱི་ཟས་ལ་བཟང་ངན་ཞིམ་མངར་གྱི་སྤོང་ལེན་མི་བྱ། ཚོགས་རྫས་ལ་ཐ་མལ་གྱི་མིང་མི་འབོད། བྱིན་གྱིས་བརླབས་པའི་རྫས་ཡིན་པས་ཟོས་ལྷག་སོགས་གང་བྱུང་དུ་མི་བསྐྱུར། བཟི་བ་དང་ཀུ་ཅོ་འཐབ་རྩོད་བག་མེད་པའི་སྤྱོད་པ་མི་བྱ། རྡོ་རྗེའི་གླུ་གར་བྱ་བར་གསུངས་ནའང་གསང་སྔགས་ཟབ་མོའི་རྒྱུད་ནས་གསུངས་པའི་རྡོ་རྗེའི་ཚིག་དང་གྲུབ་པའི་རིག་འཛིན་དག་གི་ཉམས་རྟོགས་


TR008_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤར་བའི་རྡོ་རྗེའི་མགུར་སོགས་མ་གཏོང་འཇིག་རྟེན་གྱི་གླུ་གར་མི་བྱ་བ་ལ་སོགས་མདོར་ན་ཚོགས་ཀྱི་འཁོར་ལོའི་དམ་ཚིག་རྣམས་དང་མི་འགལ་བར་བྱ་ཞིང་། མཇུག་ཏུ་ཧེ་རུ་ཀ་ཡི་དཀྱིལ་འཁོར་དུ། །ཚོགས་ཀྱི་འཁོར་ལོས་མཆོད་པ་ཡིས། །བདག་གཞན་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཅེས་པའི་སྨོན་ལམ་ཀྱང་གདབ་པོ། །བཞི་པ་ལྷག་མའི་ཆོ་ག་ལ། ཚོགས་གཞོང་སོགས་སྣོད་རྣམས་ཀྱི་ནང་དུ་ཚོགས་རྫས་ལྷག་རོལ་ཇི་ཙམ་ཡོད་པ་ཐམས་ཅད་སྣོད་ཆེ་བ་གཅིག་ཏུ་སྤུངས་པའི་ཁར་རྡོ་རྗེ་སློབ་དཔོན་གྱི་བཞེས་ལྷག་རྣམས་བཅུག་ལ། སློབ་དཔོན་ནུས་ལྡན་ཡིན་ན་སོར་མོ་ནང་དུ་བསྣོལ་བ་རྡོ་རྗེ་དྲ་མིག་གི་ཕྱག་རྒྱའི་ཁོང་སེང་ནས། བདུད་རྩི་ཨ་མྲྀ་ཏ་ཞལ་དུ་འཐོགས་པའི་ཞལ་ཕྲུ་ཕྱག་རྒྱའི་ཁོང་སེང་ནས་ལྷག་མ་ལ་བཏབ་ཅིང་། ནུས་པར་མི་ལྡན་ན་བདུད་རྩི་སྨན་བདུད་རྩི་སྨན་རག་འཐོར་བས་ཆོག་པ་ཉིད་དེ། བདག་གི་དཔལ་གྱི་ཐུགས་སྲོག་ལས་འོད་ཟེར་ཨོཾ་ཨཱཿཧཱུྃ་གིས་མཚན་པ་འཕྲོས་ཏེ་ཚོགས་ལྷག་གཉིས་ལ་ཕོག་པ་ཙམ་གྱིས། ཡར་གནས་མར་གནས་ཀྱི་མགྲོན་རིགས་སོ་སོའི་ཐུགས་དང་མཐུན་པའི་


TR008_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་གང་ལ་ཅི་འདོད་དུ་གྱུར་པར་དམིགས་ནས་འབྲུ་གསུམ་ལན་བདུན་ནམ་གསུམ་གྱིས་བྱིན་བརླབ་སྟེ། ཐོག་མར་ཡར་གནས་རྣམས་ལ་གཙང་ལྷག་འབུལ་བ་ནི། ཧཱུྃ། ཆོས་དབྱིངས་སྐྱེ་མེད་རྣམ་དག་ལས། སྐྱེ་བའི་ཆོ་འཕྲུལ་ཞི་ཁྲོའི་ཚོགས། །འདིར་བྱོན་རྒྱན་གྱི་མཆོད་གཏོར་བཞེས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། ཨོཾ་ཨཱཿཧཱུྃ། ཨོཾ་ཨ་ཀཱ་རོ་མུ་ཁཾ། སརྦ་དྷརྨ་ཎཾ། ཨུདྱ་ནུཏྤནྣ་ཏྭད། ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས། གཙང་ལྷག་ནམ་མཁར་འཐོར་ཞིང་། བདུད་རྩི་གསང་ནན་ཀྱང་འདི་སྐབས་ལྷན་ཅིག་འབུལ་བའི་ཕྱག་བཞེས་སྣང་། ཆོག་གཞུང་གཞན་ལ་ལར་འདི་ལ་གནམ་ཕུད་ཅེས་ཀྱང་གྲངས་པ་དེ་དང་དོན་གཅིག་གོ། །དེ་ནས་གོང་དུ་བཤད་པའི་ལྷ་མོ་དངོས་དེ་ཉིད་མར་གནས་རྣམས་ལ་འབུལ་བ་ནི། རང་ཉིད་ལྷའི་ང་རྒྱལ་གྱིས་ལྷག་མགྲོན་རྣམས་བཀུག་ཅིང་། ཟིལ་གྱིས་མནན་པར་མོས་ཏེ། འདི་ལ་ཡང་རིམ་པ་བཞི་ཡོད་དེ། དང་པོ་དབང་ཕྱུག་དང་མཁའ་འགྲོ་སུམ་ཅུ་རྩ་གཉིས། གཉིས་པས་གིང་ཕོ་མོ་རྣམས་དང་། གསུམ་པས་མ་


TR008_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་སྲིང་བཞི་འབར་མ་ཕོ་ཉ་རྣམས་དང་། བཞི་པས་ལངྒ་དང་འབུམ་ཕྲག་མཁའ་འགྲོ་ལྷ་སྲིན་སྡེ་བརྒྱད་སོགས་མཆོད་པའི་རིམ་པ་ནི། ཧཱུྃ། དང་པོར་ཕུད་ཀྱིས་མི་མཆོད་དུ། །བཀའ་བརྒྱད་ཡོངས་རྫོགས་ལྷ་རྣམས་གཉན། །བར་དུ་ལྷག་མས་མི་མཆོད་དུ། །མ་དང་མཁའ་འགྲོ་ལྷག་ལ་དགྱེས། །ཐ་མ་གཅིག་ཏུ་མི་བསྲེ་རུ། །ཆོས་ཉིད་ཡེ་ནས་རྒྱུ་འབྲས་ཅིག །ཧཱུྃ། དཔལ་གྱི་བཀའ་ཉན་ལྷག་སྡུད་མ། །རིགས་བཞི་མཁའ་འགྲོ་ཤུགས་འགོད་བཅས། །དབང་ཕྱུག་ཆེན་མོ་ཉེར་བརྒྱད་དང་། །མཁའ་འགྲོ་སུམ་ཅུ་རྩ་གཉིས་རྣམས། །གནས་བཟང་དེ་ནི་དུར་ཁྲོད་འཛིན། །གོས་བཟང་དེ་ནི་ཞིང་ཆེན་གྱོན། །སྐྱོགས་བཟང་དེ་ནི་བྷཉྫ་ཐོགས། །ཟས་བཟང་དེ་ནི་མམ་ས་གསོལ། །སྐྱིམ་བཟང་དེ་ནི་རཀྟ་འཐུང་། །དམ་ཚིག་བསྲུང་ཞིང་མཁའ་ལ་འགྲོ། །ཟས་སུ་ཤ་དང་ཁྲག་ལ་དགྱེས། །ལས་སུ་གསོད་དང་གཅོད་ལ་བརྩོན། །ཤ་ཁག་གཏོར་མ་འདི་བཞེས་ལ།


TR008_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་ཚེ་དཔལ་གྱི་བཀའ་བཞིན་དུ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། ཧཱུྃ། དཔལ་གྱི་བཀའ་ཉན་ལྷག་སྡུད་མ། །སྐྱེས་མཆོག་གིང་ཆེན་བཅོ་བརྒྱད་པོ། །དབུ་ལ་རལ་ཕུར་ཤར་ར་ར། །ཕྱག་ན་གྲི་ཐོག་ཟིངས་སེ་ཟིང་། །གིང་ཕོ་དགུ་ནི་ཤ་ར་ར། །གིང་མོ་དགུ་ནི་སིལ་ལི་ལི། །ཐམས་ཅད་རུ་མཚོན་ཆེམས་སེ་ཆེམ། །དམ་ཚིག་བསྲུང་ཞིང་མཁའ་ལ་འགྲོ། །ཟས་སུ་ཤ་དང་ཁྲག་ལ་དགྱེས། །ལས་སུ་གསོད་དང་གཅོད་ལ་བརྩོན། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །སྔོན་ཚེ་དཔལ་གྱི་བཀའ་བཞིན་དུ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། ཧཱུྃ། དཔལ་གྱི་བཀའ་ཉན་ལྷག་སྡུད་མ། །མ་མོ་བདུན་དང་སྲིང་མོ་བཞི། །འབར་མ་ཆེན་མོ་བརྒྱད་རྣམས་དང་། །ཕོ་ཉ་དྲུག་ཅུ་རྩ་བཞི་རྣམས། །མཛེས་པའི་སྐུ་ལ་སྒེག་ཚུལ་ཅན། །དུར་ཁྲོད་རྒྱན་ཆ་


TR008_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

སྤུངས་སེ་སྤུངས། །རྣལ་འབྱོར་ཀུན་གྱི་དྲོད་མྱུལ་ཞིང་། །སྒྲུབ་པ་པོ་ཡི་གྲོག་མཛད་མ། །དམ་ཚིག་བསྲུང་༴ ཟས་སུ་ཤ་དང་༴ ལས་སུ་གསོད་དང་། ཤ་ཁྲག་གཏོར་མ༴ སྔོན་ཚེ་དཔལ༴ བཅོལ་བའི་ཕྲིན་ལས༴ ཧཱུྃ། དཔལ་གྱི་བཀའ་ཉན་ལྷག་སྡུད་མ། །ལངྐ་དུར་ཁྲོད་བདག་མོ་དང་། །འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ། །ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱང་། །དུར་ཁྲོད་རྫས་ལ་ལོངས་སྤྱོད་ཅིང་། །བསྟན་པའི་དགྲ་གེགས་གཉན་པོར་ཆེ། །དམ་ཚིག་བསྲུང་ཞིང་༴ ཟས་སུ་ཤ་དང་༴ ལས་སུ་གཅོད་དང་༴ ཤ་ཁྲག་གཏོར་མར༴ སྔོན་ཚེ་དཔལ༴ བཅོལ་བའི་ཕྲིན་ལས༴ ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ །ས་མ་ཡ་དེ་ཝི་ཀྲོ་དྷ་སརྦ་བ་ལི༚་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཨཱཿཧཱུྃ་ཨུཙྪཥྚ་བཛྲ་ཨ་དྷིཥྠ། ས་མུ་དྲ་ཀྲ་མ། ས་མ་ཡ་ཧཱུྃ་ཕཊཿཧཱུྃ་ཧཱུྃ་ཧཱུྃ། ཧྲཱིཿཧྲཱིཿཧྲཱིཿ བྷྱོ་བྷྱོ་བྷྱོ། ཨ་ར་ལི་ཛཿ ཞེས་པས་ཕུལ་ཞིང་ལྷག་མ་སྒྲུབ་ཁང་གི་ཕྱི་རོལ་གཙང་སར་སྤུངས་ལ་


TR008_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་སྟེ་སྣོད་ཆུས་བཤལ་ལ་དེ་ཕྱོགས་སུ་འཐོར་རོ། །ཚོགས་ལྷག་འདི་དཔལ་གྱི་བཀའ་སྡོད་སྲུང་མའི་རིགས་ཐམས་ཅད་ཀྱི་ཚོགས་མཆོད་ཡིན་ཅིང་། དེ་དག་གཉན་ལ་ཏུ་དོག་པ་ཁང་སྐྱེན་པས་ན། ལྷག་ཆོག་ལ་བརྙས་བཅོས་དང་སྒྱིད་ངན་མི་རུང་བས་གནད་བསྣུན་དུ་བྱས་ན་ཕྲིན་ལས་གང་འདོད་འགྲུབ་པའི་གནད་ཡོད་པར་གསུངས་སོ།། ༈ །།དེ་ལྟར་འདི་ཡན་ཆད་ཀྱིས་རྒྱུན་གྱི་ལས་གཞུང་དཀྱུས་མ་རྣམས་གྲུབ་པ་ཡིན་ཚེ་མཇུག་ཆོག་བསྔོ་སྨོན་ཤིས་བརྗོད་བྱ་བའམ། གཏོར་མ་འབུལ་རྒྱུ་ལྟ་བུ་ཡོད་ན་སྐབས་འདིར་དམ་ཚིག་འཆད་མོད་བསྒྲགས་ནས་གཏོར་མ་ཕུལ་ལ་བརྟན་མ་སྐྱོང་བྱས་པའི་མཇུག་ཏུ་བསྡུ་ཆོག་བྱ་བ་ཡིན་ལ། གལ་ཏེ་དྲག་པོ་མངོན་སྤྱོད་ཀྱི་ལས་བསྒྲུབས་པའམ། དུས་བཟང་གལ་ཆེན་ལྟ་བུའི་སྐབས་སུ་གཏོར་མ་འཕང་བའི་ལས་རིམ་རྒྱས་པར་བྱེད་ན། ཐོག་མ་ནས་གཏོར་མའི་བཅའ་གཞི་ཡང་རྒྱས་པར་དགོས་ཕྱིར། གཙོ་བོ་དགུ་ཀའི་གཏོར་མ་ཟུར་གསུམ་གྲི་རིས་ཅན་ལ་འཁོར་རིགས་བཞི་བཞི་དང་འཁོར་ཕྲག་ཇི་ཙམ་ཤོང་ཤོང་མཐེབ་ཀྱུ་དང་བཅས་པས་བསྐོར་ཞིང་། ཤ་ཁྲག་སོགས་གཏོར་རྒྱན་ཅི་བཟང་དང་།


TR008_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གྱི་བཀའ་སྡོད་ལའང་སྔར་བཤད་པ་བཞིན་བྱ། གལ་ཏེ་ཅེས་ཀྱང་གཙོ་བོ་དགུ་ཐ་དད་མ་འབྱོར་བར་སྣོད་གཅིག་ཏུ་བསྡོམ་པའི་ཚེ་ན་ནི་ཀ་ཊོ་རའམ་ལྕགས་སླང་སོགས་ཆེ་བའི་ནང་དུ་སྤུངས་དགོས་ཏེ། ལར་ཡང་གསང་སྔགས་བླ་མེད་ཀྱི་ཆོ་གའི་རིགས་མ་གཏོར་ཚོགས་སྤུངས་ཆེར་མ་བསྐྱེད་ན་ལྷ་ཚོགས་ཐུགས་དམ་མི་སྐོངས། དེ་མ་ཁོངས་ན་དངོས་གྲུབ་མི་འབྱུང་བའི་བར་ཆད་དང་འཁུ་ལྡོག་གི་རྒྱུ་གྱེན་དུ་འགྱུར་ཕྱིར་གཏོར་ཚོགས་བཟང་བར་གལ་ཆེ་ཞིང་། དེ་ལྟར་ཕྲིན་ལས་དྲག་པོའི་ཐུགས་དམ་བསྐུལ་བར་བྱ་བའི་ཚིག་མདོར་བསྡུས་ནི་ལས་གཞུང་འདི་ཉིད་ནས་བྱུང་བ་གོང་དུ་སྨོས་ནའང་། གལ་ཆེན་སྐབས་འདིར་གསང་བ་ཡོངས་རྫོགས་ཀྱི་བསྐུལ་བྱང་རྒྱས་འབྲིང་ཅི་རིགས་བྱ་བར་གསུངས་པ་བཞིན། ལྷ་ཚོགས་བདུན་བརྒྱ་ཉེར་ལྔའི་བསྐུལ་བྱང་བསྡུས་པ་འདི་བྱ་སྟེ། ཐུགས་དམ་སྐོང་བའི་དམ་རྫས་སྤྱན་གཟིགས་མཆོད་གཏོར་རོལ་མོའི་སྒྲ་མི་རྐང་གི་གླིང་བུ་སོགས་ཐུགས་དམ་རྒྱུད་བསྐུལ་གྱི་ཡོ་བྱད་ཅི་འཛོམ་དང་བཅས། གཏོར་མ་བསྐུལ་ནས་སྨན་རཀ་སྦྲིང་། སྒྲུབ་པ་པོ་རྣམས་ཏིང་འཛིན་གྱི་ངར་དང་དད་གདུང་གྱི་ཤུགས་བསྐྱེད་ལ་འདི་ལྟར་བསྐུལ་བར་བྱའོ། ཧཱུྃ། མི་མངོན་དབྱིངས་ན་བཞུགས་པའི་རྒྱལ་བ་ཞི་ཁྲོའི་ཚོགས། །བཞེངས༴


TR008_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་བཞེངས་ཅིག་ཆོས་ཀྱི་དབྱིངས་ནས་བཞེངས། །བསྐུལ་ལོ་བསྐུལ་ལོ་སེམས་ཅན་དོན་དུ་བསྐུལ། །མཛོད་ཅིག་མཛོད་ཅིག་དྲག་པོའི་ཕྲིན་ལས་མཛོད། ཧཱུྃ། ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས། །སེང་གེ་གླང་ཆེན་ལ་སོགས་ཁྲི་སྟེང་ན། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡུམ་དང་འཁྲིལ། །རིགས་བཞི་ཡབ་ཡུམ་སེམས་དཔའ་ལྕམ་དྲལ་དང་། །ཡིད་ཆོས་ཐུབ་དྲུག་མཐར་བྱེད་བརྒྱད་ལ་སོགས། །བཞི་བཅུ་རྩ་གཉིས་རྒྱལ་བ་ཐུགས་དམ་ཅན། །དབྱིངས་ནས་སྐུ་བསྐྱོད་དམ་རྫས་མཆོད་གཏོར་བཞེས། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། ཧཱུྃ། དབུས་ཕྱོགས་གཙོ་བརྒྱད་ཉི་ཟླ་ས་སྟེང་ན། །དཔལ་ཆེན་ཆེ་མཆོག་གནམ་ཞལ་ཡུམ་དང་འཁྲིལ། །རིགས་བཞི་ཡབ་ཡུམ་ཕྱོགས་སྐྱོང་འདུལ་བྱེད་བཅུ། །ཏ་ཀྲིད་བཞི་དང་ལྕེ་སྤྱང་མ་བརྒྱད་སོགས། །ཆེ་མཆོག་ཡོན་ཏན་ཡོངས་རྫོགས་ལྷ་ཚོགས་ནི། །སུམ་ཅུ་རྩ་གཉིས་རྒྱལ་བ་ཐུགས་དམ་ཅན། དབྱིངས་ནས་སྐུ། ཐུགས་དམ་རྒྱུད་བསྐུལ༴


TR008_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ། ཤར་ཕྱོགས་ཏུ་དྲ་ཉི་ཟླ་པད་སྟེངས་སུ། །དཔལ་ལེན་བཛྲ་ཧེ་རུ་ཀྲོ་དྷི་འཁྲིལ། །རིགས་བཞི་ཡབ་ཡུམ་ཀི་སིང་བཅུ་དྲུག་དང་། །སྒོ་སྐྱོང་བཞི་དང་དབང་མོ་ཉེར་བརྒྱད་སོགས། །ཐུགས་དམ་ཡང་དག་ཡོངས་རྫོགས་ལྷ་ཚོགས་ནི། ལྔ་བཅུ་རྩ་བརྒྱད་རྒྱལ༴ དབྱིངས་ནས༴ ཐུགས་དམ་རྒྱུད༴ ཧཱུྃ། ལྷོ་ཕྱོགས་ཆུ་གླང་ཉི་ཟླ་པད་སྟེངས་སུ༴ དཔེན་གཤིན་རྗེའི་གཤེད་པོ་བཻ་ཏཱ་འཁྲིལ། །སྒྲོལ་བའི་ཡུམ་དང་རིགས་བཞི་ཡབ་ཡུམ་དང་། །ཕྱོགས་སྐྱོང་གཤིན་རྗེ་ཡབ་ཡུམ་སྒོ་སྐྱོང་བཅས། །གྲི་ཐོགས་གིང་སོགས་ཕོ་ཉ་བཅུ་དྲུག་སྟེ། ལྔ་བཅུ་རྩ་དགུ༴ དབྱིངས་ནས༴ ཐུགས་དམ་རྒྱུད༴ ཧཱུྃ། ནུབ་ཕྱོགས་ཀླུ་རྒྱལ་ཉི་ཟླ་པད་སྟེངས་སུ། །དཔེན་རྟ་མགྲིན་པདྨ་གཟི་ལྡན་འཁྲིལ། །རིགས་བཞི་ཡབ་ཡུམ་ཕྲ་མེན་ཟིལ་གནོན་བརྒྱད། །ཡུམ་བཅས་སྒོ་བཞི་ཁྱི་སྤྱང་ཁམ་རྒྱ་དྲུག །དམུས་ལོང་བཞི་བཞི་དང་མཆེ་གཤོག་ངུར་འབྲུག་བཞི། དགུ་བཅུ་རྩ་བརྒྱད༴ དབྱིངས་ནས༴ ཐུགས་དམ་རྒྱུད༴ ཧཱུྃ། བྱང་ཕྱོགས་ལྷ་ཆེན་པདྨ་ཉི་ཟླའི་སྟེང་། །


TR008_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལེན་རྡོ་རྗེ་གཞོན་ནུ་རྒྱས་འདེབས་འཁྲིལ། །རིགས་བཞི་ཡབ་ཡུམ་ཁྲོ་བཅུ་ཡུམ་དང་བཅས། །ཟ་གསོད་སྒོ་བ་ཕུར་བསྲུང་བཅུ་གཉིས་དང་། །བསེ་ལྕགས་དུང་གི་སྐྱེས་བུ་ཕོ་ཉའི་ཚོགས། །བདུན་བཅུ་རྩ་བཞི་རྒྱལ༴ དབྱིངས་ནས༴ ཐུགས་དམ༴ རྒྱུད་བསྐུལ༴ ཧཱུྃ། ཤར་ལྷོར་མ་མོ་པདྨ་ཉི་ཟླའི་སྟེང་། །དཔལ་ཆེན་བླ་མེད་ཧེ་རུ་མུ་ཁ་འཁྲིལ། །རྟག་རྒྱལ་མ་ལྔ་སྲིད་འགྲོ་ས་བདེ་འགྲོ་དང་། །ཡེ་ཤེས་རྗེ་མོ་སྨན་མོ་སྒོ་མ་བཞི། །སྦས་པའི་མ་བཞི་ལ་སོགས་ཕོ་ཉའི་ཚོགས། །བདུན་ཅུ་རྩ་དགུ་རྒྱལ་ཐུགས་དམ་ཅན། དབྱིངས་ནས༴ ཐུགས་དམ་རྒྱུད༴ ཧཱུྃ། ལྷོ་ནུབ་དར་ཟབ་ཉི་ཟླ་པད་སྟེངས་སུ། །རིག་འཛིན་སློབ་དཔོན་རྡོ་རྗེ་རྣལ་འབྱོར་འཁྲིལ། །སྲས་མཆོག་རིགས་བཞི་བཀའ་བརྒྱད་རིག་འཛིན་དང་། །དཔའ་བོ་དཔའ་མོ་སྒོ་སྐྱོང་བཞི་ལ་སོགས། །རིག་འཛིན་སློབ་དཔོན་ཡོངས་རྫོགས་ལྷ་ཚོགས་ནི། །ཉི་ཟླ་རྩ་དྲུག་རྒྱལ༴ དབྱིངས་ནས༴


TR008_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་རྒྱུད༴ ཧཱུྃ། ནུབ་བྱང་ལྷ་ཆེན་ཉི་ཟླ་པད་སྟེངས་སུ། །དཔལ་ལེན་དྲེགས་པ་ཀུན་འདུལ་སྤྱི་འདུལ་འཁྲིལ། །རིགས་བཞི་ཡབ་ཡུམ་སྡེ་དཔོན་སུམ་ཅུ་དང་། །དྲེགས་པ་སྡེ་བརྒྱད་སྒོ་སྐྱོང་བཞི་ལ་སོགས། །འཇིག་རྟེན་མཆོད་བསྟོད་ཡོངས་རྫོགས་ལྷ་ཚོགས་ནི། །སུམ་ཅུ་རྩ་གཉིས་རྒྱལ་བ༴ དབྱིངས་ནས༴ ཐུགས་དམ་རྒྱུད༴ ཧཱུྃ། བྱང་ཤར་དགྲ་གེགས་པདྨ་ཉི་ཟླའི་སྟེངས། །དཔེན་སྟོབས་འབྱུང་ལྔ་བདག་མོས་འཁྲིལ། །རིགས་བཞི་ཡབ་ཡུམ་སྔགས་བདག་བཅོ་བརྒྱད་དང་། །ཕོ་ཉ་དམ་ཅན་སྒོ་སྐྱོང་ལ་སོགས་ཏེ། །དྲག་པོ་སྔགས་ཀྱི་ལྷ་ཚོགས་དམོད་པའི་བདག །ཉི་ཤུ་རྩ་བརྒྱད་རྒྱལ༴ དབྱིངས་ནས༴ ཐུགས་དམ་རྒྱུད༴ ཧཱུྃ། དཔལ་གྱི་ཐུགས་ལས་སྤྲུལ་པའི་ཕོ་ཉ་ནི། །ཡེ་ཤེས་ཁྱུང་ཆེན་གཟུགས་སྐུར་སྟོན་མཛད་ཅིང་། །ལོག་འདྲེན་དགྲ་གེགས་མ་ལུས་བསྒྲིལ་བ་དང་། །བསྒོ་བ་ཉན་ཅིང་མི་མཐུན་ཕྱོགས་རྣམས་འདུལ། །གཞལ་ཡས་བར་འཁྱམ་དང་ནི་སྒོ་བཞི་ན། །དཔའ་བོ་དཔའ་མོ་


TR008_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་ཟུང་བཞི་དང་། །མཁའ་འགྲོ་སོ་གཉིས་དབང་མོ་ཉི་ཤུ་བརྒྱད། །མ་བདུན་སྲིང་བཞི་འབར་མ་བརྒྱད་རྣམས་དང་། །གིང་ཆེན་བཅོ་བརྒྱད་སྒོ་བ་ཡབ་ཡུམ་བརྒྱད། །བརྒྱ་དང་རྩ་བརྒྱད་བར་འཁྱམ་ལྷ་ཚོགས་རྣམས། དབྱིངས་ནས༴ ཐུགས་དམ་རྒྱུད༴ ཧཱུྃ། ཕྱི་རོལ་ལྕགས་རི་འཁོར་ཡུག་ལ་གནས་པ། །ས་བདག་སོ་གཉིས་ལངྐ་བཅུ་དྲུག་དང་། །ཕོ་ཉ་དྲུག་ཅུ་རིགས་འདུས་ཌཱཀིྐ་བརྒྱད། །བསྟན་མ་བཅུ་གཉིས་ལ་སོགས་བརྒྱ་སོ་གཉིས། དཔལ་གྱི་བཀའ་ཉན་འཁོར་ཡུག་སྐྱོང་མཛད་པའི། །བཀའ་སྡོད་དམ་ཅན་ཡོངས་རྫོགས་ཐུགས་དམ་ཅན། དབྱིངས་ནས༴ ཐུགས་དམ་རྒྱུད༴ ཧཱུྃ། ཞི་ཁྲོའི་ལྷ་ཚོགས་བཞི་བརྒྱ་སོ་དྲུག་ལ། །ཡེ་ཤེས་ལྷ་ནི་ཉིས་བརྒྱ་སོ་བརྒྱད་དེ། །ཚོམ་དགུའི་ཕོ་ཉ་བརྒྱ་དང་གོ་དགུ་སོགས། ། ལས་བྱེད་བར་འཁྱམས་སྐྱོང་མཛད་བརྒྱ་བཅུ་གསུམ། །ལྕགས་རི་སྐྱོང་བ་བརྒྱ་དང་སུམ་ཅུ་སྟེ། །བདུན་བརྒྱ་ཉེར་


TR008_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་རྒྱལ་བ་ཐུགས་དམ་ཅན། དབྱིངས་ནས་སྐུ་སྐྱོད་དམ་རྫས་མཆོད་གཏོར་བཞེས། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། ཅེས་བསྐུལ་ལོ་ལྔ་པ་གཏོར་སྐྱོང་བྱ་བ་ལ་ཐོག་མར་སྔོན་གྱི་དམ་ཚིག་གཉན་པོའི་མཐའ་ཚིག་གི་ཆད་མདོ་བསྒྲག་པ་ནི། གཏོར་ཟློག་ཆེན་མོ་ལྟ་བུ་ལ་ནི་ཆད་མདོ་གཏོར་མ་འཕང་སར་སླེབ་ནས་བྱེད་པར་ཕྱག་སྲོལ་དང་། དེ་ལྟར་མ་ཡིན་པའི་ཚེ་ཡང་། གཏོར་མ་རྣམས་དཀྱིལ་འཁོར་ལས་ཕྱིར་དཔགས་རེ་ཅོག་རྩེ་ལྟ་བུའི་ཁར་བཞག་ནས་སྨན་རཀ་སྦྲིང་ཞིང་། དེ་ཡང་ཆད་མདོའི་དགོས་ཆེད་ནི། ད་ལྟ་འོ་སྐོལ་སྒྲུབ་པ་པོ་རྣམས་ལྟ་དགོངས་ཏིང་འཛིན་གྱི་ནུས་པ་དམན་པས། སྲུང་མ་ལས་ལ་བཀོལ་ནུས་པའི་གདེངས་དང་མི་ལྡན་ཡང་། སྔོན་གྱི་རྒྱལ་བ་རིག་འཛིན་རྣམས་ཀྱིས་བཀའ་དང་དམ་ཚིག་གི་གཉེར་ཕོགས་ཚུལ་གྱི་དྲན་གསོ་ལྟ་བུར་བགྱིས་པས་ཁོངས་རྣམས་ཕྲིན་ལས་མི་སྒྲུབ་པའི་རང་དབང་མེད་པར་འགྱུར་བ་ཡིན་ཕྱིར་ཆད་མདོ་འདི་ལྟར་བསྒྲག་པར་བྱའོ། ཧཱུྃ་བྷྱོ། སྔོན་ཚེ་འདས་དུས་བསྐལ་པ་དང་པོ་ལ། །འོག་མིན་དགའ་ལྡན་


TR008_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

གནས་མཆོག་དམ་པ་རུ། །བཅོམ་ལྡན་དཔལ་ཆེན་ཁྲག་འཐུང་རྒྱལ་པོ་ཡིས། །སྣང་སྲིད་མ་མོ་དམ་ལ་བཏགས་པའི་ཚེ། །ཀོའུ་རི་ལ་སོགས་གནས་ཀྱི་མ་མོ་བརྒྱད། །སིངྷ་ལ་སོགས་ཡུལ་གྱི་ཕྲ་མེན་བརྒྱད། །རྟ་གདོང་ལ་སོགས་ཡེ་ཤེས་སྒོ་མ་བཞི། །སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་། །བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ། །སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ། །རྣལ་འབྱོར་ཚེ་སྲོག་བསྲིང་བར་མ༴ རྒྱུ་སྦྱོར་བར་ཆད་བསལ་བར་མ༴ བརྣག་པའི་དགྲ་གེགས་བསྒྲལ་བར་མ༴ བཅོལ་བའི་ཕྲིན་ལས་སྒྲུབ་པར་མ་ཆད་དམ། །སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར། །ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །དེ་འོག་བར་གྱི་བསྐལ་པ་དབུས་མ་ལ། །བལ་ཡུལ་ཡང་ལོ་ཤོད་ཀྱི་དབེན་གནས་སུ། །སློབ་དཔོན་ཆེན་པོ་པདྨ་


TR008_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གནས་དང་། །སློབ་མ་མཁས་པ་བི་མ་མི་དྲ་ཡིས། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞལ་ཕྱེའི་ཚེ། །རྡོ་རྗེ་རིགས་ཀྱི་སྲུང་མ་ཡོངས་འདུས་ནས། སོ་སོའི་གཟུགས༴ བཀའ་ཡི༴ སངས་རྒྱས༴ རྣལ་འབྱོར་ཚེ༴ རྒྱུ་སྦྱོར་བར་ཆད༴ བརྣག་པའི་དགྲ་གེགས༴ བཅོལ་བའི༴ སྔོན་ཚེ་ཞལ༴ ཤ་ཁྲག་བརྒྱན༴ ཐུགས་དམ་རྒྱུད་བསྐུལ༴ དེ་འོག་བསྐལ་པ་དུས་ཀྱི་ཐ་མ་ལ། །བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཏུ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། །སློབ་མའི་དངས་མ་རྗེ་འབངས་གྲོགས་བཅས་ཀྱིས། །ཞི་ཁྲོ་ཡོངས་རྫོགས་དཀྱིལ་འཁོར་ཞལ་ཕྱེའི་ཚེ། །སྒྲུབ་པ་བཀའ་བརྒྱད་དམ་ཅན་ཡོངས་འདུས་ནས། སོ་སོའི༴ གཟུགས༴ བཀའ་ཡི༴ སངས་རྒྱས༴ རྣལ་འབྱོར་ཚེ༴ རྒྱུ་སྦྱོར༴ བརྣག་པའི༴ བཅོལ་བའི༴ སྔོན་ཚེ༴ ཤ་ཁྲག༴ ཐུགས་དམ༴ དེ་འོག་ལྔ་རྒྱ་དུས་ཀྱི་མཐའ་མ་ལ། །དཔལ་རི་པདྨ་འོད་ཀྱི་གཞལ་ཡས་སུ། །སློབ་དཔོན་ཆེན་པོ་པདྨ་ཐོད་འཕེྲང་དང་། །ཐུགས་རྗེ་ཆེན་པོའི་རྣལ་འབྱོར་ཆོས་དབང་གིས། །གསང་བ་སྒྲུབ་ཆེན་དཀྱིལ་འཁོར་ཞལ་


TR008_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེའི་ཚེ། །དྲེགས་པའི་སྡེ་དཔོན་ཆེན་པོ་སུམ་ཅུ་ཡིས། སོ་སོའི་གཟུགས༴ བཀའ་མི༴ སངས་རྒྱས༴ རྣལ་འབྱོར་ཚེ༴ རྒྱུ་སྦྱོར༴ བརྣག་པའི༴ བཅོལ་བའི༴ སྔོན་ཚེ༴ ཤ་ཁྲག༴ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། ཅེས་པའི་ཆད་མདོ་བསྒྲག་ནས་གཏོར་མ་འབུལ་བའི་དུས་ཡིན་ན་ཕྱི་རོལ་གཙང་ཞིང་མཐོ་བའི་སར་དངོས་གྲུབ་ཕྱིར་མི་ཡལ་བའི་རྟེན་འབྲེལ་གྱི་གཏོར་ཁ་ནང་དུ་བསྟན་ནས་ཕུལ་ལ་བཞག་ཅིང་བཤལ་ཆུས་བསྟན་སྐྱོང་བྱའོ། །གཏོར་མ་འཕང་བའི་དུས་ཡིན་ན། དྲུག་པ་གཏོར་ཟོར་ནི། དེ་ཡན་ཆད་ཐམས་ཅད་གཏོར་མ་ཡེ་ཤེས་ཀྱི་བདུད་རྩི་འདོད་ཡོན་ཕུན་སུམ་ཚོགས་པའི་དངོས་པོར་འདུ་ཤེས་པར་བྱ་བ་ཡིན་ཀྱང་། འདི་ནས་གཏོར་མ་ནི་དྲག་པོའི་མཚོན་ཆ་ཐོག་གི་ཆར་པ་ནད་ཀྱི་ན་བུན་དུག་གི་འཚུབ་མ་མིའི་ཕུང་པོ་ཁྲོ་ཆུང་གི་ཚ་ཚ་ལ་སོགས་འཇིགས་པའི་སྤྲུལ་པ་སྣ་ཚོགས་པར་གྱུར་ནས། བསྟན་པ་བཤིག་པའི་དགེགས་ཀྱི་སྣོད་བཅུད་ཡུལ་མཁར་མི་ནོར་དང་བཅས་པ་རྡུལ་དུ་རློག་པའི་ནུས་ལྡན་དུ་གྱུར་པར་དམིགས་ཤིང་། སྲུང་མ་དམ་ཅན་ཕོ་ཉ་


TR008_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱེད་ཀྱི་ཚོགས་རྣམས་དམིགས་བྱའི་ཡུལ་དུ་དམག་དཔུངས་ལ་འཆས་པར་བསམ་ལ། གསེར་སྐྱེམས་ཕུལ་ནས་གཟུག་ཅིང་གཏོར་ཟོར་འཕང་བ་ནི། ཧཱུྃ། མ་ཉེས་དཔང་དུ་དཀོན་མཆོག་བཞུགས། །དགྲ་གེགས་མ་གཏོགས་སྐུ་གཟུར་ཅིག །བཀའ་བརྒྱད་ལྷ་ཚོགས་དམག་དཔུངས་འགྱེད། །དགྲ་གེགས་སྙིང་ལ་གཏོར་ཟོར་རྒྱོབ། བཛྲ་སརྦ་དུཥྚཱན་ཏིགྣན། ཨེ་ཧུར་ཐུཾ་ཛཿ དགྲ་གེགས་ནྲྀ་ཏི་ཤཏྲཾུ་མཱ་ར་ཡ་རྦད། ཅེས་པས་གཏོར་མ་འཕང་ཞིང་དྲག་སྔགས་དམོད་པ་སྣ་ཚོགས་བརྗོད་ཅིང་ཐལ་མོ་བརྡབ་མ་ཏིང་འཛིན་གྱིས་གཟིར་རོ། །བདུན་པ་བསྟན་མ་བསྐྱང་བ་ནི། གཏོར་གཞོང་རྣམས་རཀྟའམ་ཆང་ཕུད་ཀྱིས་བཤལ་བ་དེ་ལ་འབྲུ་གསུམ་གྱིས་བྱིན་བརླབས་ནས་དམ་ཚིག་གི་བདུད་རྩི་འདོད་ཡོན་ཕུན་ཚོགས་སུ་དམིགས་པ་འཐོག་ཏེ། བསྟན་མ་འཁོར་བཅས་བཀུག་ཅིང་མཆོད་དེ་དམ་ཚིག་བསྒྲག་པ་ནི། ཧོ། དེ་ཡན་ཆད་དུ་དཔལ་ཆེན་པོའི་ཕ་ཕོག་ལ་མ་གཏོགས་པར་ཕྱིན་ན་ཡང་། ནག་མོ་བཞིན་མི་སྡུག་གི་བུ་མོ་བདུད་མོ་ཆེན་མོ་བཞི་དང་། དམར་མོ་ཁྲོ་གཉེར་


TR008_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་བུ་མོ་གནོད་སྦྱིན་མོ་ཆེན་མོ་བཞི་དང་། དཀར་མོ་མདངས་ལྡན་མའི་བུ་མོ་སྨན་བཙུན་ཆེན་མོ་བཞི་ལ་སོགས་པ་བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་འཁོར་རྡུལ་སྙེད་དང་བཅས་པ་ཐམས་ཅད། སྔོན་གྱི་ཐུགས་དམ་དང་དམ་ཚིག་ལས་མ་གཡེལ་བར། བསྟན་པ་གཉན་པ་བསྲུང་བ་དང་སྒྲུབ་པ་པོའི་གདོང་གྲོག་ལ་སྐད་ཅིག་ཡུད་ཙམ་ཐང་གཅིག་གིས་གཤེགས་ཤིག །ཨེ་ཨ་ར་ལི་ཧོ། ཧྲི༚་ཧྲི༚་ཛ་ཧཱུྃ་བྃ་ཧོ། བཛྲ་ཌཱཀིྐ་ནི་ཧཱུྃ་ཛཿ བྷྱོ། བསྟན་མ་སྐྱོང་མཛད་མ་དང་སྲིང་། །དཔལ་གནས་མ་དང་ཡང་དག་བཤེས། །ཁྱུང་བཙུན་ཀོང་ལྷ་གཡུ་བུན་མ། །མེ་སྟག་ཟླ་འོད་བྱང་རྒྱལ་མ། །གསེར་ཐང་ཀུན་བཟང་ཤནྟིང་དཔལ། །ཀླུ་མོ་གཟི་འབར་ལ་སོགས་པའི། །བསྟན་མ་བཅུ་གཉིས་གཏོར་མ་ལོངས། །མི་མཐུན་གནོད་པའི་ཕྱོགས་རྣམས་བཟློག །མ་མ་ཧྲིང་། མ་མ་


TR008_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲི༚། བསྟན་སྐྱོང་ཆེན་མོ་ཁྱེད་རྣམས་ཀྱང་། །སྔོན་ཚེ་སྔོན་གྱི་དུས་ཙ་ན། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །ཨ་སུ་ར་ཡི་བྲག་ཕུག་ཏུ། །ཞིང་ཆེན་མཆོག་གི་བཅལ་བཀྲམ་ནས། །ལག་ཏུ་རྡོ་རྗེ་བྱིན་ནས་ཀྱང་། །རྡོ་རྗེ་འཆང་གི་གྲལ་དུ་བཞག །ཐར་པ་ཐོབ་པར་མིང་ཡང་བཏགས། །མ་ཚོགས་ཁྱེད་ཀྱིས་དམ་བཅས་པ། །རྣལ་འབྱོར་སྒྲུབ་པའི་གྲོགས་བྱའོ་ཞེས། །ནད་ཡམ་ཐམས་ཅད་ཞི་བ་དང་། །དགྲ་གེགས་ཐམས་ཅད་སྒྲོལ་བ་དང་། །བསམ་པ་ཐམས་ཅད་སྒྲུབ་བོ་ཅེས། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །དམ་ཚིག་དེ་ལས་ཁྱེད་མ་འདའ། །དམ་ཚིག་དེ་ལས་འདས་གྱུར་ན། །བཛྲ་ཡཀྵ་དྲག་པོ་ཡིས། །སྙིང་གི་དཀྱིལ་ནས་ཁྲག་ཕྱུངས་ཏེ། །དེ་བས་ཐུགས་དམ་ཆེར་དགོངས་ལ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་བནལ་ཆུ་ནམ་མཁར་འཐོར་ཞིང་། བཛྲ་ཨ་མྲྀ་ཏ་ཁཱ་ཧི། ཡ་ཧི་གཙྪ། ཞེས་པས་རང་རང་གི་གནས་སུ་གཤེགས་གསོལ་བྱའོ།། ༈ །།བརྒྱད་པ་གཏོར་གཞོང་གི་འོག་ཏུ་དམ་སྲི་མནན་པའི་ལས་བཞིའི་བྲོ་ནི་


TR008_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་རྒྱ་གྲམ་མམ། སྒོ་ཁང་གི་འོག་ལྟ་བུར་གཏོར་གཞོང་གང་ཡོད་རྣམས་ཁ་སྤུབས་པའི་འོག་ཏུ་ཨེ་གྲུ་གསུམ་འཇིགས་སུ་རུང་བ་དབང་ཆེན་གསེར་གྱི་ས་གཞིའི་འོག་ཏུ་ཐུག་པའི་གཏིང་ན། དམ་སྲི་འབྱུང་པོའི་རིགས་ཐམས་ཅད་བཀུགས་ནས་བཅུག་པའི་ཁ་རྡོ་རྗེ་རི་རབ་ཀྱིས་མནན་པའི་སྟེང་དུ་བདག་ཉིད་ཧེ་རུ་ཀའི་འཁོར་དུ་རིགས་བཞིའི་ཧེ་རུ་ལས། བཞིའི་མདོག་ཅན་ཕྲིན་ལས་བཞིའི་ཕུར་པ་བསྣམས་པ་གྲངས་མེད་པས་བསྐོར་ཏེ་ཁྲོ་བོའི་རྟ་བྲོ་བརྡུང་བར་དམིགས་ཤིང་། ན་མོ། །རྗེ་བཙུན་རྩ་བ་དང་རྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི། ཆོས་ཀྱི༴ དགེ་འདུན་གྱི༴ ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དཔའ་བོ་མཁའ་འགྲོ་ཆོས་སྲུང་དམ་ཅན་རྒྱ་མཚོའི་བདེན་པ་ཆེན་པོའི་སྟོབས་ཀྱིས། བསྟན་པ་ལ་གནོད་ཅིང་སེམས་ཅན་ལ་འཚེ་བར་བྱེད་པ་དང་དམ་པའི་ཆོས་ཟབ་མོ་སྒྲུབ་པ་ལ་བར་དུ་གཅོད་པའི་གནོད་བྱེད་དམ་སྲི་འབྱུང་པོའི་རིགས་སུ་གྱུར་པ་ཐམས་ཅད། སྐད་ཅིག་ཙམ་ལ་གཏོར་གཞོང་རི་རབ་ཆེན་པོའི་འོག་ཏུ་ཁུག་ཅིག །ཏྲི་ཡྃ་


TR008_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཀཾ་པ་རི་ཨཾ་ཀུ་ཤ་ཛཿ ཞེས་བཀུག་ལ། དེ་ནས་སྒྲུབ་པ་པོ་རྣམས་གཡས་གཡོན་སྲིན་ལག་ལུ་གུ་རྒྱུད་དུ་སྦྲེལ་ནས་བྲོ་ར་ཟླུམ་པོ། གྲུ་བཞི། ཟླ་གམ། གྲུ་གསུམ་གྱི་བསྐོར་བའི་དཀྱིལ་དུ་རྡོ་རྗེ་སློབ་དཔོན་གྱིས་ཁྲོ་བོའི་སྟངས་སྟབས་འགྱིང་གར་གྱིས་གཏོར་གཞོང་ཞབས་ཀྱིས་གནོན་ཚུལ་དང་བཅས་པས་དབྱངས་ཀྱི་ང་རོས་རྟ་བྲོ་བརྡུང་སྟེ། ཧཱུྃ། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྫོགས་པའི་དཔལ། །གཏི་མུག་བུདྡྷ་རྡོ་རྗེ་ལ། ཞི་བའི་ལྷ་དང་ལྷ་མོས་བསྐོར། །དངུལ་ལམ་དཀར་པོའི་ཤིང་དག་ལ། །མགོ་བོ་བརྒྱ་མདུད་རྩེ་ཟླུམ་པོ། །ངོས་ལ་ཞི་བའི་ལྷ་བཀོད་དེ། །བཏབ་པས་འཇིགས་བརྒྱད་ཞི་བར་འགྱུར། །ཞི་བར་མ་གྱུར་གང་ཡང་མེད། །ཞི་མཛད་ལྷ་ལ་ཕྱག་འཚལ་བསྟོད། ཨོཾ་ཨོཾ་ཨོཾ་མི་མཐུན་ཕྱོགས་རྣམས་ཤནྟིང་ཀུ་རུ་ཡེ་སྭཱ་ཧཱ། ཧཱུྃ། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྫོགས་པའི་དཔལ། །ང་རྒྱལ་རིན་ཆེན་རྡོ་རྗེ་ལ། །རྒྱས་པའི་ལྷ་དང་༴ གསེར་རམ་སེར་པོའི་ཤིང་༴ མགོ་བོ་བརྒྱ་མདུད་རྩེ་གྲུ་བཞི། །


TR008_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ངོས་ལ་རྒྱས་པའི་ལྷ་བཀོད་དེ། །བཏབ་པས་འབྱོར་དྲུག་རྒྱས་པར་འགྱུར། རྒྱས་པར་མ༴ རྒྱས་མཛད་ལྷ་ལ༴ སྭཱ་སྭཱ་སྭཱ། ཚེ་དང་བསོད་ནམས་པུཥྚིང་ཀུ་རུ་ཡེ་སྭཱ་ཧཱ། ཧཱུྃ། སངས་རྒྱས་ཀུན༴ ཡོན་ཏན་ཕྲིན་ལས༴ འདོད་ཆགས་པདྨ་རྡོ་རྗེ་ལ། དབང་གི་ལྷ༴ ཟངས་སམ་དམར་པོའི༴ མགོ་བོ་བརྒྱ་མདུད་རྩེ་ཟླ་གམ། ངོས་ལ་དབང་གི༴ བཏབ་པས་སྣང་སྲིད་དབང་དུ་འགྱུར། དབང་དུ་མ་གྱུར༴ དབང་མཛད་ལྷ་ལ༴ ཧྲཱི་ཧྲཱི་ཧྲཱི་༴ ལྷ་འདྲེ་མི་གསུམ་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། ཧཱུྃ། སངས་རྒྱས༴ ཡོན་ཏན་ཕྲ་དོག་ཀརྨ་རྡོ་རྗེ་ལ། དྲག་པོའི་ལྷ་དང་ལྷ་མོས་བསྐོར། ལྕགས་སམ་ནག་པོའི་ཤིང་དག་ལ། མགོ་བོ་བརྒྱ་མདུད་རྩེ་ཟུར་གསུམ། ངོས་ལ་དྲག་པོའི་ལྷ༴ བཏབ་པས་དགྲ་གེགས་རླག་པར་འགྱུར། རླག་པར་མི་འགྱུར་གང་ཡང་མེད། །རླག་མཛད་ལྷ་ལ་ཕྱག་འཚལ་བསྟོད། ཧཱ་ཧཱ་ཧཱ། །གནོད་བྱེད་དགྲ་གེགས་མཱ་ར་ཡ་ཕཊཿ ཅེས་ཕྲིན་ལས་བཞིའི་བྲོ་བརྡུངས་པའི་རྗེས་སུ། གཏོར་གཞོང་རྣམས་ཁ་


TR008_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཡར་ཕྱེས་པ་ཙམ་གྱི། རྣལ་འབྱོར་སྒྲུབ་པ་པོ་ཡོན་མཆོད་རྣམས་ཀྱི་ཚེ་བསོད་དཔལ་འབྱོར་ལོངས་སྤྱོད་མཐའ་དག་ཡར་ངོའི་ཟླ་བ་ལྟར་འཕེལ་ཞིང་རྒྱས་པར་གྱུར། ཞེས་མོས་ལ་ནང་དུ་ལོག་གོ།། ༈ །།དགུ་པ་སྐྱེད་རིམ་ཉིད་རྫོགས་རིམ་གྱི་དབྱིངས་སུ་བསྡུ་བ་ནི། ཧཱུྃ། དང་པོ་ཆོས་སྐུ་སྐྱེ་མེད་ངང་ཉིད་ལས། །འགྲོ་དོན་སྐྱེ་བའི་ཆོ་འཕྲུལ་ཚོམ་བུ་དགུ། །ཞི་ཁྲོ་ཡོངས་རྫོགས་འགྲོ་བ་ཀུན་བཏུལ་ནས། །སླར་ཡང་ཆོས་དབྱིངས་རྣམ་དག་ཀློང་དུ་བསྡུ། ཨོཾ་ཨཱཿཧཱུྃ་བཛྲ་མུཿ ཞེས་བརྗོད་པ་ཙམ་གྱིས། བདག་ཉིད་ཀྱི་སྤྲུལ་པ་ལས་ཀྱི་ཧེ་རུ་ཀ་དེ་ཉིད་བདག་གཙོ་བོ་ལ་ཚུར་ཐིམ་པས་གཙོ་མཆོག་གི་ཞལ་ནས་ཧཱུྃ་ཞེས་གསུངས་མ་ཐག་ཕྱི་རོལ་སྣོད་བཅུད་བརྟན་གཡོའི་དངོས་པོ་མཐའ་དག་འོད་དུ་ཞུ་བས་འོད་མཐིང་གའི་རང་བཞིན་དུ་གྱུར་པ་གཞལ་ཡས་ཁང་ལ་ཐིམ་ཞིང་། གཞལ་ཡས་ཁང་འཁོར་གྱི་ལྷ་ཚོགས་ལ་ཐིམ། འཁོར་དང་གཙོ་མཆོག་ལ་ཐིམ། གཙོ་བོ་ཉིད་ཀྱང་རིམ་པས་ཡས་མན་རྣམས་ཐུགས་སྲོག་ཧཱུྃ་ལ་འདུས་ཏེ་ཧཱུྃ་ཡང་མས་རིམ་བཞིན་གྱེན་རྫོགས་སུ་ཐིག་ལེ་ནཱ་ད་ལ་འདུས་པའི་མཐར་འཇའ་སྤྲིན་


TR008_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་ཡལ་བ་བཞིན་གྱུར་པའི་ངང་ནས། འཁོར་འདས་ལམ་གསུམ་གྱི་འཛིན་རྟོག་གང་གིས་ཀྱང་མ་བསླད་པའི་གནས་ལུགས་གདོད་མའི་ཡེ་ཤེས་ཁྱབ་གདལ་ཆེན་པོར་མཉམ་པར་བཞག་བྱ་འཇོག་བྱེད་དང་བྲལ་བར་གློད་པ་ནི་ཀུན་བཟང་ཆེ་མཆོག་ཧེ་རུ་ཀའི་ཏིང་འཛིན་ཡང་དག་པའི་སྙིང་པོའོ།། ༈ །།བཅུ་པ་ཆོ་གའི་ལྷག་ཆད་བསྐང་བ་ནི། སྐུ་སྐྱེད་རིམ་མ་གསལ་བ་དང་བསྒོམ་ཚུལ་མ་ཤེས་པ། བརྡ་དོན་རྟགས་གསུམ་རྒྱུད་ལ་མ་འབྱོར་བ་ལ་སོགས་ཀྱི་ཉེས་སྐྱོན་ཐམས་ཅད་ཀཱ་ལི་ཐབས་ཀྱི་ཡི་གེས་བསྐང་སྟེ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿ གསུང་བཟླས་བརྗོད་སྔགས་ཀྱི་སྒྲ་མ་དག་པ། གྲངས་མ་ཚང་བ། གོ་རིམ་མ་ཤེས་པ་ལ་སོགས་ཀྱི་ཉེས་སྐྱོན་ཐམས་ཅད་ཤེས་རབ་ཨཱ་ལིས་བསྐང་སྟེ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཱཿ ཐུགས་ཏིང་འཛིན་འཕྲོ་འདུའི་རིམ་པ་ནོར་འཁྲུལ་འགལ་ཉེས་ཅི་མཆིས་པ་ཐམས་ཅད་ཞི་ཁྲོ་ཀུན་འདུས་ཀྱི་སྙིང་པོ་


TR008_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པས་བསྐང་སྟེ། ཨཱོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏེ་ནོ་པ་ཏིཥྠ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏཥྱོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲཱི་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། སརྦ་ཏ་ཐ་ག་ཏོ་བཛྲ་མཱ་མེ་མུཉྩ། བཛྲི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ དེ་ལྟར་སྔགས་རྣམས་ཚར་གསུམ་སོགས་བརྗོད་ཅིང་། དོན་དམ་པར་ནི་ཉེས་སྒྲིབ་བསག་བྱ་གསོག་བྱེད་དང་བསྐང་བྱ་བསྐོངས་བྱེད་ཀྱི་ཆོས་ཐམས་ཅད་ཀྱང་ཆོས་དབྱིངས་སྤྲོས་ཐལ་ཆེན་པོ་ལས་གཞན་མི་དམིགས་སོ། །བཅུ་གཅིག་པ་ཆད་མཐའ་བསལ་ཕྱིར་སླར་ཡང་ལྷར་ལྡང་ཞིང་སྤྲུལ་པ་སྒྱུ་མའི་ཚུལ་གྱིས་འགྲོ་དོན་རྒྱུན་དུ་སྤྱོད་པའི་གོ་ཆ་བགོ་བ་དང་སྨོན་ལམ་གྱིས་མཚམས་སྦྱར་བ་ནི། ཆོས་དབྱིངས་སྟོང་པ་ཉིད་དེའི་ངང་ནས་སྐད་ཅིག་གིས་གསལ་མདངས་འགག་མེད་ཆུ་བུར་རྡོལ་བ་ལྟར། རང་ཉིད་དཔལ་ཆེན་ཧེ་རུ་ཀ་མཐིང་ནག་རྡོ་རྗེ་ཐོད་ཁྲག་བསྣམས་ཤིང་ཁྲོ་ཆས་ཐམས་ཅད་རྫོགས་པ་ཡེ་ཤེས་ཀྱི་མེ་སྤུངས་འབར་


TR008_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཀློང་ན་འགྱིངས་པའི་ཚུལ་དུ་ལམ་གྱི་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་འཕྲོས་ནས་སྣོད་བཅུད་ཐམས་ཅད་ལ་ཕོག་པའི་མཐུས། སྣོད་ཀྱི་འཇིག་རྟེན་ཐམས་ཅད་གཞལ་ཡས་ཁང་དང་། བཅུད་ཀྱི་སྐྱེ་འགྲོ་མཐའ་དག་ཧེ་རུ་ཀ་ཁོ་ནའི་ངོ་བོར་གྱུར་ཏེ། སྣང་ཚད་སྐུ། གྲག་ཚད་གསུང་དྲན་རྟོག་མཐའ་དག་ཆོས་ཉིད་རོལ་པ་ཆེན་པོ་འབའ་ཤིག་ཏུ་རིག་ཅིང་རྟོགས་པའི་རྣལ་འབྱོར་དང་མ་བྲལ་བའི་ངང་ནས་བྱ་སྤྱོད་ཐམས་ཅད་མཁའ་མཉམ་འགྲོ་བའི་དོན་དུ་དམིགས་ཤིང་། ཧཱུྃ། ངར་འཛིན་རྣམ་དག་སྒྱུ་ལུས་འཇའ་འདྲ་འདི། །དཔལ་ཆེན་སྐུ་གསུང་ཐུགས་ཀྱི་རྒྱས་བཏབ་སྟེ། །བདེན་པ་དབྱེར་མེད་ལྟ་སྤྱོད་ཟུང་འབྲེལ་བས། །རྒྱུན་དུ་འགྲོ་བ་འདྲེན་པའི་སྤྱོད་ལམ་བྱའོ། ཨོཾ་ཨཱཿཧཱུྃ་བཛྲ་ཧྲི༚། ཞེས་དམ་བཅའ་ཞིང་། དགེ་བ་མི་ཟད་ཅིང་གོང་དུ་འཕེལ་ཕྱིར་བསྔོ་བ་སྨོན་ལམ་གྱི་རྒྱས་གདབ་པ་འདི་ཡང་བྱ་སྟེ། ཧོ། བསོད་ནམས་ཡེ་ཤེས་ཚོགས་གཉིས་མཐུ་བྱིན་གྱིས། །བདག་གཞན་འགྲོ་བ་མ་ལུས་ཐམས་ཅད་ཀུན། །ཞི་


TR008_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་དབང་དྲག་ཕྲིན་ལས་མངའ་བརྙེས་ཤིང་། །སྐུ་གསུམ་ལྷུན་གྲུབ་འགྲོ་དོན་མཐའ་ཕྱིན་ཤོག །དེ་ནས་མཇུག་གི་མཐའ་རྒྱན་དུ་བཀྲ་ཤིས་བདེ་ལེགས་ཀྱི་ཚིགས་སུ་བཅད་པ་བརྗོད་ཅིང་རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་གི་ཆར་དབབ་ཅིང་དབྱངས་དང་བཅས་པས། ཁྱབ་བདག་ཀུན་ཏུ་བཟང་དང་རྡོ་རྗེ་སེམས། །དགའ་རབ་ཤྲཱི་སིང་ཨུ་རྒྱན་ཡབ་ཡུམ་དང་། །ཆོས་ཀྱི་དབང་ཕྱུག་ཡབ་སྲས་རྒྱུད་པར་བཅས། །རྩ་རྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཆོས་སྐུ་མི་འགྱུར་ཀུན་ཏུ་བཟང་པོའི་ཀློང་། །ལོངས་སྐུ་རིགས་ལྔ་སྐུ་ལྔ་ཡེ་ཤེས་ལྔ། །སྤྲུལ་སྐུ་སྣ་ཚོགས་འགྲོ་དོན་ཡིད་བཞིན་གཏེར། །བདེར་གཤེགས་ཞི་བའི་ལྷ་ཚོགས༴ ཆོས་དབྱིངས་རྣམ་དག་ངང་ལས་མ་གཡོས་ཀྱང་། །ཐབས་ཀྱིས་ཁྲོ་བོར་སྐུར་བསྟན་གདུག་པ་འདུལ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པ། །ཀུན་བཟང་ཧེ་རུ་ཀ་ཡི༴ སྐུ་མཆོག་འགྱུར་བ་མེད་པའི་དཀྱིལ་འཁོར་ནས། །འཇམ་དཔལ་བཤེས་གཉེན་སྲིད་སྐུ་


TR008_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དཔལ། །འགྱུར་མེད་དོན་ནི་ཡེ་ནས་ལྷུན་གྲུབ་པའི། །བཤེས་གཉེན་ཡོངས་རྫོགས་སྐུ་ཡི་བཀྲ་ཤིས་ཤོག །གསུང་མཆོག་འགག་པ་མེད་པའི་དཀྱིལ་འཁོར་ནས། །དབང་ཆེན་རྟ་མགྲིན་ཆོས་སྒོ་འདུས་པའི་དཔལ། །འགག་མེད་དོན་ནི་ཡེ་ནས་ལྷུན་གྲུབ་པའི། །དབང་ཆེན་ཡོངས་རྫོགས་གསུང་གི༴ ཐུགས་མཆོག་འཁྲུལ་པ་མེད་པའི་དཀྱིལ་འཁོར་ནས། །བཛྲ་ཧེ་རུ་ཀ་རང་བྱུང་ཐུགས་ཀྱི་དཔལ། །འཁྲུལ་མེད་དོན་ནི་ཡེ་ནས་ལྷུན་གྲུབ་པའི། །ཡང་དག་ཡོངས་རྫོགས་ཐུགས་ཀྱི༴ ཡོན་ཏན་མི་ཟད་གཏེར་གྱི་དཀྱིལ་འཁོར་ནས། །ཆེ་མཆོག་ཧེ་རུ་ཀ་ཡོན་ཏན་རྫོགས་པའི་དཔལ། །ཡོན་ཏན་དོན་ནི་ཡེ་ནས་ལྷུན་གྲུབ་པའི། །བདུད་རྩི་ཡོན་ཏན་ཡོངས་རྫོགས༴ ཕྲིན་ལས་ཐོགས་པ་མེད་པའི་དཀྱིལ་འཁོར་ནས། །རྡོ་རྗེ་གཞོན་ནུ་མཐུ་སྟོབས་རྫོགས་པའི་དཔལ། །ཕྲིན་ལས་དོན་ནི་ཡེ་ནས་ལྷུན་གྲུབ་པའི། །ཕུར་པ་ཕྲིན་ལས་


TR008_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་རྫོགས༴ གཟི་བརྗིད་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ནས། །བླ་མེད་ཧེ་རུ་ཀ་མ་མོ་འདུས་པའི་དཔལ། །སྐྱེ་འགག་གཉིས་མེད་དོན་ནི་ལྷུན་གྲུབ་པའི། །མ་ཚོགས་ལས་ལ་འཁོར་བའི༴ བྱིན་རླབས་ཡོངས་རྫོགས་འདུས་པའི་དཀྱིལ་འཁོར་ནས། །རིག་འཛིན་གཙོ་མཆོག་རྒྱུད་ལུང་མན་ངག་དཔལ། ས་ལམ་ཡོན་ཏན་རང་བཞིན་ལྷུན་གྲུབ་པའི། །ཤེས་རབ་རྣམ་གསུམ་མངའ་བརྙེས༴ དྲག་རྩལ་མེ་ལྟར་འབར་བའི་དཀྱིལ་འཁོར་ནས། །དྲེགས་པ་ཀུན་འདུལ་བདུད་དཔུངས་འཇོམས་པའི་དཔལ། །མཐུ་རྩལ་རྨད་བྱུང་སངས་རྒྱས་བསྟན་པ་བསྲུང་། །སྡེ་བརྒྱད་བྲན་དུ་འཁོལ་བའི༴ དགྲ་གེགས་གདུག་པ་ཚར་གཅོད་དཀྱིལ་འཁོར་ནས། །སྟོབས་ལྡན་ནག་པོ་སྣང་སྲིད་སྲོག་བདག་དཔལ། །དྲག་སྔགས་དམོད་པས་མ་རུངས་ལོག་ལྟ་སྒྲོལ། །ནུས་མཐུ་ཡོངས་སུ་རྫོགས་པའི་བཀྲ་ཤིས་ཤོག །བཀའ་དང་དམ་ལ་གནས་པའི་དཀྱིལ་འཁོར་ནས། །དམ་ལྡན་


TR008_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོངས་ཤིང་དམ་ཉམས་རྡུལ་དུ་རློག །རྣམ་བཞིའི་ཕྲིན་ལས་ལྷུན་གྱིས་གྲུབ་པའི་དཔལ། །བཀའ་སྡོད་ཡོངས་རྫོགས་སྲུང་མའི་བཀྲ་ཤིས་ཤོག །ཐོས་བསམ་སྒོམ་པ་མཐར་ཕྱིན་བླ་མ་མཆོག །དངོས་གྲུབ་ཀུན་སྩོལ་ཡི་དམ་ཡོངས་རྫོགས་ལྷ། བར་ཆད་སེལ་མཛད་མཁའ་འགྲོ་ཆོས་སྐྱོང་ཚོགས། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་སོགས་ཤིས་བརྗོད་རྒྱས་པར་བྱའོ། །དེ་ནས་བླ་མའི་གཏོར་མ་དང་བདུད་རྩི་སྨན་སོགས་དངོས་གྲུབ་ཏུ་ལེན་པར་འོས་པའི་རྫས་རྣམས་དངོས་གྲུབ་ཏུ་བླངས་ཤིང་། གཞན་མཆོད་རྫས་ཡོ་བྱད་སོགས་བསྡུ་བར་འོས་པ་རྣམས་གཤེགས་བསྡུ་བྱ་ཚུལ་མཇུག་གི་བྱ་བ་མཐའ་དག་སྤྱི་དང་མཐུན་པར་བྱའོ། །འདི་ལ་གང་ཟག་ལ་ལའི་བསམ་ཡུལ་དུ་རྒྱུད་སྡེ་འོག་མ་དག་གི་འགྲོས་དང་བསྟུན་ན་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་ཚུལ་མི་འདུག་པས་ཅི་ཞིག་སྙམ་དུ་སེམས་པ་འབྱུང་སྲིད་འདི་ནི་གསང་སྔགས་བླ་མེད་རྒྱུད་སྡེ་གོང་མའི་ལུགས་ཀྱིས། དམ་ཡེ་དབྱེར་མེད་དུ་བསྲིས་ཚར་ནས་སླར་གཤེགས་


TR008_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བྱ་མི་དགོས་པར་ཆོས་ཉིད་ཐིག་ལེ་ཉག་གཅིག་ཆེན་པོར་བསྡུ་བ་ནི་ཁྱད་པར་འཕགས་པའི་སྐབས་དོན་ཡིན་ནོ། །དེ་ལྟར་འདི་ཡན་ཆད་ཀྱིས་ཞི་ཁྲོ་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཆེན་པོའི་ལས་བྱང་གཞུང་སྲོང་གི་རིམ་པ་གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་ཉིད་ཀྱིས་མཛད་ནས་རྗེ་འབངས་གྲོགས་གསུམ་ལ་ཟབ་པར་གདམས་པ་ཆོས་དབང་གི་གཏེར་བྱོན་སོར་བཞག་དང་། ས་བཅད་ཀྱི་གོ་རིམ་ཀྱང་རྩ་ཐོ་ཉིད་ཇི་ལྟ་བ་ལས་གཞན་པའི་བཅོས་སླད་ཀྱི་དྲི་མ་མེད་པར་བསྟན་ཟིན་ཏོ། །དེ་ཡང་སྤྱིར་གང་ཟག་གི་བསམ་པའི་བྱེ་བྲག་ཐ་དད་སྣ་ཚོགས་པའི་དབང་གིས། གསང་སྔགས་སྔ་འགྱུར་གཏེར་བྱོན་གྱི་ལས་གཞུང་སོགས་ལ། ལ་ལས་ཧ་ཅང་རྒྱས་ནས་ཉོག་འདུག་ཅེས་ཟེར་ནས་འཕྲི་བ་དང་། ལ་ལས་བསྡུས་པས་མ་ཚང་འདུག་ཅེས་གཞན་ནས་འགེབས་པ་དང་། འགའ་ཞིག་གིས་གསང་སྔགས་གསར་མའི་ཆོག་གཞུང་སོགས་ཀྱི་འགྲོས་དང་བསྟུན་ནས་བཅོས་བསྒྱུར་སྣ་ཚོགས་བྱེད་པ་སྣང་ཡང་། འཁོར་འདས་དུས་གསུམ་མ་ལུས་སྒྲིབ་མེད་དུ་གཟིགས་པའི་རྒྱལ་མཆོག་པདྨ་འབྱུང་གནས་ཀྱིས་མ་མཁྱེན་མི་དགོངས་པ་ཅིག་ནམ་དུའང་སྲིད་པ་མ་ཡིན་ཚེ། དེའི་བཀའ་གཞུང་ལྷད་མེད་དྲི་བྲལ་


TR008_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལག་ཏུ་བླངས་ཤིང་ཉམས་སུ་ལོན་ན་བྱིན་རླབས་ཀྱི་འཇུག་ཚུལ་བསླུ་བ་མེད་པ་ཆོས་ཉིད་ཡིན་པས་ན། ཟབ་མོའི་ཆོས་ལ་རང་བཟོའི་དྲི་མས་མ་བསླད་པ་ཤིན་ཏུ་གལ་ཆེ་བའི་ཚུལ་ཡང་ཕྱིས་འབྱུང་གི་གང་ཟག་རྣམས་ཀྱིས་ཤེས་པར་བྱའོ།། ༈ །།རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་མཐའ་ཡས་ཀུན། །ཞི་ཁྲོ་བཀའ་བརྒྱད་སྙིང་པོར་མ་འདུས་མེད། །འདི་བསྒྲུབ་རྒྱལ་བའི་དཀྱིལ་འཁོར་མ་ལུས་ཀྱི། །ཐུགས་སྲོག་སྙིང་པོའི་དངོས་གྲུབ་བདེ་བླག་གྲུབ། །དུས་གསུམ་རྒྱལ་བའི་སྤྱི་སྒྲུབ་ཟབ་མོ་ལ། །གང་གིས་རྩེ་གཅིག་གུས་པས་མཆོད་དང་བསྒྲུབ། །དེ་ལ་རྒྱལ་བ་རྣམས་ཀྱིས་བྱིན་རློབས་ཤིང་། །རིག་འཛིན་དཔའ་བོ་མཁའ་འགྲོས་སྤུན་དུ་དགོངས། །བཀའ་སྡོད་དམ་ཅན་རྣམས་ཀྱང་རྗེ་བོར་ཁུར། །མ་རུངས་འབྱུང་པོ་འདུག་པའི་གཉེན་པོར་ཆེ། །མཆོག་དངོས་གེགས་མེད་ཚེ་གཅིག་ཐོབ་འགྱུར་ན། །ཐུན་མོང་ཕྲིན་ལས་བཞི་སོགས་སྨོས་ཅི་དགོས། །དེ་ཕྱིར་གསང་བ་ཡོངས་སུ་རྫོགས་པའི་གཞུང་། །འདི་ནི་རྒྱལ་དབང་པདྨའི་བཀའ་ཟོལ་མེད། །ཆོས་ཀྱི་དབང་ཕྱུག་ཟབ་གཏེར་ཡང་བཅུད་དེ། །རིག་འཛིན་བརྒྱུད་པའི་ཐུགས་དམ་སྙིང་པོའོ།། ༈ །།དེ་ལྟ་བུའི་གསང་སྔགས་སྙིང་པོ་སྒྲུབ་པ་བཀའ་བརྒྱད་ཡོངས་རྫོགས་ཆེན་པོའི་ཕྲིན་ལས་


TR008_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་གཞུང་སྲོང་གི་རིམ་པ་འདི་ཉིད་ཀྱི་ངག་འདོན་གྱི་ཚིག་རྣམས་གཏེར་གཞུང་སོར་བཞག་དང་། ཅུང་ཟད་ཙམ་ཁ་སྐོང་ལྷན་ཐབས་མེད་མི་རུང་གི་རིགས་དག་ཀྱང་བཀའ་བརྒྱད་ཡོངས་རྫོགས་ཉིད་ཀྱི་ཡིག་ཆ་ལས་བྱུང་བ་ཁོ་ན་མ་གཏོགས་གཞན་དང་མ་འདྲེས་པ་དང་། ས་བཅད་སོ་སོའི་སྐབས་དོན་བསྒོམ་བྱའི་དམིགས་རིམ་རྣམས་མདོ་ཙམ་མ་བསྟན་ན། དིང་སང་གི་ཆོས་པ་སྤྱི་དང་ཁྱད་པར་གསང་སྔགས་པར་རློམ་པ་ཕལ་མོ་ཆེས་ཆོ་ག་ཏིང་འཛིན་དང་མ་ལྡན་པར་བྲོ་པ་གླུ་གྲ་བསྒྲིགས་པ་ལྟར་གདངས་དབྱངས་དང་རོལ་མོའི་སྒྲ་ཙམ་འབའ་ཤིག་དོན་དུ་གཉེར་བ་ཆོ་གའི་གཟུགས་བརྙན་གྱིས་འཚོ་བ་ཤ་སྟག་མཐོང་བས། དེ་འདྲ་བས་དོན་འགྲུབ་པ་མ་ཡིན་ཚེ། བསྐལ་བཟང་དོན་ལ་བརྟེན་པའི་སྐྱེས་མཆོག་དག་ལ་ཕན་པར་བསམ་ནས། བཀའ་བརྒྱད་ཡོངས་རྫོགས་ཀྱི་སྐྱེད་རྫོགས་གསུམ་གྱི་གཞུང་འགྲེལ་སྒོམ་ཁོག་སོགས་ལས་ཇི་ལྟར་བྱུང་བ་ལྷད་མེད་འགག་བསྡུས་གོ་བདེར་བཀོད་པ་ལས། མི་ཤེས་ཤེས་བརྫུའི་སྤྱི་བརྟོལ་གྱིས་གཟུ་ལུམ་རས་ཆོད་དུ་བྱས་པ་མ་ཡིན་ལ། འདི་ལྟ་བུ་ཡི་གེའི་ལམ་དུ་འཁོད་ནས་སྒྲུབ་པ་པོ་མཆོག་དམན་བར་མ་ཐམས་ཅད་ཀྱིས་ཚིག་དོན་ལག་ཏུ་


TR008_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

བླང་བདེ་བ་ཞིག་ཀྱང་གྱིས་ཤིག་ཅེས། མདོ་ཁམས་ཤར་ཕྱོགས་སུ་གསང་སྔགས་རྙིང་པོའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་བསྲུང་སྤེལ་གྱི་མངའ་བདག་དམ་པར་གྱུར་པ་མི་ཡི་མགོན། ལྷའི་རྗེ་གདུལ་བྱའི་དེད་དཔོན། མངོན་པར་མཐོ་བ་དང་ངེས་པར་ལེགས་དཔལ་ལ་དབང་འབྱོར་བ་མཚུངས་བྲལ་ཆོས་ཀྱི་རྗེ་ངག་དབང་བསྟན་སྐྱོང་དཔལ་བཟང་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེབ་བཀའི་བསྐུལ་བ་ཡང་དག་པ་གསེར་གྱི་མེ་ཏོག་དང་བཅས་པ་བསྩལ་བ་ཉིད་ལྷག་བསམ་བཟང་པོའི་ཐོད་དུ་བཅིངས་ཏེ་ཡི་གེར་སྒྲིགས་ཆགས་སུ་བཀོད་པ་འདི་ནི། ཡང་དག་པར་སྤོང་བ་བཞི་ལ་མོས་པ་ལམ་དུ་བྱེད་པའི་བཙུན་པ་མཁས་མཆོག་པདྨ་ལེགས་གྲུབ་རྩལ་གྱིས། ཆུ་ཀླུང་པཀྵུ་གཡས་སུ་འཁྱིལ་བའི་ངོགས་ཀྱི་རི་བོའི་སྤོ་བསམ་གཏན་དང་རྣམ་པར་གྲོལ་བ་ལ་མངོན་པར་སྦྱོར་བའི་དབེན་ཁང་གསེར་གྱི་རྒྱལ་མཚན་ཅན་དུ་ཡིག་ལམ་དུ་བཀོད་པ་འདིས་མཚོན་ཚེ་རབས་ཀུན་གྱི་ལེགས་བྱས་མ་ལུས་གཅིག་ཏུ་བཟླུམས་པའི་མཐུ་འབྲས་ཀྱིས། ཕྱོགས་བཅུ་རབ་འབྱམས་ནམ་མཁའི་མཐའ་ཀླས་པའི་སེམས་ཅན་རྣམས་


TR008_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

མི་གནས་པའི་མྱང་འདས་ཆེན་པོ་ལ་འཁོད་པར་གྱུར་ཅིག །མསྡུ་སརྦ་ཛ་ག་ཏཱཾ། གཅིག་ཞུས་ཁུལ་ལགས།

བླ་མ་དགོངས་པ་འདུས་པའི་སྒྲུབ་པ་ཆེན་པོ་བདུད་རྩི་སྨན་སྒྲུབ་སྤྲོས་བཅས་བུམ་དབང་དང་བཅས་པ་ཕྱག་བཞེས་ཇི་ལྟར་བྱ་ཚུལ་གྱི་ས་བཅད་ཟིན་སུ་བཀོད་པ།


TR008_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དགོངས་པ་འདུས་པའི་སྒྲུབ་པ་ཆེན་པོ་བདུད་རྩི་སྨན་སྒྲུབ་སྤྲོས་བཅས་བུམ་དབང་དང་བཅས་པ་ཕྱག་བཞེས་ཇི་ལྟར་བྱ་ཚུལ་གྱི་ས་བཅད་ཟིན་སུ་བཀོད་པ་བཞུགས་སོ།


TR008_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

གདོད་ནས་རང་བཞིན་རྣམ་དག་ཆོས་སྐུའི་ཀློང་། །འགག་མེད་རང་ཤར་གཟུགས་སྐུ་དཀྱིལ་འཁོར་ལྷ། །སྣ་ཚོགས་སྤྲུལ་བསྒྱུར་སྒྱུ་མའི་གར་མཁན་མཆོག །བླ་མ་ལྷ་དང་ཌཱ་ཀིར་སྙིང་ནས་འདུད། །ཐེག་དགུའི་ཡང་ཞུན་ཟབ་གསལ་རྡོ་རྗེའི་ཐེག །མཐའ་དག་སྨིན་གྲོལ་གནད་གསང་ལ་འདུས་ཕྱིར། །ཟབ་པའི་མཐར་ཐུག་དགོངས་འདུས་གསེར་ཆོས་ཀྱི། །སྨིན་གྲོལ་ཕྱག་བཞེས་རིམ་པ་འདིར་བསྟན་བྱ། དེ་ལ་འདིར་བླ་མ་དགོངས་པ་འདུས་པའི་སྨིན་བྱེད་ཀྱི་སྒྲུབ་པ་ཆེན་པོའི་ཕྱག་བཞེས་རིག་འཛིན་བརྒྱུད་པའི་


TR008_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གྱི་བདུད་རྩི་དྲི་མ་མེད་པ་ཡི་གེར་བཀོད་དེ་སྐལ་ལྡན་རྣམས་ཀྱི་འདོད་པ་འཇོ་བའི་ནོར་བུར་སྦྱིན་པར་བྱ་བ་ལ། ཐོག་མར་ས་བཅད་ཀྱི་སྡོམས་ནི། སྙན་གསན་དབབ་ཅིང་སྒྲུབ་རྫས་ཡོ་བྱད་བསག །ས་ཡི་བདག་པོ་རྣམས་ལ་བདེན་ཚིག་བརྗོད། །ཆུ་གཏོར་སཱཙྪ་རྒྱ་བཞི་གསུམ་རབ་བསྒྲག །གཏོར་ཟློག་ལིང་སྒྲུབ་དྲག་པོའི་སྦྱིན་སྲེག་བྱ། །དེ་ལྟར་རྐྱེན་ཟློག་ཚོགས་གསོག་ཅི་འགྲུབ་འབད། །དེ་ནས་སྔོན་འགྲོར་སྐོངས་དང་ཡིག་བརྒྱ་འབུམ། །བརྒྱ་ཕྱག་སྤང་སྐོང་ཞི་བའི་སྦྱིན་


TR008_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

སྲེག་བྱ། །རྟགས་ཀྱི་ཕྱག་རྒྱས་རྣལ་འབྱོར་གྲངས་ལ་གདབ། །ས་དབྱིབས་སྤྱི་དང་བྱེ་བྲག་བརྟག་ལ་བླངས། །སྔགས་དང་བྱ་བས་སྦྱང་ཞིང་མ་ཏྲྃ་བསྒྲལ། །གཏེར་སྦ་བློ་དང་སྟངས་སྟབས་ཁྲོ་གར་བཟུང་། །ཕུར་བུས་བསྲུང་ཞིང་ཤིས་བརྗོད་གར་སྡུད་བྱ། །ཚོམ་བུའི་དཀྱིལ་འཁོར་བཞེངས་ཤིང་བུམ་སོགས་བཤམ། །སྐྱབས་སེམས་ཡན་ལག་བདུན་དང་ཕྱི་གཏོར་བཏང་། །བདག་སྐྱེད་རྒྱལ་ཐོ་གཟུག་ཅིང་གསོལ་བ་གདབ། །མདུན་སྐྱེད་བུམ་སྐྱེད་སོ་ཤིང་སོགས་བྱིན་བརླབ། །ཆོས་སྐྱོང་བསྐང་གསོ་ཁྲུས་དང་མེ་ཐུན་བརྡེག །དམ་སྲི་མནན་ཞིང་སྒོ་བྱང་ཕྱི་ནང་གདག །ཀུན་ཚོགས་བྱུར་ཕུད་བགེགས་སྦྱང་ཌཱཀིྐ་འགྱེད། །མཚམས་ཕུར་ཕྱག་འཚལ་མཎྜལ་ཆོས་བཤད་བྱ། །སྐྱབས་སེམས་སྡོམ་བཟུང་གནས་གསུམ་བྱིན་གྱིས་བརླབ། །སོ་ཤིང་ཁྱོར་ཆུ་སྲུང་སྐུད་ཀུ་ཤ་སྦྱིན། །ལོ་རྒྱུས་བཤད་ནས་ཤིས་བརྗོད་འདུ་ཚོགས་གྱེས།


TR008_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་རག་ཚོགས་མཆོད་གཏོར་བསྔོ་གསོལ་གདབ་བྱ། ལྷ་ཚོགས་ནམ་མཁར་བཏེགས་ནས་རྫས་རྣམས་བསྡུའོ། །སྔོན་འགྲོ་ཐུན་མོང་ཁྱད་པར་ཡོངས་རྫོགས་པའོ།། ༈ །།དངོས་གཞིའི་དང་པོར་ཆག་ཆག་ཐིག་ཚོན་བྲི། །བུམ་སོགས་བཅས་བཤམ་ལྷ་ཚོགས་བསྐོས་ལ་གདབ། །དཀྱིལ་འཁོར་རྒྱན་དང་སྒྲུབ་རྫས་ཤར་གདབ་དགོད། །བསངས་སྦྱངས་སྐྱབས་སེམས་ཚོགས་བསགས་སྲུང་མཚམས་བཅད། །ཆོས་བཤད་སློབ་དཔོན་མཆེད་ལྕམ་མངའ་གསོལ་དབུལ། །རྟགས་གདབ་བརྡའ་སྒོ་བརྡའ་ཕྱག་བྱིན་འབེབས་བྱ། །ཡན་ལག་བདུན་ནས་བདག་མདུན་བུམ་སྐྱེད་སོགས། །དཀྱིལ་ཆོག་བསྐང་གསོ་ཚོགས་ལས་ཡོངས་རྫོགས་བཏང་། །ནང་པར་དཀྱིལ་ཆོག་ཡོངས་རྫོགས་གཞུང་བསང་ལ། དཀྱིལ་འཁོར་ཕྱི་འཇུག་ནང་འཇུག་ལྷ་སྔགས་ཀྱི། དག་པ་སོ་སོར་རྒྱས་བཤད་འཛབ་དགོངས་ཕོགས། །འཛབ་བསྐུལ་ཞགས་གསུམ་ལ་སོགས་


TR008_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཅེ་རིག་སྒྲུབས།། ༈ །།དེ་ཚེ་སྨན་དང་སྦྲེལ་ན་ཁྲོམ་བུ་བཤམ། །སྦྱང་དང་བཞུ་བཏུལ་འཛབ་བཅས་བསྒྲུབ་བྱས་ལ། སླར་ཡང་བཏགས་བཙགས་སྦོལ་གཞལ་རྒྱས་བཏབ་བཤམ། །རྟ་བྲོས་བགེགས་བསྐྲད་སྨན་གྱི་བྱིན་འབེབས་ནི། །དུས་དྲུག་མྱུལ་ལེ་བཀྲད་བཅས་འཛབ་འབུངས་སྒྲུབས། །རྟ་ཐེན་ནུ་མོ་ལས་བྱང་བསྟོད་བསྐུལ་འབད། །མཎྜལ་ཞལ་བསྒྱུར་ཚེ་དབང་རྫས་སོགས་བཤམ། །ཐོ་རངས་སྒྲུབ་ཁོབ་གཞུང་ལྟར་དངོས་གྲུབ་བླངས། །བདུད་རྩིའི་དངོས་གྲུབ་ལེན་ཆོག་སྨན་དབང་བསྐུར། །རྒྱ་དཀྲོལ་སྨན་མཆོད་དངོས་གྲུབ་རྫས་ཆོག་རོལ། །ཚེ་དབང་བསྐུར་ཞིང་ཕྱི་དྲོ་སྒྲུབ་ལུང་སྦྱིན། །རྒྱས་པའི་སྦྱིན་སྲེག་གཏུམ་མོའི་མེ་དབང་བྱ།། ༈ །།དེ་ནས་སྤྲོས་བཅས་བུམ་དབང་མཐའ་རྟེན་བཅས། །རབ་འབྱམས་སྐུ་གསུང་ཐུགས་ཡོན་ཕྲིན་ལས་དང་། །གསང་བ་རྡོ་རྗེ་སློབ་དཔོན་དོན་དམ་བཅུད། །ཡོན་ཏན་མཆོད་རྫས་ཕྲིན་ལས་སྲོག་དབང་དང་། །དབང་གི་སྦྱིན་


TR008_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

སྲེག་ལ་སོགས་སྐབས་སྦྱར་བྱ། །དངོས་གཞི་སྒྲུབ་སྨན་དབང་ཀུན་ཡོངས་རྫོགས་པའོ། །རྗེས་ནི་དྲག་ལས་བཅས་གསར་བསྐུལ་ཆེན་བཏང་། །མཁྱེན་གསོལ་གཟུགས་དཔང་བསྒྲལ་ལས་ཆོས་སྐྱོངས་བསྐུལ། །ཕྱི་ནང་ཐོད་དཀྲོལ་བཏང་རག་ཟོར་སྒོ་དབྱེ། །འཆད་མདོ་གཏོར་ཟོར་བསྟན་སྐྱོང་གཏོར་བྲོ་བྱ། །བཏང་རག་མཆོད་བསྟོད་དངོས་གྲུབ་གཏོར་དབང་བླང་། །གཤེགས་གསོལ་བསྔོ་སྨོན་བསྡུ་མཆོག་ཀུན་གྲུབ་ཚེ། །རྡོ་རྗེ་སློབ་དཔོན་སྟེགས་བུའི་སྟེང་བཞུགས་ལ། །སྐུ་དྲིན་གསོ་ཞིང་མར་མེ་སྨོན་ལམ་གདབ། །ཤིས་བརྗོད་གཏེར་སྦ་རྡུལ་ཚོན་གཤེགས་གནས་བསྲུང་། །རྗེས་ཀྱི་རིམ་པ་མཐའ་དག་ཡོངས་གྲུབ་པའོ།། ༈ །།དེ་ལྟ་བུས་སྒྲུབ་ཆེན་གྱི་ས་བཅད་སྤྱི་སྡོམ་གྱི་རིམ་པ་མདོར་བསྟན་ནས། །བྱེ་བྲག་ཏུ་ཕྱག་བཞེས་ཀྱི་ལས་རིམ་ཇི་ལྟར་བྱ་ཚུལ་རྒྱས་པར་བཤད་པ་ནི། དེ་ཡང་གསང་སྔགས་ཐེག་ཆེན་བླ་


TR008_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱི་དབང་དང་སྒྲུབ་པ་ཆེན་པོ་འདི་ལྟ་བུ་སྟོན་པར་བྱེད་པའི་རྡོ་རྗེའི་སློབ་དཔོན་མཚན་ཉིད་དང་ལྡན་པ་གང་དེ་ཉིད། སྔོན་དུ་བདག་ཉིད་བརྩ་བ་གསུམ་གྱི་བསྙེན་པ་གྲངས་དུས་རྟགས་ཀྱི་རིམ་པ་དང་བཅས་པ་གཞུང་དང་མཐུན་པར་ཚད་དུ་འཁྱོལ་བ་དང་། རང་དོན་དུ་སྤྲོས་མེད་ཀྱི་སྒྲུབ་པའི་རིགས་གང་དང་གང་དག་རྣམས་ཀྱང་ནུས་ལྡན་རྟགས་ཐོན་དུ་སྒྲུབས་པ་ནི་མཆོག་ཏུ་གཅེས་པ་ཁོ་ན་ཡིན་ཕྱིར་དེ་ལྟ་བུ་སྔོན་དུ་བཏང་ལ།། ༈ །།དེ་ནས་མཚན་ཉིད་དང་ལྡན་པའི་སློབ་མ་རྣམས་ཀྱིས་ཀྱང་ལོ་ཟླའི་གོང་ནས་སློབ་དཔོན་ལ་སྙན་གསན་དབབ་པ་དང་། བླ་མས་ཀྱང་སྒྲུབ་པ་ཆེན་པོ་ལ་དགོས་པའི་ཡོ་བྱེད་ཀྱི་སྟ་གོན། བསྙེན་པ་ཁ་གསོ་བའི་རིགས་སོགས་གྲུབ་པར་བྱས་ནས། དེ་ནས་སྒྲུབ་པ་དངོས་ཀྱི་དུས་ཚེས་ཕུན་སུམ་ཚོགས་པའི་སྐབས་ལ་ནམ་བབས་པའི་ཚེ། ཐོག་མར་ཐུན་མོང་གི་སྔོན་དུ་འགྲོ་བའི་ལས་ཁྲིགས་ལ། དང་པོ་ས་ཆོག་སྟ་གོན་


TR008_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ས་བསླང་བ་ནི། ཡུལ་ཅན་མི་ལ་བསླང་བ་ནི་བཟའ་བཏུང་བདེན་ཚིག་དཀྲོལ་བ་སོགས་ཀྱིས་བསླང་ཞིང་། མི་མ་ཡིན་རྣམས་ལ་ནི་བསངས་དང་བསུར་མཆོད་ལ་སོགས་པས་ཚིམ་པར་བྱས་ཏེ་ས་བསླང་བའི་ཆོ་ག་བྱ་ཞིང་མ་མོའི་མདོས་སམ། རྒྱལ་མདོས་དང་ལྷ་འདྲེ་སྟོང་དྲ་སོགས་ཀྱིས་བར་མ་ཆད་བསམ། རི་རྒྱ་ཀླུ་རྒྱ་ལམ་རྒྱ་མགས་རྒྱ། རྒྱ་བཞི་བསྡམས་པ། སཱཙྪ། ཆུ་གཏོར། གསུང་རབ་བསྒྲགས་པ་སོགས་ཀྱི་རྒྱབ་ཆོས་དཀར་ཆོས་གང་འགྲུབ་དང་། བཀའ་བརྒྱད་དང་ཕུར་པ་གང་རུང་གི་གཏོར་སྒྲུབ་ལོངས་སྐབས་བསྟུན་པའི་ཞག་གྲངས་ཀྱི་སྒྲུབས་ནས། དམ་སྲི་མནན་པའི་ལིངྒ་དང་ཐུན་ལ་སོགས་ཀྱང་འདིའི་ཁོངས་ནས་ནན་ཏན་དུ་བསྒྲུབ་ཅིང་གཏོར་ཟློག་ཚུལ་ལྡན་དུ་བྱ་བ་དང་། དྲག་པོའི་སྦྱིན་སྲེག་ལ་དགོས་པའི་ལིངྒ་ཡང་བརྒྱ་ཕྲག་ཙམ་དུ་སྟ་གོན་བྱས་ལ་འདི་དུས་ལྷན་ཅིག་ཏུ་བསྒྲུབ་པའི་


TR008_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

མཐར། སྒྲུབ་པ་ཆེན་པོ་ལ་བར་དུ་གཅོད་པའི་བགེགས་རིགས་རྡུལ་དུ་རློག་པའི་དྲག་པོའི་སྲེག་ཀྱང་རྒྱལ་སར་བྱ་བ་རབ་ཏུ་གཅེས་ཏེ། མདོར་ན་འདི་ཡན་ཆད་མཐའ་དག་ནི་སྒྲུབ་པའི་སྔོན་ནས་བར་ཆད་བསལ་བའི་རྟེན་འབྲེལ་གྱི་ཆོ་ག་ཡིན་ཕྱིར། སྒྲུབ་པའི་ཞག་གྲངས་དངོས་ལ་མི་ཐེ་བ་ཉིད་དོ།། ༈ །།དེ་ནས་སྔོན་འགྲོ་དངོས་ཀྱི་ཞག་དང་པོ་ལ། ན་རག་སྐོངས་བཤག་ཡིག་བརྒྱ་སྤང་སྐོང་ཕྱག་རྒྱ་ལ་སོགས་སྒྲུབ་པ་པོ་ཐམས་ཅད་ཀྱི་ཉམས་ཆགས་བཤགས་པའི་ཐབས་ལ་འབད་ཅིང་། སྡིག་སྒྲིབ་སྦྱོང་ཕྱིར་ལ་དམིགས་ནས་ཞི་བའི་སྦྱིན་སྲེག་དང་དེའི་བླུད་ཆོག་སོགས་གནད་ཀྱི་ཞལ་གདམས་ནས་འབྱུང་བ་ལྟར་བྱ་བ་ཡང་གཏེར་སྟོན་བརྒྱུད་པའི་ཕྱག་བཞེས་ཡིན་ལ། འདི་ནས་བཟུང་སྟེ་སྒྲུབ་ཆེན་ལ་ཞུགས་མཁན་ཇི་ཙམ་ཡོད་པའི་གྲངས་དང་མཐུན་པའི་རྡོ་རྗེ་སློབ་དཔོན་གྱི་ཕྱག་རྟག་བཀྲམ་ནས་གྲངས་ངེས་སུ་བྱས་ལ་


TR008_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྟགས་དང་མི་ལྡན་པ་ནི་སྒྲུབ་པའི་ཁོངས་སུ་མི་གཞུག་པ་ཡང་བར་ཆད་མི་འབྱུང་བའི་རྟེན་འབྲེལ་གྱི་ཐབས་གནད་ཟབ་མོ་སྟེ། དེ་ལྟར་འདི་ཡན་ཆད་སྔོན་འགྲོའི་ཞག་དང་པོའོ། །ཞག་གཉིས་པ་ལ། ས་བརྟག་པ། བླང་བ། སྦྱང་བ་རྣམས་དཀྱིལ་ཆོག་ཆེན་མོ་ལས་འབྱུང་བ་བཞིན་དང་། སྦྱང་བ་ཚུལ་བཞིན་བྱས་པའི་ས་དེ་ཉིད་སྟེགས་བུའི་གནས་སུ་སྤུངས་པ་ལ་མ་ཏྲྃ་གཟུགས་གཞུང་བཞིན་བཟོས་ནས། གིང་དང་རོལ་མོ་བ་སོགས་ཚགས་སུ་ཆུད་པ་དང་། ཐམས་ཅད་འཚོགས་ཏེ་བླ་མས་འདུས་པ་རྣམས་ལ་མ་ཏྲྃ་གི་ལོ་རྒྱུས་བཤད་ལ། མཁྱེན་གསོལ་གཟུགས་དཔང་མ་ཏྲྃ་བསྐྱེད་ཆོག་དགུགས་བསྟིམ་དྲག་པོ་ལན་མང་པོ་དང་བཅས་པ་བྱ་ཞིང་། འདི་སྐབས་ཀྱི་བདག་བསྐྱེད་ནི་མངོན་རྟོག་ཆེན་མོ་ལྟར་གྱི་གདན་རྟ་མགྲིན་ཁོ་ན་བསྐྱེད་པར་བསྔགས་སོ། དེ་ནས་གིང་པ་རྣམས་འཐོན་པས་


TR008_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཁོག་གི་གཞུང་ནས་ཇི་ལྟར་གསུངས་པའི་མ་ཏྲྃ་མནན་ཆོག་ཚུལ་བཞིན་བྱས་ནས། དེའི་ཁོག་པ་ཆ་བརྒྱད་དུ་བགོས་པ་རྣམས་དཀྱིལ་ཆོག་གྱི་ཕྱོགས་མཚམས་བརྒྱད་དུ་བརྗོད་ཚིག་དང་མཐུན་པར་བཀྲམ་ལ། རྡོ་རྗེ་སློབ་དཔོན་ཉིད་དེའི་དབུས་སུ་གར་དབྱངས་དང་བཅས་པས་མ་ཏྲྃ་མནན་ཆོག་བྱ། སྟེག་བུ་རྒྱུན་ཞག་ཏུ་བཟོ་ན་འདི་སྐབས་ས་གཏེར་སྦ་བ་སྤྱི་དང་མཚུངས་པར་བྱ་བ་ཡིན་ལ། དེ་ནས་ས་བཟུང་བ་ལ་བློས་བཟུང་ཚུལ་ནི་གཞུགས་ཉིད་ཀྱི་གོ་སླ་མོད་ཀྱི། སྟངས་སྟབས་ཀྱིས་བཟུང་བ་ནི། དཀྱིལ་འཁོར་གཙོ་བོ་རྡོ་རྗེའི་སློབ་དཔོན་ནུས་ལྡན་གྱི་རྒྱལ་ཐེབས་བརྒྱད་དང་བཅས་པ་ཆས་ཀྱིས་རབ་ཏུ་བརྒྱན་ཞིང་རྡོ་རྗེ་དྲིལ་བུ་འཆང་བ་ཧཱུྃ་གི་གླུ་ཆེན་འབྱིན་བཞིན་པས་ལམ་ཞུགས་རྡོ་རྗེའི་འགྲོས་ཀྱིས་སྟེགས་བུ་བསྐོར་ནས། དབུས་དང་ཕྱོགས་མཚམས་སོ་སོར་འཁོད་པའི་མདུན་དུ་མཆོད་གཏོར་མདོར་བསྡུས་བཤམ་སྟེ། སྐྱབས་


TR008_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཡན་ལག་བདུན་དང་ལྕེ་ལག་རྡོ་དྲིལ་མཆོད་གཏོར་བྱིན་རླབས་སོགས་ནས་བཟུང་སྟེ་གཙོ་བོ་དགུའི་བདག་སྐྱེད་སྤྱན་འདྲེན་བཞུགས་གསོལ་དབང་བསྐུར་རྒྱས་གདབ་མཆོད་བསྟོད་བཟླས་པའི་བར་གཞུང་བསྲང་། སློབ་དཔོན་གྱི་ལྷ་ལ་གསོལ་བ་གདབ་པ་དང་། ཕྱོགས་མཚམས་ཀྱི་རྒྱལ་ཐེབས་རྣམས་ཀྱིས་གཙོ་བོ་ཉིད་ལ་གསོལ་བ་བཏབ་པ་སོགས་གྲུབ་རྗེས། བཛྲ་ཨུ་ཏིཥྛ་ཡི་སྔགས་དང་ཕྱག་རྒྱས་ཡེ་ཤེས་བཏེགས་ལ། སླར་ལས་ཀྱི་རྟ་མགྲིན་བསྐྱེད་ནས། ཆོས་སྐུ་རྣམ་དག་མཚན་མ་ཀུན་སྤངས་ཀྱང་། །ཞེས་སོགས་ཀྱི་བགེགས་རིགས་ལ་བཀའ་བསྒོ་ཞིང་བདེན་སྟོབས་བརྗོད་པས་བསྐྲད། དེ་ནས་ཁྲོ་གར་གྱི་བཟུང་བ་དངོས་ནི། འབྱུང་འདུས་དང་བསྐྲད་གཟིར་ལ་སོགས་པའི་སྟང་སྟབས་ཀྱིས་ས་བཞིའི་བར་ཆད་བསལ། རྡོ་རྗེ་ཁྱུང་གཤོག་འགྲོས་དང་སྣ་ཚོགས་རྡོ་རྗེའི་འགྲོས་ལ་


TR008_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པས་ས་གཞི་ཟིལ་གྱིས་མནན་ཞིང་བཅགས། ཕྱག་མཚན་ལྔའི་འགྲོས་ཀྱིས་ས་གཞི་བྱིན་གྱིས་བརླབ་པར་བྱ། དེ་རྗེས་ས་བསྲུང་བའི་ཕྱིར་ཕུར་བུ་ཁྲོ་བོར་མངའ་གསོལ་བ་དཀྱིལ་འཁོར། སྟེགས་བུའི་བྱང་ཤར་མཚམས་སུ་བཏབ་ལ། གར་གྱི་སྡུད་འགྲོས་ཁམས་གསུམ་དབང་བསྡུད་ཀྱི་ངང་ནས་ལོག་པར་བྱའོ། །ཞག་གསུམ་པ་ལ་དཀྱིལ་འཁོར་སྟ་གོན། བུམ་པ་སྟ་གོན། ལྷ་སྟ་གོན། སློབ་མ་སྟ་གོན་དང་བཅས་པ་རྣམས་ལས། དང་པོ་ནི། སྟེགས་བུའི་ཁར་ཐིག་ཆེན་བརྒྱད་དང་ལིང་ཚེ་དགུ་ཐིག་བཏབ་ལ། ལྷ་སོ་སོའི་རྩ་སྔགས་བུམ་དབང་ཆེན་མོ་ལྟར་དང་བཅས་པས་དྲིའི་ཐིག་ལེ་བྱས་པའི་ཁར་ཚོམ་བུ་དགོད་དེ། དེ་ཡང་དབུས་ཀྱི་གཙོ་མཆོག་ལ་ཚོམ་བུ་གཞན་གྱི་ལྔ་འགྱུར་དང་འཁོར་གྱི་གཙོ་བརྒྱད་ལ་གསུམ་འགྱུར། འཁོར་ཕལ་པ་ལ་རེ་རེ། སྒོ་མཚམས་དང་དཔའ་བོ་དཔའ་མོ་རྣམས་ལ་ཚོམ་བུ་ཕལ་གྱི་སུམ་


TR008_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་ཙམ་དུ་དགོད། བུམ་པ་སྟ་གོན་ནི། ཕྱག་བཞེས་ལ་ལར་དངོས་གཞིའི་རྒྱན་དགོད་ཀྱི་སྔོན་དེར་མཛད་པའང་ཡོད་མོད་ཀྱི། སྤྱི་འགྲོ་ལྟར་ན་འདིར་བྱ་བ་སྟེ། དེ་ཡང་རྡོ་རྗེ་སློབ་དཔོན་གྱི་མདུན་དུ་གདན་མཛེས་གཙང་མའི་ཁར་མེ་ཏོག་བཀྲམ་ལ། བུམ་པ་དགུ་ལས་བུམ་དང་བཅས་པ་རྣམས། གུ་གུལ་གྱིས་བདུག་ཅིང་བགེགས་བསྐྲད། ཁ་རྒྱན་མགུལ་འཆིང་གཟུངས་ཐག་བུམ་རྫས་ཆུ་སོགས་ཐམས་ཅད་བཤམ་ལ། དཀྱིལ་ཆོག་ནས་བྱུང་བ་ལྟར་གྱི་བུམ་པ་བཅའ་བའི་རིམ་པ་རྣམས་ཞིབ་པར་བྱ་སྟེ། བུམ་པ་རྣམས་དཀྱིལ་འཁོར་དབུས་སུ་ལྡིང་ཁྲིའི་ཁར་ཕྱོགས་མཚམས་མ་འཁྲུག་པར་དགོད། གཞན་ཡང་ལྷའི་སྐུ་རྟེན་ཙཀྐ་ལི་རྣམས་དང་། །ཕྱི་རིམ་དུ་མཚམས་ཕུར་སོ་ཤིང་། སྲུང་སྐུད། ཐོར་ཆུ་ཀུ་ཤ་སོགས་སློབ་མ་སྟ་གོན་གྱི་ཡོ་བྱེད་མཐའ་དག་ཚང་བར་བཤམས་པའི་དཀྱིལ་འཁོར་


TR008_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མཐའ་སྐོར་དུ་ཕྱི་ནང་གི་མཆོད་གཏོར་གྱིས་སྐོར་ལ། སྐྱབས་སེམས་ཡན་ལག་བདུན་སོགས་སྔོན་དུ་བཏང་སྟེ། སྔོན་གཏོར་ལ་བབས་པའི་ཚེ། དཔོན་སློབ་རྣམས་ཕྱི་རོལ་བླ་གབ་མེད་པར་ཕྱིན་ནས་བསངས་བསུར་གྱི་མཆོད་པ་དང་བཅས་པས་དཀར་ཕྱོགས་སྐྱོང་བའི་གཞི་བདག་ལ་གསེར་སྐྱེམ། ལན་ཆགས་བགེགས་རིགས་ཀྱི་འབྱུང་གཏོར་དང་། སྤྱི་དང་མཐུན་པའི་ཆ་གསུམ་གཏོར་མ་སོགས་ཀྱང་རྒྱས་པར་བཤམ་ལ་དེ་དག་གི་ཆོ་གའི་རིམ་པ་རྣམས་ཀྱང་ཚུལ་བཞིན་དུ་བྱ། ནང་དུ་ལོག་ནས་བསྲུང་འཁོར་མཚམས་གཅོད་ནས་བཟུང་སྟེ་བདག་སྐྱེད་འཛབ་ཡན་ཆད་གྲུབ་པ་དང་། སླར་ཕྱི་རོལ་གྱི་ཕྱོགས་བཞིར་འཇིག་རྟེན་སྐྱོང་བའི་རྒྱལ་ཆེན་བཞི་པོོའི་ཐོ་སྐུ་རྟེན་འཕན་དར་དང་བཅས་པ་གཙུག་ལ། དེ་དག་སོ་སོར་གསེར་སྐྱེམ་གཏོར་མཆོད་བཤམ་ནས་ཆོ་ག་གཉེར་གཏད་རབ་


TR008_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཤིས་བརྗོད་དང་བཅས་པ་གཞུང་ལྟར་ཕྱོགས་བཞིར་རིམ་ཅན་དུ་བྱས་ཏེ། ནང་དུ་ལོག་ཚེ་སློབ་དཔོན་གྱིས་དཀྱིལ་འཁོར་པ་ལ་གསོལ་གདབ་བྱ་ཞིང་། སླར་རིམ་བཞིན་མདུན་སྐྱེད་བུམ་སྐྱེད་སོགས་དཀྱིལ་ཆོག་ཡོངས་རྫོགས་བཟླས་པ་དང་བཅས་པའི་མཐར། མཚམས་ཕུར་པོ་ཤིང་སོགས་ཐ་དད་ཀྱི་བསྐྱེད་བཟླས་དང་། ཁྱོར་ཆུ་ཀུ་ཤ་སོགས་ཀྱི་བྱིན་རླབས་བཟླས་སྔགས་ཐམས་ཅད་སྐབས་བསྟུན་ཅི་འགྲུབ་བྱ། ཆོས་སྐྱོང་རྣམས་ཀྱི་བསྐང་གསོ། །བཀའ་སྲུང་གཏེར་སྲུང་གི་གཏོར་མ་དགེར་འབུལ་སོགས་མདོར་ན་ཚོགས་ལས་ལ་ཐུག་གི་བར་མཐའ་དག་གྲུབ་པར་བྱ་ཞིང་། དམ་སྲི་མནན་པའི་ལིང་སྒྲུབ་རྒྱས་པ་སྔོན་དུ་མ་གྲུབ་ན་ནི་འདི་དུས་གདབ་པ་ལས་དྲུག་ཐམས་ཅད་ཞིབ་པར་བྱ་དགོས་པ་ཉིད་དོ། དེ་ནས་ཕྱི་རོལ་ཏུ་སློབ་མ་གྲངས་ངེས་གང་ཡོད་རྣམས་ལ་ཁྲུས་ཆོག་དང་མེ་ཐུན་བརྡེག་


TR008_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་བགེགས་སྦྱང་བའི་ཆོ་ག་རྣམས་བྱས་ནས་སྒྲུབ་ཁང་སྐོར་བ་བྱེད་ཅིང་ཡིག་བརྒྱ་བཟླར་གཞུག སློབ་དཔོན་དང་རྒྱལ་ཐེབས་སོགས་དཔོན་སློབ་རྣམས་ཀྱིས་སྒྲུབ་ཁང་ཐེམ་འོག་ཏུ་དམ་སྲི་མནོན་པའི་ལས་རིམ་དང་། སྒེ་བྱང་ཕྱི་ནང་གདག་ཅིང་སོ་སོའི་སྐྱེད་ཆོག་དགུག་བསྟིམ་མཆོད་གཏོར་གཉེར་གཏད་རབ་གནས་དང་བཅས་གཞུང་བཞིན་བྱ། དེ་ནས་སློབ་མ་རྣམས་ནང་དུ་ཚོགས་ནས། དང་པོ་བྱུར་ཕུད་པ། བགེགས་སྦྱང་བ། ཊཀྐི་འགྱེད་པ། མཚམས་ཕུར་གདབ་པ་རྣམས་དང་། ཕྱག་འཚལ། མཎྜལ། ཆོས་བཤད། སྐྱབས་འགྲོ། སེམས་སྐྱེད་སྡོམས་བཟུང་། གནས་གསུམ་བྱིན་རླབ། སོ་ཤིང་དོར་བ། ཁྱོར་ཆུ་སྦྱིན་པ། སྲུང་སྐུད་གདབ་པ། ཀུ་ཤ་སྦྱིན་པ་དང་བཅས་པའི་སློབ་མ་སྟ་གནོ་གྱི་ཆོས་བཅོགས་སོ་རྣམས་དབང་གཞུང་ཆེན་མོ་སྨིན་བྱེད་སྙིང་གི་མེ་ལོང་ཉིད་ནས་ཇི་ལྟར་འབྱུང་བ་བཞིན་ཐར་ཆགས་སུ་བྱ་ཞིང་། བླ་མས་


TR008_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

སྟ་གོན་གྱི་དགོས་ཆེད་དང་དག་སྦྱོར་བཤད་དེ་ཤིས་པ་བརྗོད་ནས་ཚོགས་པ་རྣམས་ཀྱིས་ལ། དཔོན་སློབ་རྣམས་ཀྱིས་དཀྱིལ་འཁོར་པ་ལ་བཏང་རག་གི་མཆོད་བསྟོད། ཚོགས་འཁོར། སྲུང་མ་སྤྱི་ལ་གཏོར་འབུལ་སོགས་བྱ་ཞིང་། དཀྱིལ་འཁོར་གྱི་ཕྱོགས་བཞི་ནས་གསོལ་བ་གདབ་པ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་ནམ་མཁར་བཏེགས་པའི་སྔགས་དང་ཕྱག་རྒྱ་ཏིང་འཛིན་བྱས་ནས། རྫས་དང་ཡོ་བྱེད་ཐམས་ཅད་གཙང་བར་བསྡུའོ། །དེ་ལྟར་འདི་ཡན་ཆད་རྣམས་སྔོན་འགྲོ་སྟ་གོན་གྱི་ལས་རིམ་མོ། དེ་ནས་ཞག་བཞི་པའི་ཚེ། དངོས་གཞིའི་ལས་རིམ་རྣམས་ཀྱི་དང་པོར། ཕྱི་ནང་གསང་གསུམ་གྱི་ཆག་ཆག་གདབ་ཅིང་ཐིག་ཆོག་རྒྱས་པར་བྱས་ཏེ་དཀྱིལ་འཁོར་གྱི་ཐིག་ཞུང་བཞིན་བཏབ། རྡུལ་མཚོན་བྱིན་གྱིས་བརླབ་ལ་དཀྱིལ་འཁོར་ནོར་འཁྲུལ་མེད་པར་བྲིས་ནས། ཡིག་བརྒྱས་ཁ་བསྐང་ཞིང་རོལ་མོས་


TR008_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་ཕབས་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་ནམ་མཁར་བཏེགས་པ་དེ་ཉིད་རྡུལ་མཚོན་དམ་ཚིག་གི་དཀྱིལ་འཁོར་ལ་བསྟིམ་མོ། །ཞག་ལྔ་པའི་ཚེ། ཐོག་མར་སློབ་དཔོན་གྱི་མདུན་དུ་གཞི་མ་གཙང་མ་རྒྱ་ཆེར་བཏིང་བའི་ཁར་མེ་ཏོག་སིལ་མ་བཀྲམ་ནས། བུམ་པ་རྣམས་དང་སྐུ་རྟེན། དབང་རྫས། དཀྱིལ་འཁོར་རྒྱན་བཀོད་ཀྱི་རྫས་དང་ཡོ་བྱེད་མཐའ་དག་གོ་རིམ་བཞིན་བཀྲམ་ལ། རོལ་དབྱངས་ཏིང་འཛིན་དང་བཅས་པས་སོ་སོའི་བཤར་གདབ་མངའ་གསོལ་གྱི་རིམ་པ་རྣམས་གྱེར་ཞིང་། ལས་ཀྱི་རྒྱལ་ཐེབས་རྣམས་ཀྱིས་སོ་སོའི་གྱེར་ཚིག་དང་བསྟུན་པས་དབང་རྫས་སྒྲུབ་རྫས་སོགས་རིམ་པས་གདན་དྲངས་ནས་དཀྱིལ་འཁོར་དུ་དགོད་ཚུལ་ཕྱག་བཞེས་མཐོང་བརྒྱུད་ལྟར་བཞུགས་གསོལ། ཞིང་སྟེང་འོག་གི་རྒྱན་དགོས་ཀྱི་རིམ་པ་མཐའ་དག་ཀྱང་བརྗོད་ཚིགས་དང་མཐུན་པར་དགྲམ། ཕྱི་རིམ་མཐའ་སྐོར་དུ་སྨན་


TR008_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

རཀཱ་གཏོར་མཆོད་སོགས་གྱ་ནོམ་པ་དཀོད་པའི་ཁྱད་པར་ཕུན་སུམ་ཚོགས་པས་རྩ་གསུམ་ལྷ་ཚོགས་ཆོས་སྲུང་ཐམས་ཅད་མཉེས་ཤིང་སྒྲུབ་པའི་མཆེད་ལྕམ་ཀུན་ཀྱང་སྣང་བ་འགྱུར་པའི་བཤམ་བཀོད་དང་ལྡན་པར་བྱའོ། །ཞར་ལ་སློབ་དཔོན་མཆེད་ལྕམ་ཀརྨ་གིང་ཆེན་སོགས་ལ་མངའ་གསོལ་བའི་རྟགས་ཀྱི་ཕྱག་རྒྱའི་ཡོ་བྱེད་རྒྱན་ཆས་ཐམས་ཅད་ཀྱང་མ་ཚང་བ་མེད་པར་དཀྱིལ་འཁོར་གྱི་ཉེ་ལེགས་གར་འོས་ཀྱི་སར་བཤམས་ལ་བཞག་གོ།། ༈ །།དེ་ནས་མཆོད་རྫས་བསང་སྦྱང་བྱས་ཏེ་སྐྱབས་སེམས་བདུན་དང་སྲུང་འཁོར་མཚམས་གཅོད་ཀྱི་བར་རྣམས་གྲུབ་པ་དང་སློབ་མ་རྣམས་ཚོགས་པ་ལ་བླ་མས་དལ་འབྱོར་རྙེད་དཀའ་མི་རྟག་ལས་འབྲས་འཁོར་བའི་སྡུག་བསྔལ་ཐར་པའི་ཕན་ཡོན་སོགས་དང་། སྒོས་ལམ་ཁྱད་པར་དུ་ཟབ་ཆོས་དགོངས་པ་


TR008_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པའི་ཆེ་བ། བླ་མ་རྒྱུད་པའི་ལོ་རྒྱུས་རྣམས་དང་། ཡང་དགོས་སུ་སྒྲུབ་པ་ཆེན་མོའི་འབབ་ཚུལ་ཕུན་སུམ་ཚོགས་པ་ལྔའི་མཚན་ཉིད་དགོས་ཆེད་སྐབས་དོན་གྱི་རྣམ་བཤད་རྒྱས་བསྡུས་སྐབས་དང་སྦྱར་ཏེ་བཤད་པའི་མཐར། རྒྱལ་ཐེབས་རྣམས་ཀྱིས་སྟོན་པ་རྡོ་རྗེའི་སློབ་དཔོན་ཉིད་ལ་མངའ་གསོལ་བའི་རྒྱན་ཆས་ཡོ་བྱད་རྣམས་འཐོགས་ནས། དེའི་གྱེར་ཚིག་མ་བུ་གོང་འོག་སྤྲད་ཚུལ་རྣམས་གཞུང་བཞིན་མ་ནོར་བར་བྱས་ལ་ཞི་ཆས་ཁྲོ་ཆས་ཡོངས་རྫོགས་དང་། གཞན་ཡང་དབང་དགོས་ཟབ་བེར་པད་ཞྭ་སོགས་མཐའ་དག་དབུལ་ཞིང་མངའ་གསོལ་ཕྱག་མཆོད་བྱ། དེ་རྗེས་བཟུང་མ་བུམ་འཛིན་གྱི་ལྷ་མོ་དགུའམ། ལྔ་ལ་སོགས་པ་རྣམས་ལ་ཡུམ་ཀུན་ཏུ་བཟང་མོ་སོགས་སུ་མངའ་གསོལ་བའི་སྐབས་སུ། དཔོན་སློབ་རྣམས་ཀྱིས་རོལ་དབྱངས་གཡབ་རྫས་སྤོས་དུད་སོགས་


TR008_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

འཛོམ་ཞིང་ཏིང་འཛིན་རྣོན་པོ་དང་ལྡན་པས། མཁའ་འགྲོའི་ལས་བྱང་པདྨའི་ཟེ་འབྲུ་ནས་འབྱུང་བའི་ཡེ་ཤེས་མཁའ་འགྲོ་སྤྱན་འདྲེན་ནན་ཏན་ཏུ་བྱས་བསྟིམ་པས་དམ་ཚིག་གཙང་ཞིང་སློབ་དཔོན་ནུས་པ་ལྡན་དང་མཁའ་འགྲོའི་དམ་རྫས་ཚོགས་ན་མཁའ་འགྲོ་དངོས་སུ་བབས་པས་ཉེས་སྨྲ་བ་ཡང་འབྱུང་ལ་འདི་སྐབས་སུ་གཏེར་སྟོན་ཉིད་ཀྱི་ཕྱག་བཞེས་མན་ངག་ཏུ། བུམ་འཛིན་གྱི་གཙོ་མོ་དང་ཕྱོགས་ཀྱི་བུམ་འཛིན་གང་ལ་བབས་འགྱུར་གྱི་མིང་བྱང་གི་རྟེན་འབྲེལ་བརྟག་པའི་ཐབས་ངེས་འགྲོངས་ཡོད་མོད་ཀྱང་། དིང་སང་ནི་འདི་དག་གི་ལག་ལེན་གནད་ལ་མཁལ་ནུས་ཀྱི་དཔོན་སློབ་སྣོད་བཅུད་ནུས་པ་མཉམ་པ་མི་རྙེད་ཚེ། ཚུལ་དེ་དག་གི་བྱ་ལུགས་ཞིབ་ཏུ་བརྗོད་དགོས་པར་མ་གྱུར་མོད།། ༈ །།དེ་ན་གོང་གི་འཕྲོར། བཟུངས་མ་ལ་ཞིབ་ཆས་ཀྱིས་མངའ་


TR008_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་དང་། གིང་པ་རྣམས་ལ་གིང་ཆས། གཞན་ཡང་རྒྱལ་ཐེབས་རིགས་སོ་སོ། །མཆོད་དང་ལྕམ་དྲལ་ལས་བྱེད་འདུས་པ་ཀུན་ལ་མངའ་གསོལ་སྤྱི་དང་བྱེ་བྲག་ཐམས་ཅད་ཚུལ་བཞིན་དུ་བྱ་ཞིང་། དམ་ཚིག་རྟགས་ཀྱི་རྒྱས་གདབ་པ་རྣམས་ཀྱང་འདིར་བྱའོ།། ༈ །།དེ་ནས་དཔོན་སློབ་ཀུན་ཆས་ཀྱིས་བརྒྱན་ཏེ་གར་འཆམས་སྤོས་རོལ་མཆོད་རྫས་ཀྱི་ཡོ་བྱད་སྣ་ཚོགས་འཐོགས་པས། དཀྱིལ་འཁོར་བསྐོར་ཞིང་བརྡ་སྐོ་བྱེ་བ། བརྡ་ཕྱག་འཚལ། དམ་བཅའ་བ། བྱིན་དབབ་པ་རྣམས་རིམ་པ་ལྟར། བྱིན་འབེབས་ཀྱི་ཚེ་གུ་རུ་ཚིག་བདུན་གསོལ་འདེབས་འཛབ་དབྱངས་དང་། དུར་ཁྲོད་བརྒྱད་ཀྱི་བྱིན་འབེབས་སོགས་ཀྱང་སྐབས་དང་བསྟུན་པས་བྱའོ། སླར་ཡན་ལག་བདུན་དང་ཕྱི་ནང་གི་མཆོད་པ་བྱིན་སློབས་སོགས་ནས་བཟུང་སྟེ་བདག་མདུན་བུམ་གསུམ་བསྐང་གསོ་ཚོགས་ལས་སོགས་ཡོངས་སུ་རྫོགས་པར་གཞུང་བསྲང་ངོ་།


TR008_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་དྲུག་པའི་ཚེ་ཐོག་མར་བདག་མདུན་བུམ་གསུམ་མཆོད་བསྟོད་རྣམས་འགྲུབ་པར་བྱས་ལ་སློབ་མའི་ཚོགས་ལ་དཀྱིལ་འཁོར་ཕྱི་འཇུག་ནང་འཇུག་གི་ལས་རིམ་རྣམས་དབང་གཞུང་ཆེན་མོ་ཉིད་ནས་འབྱུང་ལྟར་བྱ་བ་སྟེ། ཁྱད་པར་ཡེ་ཤེས་འབེབས་པའི་ཚེ་རྩ་བ་གསུམ་སོ་སོའི་སྤྱན་འདྲེན་ལས་བྱང་ཚངས་པའི་སྒྲ་དབྱངས་ལྟར་དང་། དམིགས་རིམ་ནི་བྱིན་སློབས་གཏོར་མའི་བརྡ་དབང་གི་གཞུགས་དུ་ཡོད་པ་ལྟར་ནན་ཏན་དུ་འབོག་ཅིང་བསྟིམ། དམ་ཚིག་འབོག་པའི་དུས་སུ་ནི་དམ་ཚིག་རྣམ་བཤད་བརྒྱ་མདུད་ཀྱི་གཞུང་བཞིན་དང་། དཀྱིལ་འཁོར་གྱི་བརྡ་དོན་དག་སྦྱོར་ནི་དཀྱིལ་འཁོར་རྣམ་དག་རབ་བསལ་དང་། འཛབ་ལ་འཇུག་པའི་སྔོན་དུ་ལྷ་སྔགས་ཀྱི་དོན་རྣམས་འགྲེལ་པ་མེ་ཏོག་རྒྱན་ནས་གསུངས་པ་ལྟར་བཤད་པར་བྱ་སྟེ། འདི་དག་ཐམས་ཅད་སློབ་དཔོན་ཆེན་པོའི་གསུང་དྲི་མ་མེད་


TR008_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

པ་དགོངས་འདུས་ཉིད་ཀྱི་རང་གཞུང་ཡིན་པའི་ཕྱིར། ཆོས་གཞན་ལས་དྲངས་དགོས་པ་མ་མཆིས་སོ།། ༈ །།དེ་ནས་འཛབ་ལ་ལ་འཇུག་ཚེ། འཛབ་གོངས་དམིགས་པའི་འཁྲུལ་འཁོར་གྱི་གཞུང་ལྟར་དམིགས་པ་འབོག་ཅིང་ཏིང་འཛིན་བསླབ་བྱ་ཞིབ་ཏུ་བྱས་ལ། འཛབ་བསྐུལ་རྣམས་རིམ་པ་ལྟར་དབྱངས་དང་བཅས་པས་བསྐུལ་ཞིང་འཛབ་རྒྱུན་གྱི་དབུ་འཛུག་པར་བྱ་བ་ལས། དེ་ཡང་སྒྲུབ་པའི་ཞག་གྲངས་ཇི་ཙམ་བྱ་བའི་དང་པོའི་ཞག་ལ་ནི་གཙོ་མཆོག་གི་འཛབ་ཁོ་ན་ལ་འབད་ཅིང་ཐུན་མཚམས་ལ་མཆོད་བསྟོད་དང་བཅས་པས་སྒྲུབས། ཞག་གཉིས་པ་ལ་འཁོར་གྱི་གཙོ་བརྒྱད་སོ་སོའི་འཛབ་བསྐུལ་དང་བཅས་ཏེ་སྒྲུབས། དེ་ལྷག་ཞག་གྲངས་ཇི་ཙམ་བྱས་པ་ཐམས་ཅད་སྤྱི་དྲིལ་ཆེན་མོ་འབའ་ཤིག་ལ་འབུངས། ཕྱོགས་མཚམས་ཀྱི་གཟུངས་ཐག་


TR008_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པའི་སློབ་དཔོན་བརྒྱད་པོས་ནི་གཙོ་བརྒྱད་སོ་སོའི་ཏིང་འཛིན་དང་བཅས་པ་བྱ། དེ་ལྟར་མི་ལག་གིས་མ་ལྕོགས་ན་གང་ཡོད་ཀྱིས་སྤྱི་དྲིལ་ཆེན་མོ་ལ་འབད་ཅིང་། སྟོན་པ་རྡོ་རྗེ་སློབ་དཔོན་ཉིད་ཀྱིས་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱི་ཀློང་ནས་རྡོར་ཟླས་དང་སྤྱི་དྲིལ་སྤེལ་མར་བྱ། མཆེད་ལྕམ་ལ་ལས་ནི་དཀྱིལ་ཆོག་གི་གཞུང་བསྲངས་ཞིང་ལྷ་ཚོགས་ལ་མཆོད་བསྟོད་དང་བཀའ་སྲུང་གཏེར་སྲུང་རྣམས་ལ་བསྐང་གསོ་ཚོགས་མཆོད་སོགས་རྒྱུན་མི་འཆད་དུ་འབད། རྡོ་རྗེ་རྒྱལ་ཐེབས་འཁོར་བཅས་ཀྱིས་ནི་ཉིན་མཚན་གྱི་ཐུན་དྲུག་ཏུ་གིང་གཏོར་འབུལ་ཞིང་གིང་བསྐུལ་བྱས་ནས། གིང་རྣམས་ཀྱིས་མྱུལ་ལེ་བསྐྲད་པའི་ལས་རིམ་རྣམས་ཀྱང་ཕྱག་ལེན་མཐོང་བརྒྱུད་ལྟར་དུས་ལས་མི་ཡེལ་བར་བྱ་བ་སོགས། མདོར་ན་སྒྲུབ་པ་དབུ་གཙུག་ནས་


TR008_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཞལ་ཕྱེའི་བར་དུ་འཛབ་རྒྱུན་སྐད་ཅིག་ཀྱང་མ་ཆད་པ་དང་། བསྐང་རྒྱུན་སོགས་ལེ་ལོའི་སེང་ཅུང་ཟད་ཀྱང་མ་ཤོར་བས་བསྒྲུབ་པར་བྱའོ། །གལ་ཏེ་བདུད་རྩི་སྨན་གྱི་སྒྲུབ་པ་དང་སྦྲེལ་ན། འདི་སྐབས་སུ་སྔོན་ལ་གོང་བཞིན་རྩ་བའི་སྒྲུབ་པ་ཞག་བདུན་ནམ་ལྔའམ་གསུམ་སོགས་གང་འོས་བྱས་ལ། དེ་ནས་ཁྲོལ་བུ་སྒྲུབ་པའི་བཅས་བཤམ་སྟེ་སྨན་སྒྲུབ་བདུད་རྩིའི་རྒྱ་མཚོའི་གཞུང་ཉིད་ནས་གསུངས་པའི་བསངས་སྦྱང་བཞུ་བཏུལ་སོགས་ཀྱི་ལས་རིམ་ཚུལ་ལྡན་དུ་ཁྲོལ་སྒྲུབ་ཞག་གསུམ་སོགས་སྐབས་བསྟུན་དུ་བྱ་ཞིང་། སླར་སྨན་རྣམས་བཏགས་བཙགས་སྦོལ་བའི་རིམ་པ་རྣམས་ཀྱང་ཕྱག་ལེན་མ་ཆུགས་པ་གཞུང་དང་མཐུན་པར་བྱས་ལ་གཞལ་ཞིང་རྒྱས་གདབ་མངའ་གསོལ་གྱི་ལས་རིམ་རྒྱས་པ་དང་བཅས་པས་དཀྱིལ་འཁོར་དུ་བཞུགས་སུ་གསོལ་ནས་དུག་གསུམ་གྱི་


TR008_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

མེ་རྦར་ནས། སྟེང་ནས་སྐུ་གསུམ་གྱི་དར་ཁང་དབུགས་ལ་སོགས་བྱ་སྟེ། ལར་བདུད་རྩི་སྨན་གྱི་སྒྲུབ་པ་འདི་ལ་ནི་འོལ་ཚོད་རིག་དཔྱོད་ཀྱིས་འགྲུབ་པའི་ཡུལ་མ་ཡིན་ཚེ། བླ་མ་བརྒྱུད་པའི་ཞལ་གདམས་ཕྱག་བཞེས་མངོན་སུམ་དུ་གཏན་ལ་ཕེབས་པ་དང་། ཉམ་མྱོང་གི་དྲོད་ཐོབ་པ་གལ་ཆེ་བ་ཡིན་པ་ཤེས་པར་བྱ་ཞིང་། ཉིན་མཚན་དུས་དྲུག་ཏུ་རྟ་བྲོས་བགེགས་བསྐྲད་པ་དང་། སྨན་གྱི་ལྷ་མོ་སྤྱན་འདྲེན་བྱིན་འབེབས་ཀྱི་སྐབས་ཐམས་ཅད་དུ་རྡོ་རྗེ་རྒྱལ་པོ་རྒྱལ་ཐེབས་བུམ་འཛིན་གྱི་ལྷ་མོར་བཅས་པ་རྣམས་ཀྱིས། སྤོས་དང་རོལ་མོ་གླིང་བུ་གཡབ་དར་ལྔ་ལྡན་སོགས་འཛོམས་པས་གདུང་བའི་དབྱངས་ཀྱིས་བླ་མ་རིག་འཛིན་དྲང་སྲོང་ཡི་དམ་ལྷ་ཚོགས་སྨན་གྱི་ལྷ་མོ་འབྱུང་བའི་ལྷ་དང་སྲུང་མ་སོགས་སྤྱན་དྲངས་ཤིང་བསྟིམ་པའི་རྫས་སྔགས་ཏིང་འཛིན་ནན་ཏན་དུ་འབད་དེ།


TR008_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་སློབ་ཀུན་དམ་ཚིག་གི་སེལ་མ་ཞུགས་ཅིང་ལེ་ལོ་བཏང་སྙོམ་ཚོད་ཡོད་གལ་མ་མཆིས་སུ་མི་བྱ་བར། མོས་གུས་གདུང་ཤུགས་བརྩོན་འགྲུས་དྲག་པོས་སྨན་གྱི་འཛབ་དབྱངས་གསུང་མི་འཆད་དུ་སྒྲོག་ཅིང་རྩེ་གཅིག་ཏུ་སྒྲུབས། མདོར་ན་སྒྲུབ་པ་འདི་ལ་ནི་ཇི་སྲིད་རྟགས་མ་བྱུང་གི་བར་དུ་སྒྲུབ་པའི་འཕྲོ་བཤོལ་ཐབས་མེད་ཚེ། ཐོག་མ་ནས་དཔོན་སློབ་ཐམས་ཅད་དེ་ལྟ་བུའི་གོ་ཆ་དང་འདུན་པ་གཅིག་ཏུ་མཐུན་པ་གལ་ཆེའོ། །དེ་ནས་འོད་དང་དུ་བ་སྒྲ་དང་དྲི། ལྷ་མོའི་གཟུགས་ཀྱང་སྟོན་པར་བྱེད། ཅེས་པ་ལྟ་བུའི་རྟགས་ཀྱི་རིམ་པ་སོ་སོའི་སྐལ་བ་དང་མཐུན་པ་ནམ་བྱུང་བའི་ཚེ། ནང་པར་དངོས་གྲུབ་ལེན་རྒྱུའི་ནུབ་མོ་ནས་མཎྜལ་ཞལ་བསྒྱུར་གྱི་དཀྱིལ་འཁོར་དང་། ཚེ་སྒྲུབ་བདུད་རྩི་སྙིང་པོའི་དབང་་རྫས། དངོས་གྲུབ་ཀྱི་རྫས་དང་ཡོ་བྱད་ཐམས་ཅད་རྒྱས་པར་ནས་དེ་དག་གི་ཆོ་ག་དང་དངོས་གྲུབ་བསྐུལ་བའི་འཛབ་རྣམས་ལ་འབུངས་


TR008_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ལས་བྱང་རྒྱས་པ་དང་བསྟོད་འབུམ་བསྐང་བ་ཚེ་འགུགས་ཚོགས་བརྒྱ་སོགས་དང་། ཁྱད་པར་ལྷ་གནད་ལ་དབབ་སྟེ་དངོས་གྲུབ་འབེབས་པའི་ལས་རིམ་རྣམས་ཀྱང་སྨན་སྒྲུབ་ཀྱི་གཞུང་བཞིན་བྱ། ནང་པར་ཐོ་རངས་ནས་སྒྲུབ་པའི་སྤྲ་ཁྲིད་ལས་གསུངས་པའི་དངོས་གྲུབ་བླང་ཆོག་དང་བདུད་རྩི་སྨན་གྱི་དངོས་གྲུབ་བླང་ཆོག་སོགས་རྒྱས་པར་བྱས་ནས་དཔོན་སློབ་ཀུན་སྨན་བུམ་གྱི་དབང་བླང་། དེ་ནས་ནམ་ལངས་པ་དང་སྨན་གྱི་རྒྱ་དཀྲོལ་ཏེ། མཚན་ལྡན་གྱི་ཐོད་པར་སྨན་ཕུད་ཛཱ་གད་དང་སྦྱར་ལ་སྨན་མཆོད་རྒྱས་པར་བྱས་དངོས་གྲུབ་བླང་ཞིང་སྨན་བོག་བ་དང་ཚོགས་ཀྱི་དགའ་སྟོན་བྱའོ། ཉི་མ་ཤར་བ་དང་དུས་སྤྲད་དེ་བདུད་རྩི་སྙིང་པོའི་ཚེ་དབང་བསྐུར་བ་དང་། དེའི་ཉིན་སྒྲུབ་པ་ལུང་དབང་རྒྱས་པར་མཛད་པ་ཡང་གཏེར་སྟོན་གྱི་ཕྱག་བཞེས་སུ་གདའ། དེའི་


TR008_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ནང་པར་དངོས་གྲུབ་འཕེལ་བྱེད་རྒྱས་པའི་སྦྱིན་སྲེག་བྱ་ཞིང་། ཉམས་ལེན་གྱི་སྣོད་ལྡན་རྣམས་ལ་ནི་གཏུམ་མོའི་མེ་དབང་དགའ་བ་འཁྱིལ་པ་བདེ་བའི་གསང་མཛོད་ཀྱི་དབང་ཡང་སྐབས་འདིར་བསྐུལ་བར་མཛད་དོ། །དེ་ནས་དབང་དངོས་གཞི་སྤྲོས་བཅས་བུམ་དབང་ཆེན་མོ་ཉིད་སྐབས་ཐབ་དང་བསྟུན་དབུ་གཙུག་ལ། དེ་ཡང་རིག་པའི་དབང་ལྔ་མཐའ་རྟེན་དང་བཅས་པ་བསྐུར་བའི་དུས་སུ། སྟོན་པའི་རྡོ་རྗེ་རྒྱལ་པོ་རྒྱན་ཐམས་ཅད་དང་ལྡན་པ་བུམ་འཛིན་གྱི་ལྷ་མོར་བཅས་པས་དབང་རྣམས་བསྐུར་ཚེ་བྱང་སེམས་རྣམས་ཀྱིས་མེ་ཏོག་འཐོར་ཞིང་ཤིས་པ་བརྗོད་པ་དང་། རིག་མ་རྣམས་ཀྱིས་རྡོ་རྗེའི་གླུ་བླང་། ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ། ཏ་ཀྲྀཏ་ཁྲོ་བོ་རྣམས་ཀྱིས་བགེགས་སྐྲོད་པ་སོགས་ཀྱང་བརྗོད་བྱང་དང་མཚུངས་པའི་ཆས་ཞུགས་སོགས་ཕྱག་ལེན་མཐོང་བརྒྱུད་ལྟར་བྱ་ཞིང་། དབང་གི་རིམ་པ་རྣམས་ཡུལ་


TR008_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གང་ཟག་གི་སྣོད་དང་ཇི་ལྟར་འཚམས་པར་སློབ་དཔོན་ཉིད་ཀྱིས་དགོངས་པས་དཔྱད་དེ་ཞག་གྲངས་དང་རྒྱས་བསྡུས་སྐབས་བསྟུན་དུ་བྱ་ལགས། དབང་གོང་མ་རྣམས་ཀྱིས་ཚེ་སློབ་མ་ཆོས་ཀྱི་རྒྱུན་འཛིན་གཞན་དོན་ནུས་པའི་རིགས་ལ་ནི། སྤྲོས་མེད་དོན་དབང་སྲོག་རྩ་དམར་འབྱིན་དབང་བཞིའི་ལག་ལེན་བདེ་སྟོང་རབ་འབྱམས། ཆགས་ཆེན་ལམ་སློངས་ཌཱ་ཀིའི་སྲོག་དབང་། ཐོད་རྒལ་རྩལ་དབང་བརྡའ་དོན་ཟུང་འབྲེལ། འཁོར་འདས་གཞི་རྫོགས་རང་བྱུང་དོན་དབང་ལ་སོགས་པའི་དབང་ཆེན་རྣམས་ཀྱང་ལྷན་ཐབས་སུ་མ་བུ་སྤྲད་ནས་བསྐུར་ཚུལ་དང་། དེ་བཞིན་དུ་གཅོད་དབང་སྒོ་འབྱེད། པུསྟིའི་ལུང་དབང་ལ་སོགས་དབང་ཕྲན་རྣམས་དང་། གཞན་ཡང་། བཏགས་གྲོལ་རྒྱུད་དབང་དང་། གཅོད་དབང་བཀའ་རྒྱ་མ་དང་། ལམ་འབྲལ་གྱི་ཀྱིབ་དབང་གུད་དུ་སྦས་པ་སོགས་


TR008_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་རྒྱལ་ཚབས་སྟོན་པའི་ཞལ་སྐྱིན་སྟོན་པའི་སྒྲོན་མེར་གྱུར་ངེས་ལ་མ་གཏོགས། ཚོགས་པ་སྤྱི་དང་གང་ཟག་ཕལ་པ་དག་ལ་བསྐུར་དུ་རུང་བ་ནི་མ་ཡིན་ཕྱིར། གཙོ་བོར་སྣོད་དང་སྦྱོར་ཚུལ་ཤེས་དགོས་ལ། །འདི་དག་བསྐུར་བའི་སྐབས་སུ་ནི། བཀའ་སྲུང་རྟ་ནག་སྡེ་བརྒྱད༴ གཏེར་སྲུང་འབར་བ་སྤུ་བདུན། ཆོས་ཀྱི་རྗེས་འབྲེང་ཤ་ཟ་ཁ་མོ་ཆེ་དང་བཅས་པ་རྣམས་ཀྱི་ལས་གཏོར་རྒྱན་ལྡན་གཟི་བརྗིད་འབར་བར་བཤམས་ནས། སོ་སོའི་གསོལ་མཆོད་རྒྱས་པ་ནན་ཏན་དུ་བྱེད་པ་ཡང་ཆོས་འཁྲེན་དང་རུ་དོག་མི་འབྱུང་བའི་ཐབས་གནད་གལ་པོ་ཆེ་ཡིན་པ་དང་། སྲོག་དབང་ཆེན་མོའི་ཚེ་དྲེག་པ་སྡེ་བརྒྱད་སོ་སོའི་ཆོས་ཞུང་རྔམ་པའི་འཁོར་ཚོགས་དང་བཅས་པ་སྟ་གོན་བྱས་ལ་དཔོན་སློབ་རྣམས་ཀྱིས་སྤྱན་འདྲེན་དྲག་ཏུ་བྱས་པའི་མཐར་རོལ་མོ་


TR008_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཤུག་གླུ་རྐང་གླིང་བསུར་དང་བཅས་པས་སྤྱན་དྲངས་ཏེ་འགྱིང་འཚམས་རྔམས་བསྟབས་དང་ལྡན་པས། དབང་བསྐུར་རྣམས་མ་རྫོགས་ཀྱི་རིང་ལ་དཔང་པོའམ་དམིགས་རྟེན་གྱི་ཚུལ་དུ་བཞུགས་སུ་གསོལ་ཞིང་ཤ་ཁྲག་ལ་གཞི་བླངས་པའི་དགྲ་གེགས་ཀྱི་ལིང་ཆེན་བཟོས་པ་ལ་དགུག་གཞུག་བསྐྲལ་བསྟབས་བྱ་ཞིང་། གཏོར་མ་གསེར་སྐྱེམས་སོགས་རྒྱ་ཆེར་ཕུལ་ལ་ཕྲིན་ལས་གཞོལ་ནས་གཤེགས་གསོལ་བྱ་སྟེ། དེ་ལྟར་འདི་ཆད་ཐམས་ཅད་སྒྲུབ་དབང་དངོས་གཞིའི་རིམ་པའོ།། ༈ །།དེ་ནས་རྗེས་ཀྱི་ལས་རྣམས་ཀྱི་དང་པོར་དྲག་པོ་མངོན་སྤྱོད་ལས་ལ་མཁོ་བའི་རྫས་དང་ཡོ་བྱད་རྣམས་གསར་ཞིང་ཡི་དམ་ཆོས་སྐྱོང་གི་གཏོར་མ་དྲག་པོའི་ཟོར་རྫས་སོགས་མཐའ་དག་ཚགས་སུ་ཆུད་ཅིང་། ཕུང་གསུམ་བདུད་ཀྱི་ཉི་མ་ལ་བབས་པས་དུས་སུ་ཐོག་མར་བླ་མ་ཡི་དམ་མཁའ་འགྲོའི་ལས་བྱང་ཆོས་སྐྱོང་རྣམས་ཀྱི་བསྐང་གསོ་གཞུང་སྲང་


TR008_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ལས་བསྐང་བ་ལ་སོགས་རྒྱས་པ་སྔོན་དུ་བཏང་ལ། དྲག་སྔགས་ཕྲིན་ལས་ཀྱི་རྒྱུད་སྤུ་གྲི་རེག་ཆོད་དང་ཞི་ཁྲོ་བཀའ་བརྒྱད་སོགས་ལས་འབྱུང་བ་ལྟར་གྱི་མཁྱེན་གསོལ་གཟུགས་དཔགས་ཐུགས་དམ་བསྐུལ་བ་རྣམས་དང་བསྒྲལ་སོགས་ལས་བྱང་ཚངས་སྒྲ་ལྟར་རྒྱབ་པར་བྱ་ཞིང་། བསྐུལ་འབུམ་མྱུར་འགྱོགས་གློག་འཕྲེང་དང་། བཀའ་སྲུང་སྤྱི་དང་བྱེ་བྲག་པའི་བསྐུལ་བྱང་གི་ལས་རིམ་ཐམས་ཅད་གྲུབ་དང་། ཕྱི་མཚམས་བསྲུང་བའི་རྒྱལ་ཆེན་རྣམས་ལ་གསེར་སྐྱེམས་དང་དཀར་གཏོར། བར་མཚམས་སྒོ་བྱང་གི་ཁྲོ་བོ་གཉིས་དང་། ནང་མཚམས་བསྲུང་བའི་ཁྲོ་བཅུ་རྣམས་ལ་སྨན་རཀ་དང་བཅས་པས་བཏང་རག་གི་མཆོད་བསྟོད་ཕུལ་ཞིང་རང་གནས་སུ་གཤེགས་སུ་གསོལ་བ་སྒྲུབ་པ་སྤྲ་ཁྲིད་ལས་བྱུང་བ་ལྟར་བྱས་ནས་སྐུ་རྟེན་རྣམས་དཀྲོལ་ལ་ཐོ་སོགས་རྗེས་མི་མངོན་པར་བཤིག །


TR008_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

༈ །།དེ་ནས་དཔོན་སློབ་མཆེད་ལྕམ་ཐམས་ཅད་དྲག་པོའི་ཆས་སུ་ཞུགས་ཏེ། ཐོག་མར་ལས་བྱང་མེ་ཏོག་འཕྲེང་མཛེས་ཀྱི་བསྐུལ་ཐུང་གི་བཞེས་སུ་གསོལ་ནས། ཆོས་སྐྱོང་གི་རུ་དར་དང་མེ་ཡིས་སྣ་དྲངས་ལ། ལས་གཏོར་རྣམས་ཕྱིར་དཔགས་པ་དང་ལྷན་ཅིག་པར་དཔོན་སློབ་རྣམས་ཀྱིས་བཀའ་བརྒྱད་ནས་འབྱུང་བའི་ཤར་ཕྱོགས་དུང་སྒོ་དཀར་པོ་ཕྱེས། ཞེས་སོགས་ཀྱིས་ཟོར་ལམ་དབྱེ་ཞིང་། ཕྱི་རོལ་དུ་སླེབ་པ་དང་གཞི་བདག་ཕྱོགས་སྐྱོང་རྣམས་ལ་གསེར་སྐྱེམ་ཕུལ་ནས་གདོང་གྲོགས་བཅོལ་ཞིང་འགྱུ་ཕྱོགས་སོགས་དང་མཐུན་པའི་ཕྱོགས་སུ་ཁ་བལྟས་ལ། འཆད་མདོའི་འབུལ་གཏོར་ཟུར་དུ་བྱས་ལ་ཕུལ་ཞིང་སྔོན་གྱི་མཐའ་ཚིག་གིས་འཆད་མདོ་གྱེར་སླར་ཡང་རྡོ་རྗེ་རྒྱལ་པོས་སྣང་སྲིད་ཀྱི་ལྷ་མ་སྲིན་རྣམས་ལ་སྲིད་པ་ཧུའི་ཕྱག་རྒྱ་བསྟན་ཞིང་། འདི་ནི་སངས་རྒྱས་གླིང་པའི་གཏེར་ཁ་ལས་བྱུང་བ་དྲག་ལས་ལ་ཆེད་དུ་


TR008_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

བསྔགས་སོ། །བཞེས་འབོད་དང་དམ་བདར་བྱས་ནས། ལས་བྱང་ཆེན་མོ་དང་རྟ་མགྲིན་ནག་པོའི་ལས་གཞུང་སོགས་ནས་བྱུང་བ་ལྟར་གྱི་གཏོར་གཟོར་གྱེར་ལ་གཏོར་མ་རྣམས་འཕང་། བསྟན་སྐྱོང་དང་གཏོར་བྲོ་སོགས་སྤྱི་ལྟར་བྱས་ཏེ་ནང་དུ་ལོག་ཚེ་དཀྱིལ་འཁོར་ལྷ་ཚོགས་ལ་བཏང་རག་གི་མཆོད་བསྟོད་རྒྱ་ཆེར་བྱས་པའི་མཐར། དངོས་གྲུབ་བླང་བའི་སྐབས་འདིར་བྱིན་རླབས་གཏོར་མ་བརྡ་དབང་ཉིད་མཐའ་རྟེན་གྱི་ཚུལ་དུ་བསྐུར་བ་ཡང་རིག་འཛིན་བརྒྱུད་པའི་ཕྱག་བཞེས་སོ།། ༈ །།དེ་ནས་དཀྱིལ་འཁོར་གཤེགས་སུ་གསོལ་བསྡུ་ཆོག་སྔོ་སྨོན་ཤིས་བརྗོད་སོགས་རྗེས་ཆོག་མཐའ་དག་སྤྱི་དང་མཐུན་པར་གྲུབ་ནས། ཡོ་བྱད་ཐམས་ཅད་བསྡུས་པའི་ཤུལ་གྱི་སྟེགས་བུའི་ཁར་རྡོ་རྗེ་སློབ་དཔོན་བཞུགས་པའི་ཁྲིའུ་བཤམས་པ་ལ་བཞུགས་སུ་གསོལ། སློབ་མ་ཀུན་གྱིས་སྐུ་དྲིན་བཏང་རག་གི་མཆོད་གསོལ་


TR008_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་ནོད་དང་བཅས་ཏེ། སྒྲུབ་ཁོག་གསུངས་པའི་སྐུ་དྲིན་གསོ་ཞིང་སྨོན་ལམ་གདབ་པའི་ཚིག་རྣམས་དང་ཉེས་བྱས་བཤགས་པ་ལ་སོགས་ནན་ཏན་བྱ། མཆེད་ལྕམ་འདུ་ཚོགས་གང་ཡོད་ཀུན་གྱི་ལག་ཏུ་མར་མེ་བཟུང་ནས་དཔོན་སློབ་ཀུན་གྱི་མར་མེའི་སྨོན་ལམ་དང་། གཞན་ཡང་སྨོན་ལམ་ཤིས་བརྗོད་ཀྱི་རིགས་རྒྱ་ཆེན་པོ་བྱའོ།། ༈ །།འདི་སྐབས་སུ་སྒྲུབ་རྫས་བྱིན་རླབས་དངོས་གྲུབ་ཀྱི་རྫས་སྣ་ཚང་བ་དང་དར་སྨོན་རིན་ཆེན་འབྲུ་སྣ་སོགས་བཀྲ་ཤིས་པའི་བུམ་གཏེར་གྱི་ཡོ་བྱད་ཚུལ་ལྡན་སྤྱི་དང་མཐུན་པར་བྱས་པའི་བུམ་པ་ལྔའམ་གཅིག་གིས་རུང་བ་ལ་རྒྱས་བཏབ་སྟེ་རབ་ཏུ་གནས་ཤིང་སེམས་སྐྱེད་སྨོན་ལམ་གྱིས་མཚམས་སྦྱར་བས་དཀྱིལ་འཁོར་གྱི་ཤུལ་དུའམ་གར་འོས་ཀྱི་སར་སྦ་ཞིང་ཚོགས་བལྡམ། དེ་ནས་ནང་དཀྱིལ་འཁོར་གྱི་རྡུལ་ཚོན་རྣམས་རིན་ཆེན་གྱི་བུམ་པ་རྒྱལ་ལྡན་དུ་བརྩལ་བ། གཞན་ཡང་བུམ་


TR008_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ། བདུད་རྩི་ཆོས་སྨན་གྱི་ཆ་ཤས་ཅུང་ཟད་དང་། དངོས་གྲུབ་ཀྱི་གཏོར་མའི་དུམ་བུ་སྣ་ཚང་ཐོད་པ་མཚན་ལྡན་ནམ་རིན་པོ་ཆེའི་སྣོད་དུ་བླུགས་གདན་དྲངས་ཤིང་། ཚོགས་ཀྱི་ཡོ་བྱད། སྤོས་དང་རོལ་མོའི་བྱེ་བྲག །དར་འཕན་མཆོད་རྫས་སེར་སྦྲེང་དང་བཅས་ནས་ཆུ་ཀླུང་ཆེན་པོ་རྒྱུན་འབབས་ཀྱི་འགྲམ་ངོགས་སུ་འཁྱེར་ལ། དེར་དཔོན་སློབ་རྣམས་ཀྱིས་བདག་སྐྱེད་ལས་གཞུང་མདོར་བསྡུས་ཚོགས་མཆོད་དང་བཅས་པ་བྱས་པའི་མཐར། རྫས་དེ་དག་ཆུ་བོར་གཤེགས་པ་དང་ལྷན་ཅིག་ཏུ་ཡིག་བརྒྱ་སོགས་ཀྱི་གཟུངས་སྔགས་བྱིན་རླབས་ཅན་འུར་དིར་དུ་བསྒྲག་ཅིག །བསྟན་འགྲོའི་དོན་ཆེན་དང་ཆོས་རྒྱུད་མི་ནུས་རྒྱ་ཆེར་འབྱུང་བའི་སྨོན་ལམ་གདབ། བུམ་པ་སོགས་ཀྱི་སྣོད་རྣམས་སྟོང་པར་མི་ལོག་པར་ཆུ་གཙང་གི་བཀང་ནས་འཁྱེར་ཏེ་སྒྲུབ་ཁང་སོགས་


TR008_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཐོར། །དེ་རྗེས་ཞག་གསུམ་སོགས་ཀྱི་བར་གནས་བསྲུང་བ་དང་། དགའ་སྟོན་གྱི་རིགས་ཀྱང་ཅི་འབྱོར་བྱ་བ་ནི་རྗེས་འཇུག་བཀྲ་ཤིས་པའི་རྟེན་འབྲེལ་གྱི་གནད་དུ་ཆེ་བར་གསུངས་སོ། དེ་ལྟར་ཟབ་ཆོས་དགོངས་པ་འདུས་པའི་སྨིན་བྱེད་སྒྲུབ་དབང་ཆེན་མོ་དངོས་གྲུབ་སྨན་དང་བྲལ་བའི་སྤྲོས་བཅས་ཚོམ་བུ་ཚོགས་སྒྲུབ་ཀྱི་སྒོ་ནས། རང་གཞན་སྨིན་གྲོལ་དུ་བྱ་བའི་ལས་རིམ་སྔོན་འགྲོ་དངོས་གཞི་རྗེས་དང་བཅས་པའི་ཕྱག་བཞེས་ཀྱི་ཁྲིག་རིམ་མཐར་ཆགས་ལྟས་མཆོག་ཏུ་བགྱིས་ཏེ་ཟིན་རིས་སུ་བཏབས་པ་འདི་ནི་གཙོ་བོར་དགོངས་འདུས་ཉིད་ཀྱི་སྒྲུབ་ཁོག་ཆེན་མོ་སྤྲ་ཁྲིད་གསལ་བའི་མེ་ལོང་། སྤྲོས་བཅས་བུམ་དབང་ཆེན་མོ། །ལག་ཁྲིགས་གབ་པ་སྔོན་མངོན་ཕྱུངས། སྨན་སྒྲུབ་བདུད་རྩིའི་རྒྱ་མཚོ་སོགས་ལས་ཇི་ལྟར་གསུངས་པ་བཞིན་དང་། ཕྱག་ལེན་གྱི་རིགས་ཕྲན་


TR008_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཁ་སྐོངས་དཀྲུག་སྡེབས་ཀྱི་རྣམ་པ་དག་ཀྱང་རིག་འཛིན་ཆེན་པོ་སངས་རྒྱས་གླིང་པ་ཉིད་ནས་ཞལ་གྱི་བདུད་རྩི་ཟམ་མ་ཆད་པ་ལས་ལེགས་པར་འོངས་པ་ཁོ་ན་མ་གཏོགས་གཟུ་ལུམ་རས་ཆོད་ཀྱི་དྲི་མའི་བསླད་པ་ཅུང་ཟད་ཙམ་ཡང་མ་མཆིས་ལགས་པས། ཡིད་བརྟན་གྱི་ཕྱི་མོར་རུང་བ་ནོར་བུའི་ཕྲེང་བ་ལྟ་བུ་འདི་ནི། རིག་འཛིན་ཆེན་པོ་སངས་རྒྱས་གླིང་པའི་རིགས་དང་ཆོས་ཀྱི་རིང་ལུགས་དྲི་མ་མེད་པ་འཛིན་པར་རྡོ་རྗེའི་སློབ་དཔོན་རིག་འཛིན་སྙིང་པོའི་སྤྱན་སྔར། བདག་ཉིད་དུས་ཀྱི་བླ་མའི་ཟོལ་གྱིས་འཚོ་བ་པ་མཁས་མཆོག་པདྨ་ལེགས་གྲུབ་རྩལ་གྱིས་ཡི་གེའི་བྱེད་པོ་དང་བསྐུལ་བ་སོར་བགྱིས་ཤིང་། རྩེ་ལེ་རིག་འཛིན་ཡབ་སྲས་ནས་བརྒྱུད་པ་སོགས་རང་ལུགས་ཀྱི་བླ་མ་བརྒྱུད་པ་རྣམས་ཀྱི་ཕྱག་བཞེས་ཞལ་རྒྱུན་དག་དང་ཡང་དགོངས་པ་བསྟུན་ཏེ་


TR008_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་དཔོན་སློབ་ལྷན་གཅིག་ཏུ་གོ་བདུར་ནས་ཕྱི་རབས་ཀྱི་གང་ཟག་གསར་བུ་དག་ལ་ཕན་པར་བསམས་ཏེ་ཡི་གེར་བཀོད་པ་འདིས་མཚོན་ཚེ་རབ་ཀུན་གྱི་དགེ་ཚོགས་དུས་གསུམ་བསགས་པའི་རྣམ་དཀར་མཐའ་དག་གཅིག་ཏུ་བསྡོམ་པའི་མཐུ་འབྲས་ཀྱིས། མ་རྒན་མཁའ་མཉམ་འགྲོ་རྣམས་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕངས་ལ་མ་འཁོད་དེ་སྲིད་དུ་ཐེག་ཆེན་བླ་མེད་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་འགྲིབ་མེད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པའི་ཆ་རྐྱེན་དུ་གྱུར་ཅིག །མངྒ་ལཾ་བྷ་ཝནྟུ། གཅིག་ཞུད།

བྱ་བཏང་ལ་ཉེ་བར་མཁོ་བའི་ཡོ་བྱད་ཀྱི་གསུངས་གླིང་།


TR008_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བཏང་ལ་ཉེ་བར་མཁོ་བའི་ཡོ་བྱད་ཀྱི་གསུངས་གླིང་ལགས།


TR008_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་ཐག་ལ་སོགས་བྱ་བཏང་གི་ཡོ་བྱད་རྣམས་ཀྱི་དྲི་བ་མཛད་པའི་ཆར་སྤྱི་རྒྱ་གར་དུ་ནི་རབ་བྱུང་སྦྱང་ཡོན་བཅུ་གཉིས་ལྡན་པའི་དགེ་སྦྱོང་རྣམས་ནི་བྱ་བཏང་གི་ཡང་རྩེ་ཡིན་པར་སྣང་ཡང་འོ་སྐོལ་བོད་ཀྱི་དགེ་སྦྱོང་ཚོ་ནི་འཇིག་རྟེན་པ་ལས་ཀྱང་སྤྲོས་པ་དང་སྣང་ཤས་ཆེ་བ་འདི་འདྲར་གྱུར་ཚེ་ཐ་སྙད་ག་ལ་ཡོད། དྲ་བ་དང་སྒོམ་ཐག་ནི་དགེ་སློང་མ་ཡང་གནང་བ་ཡིན་འདུག་པ་དང་། དགེ་སློང་གི་སྒོམ་ཐག་ནི་སྤུས་འཁྱུད་ཅེས་བྱ་བ་མལ་ནང་དུ་འདུག་དུས་ལུས་གནད་མི་ཞིག་ཕྱིར་སྤུས་མོ་ལ་བཅིང་བར།


TR008_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་ཙམ་མ་གཏོགས་ཆག་ཚད་ངེས་པ་མ་གསུངས། དྲ་བ་ཡང་དགེ་སྦྱོང་དང་རྣལ་འབྱོར་པ་གཉིས་ཀ་ལ་དྲ་བ་ཞེས་སྐུད་པ་ལ་བཟོས་པ་ཕྱི་ནང་ཟང་ཐལ་དུ་མཐོང་བ་དེ་དགོས་པ་སྟེ། ཟང་ཟིང་གི་དངོས་པ་རིན་ཐང་ཅན་མི་ཚགས་པའི་དགོས་ཆེད་ལ་དམིགས་ཤིང་། རྫ་ཁོག་དང་ཕོར་པ་ཕྱེ་རྐྱལ་ཙམ་ལས་གཞན་མི་བཟུང་བ་ལ་དགོངས་པ་ཡིན་ཕྱིར། དིང་སང་ཆོས་པ་ཚོས་འཁུར་བའི་རས་དང་སྣམ་སླེབ་སོགས་ལ་བཟོས་པ་དང་། དེ་ལ་ཡང་མ་བརྒྱན་དང་དགུ་བརྒྱན་བྱས་པ་འདི་ནི་


TR008_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་སྣང་ཤས་ཁོ་ན་མ་གཏོགས། ཆོས་པའི་ཡོ་བྱད་མ་ཡིན་མོད་ཅིང་། འདི་ལ་ནི་མིང་ཡང་དྲ་ཕད་ཅེས་བྱ་བ། འཇིག་རྟེན་ཕལ་པ་རྣམས་ཀྱི་སྒྱེ་ཁུག་དང་ཁྱད་མེད་པས། དྲ་བ་དངོས་ཀྱི་མཚན་ཉིད་དུ་མི་འགྱུར་རོ། །དེ་བཞིན་དུ་སྒོམ་ཐག་ཀྱང་ཚུལ་ལྡན་བྱེད་ན་དྲ་མིག་ཅན་དེ་དགོས་པར་གསུངས་པ་སྟེ། རྩ་དབུ་རྐྱང་རོ་གསུམ་མཚོན་པས་གཞུང་སྐུད་གསུམ་བཤིབས། །དགའ་བ་བཅུ་དྲུག་མཚོན་པས་དྲ་མིག་བཅུ་དྲུག །གཏུམ་མོའི་མེ་མཚོན་པའི་ཁ་དོག་དམར་པོ། གསང་ཡུམ་རྡོ་རྗེ་རྣལ་འབྱོར་མ་མཚོན་ཕྱིར། སྐྱེ་བོ་ཕལ་གྱིས་མི་མཐོང་བར་རང་ལུས་དང་འབྲལ་མེད་བཅང་བར་བཤད་པའི་དམ་ཚིག་གི་ཡོ་བྱད་ཡིན་པ་དང་། ཆག་ཚད་ཀྱང་། རྗེ་མི་ལ་ཡན་གྱི་གྲུབ་ཐོབ་ཐམས་ཅད་ཀྱི་ལུགས་ལ། ཉིས་ཁུག་མགོ་བོ་ལ་འཁོར་ཙམ་དེ་ཀ །གཅིག་ཀྱང་མཐོ་དྲུག་ཡིན་ཀྱང་། རྗེ་སྒམ་པོ་པ་མི་ལའི་དྲུང་དུ་ཐབས་


TR008_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་བསྒོམ་པའི་སྐབས་སུ་དམྱལ་བ་ཐིག་ནག་གི་བཀོད་པ་མཐོང་ཞིང་སྐུ་ཁམས་མ་བདེ་བ་བྱྱུང་བ་དེ་ལ། རྗེ་བཙུན་གྱིས་སྒོམ་ཐག་ཐུང་བའི་སྐྱོན་གྱིས་རྩ་འཐུམས་པར་འདུག་པས་སྒོམ་ཐག་རིང་དུ་ཐོང་གསུངས་ནས་ཆང་པ་གང་གིས་རིང་དུ་བཏང་བའི་རྗེས་སུ་འབྲང་ནས། དིང་སང་ནི་མགོ་འཁོར་ཆང་གང་གི་ཆག་ཚད་ཡིན་ལ། ཞེང་ནི་སོར་བཞིའམ་གསུམ་ལས་མ་བཤད་ཀྱང་། ད་ལྟའི་ཆོས་གཟུགས་ཟོག་མཁན་ཚོས་སྟོད་ཐམས་ཅད་ཁེབས་པ། གཅིག་རྐྱང་མཐོ་བདུན་ དང་། ལ་ལས་ཕོར་པ་སོགས་བཅུག་པའི་སྣོད་དང་སྦྲག་པ་སོགས། གསང་སྔགས་འཆལ་བའི་སྤྱོད་པ་སྣ་ཚོགས་མུ་མེད་བྱེད་མོད། གསང་སྔགས་རྙིང་ལུགས་ལ་ནི། བཻ་རོ་ཙ་ན་ཚ་བ་རོང་ནས་བོད་དུ་ཡར་བྱོན་པའི་ལམ་དུ། གཙང་རྒན་མི་ཕམ་མགོན་པོའམ། མིང་གི་རྣམ་གྲངས་སུ། སྤམ་སངས་རྒྱས་མགོན་པོ་ཞེས་པ་ལོ་བརྒྱད་ཅུ་


TR008_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ལོན་པའི་དད་ཅན་དེ་ལ་རྫོགས་པ་ཆེན་པོ་སྙན་བརྒྱུད་རྡོ་རྗེ་ཟམ་པའི་གདམས་པ་གནང་སྐབས། ཁོང་ཧ་ཅང་རྒས་པས་ལུས་གནད་མ་ཐུབ་པས། སྒོམ་ཐག་དང་སྒོམ་མཁར་ལ་བརྟེན་ཏེ་བསྒོམ་དུ་བཅུག་པས། ཕུང་པོ་འཇའ་ལུས་གྲུབ་ས་བྱུང་། དེའི་རྟེན་འབྲེལ་དང་བྱིན་རླབས་ལ་དམིགས་ནས། ད་ལྟ་ཡང་ཆོས་བཀའ་དེའི་དབང་གི་སྐབས་སུ། དབང་རྫས་ལ་སྒོམ་ཐག་དང་། སྒོམ་མཁར་རམ་སྒོམ་ཤིང་གིས་ངོས་ལ་རྡོ་རྗེ་ཟམ་པའི་རྩ་ཚིག་ཡི་གེར་བྲིས་པ་དང་བཅས་པས་དབུ་མར་བའི་ཕྱག་བཞེས་མཛད་པ་ལགས། སྒོམ་སྐྱེད་ནི་གང་ཟག་ཆོས་འཕྲལ་བཟོས་མ་གཏོགས་གཞུང་ནས་བཤད་པ་མ་མཐོང་། འབྲུག་ལུགས་ལ་ནི། གཙང་པ་རྒྱ་རས་ནས། རྒྱལ་དབང་རྗེའི་བར་གྱི་ཕྱག་བཞེས་ལ་བྱ་ཆས་བཞི་ཞེས། སྒོམ་ཞྭ། སྒོམ་ཐག །དྲ་བ་མིག་མང་། གཉེན་པོ་དུང་ཆོས་


TR008_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ། ཁམས་བྱང་སེམས་མི་ཉམས་པའི་དྲན་རྟེན་དུ་རྡོག་ཅིག་སྐུད་པ་དམར་པོ་ལ་བརྒྱུས་ཏེ་སྲིན་ལག་གཡོན་ལ་བཅིངས་ཤིང་སྦེད་པ་སྟེ། བྱ་ཆས་བཞི། རང་ཤོང་གི་ཅོག་པུ། དམ་ཚིག་དང་མཐུན་པའི་ཕྲེང་བ་དང་བཅས་པའི་མཚན་ཉིད་དགོས་ཆེད་ཕན་ཡོན་སོགས་ནས་གསུངས་སོ། །རྐང་གླིང་ནི། སྤྱིར་རབ་བྱུང་དང་བྱ་བཏང་ཤ་སྟག་ལ་དགོས་པ་མི་ཡོང་མོད་ཀྱང་། གསང་སྔགས་པའི་དམ་ཚིག་གི་རྫས་ཀྱི་བྱེ་བྲག་ཡིན་མོད་ཀྱི། རྒྱ་གར་དུ་རབ་བྱུང་རྣམས་སྦྱིན་བདག་གི་སྒོ་དྲུང་དུ་བསོད་སྙོམས་སློང་བའི་བརྡར་འཁར་སིལ་གྱི་སྒྲ་འཁྲོལ་ཞིང་། རྣལ་འབྱོར་པ་ཡིན་ན་ཌཱ་མ་རུ་འཁྲོལ་བའམ། ཁྲི་གཉན་ར་དུང་འབུད་པ་ཡིན་མོད་ཚེ། རྐང་གླིང་དུས་མིན་དུ་འབུད་ཀྱང་མི་རུང་བ་ཡིན་སྣང་ལ། བོད་ཁྲིམས་མེད་གདོལ་པའི་ཡུལ་དུ་སོང་ཚེ་ངེས་པ་མ་མཆིས་མོད། གསང་སྔགས་ཁྱད་པར་


TR008_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྐབས་དོན་ལ་ནི། ཆོ་ག་སོགས་ཀྱི་དུས་ན། རྩ་གསུམ་མཁའ་འགྲོ་ཆོས་སྐྱོང་སྤྱན་དྲངས་བ། ཐུགས་དམ་བསྐང་བ། ཕྲིན་ལས་བསྐུལ་བ་སོགས་དགོས་ཆེད་མང་བ་དང་། དེ་དག་ཀྱང་རང་རང་གི་སྐབས་ལ་ནལ་བབས་ཚེ། ཏིང་འཛིན་རྟགས་མཐུན་དུ་འབུད་ཅིང་། །དུས་མིན་སྐབས་མིན་དང་རྩེད་མོའི་ཞོར་ལ་འབུད་པ་སོགས་མི་བྱ་བ་དང་། གཅོད་ཀྱི་སྐབས་སོགས་ལ་ནི། རྐང་དུང་གི་མཚན་ཉིད་སྤང་བླང་སོགས་ཞིབ་པར་ལབ་སྒྲོན་གྱི་གཅོད་གཞུང་ཆེན་མོར་འབྱུང་བ་ལྟར་དང་། གནས་སྐབས་རྒྱུན་གྱི་ཐུན་ཚོད་འཛིན་པ་སོགས་འདི་དག་ལའང་། འབུད་ལུགས་ཀྱི་སྐད་འགྱུར་ཚད་ལྡན་དགོས་ཕྱིར་དིང་སང་བཀའ་རྒྱུད་པ་རྣམས་ཀྱི་དགུ་འབུད་ཟེར་བ་འདི་ནི། བདེ་མཆོག་གི་རྩ་སྔགས་ཡི་གེ་བདུན་པ་ཉིད་ཀྱི་བརྡ་སྐད་ཡིན་པར་གསུངས་ཏེ། དེ་ཡང་ཡི་གེ་བདུན་པ་ལ་ཨོཾ་གཅིག་ལས་མེད་ཀྱང་སྐབས་


TR008_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ཕག་མོའི་ཨོཾ་གསུམ་མ་དང་བསྟུན་པའི་སྐད་བརྡ་བྱ་བ་ཡིན་པས། ཐོག་མར། ཨོཾ་ཨོཾ་ཨོཾ། ཞེས་འཐུང་བ་གསུམ་འབུད། དེ་ནས་ཧྲཱིཿ ཞེས་རྒྱང་རིང་བ་གཅིག །དེ་ནས་ཧ་ཞེས་རིང་བ་གཅིག །དེ་ནས། ཧ་ཧ་ཧ་ཧ་ཧ་ཞེས་རྒྱང་རིང་ཞིང་ལྡེམ་འགྱུར་ཡོད་པ་གཅིག །དེ་ནས་ཧཱུྃ། ཧཱུྃ། ཞེས་ཐུང་བ་གཉིས། དེ་རྗེས། ཕཊཿ འདི་ཅུང་ཟད་རིང་བ་ཙམ་བྱས་བྱས་པ་སྟེ། དེ་ལྟར་དགུ་ལ། དགུ་འབུད་ཟེར་བ་སྟེ་དིང་སང་དཀར་འབྲུག་ཚོས་བྱེད་པ་དེ་ཀ་ཡིན།། ༈ །།འོ་སྐོལ་རྙིང་ལུགས་ལ་སྔོན་ཚེ་ཁམ་ཀ་ཐོག་གི་གྲུབ་ཐོབ་དམ་གཙང་བྱམས་གསུམ་སོགས་ཀྱིས་ཞལ་བཀོད་ཀྱི་རྒྱུན་ལ་རྐང་དུང་བདུན་འབུད་འདི་བླ་མ་ལ་གསོལ་བ་གདབ་པའི་སྐད་བརྡ་ཡིན་ཏེ། ཐོག་མར། མཆོད། མཆོད། ཅེས་པ་གཉིས་འདིའི་སྔ་མ་རིང་ཙམ་དང་རྗེས་ལ་ཐུང་བར་བྱ། དེ་ནས།


TR008_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ། བླ་མ། ཞེས་བླ་མ་འབོད་པ་འདི་གཉིས་ཀ་རྒྱང་རིང་པོར་བྱ། དེ་ནས། བླ་མ་མཁྱེན་མཁྱེན་མཁྱེན་མཁྱེན་མཁྱེན། ཞེས་པ་རྒྱང་རིང་ཞིང་ལྡེམ་འགྱུར་དང་བཅས་པ་བྱ། དེ་རྗེས། ཕཊཿ ཕཊཿ ཅེས་པ་གཉིས་འདིའི་སྔ་མ་ཅུང་ཟད་རིང་ཙམ་དང་། །ཕྱི་མ་ཐུང་རྦད་ཀྱི་བཅད་ནས་བཞག་པ་ཡིན་ལ། བླ་མ་འབོད་པའི་རྒྱང་གསུམ་པོ་དེ་ལའང་། མགོ་ལ་སྐད་ཤད་ཆེ་བ་ལ་མཇུག་ཏུ་རིམ་པས་ཆུང་ནར་གྱི་བཞག་པ་ནི་བླ་མ་དྲན་པའི་མོས་གུས་གདུང་ཤུགས་སྐྱོ་ཕྱིར་ཡིན་ཞིང་། སྐད་བརྡ་འདི་འབུད་ལུགས་མཁས་པ་ཅིག་བྱུང་ན་སྣང་བ་འགྱུར་ཏེ་སྐྱོ་ལྷང་གི་གཏོང་ཐུབ་པ་ཡོད། དེ་ལྟར་རྐང་དུང་ལ་ཡང་སྐད་བརྡ་ཚད་ལྡན་དགོས་པར་གསུངས་པ་ལགས་སྤྱིར། སྒྲུབ་གྲྭ་ཚོ་ལ་ཐུན་བཞི་ངེས་ཅན་བྱེད་པ་འདི་ནི། འདི་ཚོ་རྐྱག་རེ་ཆུང་བ་མ་གཏོགས། དགེ་སྦྱོར་སྒྲིག་མ་ཚུལ་ལྡན་བྱེད་མཁན་ནི། ཐོ་རངས་ཀྱི་འདི་


TR008_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་གསོལ་འདེབས་ཀྱི་ཐུན། ཉི་མ་ཤར་བ་ན་ཆུ་གཏོར་གྱི་ཐུན། ཕྱི་དྲོ་འདི་གཏོར་བསྔོས་ཐུན། །སྲོད་ཀྱི་འདི་གཅོད་ཀྱི་ཐུན་ཡིན་ཚེ། ཐུན་དུང་འདི་རྣམས་དང་བསྟུན་པའི་དགེ་སྦྱོར་དེ་དག་སྒྲིགས་ཆགས་སུ་བྱེད་དགོས་པར་བརྡ་ཡིན་པར་འདུག་མོད་ཀྱི། ཚུལ་བཞིན་བྱེད་མཁན་མི་རྙེད་ཀྱང་གོ་རྟོགས་དེ་བཞིན་འཇགས་པར་བྱའོ། །གཅིག་ཞུད།

མཐའ་འོག་བདུད་འདུལ་ཕུག་པའི་གནས་བཤད།


TR008_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་འོག་བདུད་འདུལ་ཕུག་པའི་གནས་བཤད་བཞུགས་སོ།


TR008_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་རཏྣ་སིདྡྷི་ཧཱུྃ། མཆོག་ཏུ་མི་འགྱུར་བདེ་བ་ཆེན་པོའི་བདག་ཉིད་རིགས་རྣམས་ཀུན་གྱི་ཁྱབ་བདག་རྗེ་བཙུན་དཔལ་ལྡན་བླ་མ་མཆོག་གི་ཞབས་ཀྱི་པདྨོར་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་སོགས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཐུགས་རྗེས་གཟིགས་ཤིང་བྱིན་གྱིས་བརླབས་ཏུ་གསོལ། དངོས་འདིར་དད་ཅན་གྱི་སྐལ་ལྡན་རྣམས་ལ་གནས་མཆོག་འདི་ཉིད་ཀྱི་ཞིང་བཀོད་མདོ་ཙམ་སྟན་དུ་གསོལ་ན། ལོ་རྒྱུས་བྱུང་ཁུངས་ཀྱི་ཁོག་ཕུབ། བཀོད་པ་བཞུགས་ཚུལ་གྱི་ངོ་བསྟན། ཕན་ཡོན་དགོས་ཆེད་ཀྱི་མཚམས་སྦྱར་བ་དང་གསུམ་


TR008_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་འཆད་པར་བྱ་སྟེ། དང་པོ་ལོ་རྒྱུས་ནི། སྤྱིར་ཡང་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ཆེན་པོ་གཅིག་ཏུ་བསྡུས་པ་ལོངས་སྤྱོད་རྫོགས་སྐུ་རྣམ་པར་སྣང་མཛད་གངས་ཆེན་མཚོའི་ཕྱག་གི་ལྷུང་བཟེད་ཀྱི་སྤོས་ཆུའི་རྒྱ་མཚོ་ལས་འཁྲུངས་པའི་པདྨ་ཉི་ཤུ་རྩ་ལྔའི་ཟེའུ་འབྲུ་མཐའ་དག་སངས་རྒྱས་ཀྱི་ཞིང་ཁམས་ཁོ་ནས་གང་སྟེ་ཡོད་པའི་ཞིང་ཁམས་བཅུ་གསུམ་པ་མི་མཛེད་ཀྱི་ཞིང་ཁམས་ཅེས་པ་འོ་སྐོལ་རྣམས་ཀྱི་འཇིག་རྟེན་འདི་ཡིན། དེ་ལས་ཁྱད་པར་དུ་གླིང་བཞིའི་འཇིག་རྟེན་ལས་ལྷོའི་འཛམ་བུ་གླིང་འདི་སྐལ་བཟང་གི་སངས་རྒྱས་ཐམས་ཅད་བྱོན་ཞིང་ཆོས་འཁོར་


TR008_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བས་ཚེ་གཅིག་སངས་རྒྱས་ཐོབ་པའི་སྐལ་བ་ཅན་གྱི་ཞིང་ཡིན། དེ་ལས་ཁྱད་པར་དུ་བྱང་ཕྱོགས་གངས་ཅན་གྱི་ལྗོངས་བོད་ཁམས་གླིང་དགུའི་ཡུལ་འདི་ཐུགས་རྗེའི་མངའ་བདག་འཕགས་པ་སྤྱན་རས་གཟིགས་ཀྱིས་བདག་གིར་མཛད་དེ། སྤྲེའུ་བྲག་སྲིན་གྱི་རྣམ་པར་སྤྲུལ་ནས་མིའི་ས་བོན་དུ་བཀོད་ཅིང་། ཆོས་དང་ཟང་ཟིང་གིས་ལེགས་པར་བསྐྱངས་པས་བོད་ཡུལ་ཐེག་པ་ཆེན་པོའི་ཆོས་ཀྱི་གླིང་ཆེན་དུ་གྱུར་པ་འདི་ཡིན། དེ་ལས་ཁྱད་པར་དུ་གྱུར་པ་ཤར་ཕྱོགས་ཀོང་ཡུལ་ཤིང་ལོའི་ཚལ་ཙནྡ་ལྗོན་པའི་ནགས། དཀར་མོ་འབྲུའི་གླིང་། བདེ་སྐྱིད་ལོངས་སྤྱོད་ཀྱི་འབྱུང་གནས་གསང་སྔགས་རྡོ་རྗེ་ཐེག་པ་དར་བའི་ཞིང་འདི། གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་ཀྱིས་ཞབས་ཀྱིས་བཅགས་བྱིན་གྱིས་བརླབས། ཚེ་གཅིག་བྱང་ཆུབ་སྒྲུབས་པའི་གནས་སུ་མཛད་པ་ངོ་མཚར་མཆོག་ཏུ་གྱུར་པ་ལགས། དེ་ལ་གུ་རུ་རིན་པོ་ཆེ་དེ་ཉིད་ཀྱིས་སྤྱིར་བོད་ཡུལ་གྱི་རྒྱལ་ཁམས་མ་ལུས་


TR008_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ཀྱིས་མ་བཅགས་པ་ནི་ཁབ་རྩེ་གང་ཡང་མེད་ལ། ཁྱད་པར་ཀོང་པོའི་ཡུལ་འདི་གུ་རུ་ཉིད་ཀྱི་འདུལ་ཞིང་དུ་བདག་གིར་མཛད་ཅིང་བྱིན་གྱིས་བརླབས་པ་ཡིན་ཕྱིར། ལྟ་བ་ཡུལ་གྱི་གཏེར་ལུང་གསང་བའི་བྲག་ཕུག་གུ་རུ་ཡབ་ཡུམ་ཏིང་ངེ་འཛིན་ལ་བཞུགས་པའི་སྐབས་ན། གུ་རུའི་ཞལ་ནས། འདི་ནས་ཉི་མ་ཤར་གྱི་ཕྱོགས་ན་རི་སེང་ཆེན་འགྱིངས་པ་འདྲ་བའི་ངོས་སུ་པདྨ་བདག་འཆི་མེད་ཚེའི་རིག་འཛིན་ཐོབ་པའི་གནས་མཆོག་ར་ག་ར་ཏིའམ། བྲག་ཕུག་མ་ར་ཏཱི་དང་ཆ་མཚུངས་པའི་སྒྲུབ་གནས་ཁྱད་པར་ཅན་ཡོད་པས་དེར་འགྲོ་བར་བྱའོ། །ཞེས་གསུངས་ནས་རྫུ་འཕྲུལ་གྱི་ནམ་མཁའ་ལ་འཕུར་ཏེ་སྐད་ཅིག་ལ་གནས་འདིར་ཕེབས་ནས་བཞུགས་ཤིང་། ཕྱི་རབས་ཀྱི་གང་ཟག་སྒྲུབ་པ་པོ་སུ་དང་སུས་བསྡད་ཀྱང་བར་ཆད་མེད་ཅིང་བཀྲ་ཤིས་དགེ་ལེགས་འབྱུང་བར་བྱིན་གྱིས་བརླབས་པར་མཛད། དེ་དང་


TR008_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་མཐུན་པར་དུས་ཕྱིས་ཀྱང་ཆོས་རྒྱལ་ཁྲི་སྲོང་གི་རྣམ་འཕྲུལ་གཏེར་སྟོན་ཆེན་པོ་མངའ་བདག་མྱང་ཉི་མ་འོད་ཟེར་དང་། རིག་འཛིན་ཆེན་པོ་རཏྣ་གླིང་པ་སོགས་ཀྱིས་ཀྱང་གནས་འདི་ཞབས་ཀྱིས་བཅགས་ཤིང་གཟིགས་སྣང་གཏན་ལ་ཕབ་པ་དང་། དེ་བཞིན་དུ། གྲུབ་ཆེན་ཐང་སྟོང་རྒྱལ་པོ། སྤྱན་སྔར་རི་ཁྲོད་རས་ཆེན། དབུས་སྨྱོན་ཀུན་དགའ་བཟང་པོ། རྗེ་བཙུན་མི་ཕམ་བློ་གྲོས། རིག་འཛིན་འཇའ་ཚོན་སྙིང་པོ་རྣམས་ཀྱང་རིམ་པས་བྱོན་ནས་གནས་འདིར་ཏིང་ངེ་འཛིན་གྱིས་རྩལ་སྦྱངས། རྟེན་འབྲེལ་ཟབ་མོའི་སྒོ་བསྒྲིགས། མི་དང་མི་མ་ཡིན་གྱི་གདུལ་བྱ་ལ་སྨིན་གྲོལ་ཆོས་ཀྱི་ཆར་བབས་པར་མཛད་པའི་གནས་མཆོག་ཁྱད་པར་འཕགས་པ་ཡིན་པའི་ཚུལ་ནི་སྔོན་བྱུང་ལོ་རྒྱུས་ཀྱི་ཁོག་ཕུབས་ཏུ་གསོལ་བ་ལགས། དེ་ནས་གནས་ཀྱི་ཆ་ལུགས་བཀོད་པ་བཞུགས་ཚུལ་གྱི་དབང་དུ་བགྱི་ན། རྒྱབ་རི་སེང་ཆེན་


TR008_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

འགྱིངས་པ་འདྲ་བས་བདུད་དཔུང་ཟིལ་གྱིས་གནོད་པ། མདུན་གཙང་ཆབ་ཀྱི་རྒྱུན་འབབས་པས་ཏིང་འཛིན་རྒྱུན་ཆད་མེད་པ། སྟེང་ནས་བྱ་སྐྱིབས་གདུགས་ལྟར་ཕུབས་པས་དཀོན་མཆོག་གིས་སྐྱབས་འོག་ཏུ་ཚུད་པ། འོག་ནས་བྲག་གཡང་གི་བ་གམ་པད་སྡོང་ཁྲི་འཕང་བརྩེགས་པ་ལྟ་བུས་སྒྲུབ་པའི་རྐང་ཚུགས་པ། གཡས་གཡོན་གྱི་རི་རྒྱུད་ཕྱག་རྒྱ་བསྣོལ་བ་ལྟ་བུས་ཐབས་ཤེས་ཟུང་འཇུག་གི་ལམ་དུ་ཆུད་པ། ཞལ་ཁ་ལྷོ་རུ་བསྟན་པས་འོད་གསལ་གྱིས་འཆར་སྒོ་རྒྱ་ཆེ་བ། འོག་བཞི་རྡོ་རྗེའི་བྲག་ལ་བསྟེན་པས་ཆོས་སྐུ་འགྱུར་མེད་ཀྱི་བསྟན་པ་ཟིན་པ། གཡང་ས་འཇིགས་སུ་རུང་བས་མི་རྟག་ངེས་འབྱུང་གིས་བློ་རྒྱུད་འཁུལ་བ། ཡུལ་གྲོང་དང་རྒྱང་གྲག་གིས་ཆོད་པས་རྣམ་གཡེང་འདུ་འཛིས་དབེན་ཅིང་མཐུན་རྐྱེན་བཙལ་སླ་བ། མཐོ་ཞིང་ཕྱོགས་ཀུན་མཐོང་བས་རིག་པ་དངས་སྙིགས་ཕྱེད་པ། ཆུ་དང་མེ་ཤིང་


TR008_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

འཛོམ་པས་སྒྲུབ་པ་ངང་གིས་འཕེལ་བ་ལ་སོགས་ཏེ། གནས་ཀྱི་ཕྱིའི་ཆགས་ཚུལ་དེ་ལྟ་བུ་དང་ལྡན་པ་ལགས་ཤིང་། ནང་གི་ལྷའི་བཞུགས་ཚུལ་གྱི་དབང་དུ་བགྱི་ན། སྒྲུབ་གནས་འདི་ཉིད་ཕྱི་ལྟར་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་བྱིན་གྱིས་བརླབས་པའི་རྟགས་སུ་ཁྱུང་གཤོག་རིན་ཆེན་འབར་བའི་སྐུ་རང་བྱོན་རྭ་དང་མཆུ་སྡེར་སྒྲོ་གཤེག་དང་ཕྱག་ཏུ་སྦྲུལ་བཟུང་བ་ཚུན་ཆོད་ཤིན་ཏུ་གསལ་བ་འདི་ཉིད་ལ་གསང་བདག་ཕྱག་རྡོར་དངོས་སུ་མོས་པས་དད་གུས་གསོལ་བ་བཏབ་ན་གཟའ་ཀླུ་ས་བདག་གཉན་ལྷོག་གི་ནད་དང་གནོད་པ་མ་ལུས་ཞི་ཞིང་སྐྱོབས་པའི་བྱིན་རླབས་དང་ལྡན་པ་ལགས། ནང་ལྟར་འཕགས་པ་སྤྱན་རས་གཟིགས་ཀྱིས་བྱིན་གྱིས་བརླབས་པའི་རྟགས་སུ་ཕུག་པའི་ཡང་ཐོག་ན་བཀའ་རྟགས་རྡོ་རིང་རང་བྱོན་གྱི་ངོས་ལ་ཇོ་བོ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་སྐུ་དང་གཟུངས་མཆོག་


TR008_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་དྲུག་པའི་སྔགས་རྣམས་རང་བྱོན་དུ་ཡོད་པ་ལ་གསོལ་འདེབས་མོས་གུས་བྱས་ན་ངན་སོང་གི་སྡུག་བསྔལ་ལས་སྐྱོབས་པའི་བྱིན་རླབས་དང་ལྡན་པ་ལགས། གསང་བ་ལྟར་ན་མགོན་པོ་ཚེ་དཔག་མེད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་སུ། བྲག་གི་ངོས་གཡས་ཕྱོགས་འདི་ན་ཚེ་དཔག་མེད་ཀྱི་སྐུ་ཤིན་ཏུ་གསལ་བ་དང་། ཕུག་པའི་གཡོན་ན་འཆི་མེད་བདུད་རྩིའི་ཆུ་རྒྱུན་ལྷུང་ལྷུང་དུ་འབབ་པ་འདི་ཉིད་འཐུང་ཞིང་ཁྲུས་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་ཅིང་ཚེའི་དངོས་གྲུབ་ཐོབ་པ་དང་། ཚེ་ཆུའི་འགྲམ་དུ་གཏེར་བཏོན་འཇའ་ཚོན་སྙིང་པོས་ཕྱག་མཛུབ་བཙུགས་པའི་རྗེས་ཀྱི་བྲག་ཁུངས་ན་ནད་སེལ་གྱི་སྨན་ཆུ་ངོ་མཚར་ཅན་ཡང་ཡོད་དོ། དེ་ཁོ་ན་ཉིད་ལྟར་ན་གུ་རུ་རིན་པོ་ཆེ་པདྨས་བྱིན་གྱིས་བརླབས་པའི་རྟགས་སུ། ཕུག་པའི་ཡ་ཐོད་དུ་གུ་རུ་རིན་པོ་ཆེ་ལ་སྤྲུལ་པའི་གུ་རུ་མཚན་


TR008_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཀྱིས་བསྐོར་བའི་སྐུ་རང་བྱོན་དང་དུས་དང་གང་ཟག་ཁྱད་པར་ཅན་འཛོམ་པའི་སྐབས་རྣམས་སྒྲུབ་ཕུག་ལས་བདུད་རྩིའི་ཆུ་ཟིལ་ཚན་ཆེར་འབབ་པའི་ཡ་མཚན་ཡང་ཡོད་དོ། །གཞན་ཡང་བྲག་ལོགས་ཀྱི་རྩེ་མོར་གྲུབ་ཆེན་བིར་ཝ་པ་དང་། རྗེ་བཙུན་མི་ལ་བཞད་པ་རྡོ་རྗེའི་སྐུ་རང་བྱོན་དང་། ཕུག་པའི་འོག་ཕྱོགས་སུ་ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ་གླང་ཆེན་རབ་བརྟན་གྱི་གཟུགས་སུ་སྤྲུལ་ནས་སྒྲུབ་གནས་ཞབས་འདེགས་ཀྱི་ཚུལ་ཀྱང་གསལ་བར་ཡོད་ཅིང་། མདོར་ན། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། ཞེས་དང་། །གང་ལ་མོས་པ་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། ཅེས་གསུངས་པ་ལྟར་གང་ཟག་མོས་པའི་ཁྱད་པར་གྱིས་དབང་གིས། དག་པའི་སྣང་ངོར་ནི་ཡུལ་སྣོད་བཅུད་ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པ་ཡིན་ལ། རང་སྣང་མ་དག་པའི་ངོར་ནི་སངས་རྒྱས་དངོས་སུ་


TR008_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་ཡང་དད་མོས་མི་སྐྱེ་བ་ནི་གང་ཟག་གི་རང་སྐྱོན་དུ་ཟད་ལ། སྐལ་ལྡན་དད་ཅན་གྱི་ངོར་ནི་གནས་འདི་ཤར་ཕྱོགས་མ་ར་ཏི་ཀའི་སྒྲུབ་གནས་དང་ཁྱད་མ་མཆིས་པར་ཨུ་རྒྱན་གུ་རུ་ཉིད་ཀྱིས་གསུངས་པ་ལགས།། ༈ །།དེ་ལྟར་གནས་ཀྱི་བཀོད་པ་ངོ་སྤྲད་དེ། ད་ནི་ཕན་ཡོན་དང་དགོས་ཆེད་ཀྱི་མཚམས་སྦྱར་ནས་བཤད་ན། འདི་ལྟ་བུ་ཁྱད་པར་འཕགས་པའི་སྒྲུབ་གནས་དམ་པ་འདི་དག་ཏུ་འཇིག་རྟེན་གཡེང་བ་སྤངས་ཤིང་ཉམས་ལེན་ཟབ་མོ་ལ་རྩེ་གཅིག་ཏུ་འབད་པ་ན་ཚེ་གཅིག་བྱང་ཆུབ་ཀྱི་གཏན་སྲིད་ཟིན་པར་འགྱུར་བ་ལྟ་ཅི་སྨོས་ཏེ། འཇིག་རྟེན་ཕལ་པ་དག་ཀྱང་གནས་མཆོག་འདི་ལྟ་བུ་ལ་མོས་པ་དང་གུས་པས་མཇལ་ཞིང་ཕྱག་མཆོད་ཞབས་ཏོགས་བགྱིས་པ་ཙམ་གྱིས་ཀྱང་རྒྱུ་འབྲས་རྟེན་འབྲེལ་ཟབ་མོས་འཚམས་སྦྱོར་གྱིས་མ་འོངས་པས་ན་དམ་ཆོས་ཀྱི་སྐལ་


TR008_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཟང་པོ་དང་ལྡན་ཞིང་ཕྱི་མ་དག་པའི་ཞིང་དུ་སྐྱེ་བའི་སྐལ་བཟང་དུ་འགྱུར་ཞིང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་ནས་ཀྱང་། གང་གིས་བསྐལ་པ་བྱེ་བ་བརྒྱ་སྟོང་མང་པོར་བསོད་ནམས་ཀྱི་ཚོགས་ཇི་སྙེད་བསགས་པ་ལས་ཀྱང་། གང་གིས་ངེས་འབྱུང་གི་བསམ་པས་དགོན་པའི་ཕྱོགས་སུ་གོམ་པ་བདུན་བོར་བ་དེ་ནི་ཆེས་ཆེར་ཕན་ཡོན་ཆེའོ། ཞེས་གསུངས་པ་དང་། །ཨུ་རྒྱན་རིན་པོ་ཆེའི་ཞལ་ནས། །དབེན་གནས་རི་ཐང་མཚམས་སུ་མ་བྱེད་པར། །ང་ཡིས་བསྒྲུབས་པའི་སྒྲུབ་གནས་ཀུན་ལ་གྱིས། ཞེས་གསུངས་པ་ལྟར། གུ་རུ་ཉིད་དང་སྒྲུབ་རྒྱུད་ཀྱི་སྐྱེས་ཆེན་དམ་པ་གྲུབ་པ་བརྙེས་པ་རྣམས་ཀྱིས་བྱིན་གྱིས་རླབས་པའི་དབེན་གནས་འདི་ལྟ་བུ་བསྟེན་དགོས་པ་དང་། དབེན་པར་གནས་ཀྱང་རང་རྒྱུད་མ་ཐུལ་ན་རི་དྭགས་དང་གཅན་ཟན་གྱི་ཚོགས་དང་ཁྱད་པར་མི་འབྱུང་ཚེ། སྒོ་གསུམ་དགེ་ལ་གཞོལ་ཞིང་དམ་པའི་ཆོས་དང་རང་རྒྱུད་འདྲེས་དགོས་


TR008_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེ་ལྟ་བུའི་དབེན་གནས་རི་ཁྲོད་སྒྲུབ་ཁང་བྱིན་ཆེན་རྣམས་ལ་ནི་ཁྱིམ་པ་དག་གིས་ཀྱང་བསྐུར་སྟིའི་ཡུལ་ཕྱོགས་སུ་གྱུར་པ་ཡིན་པས། དད་པའི་ནོར་དང་ལྡན་པ་རྣམས་འདུས་བྱས་འདུས་མ་བྱས་ཀྱི་ཚོགས་གསོག་སྒྲིབ་སྦྱོང་ལ་འབད་པར་ཞུ་ལགས། བཀྲ་ཤིས། གཅིག་ཞུས་ཁུལ་ལགས།

སྲིད་ཞིའི་མ་ལུས་པའི་ཁྱབ་བདག་དཔལ་ལྡན་བླ་མ་དམ་པ་མཚུངས་མེད་སྣ་ཚོགས་རང་གྲོལ་གྱི་རྣམ་པར་ཐར་པའི་སྒོ་ནས་གསོལ་བ་གདབ་པ་ཡོན་ཏན་མི་ཟད་རྒྱན་གྱི་ཟློས་གར།


TR008_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་ཞིའི་མ་ལུས་པའི་ཁྱབ་བདག་དཔལ་ལྡན་བླ་མ་དམ་པ་མཚུངས་མེད་སྣ་ཚོགས་རང་གྲོལ་གྱི་རྣམ་པར་ཐར་པའི་སྒོ་ནས་གསོལ་བ་གདབ་པ་ཡོན་ཏན་མི་ཟད་རྒྱན་གྱི་ཟློས་གར་ཞེས་བྱ་བ་བཞུགས་ལགས།


TR008_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

བསྔགས་འོས་ཡོན་ཏན་རྒྱ་མཚོའི་གཏེར་གྱུར་པ། །རྒྱལ་བ་ཀུན་གྱི་ཐུགས་རྗེའི་སྒྱུ་འཕྲུལ་གྱི། །ཟློས་གར་བསྒྱུར་ལ་ཟླ་མེད་རྗེ་བླ་མ། །གང་གི་ཞབས་རྡུལ་གཙུག་གི་ནོར་བུས་མཆོད། །སྐྱེ་དགུ་ཀུན་གྱི་མ་འདྲིས་མཛའ་བའི་བཤེས། །བླ་མེད་བླ་མ་ཁྱོད་ཀྱི་རྣམ་ཐར་ལ། །བདག་བློ་མི་ཕྱེད་དད་པས་སྐྱབས་མཆི་ན། །ཁྱོད་ཀྱི་མཛད་པ་བཟང་པོས་བདག་སྐྱོངས་ཤིག །མགོན་ཁྱོད་རྒྱལ་ཀུན་སྤྱི་གཟུགས་ལྷུན་གྲུབ་ཀྱང་། །སོ་སྐྱེའི་སྣང་ངོར་སྐྱེ་སྤྲུལ་མཛད་པའི་གར། །སྟོན་ལ་ཐབས་མཁས་


TR008_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེ་བརྙེས་པས། །མདོར་བསྡུས་གདུང་བའི་དབྱངས་ཀྱི་བསྟོད་པར་བགྱི། །ཐུབ་དབང་སྤྱན་སྔར་འཕགས་པ་ཀུན་དགའ་བོ། །གངས་རིའི་ཁྲོད་འདིར་འཇམ་དབྱངས་ཐོན་མི་སོགས། །སྐྱེས་ཆེན་མང་པོའི་ཕྲེང་བ་ཡོངས་བཟུང་ནས། །བསྟན་པ་རྒྱས་པར་མཛད་ལ་གསོལ་བ་འདེབས། །ཁྱད་པར་སློབ་དཔོན་ཆེན་པོས་བཻ་རོ་ཡི། སྤྲུལ་པ་ལུང་བསྟན་རྟ་མགྲིན་གསུང་དབྱངས་ཐོས། །ཨ་ཏིའི་དོན་རྟོགས་སྔ་འགྱུར་བསྟན་པའི་བདག །མཚུངས་མེད་བསྟན་འཛིན་རྡོ་རྗེར་གསོལ་བ་འདེབས། །འགྲོ་ཀུན་འཁོར་བའི་མཚོ་


TR008_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བསྒྲལ་བའི་ཕྱིར། །རྒྱལ་སྲས་ཆེན་པོའི་བསྟན་པ་ཇི་ལྟ་བར། །བསམ་བཞིན་སྐྱེ་བ་བཞེས་པའི་བཀའ་དྲིན་ཅན། །བརྟན་གཡོའི་ཁྱབ་བདག་ཁྱོད་ལ༴ གསང་བ་གསུམ་གྱི་སྣང་བརྙན་ངོ་བོ་ཉིད། །གདོད་མའི་སེམས་དང་དབྱེར་མེད་རོ་གཅིག་པའི། །ཆོས་སྐུའི་མངའ་བདག་བླ་མ་རིན་པོ་ཆེ། །སྣ་ཚོགས་རང་གྲོལ་ཞབས་ལ༴ དྲི་བྲལ་ཤེལ་ལ་ཚོན་རིས་བཀྲ་བ་བཞིན། །དག་པའི་གཤིས་ལ་འགགས་ཅིར་ཡང་འཆར། །ལོངས་སྐུའི་མངའ་བདག་བླ་མ་རིན་པོ་ཆེ། །པདྨ་ལེགས་གྲུབ་སྩལ་ལ༴ ཡིད་བཞིན་ནོར་བུས་འདོད་དགུ་སྩོལ་བ་ལྟར། །མཆོག་གིས་སྤྲུལ་པས་འགྲོ་བའི་རེ་འདོད་བསྐོངས། །སྤྲུལ་སྐུའི་མངའ་བདག་བླ་མ་རིན་པོ་ཆེ། །རིག་འཛིན་རྣམ་པ་གསུམ་ལ༴ ཉི་མའི་འོད་དང་དཀྱིལ་འཁོར་དབྱེར་མེད་ལྟར། བདེ་གསལ་མི་རྟོག་ལྷུན་གྲུབ་གཉུག་མའི་ངང་། །སྐུ་གསུམ་མངའ་བདག་བླ་མ་རིན་པོ་ཆེ། །ཀུན་འདུས་རྒྱལ་པོ་


TR008_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ལ་གསོལ༴ དགོངས་འདུས་རྩ་བའི་རྒྱུད་དྲུག་སྦས་པའི་གནས། །མཐོ་རིས་དགའ་ཚལ་ལྟ་བུ་ཡུལ་ལྗོངས་སུ། །ས་སྤྲེལ་སྟོན་འབྲིང་ཚེས་བཅུའི་ཉི་ཤར་དུས། རྡོ་རྗེའི་སྐུ། གླ་དཀར་དུང་གི་སྒོ་མོ་དང་ཉེ་བར་ བལྟམས་མཛད་ལ༴ མངའ་གྱི་ཉེས། དུས་མེ་ལྷ་གཤོངས་ཞེས་གྲགས་པར་ པས་མ་གོས་ལྟ་སྟངས་སོགས། །དམ་པའི་ངང་ཚུལ་ལས་གཞན་ཉེས་སྤྱོད་ཀུན། །རིང་སྤངས་སྙིང་རྗེ་ཆེན་པོའི་གོ་ཆ་ཡིས། གཞན་ཕན་རླབས་ཆེན་མཛད་ལ་གསོལ༴ ཡིན་མིན་བརྟག་པའི་གྱ་གྱུ་མི་དགོས་ཀྱང་། ཡིན་ལ་ཡིན་པར་ཤེས་པའི་གདེངས་འགོད་ཕྱིར། །དད་ལྡན་འགའ་ཡིས་རྣམ་གཡེ་ཞུས་པའི་ཚེ། །སྒྲིབ་མེད་ཐེ་ཚོམ་བཅད་ལ༴ ཁྱིམ་གྱི་ཉེས་པས་ཐུགས་ཕྱུངས་སྔོན་གྱི་གནས། །རྗེས་དྲན་གདན་པར་འཕེབས་ལ་ཤིན་ཏུ་དུངས། །འདུས་པ་རྒྱ་


TR008_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

མཚོས་བསུས་ཏེ་རྡོ་རྗེའི་ཁྲིར། །མཚན་དཔེའི་སྣང་བརྙན་བཀོད་ལ༴ སྲིད་ལས་གྲོལ་ཡང་སྲིད་ལ་ངེས་འབྱུང་གི། །བརྡུལ་ཞུགས་ཆེན་པོས་བསྟན་ལ་རབ་ཏུ་བྱུང་། །ལྷར་བཅས་སྐྱེ་དགུའི་མཆོད་སྡོང་གཅིག་པུ་པ། ཕན་བདེའི་རྩ་ལག་ཁྱོད་ལ་གསོལ༴ ཐམས་ཅད་མཁྱེན་ནས་བསྐལ་མང་འདས་གྱུར་ཀྱང་། །ཚུར་མཐོང་གདུལ་བྱའི་ཡིད་རབ་དྲངས་བའི་ཕྱིར། །དང་པོའི་ཤེས་བྱ་ཀུན་ལ་ཐོགས་མེད་ཀྱི། །མི་འཇིགས་སྤོབས་པ་སྦྱིན་ལ༴ རྣམ་གཡེང་སྲེད་པའི་འདམ་དུ་མ་བྱིང་བར། །རྟག་པར་དགེ་བའི་བཤེས་གཉེན་བསྟེན་བཟོད་པའི། །བརྩོན་འགྲུས་ཆེན་པོས་མཁས་གྲུབ་དུ་མ་ལ། །གསན་པ་ངོམས་མེད་མཛད་ལ༴ རྣམ་དཔྱོད་དྲིས་དབེན་ལྟར་སྣང་ཐོས་པའི་ཚོགས། །ལྷུར་ལེན་ཚིག་གི་ལྦུ་བས་མ་བྲིད་པར། །ཐོས་དོན་རྒྱུད་ལ་སྨིན་པའི་ཤེས་རབ་ཀྱིས། །བློ་གྲོས་དོན་ལྡན་མཛད་ལ་གསོལ༴ བསྟེན་འོས་ཡོངས་


TR008_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་འགའ་དང་རྡོ་རྗེ་འཆང་། །རྗེ་བཙུན་བསོད་ནམས་དབང་པོའི་ཞབས་པད་འཕྲེང་། །མཉེས་པ་གསུམ་གྱིས་བསྙེན་ནས་སྨིན་གྲོལ་གྱི། །བདུད་རྩིའི་རྒྱ་མཚོར་རོལ་ལ་གསོལ༴ ཆོས་ཀུན་སྒྱུ་མར་འཆར་བའི་རོལ་རྩེད་ཀྱི། །དག་པའི་གཤིས་ལ་ཨོ་རྒྱན་སྤྲུལ་པའི་ཞིང་། །བཀོད་པ་དུ་མར་གཟིགས་པའི་རྫུ་འཕྲུལ་ཐོབ། །ས་བཅུའི་དབང་ཕྱུག་ཁྱད་ལ༴ རིགས་བདག་ལས་འཕྲོ་གླིང་པས་རྗེས་བཟུང་སྟེ། ཆོས་ཚུལ་སྤྱི་དང་ཁྱད་པར་ཟབ་གཏེར་གྱི། །བདག་པོར་དབང་བསྐུར་ལུང་བསྟན་མངའ་གསོལ་མཛད། །དཀྱིལ་འཁོར་གཅིག་ཏུ་འདྲེས་ལ་གསོལ༴ །རྡོ་རྗེ་ལྟ་བུའི་ཏིང་འཛིན་གཡོ་མེད་ཀྱང་། །ཟབ་ལམ་ཐབས་ཀྱི་ཡན་ལག་སྤྲོས་པའི་ཚོགས། །གཡེལ་མེད་རྒྱུན་མི་ཆད་པའི་ཕྲིན་ལས་ལ། །དབང་བསྒྱུར་རིག་འཛིན་མཆོག་ལ༴ ཕུན་ཚོགས་ལྔ་ལྡན་མངོན་གྱུར་ལ་གཟིགས་ཏེ། །དགྱེས་མཛད་ ལྷོ་བྲག་སྲས་མཁར་ རྡོ་རྗེའི་ཕོ་བྲང་ཆེན་


TR008_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རུ། །བསྟན་རྩ་པོ་ཐར་བྱང་སེམས་ལ་སོགས་པ། །ཉེས་མེད་ཕུན་ཚོགས་ནོས་ལ་གསོལ༴ ཚུལ་ཁྲིམས་རྣམ་དག་བསླབ་གསུམ་ལྡན་པ་ཁྱོད། །དཔལ་གཙུག་ལག་རྒྱ་མཚོའི་དྲུང་དུ། །བཅས་རང་ཉེས་ལྟུང་ས་བོན་དུངས་འབྱིན་པའི། །སྒོ་གསུམ་བག་ཡོད་སྤྱོད་པ་རྣམ་པར་མཛེས། །དྲི་མེད་སྡོམ་བརྩོན་གྱུར་ལ༴ །རང་ཉིད་ཞི་བདེ་འདོད་པའི་ཐུགས་སྤངས་ནས། །ཐེག་ཆེན་ལམ་གྱི་རྩ་བ་བྱང་སེམས་ཀྱིས། །རྟག་ཏུ་གཞན་དོན་འབའ་ཤིག་སྒྲུབ་མཛད་པའི། །སེམས་དཔའ་ཆེན་པོ་ཁྱོད་ལ༴ ཆོས་དབང་མངའ་བདག་སངས་རྒྱས་གླིང་སོགས་ཀྱིས། གདུང་རིགས་རྙིང་བསྟན་འཛིན་ལས་ཆོས་ཀྱི་བཅུད། །བླངས་ཏེ་རྟགས་དང་ཡོན་ཏན་མངོན་སུམ་དུ། །གྲུབ་པའི་དབང་པོ་ཁྱོད་ལ༴ ནོར་བཟང་རྟག་ཏུ་ངུ་ཡི་རྣམ་ཐར་བཞིན། །བཤེས་གཉེན་དམ་པ་བསྟན་ལ་སྐྱེ་མེད་པར། །སྔ་འགྱུར་བསྟན་པ་འཛིན་པའི་མིག་གཅིག་པུ། གཞན་ཕན་ གུ་རུ་ མྱང་ གཅོང་རོང་གོང་ར་ལོ་ཆེན།


TR008_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེར་གཏུད་ལ་གསོལ་བ་འདེབས། །གང་གི་བློ་གྲོས་རབ་ཡངས་པདྨོའི་ཚལ། །ཐ་སྙད་རིག་པའི་གཞུང་ལུགས་ཉིན་བྱེད་ཀྱིས། །ཕྱེ་བས་ལེགས་པར་བཤད་པའི་ཟིལ་དངར་དང་། །རྣམ་དཔྱོད་དྲི་བསྲུང་སྤྲོ་ལ༴ ས་གནས་སེམས་དཔའ་བསྟན་འགྲོའི་དོན་མཛད་གར། སྒྲ་སྙན་ངག་སོགས་ མཛད་གར། །སྨིན་གྲོལ་བཅུད་ཀྱི་མེ་ཏོག་ཅི་ཡང་འཐོར། །དག་སྣང་ཡིད་ཆེས་ཕན་ཚུན་འགྲན་པ་བཞིན། །ཕྲིན་ལས་ཀུན་ཏུ་སྤེལ་ལ༴ གསུང་སྤྲུལ་རིན་པོ་ཆེ་དང་ཀ་ཐོག་ཆོས་རྗེ་ལ་སོགས། །གྲུབ་ཆེན་མང་པོའི་དཀྱིལ་འཁོར་ཞལ་ཕྱེས་ནས། །དབང་བཞིའི་རིམ་པས་སྐལ་ལྡན་བདེ་ཆེན་གྱི། །གོ་འཕང་ལ་བཀོད་མཐོང་ཐོས་དྲན་རེག་ལའང་། །སྨིན་གྲོལ་སྐྱེད་རྫོགས་གླིང་དང་དུར་ཁྲོད་མགོ་དགུ་བདེ་ཆེན་དགོན་སོགས་སུ། །ཐར་པའི་ས་བོན་བསྐྲུན་ལ་གསོལ་བ་འདེབས། །དེ་ཉིད་བཅུ་སོགས་རྡོ་རྗེ་སློབ་དཔོན་གྱི། །ལས་རིམ་རབ་འབྱམས་ཀུན་ལ་ཐོག་མེད་ཀྱི། །མཐུ་སྟོབས་གསང་བའི་


TR008_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བདག་པོ་ལྟར་གྱུར་ཀྱང་། །མི་བསྙེངས་དུལ་བ་ཁྱོད་ལ་གསོལ༴ །རིགས་གསུམ་གདུལ་བྱའི་བསམ་པ་སྣ་ཚོགས་ལ། །ཆོས་དང་ཟང་ཟིང་མི་འཇིགས་བྱམས་པའི་མཐུས། །རང་རང་བསམ་པ་ཐམས་ཅད་སྐོངས་མཛད་པའི། །ཡིད་བཞིན་ཁྱོད་ལ༴ འཕགས་ཡུལ་གངས་ཅན་ལྗོངས་འདིར་ཡོངས་གྲགས་ཀྱི། །མཁས་གྲུབ་དུ་མའི་རྣམ་པར་ཐར་པ་ཡང་། །ཁྱོད་ཀྱི་སྔོན་བྱུང་གཏམ་ལས་གཞན་ཅི་ཞིག །ཡོངས་གྲགས་དོན་མཐུན་ཁྱེད་ལ༴ ཐོབ་ཀའི་དལ་བ་སླར་ཡང་དོན་ཡོད་ཕྱིར། །དཔལ་གྱི་རི་ལ་འཕགས་པ་ཀླུ་སྒྲུབ་འམ། །ནཻ་རཉྫ་ནའི་འགྲམ་དུ་ཐུབ་དབང་ལྟར། །དཔལ་རིའི་གངས་འདབས་བཞུགས་ལ་གསོལ༴ སེམས་དཔའ་ཆེན་པོའི་སྙིང་སྟོབས་ཇི་བཞིན་དུ། །རང་ཉིད་གཅེས་པར་འཛིན་པ་ཁྱད་དུ་བསད། བསྟན་ལ། །མི་ལོ་ཉེར་བཞི་དབེན་མཚམས་ལ་དགེ་གཅིག་ཏུ། །སྟོན་པ་གཉིས་པའི་རྣམ་


TR008_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་བཞིན། །སྟོན་མཛད་དྲང་སྲོང་ཁྱོད་ལ༴ བདག་འཛིན་ཕྱོགས་ལྷུང་གདོན་གྱིས་མ་སླད་པར། །དག་སྣང་ཕྱོགས་མེད་འབྱོངས་པའི་དགེ་མཚན་གྱིས། །བསྟན་པ་ཡོངས་ཀྱི་གཙུག་ཏུ་མངོན་འཕགས་པ། །གཞན་བློའི་དྲེགས་སྙིལ་ཁྱོད་ལ༴ རྙེད་བཀུར་དོར་ཀྱང་སྲིད་ཞིའི་དཔལ་ལ་རོལ། །གྲགས་པ་སྤངས་ཀྱང་སྙན་པས་སྲིད་གསུམ་ཁྱབ། །སྙིང་རྗེའི་ཞགས་པས་ཁམས་གསུམ་སེམས་ཅན་འཆང་། །སྐྱེ་དགུའི་མཆོད་སྡོང་ཁྱོད་ལ༴ མཐའ་ཡས་ཡོན་ཏན་མི་ཟད་གཏེར་ཆེན་པོ། །ཁོང་དུ་ཆུད་ཀྱང་སྦས་པའི་ཚུལ་མཛད་ཅིང་། །རྣམ་གྲོལ་ཆོས་དབྱིངས་ངང་ལས་མི་གཡེལ་བའི། །ཟླ་བྲལ་དགེ་བའི་བཤེས་ལ་གསོལ༴ རྒྱ་ཡན་སྣང་བའི་བློ་ལ་བདེ་ཆེན་གཤིས། །ཚོགས་གཉིས་ཟུང་འཇུག་ཆེན་པོའི་རྩེར་སོན་པས། མདོ་སྔགས་བསྟན་པའི་རྒྱལ་མཚན་འཛིན་པའི་དཔལ། །ཆོས་ཀྱི་གཏེར་མཛོད་འཆང་


TR008_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གསོལ་བ་འདེབས། །ཡན་ལག་དྲུག་དང་རྡོ་རྗེ་རྣམ་གསུམ་སོགས། །རིམ་པ་དང་པོའི་རྣམ་གཞག་ཇི་སྙེད་པ། །ཐ་མལ་སྣང་ཞེན་མ་ལུས་ཀུན་བཅད་པའི། །སྐྱེད་རིམ་མཐའ་ཕྱིན་མཛད་ལ༴ རྩ་ཚོགས་བདུན་ཅུ་རྩ་གཉིས་དགྲ་བཅོམ་ཞིང་། །ལས་རླུང་མ་ལུས་དབུ་མའི་དབྱིངས་སུ་བསྡུས། །མི་ཤིག་བདེ་ཆེན་ཐིག་ལེ་མངོན་དུ་མཛད། །རྫོགས་རིམ་མངོན་དུ་གྱུར་ལ་གསོལ༴ གསང་ཆེན་ལམ་གྱི་བགྲོད་པ་མཐའ་ཕྱིན་ནས། །ཟག་མེད་བདེ་ཆེན་ལྷན་ཅིག་སྐྱེས་པའི་དོན། །གཡོ་མེད་མཆོག་ཏུ་མི་འགྱུར་བསྟན་པའི་བདག །འཁོར་ལོའི་དབང་ཕྱུག་ཁྱོད་ལ་གསོལ༴ ཐ་སྙད་སྤྲོས་པའི་ཚོགས་ལ་མ་ལྟོས་པར། །ཐེ་ཚོམ་སྒྲོ་འདོགས་ཐམས་ཅད་ནང་ནས་ཆོད། །སྣང་སྲིད་དཔེ་དང་སློབ་དཔོན་དུ་འཆར་བའི། གཅིག་ཤེས་ཀུན་གྲོལ་ཁྱོད་ལ༴ །ཆུ་འཛིན་ནམ་མཁའི་དབྱིངས་སུ་དག་པ་བཞིན། །ཉོན་མོངས་རྣམ་རྟོག་ར་རི་ཇི་སྙེད་པ། མི་རྟོག་ཆོས་ཉིད་ཀློང་དུ་


TR008_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་ཞི་ནས། །འོད་གསལ་མངོན་དུ་གྱུར་ལ་གསོལ༴ སྐྱེ་མེད་ངང་ལས་ཆོས་རྣམས་ཐམས་ཅད་སྐྱེ། །གང་དག་སྐྱེས་ཙམ་ཉིད་ནས་སྐྱེ་མེད་པས། །རང་བཞིན་ནམ་ཡང་གཡོ་བ་མི་མངའ་བའི། །རང་ཤར་རང་གྲོལ་ཁྱོད་ལ༴ ཁྱོད་ཐུགས་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ནི། །སྨྲ་བསམ་བརྗོད་པའི་ཡུལ་བྲལ་རྟོག་དཀའ་བའི། །བསམ་གྱིས་མི་ཁྱབ་ཟབ་མོ་རྡོ་རྗེའི་གནད། །ཇི་བཞིན་མངོན་དུ་མཛད་ལ༴ བརྟན་དང་གཡོ་བའི་དངོས་པོ་ཇི་སྙེད་པ། །ཆོས་དབྱིངས་རྒྱ་མཚོའི་རོལ་པ་ལས་ཤར་བའི། །ཟུང་འཇུག་བློ་འདས་ཁྱབ་གདལ་ཆེན་པོའི་དོན། །བྱར་མེད་མངོན་དུ་མཛད་ལ་གསོལ༴ དཔག་ཡས་ཆོས་ཀྱི་ཕུང་པོའི་དགའ་སྟོན་ནི། །མན་ངག་ཕྱག་རྫོགས་སྙིང་པོར་ལེགས་བསྡུས་ནས། །སྐལ་ལྡན་འགྲོ་ལ་བདེ་བླག་གཅིག་ཅར་དུ། །སྩོལ་མཛད་


TR008_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཁྱོད་ལ་གསོལ༴ མཉམ་བཞག་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ། །རྒྱུན་ཆད་མེད་པར་གོམས་པའི་བརྟུལ་ཞུགས་ཀྱི། །ཚོགས་དྲུག་ཆོས་ཉིད་ངང་དུ་རོ་གཅིག་པའི། །ཆོས་སྐུའི་རྒྱལ་ས་ཟིན་ལ༴ དངོས་དང་དངོས་པོ་མེད་པ་ལས་གྲོལ་ཞིང་། །ཀུན་རྫོབ་དོན་ལ་མཚན་མ་དང་བྲལ་བའི། །རྟེན་ཅིང་འབྲེལ་བར་འབྱུང་བའི་ལམ་མཐའ་དག །ཁོང་དུ་ཆུད་པར་མཛད་ལ་གསོལ༴ །ཟབ་མོའི་ལམ་བཟང་དཔག་པར་དཀའ་བ་ཡི། །གནད་རྣམས་མ་ལུས་ཇི་བཞིན་ལེགས་གཟིགས་ནས། །ཚིག་དང་དོན་ལ་འཁྲུལ་པ་མི་མངའ་བའི། །བདེན་པར་གསུང་བ་ཁྱོད་ལ་གསོལ༴ སྐད་ཅིག་མངོན་པར་ཤེས་པ་རྒྱུ་འབྲས་དང་། །དམིགས་མེད་ཐུགས་རྗེ་སྐྱེས་པ་སྙིང་རྗེ་དང་། །སྣོད་བཅུད་ལྷར་གསལ་ཞིང་ཁམས་འབྱོངས་པ་ཡི། །རྟོགས་པ་གསུམ་ལྡན་ཁྱོད་ལ༴ ཚེ་འདིར་ལྟོས་མེད་སྒྲུབ་པའི་ཚན་ཁ་བསྐྱེད། །ཆོས་བརྒྱད་འདོད་དོན་


TR008_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ཀྱིས་མ་བྲིད་པར། །སྟོང་ཉིད་སྙིང་རྗེའི་སྐུ་ལ་རྒྱུ་འབྲས་ཀྱི། །དཔྱད་པ་གསལ་མཛད་ཁྱོད་ལ༴ དགེ་སྡིག་ཕྲ་མོའི་འདོར་ལེན་མངོན་བྱེད་པའི། །རྟགས་དང་རྟེན་འདྲེལ་ཀུན་ཤེས་གཞན་སྣང་སོགས། །དབང་འདུས་སྒྱུ་མའི་ངོ་བོ་གཅིག་ཏུ་རྫོགས། །ཐམས་ཅད་མཁྱེན་གཟིགས་མཁྱེན་པ་གསོལ༴ བྱར་མེད་ངང་ནས་བརྩོན་འགྲུས་ཆེན་པོ་རྩམས། །འདུས་མ་བྱས་ཀྱང་འདུས་བྱས་ཆེན་པོ་མཛད། །རང་རྒྱུད་ལས་རུང་ཞེན་ལོག་དྲག་པོ་ཡིས། འཁོར་བའི་གཡུལ་ལས་རྒྱལ་ལ་གསོལ༴ སྒྲུབ་པ་ལ་ རྟེན་བཞེངས་སོགས་ སྣང་སྲིད་སེམས་སུ་ཤེས་པའི་ལྟ་བ་ཡིས། དཀོར་ཟས་སྤངས་ཏེ། དམ་བཅའ་མང་པོ། །གཞན་དོན་ལེགས་ཚོགས་སྒྲིག་པའི་རྟེན་འབྲེལ་དང་། །རང་སྣང་སྒྱུ་མར་བརྟན་པ་ཐོབ་པ་ཡི། །གྲུབ་པའི་ཁྱུ་མཆོག་ཁྱོད་ལ༴ སྐྱེ་བའི་ཕྲེང་བར་རྫོགས་སྨིན་སྦྱངས་མཐར་སོན། །འདིར་ཡང་དམ་པ་


TR008_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་བྱིན་རླབས་པས། །གཞོན་ནུའི་སྣང་ཚུལ་སྟོན་པའི་དུས་ཉིད་ནས། །ངོ་མཚར་གཏེར་མངའ་ཁྱོད་ལ༴ ཡི་གེའི་འདུ་བྱེད་དཀའ་གནས་མ་ལུས་ཀུན། །རྔ་ཡབ་གླིང་ནས་གུ་རུས་མཚན་ལམ་དུ། །སྤྲུལ་པའི་གཟུགས་བསྟན་གནད་ཀྱི་ཕྱག་ཁྲིད་མཛད། སྐུ་གཞོན་ནུའི་དུས་ ཇི་བཞིན་མངོན་གྱུར་ཁྱོད་ལ༴ ཡེ་ཤེས་ཌཱ་ཀི་གྲིབ་ལྟར་འགྲོགས་པའི་མཐུས། །བགྲོད་དཀའི་ནགས་ཁྲོད་བྲག་ཡང་གཤེགས་པའི་ཚེ། །གཟུགས་མེད་ལག་པས་ཞབས་ནས་མངོན་སུམ་བཏེགས། །འཇིགས་བྲལ་དཔའ་བོ་ཁྱོད་ལ༴ ཆིབས་རྟ་འགྱེལ་ཚེ་སྟེང་ནས་བྱ་ལྟར་འཕུར། །གསོལ་དཀར་འཕངས་པ་ཆག་གྲུམ་གཏན་མེད་དང་། །གྲུ་ཁའི་རྦ་ཆེན་ཕྱག་ནས་འཐོར་བས་ཞི། །རྫུ་འཕྲུལ་སྟོབས་མངའ་ཁྱོད་ལ༴ སྐྱེ་བདུན་གྲུབ་ཚེ་འཕགས་མཆོག་ཞལ་གཟིགས་ཤིང་། བཅུ་གཅིག་ཞལ་གྱི་ །དབུ་ཡི་གཙུག་ཏུ་ནས་དཀར་ཚར་དུ་བབས། །ཁྱད་པར་འཕགས་པའི་


TR008_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

སྤོས་རེང་རང་བྱུང་འབར། །དངོས་གྲུབ་མཆོག་བརྙེད་ཁྱོད་ལ༴ དགུ་ཞག་སྒང་ལ་བདུད་རྩི་སྨན་གྲུབ་མཛད། །ས་ཆུ་ཀུན་དྲོས་འཇའ་འོད་གུར་ཁང་ཕུབས། །སྨན་གྱི་དྲི་བཟང་ཚ་ལམ་འགྲུལ་པས་ཚོར། །བྱིན་རླབས་ལྷུན་གྲུབ་ཁྱོད་ལ༴ ཐེན་པས་ཉེན་ཚེ་བདེན་ཚིག་གྲུ་ཆར་ཕབས། །སྲུང་མདུད་ཐོགས་ལ་མཚོན་གྱི་མ་ཚུགས་དང་། །གསང་ཆབ་བཏུང་པས་གཟའ་ནད་ལྐུག་ལས་གྲོལ། །ཐུགས་རྗེའི་འདོད་འཇོ་ཁྱོད་ལ༴ །ལོངས་ཡུལ་གཉགས་འཕྲང་རྦ་འདྲེ་དམ་ལ་བཏགས། །མཁར་སྤེལ་རྫོང་དུ་རྒྱལ་འགོང་གདུགས་པ་བཏུལ། །སྤུ་བོའི་ཡུལ་དུ་བཙན་གསར་ཆོས་ལ་བཀོད། །ནུས་ལྡན་རྡོ་རྗེ་ཁྱོད་ལ༴ གཡོར་པོའི་གཞུང་དུ་པ་ལ་མ་རེག་བྱོན། །གཙང་རོང་མཐིལ་དུ་བར་ཆད་སྲི་ཆེན་བཟློག །ཏིང་འཛིན་


TR008_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

གཏད་པས་སྨྱོན་པ་གདོན་ལས་གྲོལ། །ཡ་མཚན་རྨད་བྱུང་ཁྱོད་ལ༴ སྐུ་ལ་ལོག་པར་ལྟ་བྱེད་ཡུལ་གྲོང་ལ། །བྱམས་བརྩེས་གཟིགས་ཀྱང་ལོ་གསུམ་མ་འགྱངས་པར། །མི་གྲངས་ལྔ་བཅུ་སྲུངས་མས་སྲོག་དབུགས་བསྡུས། །སྒྲིབ་སྦྱོངས་གནས་ལ་མཛད་ལ་གསོལ༴ བྲག་ལོང་མཚམས་སུ་སྐུ་ཆས་སྟོར་བ་ནི། །སྦེད་པོའི་སྣོད་ལ་མེ་སྟག་འཕྲོ་ཞིང་འབར། །མཐའ་མར་མི་ནོར་ཁྱིམ་བཅས་རྡུལ་དུ་བརླག །མཐུ་རྩལ་རང་བྱུང་ཁྱོད་ལ༴ མཆིམས་ཡུལ་ཡོན་བདག་དངུལ་སྐུ་འདྲེ་རྩ་ལ། བཀའ་བསྒོའི་ཆབ་ཤོག་རྩལ་བ་སློབ་ཉེའི་ཚེ། བེམ་པོའི་གཟུགས་སྐུས་དངོས་སུ་འབྲོས་ཚུལ་བསྟ། ཅོ་ཁར་དུ་ ཕྱིན་ཆད་གདོན་བྲལ་མཛད་ལ་གསོལ༴ དམ་ཉམས་ཤིག་ལ་གཏོར་མ་འཕངས་བའི་ཚེ། །གཏེར་བདག་སྤུན་བདུན་གཏོར་མས་


TR008_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་རྒྱུག །བཀའ་ལས་འགལ་བྱེད་མྱུར་དུ་ཕ་རོལ་སོང་། །བཀའ་སྲུང་བྲན་བཀོལ་ཁྱོད་ལ་གསོལ༴ དྲི་ལྷའི་གངས་ཉིལ་གཙང་ཆབ་ཞག་དྲུག་འགགས། །ཀོང་ཡུལ་ཆུ་ཡིས་འཇིག་ཉེར་བདེན་སྟོབས་དང་། །ཕྱག་ནས་སློབ་པས་སྐད་ཅིག་ཙམ་ལ་ཞི། །འབྱུང་བ་དབང་བསྒྱུར་ཁྱོད་ལ་གསོལ༴ སྨིན་གྲོལ་སྐྱེད་རྫོགས་གླིང་དང་རྩ་གོང་གནས། །རྒྱ་ལའི་ལྷ་ཁང་ལ་སོགས་རབ་གནས་ཀྱི། །དུས་ཚེས་བསྒྲིག་མཐུན་མེ་ཏོག་དངོས་སུ་བབས། །ཡེ་ཤེས་བརྟན་ཐོབ་ཁྱོད་ལ༴ དེ་སོགས་མཆོག་ཐུན་གྲུབ་པའི་མཚན་མ་ནི། །ཡང་དག་མངའ་ཡང་ལོག་རྟོག་དགག་པའི་ཕྱིར། །ཡོན་ཏན་སྦེད་པའི་བརྟུལ་ཞུགས་འབའ་ཞིག་མཛད། ས་བདག་ཁ་གནོན་གྱི་ །སྦས་པའི་རྣལ་འབྱོར་ཁྱོད་ལ་གསོལ༴ ལྟར་སྣང་ཟང་ཟིང་ལ་སོགས་


TR008_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་སྣང་གིས། །གཟིར་བའི་འགྲོ་དོན་བསྟན་པའི་ཆོམ་རྐུན་གྱི། །རྒྱུ་སྐར་ཁྲོད་དུ་མ་འདྲེས་ཡང་དག་པའི། །འགྲོ་དོན་འོད་དཀར་འཛིན་ལ་གསོལ༴ སོ་སྐྱེའི་སྣང་ངོར་ལོག་པར་ལྟ་བའི་ཆ། །སྐད་ཅིག་ཙམ་ཡང་འཆར་བར་མི་ནུས་ཤིང་། །སྔོན་བྱོན་མཁས་གྲུབ་རྣམས་ཀྱི་རྣམ་པར་ཐར། །རྩོད་དུས་དཔེར་སྟོན་མཛད་ལ་གསོལ་བ་འདེབས།། ༈ །།མདོར་ན་ཁྱོད་ཀྱི་ཡོན་ཏན་བྱེ་བའི་གཏེར། །ངག་དང་བསམ་པའི་སྤྱོད་ཡུལ་ལས་འདས་ཀྱང་། །ཚུར་མཐོང་སྐྱེ་བོའི་དད་པ་རྒྱ་མཚོ་ཡིས། །མངོན་པར་བསྔགས་འདིས་ཁྱོད་བཞིན་འགྱུར་བར་སྨོན། །མཐའ་ཡས་འགྲོ་ཀུན་རིས་མེད་མ་རྒན་རྣམས། །བྱང་ཆུབ་རྗེས་སུ་སློབ་ཅིང་མཐའ་ཕྱིན་སླད། རྣམ་པར་ཐར་པ་ཡོན་ཏན་ཕུང་པོ་འདིར། །མི་ཕྱེད་སྒོ་གསུམ་གུས་པས་ཕྱག་བགྱིའོ། །བདེ་སྟོང་སྙིང་རྗེ་ཆེན་པོའི་མཆོད་པ་འབུལ། །


TR008_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་སྐྱེས་དྲི་མས་ནོང་གང་མཐོལ་ལོ་བཤགས། །བསྔགས་འོས་ཚུལ་བཞིན་བསྔགས་ལ་རྗེས་ཡི་རངས། །སླར་ཡང་རྣམ་ཐར་ཆོས་དབྱངས་སྒྲོག་པར་བསྐུལ། །བསྟོད་ཡུལ་བསྟོད་ཚིག་མི་ནུབ་བསྐལ་བརྒྱའི་བར། །རྟག་ཏུ་མི་འགྱུར་འགྱུར་བ་མེད་པའི་དགེ། །རྒྱལ་བསྟན་སྒྲོན་མེ་གསལ་ཞིང་བླ་མ་ཡི། །གོ་འཕང་མྱུར་དུ་ཐོབ་པའི་ཆེད་དུ་བསྔོ། །དེང་ནས་བརྩམས་ཏེ་བྱང་ཆུབ་སྙིང་་པོའི་བར། །ཁྱེད་ཀྱི་བརྩེ་བའི་ལྕགས་ཀྱུས་རྗེས་འཛིན་ཅིང་། །དམ་ཆོས་བདུད་རྩིའི་མཚོ་ལ་རྣམ་ཀུན་ཏུ། །སྤྱོད་པས་རྡོ་རྗེའི་ས་ལ་འགོད་པར་ཤོག །རྨི་ལམ་སྒྱུ་ཐབས་མཁས་འདྲའི་ཚེ་འདིར་ཡང་། །རི་སུལ་གངས་སོགས་དབེན་པའི་གནས་ཆེན་དུ། །ཁྱོད་ཀྱི་དམ་པའི་སྙིང་པོས་བདག་གིས་རྒྱུད། །ཡོངས་སུ་གྲོལ་བར་བྱིན་གྱིས་བརླབས་ཏུ་གསོལ། །ཚེ་རབས་ཀུན་ཏུ་བླ་མ་ཁྱོད་ཀྱི་ཞབས། །བདག་གཙུག་རིགས་ཀྱི་བདག་པོར་བསྟེན་བྱེད་ཅིང་། །རྒྱལ་བ་དགྱེས་པའི་སྤྱོད་


TR008_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་འབའ་ཤིག་གིས། །རྣམ་པ་ཀུན་ཏུ་ཡོངས་སུ་འཚོ་བར་ཤོག །ངོ་བོ་ཀ་དག་རང་བཞིན་ལྷུན་གྱིས་གྲུབ། །ཐུགས་རྗེ་ཀུན་ཁྱབ་རིག་པའི་ཡེ་ཤེས་ཏེ། །ཁྲེག་ཆོད་རིག་སྟོང་ཐོད་རྒལ་སྣང་སྟོང་གི། །ལེགས་རྟོགས་སྐུ་དང་ཡེ་ཤེས་འགྲུབ་པར་ཤོག །བསམ་གྱིས་མི་ཁྱབ་འོད་གསལ་ཕྱག་རྒྱ་ཆེའི། །གནས་ལུགས་ཐ་མལ་ཤེས་པ་མངོན་གྱུར་ཏེ། །ཁྱབ་བདག་དཔལ་ལྡན་བླ་མའི་དཀྱིལ་འཁོར་དུ། །འགྲོ་ཀུན་མཉམ་ཉིད་ཆེན་པོར་སྒྲོལ་བར་ཤོག །དེ་ལྟར། སྐྱེ་དགུ་མཐའ་དག་གི་སྐྱབས་དང་དཔུང་གཉེན་དུ་གྱུར་པ་ནི་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ཁོ་ན་ཡིན་ལ། དེ་ཉིད་འགྲོ་བ་ཐ་དད་ཀྱི་སྣང་ངོར་གང་ལ་གང་འདུལ་གྱི་སྤྲུལ་པའི་རྣམ་རོལ་བསམ་གྱིས་མི་ཁྱབ་པར་སྟོན་ཀྱང་། །རྒྱལ་ཚབ་ཏུ་བསྔགས་ཤིང་དབང་བསྐུར་བ་ནི། རིག་འཛིན་པདྨ་ཀ་ར་དང་། མཉམ་མེད་ཟླ་འོད་གཞོན་ནུ་གཉིས་ལས་གཞན་དུ་མ་མཆིས་ཤིང་། དེ་དག་གི་བསྟན་པ་རིན་པོ་ཆེ་ཇི་ལྟ་བར་འཛིན་པའི་སྐྱེས་བུ་དམ་པ། སྐྱོན་མ་ལུས་པ་སྤངས་


TR008_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། །ཡོན་ཏན་བྱེ་བའི་གཏེར་གྱི་གཏམས་པ། མཁས་ཤིང་གྲུབ་པའི་དབང་པོ་རྗེ་བཙུན་སྣ་ཚོགས་རང་གྲོལ་ལམ། མཁས་མཆོག་པདྨ་ལེགས་གྲུབ་སྩལ་བཞེས་གྲགས་པའི་རྣམ་པར་ཐར་པ་ངོ་མཚར་གྱི་རིན་ཆེན་འབྱུང་གནས་ལས། བདག་ཅག་ཚུར་མཐོང་གི་དད་པས་ཀུ་ཤའི་རྩེ་མོའི་ཆ་ཤས་ཙམ་བསྟོད་པའི་བསྐལ་བཟང་དུ་བགྱིས་པ་འདི།། ༈ །།རྗེ་དེ་ཉིད་ལ་མི་ཕྱེད་པའི་དད་པ་རབ་ཏུ་བརྟན་པ། །སྙི་སྒོམ་ཆེན་པོའི་རིགས་དབོན། རྒྱལ་སྲས་རིག་འཛིན་ཆོས་ཉིད་ཀློང་གྲོལ་གྱི་བཀས་བསྐུལ་བ་ལྟར། སྒམ་པོ་ཤཱཀྱའི་བཙུན་པ་བཟང་པོའི་མིང་ཅན་ནམ། དགའ་བའི་རྡོ་རྗེར་བོད་པ་དེས་གུས་པའི་ཡིད་རྩེ་གཅིག་ཏུ་བགྱིས་ནས་བཀོད་པ་ཡིན་ལ། དེ་ཡང་། གསོལ་བ་འདེབས་སོ་ནི་དད་མོས་ཀྱི་གཞི་ཚུགས་ཤིང་། ལས་འབྲས་གོ་བ་དང་། དམ་ཚིག་སོགས་ལ་གནས་པ་ཞིག་གིས་མཚན་ལྡན་གྱི་བླ་མར་སྐྱབས་སུ་འཛིན་ཅིང་གསོལ་བ་གདབ་པར་འོས་ལ། གསོལ་བ་འདེབས་ཡུལ་གྱི་བླ་མ་དེ་ཡང་རྒྱལ་བའི་བསྟན་པ་དང་ལྟ་སྤྱོད་ཀུན་མཐུན་པ་ཞིག་སྟེ། ཇི་ལྟ་བུ་ཡིན་ན། རྗེ་བཙུན་བླ་མ་དེ་ཉིད་ལྟ་བུ་སྟེ། རྒྱལ་


TR008_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་རྣམ་དག་གི་ལྟ་སྒོམ་སྤྱོད་གསུམ་ཁོ་ནས་ཐོས་བསམ་སྒོམ་གསུམ་འཆད་རྩོད་བརྩོམས་གསུམ་སོགས། མདོར་ན་བསྟན་པའི་ཡང་སྙིང་སྒྲུབ་པས་ཉམས་སུ་ལེན་ཅིང་། བསྟན་འགྲོའི་དོན་ཡང་སྒྲུབ་པའི་སྒོ་ནས་མཛད་པ་འདི་གཞན་ལས་ཆེད་ཁྱད་པར་དུ་འཕགས་ལ། འགྲོ་དོན་གྱི་ཡང་རྩེར་གྱུར་པ་ཡིན་ཀྱང་། །འདི་དག་གི་མཚན་ཉིད་ག་དོན་རྟོགས་ཤིང་ངེས་པ་བརྙེད་པའི་གང་ཟག་གི་ནི། །དེང་དུས་ཉིན་མོའི་སྐར་མ་ལྟར་གྱུར་མོད་ཀྱི། དེའི་དབང་གིས། ཆོས་བཞིན་གྱི་སྐྱེས་བུ་དམ་པ་ལས། བླུན་པོ་ཆོས་བརྒྱད་ཀྱི་འཁོར་ལོ་བསྐོར་ཞིང་ལས་འབྲས་ཁྱད་དུ་བསད་ནས་རང་འདོད་འབའ་ཞིག་སྒྲུབ་པའི་གང་ཟག་དག་ལ་དགའ་ཞིང་དད་ལ་སྐྱབས་གནས་སུ་འཛིན་པ་དང་། །དེ་དག་གི་ས་སྟེགས་གང་བ་འདི་འདྲར་གྱུར་ཚེ། ཆོས་བཞིན་གྱི་གཏམ་དང་ཚད་ལྡན་གྱི་རྣམ་ཐར་དྲང་པོར་བརྗོད་པ་ལ་དགོས་པས་དབེན་ཞིག །མ་དག་པའི་སྐྱེ་བོ་དག་གིས་སླར་ཡང་ལས་སོགས་པའི་རྒྱུར་གདའ་བ་ལ་ཐེ་ཚོམ་མ་མཆིས་ཀྱང་། གཟུར་གནས་སྐལ་བ་དང་ལྡན་པ་དག་མཆིས་ཚེ། རང་རྒྱུད་ལ་ཆོས་ཀྱི་ས་བོན་འཇོག་པ་དང་ལྷན་ཅིག་རྒྱུ་མཚན་འདི་ཡང་སྙན་དུ་གསོལ་བ། སྔོན་གྱི་མཁས་


TR008_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་མང་པོའི་གསུང་ལས། རང་དོན་ཆོས་སྐུའི་ལག་ལེན་གང་ལ་ཡང་བདག་པོ་མེད་པ་ལག་ལེན་བྱེད་གཞན་དོན་གཟུགས་སྐུའི་ལག་ལེན་སྙིང་རྗེས་སྤྲུལ་པ་བསམ་གྱིས་མི་ཁྱབ་པས་འགྲོ་དོན་བྱེད། རང་དོན་དུ་འཇིག་རྟེན་གྱི་བྱ་བ་བློས་བཏང་། སྒྲུབ་པའི་མཚན་ཁ་སྐྱེས་ནས། སངས་རྒྱས་རྩ་ན་འགྲོ་དོན་བྱེད་པ་ཡིན། རང་འདོད་ཀྱི་འགྲོ་དོན་བྱས་ན་འཁོར་བར་འཁྱམས། གདམས་ངག་ཚིག་ཏུ་བཤད་པ་དང་། །སྟོང་ཉིད་ཕྱོགས་རེ་བ་སྟོན་པའི་བླ་མས་ཅེས་མི་རུང་། །སྒྲུབ་པ་ལས་འགྲོ་དོན་ཆེ་བ་མེད། དངོས་ཀྱི་འབྲེལ་པ་ནི་གནས་ལུགས་ཕྱག་རྒྱ་ཆེན་པོའི་ངང་ནས་བདག་གཞན་འདྲེས་ཚར། འགྲོ་དོན་བྱ་བའི་ཡུལ་ངང་ཡུལ་ཅན་ཟད། འོན་ཀྱང་ནམ་མཁའ་དང་མཉམ་པའི་སེམས་ཅན་ལ་སྙིང་རྗེ་ཆེན་པོ་སྐྱེ་ན། སྙིང་རྗེ་དེ་ཉིད་སེམས་ཅན་གྱི་སྣང་ངོར་གང་ལ་གང་འདུལ་གྱི་སྤྲུལ་པའི་སྐུ་རེར་སྣང་བས། འགྲོ་དོན་དེ་ལ་ཟེར་བ་ཡིན། དེ་མིན་སྙིགས་མའི་དུས་སུ་འགྲོ་དོན་བྱས་པས། སློབ་དཔོན་གཙོ་རྒན་དུ་འགྲོ། སློབ་མ་འཕྲུག་དཔོན་དུ་འཆོར་བསྟན་པ་སློབ་དཔོན་གྱིས་བཤིག་པ་ལ་ཚེག་མེད། གསུངས་


TR008_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར། དེས་ན་དམ་པ་འདི་ནི་རྒྱལ་བའི་བཀའ་དང་བླ་མའི་ལུང་ཇི་བཞིན་དང་མཐུན་པར་ཉམས་བཞེས་ཕྱག་ལེན་དུ་བསྟར་བས། དེང་དུས་ཀྱི་བསྟན་པའི་བདག་པོ་གཅིག་པུ་བར་གྱུར་པ་ལ་ཁོམ་ནི་ཡིད་གཉིས་མ་མཆིས་ཤིང་། མ་མཆིས་པ་དེ་དག་སླར་ཡང་གོང་འཕེལ་དུ་འགྱུར་བའི་མཚན་མར། རྗེ་བཙུན་ནི་འཕགས་པའི་གནས་བརྟན་ཡན་ལག་འབྱུང་གི་རྣམ་པར་སྤྲུལ་པ་ཡིན་ཞེས་ལུང་བསྟན་ཐོས་པས། སྐྱེ་བ་དང་ཚེ་རབས་ཀྱི་བར་དུ་རྡོ་རྗེའི་སློབ་དཔོན་དུ་མི་འགྲལ་ཞིང་འབྲལ་བ་མེད་པར་སྨོན་ལམ་གདབ་པ་ཡིན་ཚེ་བསྟན་པ་རྣམ་དག་དང་མཐུན་པའི་སྒོ་ནས་འདི་ཉིད་ཀྱི་བསྔགས་པ་བརྗོད་རྒྱུ་ནི་སྨྲ་བསམ་གྱི་ར་བ་ལས་འགོངས་ཀྱང་། གང་ཟག་ཆོས་ཀྱི་སྤྱན་ལྡན་མཆིས་ན་ནི། བདག་བླུན་པོས། གློག་ལ་མུན་པའི་གསལ་འདེབས་ག་ལ་དགོས་ལྟ་བུར་གྱུར་ལ། བླུན་པོ་དཀོར་ཁྲེབ་ཅན་ལོག་པའི་ལམ་དུ་འཕྱར་ཞིང་འཕྱན་པར་འགྱུར་བ་བདག་ལ་མཉམ་མེད་རྫོགས་པའི་སངས་རྒྱས་དངོས་སུ་བྱོན་ཀྱང་རང་སྣང་མ་དག་པའི་ངོར་ནི། དེ་དག་ལས་ཆང་བུམ་འཐོགས་ཤིང་


TR008_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

བླུད་པའི་སྐྱེ་བོའམ། སྡིག་ཅན་བཤན་པ་ལྟ་བུ་མཐོང་ན་དགའ་ཞིང་འགུ་ལ་རངས་སར་བྱེད་ཚེ། འདི་རིགས་བརྗོད་པའི་དོན་མ་མཆིས་ཤིང་རང་ཉིད་ངལ་བའི་རྒྱུར་ཟད་མོད། སྐལ་ལྡན་རང་དང་སྐལ་མཉམ་ཞིག་མཆིས་ཚེ། འདི་དག་ལ་མོས་གུས་ལྟེམ་ཀྱང་མེད་པར་ཡོན་ཏན་དྲན་བཞིན་དུ་ངེས་ཤེས་ཀྱི་གསོལ་བ་འདེབས་པར་མཛོད་དོ། །གཏན་གྱི་བདེ་ལེགས་ཆེན་པོར་ཚེ་འདི་ཉིད་ལ་འགྲུབ་པར་གདོན་མི་ཟའོ། །ཞེས་ནན་ཏན་དུ་གསོལ་བ་དང་། གསོལ་བའི་དགེ་འབྲས་གང་མཆིས་མཁའ་མཉམ་འགྲོ་བ་མཐའ་དག་དཔལ་ལྡན་བླ་མའི་གོ་འཕང་ཐོབ་པའི་རྒྱུར་བསྔོའོ། །ཤུ་བྷམ།། ༈ །།སྣ་ཚོགས་རང་གྲོལ་གྱི་རྣམ་ཐར་གསོལ་འདེབས་འདི་ཉིད། སྒམ་པོ་ནས་ཞབས་དྲུང་གདུང་རྒྱུད་རིན་པོ་ཆེས་ཞུ་བ་པོ་མཛད་ཅིང་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་ཉིད་ཀྱིས་གསུང་བརྩོམས་སུ་གནང་བ་ལགས་སོ། །བཀྲ་ཤིས། གཅིག་ཞུས་ཁུལ་ལགས།

འདིར་བཀའ་འབུམ་ནང་གི་བརྡ་དང་སྙན་ངག་སོགས་ཀྱི་འགྲེལ་པ་རྒྱ་ཆེར་བཤད་པ།


TR008_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་བཀའ་འབུམ་ནང་གི་བརྡ་དང་སྙན་ངག་སོགས་ཀྱི་འགྲེལ་པ་རྒྱ་ཆེར་བཤད་པ་བཞུགས་སོ།


TR008_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཐར་ལེའུ་གསུམ་པའི་ནང་གི་བརྡ་ཚིག་འཁྲོལ་བ་ནི། འོད་མའི་ཁང་བུ་ནི་སྨྱུག་མའི་ཁྲིམ། ལོག་ལྟ་མིག་སྨན་ནི་མུན་པ། །བྱ་མ་རྟ་ནི་བངས་ཕྱིན་པ། ཙ་ཀོ་ར་ནི་སྐབས་འགའ་རེར་རི་དྭགས་ལ་འཇུག་པ་ཡོད་ཀྱང་སྐབསའདིར་ནི་འུག་པ། སྣང་བྱེད་ཉི་མ་ཡིན་ཕྱིར། དེ་ཤར་བའི་དུས་སུ་འུག་པ་མི་དགའ་ཡང་། བྱེའུ་སོགས་དགའ་བར་བྱེད་པའི་དཔེ། ཁ་བའི་རོ་ལ་བྱོལ་བ་ནི། གཟུར་བའམ་འབྲོད་པར་བྱེད་པ། ཡན་ལག་ཐམས་ཅད་ཀྱི་མཆོག་ནི་མགོ་བོ།། ༈ །།ལོ་ཆེན་སྐུ་ཞབས་ནས་བངས་ཕྱིན་སླེབས་པ། གྲ་པ་རྣམས་


TR008_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

མི་དགའ་ཡང་བདག་དགའ། ཡིན་ཕྱིར། མགོ་སྐོར་ལ་ཟེར། ཉལ་འགྲོ་ནི་ཆུ་བོ་གསུམ་བརྩེགས་ནི་རྣམ་པར་རྒྱལ་བའི་ཁང་བཟང་། ཀླུབས་པ་ནི་བརྒྱན་པ། བདག་ལ་ཡང་མ་འགྲོ་ཞེས། །གཙང་པོ་མགོ་དགུར༴ ས་འཛིན་ནི་རི་བོ། །དར་དཀར་ཐོད་ཕུད་པ་ནི་ཁ་བ་ཞུ་བ། མྱུ་གུའི་ཚོགས་ནི་རྩི་ཤིང་ལོ་ཐོག་ཚོགས་ཀྱི་མྱུ་གུ། ལོགས་པོོའི་འབྲུག་སྒྲ་དང་། མུ་ཏིག་ཆུན་པོའི་ཆར་སོགས་འདི་དག་ཐམས་ཅད་ནི། བདག་ཅག་རྣམས་ལོ་ཆེན་དྲུང་དུ་ཐོག་མར་འགྲོ་བའི་ཉིན་ཟླ་བ་གཉིས་པ་དཔྱིད་ཟླ་ར་བའི་ཚེས་བཅུ་ཡིན་ཚེ་དེའི་ཞོར་ལ་འབྲུག་དང་ཆར་ཐོག་


TR008_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

མར་བྱུང་ཞིང་ཁམ་བུ་མེ་ཏོག་ཤར། འཇའ་ཟུག་པ་སོགས་རྟེན་འབྲེལ་བཟང་བར་བྱུང་ཚུལ།། ༈ །།བླ་མ་ཟང་ཟིང་རིན་དུ་སྤྲོད་པ་སོགས་ནི། གྲྭ་ཚང་ནས་བཤོལ་བཏབ་མཁན་སླེབ་པ་ལ་ཟེར་རྒྱུ་ཡིན་ཏེ། འགྱུར་བྱེད་ཆེས་པ་ནི་སྤྲང་ལམ་མདོ་དོན་མེད་པ་ལ་ཟེར། རྣམ་འགྱུར་དགའ་བ་ལས་གཞན་ནི་མི་དགའ་བ་ལ་ཟེར། ཨ་བ་ལེ་བ་ནི་འཇིག་རྟེན་ཆོས་བརྒྱད་ལ་ཞེན་པ་ཆེ་བ་འཇུག་ཉོན་མོངས་ཀྱི་ཞུགས་ནི་མེད། འཆིལ་པ་ནི་སྲེད་པ། ལྷ་ཆེན་རྣམ་ཐར་ནི་སྤྱི་དོན་ལེགས་བཤད་དུ་ཡོད་པ་ལྟར་གྱི། དགེ་སློང་ལྷ་ཆེན་པོས་ཆོས་དང་མི་མཐུན་ཞིང་རྒྱལ་བའི་བཀའ་དང་འགལ་བ་འབའ་ཤིག་བྱེད་པ་དེ་དཔེར་བླངས་པའོ། །གནོད་མཛེ་མཁར་ནི་གསུམ་མཁར་ལུང་པ། མཐོ་ཞིང་དབེན་པའི་མིང་ནི། གཡོ་མཐོ་དབེན་སྟེང་ཞེས་ཆོས་རྗེ་པདྨ་དབང་རྒྱལ་གྱི་དགོན་པ་བསམ་གཏན་གླིང་ནི་རྩེས་ཐང་གི་


TR008_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ཕྱོགས་ཀྱི་སྒྲུབ་སྡེ་ཤུལ་རིང་ནི་ལམ་ཐག་རིང་པོ། མགྲོན་པ་ནི་གྲུལ་བུ། དམིག་བུ་ལོང་ཁྲིད། དཔལ་དང་འབྱོར་པས་བརྒྱན་པའི་དེའུ་ནི་ཡར་འབྲོག་་དཔལ་སྡེ།། ༈ །།ཟླ་འོད་གཞོན་ནུས་རྨེག་ལྕོག་པ། རིན་ཆེན་བརྩོན་འགྲུས་ཆོས་ཀྱི་ཆེད་དུ་འོང་བ་མངོན་མཁྱེན་གྱིས་གཟིགས་ནས་བསུ་བ་མཛད་པར་བྱོན་པའི་དཔེ། ཐམས་ཅད་སྒྲོལ་གྱི་ལོ་རྒྱུས་ནི་སངས་རྒྱས་ཀྱི་སྐྱེས་རབས་ལ་ཡོད། ཆུ་གཏེར་ཆུ་སྲིན་འཛིན་ཁྲི། རྒྱ་མཚོའི་འཇིངས་ཞེས་སོགས་ཐམས་ཅད་དོན་གཅིག་སྟེ་རྒྱ་མཚོ་གཏིང་ཟབ་པ་ལ་འཇིངས་ཞེས་བྱའོ། །རྫ་མཁན་འཁོར་ལོའི་དབུ་ནི་མགོ་འཁོར་བ། འགའ་ཞིག་ཐོས་ཤེས་མིན་ཡང་གྲགས་ཕྱིར་འཚོགས་པ་ནི། ཆོས་རང་གིས་མི་ཤེས་པར་གཞན་ལ་ཁེ་གྲགས་འདོད་པས་འཆད་པ། ཤེས་ཀྱང་མི་ནུས་ཁོང་འདྲུལ་ནི། ཡོན་ཏན་ཡོད་ཀྱང་གཞན་


TR008_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མི་ཕན་པར་སྙོམ་ལས་དབང་གིས་ཆོས་ཁོང་རུལ་བཏང་བ། འོན་པའི་རོལ་མོ་མཁན་ནི་རང་གིས་ཐོས་མ་མྱོང་བར་ཟོག་དང་སྤོབ་པའི་གཞན་ལ་ཆོས་འཆད་པ། རུརྔུཥྐ་ནི་མཐན་དམག བདེན་བྲལ་ནི་སྲིན་པོ། ཙིནྟ་ཤུན་པ་ནི་སྙིང་ལྤགས། ལྔ་པ་ཞེས་པ་ནི་འཆི་བ་ལ་འཇུག་སྟེ། འདིའི་ངེས་ཚིག་ནི། དང་པོ་མངའ་དུ་ཞུགས། གཉིས་པ་སྐྱེ། གསུམ་པ་རྒས། བཞི་པ་ན། ལྔ་པ་ཤི་བའི་ཕྱིར་རོ། །གཞོན་པ་ནི་རྟ། རང་ཉིད་ཐོས་བསམ་སྒོམས་པའི་ནུས་མེད་པའི་ཟངས་དེ་ཉིད་ལ་བསྟར་བ་ཕྱི་གད་བྱེད་པ་ཟེར་ཏེ། ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། ཞེས་སོ། པཱུཝརྞ་ནི་གསེར། ཀཻ་ལ་ཤ་ནི་གངས་རི། སྟོང་ཉིད་ཐོད་ལྡན་ནི་མགོ་སྟོང་ངམ་ཀླད་པ་མེད་པའི་མི་རིགས། སོད་ཆུང་ནི་པུསྟི་ཆུང་། ཀློང་ཆེན་སྤྲུལ་པ་ནི་ཆོས་རྗེ་གསུང་


TR008_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ། དཱ་རི་དྲ་ནི་སྤྲང་པོའི་བྱ་བྲལ་བ། གདེངས་ཅན་དབང་པོ་ནི་ཀླུའི་རྒྱལ་པོ། རྫོགས་ཆེན་རྣམ་རྒྱལ་ཁང་བཟང་ལ་དབང་བསྒྱུར་བ་ནི་རྫོགས་ཆེན་པ། ཏི་སེར་འགྲན་པའི་རི་ནི་གངས་ལ་རྫ་རིའི་ཁྲོད། རྡོ་རྗེའི་ཚེར་མ་ནི་འབྲུམ་ནད། ལུས་སྲོག་བསྐྱེད་པའི་དྲིན་ཅན་ནི་ཕ་མ། །བགྲང་གཞི་ནི་ལོ་འམ་ན་སོ་བདེ་ཆེན་བསམ་འགྲུབ་ནི་སྙིམ་ཕུ། །དབུགས་བྲལ་ནི་བམ་རོ།། ༈ །།ཛ་ཧཱའི་བུ་མོ་ནི་ཆུ་བོ་གངྒཱ། ལོ་ཀ་ནི་འཇིག་རྟེན། འཕྲོགས་བྱེད་ནི་ཁྱབ་འཇུག་འདི་སྣང་ནི་འཇིག་རྟེན་འདིའི་བྱ་བྱེད། བསྒྱིངས་པ་ནི་སྒྲོབས་ཆེན་བ་སྟེ། ཆུ་བོ་གངཱྒ་དང་ཁྱབ་འཇུག་མཁའ་ལྡིང་ཁྱུང་ལ་གཞོན་པའི་ལོ་རྒྱུས་འདི་དག་སྙན་དངགས་ཀྱི་གཏམ་རྒྱུད་ལ་ཁ་ཐག་རིང་བར་འདུག་ཀུ་རན་ཧ་ནི་ཉིད་དགའ་ཞེས་བྱ་སྟེ་ལྕམ་པའི་མེ་ཏོག །རྟ་ལྗང་ཅན་ནི་ཉི་མ་ཡིན་ཕྱིར། མེ་ཏོག་དེ་ཉིད་ཉི་མ་གར་ཡོད་དུ་ཁ་བསྟན་


TR008_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཔེ། ཨ་ཝཱ་དྷཱུ་ཏི་ནི་སྒྲ་ཐད་པོར་བསྒྱུར་ན་གཉིས་མེད་ལ་འཇུག་ཀྱང་། དོན་འགྱུར་གྱི་དབང་དུ་ཨ་ཝཱ་དྷཱུ་ཏི་པ་ཞེས་པ་འཇིག་རྟེན་སྤྲོས་པ་སྤོང་བ་ཟེར། ཆ་ཤས་ཅན་ནི་ཟླ་བ།། ༈ །།བླ་མ་ཀརྨ་ལགས་གྲུབ་ལ་གདམས་པའི་ནང་དུ། ལུས་མེད་ཅེས་པ་ནི་དགའ་རབ་དབང་ཕྱུག་སྐྱོ་སྔོགས་ནི་འཁྲུག་རྩོད། །རང་འདོད་ངོ་མཐོན་གྱི་ སྤོབས་པའི་ ཁྱད་གསོད་བྱེད་པ། གྱི་ན་ནི་མ་ཆད་ཙམ་ངན་ངོན་ཙམ། ཀ་ལིང་ཀའི་ཡུལ་གྱི་ནགས་ཚལ་གླང་པོ་ཆེ་ སྡོམ་པ་དམ་ཚིག་ གཏན་མི་ཆགས་པའི་དཔེ་གསོག་སོན་ནི་དོན་མེད་དམ་སྙིང་པོ་མེད་པ། གྲུ་གུ་བརྡོག་པའི་དཔེ་ནི་ཐུང་ངུ་ཐུང་ངུ་དྲིལ་པའི་ལྔ་པ་འཚོ་བའི་འདུ་ཤེས་ཆུང་བ་ནི་ཤི་ནའང་རུང་བསམ་པ། དཀྲི་བ་ནི་འཁྲིད་པ། འཇིག་རྟེན་གྱི་གཉེན་ནོར། གྲུབ་མཐའི་ཆགས་སྡང་། དགོན་གནས། གྲ་འཁོར། རང་གི་ལུས་སྲོག་གི་དོན་ལ་ཐུགས་ཀྱང་འཁྲུག་རྩོད་སོགས་སྡིག་པ་


TR008_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

སྤོང་ལ། ཐམས་ཅད་དང་མཐུན་པར་གྱིས་ཞེས་གདམས་པ། ནད་མདངས་ཕྱི་ལོ་གསལ་བའི་ཉམས་འགྱུར་ནི། རང་འཚོ་མ་ཐུབ་པ་བློ་མང་པོ་བྱེད་པ། ནུས་པ་ནི་བྱིས་པ། མ་གོར་ནི་མྱུར་མགྱོགས་བས་མཐའ་ནི་ལུང་སྟོང་། །ཀུ་ས་ལེ་ནི་བོད་སྐད་དུ་བསྒྱུར་ན། དགེ་བ་ཅན་ཞེས་བྱ་ཡང་། དིང་སང་ཕལ་སྐད་དུ་ཀུ་སུ་ལུ་ཞེས་བྱ་བཏང་ལ་ཟེར་རོ།། ༈ །།འཇང་རྒྱལ་པོ་ལ་བསྐུར་བའི་ནང་དུ། །འཆི་མེད་ན་ཆུང་ནི་ལྷའི་བུ་མོ། །སྤྱན་སྟོང་མངའ་བའི་བརྒྱ་བྱིན། །རྒྱ་མཚོའི་གོས་ཅན་ནི་ས་གཞི། །ཆུ་ལྷ་མོའི་ལང་ཚོ་གསལ་བ་ནི་ནུབ་ཕྱོགས། ལྷ་ལམ་ནི་ནམ་མཁའ། ཨ་ཀྵ་ར་ནི་ཡི་གེ། །དོ་རོ་ནི་འདུན་པའམ་ཚོགས་པ། ཉི་འོག་ནི་ཤར་ཕྱོགས། དུཿཁ་ནི་སྡུག་བསྔལ། དཀྵི་ཎ་ནི་ལྷོ་ཕྱོགས། སྐབས་གསུམ་གྲོང་ནི་སུམ་ཅུ་རྩ་གསུམ། ཀུ་སུ་ལི་ནི་རས། ཤ་ར་ནི་མདའ་


TR008_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་ལྷ་ནི་ཡོན་བདག །ཡན་ལག་མཆོག་ནི་མགོ་པའི། འཁོར་ལོ་བསྒྱུར་བ་ནི། གཞན་ལ་མི་ཆོས་མགོ་བསྐོར། ཇ་ཧོང་ནི་ངུར་སྨྲིག༴ མཆི་མ་བཀུ་བ་ནི་མཆི་མ་བྲོ་བ། མགྲིན་སྔོན་ནི། སྒྲ་ཐད་ནོར་བསྒྱུར་ན་མི་འགྱུར་བ་ལ་འཇུག་པ་ཡིན་ཀྱང་། དོན་འགྱུར་ལ་ཡི་གེའོ། ལྷ་དབང་ཕྱུག་ཆེན་པོ། །དེའི་རལ་པའི་སྤོར་འབར་བ་ནི་ཟླ་བ། དྭགས་བརྒྱུད་ནི་དྭགས་པོ་བཀའ་བརྒྱུད། དམར་ཕྱོགས་ནི་ཚེས་ལོངས་སྤྱོད་པ་ནི། ཟླ་བ་དམར་པོ། དུས་མོ་ནི་སྒྲ་མཚན། ལི་ཁྲིའི་སྤྲིན་སྒྲིབ་ནི་ཞྭ་དམར་སེར་གྱི་བསྟན་པའི་ཆགས་སྒོ། རྣམ་འདྲེན་མུ་ཏིག་ལྟོ་བ་ནི་སྐྱེས་ཆེན་དམ་པ་རྣམས་གཤེགས་ཚུལ། སྒྲུབ་ཚོགས་ནི་སྒོམ་ཆེན་རྣམས། ལོ་ཀའི་ཤ་ར་བྷ་ནི། །འཇིག་རྟེན་ཆོས་བརྒྱད་ཀྱི་ཁྲི་ལ་འཇོག་པ། །འདི་སྣང་ནི་ཚེ་འདིའི་བྱ་བ། རྒྱགས་པའམ་དྲེགས་པ་ནི་ཁེངས་སེམས། ཞེན་པ་ཕྱི་ནང་བསྒྱུར་ལོག་ནི་འཇིག་རྟེན་ལ་ཞེན་པ་མི་


TR008_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་པར་ཆོས་ལ་ཞེན་པ་ལོག་པ། གཞུང་ལུགས་ཀྱིས་ངོམས་པ་ནི་ཐོས་པ་ཆེ་བ་གནས་ལུགས་ལ་གཟིགས་པ་ནི། སྒོམ་ཕྱོགས་ལ་རྨོངས་པ། སྲིད་འབྱོར་ལ་ཞེན་པ། །མཚོ་མ་དྲོས་པའི་ཁ་རྒྱ་ལས་ཆེ་བ། རྟག་བརྟན་ནི་འཆི་བ་མི་དྲན་པ། གདེངས་ཅན་ནི་ཀླུ་ལྟར་ལྐུགས་པས། ས་གཞི་གང་བ། བཞད་རྡོར་ནི་མི་ལ། དྷཱུ་ཀུ་ལ་ནི། རས་གོས་ཀྱི་གོ་ཆ་བཞེས་པ་ལ་འགྲན་པ་ལྟར། བཀའ་བརྒྱུད་པ་རྣམས་གོ་མཚོན་ཐོགས་པའི་མཐུས་སྒྲུབ་བརྒྱུད་ཀྱི་བསྟན་པ་ཆོས་ཀྱི་དབྱིངས་སུ་ནུབ་པར་གྱུར་ཚུལ། ཁ་བའི་རྡུལ་རྩེགས་ནི་གངས་རི། དེ་ལ་གནས་པའི་གདོང་ལྔ་པ་ནི་སེང་གེ་ཡིན་ཕྱིར། བཀའ་བརྒྱུད་པ་རྣམས་ཕྱག་ཆེན་ཉམས་རྟོགས་ཀྱི་གཡུ་རལ་སྤྲུག་ནས་ལོག་ལྟའི་སྡེ་འཇོམས་པར་མི་མཛད་པ་ཅི་ཡིན་ཞེས་


TR008_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །མ་ཧཱ་ས་ན་ནི། གདན་ས་ཆེན་པོ་དེ་དག་བཞུགས་པའི་སྐྱེས་ཆེན་དམ་པ་རྣམས། ཐིག་པའི་རྩེ་ནི་ཕྱག་རྒྱ་ཆེན་པོ་ཡུ་མོ་ནི་རྭ་ཅོ་མེད་པ་ཡིན་ཏེ། གཞན་སྐུ་ཁམས་ཆེ་བ་རྣམས་དེ་ལྟར་མི་མཛད་ན་འོ་སྐོལ་མཐའ་འཁོབས་ན་གནས་པའི་མི་རྒན་གཉིས་ཡུ་རྡོག་བརྡུང་ཁ་རྒྱབ་ནས་ཅི་བྱེད་ཞེས་པའོ། །རྐང་ཐུང་ནི་ལྗོན་ཤིང་། གཉིས་སྐྱེས་ནི་བྱ་ཚོགས། ཡིབ་ས་ནི་གབ་པའམ་མཚམས་ལ་འདུག་པ། གཉིས་ཐུང་ནི་གླང་པོ་ཆེ་སྟེ། གྲོང་ཁྱེར་གྱི་གླང་པོ་མཆེ་བ་དྲུག་ལྡན་རྣམས་ལ་རྩིས་ཆེ་བས། མགོ་ལ་གསེར་གྱི་དྲྭ་བ་གཡོག་ཤིང་། སྒལ་པ་ལ་ནོར་བུ་བཀལ་མོད་ཀྱང་། ནགས་ན་གནས་པའི་གླང་པོ་ལ་དེ་ལྟར་བྱེད་མཁན་མི་འོང་བའི་དཔེ་དོན་ལྟར། བཱྱནྫ་ནི་ཡི་གེ་ཡིན་ཕྱིར། དྲི་ཡིག་གཞན་ལ་བསྐུར་བར་འོས་


TR008_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་པའོ། དབའ་རླབས་ནི་རྦ་རླབས།། ༈ །།སངས་རྒྱས་དངོས་ལྟ་བུའི་བླ་མ་འགའི་ཐུགས་རྗེའི་ལྗོན་ཤིང་གི་བསིལ་གྲིབ་བདག་ལ་བབས་པའི་མཐུས། མ་ཧཱ་སནྟི་རྫོགས་ཆེན་གྱི་རྫིང་བུ་རང་བབས་མ་བཅོས་པར་གནས་པ་ལས། ཉམས་ཀྱི་ཞེན་འདོད་མེད་པས། ཁ་བཤད་ཀྱི་རྦ་རླབས་མི་འཁྲུག །བཅོམ་སྐྱུང་བ་ནི་ཁ་རོག་སྡོད་པ་འཇུག་པའོ། ལུས་ཕྲ་མ་ནི་མཛེས་མ་ཟེར་བས། བདག་རྫོགས་ཆེན་རང་བབས་སྐྱོང་བ་མ་གཏོགས། ཁྱེད་ཕྱག་ཆེན་པ་ལྟར་བློས་བྱས་ཀྱི་བདེ་གསལ་མི་རྟོགས་སོགས་ཀྱི་ལམ་རྟགས་དང་། རྣལ་འབྱོར་བཞི་རིམ་གྱི་བང་རིམ་ཐོབ་འདོད་སོགས་ཀྱི་ བློ་བྲིད་མཁན་ གཞོན་ནུ་མ་འབུམ་ཕྲག་ལ་ཡང་སེམས་འཆོར་བའམ། ཡིད་སྨོན་གྱི་འགྲམ་ཆུའམ་མཆིལ་མ་འོང་དོན་མེད་ཅེས་པའོ།།


TR008_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

༈ །།དེ་ལྟར་ཕྱག་ཆེན་གྱི་དྲི་བ་བྱེད་མཁན་དང་པོ་ཚུར་ཡང་ཅིར་སྣང་བལྟ་བའི་ཅོ་འདྲི་ལྟ་བུའི་དྲི་བ་འདི་བྱས་བྱུང་བས། ཕར་ལའང་ཟུར་ཟའི་རྩེ་མོ་འདི་ལྟར་སྨྲས་པ་ཡིན་ཀྱང་སླར་གཏིང་དམ་པ་ནས་ཡིད་ཆེས་པའི་དད་པ་སྐྱེས་ཁུས་བྱས་སོང་བས་བར་དོའི་སྤྱི་དོན་དང་། རྡོ་རྗེ་མདོ་འཛིན་སོགས་བསྐུལ་བ་པོ་བྱས་པ་ལ་བརྟེན་ནས་ཞིབ་ཏུ་བྱས་པ་ཡིན་ནོ། །འདི་རྣམས་ཀྱང་རང་གྲོལ་ཞབས་ཀྱི་གསུང་ལ། རྒོད་ཕུག་བསོད་ནམས་དབང་རྒྱལ་ཞེས། རང་གྲོལ་རྗེ་དངོས་ཀྱི་བཀའ་དྲིན་འཚོ་བ་དེས་ཟིན་བྲིས་ངོ་མར་དཔེ་བྱས་པ་ཡིན་ནོ། །བཀྲ་ཤིས། གཅིག་ཞུས་ཁུལ་ལགས།

ཐེག་པ་ཐམས་ཅད་ཀྱི་མཆོག་རབ་གསང་བ་བླ་ན་མེད་པ་འོད་གསལ་རྡོ་རྗེ་སྙིང་པོའི་དོན་རྣམ་པར་བཤད་པ་ཉི་མའི་སྙིང་པོ།


TR008_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་ཐམས་ཅད་ཀྱི་མཆོག་རབ་གསང་བ་བླ་ན་མེད་པ་འོད་གསལ་རྡོ་རྗེ་སྙིང་པོའི་དོན་རྣམ་པར་བཤད་པ་ཉི་མའི་སྙིང་པོ་ཞེས་བྱ་བ་བཞུགས་སོ།


TR008_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ན་མསྶཱ་བི་དྷྱཱ་དི་བུདྡྷ་ཡ། རང་རིག་གདོད་མའི་སངས་རྒྱས་ལ་ཕྱག་འཚལ་ལོ། །གདལ་བ་ཆེན་པོ་ཀུན་ཁྱབ་གདོད་ནས་ཡེ་སངས་རྒྱས་པ་དག་པ་གཉིས་ལྡན་ཆོས་ཀྱི་སྐུ། རང་བཞིན་ལྷུན་གྲུབ་འགག་མེད་རང་གསལ་ཞི་དང་ཁྲོ་གར་སྣ་ཚོགས་སྟོན་མཛད་ལོངས་སྤྱོད་རྫོགས། རྨད་བྱུང་ཐུགས་རྗེ་ཆུ་ཟླའི་གར་གྱིས་རྣམ་མང་འགྲོ་བའི་རེ་འདོད་སྐོང་མཁས་སྤྲུལ་པའི་སྐུ། དོན་ལ་དབྱེར་མེད་ངོ་བོ་ཉིད་སྐུ་དཔལ་ལྡན་མཚུངས་མེད་བླ་མ་ཞེས་གྲགས་དེས་སྐྱོངས་ཤིག །བསམ་གྱིས་མི་ཁྱབ་གདུལ་བྱའི་ཁམས་དབང་པོ། །ཐ་དད་སྣ་ཚོགས་ལ་དགོངས་ཐེག་པའི་ཆོས། དུ་མར་བསྟན་པའི་སྙིང་


TR008_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཆོས་ཀྱི་མཆོག །ཡང་ཟབ་རྫོགས་པ་ཆེ་ལས་གཞན་ཅི་ཞིག །ལམ་གྱི་སྟེགས་ ཐེག་དམན་ དང་ལམ་ ཐེག་ཆེན་ དང་གསང་སྔགས་ཀྱི་ འབྲས་བུ་ལ། །མངོན་པར་སྦྱོར་བའི་བྱེ་བྲག་རབ་མང་ཡང་། །ངེས་པ་ཁོ་ནར་སྦྱོར་ནུས་འདི་ལྟ་བུར། །བློ་ལྡན་སྐྱེས་བུ་གང་ཞིག་ཅིས་མི་འཇུག །ཟབ་ཟབ་ཡིན་ཡིན་སྨིག་སྒྱུའི་ཆུ་གཟུགས་ལ། །བློ་ཆུང་རི་དྭགས་ཞེན་པས་བསྐལ་པ་བརྒྱར། །བསྙེགས་ཀྱང་གདུང་བ་འཕེལ་ལས་ཞི་མིན་གྱིས། །ཆོས་ཚུལ་རྒྱ་མཚོའི་འཇིངས་འདི་བསྟེན་པར་གྱིས། །ལམ་མཆོག་ཚེ་གཅིག་བྱང་ཆེན་མངོན་བྱེད་ཅིང་། །ཐུགས་རྗེའི་ཟློས་གར་


TR008_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ལ་སྣང་ནུས་པའི། །མྱུར་ཟབ་གདམས་པའི་ཡང་ཞུན་སྙིང་ཐིག་གི། །དགོངས་དོན་གནད་འདུས་འདི་ནི་ངེས་བཤད་བྱ། དེ་ཡང་རྒྱལ་བ་སྲས་བཅས་རྣམས་ཀྱི་ཕྲིན་ལས་ཀྱི་སྒོ་རབ་འབྱམས་མཐའ་ཡས་པའི་ཆོས་ཀྱི་རྣམ་གྲངས་མཐའ་དག་གི་དབུས་ན། རྒྱལ་མཚན་རྩེ་མོའི་ཏོག་ལྟ་བུར་གྱུར་པའི་མཐར་ཐུག་རྫོགས་པ་ཆེན་པོ་འདི་ཉིད་ལའང་། ཕྱི་སེམས་སྡེ། ནང་ཀློང་སྡེ་གསང་བ་མ་ཧ་ངག་གི་སྡེ། ཡང་གསང་བླ་ན་མེད་པའི་སྡེ་བཞིར་ཡོད་པའི་ནང་ནས་མཆོག་ཏུ་ཟབ་པ་སྙིང་པོའི་ཡང་ཞུན་བླ་ན་མེད་པའི་སྐོར་རྣམས་ཀྱི་རྒྱུད་སྡེ་ཆེན་པོ་ཀུན་གྱི་དགོངས་པ་མན་ངག་ཏུ་བསྡེབས་པ་ཡང་གསང་སྙིང་ཐིག་རྣམས་ཀྱི་དོན་མདོར་བསྡུས་ཏེ་བསྟན་པའི་རིམ་པ་ལ་གསུམ་སྟེ། གཞི་ཀ་དག་ལྷུན་གྲུབ་ཀྱི་སྒོ་ནས་འཁོར་འདས་འཁྲུལ་གྱོལ་གྱི་ཚུལ་


TR008_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིར་བཤད་པ། ལམ་ཁྲིགས་ཆོད་ཐོད་རྒལ་གཉིས་ཀྱི་མན་ངག་ཉམས་སུ་ལེན་ཚུལ་བྱེ་བྲག་ཏུ་བཤད་པ་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་ཐོབ་ཚུལ་བཤད་པས་མཇུག་བསྡུ་བ་དང་གསུམ་ལས། དང་པོ་ལའང་། ཤེས་བྱ་ལ་ཆོག་འཛིན་གྱི་གཞི་དང་། གནས་ལུགས་ཀ་དག་གི་གཞི་གཉིས་ཡོད་པའི་དང་པོ་ལ་དྲུག་སྟེ། གཞི་ལྷུན་གྲུབ་ཏུ་འདོད་པ་དང་། མ་ངེས་པར་འདོད་པ་དང་། ངེས་པ་དོན་དུ་འདོད་པ་དང་། ཅིར་ཡང་བསྒྱུར་བཏུབ་ཏུ་འདོད་པ་དང་། གང་དུའང་ཁས་བླང་དུ་རུང་བར་འདོད་པ་དང་། རྣམ་པ་སྣ་ཚོགས་པས་ཁྲ་བོར་འདོད་པ་སྟེ། དེ་ལྟར་རྣམ་པ་དྲུག་པོ་ལ་ནི་ཕྱོགས་ལྷུང་སྐྱོན་ཅན་གྱི་གཞིར་གསུངས་སྟེ། སྐྱོན་ཅན་དུ་གྱུར་པའི་རྒྱུ་མཚན་ཅི་ཞེ་ན། ལྷུན་གྲུབ་ཏུ་འདོད་པ་དེ་ལ་ནི་སྐྱོན་ཡོན་གཉིས་ཀ་ཡེ་ནས་ལྷུན་གྱིས་གྲུབ་པའི་ཆོས་


TR008_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཡིན་ན་ཀ་དག་དང་འགལ་ཞིང་ལམ་ཉམས་སུ་ལེན་མི་རུང་ལ། བླངས་ཀྱང་གྲོལ་མི་རུང་བའི་སྐྱོན་ཡོད་པར་འགྱུར་བ་དང་། ངེས་མེད་དུ་འདོད་པ་དེ་ལ་ནི། གཞི་ངེས་པ་མེད་པར་བློས་གང་བཏགས་པ་དེར་འགྱུར་ན་གྲོལ་ཚར་ནས་ཀྱང་འཁྲུལ་པ་འབྱུང་བར་ཐལ་བའི་སྐྱོན་དང་། ངེས་པ་ཅན་དུ་འདོད་པ་དེ་ལྟར་ན། འགྱུར་དུ་མི་བཏུབ་པས་མ་རིག་པའི་དྲི་མ་དག་པར་ཡང་མི་འགྱུར་བའི་སྐྱོན་དང་། །ཅིར་ཡང་འགྱུར་བཏུབ་ཏུ་འདོད་པ་ལྟར་ན། རྟག་མི་ཐུབ་ཚེ་གྲོལ་བའི་འབྲས་བུ་ཡང་སླར་རྒྱུར་ལྡོག་པའི་སྐྱོན་དང་། གང་དུའང་ཁས་ལེན་བཏུབ་པར་འདོད་པ་ན། དངོས་པོ་ལ་ཐུགས་པ་མེད་ཕྱིར་གཞི་ཡང་ཐུག་མེད་དུ་འགྱུར་ལ་རྟག་ཆད་དུའང་ཁས་ལེན་དགོས་པར་འགྱུར་བའི་སྐྱོན་དང་། སྣ་ཚོགས་སུ་འདོད་པ་དེ་ཡང་ནི། དག་པ་རྣམ་གྲོལ་གྱི་གཞིར་


TR008_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

མི་རུང་སྟེ། རྟོག་ཚོགས་དུ་མ་ཅན་དེ་ཉིད་ཀ་དག་གཞིར་མི་རུང་བའི་སྐྱོན་ཅན་ཏེ། དེ་ལྟར་གཞི་དྲུག་པོ་དེ་ནི་ཕྱོགས་འཛིན་ལ་ཐལ་སྐྱོན་ཅན་དུ་འགྱུར་ཕྱིར་འདི་སྐབས་ཀྱི་གཞི་རུ་མི་བཞེད་ཅིང་། དེ་ཐམས་ཅད་ཀྱིས་གནས་ལུགས་ཀྱི་ཕྱོགས་རེ་ལས་མ་རྟོགས་པའི་ཕྱིར་རོ། །དེའང་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། སྣ་ཚོགས་ཡེ་ནས་ལྷུན་གྲུབ་དང་། །འགྱུར་ཚད་ཆ་ནས་ངེས་མེད་པ། །མི་འགྱུར་བས་ན་ངེས་པ་ཅན། །སྣང་བའི་རྩལ་ནི་ཅིར་ཡང་བསྒྱུར། །ཐམས་ཅད་འབྱུང་ཕྱིར་ཁས་ལེན་བཅས། །འཁྲུལ་པ་དག་ཕྱིར་ཀ་དག་ལ། །སྣང་ཚུལ་ཐ་དད་ཁྲ་བོར་འདོད། །འདི་ལྟར་འདོད་པའི་བྱེ་བྲག་ལས། །རྫོགས་པ་ཆེན་པོ་ཅིར་སྣང་ཕྱིར། །ཐ་དད་འདོད་པ་གྲངས་མང་ཡང་། །གནས་ལུགས་བབས་ཀྱི་ལྟ་བ་ལ། གཅིག་


TR008_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གཉིས་མིན་གང་དང་བྲལ། ཅེས་པ་དང་། ཀུན་བཟང་ཀློང་དྲུག་པའི་རྒྱུད་ལས། འདི་ཀུན་བློ་ཡི་རིམ་པར་སྣང་། །རང་ངོ་ཀ་ནས་དག་པའོ། ཅེས་པས། དེ་ལྟ་བུའི་འདོད་པ་ཐམས་ཅད་ནི། ཀ་དག་གི་དངོས་གཞི་ཉིད་མ་རྟོགས་པའི་བློ་ངོ་ཐ་དད་ཀྱི་འཛིན་ཚུལ་ཡིན་ལ། འདི་ཉིད་ཀྱི་གཞི་སྐྱོན་མེད་དངོས་དེ་གང་ཡིན་ན། དེ་ཡང་དངོས་པོ་དང་མཚན་མའི་ཆོས་སུ་མ་གྲུབ་པས་རྟག་པའི་མཐའ་དང་བྲལ་ཞིང་། རང་བཞིན་གྱི་ཡོན་ཏན་མཐའ་དག་ལྷུན་གྱིས་གྲུབ་པ་ཆད་པའི་མཐའ་དང་བྲལ་བའི། འོད་གསལ་སྟོང་པ་ཆེན་པོའི་དབྱིངས་དང་ཆོས་ཉིད་རྣམ་དག་གི་ཡེ་ཤེས་འདུ་འབྲལ་མེད་ཅིང་། སྨྲ་བསམ་བརྗོད་མེད་ཀྱི་ཡུལ་ལས་འདས་པའི་ཆོས་སྐུ་འགྱུར་མེད་ཀྱི་དགོངས་པ་གདོད་མའི་གནས་ལུགས་ཀ་དག་ཆེན་པོ་ཅེས་བྱ་བ་ནི་འདི་ཉིད་ཀྱི་ཐོག་


TR008_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

མའི་གཞི་ཡིན་ཏེ། འདིའི་ངོ་བོའི་ཆ་ནས་ཀ་དག་དང་། རང་བཞིན་གྱི་ཆ་ནས་ལྷུན་གྲུབ་ཏུ་བཏགས་ཤིང་། འདི་གཉིས་དབྱེར་མེད་ཀྱི་གདངས་པོའམ་རྩལ་དུ་འཆར་བའི་ཆ་ལ་ནི་ཐུགས་རྗེ་ཀུན་ཁྱབ་ཅེས་བྱ་བ་སྟེ། མདོར་ན་དེ་གསུམ་ཀའང་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ལྟ་བུར་གསུངས་ཏེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། གཞིའི་ཆོས་ཐམས་ཅད་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་ཤེས་པར་གྱིས་ཤིགཅེས་དང་། མུ་ཏིག་ཕྲེང་བའི་རྒྱུད་ལས། །ངོ་བོ་ཀ་དག་བརྗོད་གཞི་བྲལ། །རང་བཞིན་ལྷུན་གྲུབ་ཅིར་སྣང་རྫོགས། །ཐུགས་རྗེ་ཀུན་ཁྱབ་རང་ཤར་བའོ། ཅེས་སོ། །དེ་ལྟ་བུའི་ཀ་དག་གནས་ལུགས། །དབྱིངས་དོན་དམ་པའི་བདེན་པ། །རིག་པ་རང་བྱུང་གི་ཡི་ཤེས། །ཡེ་སྟོང་ཐོག་མའི་ཆོས་སྐུ། ཆོས་ཉིད་འོད་གསལ་གྱི་


TR008_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

རང་ངོ་དེ་ལ་ནི་འཁོར་འདས། བདེ་སྡུག །ཡོད་མེད། ཡིན་མིན། རྟག་ཆད། གྲོལ་འཁྲུལ། རིག་མ་རིག་སོགས་ཀྱི་གདགས་གཞི་གང་དུའང་མ་གྲུབ་ཅིང་མ་གོས་པ་སྟེ། འདི་ནི་ཆོས་སྐུ་ཀུན་ཏུ་བཟང་པོ་ནས་འཇག་མའི་སྲིན་བུ་ཡན་ཆད་ལ་ཡེ་ཁྱབ་ཏུ་གནས་པར་ནི་མདོ་རྒྱུད་ཐམས་ཅད་དགོངས་པ་མཐུན་ཏེ། རྒྱུད་བླ་མར། ཐོག་མཐའ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །འདི་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པ་ཐོབ་པ་ཡིན། ཞེས་ཐོག་མེད་དུས་ཀྱི་ཆོས་ཁམས་དགེ་བ་ཞེས་གྲགས་པ་དང་། ཕྱག་ཆེན་གྱི་མན་ངག་རྣམས་ལས་ཀྱང་། གནས་ལུགས་ཕྱག་རྒྱ་ཆེན་པོ་ཞེས་གསུངས་པ་དེའང་འདི་ཉིད་དོ། འདི་སྐབས་སུ་ཀ་དག་ཅེས་པའི་མིང་འདི་ལ་གསར་མའི་མཁས་གྲུབ་


TR008_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོས་ཐ་སྙད་ཀྱི་ཚིག་དགག་སྣ་ཚོགས་མཛད་མོད་ཀྱང་། འདིའི་དོན་ནི། གདོད་མ་ནས་དག་པའམ་ཡེ་ནས་དག་པ། ཐོག་མ་ནས་དག་པ། རང་བཞིན་དག་པ་ཞེས་སོགས་དང་མཐུན་པའི་མིང་དོན་ཡིན་པས། ཀ་དག་ཏུ་བརྗོད་པ་ལ་སྐྱོན་དུ་མི་འགྱུར་རོ། དོན་ལ་ཀ་ནས་དག་པ་མི་འཐད་ན་ནི་སྔར་བཤད་པ་བཞིན་གྱི་ཐོག་མ་མེད་པའི་ཆོས་ཁམས་དགེ་བ་དང་གནས་ལུགས་ཕྱག་ཆེན་སོགས་ཀྱང་རྩོད་གཞི་ཅན་དུ་ཐལ་བའི་ཕྱིར་ཏེ། དེས་ན་སྐྱོན་དུ་མི་འགྱུར་རོ། །འོ་ན་ཀ་དག་གི་སྟོང་ཉིད་ཡིན་ན་ཅི་ཡང་མེད་པའི་སྟོང་པ་ཕྱང་ཆད་གཅིག་ཡིན་ནམ་ཞེ་ན། མ་ཡིན་ཏེ་རིག་སྟོང་ཀ་དག་གི་ཡེ་ཤེས་བསམ་བརྗོད་དང་བྲལ་ཡང་རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་གཏིང་གསལ་ཡེ་གདངས་ཆེན་པོར་


TR008_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་ཤིང་། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་འཆར་སྒོ་འགག་མེད་ཀྱི་རྩལ་དང་ལྡན་ཕྱིར། སྟོང་གསལ་རིག་པའི་སྙིང་པོ་ཅན་མཐའ་ཐམས་ཅད་དང་རང་གྲོལ་བ་ཡིན་ཏེ། ཀློང་གསལ་གྱི་རྒྱུད་ལས། ངོ་བོ་ཀ་དག་ཡེ་ཤེས་ནི། །མ་རིག་རྟོག་པ་ཀུན་དང་བྲལ། །རང་བཞིན་ལྷུན་གྲུབ་ཡེ་ཤེས་ནི། །སྟོང་གསལ་རང་གདངས་ཉིད་དུ་གནས། །ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ནི། །འགག་མེད་སྣང་སྟོང་ཉིད་དུ་གནས། ཞེས་པས་ངོ་བོ་རིག་སྟོང་དབྱེར་མེད། རང་བཞིན་གསལ་སྟོང་དབྱེར་མེད། ཐུགས་རྗེ་སྣང་སྟོང་དབྱེར་མེད་དུ་བཞུགས་པ་སྟེ། དེ་ལྟ་བུ་ལ་གནས་ལུགས་ཀ་དག་གི་ཡེ་གཞི་ཞེས་བྱའོ།། ༈ །།དེ་ལྟར་ཀ་དག་གི་སྤྱི་གཞི་དེ་ལས་འཁྲུལ་གཞི་བྱུང་ཚུལ་བཤད་པ་ནི། དེ་ལྟ་བུའི་གདོད་མའི་ཀ་དག་ཆེན་


TR008_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་གནས་ལུགས་དེ་བཞིན་ཡིན་ཕྱིན་ཆད་འཁྲུལ་པ་འབྱུང་བར་མི་རིགས་ན། ཁམས་གསུམ་གྱི་སེམས་ཅན་ཅིའི་ཕྱིར་བྱུང་ཞེ་ན། ངོ་བོ་ཀ་དག་གི་ཆ་ལ་འཁྲུལ་པའི་རྒྱུ་རྐྱེན་དུ་མ་གྲུབ་ཀྱང་། རང་བཞིན་ལྷུན་གྲུབ་དང་ཐུགས་རྗེ་འགག་མེད་ཀྱི་ཆ་ནས་གློ་བུར་དུ་འབྱུང་ཚུལ་ནི། བཀྲ་ཤིས་མཛེས་ལྡན་ཆེན་པོའི་རྒྱུད་ལས། ཀྱེ་མ་ང་ལ་འཁྲུལ་པ་མེད་ཀྱང་ངའི་རྩལ་ལས་འཁྲུལ་པ་འབྱུང་སྟེ། གཞི་མི་འགྱུར་བ་ལས་རང་བཞིན་མ་འགག་པར་ཤར་ནས། ཐུགས་རྗེ་མ་ངེས་པ་ལས་མ་རིག་པ་རང་བྱུང་བ་སྟེ། དཔེར་ན་ནམ་མཁའ་ལ་སྤྲིན་ཡང་དག་པ་ཡོད་པ་མ་ཡིན་ཀྱང་གློ་བུར་དུ་སྤྲིན་བྱུང་བ་དང་འདྲ་བར། གཞི་


TR008_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མ་རིག་པ་ཡོད་པ་མ་ཡིན་ཀྱང་ཐུགས་རྗེ་ལྟར་ཤར་བའི་ཆ་ལས་མ་རིག་པ་རང་བྱུང་སྟེ་གཞི་ལྷུན་གྲུབ་ཀྱི་གནས་ལུགས་ཞེས་བྱ་བ་ཆགས་སོ། །ཞེས་གསུངས་པས། ནང་དབྱིངས་ཀ་དག་གི་ཡེ་གཞི་བུམ་ནང་གི་སྐུའམ་མར་མེ་ལྟར་ནང་། གསལ་དུ་ཡོད་པ་དེ་ལས་ཕྱི་རྒྱ་རལ་བ་ལྟར་གྱུར་ཅིང་། རང་བྱུང་ཡེ་ཤེས་ཀྱི་རླུང་གཡོས་པས་རིག་པ་གཞི་ཐོག་ནས་འཕགས་ཤིང་། རང་སྣང་ལྷུན་གྲུབ་ཀྱི་སྒོ་བརྒྱད་རང་ཤར་བ་སྟེ། དེ་ཡང་ངོ་བོའི་སྣང་བ་གོ་མ་འགག་པར་རང་གསལ་རང་བཞིན་གྱི་སྣང་བ་འོད་ལྔའི་ཚུལ་དུ་ཡེ་གདངས་ཐུགས་རྗེའི་སྣང་བ་ནམ་མཁའ་ལྟ་བུར་སྒོ་ཕྱེ་བ་སྟེ། འདི་ཉིད་ལ་གཞི་ལས་གཞི་སྣང་དུ་ཤར་བ་ཞེས་བྱ་ཞིང་། ལྷུན་གྲུབ་ཀྱི་སྒོ་བརྒྱད་གང་ཞེ་ན། ཐུགས་རྗེ་ལྟར་ཤར་བའི་སྒོ་དང་དེ་བཞིན་དུ་འོད་ལྟར་ཤར་བ་དང་


TR008_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ལྟར་ཤར་བ་དང་། ཡེ་ཤེས་ལྟར་ཤར་བ་དང་། གཉིས་མེད་ལྟར་ཤར་བ་དང་། མཐའ་གྲོལ་ལྟར་ཤར་བ་དང་། མ་དག་པ་འཁོར་བའི་སྒོ་ལྟར་ཤར་བ་དང་། དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བ་བརྒྱད་ཡིན་ལ། དེ་དག་ཀྱང་བསྡུ་ན་དག་མ་དག་གི་སྒོ་ཕྱི་མ་གཉིས་འདིར་འདུས་སོ། །དེའི་ཚེ་སྣང་སྲིད་ཐམས་ཅད་འོད་དང་སྐུ་རུ་ཤར་བས་ལྷུན་གྲུབ་ཞིང་སྣང་ཆེན་པོ་ཞེས་བྱ་ལ། ངོ་བོའི་རྩལ་ལས་ལོངས་སྐུའི་ཞིང་སྣང་དང་། །ཡོན་ཏན་གྱི་རྩལ་ལས་རང་བཞིན་སྤྲུལ་སྐུའི་ཞིང་སྣང་། ཐུགས་རྗེའི་རྩལ་ལས་མ་དག་པ་འཁོར་བའི་སྒོ་དང་བཅས་པ་རང་སྣང་རྨི་ལམ་གྱི་ཚུལ་དུ་རང་ཤར་ཞིང་། གཞི་སྣང་གི་འཆར་ཚུལ་དེ་ལྟར་སྣང་བ་དེ་ལ་རང་གི་རང་གདངས་སུ་ངོ་ཤེས་ཏེ། སྐད་ཅིག་དང་པོ་ལ་


TR008_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུ་བ་རང་ཐོག་ཏུ་ཆོད་པས་དོན་གྱི་ཡིན་ཚུལ་རྟོགས། གཉིས་པར་འཁྲུལ་བྲལ་ཡེ་ཤེས་ཀྱི་རྩལ་ཆེན་རྒྱས་ཏེ་གཞི་ཉིད་འབྲས་བུར་སྨིན་པས་རང་སྣང་ཀ་དག་གི་དབྱིངས་སུ་ཐིམ་ནས་རང་གྲོལ་བ་དེ་ལ། འཁོར་འདས་ཐམས་ཅད་ཀྱི་སྔོན་རོལ་དུ་སངས་རྒྱས་པ་སྟོན་པ་ཀུན་ཏུ་བཟང་པོ་ཞེས་བྱ་ཞིང་། ལྷུན་གྲུབ་ཀྱི་སྣང་བ་ལ་མ་འཁྲུལ་རང་བཞིན་རང་བཞིན་དུ་གྲོལ་བས་ཀུན་ཏུ་བཟང་པོའི་གྲོལ་གཞི་ཅེས་ཀྱང་བྱ་ལ། དེར་རང་སྣང་ལ་རང་སྣང་དུ་མ་ཤེས་པས་འཁྲུལ་པའི་གཞིར་འགྱུར་ཕྱིར། །བྱོས་གསུམ་གྱི་སེམས་ཅན་གྱི་འཁྲུལ་གཞི་ཞེས་བྱ་སྟེ། ཆོས་སྤྱི་ནས་བཤད་པའི་ཀུན་གཞི་ཞེས་བྱ་བ་འདི་ཉིད་ལ་འཇུག་ཅིང་། འདིར་ཐར་པ་ཆ་མཐུན་གྱི་རྒྱུ་ལ་སྦྱོར་བ་དོན་གྱི་ཀུན་གཞི་དང་། འཁོར་བར་འཁྱམས་པའི་རྒྱུའི་ཆ་ལ་བག་


TR008_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་སྣ་ཚོགས་པའི་ཀུན་གཞི་སོགས་བྱེད་ལས་ཀྱི་ཆ་ནས་བཏགས་པའི་མིང་མང་དུ་ཡོད་པ་དང་། །ཀུན་གཞི་ཀུན་གྱི་གཞི་ཡིན་ཏེ། །མྱ་ངན་འདས་པའི་གཞི་ལའང་ཡིན། ཞེས་སོགས་ཐུན་མོང་ཐེག་པར་གསུངས་ལ། འདིར་ཡང་ཐལ་འགྱུར་ལས། རང་ངོ་ཡིན་པར་མ་ཤེས་པས། འདི་ཡང་འཁོར་བའི་ཐོག་མའོ། །ཞེས་སོ། འོ་ན་གཞི་ལས་ཤར་བའི་གཞི་སྣང་ལྷུན་གྲུབ་ཀྱི་འཆར་ཚུལ་རང་རིག་པས་ལྷུན་གྲུབ་ཉིད་ཀ་དག་གི་དབྱིངས་སུ་སླར་ཐིམ་ཞིང་གྲོལ་བ་དེ་ལས་ཡང་ཕྱིས་ཕྱིར་སྔར་ལྟར་འཁྲུལ་པར་མི་འབྱུང་ངམ་ཞེ་ན། འདི་ནི་འབྱུང་བའི་གནས་མེད་དེ་ཀུན་བཟང་གཞི་ཐོག་ཏུ་གྲོལ་བ་དེ་དང་། རྣལ་འབྱོར་པས་ལམ་ཉམས་སུ་བླངས་པས་གྲོལ་བ་གཉིས་ཀ་རིམས་ནད་བྱང་


TR008_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྐྱེས་བུ་ལྟ་བུའོ། །བསེ་ཤིང་གི་འབྲས་བུ་ལྟར་སླར་རྒྱུ་རུ་ལྡོག་པའི་གནས་མེད་དོ། །དེ་ལས་གཞན་པའི་སེམས་ཅན་ཐམས་ཅད་ནི་ཐོག་མའི་ཀ་དག་གི་གཞི་ལས་ལྷུན་གྲུབ་ཀྱི་གཞི་སྣང་ཤར་ཞིང་། དེ་ཉིད་རང་སྣང་དུ་མ་ཤེས་པས་འཁྲུལ་པའི་འོག་རྩོམ་ཚུལ་ནི། སྒྲོན་མ་སྣང་བྱེད་ལས། །དེ་ལྟར་གནས་པའི་གཞི་དེ་ལས། །རྒྱུ་དང་འཁྲུལ་པའི་ས་བོན་ནི། །གསལ་བའི་ཆ་ནས་ཕྱིར་ཤར་བས། །ཤེས་པ་གསལ་གསལ་རིག་རིག་སྟེ། །མ་རིག་པ་ནི་གསུམ་དག་ལ། །ཡུད་ཙམ་ཕྱིར་འགྱུར་སྣང་ཆ་ལ། །ཡུལ་དེ་དག་ཏུ་བཟུང་བའི་བློས། །གཞི་དང་གཞི་ཞེས་ཁྱད་པར་འཁྲུལ། །འཁྲུལ་པའི་རྒྱུ་ལས་ཡུལ་རྐྱེན་འཕྲད། ཅེས་སོགས་རྒྱས་པར་གསུངས་ཏེ་དེ་ཡང་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་ཞེས་སེམས་ཉིད་ཁོ་


TR008_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

རང་དང་། དེ་རང་ངོ་མ་ཤེས་པ་ལྟ་བུ་ལྷན་ཅིག་སྐྱེས་པའི་མ་རིག་པ་དང་། རང་སྣངལ་གཞན་དུ་འཛིན་མཁན་ཀུན་ཏུ་བཏགས་པའི་མ་རིག་པ་སྟེ། དེ་ལྟར་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཀྱི་མ་རིག་པ་གསུམ་པོ་དེས་འཁྲུལ་པའི་རྒྱུ་བྱས། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལ་དེར་མ་ཤེས་པས་རྒྱུའི་རྐྱེན་དང་། སྟོང་གསལ་ཡེ་ཤེས་ཀྱི་རང་གདངས་ལྷུན་གྲུབ་འོད་ཁྱིམ་དུ་འཆར་བས་དམིགས་པའི་རྐྱེན་དང་། དེ་གསལ་སྟོང་དུ་མ་ཤེས་པར་ཡུལ་དང་ཡུལ་ཅན་ཐ་དད་དུ་དངོས་པོར་བཟུང་བས་དེར་འཛིན་གྱི་རྐྱེན་ཏེ། དེ་ལྟར་རྒྱུ་རྐྱེན་དྲུག་པོ་དེ་ལ་བརྟེན་ཏེ། ཀློང་གསལ་ལས། དང་པོར་མ་རིག་དྲུག་ལས་འབྱུང་།། ༈ །།ཞེས་གསུངས་སོ། །དེ་ནས་ཡང་སྟོང་པའི་རང་རྩལ་འོད་ལྟར་སྣང་བ་ལ་དངོས་འཛིན་ལས་ཀྱི་རླུང་འབྱུང་ཞིང་། འཁྲུལ་པ་ཡིན་ཏེ་


TR008_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ལྔའི་རང་འོད་ལ་འཛིན་པ་ཞུགས་པའི་འབྲས་བུ་འབྱུང་བ་ལྔ་དངོས་སུ་སྣང་བ་དང་། ཕྱིའི་འབྱུང་ལྔའི་དྭངས་མ་ལས་ནང་གི་ཁམས་ལྔ་སྐྱེ་མཆེད་དྲུག་སོགས་བྱུང་བས་སྣོད་བཅུད་ཐམས་ཅད་རིམ་གྱིས་ཆགས་ཤིང་གྲུབ་སྟེ། ཁམས་གསུམ་རིགས་དྲུག་གི་སྐྱེ་འགྲོ་རྣམས་མ་རིག་གཟུང་འཛིན་གྱི་དྲ་བར་ནི་ཆུད། རྟེན་འབྲེལ་བཅུ་གཉིས་ཀྱི་སྲིད་པའི་འཁོར་ལོས་ནི་བསྐྱོད། ཉོན་མོངས་འཁྲུལ་ཞེན་གྱི་ལས་ངན་ལ་སྤྱད་པའི་འབྲས་བུས་སྡུག་བསྔལ་ཉམ་ཐག་པ་རྣམ་པ་མང་པོས་ནི་གཟིར། དེ་བྱུང་ཀྱང་སྡུག་བསྔལ་ལ་སྡུག་བསྔལ་དུ་མ་ཤེས་པར་སླར་ཡང་འཁོར་བར་འཁྱམས་པའི་རྒྱུ་དང་ས་བོན་འགའ་ཞིག་བསྒྲུབ་པའི་བརྩོན་པ་ལ་ཨ་འཐས་ཡང་འཐས་སུ་འབད་པ་འདི་ནི་ཁམས་གསུམ་འགྲོ་བ་ཀུན་གྱི་ཆོས་ཉིད་ལགས་ཏེ་ཐལ་འགྱུར་


TR008_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །ཕུང་པོ་རྣམས་དང་ཁམས་རྣམས་དང་། །སྐྱེ་མཆེད་ལས་ཀྱི་ཚོགས་འདུ་ལས། །ཉོན་མོངས་འདུས་པ་དཔག་མེད་པར། །འགྲོ་བ་ལུས་ཀྱི་རྟོག་ཚོགས་བསྡུས། །རྟེན་འབྲེལ་སྣ་ཚོགས་དུ་མ་ལས། །མི་མཐུན་གཟུགས་སོགས་བྱེ་བྲག་གོ། །ཞེས་དང་། །མུ་ཏིག་ཕྲེང་བའི་རྒྱུད་ལས། །དེ་ལྟར་འཇིག་རྟེན་གསུམ་པོ་ནི། །ཕུང་པོ་ལྔ་དང་དབང་པོ་ལྔ། །ཡན་ལག་ལྔ་དང་དོན་སྙིང་ལྔ། །ཡུལ་ལྔ་དང་ནི་ཉོན་མོངས་ལྔ། །སེམས་ལ་ཡིད་ལྔ་རྟོག་པ་ལྔ། །གཟུང་འཛིན་འཁོར་བ་ཉིད་དུ་གྲུབ། །འཁྲུལ་པ་གཉིས་སྣང་དེ་ལྟ་བུས། དཔེར་ན་མྱུར་འགྲོའི་འཁོར་ལོ་བཞིན་། རྒྱུན་ཆད་འཁོར་བར་ཡུན་རིང་གནས། ཞེས་སོགས་རྒྱ་ཆེར་གསུངས་སོ། འོ་ན་ཐོག་མེད་དུས་ནས་འཁོར་བའི་འདམ་དུ་ཚུད་


TR008_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་ཆད། ད་འཁྲུལ་པ་ལྡོག་ཅིང་ཐར་པའི་ལམ་མེད་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། དེ་ལྟ་བུའི་མ་དག་འཁོར་བའི་ཆོས་ཐམས་ཅད་ཀྱང་དོན་དམ་པར་ནི་ཆོས་ཉིད་སྟོང་པའི་དབྱིངས་ལས་ལ་གཡོས་ཤིང་། ཀུན་རྫོབ་ཙམ་དུ་མེད་བཞིན་སྣང་བའི་རོལ་པ་རྨི་ལམ་ལྟ་བུའི་སྟོང་པའི་ངང་ལས་གསལ་སྣང་གི་ཆོ་འཕྲུལ་ནམ་མཁའ་ལ་ སྤྲིན་ བྱུང་གནས་ཐིམ་གསུམ་གྱི་ཚུལ་ལྟ་བུ་ཉིད་ལས་ཡང་དག་པའི་བདེན་པའི་དངོས་པོར་མ་གྲུབ་ཕྱིར། རང་གི་དེ་ཉིད་རིག་ཅིང་རྟོགས་ན་གྲོལ་བ་ལ་ཚེགས་མེད་པ་དང་། ཁྱད་པར་དུ་སྔར་བཤད་པའི་སེམས་ཅན་ཀུན་གྱི་རྒྱུད་ལ་གདོད་མའི་གནས་ལུགས་དོན་དམ་པའི་ཀ་དག་གི་ཡེ་ཤེས་ཆེན་པོས་ཁྱབ་ཅིང་། །དེ་ལ་ནི་འཕོ་འགྱུར་བྲི་གང་མེད་པས་གང་གིས་རྟོགས་ཤིང་མངོན་དུ་གྱུར་པ་དེ་གདོད་མའི་ཀུན་


TR008_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བཟང་པོ་ཉིད་དང་ཁྱད་པར་རྡུལ་ཙམ་མེད་པར་འགྱུར་བ་སྟེ། དེ་ལྟར་ཡང་མུ་ཏིག་ཕྲེང་བ་ལས། དེ་ལྟར་སྣང་བ་སྣ་ཚོགས་རྣམས། །ཐག་པ་ལ་ནི་སྦྲུལ་མཐོང་བཞིན། །དེ་མ་ཡིན་ལ་དེར་བཟུང་བས། །ཕྱི་ནང་སྣོད་བཅུད་གཉིས་སུ་ཆགས། །དེ་ཡང་བརྟགས་ན་ཐག་པ་ཉིད། །སྣོད་བཅུད་ཡེ་ནས་སྟོང་པ་སྟེ། །དོན་དམ་ཀུན་རྫོབ་གཟུགས་ཅན་ནོ། །ཞེས་དང་། བདེན་པ་གཉིས་ཀྱི་རང་བཞིན་ནི། །ཏིང་འཛིན་ཀུན་རྫོབ་ཙམ་དུ་སྟེ། །ཡང་དག་ཉིད་ལ་འབྲེལ་བ་མེད། །སྟོང་པ་ཉིད་ཀྱང་དབྱིངས་ལ་ནི། །དེ་ཡི་ངོ་བོར་ཐམས་ཅད་གྲོལ། །ཞེས་དང་། ཀློང་གསལ་ལས་བདེར་གཤེགས་ངོ་བོ་འགྲོ་ཀུན་ལ། །ཏིལ་ལ་མར་གྱིས་ཁྱབ་བཞིན་གནས། །མ་རིག་གྲོལ་ཚེ་འབྱུང་བའི་ལུས།


TR008_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མེད་ཡེ་ཤེས་ངང་དུ་བཟློག །ཅེས་སོགས་གསུངས་པས། གདམས་པ་ཉམས་ལེན་གྱི་གནད་དང་ལྡན་ན་གྲོལ་བའི་སྐལ་པ་ཅན་དུ་གྱུར་པའོ། །དེ་ལྟ་བུས་འཁྲུལ་གྲོལ་གཉིས་ཀྱི་གཞིའི་གནས་ལུགས་སྤྱིར་བསྟན་ནས། ད་ནི་ལམ་ཁྲེགས་ཆོད་ཐོད་རྒལ་གཉིས་ཀྱི་རང་བཞིན་བྱེ་བྲག་ཏུ་འཆད་པ་ལ་གཉིས་ཏེ། སེམས་རིག་དབྱེ་བའི་སྒོ་ནས་ཁྲེགས་ཆོད་ཀྱི་དོན་བསྟན་པ་དང་། གནས་ལམ་སྒོ་ཡུལ་ཐབས་གནས་སོགས་ཀྱི་སྒོ་ནས་ཐོད་རྒལ་གྱི་དོན་བཤད་པ་གཉིས་ཀྱི་དང་པོ་ནི། དེ་ཡང་སྔར་བཤད་པའི་བདེར་གཤེགས་སྙིང་པོའི་གནས་ལུགས་དོན་གྱི་ཡེ་ཤེས་དེ་སེམས་ཅན་གྱི་ཁམས་ལ་ཁྱབ་ཚུལ་དང་། དེ་ཉིད་ལམ་གྱི་དངོས་གཞིར་ཉམས་སུ་བླངས་པས་འབྲས་བུ་སྐུ་དང་ཡེ་ཤེས་འགྲུབ་ཚུལ་སོགས་ནི་ཆོས་ཐམས་ཅད་དགོངས་པ་གཅིག་ནའང་།


TR008_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དང་རིག་པ་སོ་སོར་ཕྱེས་ཏེ་ཉམས་ལེན་གྱི་སྙིང་པོ་རིག་པའི་ཡེ་ཤེས་ཁོ་ན་ལ་དམིགས་བསལ་དུ་བྱ་བ་ནི་རྫོགས་པ་ཆེན་པོའི་དགོངས་དོན་ཐུན་མོང་མ་ཡིན་པ་ཉིད་དེ། དེ་ཡང་དང་པོར་གཞིའི་སྐབས་སུའང་ཀ་དག་དང་ཀུན་གཞི་ཐ་དད་པའི་ཚུལ་སྔར་བཤད་པ་བཞིན་ཏེ། ཀ་དག་ནི་ཆོས་སྐུའི་ངོ་བོ་སྟེ། འཁོར་བའི་ཆ་ནས་དྲི་མ་མཐའ་དག་གིས་མ་གོས་པའི་ཕྱིར་དང་། ཡེ་ཤེས་གསུམ་གྱི་འབྱུང་གནས་སམ་མཚན་ཉིད་ཅན་དུ་གྱུར་པ་དང་། མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པ་དང་། མཚན་མའི་སྤྲོས་པ་ཀུན་དང་བྲལ་ཞིང་འདུས་མ་བྱས་པའི་རང་བཞིན་ཡིན་པ་དང་། ལྟ་སྒོམ་སྤྱོད་པ་ལ་སོགས་ལམ་གྱི་ཆོས་ཐམས་ཅད་ཀྱི་དངོས་གཞིར་གྱུར་པ་དང་། སྟོབས་དང་མི་འཇིགས་མ་འདྲེས་པའི་ཆོས་སོགས་


TR008_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་ཆེ་བ་ཡོན་ཏན་མ་ལུས་པའི་རྒྱུ་འབྲས་གྲུང་པོ་ཡིན་པ་སོགས་ཁྱད་ཆོས་དུ་མ་དང་ལྡན་ལ། ཀུན་གཞི་ནི་འཁོར་བའི་བག་ཆགས་ཀུན་གྱི་གཞི་རྟེན་ཡིན་པ་དང་། ལུང་མ་བསྟན་གྱི་མ་རིག་པའི་རང་བཞིན་དུ་གནས་པའི་ཕྱིར་དང་། ལས་དང་བག་ཆགས་རྟོག་ཚོགས་ཉོན་མོངས་ཀུན་གྱི་རྒྱུ་རྐྱེན་བྱེད་པ་དང་། ལུས་སྣང་སེམས་གསུམ་སོགས་འདུས་བྱས་ཀྱི་ཆོས་རྣམས་བསྐྱེད་ཅིང་སྨིན་པས་འཁོར་བའི་ཕྱི་མོ་བྱེད་པ་སོགས་སྐྱོན་གྱི་ཆ་དུ་མ་ཅན་ཡིན་ལ། ཀུན་གཞི་ཉིད་ལའང་དབྱེ་ན་ལྷན་ཅིག་སྐྱེས་པའི་མ་རིག་པའི་ངོ་བོ་ལ་ཡེ་དོན་གྱི་ཀུན་གཞིར་གྲགས་པ་དང་། འཁོར་འདས་ཀྱི་ལས་སོ་སོའི་འཕེན་སྡུད་བྱེད་པ་པོ་ལ་སྦྱོར་བ་དོན་གྱི་ཀུན་གཞི་ཞེས་བྱ་བ་དང་། སེམས་དང་སེམས་བྱུང་གི་རྟེན་འབྲེལ་ལུགས་འབྱུང་དུ་བྱེད་པའི་རྩ་བ་བག་ཆགས་སྣ་ཚོགས་པའི་ཀུན་གཞི་ཞེས་བྱ་བ་དང་། ཁམས་གསུམ་སོ་སོའི་ལུས་རག་པ་དང་ འདོད་ཁམས་པ་


TR008_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གཟུགས་ཁམས་དང་ཏིང་འཛིན་གཟུགས་མེད་ལྟར་སྣང་བའི་ལུས་སོགས་ཀྱི་གཞི་རྟེན་དུ་གྱུར་པ་བག་ཆགས་ལུས་ཀྱི་ཀུན་གཞི་སྟེ། དེ་ལྟར་ངོ་བོའི་རྩ་བ། གཅིག་ལ་བྱེད་ལས་ཀྱིས་ཕྱེ་བའི་ཀུན་གཞི་རྣམ་པ་བཞི་པོ་དེ་ཐམས་ཅད་ནི་དག་བྱ་དྲི་བཅས་ཀྱི་རང་བཞིན་འབའ་ཞིག་ཡིན་ཚེ། དེས་ན་ཐོག་མའི་གྲོལ་གཞི་དང་མཐར་ཐུག་གི་གྲོལ་ས་དངོས་ནི་ཀ་དག་ཉིད་ཡིན་གྱི། ཀུན་གཞི་མ་ཡིན་པར་གསུངས་ཏེ། ཀུན་བཟང་ཐུགས་ཀྱི་མེ་ལོང་གི་རྒྱུད་ལས། ཀུན་གཞི་ཆོས་སྐུར་འདོད་པ་ང་ལས་གོལ་བ་ཡིན། ཞེས་སོགས་དང་། མུ་ཏིག་ཕྲེང་བ་ སེང་ཐལ་ལུགས་ ལས་ཀྱང་། །ཆོས་ཀྱི་སྐུ་ནི་ཟག་པ་ཟད། །སྟོང་ཞིང་གསལ་ལ་གསལ་ཞིང་ཁྱབ། །བསམ་པས་མ་བསླད་དྲན་པ་དང་། སྤྲོས་


TR008_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་དང་བྲལ་བ་སྟེ། །ནམ་མཁའ་ལྟ་བུར་ཁྱབ་ཅིང་སྟོང་། །རང་གར་མཚོན་པ་ཀུན་དང་བྲལ། ཞེས་སོགས་གསུངས་ཤིང་། །རིག་པ་རང་ཤར་གྱི་རྒྱུད་ལས། །ཀུན་གཞི་རྣམ་རྟོག་འཛིན་པ་ལས། །སྣ་ཚོགས་པ་ཡི་ཤེས་པས་བསླད། །ཀུན་གཞི་མ་རིག་དངོས་པོ་ཡིན། ཞེས་སོགས་གསུང་ཕྱིར། ཀ་དག་ཆོས་སྐུ་དྲི་བྲལ་དང་ཀུན་གཞི་མ་རིག་དྲི་བཅས། །གཉིས་ཀྱི་དབྱེ་བ་ཤེས་དགོས་ལ། དེ་དག་གོང་དུ་ཀ་དག་དང་ལྷུན་གྲུབ་གཉིས་ཀྱིས་དབྱེ་བའི་ཚུལ་བརྗོད་པ་དེས་ཀྱང་གོ་བར་འགྱུར་རོ། དེ་བཞིན་དུ་སེམས་དང་རིག་པ་གཉིས་ཀྱི་ཁྱད་པར་ཡང་། སེམས་ཞེས་བྱ་བ་ནི་གློ་བུར་གྱི་དྲི་མ་ཡིན་ཏེ་རྣམ་རྟོག་ཅེས་ཀྱང་བྱ་ལ། རིག་པའི་ཡེ་ཤེས་ནི་སྔར་བཤད་པའི་གདོད་མའི་གནས་ལུགས་སམ་ཐོག་མ་མེད་


TR008_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་ཁམས་དགེ་བ་དེ་བཞིན་གཤེགས་པའི་སྙིང་པོ་དེ་ཡིན་པའི་ཕྱིར། དེ་གཉིས་གཅིག་པའི་ཡུལ་མེད་པ་དང་། གཞན་ཡང་སེམས་ནི་དག་བྱ་ཡིན་ལ། རིག་པའི་ཡེ་ཤེས་ནི་རྟོགས་བྱ་ཡིན་པ་དང་། སེམས་ནི། རྫོབ་ཆོས་ཅན་དང་། རིག་པ་ནི་དོན་དམ་ཆོས་ཉིད་ཡིན་པ་དང་། སེམས་ནི་འགྲོ་དྲུག་སོ་སོའི་གཟུང་འཛིན་གྱི་དྲན་བསམ་རང་རྒྱུད་པར་འཆར་བའི་ཤེས་པ་རང་ག་མ་དེ་ཡིན་ལ། རིག་པ་ནི་ཡེ་ཤེས་རང་གསལ་སྐུ་གསུམ་དབྱེར་མེད་སྟོང་གསལ་ཟུང་འཇུག་གི་ངོ་བོ་ཡིན་པ་དང་། སེམས་ཀྱི་ངོ་བོ་ཀུན་གཞི་རྣམ་ཤེས་དང་། དེ་ལས་མཆེད་པ་གཟུང་བའི་རྟོག་པ་ཡིད་ཀྱི་རྣམ་ཤེས་དང་། ཆགས་སྡང་བར་མ་གསུམ་གྱི་འཛིན་པའི་ཤེས་པ་ཉོན་མོངས་པ་ཅན་གྱི་


TR008_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་དང་གཟུང་འཛིན་གྱི་རྟོག་པ་རགས་པོ་དེ་སོ་སོའི་ཡུལ་ལ་སྤྱོད་པ་སྒོ་ལྔའི་རྣམ་ཤེས་དང་། དེ་དག་ལས་ཉོན་མོངས་པ་དུག་ལྔ་དང་། དེ་ལས་ཀྱང་ཉེ་བའི་ཉོན་མོངས་པ་ཉི་ཤུ་དེ་དག་ལས་ཉོན་མོངས་པ་སྟོང་ཕྲག་དྲུག་ཅུ་སོགས་སུ་མཆེད་པས་ཁམས་གསུམ་འཁོར་བར་འཁྲུལ་ཞིང་འཁྱམས་པའི་རྒྱུ་དང་རྩ་བ་ནི་སེམས་ཁོ་ན་ཡིན། རིག་པའི་ཡེ་ཤེས་ཀྱི་རྩ་བ་ནི་གཞི་གནས་ལུགས་ཀྱི་ཡེ་ཤེས། ངོ་བོ་རང་བཞིན། ཐུགས་རྗེ་གསུམ་པོ་སྐུ་གསུམ་གྱི་དབྱིངས་ཉིད་དང་། མཚན་ཉིད་འཛིན་པའི་ཡེ་ཤེས་ཆོས་དབྱིངས། མེ་ལོང་། མཉམ་ཉིད། སོར་རྟོག །བྱ་གྲུབ་ཡེ་ཤེས་ལྔའི་རང་བཞིན་དང་། །ཡུལ་ལ་ཁྱབ་པའི་ཡེ་ཤེས་ནི། །གནས་ལུགས་ཇི་ལྟ་བ་མཁྱེན་པ་དང་། ཤེས་བྱ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཉིས་


TR008_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་སོགས་མདོར་ན་ཡང་དག་པའི་དོན་མངོན་གྱུར་གྱི་སངས་རྒྱས་འགྲུབ་པའི་རྒྱུའམ་རྩ་བ་དངོས་ནི་རིག་པ་ཉིད་ཡིན་པ་སྟེ། དེས་ན་སེམས་དང་རིག་པའི་ཁྱད་པར་མཐའ་ཡས་ཤིང་། ཚུལ་དེ་དག་ངེས་དོན་ཟབ་མོའི་རྒྱུད་སྡེ་རྣམས་ལས་འབྱུང་སྟེ། མུ་ཏིག་ཕྲེང་བར། སེམས་དང་ཡེ་ཤེས་དབྱེ་བ་ནི། །མཁས་པ་རྣམས་ཀྱིས་ཤེས་པར་བྱ། ཞེས་དང་། སེམས་ནི་བག་ཆགས་ཀུན་གྱི་གཞི། །ལུས་ཅན་རྣམས་ཀྱི་དྲི་མ་ཡིན། །གཟུང་བ་ཡུལ་ལ་འཛིན་པ་སེམས། །དེ་ཕྱིར་འཁོར་བའི་ཆོས་ཉིད་དོ། །སེམས་དེ་བྲལ་ན་སངས་རྒྱས་པ། །ལུས་ཅན་ཀུན་གྱི་དྲི་མ་དག །ཤེས་ཤིང་རིག་ལ་གསལ་བྱེད་སྣང་། །རྣམ་པར་རྟོག་པ་ཀུན་བསྲེགས་ཏེ། །སྟོང་གསལ་རིག་བཅས་ཉིད་ཡིན་ནོ།


TR008_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་དང་། ཀུན་བཟང་ཀློང་དྲུག་པ་ལས། ཀྱེ་སེམས་དཔའ་ཆེན་པོ། སེམས་དང་ཡེ་ཤེས་རང་གི་ངོ་བོ་མ་ཕྱེད་ན་ཉི་མ་སྤྲིན་ཕུང་གིས་བསྒྲིབས་པ་དང་འདྲ་སྟེ་ཕྱིར་སྣང་བའི་དོན་བྱེད་མི་ནུས་སོ། །དེའི་ཕྱིར་ན་སེམས་ལ་མཁས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཕྱི་རོལ་གྱི་ཡུལ་ལ་བདག་མེད་དུ་རྟོགས་སོ། ཡེ་ཤེས་ལ་མཁས་པའི་རྣལ་འབྱོར་པ་རྣམས་ཀྱིས་རིག་པ་ཉིད་ཀྱི་ཡེ་ཤེས་ལ་དབང་བསྒྱུར་བའོ། ཞེས་པ་ལ་སོགས་དཔག་ཏུ་མེད་པར་གསུངས་ཤིང་། མདོར་ན་རྫོགས་ཆེན་དུ་མ་ཟད་མདོ་སྡེ་དང་བསྟན་བཅོས་དག་ལས་ཀྱང་མགྲིན་གཅིག་ཏུ་གསུངས་ནའང་དགོངས་པ་ལེན་ཕྱོགས་ཀྱི་དབང་གིས་མ་གོ་བའི་རིགས་ཀྱང་མང་མོད་ལ། དེས་ན་འདའ་ཀ་ཡེ་ཤེས་ཀྱི་མདོར། སེམས་རྟོགས་ན་སངས་རྒྱས་ཡིན་པས་སངས་རྒྱས།


TR008_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ནས་མི་འཚོལ་བའི་འདུ་ཤེས་པར་བྱའོ། །ཞེས་གསུངས་པའི་དོན་ཡང་སེམས་རྟོགས་པ་ནི་ཡེ་ཤེས་ཡིན་ཕྱིར་འདི་སྐབས་དང་དགོངས་པ་མཐུན་པ་ཉིད་དོ། མདོར་བསྡུ་ན། ཉམས་སུ་ལེན་རྒྱུའི་སྙིང་པོ་ནི་རིག་པའི་ཡེ་ཤེས་ཡིན་ལ། སེམས་ནི་དེའི་གདངས་པའམ་རྩལ་ཡིན་པའི་ཕྱིར་རིག་པ་ངོས་ཟིན་ན་སེམས་ལ་འཁྲུལ་དབང་མེད་དེ། དཔེར་ན་རྒྱལ་པོ་བཙོན་དུ་ཟིན་ཚེ་འབངས་འཁོར་དབང་དུ་འདུ་བ་ལྟ་བུའོ། །དེ་ལྟར་ཉམས་སུ་ལེན་པ་ལ་ཐོག་མར་རྡོ་རྗེ་ཐེག་པའི་ལམ་གྱི་འཇུག་སྒོ་ནི་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་གདམས་པ་གཉིས་སུ་འདུས་ལ། དེ་ལུས་ཀྱང་ཐོག་མར་སྨིན་བྱེད་ཁོ་ན་དགོས་པ་དང་། དབང་དེ་ཉིད་ལ་ཕྱི་སྤྲོས་བཅས། བུམ་དབང་། ནང་སྤྲོས་མེད་ གསང་དབང་ གསང་


TR008_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

བ་ ཤེས་རབ་ཡེ་ཤེས་ ཤིན་ཏུ་སྤྲོས་མེད། དེ་ཁོ་ན་ཉིད་ཚིག་དབང་རབ་ཏུ་སྤྲོས་མེད་ཀྱི་དབང་དང་བཅས་པ་རྣམས་ཡོངས་སུ་རྫོགས་པར་ཐོབ་དགོས་ལ། དབང་དེ་ལྟ་བུ་དག་ཐོབ་མ་ཐོབ་ཀྱི་ས་མཚམས་ནི་རྒྱུད་སྨིན་ནུས་མི་ནུས་དབང་དོན་སེམས་ལ་འཕྲོད་མ་འཕྲོད་ལ་བྱེད་དགོས་ནའང་། ཚིག་དབང་ དེ་ལྟ་བུའི་དབང་དེ་དག་ཐོབ་ཚུལ་ལམ་དབང་དོན་ངོ་སྤྲོད་ཚུལ་དེ་ཅི་འདྲ་ཞིག་དགོས་ཞེ་ན། བུམ་དབང་ཐོབ་ན་སྣོད་བཅུད་འབྱུང་ལྔ་ཕུང་ཁམས་སྐྱེ་མཆེད་སོགས་གཟོད་མ་ནས་ལྷའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པའི་ཡིན་ལུགས་གོ་དགོས། དེ་ལྟར་མ་ཤེས་པར་སྣོད་བཅུད་ཐ་མལ་ཨ་འཐས་སུ་འཛིན་ན་བུམ་དབང་མ་ཐོབ། དེས་མཚུངས་པར་རང་བཞིན་གྱི་སྒྲ་སྐད་དང་དབུགས་འབྱིན་འཇུག་ཐམས་ཅད་སྔགས་སུ་མ་ཤེས་ན་གསང་དབང་ཐོབ་མ་ཐོབ་དང་། ཡིད་ཀྱི་འབྱུང་


TR008_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཚོར་དང་རྟོག་ཚོགས་ཐམས་ཅད་ལྷན་སྐྱེས་ཡེ་ཤེས་སུ་ཤེས་མ་ཤེས་ལ་དབང་གསུམ་པ་ཐོབ་མ་ཐོབ་དང་དེ་དག་ཐམས་ཅད་རང་རིག་ཆོས་སྐུའི་ངོ་བོར་ཐག་ཆོད་མ་ཆོད་ལ་དབང་བཞི་པ་ཐོབ་ལ་ཐོབ་ཀྱི་མཚམས་ཡིན་པས། དེས་དབང་བཞི་ཞུས་ཕྱིན་ཆད་དབང་དོན་འདི་དག་རབ་ལ་རྟོགས་པ། འབྲིང་ལ་མྱོང་བ། ཐ་མ་ལ་གོ་བ་རྒྱུད་ལ་སྐྱེ་དགོས་ཀྱི་བདག་གིས་ཆོས་བཀའ་དེ་དང་དེའི་དབང་ཞུས་ཐོབ་བོ། ཞུས་སོ་སྙམ་པ་གཅིག་པུས་ཆོག་པ་མིན་ནོ། །དེང་སང་ནི་ཆོ་གའི་དབང་བསྐུར་ཙམ་ཞིག་ཞུས་མ་ཞུས་ཐ་སྙད་དུ་བྱེད་པ་མ་གཏོགས་དབང་དོན་རྒྱུད་ལ་འཕྲོད་མ་འཕྲོད་དམ། སློབ་དཔོན་སློབ་མའི་མཚན་ཉིད། དབང་གི་ངོ་བོ་དང་། དབང་བཞི་པོ་ཐ་དད་ལ་དཀྱིལ་འཁོར། དབང་རྫས། ཇི་ལྟར་བསྐུར་ཐབས་


TR008_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱི་ཞིབ་ཆ་ནི་དབང་ཆོག་སོ་སོ་ལ་འབྱུང་མོད་ཅིང་སོ་སོའི་དམ་ཚིག་ཀྱང་བཟའ་བའི་དམ་ཚིག །བཅའ་བའི་དམ་ཚིག །བསྲུང་བའི་དམ་ཚིག །མི་འབྲལ་བའི་དམ་ཚིག་སོགས་གསང་སྔགས་གསར་རྙིང་ཐམས་ཅད་ནས་རྒྱས་པར་འབྱུང་བ་ལྟར་ལག་ཏུ་ཁེལ་དགོས་པ་ཉིད་དོ། །དམ་ཚིག་གི་བསྲུང་མཚམས་སོགས་ནི་ཡིད་ཀྱི་ཕུག་ལའང་མེད་པ་ཤ་སྟག་ཡིན་ཕྱིར་དབང་ཐོབ་པ་དེ་མཚན་ཉིད་ཚུལ་མཐུན་མི་འབྱུང་ལ། དེ་མ་ཡིན་ཚེ་གདམས་པ་འཆད་ཉན་དང་ཉམས་སུ་ལེན་ལོ་ཙམ་བྱེད་པ་འདི་དག་གིས་ཀྱང་རང་རྒྱུད་གྲོལ་མ་ནུས་པར་མངོན་སུམ་དུ་གསལ་བ་འདི་དག་ཉིད་ལས་མ་འདས་ཀྱི། གང་ཞིག་དེ་དག་ཚུལ་ལྡན་དུ་བྱེད་པ་དག་གིས་དབང་དུ་བགྱིད་ན། དབང་ཐོབ་དམ་ལྡན་གྱི་སློབ་མ་དེ་ཉིད་གྲོལ་བྱེད་ཀྱི་ཐོག་


TR008_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

མར་ཐུན་མོང་དང་ཁྱད་པར་གྱི་སྔོན་འགྲོ་མཐའ་དག་རེ་རེ་ནས་རྟགས་དང་ངེས་པ་རྙེད་པ་མ་བྱུང་གི་བར་དུ་ནན་ཏན་ཆེན་པོས་འབད་ནུས་ན། དངོས་གཞི་རང་བྱུང་ཡེ་ཤེས་ཀྱི་དོན་རྒྱུད་ལ་མི་སྐྱེ་བའི་ཐབས་མེད་པ་དང་། དེ་ཉིད་ཀྱི་དོན་དངོས་ལ། རྣམ་གྲངས་མང་ཡང་འདིར་ནི་ཁྲེགས་ཆོད་ཐོད་བརྒལ་གཉིས་སུ་འདུས་པའི་དང་པོར་ཁྲེགས་ཆོད་ལའང་ལྟ་བ་གནས་ལུགས་ཀྱི་དོན་ཡིན་ལུགས་རང་ངོ་ཤེས་ཤིང་ཐེ་ཚོམ་གྱི་སྒྲོ་འདོགས་གཅོད་པའི་ཕྱིར། དང་པོར་རྟོག་པ་རྩད་གཅོད་པ་བར་དུ་སེམས་ཀྱི་མཚངས་བཙལ་བ། མཐར་བྱུང་གནས་འགྲོ་གསུམ་ལ་བརྟགས་པ་སོགས་ཁྲིད་རིམ་སོ་སོའི་དཀྱུས་ནས་སྣང་བ་ལྟར་ལ། བླ་མས་མན་ངག་གིས་མཚམས་སྦྱར་ཏེ། སློབ་མའི་བློ་རིགས་ལ་རྗེས་སུ་དཔག་ནས། རྒྱས་བསྡུས་ཅི་རིགས་


TR008_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྟན་པར་བྱ་ཞིང་།། ༈ །།ལྟ་བ་དངོས་ནི་འཇིག་རྟེན་ཐ་མལ་པའི་འགྲོ་བ་གྲུབ་མཐའ་ལ་མ་ཞུགས་པ་རྣམས་ནི་ཨ་འཐས་སུ་གཟུང་འཛིན་ཆགས་སྡང་རྨོངས་གསུམ་ལས་མ་འདས་པས་ལྟ་བ་མ་རྟོགས་པ་དང་། ཕྱི་པ་མུ་སྟེགས་པ་ལ་ནི་རྟག་པ་ཐེར་ཟུག་པ་དང་། ཆད་པ་རྒྱང་འཕེན་པ་གཉིས་ལ་བརྟེན་ནས་འཇིག་ཚོགས་ཀྱི་ལྟ་བ་སུམ་བརྒྱ་དྲུག་ཅུ་ཐམས་ཅད་ལྟ་བ་ལོག་པར་རྟོག་པ་འབའ་ཞིག་དང་། ནང་པ་ལ་ཡང་ཉན་ཐོས་པས་སྡུག་བསྔལ། ཀུན་འབྱུང་། འགོག་པ། ལམ་སྟེ་བདེན་པ་བཞི་དང་། རང་རྒྱལ་བས་རྟེན་འབྲེལ་འབྱུང་ལྡོག་གཉིས་དང་། བྱང་སེམས་པས་སྣང་བ་ཀུན་རྫོབ་སྟོང་པ་དོན་དམ་དུ་འདོད་ཅིང་། ཉམས་ལེན་སྨོན་འཇུག་ལ་བྱེད་པ་སྟེ། དེ་ལྟར་ཕར་ཕྱིན་ཐེག་པ་པས་བདག་མེད་ཀྱི་ལྟ་བ་ཕྱོགས་ཙམ་རྟོགས་པ་དང་


TR008_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲི་ཡ་པས་ཀུན་རྫོབ་རིགས་གསུམ་གྱི་ལྷ། དོན་དམ་དག་པ་མཐའ་བཞི་དང་བྲལ་བར་འདོད་པ་དང་། ཨུ་པ་དང་ཡོ་ག་པས་རིགས་བརྒྱ་སོགས་ཀྱི་ལྷར་སྣང་བ་ནི་ཀུན་རྫོབ། རང་བཞིན་སྟོང་པ་དོན་དམ་དང་། མ་ཧཱ་ཡོ་ག་པས་སྣང་གྲགས་ཞི་ཁྲོའི་དཀྱིལ་འཁོར་སོགས་ཀུན་རྫོབ་དང་། །སྐྱེ་འགག་གནས་གསུམ་དང་བྲལ་བ་དོན་དམ། དེ་གཉིས་མེད་བདེན་པ་དབྱེར་མེད་དང་། ཨ་ནུ་ཡོ་ག་པས་སེམས་ཉིད་སྤྲོས་བྲལ་ནི་དབྱིངས། དེ་ཀ་ཡུལ་མེད་དུ་གསལ་བ་ཡེ་ཤེས། གཉིས་མེད་བདེ་བ་ཆེན་པོར་འདོད་པ་སོགས་མདོར་ན་སྔགས་ཀྱི་ཐེག་པ་དྲུག་གམ་ལྔའི་ལྟ་བ་ཐམས་ཅད་ཀྱང་། བློས་བྱས་ཀྱི་མཐའ་ལ་རེག་པས་ན། ཡང་དག་པའི་ལྟ་བ་དངོས་ལ་རྟོགས་པ་རུ་འདིར་གསུངས་ལ། འདི་སྐབས་ཀྱི་ལྟ་བ་དངོས་དེ་གང་


TR008_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན། རང་རིག་ཀ་དག་འདུས་མ་བྱས་པའི་ཡེ་ཤེས། བསམ་བྲལ་གདོད་མའི་གནས་ལུགས། རང་བྱུང་ཐིག་ལེ་ཉག་གཅིག །ཡེ་གྲོལ་ཀློང་ཡངས་ཆེན་པོ་སྟེ། དེ་ཡང་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཡེ་ནས་ལྷུན་གྱིས་གྲུབ་པས་སྐྱེ་བ་མེད་ཅིང་། གསལ་མདངས་འགག་པ་མེད་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་འཆར་གཞིར་རུང་ཡང་ངོ་བོ་ལ་གང་གིས་ཀྱང་གོས་པ་མེད་པས་ཅིར་སྣང་སྟོང་པ་ཉིད་ལས་མ་འདས་པ། དབྱིབས་དང་ཁ་དོག་བཟང་ངན་ཡོད་མེད་རྟག་ཆད་ཀྱི་མཚན་མའི་མཐའ་ལས་འདས་ཤིང་། མཐའ་ལས་འདས་སོ་སྙམ་པ་ལ་སོགས་པའི་ཡིད་བྱེད་ཀྱི་བློའི་ཞེན་འཛིན་གྱིས་བཅོས་སླད་བྱས་པ་ལ་ཡིན་པར་ཡེ་གདོད་མའི་ཡེ་ཤེས་བསམ་བརྗོད་བྲལ་བ་ཉིད་ནི་ལྟ་བའི་


TR008_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཡིན་ལ། དེ་ཉིད་བླ་མས་བརྡ་ཐབས་མན་ངག་སྣ་ཚོགས་དང་ཁྱད་པར་བྱིན་རླབས་ཀྱི་འཇུག་པ་ཟབ་མོ་རྨད་དུ་བྱུང་བའི་མཐུས། ཐེ་ཚོམ་ཡིད་བྱེད་གཉིས་འཛིན་གྱི་སྒྲོག་ལས་གྲོལ་ནས་ཡིན་ལུགས་ཇི་བཞིན་དུ་རིག་ཅིང་རྟོགས་པ་དེ་ལ་ལྟ་བ་རྟོགས་པ་ཞེས་བྱ་སྟེ། དོན་དུ་རྟོགས་རྒྱུ་དང་རྟོགས་མཁན་ཐ་དད་གཅིག་གཞན་ནས་གསར་བྱུང་ལྟ་བུ་ནི་མ་ཡིན་ཏེ་རང་ལ་ཡོད་པའི་ཡེ་ཤེས་རང་ངོ་ཤེས་པ་ཁོ་ནའོ། དེ་ལྟ་བུའི་ཁྲེགས་ཆོད་གཞིའི་དོན་རྟོགས་པ་གཅིག་པུས་ཆོག་གམ་ཞེ་ན། གང་ཟག་དབང་པོ་ཡང་རབ་ཀྱི་སྐལ་ལྡན་འགའ་ལ་ནི་དེ་ལྟ་བུའི་དོན་རྟོགས་པ་དང་གྲོལ་བ་དུས་མཉམ་དུ་འགྱུར་བ་ཡོད་ནའང་། གཞན་ཕལ་པ་ལ་ནི་ངོ་ཤེས་པ་ཙམ་གྱིས་མི་ཆོག་སྟེ། གློ་བུར་གྱི་


TR008_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཆགས་དང་སྒྲིབ་བྱེད་མཐའ་དག་ཟད་ཅིང་དབྱིངས་སུ་ཐིམ་དགོས་པར་གསུངས་ཏེ། ཇི་སྐད་དུ། ལས་རྣམ་པར་དག་པའི་མདོ་ལས། བཅོམ་ལྡན་འདས་ལ་སྒྲིབ་པ་རྣམ་པར་སེལ་བས་གསོལ་བ། ལས་ཀྱི་རྣམ་པར་སྨིན་པའི་རང་བཞིན་ཇི་ལྟ་བུ་ལགས། བཀའ་སྩལ་པ། རང་བཞིན་ནི་ཆོས་ཉིད་ཡིན་ནོ། །གསོལ་བ། འོ་ན་ སེང་ཐལ་ སེམས་ཅན་ཐམས་ཅད་འབད་པ་མེད་པར་གྲོལ་བར་རིགས་སོ། །བཀའ་བསྩལ་བ། དེ་ནི་མི་རིགས་རེ་འོ་མ་མ། བསྲུབས་ཀྱི་བར་དུ་མར་མི་འབྱུང་བ་བཞིན་ནོ། །དངུལ་རྡོ་མ་བཞུས་ཀྱི་བར་དུ་དངུལ་མི་འབྱུང་བ་བཞིན་དུ་སེམས་ཅན་གྱིས་མ་བསྒོམས་མ་བསྒྲུབས་ཀྱི་བར་དུ་འཚང་མི་རྒྱའོ། །ཡང་གསོལ་བ། ཡེ་ནས་ཆོས་ཉིད་ལགས་ན་བསྒོམ་ཅི་འཚལ། བཀའ་


TR008_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་པ། རྣམ་རྟོག་གློ་བུར་བ་ནམ་མཁར་སྤྲིན་བྱུང་བ་ལྟ་བུ་དེ་སེལ་དགོས་པས་བསྒོམ་མོ། །གསོལ་བ། རྣམ་རྟོག་གློ་བུར་བ་ལགས་ན་སངས་རྒྱས་ནས་ཀྱང་འབྱུང་བར་རིགས་སོ། བཀའ་སྩལ་པ། སངས་རྒྱས་ནས་ནི་རྟོག་པ་རྩད་ནས་ཆོད་པ་ཡིན་ཏེ་འབྲུམ་ནད་ལེགས་པར་བྱང་བ་དང་འདྲའོ། །ཞེས་གསུངས་ཤིང་། དེ་ཡང་གང་ཟག་ཐུན་མོང་བ་སྤྱི་ལ་ཐོག་མར་སེམས་མི་ གནས་པ་ གནས་པར་བྱེད་པ་ཉན་ཐོས་ཞི་བའི་ལྟ་སྟངས། གནས་པ་བརྟན་པར་བྱེད་པ་བྱང་ཆུབ་སེམས་དཔའི་ལྟ་སྟངས། བརྟན་པ་གྲོལ་བར་བྱེད་པ་ཁྲོ་བོའི་ལྟ་སྟངས་ལ་སོགས་པ་ལུས་གནད་དང་། རླུང་གི་ཁ་དོག །དབྱིབས། གྲངས། འགྲོ་འོང་། བུམ་པའི་སྦྱོར་བ་སོགས་ངག་གི་གནད་དང་། མཚན་མ་དང་བཅས་པ་དང་།


TR008_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་མེད་པའི་ཞི་གནས་སོགས་སེམས་གྱི་གནད་རྣམས་ལ་བརྟེན་ནས་རྣམ་རྟོག་གི་འགྱུ་འཕྲོ་ཆམ་ལ་ཕབ་པའི་རིམ་པ་ལ་རྩེ་གཅིག་ཏུ་འབད་པས། དང་པོ་གཡོ་བའི་ཉམས་ཀྱིས་གནས་འགྱུའི་དབྱེ་བ་ཤེས་པ་དང་། གཉིས་པ་ཐོབ་པའི་ཉམས་ཀྱིས་སེམས་ཉིད་གནས་པར་ཤར། གསུམ་པ་གོམས་པའི་ཉམས་ཀྱིས་བསམ་གཏན་ལ་ངེས་ཤེས་རྙེད། བཞི་པ་བརྟན་པ་ཐོབ་པའི་ཉམས་ཀྱིས་གནས་ཆ་ལ་རང་དབང་ཐོབ་པ་རྣམས་འབྱུང་བ་སྟེ། འདི་དག་ལ་ཆོས་སྤྱི་དང་ཕྱག་ཆེན་སོགས་སུ་ནི་གནས་ཉམས་དང་པོ་རི་གཟར་འབབ་ཆུ། གཉིས་པ་ཆུ་བོ་དལ་འབབ། གསུམ་པ་རྒྱ་མཚོ་ལྟ་བུ་སོགས་གསུངས་པ་དང་མཐུན་ལ། རྫོགས་ཆེན་ཕལ་ཆེར་ལས་རྣལ་དུ་དབབ་པ་དང་། །སོར་གཞུག་པ་སོགས་ཀྱང་སྐབས་འདིར་གསུངས་ཤིང་། དོན་


TR008_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གང་ཟག་རིམ་གྱིས་པ་དང་། གཅིག་ཆར་བའམ་དབང་པོ་རབ་འབྲིང་ཐ་གསུམ་རེ་རེ་ལའང་གསུམ་གསུམ་དུ་ཕྱེ་བའི་བློ་རིམ་སོ་སོ་ལ་སྐབས་སུ་གང་བབས་ཀྱི་གདམས་པ་གདབ་ཚུལ་རྣམས་བླ་མ་ཉམས་མྱོང་ཅན་གྱིས་ཤེས་པར་བྱའོ། །དེ་ནས་ལྷག་མཐོང་དངོས་ལ་གནས་པ་སེམས་ཀྱི་རྒྱན་དུ་འཆར་བ། འཕྲོ་བ་སེམས་ཀྱི་རོལ་པར་ཤར་བ། གཉིས་མེད་མཉམ་པའི་ངང་དུ་ལ་བཟླ་བ་སོགས་དང་། །ཕྱི་སྣང་བ་ལ་བརྟགས་ཤིང་ངོ་སྤྲོད་པ། ནང་རིག་པ་ལ་བརྟགས་ཤིང་ངོ་སྤྲོད་པ། དེ་གཉིས་མེད་ལ་བརྟགས་ཤིང་ངོ་སྤྲོད་པ་སོགས་ཁྲིད་གཞུང་སོ་སོ་ནས་རྒྱ་ཆེར་འབྱུང་མོད་ཀྱི་འགག་དོན་ལ། ངོ་རང་ཐོག་ཏུ་སྤྲོས་པ། ཐག་གཅིག་ཐོག་ཏུ་བཅད་པ། གདིང་གྲོལ་ཐོག་ཏུ་བཅའ་བ་སྟེ་འདི་གསུམ་ལ་གནད་ཐམས་ཅད་འདུས་པ་


TR008_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དེ། དེ་ཡང་རང་གི་སེམས་ཉིད་དབྱིབས་དང་ཁ་དོག་མཚན་མའི་ཆོས་ལས་འདས་པའི་སྟོང་གསལ་རིག་པའི་སྙིང་པོ་ཅན་འདི་ག་རང་གསལ་ཧྲིག་གེ་རྗེན་ནེ། སལ་ལེ་བར་རིག་པ་དེ་ལ་སེམས་རང་བཞིན་གྱིས་རྣམ་པར་དག་པའི་གནས་ལུགས་ཇི་ལྟ་བར་ཤེས་པའི་ལྷག་མཐོང་ཞེས་བྱ་བར་ཆོས་སྤྱི་ནས་བཤད་ལ། རྫོགས་ཆེན་ཉིད་ལས་ནི་ཀུན་ཏུ་བཟང་པོ་ཡེ་ཤེས་ཟང་ཐལ་གྱི་དགོངས་པ་ཞེས་བྱ་སྟེ་ཡེ་གདོད་མའི་ཀ་དག་གི་གནས་ལུགས་ཇི་ལྟ་བར་ད་ལྟ་རང་ཐོག་ཏུ་ངོ་ཤེས་པ་དེ་ནས་ངོ་རང་ཐོག་ཏུ་འཕྲོད་པ་ཞེས་བྱ། དེ་ལྟ་བུའི་རིག་པ་རང་ངོ་འཕྲོད་ན་ཚོགས་དྲུག་གི་ཡུལ་ལ་གསལ་ལེར་འཕྲོའམ། རང་གསལ་གྱི་ངང་དུ་ལྷན་ནེར་གནས་སམ་བཟང་ངན་གྱི་རྟོག་པ་ཧྲམ་མེར་ཤར་རམ་ཇི་ལྟར་


TR008_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་ཀྱང་ཡུལ་གྱིས་མ་བསྒྱུར། འཛིན་པས་མ་བསླད། སྤང་གཉེན་མ་ཞུགས་པར་སལ་ལེ། སང་ངེ་བའི་རིག་པ་རྗེན་པ་དེ་ངོ་ཤེས་ཚེ་ཆོས་སྐུ་རང་བྱུང་གི་ཡེ་ཤེས་ལས་མ་འདས་པ་དེ་ལ་ཐག་གཅིག་ཐོག་ཏུ་ཆོད་པ་ཞེས་བྱ། དེ་ལྟར་ཐག་ཆོད་ངེས་པ་རྙེད་པ་དེའི་ཚེ་ཚོགས་དྲུག་གི་བྱེ་བྲག་ཏུ་གྱུར་པ་ཕྱི་ཡུལ་གྱི་སྣང་བའམ། འགྱུ་དྲན་གྱི་ཆ་ཤས་སུ་གྱུར་པ་ནང་སེས་དང་སེམས་བྱུང་རྣམ་རྟོག་ཏུ་བཏགས་པ་ཅིར་སྣང་ཅི་ཤར་ཐམས་ཅད་དང་པོར་ཡང་ཆོས་ཉིད་རྩལ་ལས་རང་བྱུང་ཞིང་། ད་ལྟའང་ཆོས་ཉིད་ཀྱི་རོལ་པར་རང་ཤར་ལ། མཐར་ཡང་ཆོས་ཉིད་ཀྱི་ངང་དུ་རང་ཐིམ་པ་ཉིད་ལས་གཞན་དུ་མ་ཡིན་ཏེ། ཐོག་མཐའ་བར་གསུམ་གང་དུའང་མ་བཅིངས་མ་གྲོལ་བར་རང་བཞིན་གྱི་མཚན་ཉིད་དུ་ཐག་ཆོད་པ་ལ་གདིང་གྲོལ་ཐོག་


TR008_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བཅའ་བ་ཞེས་བྱ་སྟེ། མདོར་ན་སེམས་ཉིད་ཀྱི་རང་ཚུལ་རང་བབས་ཁ་ཡན་དུ་གློད་ཅིང་གནས་འགྱུ་གཉིས་ལ་བཟང་ངན་འདོར་ལེན་དུ་མི་བྱ་བར་གང་སྣང་རང་རིག་རྗེན་པར་སྐྱོང་བ་འདི་ནི་ཁྲེགས་ཆོད་ཀྱི་སྙིང་པོ་ཉིད་དེ་འདིའི་གནད་ཤེས་ན་བསྒོམ་ལ་མི་ཡོང་བའི་ཐབས་མེད་ཅིང་། ཆེད་དུ་བསྒོམ་རྒྱུ་མེད་ཚེ་དཀའ་བས་འབད་རྩོལ་དང་གཟུང་འཛིན་གྱི་དྲན་པ་མི་དགོས་ལ། རིག་པས་ངོས་ཟིན་ཚེ་ཐ་མལ་ཡེངས་འཁྲུལ་དུ་འགྱུར་བའི་གནས་མེད་པར་སྒོམ་གྱི་རང་བཞིན་ཉིད་ལས་མ་གཡོས་པ་ཡིན་ཀྱང་། དེང་སང་གི་སྒོམ་ཆེན་པ་ཕལ་ཆེར་ནི་གནད་འདི་མ་གོ་མ་རྟོགས་པར་གཞི་གནས་སྟེང་པོ། ཁ་ལྟ་གོ་དྲེད་ཨ་འཐས་འཇུར་ཅན། རྣམ་རྟོག་རང་རྒོད། འགྱུ་བ་རྗེས་འབྲངས། བློས་བྱས་ཡིད་བྱེད་ལ་སོགས་ལ། སྐྱོན་འདི་དག་གི་ངོས་


TR008_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་རྣམས་ཞིབ་པར་ཕྱག་ཆེན་ཟིན་བྲིས་སུ་བཤད་ཡོད་པས་དེར་བལྟ་བར་བྱོས་ཤིག །མཆན། བསྒོམ་དུ་རློམས་པ་ཁོ་ན་མང་ཚེ་འདི་ནས་བཤད་པའི་གནད་དོན་འདི་དག་ལ་བློ་ཁེལ་གྱི་ངེས་ཤེས་འདྲོངས་མཁན་ནི་ཤིན་ཏུ་དཀོན་པར་ཟད་དོ། །དེ་ཡང་ཁྱུང་ཆེན་མཁའ་ལྡིང་གི་རྒྱུད་ལས། མ་བསྒོམ་བཞག་པ་དེ་ཉིད་རང་རིག་པ། །སྒྲ་དང་བློ་བྲལ་ཀུན་གྱི་ཕ་རོལ་ཕྱིན། །དམིགས་བཅས་རང་སོ་ཉིད་དེ་བཅོས་ཅི་དགོས། །གནས་པས་འགགས་མ་བསྡུས་པར་རང་སར་དག །ཅེས་དང་། སྣང་མེད་སྟོང་དང་བྲལ་བའི་ཡེ་ཤེས་དེ། །མ་བཟུང་མ་བཏང་མ་བསླད་རང་པོ་ཉིད། །གང་གིས་མ་བསྒྱུར་རང་རིག་གྲོལ་བའི་གནད། །ལུས་དང་སེམས་དང་ཉོན་མོངས་རང་གི་ཆོས། །མི་ཤེས་བྱིས་པ་རྣམས་ཀྱིས་ཀྱང་སྣང་ཡང་། །མ་བཞག་


TR008_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཅོས་རྣལ་འབྱོར་རང་རིག་པ། །ཡེ་ནས་རང་གྲོལ་སུས་ཀྱང་དཀྲོལ་བ་མེད། །མ་བཅོས་རང་སར་བཞག་ལས་འབད་ཅི་དགོས། ཅེས་སོགས་ཀྱི་ལུང་བརྗོད་ལས་འདས་མོད་ཀྱང་རང་རིག་རྗེན་པ་ངོས་མ་ཟིན་ན་ནི་ཚིག་དང་ཡི་གེ་ལས་བྱུང་བའི་བཤད་ཚོགས་ལ་དགོས་པ་མི་ཡོང་ཞིང་ཚེ་གཅིག་གིས་བྱང་ཆུབ་ཐོབ་པ་ལ་མི་ཕན་ལ། བླ་མའི་བྱིན་རླབས་ཞུགས་ཤིང་སྒྲོ་འདོགས་སེམས་ལ་ཆོད་དེ་ཉམས་ལེན་རང་རྒྱུད་ལ་ཁེལ་བའི་གང་ཟག་རྣམས་ལ་ནི་ཞི་གནས་ལྷག་མཐོང་གི་རྣམ་དབྱེ་མི་དགོས་པར་རིག་ཐོག་ཏུ་ཟུང་འཇུག་ཤེས། མཉམ་གཞག་རྗེས་ཐོབ་ཀྱི་བཞག་ལེན་མེད་པར་སེམས་ལ་བསྒོམ་འབྲལ་བ་མེད། གནས་འགྱུ་ཐ་དད་ཀྱི་དགག་སྒྲུབ་མ་དགོས་པར་མཐའ་གྲོལ་ཀློང་ཡངས་ཀྱི་དགོངས་པར་ཕྱམ་གདལ།


TR008_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་རྟོགས་སྐྱེ་འཕེལ་གྱི་ཞེ་འདོད་མི་དགོས་པར་རང་རིག་གནས་ལུགས་ཀྱི་རང་ས་ཟིན། འབྲས་བུ་ཐོབ་བྱ་ཐོབ་བྱེད་ཀྱི་རེ་ལྟོས་མི་བལྟ་བར་གདོད་མའི་སངས་རྒྱས་རང་གི་སེམས་ལས་རྙེད་པ་སྟེ། དེ་ལྟར་ཐེག་པའི་རྩེ་རྒྱལ་རྫོགས་པ་ཆེན་པོའི་ཁྲེགས་ཆོད་ཀྱི་གནད་དོན་ཐམས་ཅད་འདིར་འདུས་ཤིང་། དེ་ལ་ནི་ཤོར་བ་དང་གོལ་བའི་ཡུལ་མེད་པས་ཅིར་སྣང་ཆོས་ཉིད་ཀྱི་རོལ་པ་ཉིད་ལས་འདས་པ་མེད་དེ། དགའ་རབ་རྡོ་རྗེའི་ཞལ་ནས། །ཡིན་པར་གྲུབ་པ་མེད་པའི་རིག་པ་འདི། །རང་གདངས་འཆར་ཚུལ་ཅི་ཡང་མ་འགགས་པས། །སྣང་སྲིད་ཀུན་ཀྱང་ཆོས་སྐུའི་ཞིང་དུ་ཤར། །ཤར་བ་དེ་ཉིད་རང་གི་ཐོག་ཏུ་གྲོལ། ཞེས་གསུངས་པ་ལྟར་ལགས་ཤིང་འོན་ཀྱང་དབང་པོ་ཐ་མ་དག་ལ་རྫོགས་ཆེན་སེམས་སྡེ་


TR008_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལུགས་ཀྱི་ཉམས་རིམ་བཞི་དང་། ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་བཞི་པོ་སྦྱར་ཏེ་བརྗོད་ན། དེ་ཡང་ལས་དང་པོ་པས་མཉམ་པར་བཞག་དུས་ཤེས་པ་འཕྲོ་རྒོད་ངོས་ཟིན་པའི་གནས་ཆ་དང་པོ་གཡོ་བའི་ཉམས་འབབ་ཆུ་ལྟ་བུ་དེ་ནས་མགོ་བཟུང་སྟེ། མཐར་གནས་པ་གར་བཞག་སྡོད་པ་བརྟན་པའི་ཉམས་རྒྱ་མཚོ་ལྟ་བུའི་བར་དེ་ལ། ཕྱག་ཆེན་ལ་ལར་རྩེ་གཅིག་ཆུང་ངུར་བཞེད་ལ། དོན་ལ་ཞི་གནས་ཡིན་ཡང་དེ་ལས་ལྷག་མཐོང་གི་རིག་པ་རྗེན་པར་འཆར་བ་ནས་རྩེ་གཅིག་འབྲིང་དང་ཆེན་པོར་མྱུར་དུ་འགྱུར་ཞིང་། མཐར་ནི་གསལ་སྣང་ཟག་བཅས་ཀྱི་མངོན་ཤེས་སོགས་ཡོན་ཏན་ལྟར་སྣང་རྣམས་ཀྱང་སྐྱེ་བར་འགྱུར་བ་དང་། འདི་དག་གི་ཚེ་མཉམ་བཞག་གནད་དུ་སོང་ན་རྗེས་ཐོབ་ཀྱང་ཅིར་སྣང་བདེན།


TR008_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཞེན་སྒྱུ་མ་ལྟར་འཆར་བར་འགྱུར་ལ། གནད་དུ་མ་སོང་ན་རྗེས་སྣང་ཨ་འཐས་འཆར་བ་སྟེ། མདོར་ན་རྩེ་གཅིག་གསུམ་པོའི་སྐབས་འདི་ཐམས་ཅད་ལ་རྫོགས་ཆེན་སེམས་ཕྱོགས་པས་ནི། དང་པོར་གནས་པའི་ཉམས་ཤེས་པ་ཡུལ་ཕྱིར་མི་འཕྲོ་བར་རྩེ་གཅིག་ཏུ་ཟིན་ཐུབ་པ་ཞེས་པའི་ཐ་སྙད་བརྗོད་ཅིང་། ཆུང་འབྲིང་ཆེ་གསུམ་གྱི་མིང་མི་འདོགས་པར་གོམས་པ་ཅུང་ཟད་དང་། ཆེར་གྱུར་པ་དང་། མངོན་དུ་གྱུར་པ་ཞེས་པའི་རིམ་པ་འདྲེན་ནོ།། ༈ །།དེ་ནས་སྔར་བཞིན་རྩེ་གཅིག་ཏུ་ཉམས་སུ་བླངས་ན། རང་གི་མོས་གུས་དང་བླ་མའི་བྱིན་རླབས་ཀྱི་མཐུ་ལས། རང་གི་སེམས་ཉིད་དངོས་པོ་གང་དུའང་མ་གྲུབ་ཕྱིར་བརྗོད་མི་ཤེས་ཀྱང་ཉམས་མྱོང་གི་ངེས་ཤེས་ཁྱད་པར་ཅན་སྐྱེས་ཏེ། འཁོར་བར་འཁྱམས་རྒྱུ་


TR008_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

དང་འཚང་རྒྱ་རྒྱུ་གང་ཡང་མི་འདུག །སེམས་ཅན་ཐམས་ཅད་ཆོས་སྐུར་འདུག་པ་ལ་ངོ་མ་ཤེས་པ་རྣམས་སྙིང་རེ་རྗེ་སྙམས་པ་དང་གང་ཤར་སྟོང་པར་འཆར་བ་ལ་ཕྱག་ཆེན་པས་སྤྲོས་བྲལ་གྱི་སྣ་ཟིན་པར་བཞེད་ལ། འདི་དང་ཆ་འདྲ་བ་ནི། རྩེ་གཅིག་སྐབས་སུའང་འབྱུང་བ་སྲིད་ཀྱང་། དེ་ནི་གོ་བ་ཙམ་ཤས་ཆེ་ལ། འདིར་ནི་ཉམས་མྱོང་སྐྱེས་པ་ཡིན་པས་སྤྲོས་བྲལ་ཆུང་ངུ་སྟེ། འདི་ལ་དྲན་རིག་གིས་གསལ་མ་ཐེབ་ན་གཞི་གནས་སྟེངས་པོར་འགྲོ་དགོས་ཡོད་པར་ཕྱག་ཆེན་དུ་བཤད་ཅིང་། རྫོགས་ཆེན་དུ་ནི་ཉམས་ལེན་གྱི་དངོས་གཞི་རིག་པ་རང་ལ་བྱེད་ཚེ་དེར་འགྲོ་བའི་དགོས་པ་མེད་དོ། །དེ་ནས་སྔར་གྱི་གང་སྣང་ཅི་ཤར་ཐམས་ཅད་སྟོང་པར་འཆར་བ་ཉིད་སྟོབས་འཕེལ་བས། སྐྱེ་འཆི་བར་དོ་སོགས་རྣམ་རྟོག་མཐའ་


TR008_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས་སྟོང་པ་ཞིག་འཆར་བ་ལ་སྤྲོས་བྲལ་འབྲིང་དང་། རྟོག་པ་ཤར་བ་ཚོར་ཡང་གྲོལ་རྒྱུ་ལོགས་སུ་མེད་པར་དྲན་པ་ཉིད་ཀྱི་ཐོག་ཏུ་འགྲོ་ཞིང་། བསྒོམས་པས་མྱོང་རྒྱུ་དང་མ་བསྒོམས་པས་ཡེངས་རྒྱུ་མེད་པ་དང་། དེ་ཉིད་གཉིད་ཀྱི་སྐབས་ཕལ་ཆེར་དུའང་སླེབ་ཐུབ་པའི་ཚེ་སྤྲོས་བྲལ་ཆེན་པོར་བཞེད་དེ། ལར་སྤྲོས་བྲལ་གྱི་སྐབས་འདིར་ཐམས་ཅད་སྟོང་ཆ་ཤས་ཆེ་བས་ན། བླ་མ་མཚན་ལྡན་གྱིས་མ་ཟིན་པའི་རིགས་རྣམས་ནི་རྒྱུ་འབྲས་ཁྱད་གསོད་ནག་པོ་ཁ་འབྱམས་སུ་ཤོར་དོགས་ཡོད་ལ། རྫོགས་ཆེན་དུ་འདི་ནི་སྐབས་ཐམས་ཅད་ལ། བྱིང་རྒོད་ལ་སོགས་པའི་སྐྱོན་གྱིས་མི་གནོད་པར་ཏིང་འཛིན་མི་གཡོ་བའི་ཉམས་ཞེས་མིང་དུ་བརྗོད་ལ། ཆེ་ཆུང་སོགས་མི་དབྱེ་ཡང་གོམས་པ་ཐོབ་


TR008_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐོབ་ཀྱི་དབྱེ་ཚུལ་ནི་གོང་དང་མཚུངས་སོ། །དེ་ནས་ཡང་གེགས་སྐྱོན་དང་ཤོར་གོལ་སོགས་ཀྱི་དབང་དུ་མ་ཐལ་བར་ཉམས་སུ་བླངས་པས། སྣང་བ་སེམས་ལ་ཐིམ་པ་ཞེས་བྱ་བ། ཕྱི་གཟུང་བའི་ཡུལ་དང་ནང་འཛིན་པའི་སེམས་ཀྱི་ངོ་བོ་རང་སར་ཡལ་ཏེ། འདི་དུས་མངོན་ཤེས་ནི་ངེས་པར་འཆར་རོ། །སྟོང་ཉིད་ཚུལ་བཞིན་རྟོགས་པས་ཕྱི་ནང་གི་རྒྱུ་རྐྱེན་འབྲས་བུ་གསུམ་སོགས་མཐའ་དག་གི་རྟེན་འབྲེལ་ཐོགས་མེད་དུ་ཤར་བ་ལ་རོ་གཅིག་ཆུང་ངུ་ཟེར། དེ་ནས་ཀྱང་སེམས་ལ་རང་དབང་ཐོབ་སྟེ་སྣང་བ་ལ་རང་བྱན་ཚུད་པར་དྲན་པ་ཁོ་ནས་ཆོག་པ་ལས། ཀུན་གཞི་ལུང་མ་བསྟན་གྱི་མ་རིག་པའི་ཆ་ཤས་ཀྱིས་རེས་འགའ་འཁྲུལ་པར་ཡང་འཆར་ཞིང་། རྟེན་འབྲེལ་གྱི་ཤར་ཚུལ་ནི་སྔར་ལས་ཀྱང་གསལ་དུ་སོང་བའི་ཚེ་རོ་གཅིག་འབྲིང་


TR008_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

པོར་བཞེད། དེ་ལའང་འདྲ་མིན་ཡོད་དེ། སྟོང་ཉིད་ལ་ལྟོས་མི་དགོས་པར་དྲན་པའི་སྤུ་རིས་རང་ཡལ་དུ་འགྲོ་ན་རོ་གཅིག་ཡིན་ལ། སྟོང་ཉིད་ཀྱི་ཉམས་ལ་ལྟོས་ན་སྤྲོས་བྲལ་ངང་དུ་གསུངས་ཤིང་། གང་ལྟར་འདི་སྐབས་ཀྱང་མཉམ་རྗེས་ཀྱི་རྣམ་པ་ཙམ་ནི་ཡོད་པར་ཕྱག་ཆེན་རྫོགས་ཆེན་ལྟར་ན། མཉམ་པ་ཉིད་ཀྱི་ཉམས་ཞེས་འཁོར་འདས་རོ་མཉམ་པའི་མཉམ་གཞག་ནམ་མཁའ་ལྟ་བུ་དང་། རྗེས་ཤེས་སུ་ཆོས་བརྒྱད་སྒྱུ་མ་ལྟར་ཁོང་དུ་ཆུད་པས་འཇིགས་བྲལ་གྱི་གདིང་ཐོབ་པ་ཞེས་བྱ་ཞིང་རོ་གཅིག་ཆེན་པོའི་ཚེ། ལ་ལར་མཉམ་རྗེས་འདྲེ་བར་བཤད་པའང་ཡོད་ཀྱང་། ཨ་འཐས་ལ་ནི་མི་འབྱུང་། མཉམ་རྗེས་ཀྱི་ཐ་སྙད་ཙམ་ནི་ཕལ་ཆེར་ཕོད་པར་མངོན་ལ། འོན་ཀྱང་སྔར་གོམས་


TR008_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བག་ཆགས་ཕྲ་མོ་ཙམ་ལས་གཞན་པའི་ཡུལ་དང་ཡུལ་ཅན་གྱི་བློ་རང་ག་མ་ནི་མི་འབྱུང་བར་སྒོམ་ཁོར་ཡུག་དང་། རྟེན་འབྲེལ་མཐའ་དག་ལ་རང་བྱན་ཚུད་པའི་ཚེ་རོ་གཅིག་ཆེན་པོར་བརྗོད་པའོ། །ལར་རྩལ་འདི་མན་ཆད་ནས་ཚེའི་དུས་བྱས་ན་བར་དོར་ལམ་གྱི་ལྷག་མ་རྣམས་བགྲོད་ནས་འཚང་རྒྱ་བ་ཙམ་ལས། འདི་མན་ཆད་ཀྱི་རིམ་པ་རྩལ་རྫོགས་སུ་ཚེ་འདིར་ཤར་ཐུབ་པ་ཞིག་དེང་སང་གི་སྐབས་འདིར་དཀོན་པར་ཟད་ཅིང་། འོན་ཀྱང་ད་དུང་ཉམས་ལེན་ལ་བརྩོན་པའི་དབང་དུ་བགྱིས་ན། ད་ལྟའི་ཤེས་པ་གྲྭ་མ་ཉམས་པ་འདི་ཀ་མཉམ་རྗེས་དབྱེར་མེད་དུ་ཤར་ཏེ་དྲན་པ་སྐྱོང་རྒྱུའི་དངོས་པོ་ཟད་པའི་ཚེ་སྒོམ་མེད་ཆུང་ངུ་དང་། ཕྱི་སྣང་བ་དང་ནང་འཛིན་པའི་འགྱུ་དྲན་གྱི་ཆ་ཤས་ཙམ་ཡང་རང་སར་དག་


TR008_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འོད་གསལ་མ་བུ་འདྲེས་པ་ནི་སྒོམ་མེད་འབྲིང་དང་། དེ་ནས་མཐར་ཕྱིན་པས་ཕྱི་སྣང་བའི་ཡུལ་མེད། ནང་དུ་ང་བདག་གི་འཛིན་པ་གཏན་ནས་ཟད་པའི་དྲན་རིག་བློ་ལས་འདས་ཏེ་རང་སེམས་སངས་རྒྱས་སུ་གྲོལ་བ་ལ་སྒོམ་མེད་ཆེན་པོ་ཞེས་བྱ་ཞིང་། རྫོགས་ཆེན་དུ་ནི་ལྷུན་གྱིས་གྲུབ་པའི་ཉམས་ཏེ་ཐུན་མཚམས་ལས་འདས་པ་ཞེས་བྱ་བ་སྟེ། འདི་དུས་འབྲས་བུ་བློ་ཟད་ཆོས་ཟད་ལ་སོགས་པའོ། །མདོར་ན་རྫོགས་ཆེན་སེམས་ཕྱོགས་པའི་ཉམས་རིམ་བཞི་པོ་འདི་དང་། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་རྣལ་འབྱོར་བཞི་པོ་འདི་དག་མཐུན་ཤས་ཆེ་བར་རིག་འཛིན་གོང་མ་རྣམས་ཀྱིས་གསུང་ཕྱིར། རང་ཉིད་ལ་འདི་དག་གི་ཉམས་མྱོང་དང་རྟོགས་པའི་ངེས་པ་གང་ཡང་མེད་ཀྱང་


TR008_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྫོགས་སོ་སོའི་ཁྲིད་ཚུལ་འདྲ་མིན་གྱི་རིགས་མང་ཞིང་། ཁྱད་པར་ཡོངས་འཛིན་བློ་གྲོས་རྒྱལ་མཚན་སོགས་གྲུབ་ཐོབ་རྣམས་ཀྱི་གསུངས་ལས་ཇི་ལྟར་བྱུང་བ་ལྟར་བྲིས་པ་ལགས་ཤིང་། སྤྱིར་ཡང་ཕྱག་རྫོགས་གཉིས་པོ་དོན་གྱི་མཐར་ཐུག་ལ་ཁྱད་པར་མེད་པར་གྲུབ་མོད་ཀྱང་། རྣམ་པ་ལྟར་ན་སྣང་བ་སེམས་སུ་འདོད་མི་འདོད་དང་། རྣམ་རྟོག་ཆོས་སྐུ་གཅིག་མི་གཅིག་དང་། དྲན་པ་ལ་སྒོམ་དུ་བྱེད་མི་བྱེད་སོགས་ཀྱི་བཞེད་སྲོལ་ཐ་དད་པར་གསུངས་པ་དང་། ཕྱག་རྒྱ་པས་རྫོགས་པ་ཆེན་པོ་གཤིས་ཐོག་ཏུ་ཤོར་བ་ཞེས་གོལ་བའི་རྣམ་གྲངས་སུ་བྱེད་ལ། རྫོགས་ཆེན་གྱི་རིམ་པ་གོང་མ་རྣམས་ལས་ནི། ཕྱག་ཆེན་མན་ཆད་ཡིད་དཔྱོད་འཛིན་པའི་ལྟ་བ་ཞེས་དྲི་བཅས་སུ་གསུངས་པ་སོགས་དང་སྐབས་ཀྱི་ཁྱད་དོན་སྣ་ཚོགས་མཆིས་ནའང་། གང་ཟག་སྐལ་ལྡན་གྱི་རྣལ་འབྱོར་པ་བླ་མ་མཚན་ལྡན་གྱི་


TR008_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ལ་ཟིན་ཅིང་གནས་ལུགས་ཀྱི་རང་འཚང་ཇི་བཞིན་ཤེས་པ་དག་གི་ངོར་ནི། ཐམས་ཅད་ཆོས་ཉིད་ཀྱི་རོལ་པ་ལས་མ་འདས་ཚེ་དབྱེ་བྱ་མ་གྲུབ་ལ། གཞན་དུ་ན་རྫོགས་ཆེན་གཤིས་ལ་ཤོར་བར་གསུངས་པ་དེའང་གཤིས་ཀྱི་ངོ་བོ་ནི་ཐུན་མོང་ཐེག་པར་བདེ་གཤེགས་སྙིང་པོ་དང་། ཕྱག་ཆེན་རང་དུའང་གཞི་ཕྱག་རྒྱ་ཆེན་པོའམ་གནས་ལུགས་ཕྱག་ཆེན་ཞེས་སུ་གྲགས་ལ། དེ་མངོན་དུ་བྱ་བའི་ཐབས་སུ་ཉམས་ལེན་བསྒོམ་རིམ་གྱི་རིགས་རྣམས་ཡིན་པར་ནི་ཐམས་ཅད་མཐུན་ཚེ། དེས་ན་སྐྱོན་དེ་རྫོགས་ཆེན་ལ་མི་ཕོག་ཅིང་། དེ་བཞིན་དུ་ཕྱག་ཆེན་ཡིད་དཔྱོད་ཀྱི་ལྟ་བར་གསུངས་པ་ཡང་། དེ་ལྟར་བྱེད་མཁན་གྱི་གང་ཟག་ཐ་ཤལ་བ་དག་ལ་དགོངས་ཀྱི་ཕྱག་ཆེན་གྱི་དོན་ཇི་ལྟ་བར་རྟོགས་མཁན་རྣམས་ནི་སེམས་ཉིད་


TR008_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

བློ་བྲལ་རྗེན་པའི་རང་ཞལ་མཐོང་ཚེ་ཡིད་དཔྱོད་ལ་རག་མ་ལུས་པས་སྐྱོན་དེ་མི་ཕོག་གོ། །གཞན་ཡང་རྣམ་རྟོག་ཆོས་སྐུའི་བཞེད་པ་གཉིས་ཀྱང་དོན་ལ་གཅིག་སྟེ། ཐ་མལ་པའི་རྣམ་རྟོག་འཁྲུལ་འཛིན་རང་ག་མ་ནི་ཕྱག་ཆེན་པས་ཀྱང་ཆོས་སྐུར་མི་འདོད་ལ། གནད་ཀྱི་ཟིན་པའི་འཆར་སྒོ་ནི་རྫོགས་ཆེན་པས་ཀྱང་མི་འགེགས་པས་ན་དོན་ལ་མཐུན་ནོ། །སྣང་སེམས་ཀྱི་སྐབས་ཀྱང་དོན་དམ་པའི་གཤིས་ངོར་བདེན་བརྫུན་གྱི་མཐའ་ལས་འདས་པ་དང་། ཀུན་རྫོབ་རིག་རྩལ་ཙམ་དུ་ཅིར་ཡང་འཆར་ལ་ཅིའི་ངོ་བོར་ཡང་མ་གྲུབ་པའི་ཚུལ་སོགས་དང་། སྣང་བ་ལ་དགག་སྒྲུབ་མི་དགོས་པ་སོགས་གནད་ཐམས་ཅད་གཅིག་པ་ཉིད་དོ། །དྲན་པ་སྒོམ་ཡིན་མིན་ཡང་གང་ཟག་རྨོངས་པ་འགའ་


TR008_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཨ་འཐས་འཇུར་སྒྲིམ་བྱས་ཏེ་རང་སེམས་བརྩོན་འཛིན་ལ་ཕྱག་ཆེན་གྱི་སྒོམ་དུ་འདོད་པར་སྣང་བ་དག་ནི་རང་སྐྱོན་དུ་ཟད་ལ། བཀའ་བརྒྱུད་ཀྱི་སྐྱེས་ཆེན་ཚད་ལྡན་ཐམས་ཅད་ནི་རང་གསལ་གྱི་དྲན་པ་ལ་སྒོམ་དུ་མཛད་པ་དེ་ནི་རྫོགས་ཆེན་གྱི་ཀ་དག་རང་རིག་དང་གཅིག་པ་ཡིན་ཕྱིར་མིང་ཐ་དད་ཀྱང་དོན་ལ་ཁྱད་མེད་ཅིང་། དྲན་པ་མཆོག་འཛིན་གྱི་བློ་ནི་ཕྱག་རྫོགས་གཉིས་ཀས་སྒོམ་དུ་མི་མཛད་དོ། །མདོར་ན་རྫོགས་ཆེན་དུ་ངོ་བོ་ཀ་དག །རང་བཞིན་ལྷུན་གྲུབ། ཐུགས་རྗེ་ཀུན་ཁྱབ་སྟེ་ཡེ་ཤེས་གསུམ་ལྡན་འདི་ལ་ཕྱག་ཆེན་པས་གཤིས་སྐྱེ་བ་མེད་པ། མདངས་འགགས་པ་མེད་པ། །རྩལ་ཅིར་ཡང་འཆར་བ་ཞེས་སུ་བརྗོད་ཅིང་། དེ་དག་ཐམས་ཅད་ཀྱང་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་


TR008_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ་སོགས་ཀྱང་བཞེད་པ་མཐུན་ལ། སྔར་བཤད་པའི་ཉམས་རིམ་བཞི་པོ་དག་ཀྱང་གང་ཟག་རིམ་གྱིས་པ། གཅིག་ཆར་པ་ཐོད་བརྒལ་བ་རྣམས་ཀྱི་ཁྱད་པར་དང་། །ཉམས་ལེན་ལ་བརྩོན་པ་ཆེ་ཆུང་། ཚེ་འདིའི་བྱ་བྱེད་དང་འདྲེས་མ་འདྲེས་སོགས་ཀྱི་དབང་གིས་བཤད་རིམ་ལྟར་འབྱུང་མི་འབྱུང་ལྟ་ཞིང་། །དེས་ན་གང་ལའང་རྨོངས་ཞེན་ཆེན་པོས་མཐའ་གཅིག་ཏུ་བཟུང་བར་མི་བྱ་སྟེ། ལམ་རྟགས་ཀྱི་ཡོན་ཏན་སྐྱེས་རུང་མ་སྐྱེས་རུང་། བླ་མ་སངས་རྒྱས་སུ་མཐོང་བའི་དད་པ་དང་། ཉམས་ལེན་ལ་ཐང་ལྷོད་མེད་པའི་སྙིང་རུས་སྒོམ་སྲན་དང་ལྡན་ཕྱིན་ཆད། ཉམས་རྟོགས་ཀྱི་ཡོན་ཏན་ལ་མི་སྐྱེ་བའི་དབང་མེད་ཁོ་ནའོ། །དེ་ལྟ་བུའི་སེམས་ཉིད་ཡེ་ནས་ཆོས་སྐུའི་རང་བཞིན་དུ་ཤེས་ཤིང་རྟོགས་པ་དེའི་ངང་ལ་ཆེད་དུ་བཅོས་མས་སྒོམ་རྒྱུ་མེད་ཀྱང་ཐ་


TR008_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

མལ་འཁྲུལ་འབྱམས་སུ་མི་བཏང་བར། མ་བཅོས་རང་བབས་རང་རིག་ཆེན་པོའི་ཉམས་ལེན་སྐྱོང་ཚུལ་ནི་མདོ་རྒྱུད་མན་ངག་ཐམས་ཅད་མཚུངས་ཏེ། ཇི་སྐད་དུ། མཚན་མོ་བཟང་པོའི་མདོ་ལས། འདས་པའི་རྗེས་སུ་འགྲོ་མི་བྱེད། མ་འོངས་པ་ལ་རེ་བ་མེད། །ད་ལྟ་བྱུང་ཆོས་གང་ཡིན་པ། །དེ་དང་དེ་ལ་རྣམ་བལྟ་བ། །མི་འཕྲོག་ཀུན་ཏུ་མི་འཁྲུལ་བར། །དེ་ལྟར་མཁས་པས་སྤེལ་བར་བྱ། །ཞེས་དང་། ཡི་གེ་མེད་པའི་རྒྱུད་ལས། ལྟ་བའི་རྩལ་གསུམ་འབྱོངས་ན་སྣང་བ་ཆོས་སྐུའི་ཀློང་། །བྱ་བྱེད་གཡེང་བ་མེད་ན་ཆོས་ཉིད་བདེ་བའི་ས། །ཐད་ཀ་གྲོགས་སུ་ཤེས་ན་ཅོག་བཞག་གཅིག་གི་ངང་། །དེ་དང་རྒྱུན་དུ་ལྡན་ན་དེ་ལས་ཅི་ཞིག་དགོས། ཞེས་གསུངས། གཞན་ཡང་དཔལ་ཤ་བ་རི་པས། གང་ལའང་སྐྱོན་


TR008_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མི་བལྟ་ཞིང་། །ཅིར་ཡང་མ་ཡེངས་ཉམས་སུ་བླངས། །དྲོད་རྟགས་ལ་སོགས་འདོད་མི་བྱ། ཞེས་སོགས་དང་། པཎ་ཆེན་ཤཱཀྱ་ཤྲིས་ཅིར་སྣང་རང་པོར་བཞག་ན་བྱ་བྲལ་ལྷུན་གྱིས་གྲུབ། གང་ཤར་ངོ་ཡིས་བཟུང་ན་རིག་པ་རང་སར་གྲོལ། འགྱུ་བའི་སྦད་རྗེས་ཆོད་ན་དྲན་རྟོག་དབྱིངས་སུ་ཡལ། ཐུན་མཚམས་དྲན་པས་བཟུང་ན་མཉམ་རྗེས་རོ་གཅིག་འགྲུབ། ཅེས་དང་། མཚིམས་ནམ་མཁའ་གྲགས་ཀྱིས། སྒོམ་ཞེས་བྱས་ཀྱང་སྒོམ་རྒྱུ་རྡུལ་ཙམ་མེད། །བསྒོམ་མེད་བྱས་ཀྱང་ཡེེངས་སུ་སྐད་ཅིག་མེད། །དོན་མཐོང་བ་ལ་བསྒོམ་དང་སྒོམ་མཁན་མེད། །བློ་གྲོས་ཅན་ལ་ཡེངས་སུ་སྐད་ཅིག་མེད། །སྒོམ་མེད་ཡེངས་མེད་རྣལ་འབྱོར་བསྒོམ་པ་ཡིན། ཞེས་དང་། །མཁས་གྲུབ་གཡག་པཎ་ཆེན་གྱིས། སྡེ། སྒོམ་ན་བློ་


TR008_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཡེངས་ན་འཁྲུལ་པ་ཡིན། །བློ་ཉིད་བློ་འདས་འཁྲུལ་པ་ཡེ་ཤེས་སོ། ཞེས་དང་། གནུབས་བན་ཡོན་ཏན་རྒྱ་མཚོས། སེམས་དང་ཆོས་ནི་ཅིར་ཡང་མ་ཡིན་པས། །བསྒོམ་པའི་ཚེ་ན་ཅི་ཡང་མི་བསྒོམ་མོ། །རྣམ་པར་རྟོག་པའི་མཚན་མ་ཅི་བྱུང་ཡང་། །རྟོག་པ་དེ་ཀ་ཆོས་ཉིད་ཡིན་པའི་ཕྱིར། །ཆོས་ཀྱི་དབྱིངས་ཉིད་གཞན་དུ་བསྒོམ་མི་དགོས། །དེ་ལ་གཉེན་པོས་བཅོས་ཤིང་དགག་ཏུ་མེད། །འདི་ལྟར་དུས་གསུམ་རྣམ་པ་ཐམས་ཅད་དུ། །ཉིད་ལས་མ་ཡེངས་པ་ནི་ཆོས་སྐུའོ། །ཞེས་གསུངས་པ་སོགས་མདོར་ན་མདོ་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་ཚད་ལྡན་རྣམས་ཀྱི་གསུང་འབུམ་ལས་དཔག་མེད་འབྱུང་ཡང་འདེར་ཡི་གེ་མང་དོགས་མ་བཀོད་དོ།། ༈ །།དེ་ལྟར་ཁྲེགས་ཆོད་རིག་སྟོང་


TR008_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཉམས་ལེན་གྱི་འགག་དོན་བརྡ་ཙམ་བསྟན་ནས། ད་ནི་གཞན་ལས་ཁྱད་པར་རྨད་བྱུང་ཐོད་བརྒལ་སྣང་སྟོང་གི་དགོངས་དོན་མདོར་བསྡུས་འཆད་དེ། འདི་ནི་རྫོགས་ཆེན་ཉིད་ཀྱི་ཡང་གོང་མའི་གོང་མ་རྣམས་སུ་མ་གཏོགས་སེམས་ཀློང་གི་རྒྱུད་དང་མན་ངག་རྣམས་སུ་མ་བསྟན་ཕྱིར། ཐེག་པ་གཞན་དུ་ནི་སྒྲ་ཙམ་དུ་ཡང་མ་གྲགས་པས། ཕྱིས་བྱོན་གྱི་མཁས་པ་ཕལ་ཆེར་གྱི་ཐུགས་སུ་མ་ཤོངས་བར་དགག་གཞི་སྣ་ཚོགས་མཛད་མོད་ཀྱང་། སྐལ་བཟང་སྣོད་ལྡན་ཡང་རབ་ཀྱི་སྐྱེས་བུ་དག་ལམ་ལོག་པར་བསྒྱུར་མི་ནུས་ལ། སོ་སྐྱེ་ཕལ་པ་རྣམས་ནི་ལམ་མཆོག་འདི་ལྟ་བུའི་སྒོར་འཇུག་པའི་བློ་སྐྱེ་བའི་བསོད་ནམས་ཅན་རབ་ཏུ་དཀོན་པར་མཆིས་ཚེ་དགག་པ་མཛད་དགོས་པར་མི་སྣང་ངོ་། །དེས་ན་འདི་དོན་དངོས་གཞི་རང་རྒྱུད་ལ་ཇི་


TR008_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བཞུགས་ཚུལ་དང་། དེ་ཉིད་ཉམས་ལེན་གྱིས་མངོན་དུ་བྱ་ཐབས་རྟགས་མཚན་འཆར་ཚུལ་དང་བཅས་པ་མདོར་བསྡུས་ཏེ་བསྟན་པ་ལ། དང་པོ་ནི། སེམས་ཅན་གྱི་ཁམས་ལ་བདེ་བར་གཤེགས་པའི་སྙིང་པོའམ། ཆོས་ཉིད་རང་བྱུང་གི་ཡེ་ཤེས་ཀུན་ཁྱབ་ཆེན་པོར་ཡེ་ནས་བཞུགས་པའི་ཚུལ་སྔར་ནས་ཡང་ཡང་བརྗོད་པ་དེའི་ངོ་བོ་དངོས་དེ་གང་ཡིན་ན་ད་ལྟའི་རིག་པ་དྲི་མེད་དུ་གསལ་སྟོང་རྗེན་རིག་གེ་འདི་ཉིད་ཡིན་ནོ། །འདི་ཉིད་གང་ལ་བརྟེན་ན་ལུས་རྒྱལ་བའི་དཀྱིལ་འཁོར་དུ་གདོད་ནས་ལྷུན་གྱིས་གྲུབ་པ་འདི་ལ་བརྟེན་ནོ། །གནས་ཚུལ་ཇི་ལྟ་བུ་ཞེ་ན། སྤྱིར་ངོ་བོའི་ཆ་ནས་སྐྱེ་འགག་གནས་གསུམ་དང་ཡོད་མེད་རྟག་ཆད་འགྲོ་འོང་སོགས་ཀྱི་མཐའ་ལ་མི་གནས་མོད་ཀྱང་། རྣམ་པ་ལྟར་ན་ད་ལྟ་


TR008_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ངག་ཡིད་གསུམ་ལྷན་ཅིག་ཏུ་ཡོད་རིང་ལ། རིག་པ་ཡེ་ཤེས་ཀྱིས་སྤྱིར་གཟུགས་ཀྱི་ཕུང་ཁམས་ཀུན་ལ་ཁྱབ་ཅིང་། ཁྱད་པར་ཙིཏྟ་ཤའི་སྒྲོན་མའི་ཕོ་བྲང་ན་བཞུགས་ལ། བཞུགས་ཚུལ་གྱི་རང་བཞིན་ཇི་ལྟ་བུ་ཞེ་ན། དཔེར་ན་བུམ་ནང་གི་མར་མེ་ལྟར་བཞུགས་པ་སྟེ། དེ་ཡང་ངོ་བོ་ནི་ཆོས་ཀྱི་སྐུ་སྤྲོས་པའི་མཐའ་དང་བྲལ་བར་བཞུགས། རང་བཞིན་ལོངས་སྤྱོད་རྫོགས་པའི་སྐུ་ཡེ་ཤེས་འོད་ལྔའི་དཀྱིལ་འཁོར་དུ་བཞུགས། ཐུགས་རྗེ་ནི་སྒྲོན་མ་དྲུག་གི་འཆར་སྒོ་རིག་རྩལ་འགག་མེད་ཀྱི་རོལ་པར་བཞུགས་ཏེ། དེ་ཡང་ཀློང་གསལ་ལས། སེམས་ཅན་ཀུན་གྱི་ལུས་ཀྱི་ནང་། །ཙིཏྟ་དུང་ཁང་རྩ་ནང་སྒོ། །དེ་ནི་རིག་པའི་གནས་པ་ཡིན་ནོ། །ཞེས་དང་། རིན་ཆེན་ལུས་ཀྱི་གནས་དེ་ན། །ངོ་བོ་སྟོང་གསལ་སྐུ་རུ་གནས།


TR008_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་གསལ་འཚེར་ཐིག་ལེ་འོད། །ཐུགས་རྗེ་སྣང་སྟོང་སྒྲོན་མར་གནས། ཞེས་གསུངས་པས་རིག་པའི་ཡེ་ཤེས་ཀ་དག་སྟོང་གསལ་ཆོས་སྐུ་ངོ་བོ་དེ་ཉིད་རང་བཞིན་གསལ་མདངས་ལོངས་སྐུ་རིགས་ལྔ་ཞི་བའི་ལྷ་ཚོགས་ཀྱི་དཀྱིལ་འཁོར་ལྷུན་གྲུབ་ཏུ་བཞུགས་པའི་མདངས་ལས། བདེ་ཆེན་དུང་ཁང་གི་ཕོ་བྲང་ན་ཁྲག་འཐུང་ཁྲོ་བོའི་དཀྱིལ་འཁོར་དང་བཅས་པ་སྟེ། མདོར་ན་རིགས་བརྒྱ་ཞེ་གཉིས་སྐུ་ལྔ་རིག་གཅིག་སོགས་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་རང་གི་རིག་པའི་ཡེ་ཤེས་ཁོ་ནར་གདོད་མ་ཉིད་ནས་རང་བཞིན་ལྷུན་གྲུབ་ཕྱིར། ད་ལྟར་མ་རིག་འཁྲུལ་པའི་སེམས་ཅན་རྣམས་ལ་ཕུང་པོ་ལྔ་དང་འབྱུང་བ་ལྔ་ཁམས་དང་སྐྱེ་མཆེད་ཚོགས་བརྒྱད་སོགས་སུ་ཤར་ལ་ཉམས་ལེན་གྱི་གང་ཟག་རྣམས་ལ་ནི་ཀུན་རྫོབ་དོན་དམ་གྱི་


TR008_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་སྒྲོན་མ་འོད་སྣང་སྐུ་དང་ལུག་རྒྱུད་སོགས་སུ་སྣང་བ་དང་། བར་དོར་འཆར་སྣང་ཐམས་ཅད་འདིའི་རྟེན་འབྲེལ་ཁོ་ན་དང་། མཐར་ཐུག་འབྲས་བུ་མངོན་གྱུར་གྱི་ཚེ་ནའང་སྐུ་དང་ཞིང་ཁམས་ཀྱང་གཞན་དུ་ཡོད་པ་མ་ཡིན་ཏེ་འདི་ཉིད་ཀྱི་མཐུ་ལས་གྲུབ་ཅིང་། འདི་ལྟར་བཞུགས་ཚུལ་གྱི་བྱེ་བྲག་རྒྱུད་དང་། མན་ངག་སོ་སོར་དགོས་པ་སྣ་ཚོགས་ལ་དགོངས་པའི་གསུངས་ཚུལ་མི་འདྲ་བ་དུ་མ་འབྱུང་བ་སྟེ། དེ་ཡང་ངེས་དོན་གྱི་མདོ་སྡེ་དག་ནས་བཟུང་རྫོགས་ཆེན་སེམས་ཀློང་མན་ངག་རྣམས་སུ་ནི། བདེ་གཤེགས་སྙིང་པོ་སེམས་ཉིད་དབྱེར་མེད་འགྲོ་བའི་ཁམས་རྒྱུད་ལ་ཏིལ་ལ་མར་གྱིས་ཁྱབ་པ་བཞིན་གནས་ཚུལ་ཙམ་གསུངས་ཤིང་། ཉམས་ལེན་གྱི་མན་ངག་ཀྱང་ཁྲེག་ཆོད་གཅིག་པུ་བསྟན་ལ། རྫོགས་ཆེན་གསང་སྐོར་རྣམས་ནས་ནི་སྙིང་


TR008_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་བཞུགས་པའི་ལྷ་ཚོགས་ཐམས་ཅད་སྐུ་ཞལ་ཕྱག་གི་རྣམ་པ་ཅན་བསྐྱེད་རིམ་གྱི་སྐབས་ལྟར་དངོས་སུ་བཞུགས་པར་བསྟན་ཅིང་། མན་ངག་ཉམས་ལེན་ལ་ཡང་། སྒྲོན་མ་རྣམ་བཞི་སོ་སོར་དབྱིབས་ཁ་དོག་གི་དམིགས་པ་བསྒོམ་སྐབས་དང་བཅས་པ་གསུངས་མོད་ཀྱི། ཡང་གསང་བླ་ན་མེད་པ་སྙིང་ཐིག་གི་སྒོ་འདི་དག་ནི། བརྡ་དོན་རྟགས་གསུམ་གྱི་སྒོ་ནས་ཡིན་ལུགས་ཇི་ལྟ་བར་གསུངས་པ་ཡིན་ཕྱིར། དེ་ཡང་བཞུགས་ཚུལ་གོང་དུ་བཤད་པ་ལྟར། ངོ་བོ་ཆོས་སྐུར་བཞུགས་པས་ཀ་དག་ཁྲེགས་ཆོད་ཀྱི་དགོངས་པ་དང་མཐུན་པ་ནི་དོན། རང་བཞིན་འོད་དུ་བཞུགས་པར་བཤད་པས་གསང་སྐོར་ལུས་དཀྱིལ་དང་མཐུན་པ་ནི་བརྡ་དང་། ཐུགས་རྗེ་སྒྲོན་མའི་བཞུགས་ཚུལ་བཤད་པས་མངོན་སུམ་སྙིང་ཐིག་དང་མཐུན་པར་


TR008_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཅིང་དབྱིངས་རིག་མཐོང་བ་ནི་རྟགས་ཏེ། དེ་ལྟར་བརྡ་དོན་རྟགས་གསུམ་གྱི་ཡིན་ཚུལ་འདི་བཞིན་མ་རྟོགས་ན། འདི་སྐབས་སུ་གང་ཟག་ཐུན་མོང་རྣམས་མགོ་འཁོར་ཞིང་། རྟོག་གེ་བ་རྣམས་ཀྱིས་ཐ་སྙད་ཚིག་གི་དགག་རྩོད་འབྱུང་བའི་རྒྱུར་སྣང་ཚེ། སྙིང་ཏིག་གི་དགོངས་པ་ཚུལ་བཞིན་ལེན་པར་བྱའོ། །དེ་ནས་ཀྱང་ཡེ་ཤེས་དེ་ཉིད་ལམ་གང་ལས་རྒྱུ་བ་ནི། སྤྱིར་རྡོ་རྗེའི་ལུས་འདི་ལ་རྩ་ཡི་གྲངས་རྒྱས་པར་ཕྱེ་ན་བྱེ་བ་ཕྲག་བཅུ་ཡོད་ལ། དེ་ལས་ཁྲག་གནས་པའི་རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས། རླུང་རྒྱུ་བའི་རྩ་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ། བྱང་ཆུབ་ཀྱི་སེམས་འབབ་པའི་རྩ་སུམ་ཅུ་སོ་གཉིས། ཡུལ་གྱིས་བསྡུས་པའི་རྩ་སོ་བདུན། འཁོར་ལོ་ལྔས་བསྡུས་པ་ལ་བརྒྱ་ལྔ་བཅུ་རྩ་བདུན། རྩའི་གཙོ་


TR008_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

བོ་གསུམ་དང་བཅས་པ་སོགས་ཀྱང་། འདི་སྐབས་ཀྱི་ལམ་ནི། རོ་མ་རྐྱང་མ་ཀུན་འདར་མ་དང་། ཁྱད་པར་འོད་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་ཉིད་ཡིན་པ་དང་། རིག་པའི་ཡེ་ཤེས་ནི་སྤྱིར་ཐམས་ཅད་ལ་ཁྱབ་ཀྱང་ཁྱད་པར་འཁོར་ལོ་ལྔ་ལ་ཀུན་རྫོབ་རྒྱུའི་ཐིག་ལེ་དང་དོན་དམ་སྟོང་ཉིད་ཀྱི་ཐིག་ལེ་གཉིས་བརྟེན་པའི་ཚུལ་དུ་གནས་ཤིང་། དེ་དག་ཀྱང་ཉམས་ལེན་རང་རང་གི་སྐབས་ཐོབ་ཀྱི་དབང་གིས་སྐུ་ལྟར་གནས་པ་དང་། ཡིག་འབྲུ་ལྟར་གནས་པ་དང་། ཐིག་ལེ་ལྟར་གནས་པ་དང་། འོད་ལྟར་གནས་པ་སོགས་ཐ་དད་སྣ་ཚོགས་པ་རྣམས་ཀྱང་མི་མཐུན་འགལ་བ་ཅན་དུ་མི་བལྟ་སྟེ། སྔར་རིག་པའི་ངོ་བོ་ཅིར་ཡང་མ་གྲུབ་ཅིང་རྣམ་པ་ཅིར་ཡང་འཆར་དུ་རུང་བ་ཞེས་པའི་དོན་དྲན་པ་དང་། རྩའི་གཙོ་བོ་གསུམ་


TR008_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གཡས་པ་རོ་མ་ལས་བདེ་བའི་ཡེ་ཤེས་བསྐྱེད་པ་དང་། གཡོན་པ་རྐྱང་མ་ལས་གསལ་བའི་སྣང་བ་འཆར་ཞིང་། དབུས་ཀྱི་ཀུན་འདར་མས་མི་རྟོག་ཏིང་འཛིན་གྱི་རྒྱུའམ་རྟེན་བྱེད་པར་བཤད་པ་དང་། ཀུན་རྫོབ་རྒྱུའི་ཐིག་ལེ་ལམ་དུ་བྱེད་པའི་ཉམས་ལེན་གྱི་སྐབས་དག་ཏུ་ནི་རྩ་གསུམ་འཁོར་ལོ་ལྔ་སོགས་གནད་དུ་བསྣུན་དགོས་ནའང་། སྐབས་འདིར་ནི་དོན་དམ་ཡེ་ཤེས་ཀྱི་ཐིག་ལེ་ལམ་དུ་བྱེད་པའི་གདམས་པ་ཡིན་ཕྱིར་དེས་ན་ཙིཏྟ་ཤའི་སྒྲོན་མ་ཞེས་པ་སྙིང་གི་རྩེ་མོ་ནས་ཀ་ཏི་ཤེལ་སྦུག་ཅན་ཁྲག་དང་ཆུ་སེར་ལ་སོགས་མེད་པའི་རྩ་དར་དཀར་གྱི་སྐུད་པ་ལྟ་བུ་རྩེ་མོ་གཉིས་སུ་གྱེས་པ་ཞིག །དབུ་མའི་ནང་ནས་མགྲིན་པ་རྩའི་དྲ་བར་བརྒྱུད་ཅིང་ཀླད་པ་དུང་ཁང་ནས་མར་གུག་པ་མིག་ཨ་འབྲས་གཉིས་ལ་ཟུག་ནས་ཡོད་


TR008_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ནི་དཀར་འཇམ་རྩའི་སྒྲོན་མ་ཞེས་བྱ་བ་ཡེ་ཤེས་མངོན་སུམ་འཆར་བའི་ལམ་ཡིན་པས། རྡོ་རྗེ་སེམས་དཔའི་གསང་ལམ་ཞེས་ཀྱང་བྱ་ཞིང་། མངོན་སུམ་སྙིང་ཐིག་གི་རྣལ་འབྱོར་གང་དག་འཆི་ཁར་རིག་པ་འཕོ་བའི་ལམ་ཡང་དག་ཏུ་གསུངས་པའི་གནད་ཀྱང་འདི་ཉིད་དོ། །དེ་ཡང་ཀློང་གསལ་ལས། ཁྱད་པར་སྙིང་ནས་འབྲེལ་བའི་རྩ། །དར་སྐུད་བ་མེན་རྭ་འདྲའི་ཁ། །དབང་པོ་མིག་ལ་ཟུག་པ་སྟེ། །དེ་ནི་ཆོས་ཉིད་གསལ་བའི་ལམ། །ཡིད་དཔྱོད་ཚིག་ཕྱིར་མ་ལུས་པར། །མངོན་སུམ་འཆར་བའི་སྒོ་ནི་མིག །སྒོ་གཞན་དེ་ལྟར་མ་ཡིན་ནོ། །ཞེས་གསུངས་པ་བཞིན། རིག་པའི་ཡེ་ཤེས་ཉིད་འོད་རྩའི་ལམ་དེ་ལ་བརྒྱུད་ནས། རྒྱང་ཞགས་ཆུའི་སྒྲོན་མ་ཞེས་བྱ་བ་མིག་གི་


TR008_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ལས་སྐུ་དང་ཞིང་ཁམས་ཀྱི་རང་སྣང་མངོན་སུམ་དུ་འཆར་བ་སྟེ། འདི་ལ་རྒྱང་ཞག་གི་ནང་ཚུན་དབྱེ་ན་གསུམ་ཡོད་དེ། འབྱུང་བ་འདུས་པའི་རྒྱང་ཞག་ཅེས་མིག་གི་དབང་རྟེན་ཉིད་དང་། དབང་པོ་འདུས་པའི་རྒྱང་ཞག་ནི་གཟུགས་སྣང་འཛིན་ནུས་པའི་མིག་གི་ཤེས་པ་དང་། ཡེ་ཤེས་འདུས་པའི་རྒྱང་ཞགས་ནི་འོད་རྩ་དངས་མའི་སྒོ་དངོས་ཡེ་ཤེས་ཀྱི་མཐོང་བྱེད་དང་གསུམ་པོ་ཚོགས་པའི་མཐུས་ཆོས་ཉིད་མངོན་སུམ་གྱི་སྣང་བ་མཐོང་བར་འགྱུར་བ་སྟེ་སྒྲོན་མ་འབར་བའི་རྒྱུད་ལས། འཆར་བྱེད་འགག་པ་མེད་པ་ཡི། །དབང་པོའི་དྭངས་མ་མིག་གི་སྒོར། །སྐྱེད་པའི་པདྨའི་སྤྱན་དུ་གནས། ཞེས་དང་། སྒྲ་ཐལ་འགྱུར་ལས། ཡེ་ཤེས་འཆར་བའི་སྒོ་ཉིད་ནི། །ལུས་བཅུད་དྭངས་མ་ཀུན་འདུས་པ། །རྩཀཱུ་ཞེས་པའི་སྒོ་ནས་ཐོན། །འདི་ལས་ཡེ་ཤེས་དངོས་འབྱུང་སྟེ། ཞེས་སོགས་རྒྱ་ཆེར་གསུངས་ཤིང་། དེ་ལྟ་བུའི་ནང་གི་སྒྲོན་མ་གསུམ་ལ་བརྟེན་ནས་མན་ངག་གི་གནད་དུ་བསྣུན་པས་ཕྱིའི་སྒྲོན་མ་གསུམ་འཆར་བར་འགྱུར་ལ། དེ་ལ་གོམས་


TR008_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ན་བར་དོ་དུས་ཀྱི་སྒྲོན་མ་དང་། མཐར་ཐུག་འབྲས་བུའི་སྒྲོན་མ་གཉིས་ཀྱང་ཤུགས་ལས་འབྱུང་ཞིང་གནས་པ་གཞིའི་སྒྲོན་མས་ཀུན་ལ་ཁྱབ་ཚེ་དེ་ལྟར་སྒྲོན་མ་རྣམ་པ་དགུ་པོ་འདི་དག་ནི་རྫོགས་ཆེན་གྱི་ཉམས་ལེན་རྩ་བ་སྟེ། བསྡུས་ན་དྲུག་ལ་འདུ་ཞིང་དེ་དག་ཀྱང་བཞི་རུ་འདུ་བར་གསུངས་སོ། །དེ་ལྟར་སྒྲོན་མ་སྔ་མ་གསུམ་པོ་བསྟན་ནས། ད་ནི་སྒྲོན་མ་རྗེས་མ་རྣམས་ཉམས་ལེན་དངོས་དང་ལྷན་ཅིག་ཏུ་འཆད་དེ། དེའང་སྣོད་ལྡན་གྱི་སློབ་བུ་གང་ཞིག་གིས་བླ་མ་མཆོག་གི་ཞལ་གྱི་བདུད་རྩི་ཡོངས་རྫོགས་སུ་ཐོབ་ཅིང་། དམ་ཚིག་ཉེས་ལྟུང་རྡུལ་ཙམ་གྱིས་ཀྱང་མ་གོས་པར་བྱས་ལ། རི་གླིང་ནགས་ཁྲོད་རབ་ཏུ་དབེན་ཅིང་ཡིད་དང་མཐུན་པའི་གནས་སུ། ཁ་ན་མ་ཐོ་བ་མེད་པའི་


TR008_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་གོས་ཆོག་ཤེས་དང་ལྡན་པས། ལུས་ངག་ཡིད་གསུམ་གྱི་བྱ་བ་དགུ་ཕྲུགས་སུ་བཏང་ལ་འཁོར་འདས་རུ་ཤན་ཕྱེས་ཏེ། དུས་གནད་དང་མཐུན་པར་སྐུ་གསུམ་གྱི་བཞུགས་སྟངས་ཆོས་སྐུ་སེང་གེ། ལོངས་སྐུ་གླང་ཆེན། སྤྲུལ་སྐུ་དྲང་སྲོང་ལྟ་བུ་རྣམས་རང་གི་ཁམས་དང་ཕྱིའི་ཡུལ་སོགས་འཕྲོ་ཚུལ་མན་ངག་ཞལ་གདམས་སོགས་དང་བསྟུན་པས། ལུས། མིག །སེམས་མི་འགུལ་བ་གསུམ་ལ་གཞི་བཅའ། ལྡོག །ཕབ། ཟུར་གྱིས་ལྟ་བ་སྟེ་ལྟ་སྟངས་སྒོའི་གནད་གསུམ་དང་། ནམ་མཁའ་གཡའ་དག་པའི་ཡུལ་དུ་དབྱིངས་རྣམ་དག་གི་སྒྲོན་མ་ལ་གཏད་པ་ཡུལ་གྱི་གནད་གསུམ་དང་། རླུང་རོ་བསལ་ཞིང་འཇམ་རླུང་རིང་པོ་དལ་བར་བཟུང་ལ། རིག་པ་རྟོག་མེད་ཀ་དག་ཡེངས་འཁྲུལ་བྲལ་བའི་ངང་ལ་མཉམ་པར་འཇོག་པ་ནི་རླུང་རིག་གི་


TR008_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

གནད་དེ། གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོས་ཉམས་སུ་བླང་བར་བྱ་བ་སྟེ། ཐལ་འགྱུར་ལས། མངོན་སུམ་གནད་འདི་ལུས་ངག་ཡིད། །སོ་སོའི་གནད་རྣམས་ངེས་པར་བསྟུན། །དེ་ཡང་ལུས་ནི་སྐུ་གསུམ་ལས། །རྒྱུན་དུ་འདའ་བར་མི་བྱའོ། །ངག་ནི་གནད་དང་བསླབ་པ་དང་། །ལ་བཟླ་བ་ཉིད་བསྟེན་པར་བྱ། །སེམས་ནི་དབྱིངས་ལ་གཏད་པས་འགྲུབ། །གནད་གསུམ་མན་ངག་འབྲལ་མི་བྱ། །དེ་ཡང་སྒོ་དང་ཡུལ་ཉིད་དང་། །རླུང་དང་རིག་པའི་གནད་རིམ་བཞིན། །སྒོ་ནི་སྐུ་གསུམ་མིག་གིས་བལྟ། །ཡུལ་ནི་སྒྲིབ་བྱེད་བྲལ་བའོ། །རླུང་རིག་བྲལ་བས་ཡེ་ཤེས་གྲུབ། ཅེས་པ་ལྟ་བུའི་གནད་རྣམས་ཞིབ་པར་ཁྲིད་གཞུང་དང་ཕྱག་བཞེས་སྙན་བརྒྱུད་ལྟར་ཉམས་སུ་བླངས་པས། དབྱིངས་རྣམ་དག་གི་སྒྲོན་མ་མཐིང་ག་ཁྱབ་ཆེན་གྱི་


TR008_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་ན་ལྔ་ལྡན་འོད་ཀྱི་རང་བཞིན་ཡི་གེའི་ན་རོ་ལྟ་བུའམ། གཞན་ཡང་གྱེན་འགྲེང་རྩིབས་ཤར་ལ་སོགས་པ་དབྱིབས་མ་ངེས་དུ་མར་སྣང་བ་དང་། དེ་ཉིད་ཀྱི་ནང་ན་ཐིག་ལེ་སྟོང་པའི་སྒྲོན་མ་ནི་ཐོག་མར་ཁ་དོག་དམར་སེར་རམ་ཁྲོ་བོའི་སྤྱན་ལྟ་བུ་ལ། ཕྱི་ནི་རྨ་བྱའི་མདོངས་བཞིན་ལྔ་ལྡན་གྱི་མུ་ཁྱུད་ཅན་ཏེ། དེ་ཡང་དང་པོ་ཉིས་སྦྲེལ་སུམ་སྦྲེལ་ནས་བརྩམས་ཏེ་མཐར་གོམས་ཚེ་རབ་ཏུ་མང་པོ་རྒྱ་ཁྱོན་ཤིན་ཏུ་ཆེ་བའི་བར་འཆར་བ་དང་། རིག་མདངས་རྡོ་རྗེ་ལུ་གུ་རྒྱུད་མུ་ཏིག་བསྟར་ལ་བསྒྱུས་པ་ལྟ་བུར་འགུལ་འཁྲིག་འགྲོ་འོང་གི་ཚུལ་དུ་སྣང་ཞིང་། དེ་དག་བར་བར་ཐིག་ཕྲན་གྲངས་མེད་པས་བརྒྱན་པ་དང་བཅས་ཏེ། མདོར་ན་གང་ཟག་སོ་སོའི་རྩ་ཁམས་དང་སྐལ་པ་མཚུངས་པའི་འཆར་སྒོ་རྣམས་སྣང་བར་འགྱུར་


TR008_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྟེ་སྒྲོན་མ་འབར་བའི་རྒྱུད་ལས། མིག་གི་རྣམ་ཤེས་དག་པ་ལ། །གསལ་བྱེད་འབར་བའི་འོད་ཟེར་ལྔ། །མི་འགྱུར་ཁྱབ་པའི་ཚུལ་དུ་ཡང་། །མཐིང་གའི་རང་གདངས་ཆེན་པོར་གནས། །འཆར་བྱེད་སྣང་བ་ལ་འགག་པས། །ཕྱི་ཡི་ཡུལ་ལ་རྣམ་པར་སྣང་། ཞེས་དང་། དབྱིངས་ཀྱི་རང་བཞིན་འོད་ཀྱི་ཁྱིམ། །འགྱུར་མེད་ཡེ་གདངས་ཆེན་པོར་ནི། །སངས་རྒྱས་སེམས་ཅན་ཐམས་ཅད་ལ། །ཡེ་ནས་གཉིས་མེད་མཉམ་པར་གནས། ཞེས་དང་། །ཐིག་ལེ་སྟོང་པའི་སྒྲོན་མ་ནི། །ཆོས་རྣམས་ཀུན་གྱི་ཡིད་ཆེས་པ། །དེ་ཉིད་སུ་ཡིས་ཤེས་པ་དེ། །ཐིག་ལེ་སྐུ་ལ་ལོངས་སྤྱོད་དོ། །ཞེས་སོགས་དང་། སེང་གེ་སྩལ་རྫོགས་ལས། །དབྱིངས་ནི་དབྱིངས་ཀྱི་སྒྲོན་མ་ལ། །རིག་པ་ལུ་གུ་བརྒྱུད་དུ་གསལ། །དབྱིངས་ནི་འོད་ཀྱི་མུ་ཁྱུད་ལ། །རིག་


TR008_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྐུ་ལྔའི་སྣང་བ་ཤར། །དབྱིངས་དང་རིག་པ་ཡེ་ཤེས་གསུམ། །འདུ་འབྲལ་མེད་པའི་ཚུལ་དུ་གནས། །ཞེས་སོགས་རྒྱ་ཆེར་གསུངས་ལ། །ཤེས་རབ་རང་བཞིན་སྒྲོན་མ་ནི། ཡེ་ཤེས་ཀྱི་རང་སྣང་མཐོང་ཞིང་རྟོགས་པར་བྱེད་པ་པོ་ཁྲེགས་ཆོད་ཀྱི་དངོས་གཞི་རང་རིག་པའི་ཡེ་ཤེས་ཉིད་ཡིན་ཏེ། དེ་ཡང་ཆོས་སྤྱི་ལས་སེམས་རིག་གཅིག་པ་དུ་བྱེད་ཀྱང་། འདི་ནི་སྔར་བཤད་པ་བཞིན་ཐོག་མར་ཡང་ཀ་དག་དང་ཀུན་གཞི་ཐ་དད་པ་དང་། ད་ལྟ་ལམ་གྱི་དུས་ནའང་སེམས་རིག་ཤན་ཕྱེས་ནས། ཉམས་ལེན་གྱི་རྩ་བ་ནི་རིག་པ་རང་ལ་བྱེད་དགོས་པའི་རྒྱུ་མཚན་ཡང་། དེ་ལ་སེམས་ཀྱང་བརྟེན་པའི་གནས་ནི་གཡོ་བ་རླུང་གི་མཛོད་ལ་བརྟེན་ཅིང་། ལམ་ནི་མེད་པ་དཀར་ནག་ལ་བརྒྱུད་ནས། སྒོ་ནི་ཁ་སྣ་གཉིས་ལས་ཐོན་ཏེ། བྱེད་ལས་ནི་འཁོར་


TR008_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྒྱུ་འབྲས་སྣ་ཚོགས་པ། །ངོ་བོ་ནི་མ་རིག་འཁྲུལ་པའི་ཤེས་པ་སྟེ། མིང་གི་རྣམ་གྲངས་ནི། སེམས་ཡིད། རྣམ་ཤེས། བག་ཆགས། རྟོག་པ། འགྱུ་བ་ཞེས་པ་ལ་སོགས་སུ་བརྗོད་ལ། འགྱུ་བའི་གྲོགས་སམ་རྟ་ནི་ལས་ཀྱི་རླུང་གིས་བྱེད་ཕྱིར། དེས་ན་འདི་ཀུན་རྫོབ་ཀྱི་རླུང་སེམས་ཐིག་ལེ་སོགས་ལ་ཉམས་ལེན་གཙོ་བོར་མི་བྱེད་པའི་རྒྱུ་མཚན་དེ་ལྟར་ཡིན་པ་དང་། རིག་པའི་གནས་དང་ལམ་སྒོ་སོགས་ནི་གོང་དུ་བཤད་མ་ཐག་པ་ལྟར་ལ། ངོ་བོ་ནི་སངས་རྒྱས་ཀྱི་སྙིང་པོའམ། སྐུ་གསུམ་དབྱེར་མེད་ཡེ་ཤེས་གསུམ་དང་། །མཁྱེན་པ་གཉིས་ལྡན་ཡིན་པ་དང་། བྱེད་ལས་ནི་མྱང་འདས་ཀྱི་ཆོས་ཐམས་ཅད་མཐར་ཕྱིན་པའམ། སྨིན་པ་དང་གྲོལ་བར་བྱེད་ཅིང་། མིང་གི་རྣམ་གྲངས་ནི། ཀ་དག །བློ་འདས། རང་རིག །ཆོས་སྐུ་


TR008_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་ཉག་གཅིག །ཤེས་རབ་ཕར་ཕྱིན། ཕྱག་རྒྱ་ཆེན་པོ། རྫོགས་པ་ཆེན་པོ། དོན་དམ་པའི་ཡེ་ཤེས་ལ་སོགས་དཔག་ཏུ་མེད་ཅིང་། ཐོད་རྒལ་གྱི་སྐབས་འདིར་ནི། ཤེས་རབ་རང་བྱུང་གི་སྒྲོན་མ་ཞེས་སུ་བཏགས་པ་སྟེ། མདོར་ན་འདི་སྐབས་ཀྱི་སྒྲོན་མ་གཞན་ཐམས་ཅད་ཀྱང་ཡང་དག་པའི་ལམ་དུ་འགྲོ་མི་འགྲོའི་གནད་ནི་འདི་ཁོ་ན་ལ་རག་པའོ། དེ་ལྟར་ཡིན་པར་ཡང་། སྒྲོན་མ་འབར་བ་ལས། འདི་ལྟར་སྒྲོན་མ་ཐམས་ཅད་ཀྱི། །ཤེས་བྱེད་ཚུལ་དུ་གནས་པས་ན། །ཀུན་གྱི་ཆ་ལ་འདི་ཉིད་ཀྱིས། །འབྱེད་པ་མེད་པའི་ཚུལ་དུ་གནས། ཞེས་དང་། །སྣང་དང་མི་སྣང་ཆོས་རྣམས་ཀུན། །རང་བཞིན་མེད་པར་སུས་ཤེས་པ། །དེ་ནི་འདི་ཡི་མཚན་ཉིད་དོ། །ཞེས་དང་། གཞན་ཡང་། །ཤེས་པ་འགྱུ་བ་


TR008_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་ཡུལ་ལས། །མཐོང་ཤེས་རིག་པ་ཐ་དད་མིན། །དེ་ཉིད་རང་གི་ཐོག་ཏུ་གྲོལ། །གཅིག་ཤེས་པས་ནི་ཀུན་གྲོལ་ལོ། །ཞེས་སོགས་རྒྱ་ཆེར་འབྱུང་བའི་ཕྱིར། །ཐོད་རྒལ་གྱི་འཆར་སྣང་དུ་མ་ཟད་ཚོགས་དྲུག་བག །ཆགས་འཁྲུལ་སྣང་ཀུན་ལའང་། གནད་དོན་འདི་ཉིད་ཁོ་ནས་གྲོལ་མི་གྲོལ་དུ་འགྱུར་བས། དེས་ན་སྒྲོན་མ་ཐམས་ཅད་ཀྱི་གཙོ་བོའི་ཁྱབ་བྱེད་ནི་ཤེས་རབ་རབ་བྱུང་གི་སྒྲོན་མ་དང་། དེའི་གདངས་རྡོ་རྗེ་ལུ་གུ་རྒྱུད་ལ་ནན་ཏན་དུ་བྱ་སྟེ། །ནོར་བུ་ཕྲ་བཀོད་ཀྱི་རྒྱུད་ལས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ལ་བལྟ་བར་འདོད་ན་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ལ་ལྟོས་ཤིགསངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཐུགས་སུ་ཆུད་པར་འདོད་ན་རྡོ་རྗེ་ལུ་གུ་རྒྱུད་དང་མ་བྲལ་བར་གྱིས་ཤིག །ཆོས་ཐམས་ཅད་ཀྱི་


TR008_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་དང་རྒྱས་པ་ཤེས་པར་འདོད་ན། རྡོ་རྗེ་ལུ་གུ་རྒྱུད་ཀྱི་འདུག་ཚུལ་ལ་ལྟོས་ཤིག ལྟ་སྒོམ་སྤྱོད་པ་ཀུན་དང་འདུ་འབྲལ་མེད་པར་འདོད་ན། རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ལས་མ་ཡེངས་ཤིག །ཨེ་མ། ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་ཐམས་ཅད་ཀྱི་མངའ་བདག་ཀྱང་རྡོ་རྗེ་ལུ་གུ་རྒྱུད་ལ་ཐུག་གོ། །ཞེས་སོགས་གསུངས་སོ། །དེ་ལྟར་ཁྲེགས་ཆོད་ཐོད་རྒལ་ཟུང་འཇུག་ཏུ་ཉམས་སུ་ལེན་པ་ལ་བརྩོན་ཞིང་། འདི་སྐབས་ཀྱི་མཚན་མོའི་ཆ་ཐམས་ཅད་དུ་རྒྱ་མཚོ་ཨར་གཏད་ཀྱི་རྣལ་འབྱོར་དང་། གཞན་ཡང་ཉིན་མོའི་ཚོགས་དྲུག་གང་ཤར་ཐམས་ཅད་ལ་བདེན་ཞེན་དགག་སྒྲུབ་ཀྱིས་མ་བཅིངས་རང་གྲོལ་ཅོག་བཞག་གི་གནད་བཞིའི་རྒྱས་གདབ་པ་དང་། ནུབ་མོ་རྨི་ལམ་ཉིང་འཁྲུལ་གཏི་མུག་ཁ་ཡན་དུ་མ་བཏང་བར་འོད་གསལ་


TR008_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བྱ་བུམ་འཇུག་ལ་དྲིལ། ནང་ནུབ་ལྟོ་གོས་རྣམ་གཡེང་གི་བྱ་བྲལ་ཀུན་ལ་ཞེན་འཛིན་ཨ་འཐས་རང་རྒྱུད་ཀྱི་རྟོད་ཕུར་ཕུད་ལ། རྣམ་པ་ཐམས་ཅད་དུ་ཉམས་ལེན་གྱི་སྙིང་པོར་དབྱིངས་རིག་གི་ངང་ལ་ཐག་ཆོད་ཀྱི་དགོངས་པ་འཕོ་འགྱུར་མེད་པར་རི་བོ་ཅོག་བཞག་གི་ལྟ་བ་དང་། སྣང་སྟོང་དབྱེར་མེད་འཛིན་བྱེད་བློ་འདས་རྒྱ་མཚོ་ཅོག་བཞག་གི་སྒོམ་པ་དང་། རིག་དང་ལུག་རྒྱུད་བཙོན་དུ་ཟིན་པས་བག་ཆགས་འཁྲུལ་ཞེན་གྱི་ཤུན་པ་ཡམ་པ་རིག་པ་ཅོག་བཞག་གི་མན་ངག་དང་། བྱིང་རྨུག་འཕྲོ་རྒོད་ཀྱི་དབང་དུ་མ་སོང་ཞིང་བདེ་གསལ་མི་རྟོག་གི་ཉམས་ཀྱིས་མ་བཅིངས་པའི་ཡེ་ཤེས་མངོན་སུམ་གྱི་དོན་ལས་མ་ཡེངས་པ་སྣང་བ་ཅོག་བཞག་གི་ཉམས་ལེན་ཏེ་དེ་ལྟར་རྣམ་པ་བཞི་པོ་ལ་བརྩོན་དགོས་


TR008_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདི་ཉིད་ཀྱི་གཞུང་དང་། མན་ངག་ལས་གསུངས་པའི་དོན་གྱི་རྩ་བ་ནི་དབྱིངས་རིག་འབྲལ་མེད་ཀྱི་ཉམས་ལེན་ཉིད་ལ་འདུ་བར་ཤེས་པར་བྱའོ། །དེ་ལྟར་ཉམས་སུ་ལེན་པ་ལ་ཆིག་དྲིལ་དུ་བརྩོན་པའི་རྣལ་འབྱོར་རྣམས་ལ་རྟགས་ཚད་ཀྱི་རིམ་པ་ཇི་ལྟར་འཆར་ཚུལ་དང་། གྲོལ་ཚད་ངེས་པའི་གཟེར་དང་བཅས་ཏེ་སྣང་བ་བཞིའི་འཕེལ་ཚུལ་འཆད་པར་བྱེད་པ་ལ། ཁྲེགས་ཆོད་ཀྱི་རྟགས་ཚད་ཐུན་མོང་ནི། གོང་གི་ཕྱག་རྫོགས་དགོངས་མཐུན་དུ་བསྟན་ནས། འདིར་ཁྱད་པར་གྱི་མན་ངག་ཐོད་རྒལ་སྣང་བཞིའི་རིམ་པ་མདོར་བསྡུས་བརྗོད་པ་ནི། སྣང་བཞི་སོ་སོར་འཆར་ཚུལ་དང་རྟགས་ཚད་ལྷན་ཅིག་ཏུ་འཆད་དེ། དེ་ཡང་དང་པོ་འཁོར་འདས་ཏུ་ཤན་འབྱེད་པ་ལ་སོགས་སྔོན་འགྲོ་སྤྱི་དང་བྱེ་བྲག་ཐམས་ཅད་ལ་རྟགས་ཐོན་པར་མ་བྱས་ན་ནི། འདིར་


TR008_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ལེན་དངོས་ཀྱི་སྐབས་སུ་འཆར་སྒོ་དང་རྟགས་མཚན་ཚུལ་མཐུན་པ་མི་འབྱུང་ཞིང་། ཁྱད་པར་ཁྲེགས་ཆོད་ཀྱི་གནད་དོན་ཇི་བཞིན་མ་རྟོགས་པས་ནི་འདིར་ཡང་ལམ་དུ་མི་འགྱུར་བའི་ཕྱིར་ན། ཐོག་མར་དེ་དག་ལ་སྐྱོན་མེད་ཀྱི་གཞི་ཟིན་པར་བྱ་བ་ནི་གནད་ཀྱི་གལ་པོ་ཆེ་ཡིན་ལ། དེ་དག་ཚུལ་ལྡན་ཉམས་སུ་བླངས་པས་དང་པོ་དབྱིངས་རིག་གི་སྣང་བ་འོད་ཁྱིམ་དང་། སྒྲོན་མའི་སྣང་བ་ཐིག་ལེ། སྐུའི་རིག་པའི་སྣང་བ་ལུ་གུ་རྒྱུད་རྣམས་ངོ་སྤྲད་ནས་མཐོང་བ་དེ་ལ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་བྱ་སྟེ། འདི་དག་ལ་དང་པོར་ཅུང་ཟད་དམ་འགའ་ཙམ་མཐོང་བ་ལ་སྣ་ཟིན་པ་ཞེས་བྱ་བ་དང་། བར་དུ་ཚུལ་ཞིན་བཀྲ་ཤེས་ཤིང་ལེགས་པར་མཐོང་ཚེ་གཏན་ལ་ཕེབས་པ་ཞེས་བྱ་བ་དང་། མཐར་རྣམ་པ་


TR008_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

བལྟས་བལྟས་སུ་ཆག་ཚེགས་མེད་པ་མཐོང་བ་ལ་རྩལ་རྫོགས་པ་ཞེས་པའི་མིང་གི་ཐ་སྙད་བྱེད་ཚུལ་ནི་སྣང་བ་རྗེས་མ་རྣམས་ལ་ཡང་ཤེས་པར་བྱ། ཆོས་ཉིད་མངོན་སུམ་གཏན་ལ་ཕེབས་པའི་རྟགས་ནི་སྒོ་གསུམ་ལ་འབྱུང་བ་སྟེ། དེ་ཡང་ལུས་རུས་སྦལ་མཁར་གཞོང་དུ་བཅུག་པ་ལྟ་བུ་ཞེས་ལུས་ཀྱི་བྱ་བྱེད་གཞན་གང་ཡང་མི་སྤྲོ་བར། སྐུ་གསུམ་གྱི་བཞུགས་སྟངས་ལས་འདའ་སྙིང་མི་འདོད་པ་འབྱུང་སྟེ། སྤྲོས་བཅས་བུམ་པའི་དབང་གིས་ལུས་སྨིན་ཅིང་རྫོགས་ཆེན་བྱ་རྩོལ་དང་བྲལ་བའི་རྟགས་སུ་གསུངས། ངག་གི་ལྐུགས་པ་ལྟར་འབྱུང་བ་སྟེ། ཐ་མལ་འཁྲུལ་པའི་སྨྲ་བརྗོད་ཀྱི་སྤྲོས་པ་དང་། བྲེལ་བ་ནི་གསང་དབང་གི་ནུས་པ་དང་། སེམས་ནི་འདབ་ཆགས་སྙི་ལ་ཟིན་པ་བཞིན་ཏེ། རྟོག་པ་འཕྲོ་བར་བརྩམ་མ་


TR008_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་རིག་པས་ཟིན་ནས་འཁྲུལ་སྣང་དུ་འགྲོ་བའི་དབང་མེད་པར་འབྱུང་བ་སྟེ་ཁྱད་པར་གྱི་རྟགས་འདི་དག་དང་གཞན་ཡང་ཐུན་མོང་གི་རྟགས་སུ་ནི། བླ་མ་སངས་རྒྱས་དངོས་སུ་མཐོང་བའི་དད་གུས་བཅོས་མེད་དུ་སྐྱེ། བྱམས་སྙིང་རྗེ་རྩོལ་མེད་དུ་འབྱུང་ཞིང་རྒྱུ་འབྲས་ལ་ངེས་ཤེས་རྙེད། ཉོན་མོངས་རག་པ་མགོ་ནོན་ཅིང་ཤེས་རྒྱུད་འབོལ་གྱིས་འགྲོ་བ་དང་། བདེ་གསལ་མི་རྟོག་རང་ཤུགས་ལ་འཆར་བས་འཇིག་རྟེན་ཆོས་མིན་རྣམ་གཡེང་གི་ལས་ལ་བློ་མི་འཇུག་པ་སོགས་འབྱུང་བ་སྟེ། མདོར་ན་ཕྱག་རྒྱ་ཆེན་པོའི་རྩེ་གཅིག་གསུམ་གྱི་ལམ་རྟགས་རྣམས་དང་ཤས་ཆེར་མཐུན་པར་བཤད་ལ། ཆོས་ཉིད་མངོན་སུམ་གཏན་ལ་ཕེབས་པའི་གང་ཟག་དེ་དམ་ཚིག་ཉེས་ལྟུང་གི་དྲི་མ་མེད་ན་ངན་སོང་གི་སྐྱེ་སྒོ་རྒྱུན་ཆོད་པའི་ཚད་ཡིན་ནོ། །


TR008_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡང་སྔར་ལས་མ་གཡོས་པར་ཉམས་སུ་བླངས་ན་ཉམས་གོང་འཕེལ་གྱི་སྣང་བ་འཆར་ཏེ། དེ་ལ་སྣང་བའི་ཉམས་དང་ཤེས་ཉམས་གཉིས་ལས། བདེ་གསལ་མི་རྟོག་པ་སོགས་ཟག་བཅས་ཀྱི་ཡོན་ཏན་སེམས་ཀྱི་དྭངས་ཆར་མྱོང་བ་ཐམས་ཅད་ལ་ནི་ཤེས་ཉམས་ཞེས་བྱ་སྟེ། འགྱུར་ལྡོག་དང་འཕེལ་འགྲིབ་ཅན་དུ་ཡིན་པས་ཚད་མི་བཟུང་ལ། འདི་སྐབས་སུ་སྣང་ཉམས་ལ་ཚད་འཛིན་ཏེ། དབྱིངས་སྣང་འོད་ཀྱི་ཤར་ཚུལ་སྔར་ལས་གོང་དུ་འཕེལ་ཏེ་ཁ་དོག་ལྔ་ལྡན་གསལ་འཚེར་དྭངས་པའི་འོད་སྣམ་བུ་གྱེན་བསྒྲེངས་དང་རྩིབས་ཤར། མིག་མང་རིས་དང་། རེ་ལྡེ་ལྟ་བུ། གུར་ཁྱིམ་མཆོག་རྟེན། པདྨ་སྟོང་ལྡན་ལྟ་བུའི་དབྱིབས་དང་། འཁོར་ལོ་རྡོ་རྗེ་རིན་ཆེན་ལ་སོགས་པའི་ཕྱག་མཚན་དང་། རྒྱལ་སྲིད་བདུན་དང་བཀྲ་ཤིས་རྟགས་བརྒྱད་


TR008_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་དབྱིབས་ཀྱི་རྣམ་གྲངས་མཐའ་ཡས་པ་འཆར་ལ། ཁྱད་པར་ཡེ་ཤེས་སོ་སོའི་གདངས་ཀྱི་བྱེ་བྲག་ལ་དབྱེ་ན། དེ་ཡང་མེ་ལོང་ཡེ་ཤེས་ཀྱི་འོད་གྱེན་བསྒྲེངས་དང་། མཉམ་ཉིད་ཡེ་ཤེས་ཀྱི་རྩིབ་ཤར། སོར་རྟོག་ཡེ་ཤེས་ཀྱི་གྲུ་ཆད་བྱ་གྲུབ་ཡེ་ཤེས་ཀྱི་རེ་ལྡེ་ལྟ་བུ། ཆོས་དབྱིངས་ཡེ་ཤེས་ཀྱི་ཡུལ་གྲུ་ཙམ་གྱི་རྒྱ་ཁྱོན་ལྡན་པའི་འོད་ཁྱིམ་དང་། དེ་བཞིན་དུ་དབྱིབས་ཀྱང་མེ་ལོང་ཡེ་ཤེས་མིག་ཚགས་ལྟ་བུ། མཉམ་ཉིད་ཀྱི་དྲ་བ་དྲ་ཕྱེད་ལྟ་བུ། སོ་སོར་རྟོག་པའི་མེ་ཏོག་གི་ཚོམ་བུ་ལྟ་བུ། བྱ་གྲུབ་ཀྱི་མཚོན་ཆ་སྣ་ཚོགས་པ་ལྟ་བུ། ཆོས་དབྱིངས་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་མཁར་ཐབས་སུ་སྣང་བ་སོགས་བརྗོད་ཀྱིས་མི་ལང་བའི་འཆར་སྒོ་འབྱུང་ཞིང་། དབྱིངས་སྣང་དེ་དག་ཀྱང་དང་པོར་ཁྲུ་གང་ཙམ་དང་། ཐིག་ལེ་ཡང་


TR008_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

རིལ་མ་ཙམ་འཆར་བ་ནས་གོང་འཕེལ་གྱི་སྣ་ཟིན་པར་བཤད་ལ། མཐར་ཡུལ་གྲུ་ཙམ་དང་རང་གནས་ཀྱི་ལུང་པར་ཁྱབ་པར་འཆར་ཞིང་། ཐིག་ལེ་ཡང་མཁར་གཞོང་དང་སྦ་ཕུབ་ཙམ་དུ་འགྱུར་བའི་བར་གྱི་གཏན་ལ་འབེབས་པ་དང་རྩལ་རྫོགས་པ་སོགས་སུ་གསུངས་པ་དང་། དེའི་ཚེ་ལུས་ཀྱི་རྟགས་ནི་སྐྱེས་བུ་ནད་ཀྱིས་གདུང་བ་ལྟ་བུ་ནས་བཅོས་མའི་ཚུལ་འཆོས་ངོ་ཚ་མཆོར་མཛེས་སོགས་ཀྱི་སྣང་བ་དང་བྲལ། ངག་སྨྱོན་པ་ལྟ་བུ་སྟེ་འཇིག་རྟེན་འཁྲུལ་ཞེན་གྱི་གཏམ་ཚིག་སྒྲིག་ཆགས་སུ་མི་འབྱུང་། སེམས་སྐྱེས་བུ་རྩི་དུག་གིས་ཟིན་པས་ཟུང་ཆེན་པོའི་རྣམ་པ་འགག་པ་བཞིན་དུ། ཐ་མལ་གྱི་རྣམ་པར་རྟོག་པ་ཐམས་ཅད་རིག་པའི་ཀློང་དུ་ཐིམ་པས་ཀུན་རྫོབ་འཁྲུལ་པའི་དྲན་འཛིན་བུལ་ནས་སྟོང་གསལ་ཀ་དག་གི་ངང་ལས་མི་འདའ་


TR008_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྣམས་འབྱུང་ཞིང་། འདི་དུས་ཐུན་མོང་གི་རྟགས་སུ་དངོས་འཛིན་གྱི་འཁྲུལ་པ་ཞིག་པས་དགྲ་གཉེན་དང་ཆགས་སྡང་གི་བག་ཆགས་ཨ་འཐས་ཐམས་ཅད་ཡལ། ཟང་ཟིང་ཟས་གོས་ཞིམ་མངར། སྐྱིད་སྡུག་ལེགས་ཉེས་སྤོང་ལེན་དགག་སྒྲུབ་སོགས་ཀྱི་འཛིན་པ་ལས་གྲོལ་བར་འགྱུར་ཏེ། འདི་དག་ནི་ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ནུས་པ་དང་། དངོས་འཛིན་གྱི་འཆིང་བ་ཕལ་ཆེར་ལས་གྲོལ་བར་འགྱུར་བ་སྟེ་འདི་དུས་རིག་པ་ནི་འདབ་ཆགས་འཕུར་རྐྱེན་ཙམ་དུ་གསུངས་ཀྱང་ཕལ་ཆེར་བུང་བ་བཅུད་ལ་རོལ་པ་ཙམ་དུ་འབྱུང་ཞིང་། མདོར་ན་འདི་སྐབས་རྣམས་སུ་ཕྱག་ཆེན་གྱི་སྤྲོས་བྲལ་དང་སྦྱར་བ་མང་ཡང་། མངོན་སུམ་ཐོད་རྒལ་འདི་ལས་མྱུར་ཚད་ཀྱི་དབང་གིས་རོ་གཅིག་དང་མཚུངས་པར་སྣང་བ་དང་། ལར་འདི་


TR008_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ཀྱི་སྣ་ཟིན་པ་ཙམ་ནས་འཁོར་འདས་ཀྱི་རྒྱབ་གྱེས་པ་ཞེས་བྱ་སྟེ། ཕྱིན་ཆད་རིགས་དྲུག་གི་མངལ་དུ་མི་འཇུག་ཅིང་རང་བཞིན་སྤྲུལ་པའི་ཞིང་དུ་གྲོལ་བར་གཏན་ལ་ཕེབས་ཤིང་རྩལ་རྫོགས་པས་ནི་བར་དོའི་འོད་གསལ་ཟུང་འཇུག་ནས་ལྷུན་གྲུབ་རིན་པོ་ཆེའི། སྣང་བ་ཚུན་ཆད་གང་རུང་ལ་ནི་མི་གྲོལ་མི་སྲིད་པའི་ཚད་ཟིན་པའོ། །དེ་ཡང་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི། དབྱིངས་སྣང་དེ་དག་ནམ་མཁས་གར་ཁྱབ་ཏུ་ཁྱབ་ཅིང་། ཐིག་ལེ་ནི་ཕུབ་ཙམ་མམ་རྔ་བོ་ཆེ་ཙམ་ལྔ་ཚོམ་དང་དགུ་ཚོམ་ལ་སོགས་པའི་ཚོམ་བུར་སྣང་བ་དང་། རྐྱང་པ་དང་། །གྲོལ་ཐབས་སོགས་ངེས་པ་མེད་ལ། ཐིག་ལེའི་རེ་རེའི་ནང་དུ་པདྨ་འདབ་བཞི་སོགས་ལ་ཐོག་མར་ཞི་བའི་སྐུ་ཕྱེད་པ་དང་། སྐུ་རྐྱང་རྒྱན་མེད་པར་སྣང་བ་དག་འབྱུང་ལ། དེ་ནས་ལྔ་ཚོམ་


TR008_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡབ་ཡུམ་ཟུང་འབྲེལ། མཐར་ནི་སྣང་བས་གར་ཁྱབ་སྐུ་ཡིས་ཁྱབ་པར་འབྱུང་ཞིང་། གཞན་ཡང་འདི་ཚེ་རང་གི་བ་སྤུའི་ཁུང་བུ་རེ་རེར་ཡང་སངས་རྒྱས་ཀྱི་ཞིང་སྣང་བརྒྱ་སྟོང་གྲངས་མེད་པར་མཐོང་བ་དང་། ཕྱི་རོལ་གྱི་ས་རྡོ་རི་བྲག་གདོས་བཅས་ཀྱི་སྣང་བ་འགགས་པའམ། མ་འགགས་ཀྱང་སྐྲ་ཉག་རེ་རེ་དང་ཤིང་ལོ་རེ་རེ་རྡུལ་ཕྲན་རེ་རེ་ལའང་ཞིང་ཁམས་ཀྱི་བཀོད་པ་དཔག་ཏུ་མེད་པ་སྣང་བ་སོགས་མདོར་ན་འདི་སྐབས་ཀྱི་འཆར་སྒོ་ནི་བརྗོད་པའི་ཡུལ་ལས་འདས་ལ། ཐིག་ལེ་རྣམས་འགུལ་འཁྲིག་མེད་པར་སྡོད་པ་འབྱུང་། གཞན་འདི་རྩ་ན་ཕྱིས་བར་དོ་ཤར་རྒྱུའི་སྣང་བ་ཐམས་ཅད་ད་ལྟ་ནས་གཏན་ལ་ཕབ་ཚར་བ་ཡིན་ཕྱིར། རང་གི་སྙིང་ག་ནས་འོད་ཀྱི་ཟེར་ཐག་ཚོམ་བུའི་སྐུ་རྣམས་ལ་ཟུག་པར་སྣང་བ་དང་། སྤྱི་


TR008_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་གི་ནམ་མཁར་འོད་ཀྱི་འཁོར་ལོ་རྨ་བྱའི་གདུགས་ལྟ་བུ་བརྩེགས་མ་གྲངས་མེད་པ་སྣང་ཞིང་། སྟེང་གི་ནམ་མཁར་ཁྲོ་བོའི་དཀྱིལ་འཁོར། ཐད་ཀར་ལོངས་སྐུ་ཞི་བའི་དཀྱིལ་འཁོར། འོག་ཏུ་རང་བཞིན་སྤྲུལ་པའི་ཞིང་སོགས་ཏེ་མདོར་ན་ལྷུན་གྲུབ་རིན་པོ་ཆེའི་སྣང་བ་མཐའ་དག་ཡོངས་རྫོགས་སུ་འདི་དུས་འཆར་བར་འགྱུར་བ། དེ་ཚེ་རྟགས་ནི་ལུས་གླང་ཆེན་འདམ་དུ་བྱིང་ན་སྐད་ཅིག་ལ་ཐོན་ནུས་པ་བཞིན། ཕྱི་ནང་གི་གདོས་བཅས་རང་སར་དག་པས་རི་བྲག་ཁང་ཁྱིམ་སོགས་ལ་ཐོག་མེད་ཟང་ཐལ་དང་། ངག་ནི་གྲུལ་བུམ་གྱི་ཕྲུ་གུའི་སྐད་དེ་སུས་ཐོས་ཀྱང་ཡིད་འཕྲོག་པ་དེ་བཞིན་དུ། རྣལ་འབྱོར་པ་དེས་ཅི་སྨྲས་ཆོས་སུ་འགྱུར་ཞིང་ངག་གི་བདེན་ཚིག་གྲུབ་སྟེ་འགྲོ་བ་སོ་སོའི་བསམ་པ་ཐ་དད་དང་མཐུན་པའི་ཆོས་ཀྱི་རྣམ་


TR008_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་དཔག་མེད་དུས་གཅིག་ལ་སྟོན་ནུས་པ་དང་། ཡིད་ནི་རིམས་ནད་བྱང་བའི་སྐྱེས་བུ་ལ་སླར་རིམས་ནད་ཀྱི་དོགས་པ་མེད་པ་བཞིན། འཁོར་འདས་འབྲེལ་ཐག་ཆོད་པས་ད་ཕྱིན་ཆད་འཁོར་བ་ལ་ལྷུང་བའི་དོགས་པ་མེད་པ་རྣམས་འབྱུང་ལ། ཐུན་མོ། །ཡོན་ཏན་གྱི་རྩལ་མཐའ་དག་རྫོགས་པས། ནམ་མཁར་འཕུར་ཞིང་པ་ལ་འཛུལ་བ་དང་། འབྱུང་བས་གནོད་པ་མེད་ཅིང་རྫུ་འཕྲུལ་སྤྲུལ་བསྒྱུར་གྱི་ཚོགས་ལ་རང་དབང་ཐོབ་པ་སྟེ། འདི་དག་ནི་རབ་ཏུ་སྤྲོས་མེད་ཚིག་དབང་རིན་པོ་ཆེའི་ནུས་པ་མཐར་ཕྱིན་ཅིང་། སྐུ་གསུམ་ལམ་དུ་རྫོགས། འབྲས་བུ་བཅུད་དུ་སྨིན། གདོས་བཅས་འོད་དུ་གྲོལ་བས། ལུས་ཐོག་འདི་ཉིད་ལ་བྱང་ཆུབ་མངོན་དུ་གྱུར་པའི་ཚད་ལ་ཕེབས་པའོ། །འདི་དག་སྒོམ་མེད་ཆུང་འབྲིང་དང་


TR008_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་མོད་ཀྱང་། དོན་ལ་སྒོམ་མེད་ཆེན་པོ་མཐར་ཕྱིན་པ་ཉིད་དེ། ལུས་སྣང་སེམས་གསུམ་གྱི་སྒྲིབ་བྱེད་མཐའ་དག་ནི་ཟད། ཤེས་སྒྲིབ་ཀྱི་དྲི་མའི་ཆ་ཙམ་ཡང་བྲལ། མཁྱེན་བརྩེ་ནུས་པའི་ཡོན་ཏན་གྱི་རྩལ་ཆེན་མ་ལུས་རྫོགས་པའི་ཕྱིར། འདི་ལས་གོང་དུ་བགྲོད་པའི་ཡུལ་མེད་པ་ཉིད་དོ། །དེ་ནས་ཆོས་ཉིད་ཟད་པའི་སྣང་བ་ཞེས་པའི་ཐ་སྙད་ནི། ཕྱིའི་སྣང་བ་ནང་གི་དབྱིངས་ལ་ཐིམ་པ་ཞེས་ཀྱང་བྱའོ། །གཟུགས་སྐུ་ཆོས་སྐུར་སྡུད་པས་སངས་རྒྱས་མྱ་ངན་ལས་འདས་པ་ཡང་ཟེར། བྱ་བྱེད་ཀྱི་སྤྲོས་མཚན་དང་བྲལ་ཕྱིར་འབྲས་བུ་བློ་ཟད་ཆོས་ཟད་ཅེས་ཀྱང་བྱ་བ་སྟེ། མདོར་ན་འདིའི་སྐབས་ཀྱི་དགོངས་པ་ལྟར་ན་ལྷུན་གྲུབ་ཉིད་ཀ་དག་གི་གཞི་ལ་ཐིམ་པ་ཡིན་ནོ། །འདི་དུས་རྟགས་ནི་ལུས་འདབ་ཆགས་སྙི་ལས་གྲོལ་བ་ཞེས་


TR008_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

གདོས་བཅས་ཀྱི་རྒྱ་དང་བྲལ། ངག་བྲག་ཅ་ལྟ་བུ་ཞེས། གདུལ་བྱ་གཞན་ངོར་ཆོས་སྒོ་སྣ་ཚོགས་སུ་གོ་ཡང་རང་ངོ་ལ་བརྗོད་གཞི་དང་བརྗོད་མཁན་མེད། སེམས་སྐྱེས་བུ་སྙིང་ལ་མདས་ཟིན་ན་སྐད་ཅིག་ལ་འཆི་བར་འགྱུར་བ་བཞིན། ལུས་ཉམས། དབང་པོ། རྟོག་ཚོགས་མཐའ་དག་ཟད་པས། སངས་མི་རྒྱ་བའི་དབང་མེད་པར་ཆོས་ཉིད་བསམ་བརྗོད་བྲལ་བའི་དབྱིངས་སུ་ཡལ་བ་སྟེ། འདི་དུས་ཐུན་མོང་གི་རྟགས་ཚད་ཡུལ་ལས་འདས་ཕྱིར་བརྗོད་དུ་མེད་དོ། །དེ་ལྟར་ཡང་སྒྲ་ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ཚིག་ལས་འདས། །གོང་དུ་འཕེལ་བའི་ཉམས་སྣང་གིས། །འཁྲུལ་པའི་སྣང་བ་ནུབ་པར་བྱེད། །རིག་པ་ཚད་ཕེབས་སྣང་བ་ཡིས། །སྐུ་གསུམ་རྟོགས་པའི་ རྟོགས་པའི་ལམ་སྣང་འདས་


TR008_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་སྣང་འདས། །ཆོས་ཉིད་ཟད་པའི་སྣང་བ་ཡིས། ཁམས་གསུམ་འཁོར་བའི་རྒྱུན་ཐག་ཆོད། ཅེས་གསུངས། དེ་ལྟ་བུའི་སྣང་བཞིའི་ཉམས་ལེན་གྱི་སྐབས་འདི་དག་ཏུ་མི་འགུལ་བ་གསུམ་ལ་གཞི་བཅས་ཏེ་ཉམས་སུ་བླངས་པས་སྣང་བཞིའི་ཡེ་ཤེས་གོང་འཕེལ་དུ་འཆར་ལ། དེ་ལྟར་ཤར་བཞིན་དུ་སྡོད་པ་གསུམ་ཡང་འབྱུང་སྟེ་གང་ཞེ་ན། ཕྱི་སྣང་བ་སྡོད་པས་སྣང་རྐྱེན་མཐའ་དག་ཞིང་ཁམས་སུ་ཤར། ནང་སྒྱུ་ལུས་སྡོད་པས་རྣམ་གཡེང་འཁྲུལ་པའི་བྱ་བ་བྲལ། གསང་བ་རླུང་རིག་སྡོད་པས་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཀློང་ལས་མི་འདའ་བའོ། །རིག་པ་ཚད་ཕེབས་ཀྱི་ཚེ་ཐོབ་པ་གསུམ་འབྱུང་སྟེ། རླུང་སེམས་ལ་རང་དབང་ཐོབ་པས། ཟད་པ་ཟིལ་གནོན་ཚར་གཅོད་ལྟ་སྟངས་སོགས་ཀྱི་གྲུབ་རྟགས་དང་གཞན་ཡང་ས་ལམ་གྱི་དྲོད་རྟགས་ཡོན་ཏན་


TR008_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་རྩལ་རྫོགས་པ་དང་། སྐྱེ་བ་ལ་རང་དབང་ཐོབ་པས་རང་ལུས་འོད་དུ་གྲོལ་ཞིང་གཞན་སྣང་དུ་འཕོ་བ་ཆེན་པོའི། སྐུ་ཞེས་སྣང་སྟོང་ཆུ་ཟླ་ལྟ་བུའི་སྐུ་གཟུགས་ཀྱིས་འགྲོ་བའི་དོན་ལ་འཁོར་བ་མ་སྟོང་བར་དུ་འདས་གྲོངས་མི་མངའ་བར་བཞུགས་པ་སྟེ་པད་འབྱུང་བི་མ་ལ་སོགས་དཔག་མེད་བྱོན་པ་རྣམས་དང་མཚུངས་ལ། འཇུག་པ་ལ་དབང་ཐོབ་པ་ཞེས་བྱ་བ་ནི། སྐུ་ལུས་དེས་འགྲོ་བ་འདུལ་བའི་རྟེན་འབྲེལ་གྱི་ཡུལ་མེད་པར་གཟིགས་ནས་སྔོན་གྱི་སྨོན་ལམ་ལས་འཕྲོ་མཐུན་པའི་འགྲོ་བ་སྟོང་ཕྲག་གསུམ་སོགས་རང་ཉིད་དང་ལྷན་ཅིག་ཚོམ་བུ་གཙོ་འཁོར་གྱི་ཚུལ་དུ་ཕུང་པོ་ལྷག་མེད་ཀ་དག་ཆོས་དབྱིངས་སུ་སངས་རྒྱས་ནས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཕྲིན་ལས་རྒྱུན་ཆད་མེད་པར་མཛད་པའོ། །གཞན་ཡང་སྣང་བ་བཞི་ཉམས་སུ་ལེན་པའི་


TR008_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་རྣམས་ལ། ཚད་རྨི་ལམ་གྱིས་འཛིན་ཅིང་རྟགས་ལུས་ངག་ལ་འཆར་བ་ཞེས་གསུངས་པའི་རྟགས་འདི་ནི་གོང་དུ་ཆོས་ཉིད་མངོན་སུམ་གྱི་དུས་ན་ལུས་རུས་སྦལ་མཁར་གཞོང་དུ་བཅུག་པ་ལྟ་བུ་སོགས་སྔར་བརྗོད་པ་རྣམས་ཡིན་ལ། རྨི་ལམ་གྱི་ཚད་ནི། བརྩོན་འགྲུས་དང་དབང་པོ་རབ་རྣམས་ཚེ་འདིར་གྲོལ་བའི་ཚད་དུ་རྨི་ལམ་དབྱིངས་སུ་ནུབ་སྟེ་འཁྲུལ་པ་རྒྱུན་ཆད་པས་ཉིན་མཚན་འོད་གསལ་ཁོར་ཡུག་ཏུ་འགྱུར་བ་དང་། འབྲིང་རྣམས་བར་དོར་གྲོལ་བའི་ཚད་ལ་རྨི་ལམ་ཉིང་འཁྲུལ་དུ་མི་འགྱུར་བར་ཅི་ལྟར་རྨིས་པ་ཀུན་རྨི་ལམ་དུ་ཤེས་ཤིང་ཟིན་པ་དང་། གང་ཟག་དབང་པོ་ཐ་མ་དག་རང་བཞིན་སྤྲུལ་པའི་ཞིང་ཁམས་སུ་དབུགས་དབྱུང་ནས་ལོ་ལྔ་བརྒྱ་ན་འཚང་རྒྱ་བར་འགྱུར་བའི་རིགས་ཅན་རྣམས་ལ་ནི་རྨི་ལམ་བཟང་པོ་ཤ་སྟག་རྨི་བ་སྟེ།


TR008_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་ཐུན་མོང་ཐེག་པར་ཡང་བྱང་ཆུབ་སེམས་དཔའ་ས་ཐོབ་པའི་རྟགས་ཡིན་པར་གསེར་འོད་དམ་པ་མདོ་སྡེ་པ་བཅུ་པ་སོགས་ནས་གསུངས་པའི་རྨི་ལམ་རྣམས་ཡིན་ཏེ། གསེར་གྱི་རི་ལ་འཛེགས་པ་དང་། ཉི་ཟླའི་སྟེང་དུ་སྡོད་པ་དང་། ལུས་ལས་འོད་ཟེར་འཕྲོ་བས་རིགས་དྲུག་རྣམས་ཀྱི་སྡུག་བསྔལ་བསལ་བ་སོགས་ཀྱི་རྨི་ལམ་ཁྱད་པར་ཅན་རྒྱུན་པར་རྨིས་ན། སྣང་བཞི་མཐར་ཕྱིན་གྱི་རྣལ་འབྱོར་དག་ལ་གྲོལ་ཚད་ཀྱི་གདིང་བཞི་ཡང་འབྱུང་བ་སྟེ། ཐོགས་བཅས་ཐོགས་མེད་སོགས་ཀྱི་འཇིགས་པའམ་དམྱལ་བ་ཚ་གྲང་གི་སྡུག་བསྔལ་སོགས་གང་ལ་ལན་རེ་ལན་གཉིས་ལ་ནི་ཐ་སྙད་མེད། འཇིགས་སྐྲག་དང་ཡ་ང་བག་ཚ་བྲལ་བས་ཉམས་ང་མེད་པའི་གདིང་དང་། རིགས་དྲུག་གི་སྐྱེ་གནས་དང་ཁམས་གསུམ་འཁོར་བར་འཁྱམས་སུ་དོགས་པ་མེད་པའི་གདིང་སྟེ་


TR008_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་མར་གྱི་གདིང་གཉིས་ཡར་སངས་རྒྱས་ཀྱི་ཡོན་ཏན་དང་ཞིང་ཁམས་ཀྱི་བདེ་སྐྱིད་སོགས་ལ་བྲོད་པ་མེད་པའི་གདིང་དང་། མྱང་འདས་ཀྱི་འབྲས་བུ་ཐོབ་པར་འདོད་པའི་རེ་བ་མི་དགོས་པའི་གདིང་སྟེ་ཡར་གྱི་གདིང་གཉིས་ཞེས་དེ་ལྟར་གདིང་བཞི་སོ་ཐོབ་པ་ནི་འཁོར་འདས་ཐམས་ཅད་རང་རིག་བློ་འདས་སུ་ཐག་ཆོད་པ་ལ་བརྟེན་ནས་བྱུང་ངོ་། །དེ་ལྟ་བུ་ཡང་དག་གི་དོན་མངོན་དུ་གྱུར་པ་དེའི་ཚེ། ཐུན་མོང་ཐེག་པ་ནས་གསུངས་པའི་ལམ་ལྔ་དང་། ཕྱི་རྒྱུའི་ཐེག་པའི་ས་བཅུ་དང་། ནང་འབྲས་བུ་ཐེག་པའི་ས་བཅུ་དྲུག་སོགས་རང་བཞིན་གྱི་ཤུགས་ལས་བགྲོད་ཅིང་རྫོགས་པ་སྟེ། དེ་ཡང་ལམ་ལྔ་ནི་ཐིག་ལེ་ཀུན་གསལ་ཆེན་པོའི་རྒྱུད་ལས། བསྒྲོད་མེད་ལམ་གཅིག་རྟོགས་པའི་ཐབས། །སྒྲ་མཐུན་དོན་འཕགས་ལམ་ལྔ་བཤད། །དམ་པའི་དྲུང་ན་གནས་


TR008_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིས། །བླ་མའི་བསྙེན་བཀུར་ཡོངས་རྫོགས་པ། །ཚོགས་ཀྱི་ལམ་ཞེས་དེ་ལ་བྱ། །བླ་མས་གདམས་པའི་དོན་བཤད་དེ། །གདམས་ངག་རྣམ་གཉིས་ཐུགས་ལས་འབྱོར། སྔོན་འགྲོ། སྦྱོར་བའི་ལམ་ཞེས་དེ་ཡིས་བསྟན། །ངོ་སྤྲོད་རྣམ་བཞིའི་སྒོ་ནས་སུ། ཁྲིགས་ཆོད་ཐོད་བརྒལ། །ཚེ་འདིར་ངེས་པའི་གདིངས་ཐོབ་པ། །མཐོང་བའི་ལམ་དུ་བཤད་པ་ཡིན། དཔེ་དོན་བརྡ་རྟགས་ །བསྒོམ་དུ་མེད་པའི་བསྒོམ་པ་དང་། །བསྒོམ་དུ་ཡོད་པའི་མེད་པ་གཉིས། །འདུ་འབྲལ་མེད་པའི་བརྟན་པ་ཞིག །བསྒོམ་པའི་ལམ་དུ་ང་ཡིས་བཤད། ཁྲིགས་ཆོད། ཐོད་རྒལ། །སངས་རྒྱས་དགོངས་པ་བདེན་ཞེན་བཞིར། །མི་གནས་ཚུལ་གྱིས་མཐར་ཕྱིན་པ། །མི་སློབ་ལམ་དུ་བསྟན་པ་ཡིན། །དཔེ་ན་འཁོར་འདས་ལམ་གསུམ་སོགས། །ཇི་ལྟར་


TR008_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བའི་ཆོས་རྣམས་ཀུན། །སེམས་ལས་བྱུང་ཞིང་སེམས་ལ་སྣང་། །དེ་མ་ཡིན་པའི་ཆོས་གཞན་མེད། །ཅེས་གསུངས་ལ་ས་བཅུའི་དོན་ཡང་། བདེན་པ་མཐོང་བའི་གང་ཟག་གཅིག་གིས་ས་ཐམས་ཅད་མྱུར་དུ་བགྲོད་པ་སྟེ། དེ་ཡང་ཁྲེགས་ཆོད་ཐོད་རྒལ་གྱི་ངོ་སྤྲོད་རྒྱུད་ལ་ཁེལ་ནས་མཆོག་ཏུ་དགའ་བ་སྐྱེས་པ་ནི་ས་དང་པོ་རབ་ཏུ་དགའ་བ། རང་སྣང་དུ་ངོ་ཤེས་པ་ནི་གཉིས་པ་དྲི་མ་མེད་པ། དེ་ཉིད་ལ་རིམ་གྱིས་གོམས་པ་ནི་གསུམ་པ་འོད་བྱེད་པ། ཆོས་ཉིད་མངོན་སུམ། དབྱིངས་རིག་གི་སྣང་བ་ཆེར་མཐོང་བ་ནི་བཞི་པ་འོད་འཕྲོ་བ། ཉམས་གོང་འཕེལ། དེའི་མཐུས་ཉོན་མོངས་པ་ཐམས་ཅད་རང་བཞིན་གྱིས་དག་པ་ནི་ལྔ་པ་སྦྱང་དཀའ་བ། ཐིག་ལེ་ལས་སྐུ་མཐོང་བ་ནི་དྲུག་པ་མངོན་དུ་གྱུར་པ། རིག་པ་ཚད་ཕེབས་ འཁོར་བ་དང་རྒྱབ་གྱེས་པས་བདུན་པ་


TR008_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

རིང་དུ་སོང་བ། རྣམ་པར་རྟོག་པ་མི་འབྱུང་བ་ནི་བརྒྱད་པ་མི་གཡོ་བ། སྣང་བཞི་དཀྱིལ་འཁོར་ཡོངས་སུ་རྫོགས་ཤིང་ཡེ་ཤེས་སྒྱུ་འཕྲུལ་ལ་དབང་ཐོབ་པ་ནི་དགུ་པ་ལེགས་པའི་བློ་གྲོས། ཡེ་ཤེས་ཀྱི་སྣང་བ་ལ་རང་གིས་ཤིས་པ་ཟིན་པས་ཆོས་ཐམས་ཅད་ལ་བྱན་ཚུད་ཅིང་ཞིང་ཁམས་རྒྱ་མཚོའི་སྤྲིན་ལ་དབང་བསྒྱུར་བས་ས་བཅུ་ཆོས་ཀྱི་སྤྲིན་ཐོབ་པ་སྟེ། དེ་ལྟར་ས་བཅུ་པོ་རྣམས་རྒྱུའི་ཐེག་པའི་བྱང་སེམས་དང་མི་མཐུན་ལ་དོན་ཁྱད་པར་འཕགས་ཚུལ་ནི། བྱང་སེམས། ཆོས་ཉིད་ཟད་པ་ ས་ལ་བཞུགས་ཤིང་གནས་པ་དེ་དག་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སོགས་པ་ཚོགས་གཉིས་ཀྱི་ལམ་སྒྲུབ་པ་ཐམས་ཅད་རྩོལ་བཅས་དཀའ་བ་སྣ་ཚོགས་ཀྱི་སྒོ་ནས་འབད་དགོས་ཤིང་། དེ་ལས་གྲུབ་པའི་རྫུ་འཕྲུལ་ཞིང་ཁམས་སོགས་ཀྱང་ཡུལ་སེམས་ཐ་དད་


TR008_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཛིན་པ་ལ། འདིར་ནི་མྱུར་ལམ་གྱི་ཐབས་བསྐལ་པ་གྲངས་མེད་གསུམ་སོགས་ཟབ་མོས་དཀའ་བ་མེད་པར་ལོ་ཟླ་ཙམ་གྱིས་འགྲུབ་པའི་སྐུ་དང་ཞིང་ཁམས་ཡོན་ཏན་གྱི་སྣང་བ་མཐའ་དག་རང་རིག་ཐིག་ལེ་ཉག་གཅིག་ཏུ་ངོ་ཤེས་ཤིང་ཐག་ཆོད་པས། ལས་དང་ཉོན་མོངས་ཤེས་བྱའི་སྒྲིབ་པ་དང་བཅས་པ་ཡང་སྤང་གཉེན་སོ་སོར་འཛིན་བློ་མི་དགོས་པར་རང་སངས་རང་དག་གི་གནད་ཀྱི་ལམ་དུ་མངོན་གྱུར་ཁྱད་པར་དུ་འཕགས་པ་ཉིད་དོ། །ནང་གི་ས་བཅུ་དྲུག་ཀྱང་གསང་སྔགས་སྤྱི་ལྟར་དགའ་བཞི་འགྲོས་ཐིམ་སོགས་ཉོན་མོངས་གནས་འགྱུར་གྱི་ལམ་ལ་མི་ལྟོས་ཏེ། འདིར་འོད་གསལ་རྣམ་པ་བཞིའི་ངོ་བོར་གྲོལ་ཚུལ་ནི། ཆོས་ཉིད་མངོན་སུམ་གྱི་སྣང་བ་མཆེད་པ་ཡིན། ཉེ་བར་མཆེད་པ་མིག་གི་དེ་ཁོ་ན་ཉིད། ཐོབ་པ་ནི་ལུ་གུ་རྒྱུད་མཐོང་བ་


TR008_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་ཐོབ་པ་ནི་དེ་ལ་ངེས་པ་བརྙེས་པའོ། །གོང་འཕེལ་གྱི་སྣང་བ་མཆེད་པ་ནི་འོད། ཉེར་མཆེད་ཐིག་ལེ། ཐོབ་པ་ནི་ཡེ་ཤེས་ལྔའི་ཁ་དོག །ཉེར་ཐོབ་ནི་དབྱིབས་སྣ་ཚོགས་སུ་འཆར་བའི་སྣང་བའོ། །ཚད་ཕེབས་ཀྱི་སྣང་བ་མཆེད་པ་སྐུ་རྐྱང་། ཉེར་མཆེད་ཡབ་ཡུམ་ཟུང་འབྲེལ། ཐོབ་པ་ནི་ཚོམ་བུར་གསལ་བ། ཉེར་ཐོབ་ནི་དཀྱིལ་འཁོར་ཡོངས་རྫོགས་ལྷུན་གྲུབ་རིན་པོ་ཆེའི་སྣང་བའོ། ཆོས་ཉིད་ཟད་པའི་སྣང་བ་མཆེད་པ་ནི་གཟུང་འཛིན་པ་ཟད་པ་ཉེར་མཆེད་སྟོང་ཉིད་ཀ་དག །ཐོབ་པ་བརྗོད་དུ་མེད་པའི་དོན། ཉེ་བར་ཐོབ་པ་ནི་བལྟར་མེད་ཅིང་གང་དུའང་གྲུབ་པ་མེད་པའི་ཆོས་ཉིད་གྱི་དོན་མཐར་ཕྱིན་པ་སྟེ། འདི་ལྟར་འདི་དག་ལ་སྣང་བའི་ས་བཅུ་དྲུག་ཅེས་རྫོགས་ཆེན་གྱི་ཐུན་མོང་མ་ཡིན་


TR008_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བཞེད་དོན་ཡིན་ལ། རྒྱུའི་ཐེག་པའི་ས་བཅུ་མཐར་ཕྱིན་ཆོས་ཀུན་གཞིའི་བག་ཆགས་ཀྱི་ལྷག་མ་ཤེས་སྒྲིབ་ངོ་མ་ཤེས་ཀྱི་དྲི་མ་རང་དག་ཚེ་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་འོད་ཟེར་ཆེན་པོའི་དབང་བསྐུར་ནས་འཚང་རྒྱ་བར་བཤད་པ་དང་། གསང་སྔགས་རྣམས་ནས་འོག་མིན་དུ་ལྷན་སྐྱེས་ཡེ་ཤེས་ཀྱི་ཡུལ་ལ་བརྟེན་ནས་བཅུ་གཅིག་ཀུན་ཏུ་འོད་དང་བཅུ་གཉིས་མ་ཆགས། པདྨ་སྟེ་ནང་གི་ས་གཉིས་པོ་བགྲོད་དེ་བཅུ་གསུམ་རྡོ་རྗེ་འཛིན་པ་སངས་རྒྱས་ཀྱི་འབྲས་བུ་མངོན་དུ་མཛད་པར་གསུངས་པ་སོགས་ཀྱང་། འདིར་རིག་པ་ཚད་ཕེབས་རྩལ་རྫོགས་པ་དང་རང་སྣང་དོན་གྱི་འོག་མིན་ཞིང་ཁམས་རྒྱ་ཆད་ཕྱོགས་ལྷུང་མེད་པར། དོན་དམ་དུ་སངས་རྒྱས་པའི་རྒྱུ་རྐྱེན་རང་བྱུང་ལྷུན་གྲུབ་ཡིན་པ་སོགས་ཁྱད་ཆོས་དུ་མས་འཕགས་ཚུལ་རྣམས་འདིར་ཡི་གེས་འཇིགས་


TR008_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འབྲི་བར་མ་ནུས་པས་ཞིབ་པར་འདོད་ན་རྒྱུད་བཅུ་བདུན་གཞུང་འགྲེལ་དང་། བསྟན་བཅོས་རིན་པོ་ཆེ་མཛོད་བདུན་སྐོར་སོགས་སུ་བལྟ་བར་བྱའོ། །དེ་དག་གིས་དབང་པོ་རབ་ཚེ་འདིར་གྲོལ་ཚུལ་རྣམས་བསྟན་པ་ཡིན་ལ། འབྲིང་བར་དོར་གྲོལ་ཚུལ་དང་། ཐ་མ་རང་བཞིན་སྤྲུལ་པའི་ཞིང་དུ་དབུགས་དབྱུང་བ་དང་། ཡང་ཐ་འདིའི་སྒོ་མཐོང་ཞིང་མོས་པ་མ་ལོག་པ་ཙམ་ཡང་སྐྱེ་བ་ཕྱི་མར་འདི་དང་འཕྲད་ནས་གྲོལ་ཚུལ་རྣམས་ནི་ཁྲིད་གཞུང་སོ་སོར་ཞིབ་རྒྱས་འབྱུང་བ་དང་། བདག་གིས་བྱས་པའི་བར་དོའི་སྤྱི་དོན་ནང་དུ་བསྟན་ཡོད་པས་དེ་དག་ཏུ་ཤེས་པར་བྱ་ཞིང་འགག་དོན་ནི། ད་ལྟ་ཚེ་འདིའི་བྱ་བ་ལིངས་ཀྱིས་བཏང་ནས་ཁྲེགས་ཆོད་ཐོད་རྒལ་གྱི་ཉམས་ལེན་ལ་འབད་འབུངས་བརྟེན་ཅིང་དམ་ཚིག་གི་སེལ་མེད་ན་ནི་གདམས་


TR008_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཟབ་གནད་ཀྱི་མཐུས་ཚེ་འདིར་མི་གྲོལ་བའི་ཐབས་མེད་ལ། དེ་ལྟ་བུའི་ཉམས་ལེན་ལ་མི་བརྩོན་པར་ཐོས་ལོ་དང་སྒོམ་ལོ་ཙམ་བྱེད་པ་དང་། ང་རྒྱལ་ཁེངས་སེམས་ཀྱིས་ནང་བརྒྱངས་ནས་སྟོང་སྐད་ཀྱི་ཁ་བཤད་འབྲུག་ལྟར་ལྡིར་ཡང་རང་རྒྱུད་ལ་ཆོས་ཀྱི་དྲི་ཙམ་ཡང་མ་གོས་པའི་གང་ཟག་རྣམས་ལ་ནི། གྲོལ་གྲོལ་དང་ཐོབ་ཐོབ་ཀྱི་མིང་སྙན་འབུམ་ཕྲག་བཤད་རུང་འགྲོ་ས་འཁོར་བ་ངན་སོང་ལས་མི་འབྱུང་ཚེ། ཡིག་ཚོགས་མང་པོས་དགོས་པ་མེད་པར་སེམས་སོ། །དེ་ལྟར་འདི་མན་ཆད་ཀྱི་ལྟ་སྒོམ་ས་ལམ་རྟགས་ཚད་ཀྱི་ངེས་པ་མདོ་ཙམ་བསྟན་ནས། ད་ནས་བར་སྐབས་འདིར་ཆོས་སྤྱི་དང་བསྟན་ན། ལམ་ཁྱེར་གྱི་གྲོགས་སུ་སྦྱོར་བའི་རྣམ་གུངས་དང་སྦྱོར་ཚུལ་སོགས་བོགས་འདོན་དགོས་ཆེད་སོགས་འཆད་པར་རིགས་ཀྱང་། རྫོགས་པ་ཆེན་པོ་བྱ་


TR008_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

རྩོལ་དང་བྲལ་བའི་དགོངས་པ་མངོན་དུ་མ་གྱུར་ན་དགོས་དོན་གྲུབ་པར་དཀའ་མོད་ཀྱི། འོན་ཀྱང་ས་བོན་ཙམ་ཞིག་བརྗོད་ན་དེ་ཡང་ཉི་ཟླ་ཁ་སྦྱོར་གྱི་རྒྱུད་སོགས་ནས་སྤྱོད་པའི་རྣམ་གྲངས་ཉེར་གཅིག་གསུངས་པའི་ནང་ནས་འདིར་གལ་ཆེན་གྱི་མདོ་དོན་བདུན་དུ་བསྡུས་ཏེ་གང་ཞེ་ན། ལས་དང་པོ་པས་ཆོས་ཀྱི་སྒོ་མོ་ཀུན་ནས་བསྟུན་པ་བུང་བ་ལྟ་བུའི་སྤྱོད་པས་ཐོས་བསམ་སྒོམ་གསུམ་གྱི་མཐའ་རྒྱ་བཅད། ༡ ཐི་བྱ་ཚང་འཇུག་གི་སྤྱོད་པས་གདམས་ངག་གི་སྒྲོ་འདོགས་ཆོད་ཅིང་ཐེ་ཚོམ་གེགས་སྐྱོན་གྱི་གོལ་ས་མི་འབྱུང་བར་བྱ། ༢ དེ་ནས་ཉམས་ལེན་དངོས་ཀྱི་དུས་སུ་རི་དྭགས་སྨས་མ་ལྟ་བུའི་སྤྱོད་པས་འཇིག་རྟེན་རྣམ་གཡེང་གི་འཁྲི་བ་མེད་པར་མི་མེད་རི་ཁྲོད་འགྲིམ། ༣ དེའི་གྲོགས་སུ་ལྐུགས་པ་ལྟ་བུའི་སྤྱོད་པས་སྨྲ་བཅད་ལ།


TR008_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཚེ་དྲིལ་ཞིང་བཟང་ངན་གྱི་རྗེས་སུ་མི་འབྲང་། ༤ སྨྱོན་པ་ལྟ་བུའི་སྤྱོད་པ་དགྲ་གཉེན་ཆགས་སྡང་བར་མ་གསུམ་གྱི་དགག་སྒྲུབ་ཞེན་འཁྲིས་བསྐྱུང་། ༥ ཁྱི་ཕག་ལྟ་བུའི་སྤྱོད་པས་ཟས་གོས་གནས་མལ་སོགས་ལ་གཙང་རྨེའི་རྣམ་རྟོག་མེད་པར་གང་བྱུང་གིས་ཆོག་ཤེས་ཤིང་ཅིར་སྣང་གྲོགས་སུ་ཁྱེར། ༦ གཅན་གཟན་གྱི་རྒྱལ་པོ་སེང་གེ་ལྟ་བུའི་སྤྱོད་པས་སྣང་རྐྱེན་ལ་ཉམས་ང་མེད་ཅིང་རེ་དོགས་ཀྱི་འཆིང་བ་མཐའ་དག་བཙན་ཆེད་དུ་བཏང་ཞིང་འབྲས་བུ་མངོན་དུ་མ་གྱུར་གྱི་བར་ལ་གཞན་རྐྱེན་གྱི་དབང་དུ་མི་འཆེར་་བར་ཉམས་ལེན་ཚ་ཐུབ་གྲང་ཐུབ་ཤ་ཆོད་རུས་ཆོད་དུ་བྱ་བ་སྟེ། ༧ དེ་ལྟར་སྤྱོད་པའི་རྣམ་གྲངས་བདུན་པོ་འདིར་ཐམས་ཅད་འདུ་བས། ཧྲིལ་གྱིས་དྲིལ་ན་ཐོག་མར་འདིའི་སྒོར་ཞུགས་ནས་མཐར་ཐུག་བློ་ཟད་དུ་མ་གྱུར་གྱི་


TR008_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

བར་དེ་སྲིད་དུ་ཐུན་མོང་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་གཞི་བཟུང་། མོས་གུས་དག་སྣང་དམ་ཚིག་གསུམ་གྱིས་རྐང་བཙུག །ཞེན་ལོག་དགོས་མེད་བརྩོན་འགྲུས་གསུམ་གྱིས་ངར་བཏགས། ཉམས་ལེན་གྱི་སྙིང་པོ་ཁྲེགས་ཆོད་ཐོད་རྒལ་ཟུང་འཇུག་ཉིད་ལ་རྩེ་གཅིག་ཏུ་འབུངས་ནུས་པའི་རྣལ་འབྱོར་ཕོ་མོ་གང་ཞིག་གིས་འཁོར་བ་དང་གཏན་གྱེས་བྱེད། སྒྲུབ་བརྒྱུད་ཀྱི་རྐང་ཚུགས་ཟིན། གདམས་ངག་གི་ལྡེ་མིག་ཐོབ། ཉམས་ལེན་གྱི་རུ་ཤན་ཕྱེད་དེ་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་རིག་ཀ་དག་ཡེ་རྫོགས་ཆེན་པོའི་ཀློང་དུ་ཐིམ་པས་སངས་རྒྱས་ཉིན་ཁུངས་སུ་གྱུར་པའི་སྐལ་ལྡན་དེ་ལྟ་བུ་རྣམས་ལ་ནི་སྣང་སྲིད་བླ་མར་ཤར་བས་བྱིན་རླབས་ཀྱི་མཚོ་རྡོལ། སྣང་ཡུལ་ཞིང་ཁམས་འཆར་བས་རྐྱེན་ངན་བར་ཆད་ཀྱི་ཁུངས་སྟོངས་


TR008_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཕུང་འོད་སྐུར་གྲོལ་བས་ན་ཚ་རྐྱེན་ངན་གྱི་རྩ་བ་ཟད། སེམས་ཉིད་ཀ་དག་ཏུ་ཐིམ་པས་ལྟ་སྒོམ་སྤྱོད་འབྲས་ཀྱི་རྫུན་ཁྲིགས་ཡལ། སྐུ་གསུམ་རང་ལས་བརྙེས་པས་སངས་རྒྱས་ཐོབ་བྱ་ཐོབ་བྱེད་ཀྱི་ལྟོས་གཞི་ཟད་པའི་དུས་ཤིག་མྱུར་དུ་འབྱུང་བ་ལ་དཀའ་ལས་མེད་པའོ། །རྩོད་ལྡན་སྙིགས་མའི་ཆོས་གཟུགས་འཁོར་བའི་ཞེན་ཆགས་ཀྱི་རྩིས་ཐེབས། ང་རྒྱལ་ཁེངས་སེམས་ཀྱི་སྐྲན་ཞུགས་ལོ་འདོད་ཆོས་བརྒྱད་ཀྱི་གདོན་གྱིས་བརླམས་ཏེ། ཉིན་གཅིག་གི་ཉམས་ལེན་སྙིང་རུས་ཀྱང་མ་ནུས་པར་གཉིད་དང་ལྟོ་གོས་རྣམ་གཡེང་ཁོ་ན་ལ་འབྱམས་པའི་ངང་ནས་གྲུབ་རྟགས་ཤ་མོ་བརྡོལ་བ་བཞིན་ཡོད་དུ་རེ་བའི་སྒོམ་ཆེན་པ་མང་ལུགས་ལ་བལྟས་ན་ས་ལམ་ཉམས་རྟོགས་ཡོན་ཏན་གྱི་རིགས་ཀྱང་ནམ་མཇུག་ཟད་པའི་ཆར་པ་ལྟར་རེ་བ་བྱས་ཀྱང་དཀོན་དུ་


TR008_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བར་གདའ་བར་དཔྱོད་ལྡན་རྣམས་ཀྱིས་གཟིགས་ལགས་སོ། །ཇི་སྐད་དུ་སྡོང་པོ་བཀོད་པའི་མདོ་ལས། ཇི་ལྟར་འགྲོ་བ་མང་པོ་ལ། །ཟས་དང་སྐོམ་དག་སྦྱིན་བྱེད་ཀྱང་། །རང་ཉིད་བཀྲེས་པས་ཤི་བ་ལས། །ཆོས་ལ་མ་བསྒོམ་དེ་དང་འདྲ། ཞེས་དང་། ཇི་ལྟར་ཡོངས་སུ་མ་བསྒོམ་པས། །ཆོས་ཉིད་མཐོང་བར་མི་འབྱུང་སྟེ། །ཆུ་ནི་མཐོང་དང་ཐོས་ན་ཡང་། །མ་འཐུངས་སྐོམ་པ་ག་ལ་སེལ། ཞེས་པ་ལྟར་ཉམས་ལེན་ཁོ་ན་གལ་ཆེ་ཞིང་། །ཆོས་གཞན་ལྟར་ན་གེགས་སེལ་དང་། །ཤོར་གོལ། དབྱེ་བ་སོགས་ཞིབ་ཏུ་དགོས་ནའང་། ཁྲེགས་ཆོད་གནས་ལུགས་ཀྱི་ནོར་ས་དང་ཤོར་གོལ་གྱི་དབྱེ་བ་ནི་བདག་གིས་ཕྱག་ཆེན་ཟིན་བྲིས་སུ་བསྟན་པ་དེས་རྟོགས་པར་འགྱུར་ལ། ཁྲེགས་ཆོད་ཀྱི་གནད་དོན་ཚུལ་


TR008_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མ་ཤེས་པ་ནི་ཐོད་རྒལ་ལ་འཇུག་ཏུ་མི་རུང་ཞིང་ཞུགས་ཀྱང་དོན་མེད་ལ། ཁྲེགས་ཆོད་གནད་ཐོག་ཏུ་ཁེལ་ན་ཐོད་རྒལ་ལ་ནི་གེགས་རྐྱེན་ཤོར་གོལ་ཀྱི་ཡུལ་ལས་འདས་ཕྱིར་སྨོས་མ་དགོས་ཤིང་། ཐུན་མོང་མིག་གི་གེགས་སེལ་སྨན་གྱི་མན་ངག་སོགས་ནི་གཞུང་རྣམས་སུ་རྒྱས་པར་འབྱུང་བས་འདིར་མ་བསྟན་ཏོ། །དེ་ནས་མཐར་ཐུག་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་འགྲུབ་ཚུལ་བཤད་ཅིང་མཇུག་བསྡུ་བ་ལ། དེ་ཡང་ཉམས་ལེན་གྱི་སྒོམ་པ་མཐར་ཕྱིན་པ། གློ་བུར་མ་རིག་ལྷན་སྐྱེས་ཀྱི་དྲི་མ་རགས་པ་དང་ཕྲ་བ་རབ་ཏུ་ཕྲ་བ་རྣམས་རིམ་གྱིས་ཟད་ཅིང་། དྲི་མ་ཇི་ལྟར་སངས་པ་བཞིན་དུ་རང་རིག་ཡེ་ཤེས་ཀྱི་མཁྱེན་པ་གོང་འཕེལ་དུ་རྒྱས་པར་འགྱུར་བ་ནི་ཆོས་ཉིད་ཡིན་ཏེ། དཔེར་ན་ཆུ་བུར་གྱི་མིག་ལོགས་པར་གྱུར་པའི་


TR008_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

དམུས་ལོང་ཞིག་སྨན་པ་མཁས་པས་སྨན་དང་དཔྱད་དག་གིས་སྒྲིབ་བྱེད་བསལ་ཞིང་མིག་ཕྱེ་བའི་ཚེ་དང་པོ་སྒྲིབ་བྱེད་ཅུང་ཟད་བསལ་བས་ཕྱི་རོལ་གྱི་དངོས་པོ་ཕྲ་ཞིབ་མི་མཐོང་ཡང་རགས་པ་ཙམ་མཐོང་བར་འགྱུར་བ་དང་། དེ་ནས་སྒྲིབ་བྱེད་རིམ་པར་བསལ་བས་མཐར་ཐམས་ཅད་ཇི་ལྟ་བ་མཐོང་བར་འགྱུར་མོད་ཀྱི། མིག་གི་སྔར་ནས་རང་ཉིད་ལ་ཡོད་པ་ལས་ཕྱི་རོལ་གཞན་ནས་གསར་བྱུང་མ་ཡིན་པའི་དཔེ་དེ་བཞིན་དུ། འདིར་ཡང་བདེ་བར་གཤེགས་པའི་སྙིང་པོའི་ཁམས་གདོད་ནས་ཀ་དག་གི་ཡེ་ཤེས་ཉིད་གློ་བུར་གྱི་དྲི་མས་བསྒྲིབས་པ་ལོང་བ་ལྟ་བུ་ལ། སྨན་པ་ལྟ་བུའི་བླ་མས་གདམས་ངག་སྨན་དཔྱད་ལྟ་བུས་རང་ལ་ཡོད་པའི་སྐུ་དང་ཡེ་ཤེས་མིག་ལྟ་བུ་སྣང་བར་མཛད་ཅིང་དེ་དོན་མངོན་དུ་གྱུར་པ་ལ་འབྲས་བུ་


TR008_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པ་ཞེས་པའི་མིང་དང་ཐ་སྙད་ཙམ་དུ་བཏགས་པར་ཟད་ཀྱིས། སྐུ་གསུམ་དང་ཡེ་ཤེས་སོགས་གཞན་ནས་གསར་བྱུང་ནི་མ་ཡིན་ཅིང་། འོན་ཀྱང་གློ་བུར་གྱི་དྲི་མ་སྔར་བྱུང་རྣམས་སྤངས་ཤིང་། སླར་མི་འབྱུང་བའི་ཐབས་སུ་ཉམས་ལེན་དགོས་ཚུལ་ནི་གོང་དུ་ལས་རྣམ་པར་དག་པའི་མདོའི་ལུང་དྲངས་པ་དེས་ཤེས་པར་འགྱུར་ལ། གྲོལ་བའི་དུས་ནི་རབ་ཚེ་འདིར་ཕུང་པོ་ལྷག་མེད་དབྱིངས་སུ་ཐིམ་པ་ནི་ཕྱག་རྫོགས་སྤྱི་མཐུན་གྱི་གྲོལ་ལུགས་ཡིན་ཏེ། དེ་ཡང་རིན་ཆེན་སྤུངས་པའི་རྒྱུད་ལས། འདི་ཉིད་རང་གི་བློར་གོ་བས། །མི་སྣང་རྟོག་པ་མེད་པ་ཡིས། །སྣང་བ་ཐམས་ཅད་རང་དག་ནས། །ཐམས་ཅད་ཟང་མ་ཐལ་བྱུང་དུ། །སྟོང་གསལ་ཆེན་པོའི་རིགས་སུ་འགྱུར། །ས་ཆུ་མེ་རླུང་འབྱུང་བ་བཞི། །སོ་སོའི་ནུས་པ་མི་སྣང་བར། །ན་བུན་བཞིན་དུ་མཁའ་ལ་དེངས། །


TR008_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་པའི་ཞེན་པ་སྣ་ཚོགས་ཞིག །ཇི་ལྟར་བསམས་ཀྱང་སྐྱེ་མེད་པར། །གཟུང་འཛིན་ཆ་རྣམས་རང་འགག་ནས། །གང་གི་སྣང་བ་རང་ཟད་དེ། །གསལ་བྱེད་རང་གི་ཉམས་མྱོང་བར། །ལུས་ཅན་ཀུན་ཀྱང་དེ་བཞིན་ནོ། །ཞེས་སོགས་གསུངས་ལ། ཐོད་རྒལ་བས་ནི་ཕྱི་འཁྲུལ་པའི་སྣང་ཡུལ་གདོས་བཅས་མཐའ་དག་འགག་ནས། ནང་ཡེ་ཤེས་ཀྱི་ཞིང་ཁམས་དངོས་ལ་རང་དབང་གྱུར་པའི་ཁྱད་པར་དང་། སྐྱེ་འཇུག་གཉིས་ལ་དབང་ཐོབ་ཅིང་འཕོ་བ་ཆེན་པོའི་སྐུ་སྒྱུ་མ་ཆུ་ཟླ་ལྟ་བུས་འགྲོ་བའི་དོན་ནམ་མཁའི་མཐས་གཏུགས་སུ་མཛད་པ་དང་། དབང་པོ་འབྲིང་རྣམས་ཀྱང་བར་དོ་གང་རུང་ལ་གྲོལ་བ་དེའི་རྟགས་སུ་སྐུ་གདུང་རིང་བསྲེལ་ཡིག་འབྲུ་སྒྲ་དང་ས་གཡོ་འཇའ་འོད་མེ་ཏོག་གི་ཆར་སོགས་ཀྱིས་གདུལ་བྱ་དད་པར་བྱེད་པ་དང་། ཐ་མས་ཀྱང་


TR008_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་པདྨ་ལས་འཁྲུངས་ཏེ་དབང་བསྐུར་ལུང་བསྟན་ཐོབ། ས་ལམ་གྱི་ལྷག་མ་བགྲོད་ནས་སངས་རྒྱས་པ་སྟེ། དེ་རྣམས་གང་ལྟར་ཡང་རུང་སྟེ་གློ་བུར་གྱི་ལས་ཉོན་བག་ཆགས་ཤེས་བྱའི་སྒྲིབ་པ་ཐམས་ཅད་རང་དག་པས་བློ་དང་བག་ཆགས་ཀྱི་མཐའ་ཟབ་ཅིང་ཕྲ་བ་མཐའ་དག་མི་གནས་པས། རྣམ་པར་རྟོག་པའི་མཐའ་ཟད་དེ་རང་བཞིན་སྟོང་གསལ་བདེ་བ་ཆེན་པོའི་ངང་དུ་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པར་རྟག་པ་རྒྱུན་གྱི་འཁོར་ལོར་བཞུགས་པ་ལ་སངས་རྒྱས་ཆོས་ཀྱི་སྐུ་ཞེས་བྱ། ཞིང་དེ་ཉིད་ཞལ་ཕྱག་གི་སྐུར་བཞུགས་སོགས་ལ་མདོ་རྒྱུད་རྣམས་ནས་གང་འདུལ་གྱི་གསུང་ཚུལ་སྣ་ཚོགས་བྱུང་བའི་ལུང་ཕྱོགས་རེ་བ་ལ་ཞེན་ཏེ་བསྟན་བཅོས་ཐ་དད་པ་མང་པོ་དར་ཞིང་རྩོད་གཞི་དུ་མི་བྱེད་པར་གདའ་ཡང་། རང་ཉིད་གོ་ཚོད་ལ་ནི་དེ་ལྟ་བུ་མཐའ་


TR008_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་གྲུབ་མ་གྲུབ་དང་ཡོད་མེད་སོགས་རྩོད་པས་ནི་ཆོས་ཀྱི་སྐུའི་གནས་ཚུལ་རྟོགས་པར་མི་འགྱུར་ཏེ། ཆོས་སྐུ་ནི་བསམ་བརྗོད་ཀྱི་ཡུལ་མིན་ཅིང་རྟག་ཆད་ཀྱི་མཐའ་ལ་མི་གནས་པའི་ཕྱིར། འཛིན་རྟོག་བློའི་དགག་སྒྲུབ་བསྐལ་པ་བརྒྱར་འབད་ཀྱང་ཆོས་སྐུའི་རང་ཞལ་མི་མཐོང་མོད་ཀྱི། ཀ་དག་དོན་གྱི་གནས་ལུགས་ཇི་བཞིན་མངོན་དུ་ནམ་གྱུར་ཚེ། ཐ་སྙད་ཀྱི་རྩོད་གཞི་བྱ་མི་དགོས་པར་ཆོས་སྐུ་རང་མལ་རྙེད་པར་འགྱུར་བ་དེ་ཀས་ཆོག་པར་སེམས་སོ། །དེ་ལྟ་བུའི་ཆོས་སྐུ་སྤྲོས་དང་བྲལ་བའི་རང་མདངས་ལས་ལྷུན་གྲུབ་ལོངས་སྤྱོད་རྫོགས་པ་མཚན་དང་དཔེ་བྱད་ཀྱི་ཕུང་པོ་ཡེ་ཤེས་ལྔ་ལྡན་གྱི་དཀྱིལ་འཁོར་དུ་རང་ཤར་བས་ས་བཅུའི་བྱང་སེམས་རིག་འཛིན་རྣམས་ཀྱི་དོན་རྩོལ་མེད་དུ་མཛད་པ་སྟེ། དེ་དག་སྐུ་གཉིས་


TR008_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་འཇུག་གི་རྩལ་སྣང་འགག་མེད་ཀྱི་ནུས་པ་དང་། ལམ་དུས་སུ་སེམས་བསྐྱེད་སྨོན་ལམ་གྱི་ས་བོན་ལས་སྨིན་པ་འབྲས་བུས་གང་ལ་གང་འདུལ་ཐུགས་རྗེའི་སྤྲུལ་སྐུ་བསམ་ལས་འདས་པ་སྣ་ཚོགས་པར་གདུལ་བྱའི་ཡུལ་དང་མཚམས་པར་བཀོད་པ་གྲངས་མེད་གཞལ་དུ་མེད་པ་སྣང་ཞིང་། ངོ་བོ་ལ་ནི་བྱ་བྱེད་བློ་རྟོག་བདག་གཞན་ཐ་དད་དུ་འཛིན་པའི་རྩོལ་སེམས་མི་མངའ་ཡང་སྨོན་ལམ་ཐུགས་རྗེའི་མཐུ་ལས་ཡིད་བཞིན་ནོར་བུའམ་དཔག་བསམ་གྱི་ཤིང་ལྟར་འགྲོ་བའི་རེ་འདོད་ཚུལ་བཞིན་དུ་སྐོང་བ་ནི་རྒྱལ་བ་རྣམས་ཀྱི་ཡོན་ཏན་ཕྲིན་ལས་ཀྱི་ངང་ཚུལ་ཡིན་ལ། དེ་ལྟར་སྐུ་གསུམ་པོ་དང་གཞན་ཡང་སྐུ་བཞིའམ་ལྔ་དང་སྐུ་གསུམ་དགུ་ཕྲུགས་སོགས་ཀྱི་དབྱེ་བ་ཐམས་ཅད་ཀྱང་དོན་ལ་ཆོས་སྐུ་གཟུགས་སྐུ་གཉིས་སུ་འདུས་ཤིང་། དེ་གཉིས་པོ་ཡང་དོན་དེའི་སར་ཆོས་སྐུར་རོ་གཅིག་


TR008_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། དེ་དག་དཔེའི་དབང་དུ་ན་མེ་ལོང་དང་གཟུགས་བརྙན་ནམ་ནམ་མཁའ་དང་འཇའ་ཚོན་ལྟ་བུ། དོན་གྱི་དབང་དུ་སྐུ་དང་ཡེ་ཤེས། ཆོས་ཅན་དང་ཆོས་ཉིད། གསལ་བ་དང་སྟོང་པ། ངོ་བོ་དང་སྣང་ཚུལ། དབྱིངས་དང་ཡེ་ཤེས་ཀྱི་ཚུལ་དུ་མཉམ་རྫོགས་ལྷུན་གྲུབ་ཐིག་ལེ་ཆེན་པོར་དུས་བཞི་འཕོ་འགྱུར་མེད་པར་བཞུགས་པ་ནི་སྐུ་དང་ཡེ་ཤེས་དབྱེར་མེད་པ་ཞེས་བྱ་བ་སྟེ། འདི་དག་གི་ཚུལ་རྒྱས་པར་ནི་གཞུང་ཆེན་པོ་ཐམས་ཅད་ལ་རྒྱ་ཆེར་འབྱུང་ཕྱིར་འདིར་ནི་མདོ་ཙམ་དུ་བསྡུས་ཏེ་བསྟན་པའོ། །དེ་ལྟར་རྒྱལ་བའི་བཀའ་གསང་རྒྱ་ཆེ་བའི། །སྙིང་པོའི་ཡང་སྙིང་བཅུད་ཀྱི་མཐར་ཐུག་ནི། །རྨད་བྱུང་རྫོགས་པ་ཆེ་ལས་ལྷག་པ་གང་། །སྟོང་གསུམ་བྱེ་བ་ཕྲག་བརྒྱར་ཡོངས་མ་མཆིས། །ལུས་མེད་བདག་པོའི་མཐུ་


TR008_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་བརླབས་པ། །ཞུགས་པ་ལྷས་བཙས་དཔལ་འཛིན་སོགས་དུ་མས། །འབད་པ་ཆེན་པོས་བཀག་ཀྱང་བོད་ཡུལ་དུ། །འོད་ལུས་གྲུབ་པ་གྲངས་མེད་བྱོན་སུས་ཁེགས། །དེང་སང་བསྟན་ཉི་ནུབ་རིར་ཕྱོགས་དུས་འདིར། །ཐ་སྙད་གཞུང་ལུགས་ཚིག་སྐམ་འབུམ་སྦྱངས་ཡང་། །བློ་རེངས་མར་སྐོགས་སྣུམ་གྱིས་ཐུལ་མིན་ཚེ། །ཐོས་པས་རྒྱགས་རྣམས་ཕྱོགས་འདིར་ག་ལ་གཟིགས། །སྔ་འགྱུར་བསྟན་པའི་གྲུ་བོར་བཞུགས་རྣམས་ཀྱང་། །ངེས་འབྱུང་བ་དན་མཁའ་ལ་མི་འཕྱར་ཞིང་། །ཞེན་ལོག་གྲུ་སྐྱ་དྲག་པོར་མི་བསྒྱུར་བར། །རིག་འཛིན་བརྒྱུད་པའི་ཕ་རབས་ཅི་ཞིག་ཟིན། །ངར་འཛིན་དགྲ་བོ་སྙིང་ཕུག་རབ་སྦས་ནས། །ཧཱུྃ་ཧཱུྃ་ཕཊ་ཕཊ་སྲུངས་སྲུངས་ཟློག་ཟློག་གི། །དྲག་སྔགས་ཕྲེང་སྒྱུགས་ལོ་བརྒྱར་ཉམས་བྱས་ཀྱང་། །རང་རྒྱུད་འགོང་པོ་ཐུལ་བ་རེ་


TR008_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་ཆོད། །སྐུ་གསུམ་ཞིང་ཁམས་རིག་པའི་སྒྱུ་འཕྲུལ་གྱི། །ཡིན་ལུགས་ཅོག་བཞག་ཀློང་གྲོལ་མ་ཤེས་ན། །མངོན་སྣང་འཆར་སྒོ་མིག་འཕྲུལ་ལྟད་མོ་ཡིས། །རྣལ་འབྱོར་བྱ་རྗེས་ཁྱི་ཡིས་མ་བདས་སམ། །ཁྲེགས་ཆོད་ཀ་དག་རིག་པ་རྗེན་ལ་ཕུད། །ཐོད་རྒལ་སྣང་གསལ་ཞེན་མེད་ཞིང་ཁམས་སྦྱོང་། །སྣང་བཞིའི་དྲོད་རྟགས་རེ་འདོད་མི་བྱ་བར། །ཉམས་ལེན་ནུས་ན་ཀུན་བཟང་རྒྱལ་པ་ཟིན། །འདི་ལྟའི་ཚུལ་རྣམས་རྨོངས་བདག་གིས། །འཆང་བསྟན་འབྲི་བའི་ནུས་མེད་ཀྱང་། །རྣལ་འབྱོར་ཚུལ་ཁྲིམས་བཟང་པོ་དེས། །ནན་གྱིས་བསྐུལ་ངོར་འདིར་བཀོད་པའི། །ཚིག་དོན་ནོར་འཁྲུལ་དགོངས་མིན་སྐྱོན། །ཅི་མཆིས་བླ་མར་མཐོལ་ཞིང་བཤགས། །ལྷག་བསམ་དགེ་བས་རབ་མཆོད་པའི། །དགེ་ཀུན་མཁའ་མཉམ་


TR008_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ལ་བསྔོ། དགོངས་བརྡ་སྙན་བརྒྱུད་རྒྱལ་བ་སྲས་བཅས་རྨད་བྱུང་ཐུགས་རྗེའི་མཐུ་བྱིན་དང་། འགྲོ་ཁམས་སྐུ་གསུམ་ཡེ་ཤེས་ལྔ་ཡི་རང་བཞིན་ཡེ་ནས་ལྷུན་གྲུབ་མཐུས། ཟབ་བཅུད་རྫོགས་ཆེན་བསྟན་པའི་སྒྲོན་མེས་སེམས་ཅན་ལྷན་སྐྱེས་སྒྲིབ་བསལ་ནས། ཡེ་ཤེས་གསུམ་ལྡན་ཆོས་ཉིད་ཀློང་དུ་མཉམ་རྫོགས་བྱང་ཆུབ་བཀྲ་ཤིས་ཤོག །ཅེས་དེ་ལྟར་གསང་བ་བླ་ན་མེད་པ་འོད་གསལ་རྡོ་རྗེ་སྙིང་པོའི་དགོངས་དོན་མདོར་བསྡུས་པའི་ཟིན་བྲིས་འདི་ནི། སྐལ་ལྡན་ཚུལ་ཁྲིམས་བཟང་པོས་ལོ་ཟླ་མང་པོའི་གོང་ནས་ཡང་ཡང་བསྐུལ་བར་མཛད་མོད་ཀྱང་། རང་ཉིད་ཐོས་བསམ་སྒོམ་གསུམ་གྱིས་དམན་ཅིང་ཁྱད་པར་ཆོས་ཚུལ་འདི་ལྟ་བུའི་ཉམས་རྟོགས་ཀྱི་ནོར་དང་མི་ལྡན་ཕྱིར་འདི་ལྟར་འདྲིལ་བར་མ་སྤོབས་པས་ཆེར་འགྱངས་མོད་ཀྱི། སླད་མར་ཡང་ནན་ཏན་དུ་བསྐུལ་བའི་


TR008_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ཆུད་མི་གཟོན་པའི་ཕྱིར་དང་། ལས་དང་པོ་པའི་གང་ཟག་བློ་རྨོངས་ཀྱི་རིགས་དང་མན་ངག་རྒྱ་ཆེ་བ་རྣམས་བལྟ་བར་མི་ནུས་པར་རེ་ཞིག་ཕན་པའང་སྲིད་མཐའ་མི་ཁེགས་པར་བསམ་ནས། མཁས་གྲུབ་ཀློང་ཆེན་པོ་དང་ཡོངས་འཛིན་ནམ་མཁའ་སྤྱོད་པ་སོགས་ཀྱི་གསུང་སྒྲོས་ལ་བརྟེན་ནས། སྣ་ཚོགས་རང་གྲོལ་གྱིས་གནས་ཆེན་དཔལ་རི་གངས་ཀྱི་ལྷོ་ཕྱོགས་བདེ་གཤེགས་ཚེའི་ཕུག་པར། དབྱར་གསུམ་མེ་ཏོག་སྣ་ཚོགས་བཀྲ་བའི་དུས་ན་བྲིས་པ་འདིས་ཀྱང་འགྲོ་བ་ཐམས་ཅད་ཀྱིས་གདོད་མའི་གནས་ལུགས་ཇི་བཞིན་རྟོགས་པའི་རྒྱུར་གྱུར་ཅིག། ༈ །།རྒྱལ་བསྟན་ཉིན་བྱེད་སྙིགས་ལྔའི་སྨག་རུམ་དུ། མནལ་ལམ་ཕྱོགས་ཚེ་གསུང་རབ་ཕྲ་མོ་རེའི། དཔེ་རྒྱུན་ཙམ་རེ་སྲིད་ན་གནས་པའི་ཆེད། །དཔར་འགྲེམ་ཞུས་པའི་རྣམ་དཀར་དགེ་བའི་མཐུས། མུ་མེད་འགྲོ་བའི་ཕན་བདེའི་ཉེར་འཚོ་རུ་


TR008_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་རིན་ཆེན་སྲིད་པའི་མཐར་གནས་ཤིང་། །བདག་ཀྱང་ཚེ་རབས་ཀུན་ཏུ་རྒྱལ་བའི་བསྟན། །མཁའ་ཁྱབ་འགྲོ་ལ་སྤེལ་བའི་དཔལ་ཐོབ་ཤོག །ཅེས་དཔར་འགྲེམ་བྱེད་པོོ་ཤེས་རབ་རྒྱལ་མཚན་གྱིས་སྨོན་པ་དགེ།

བར་དོ་སྤྱིའི་དོན་ཐམས་ཅད་རྣམ་པ་གསལ་བར་བྱེད་པ་དྲན་པའི་མེ་ལོང་།


TR008_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

བར་དོ་སྤྱིའི་དོན་ཐམས་ཅད་རྣམ་པ་གསལ་བར་བྱེད་པ་དྲན་པའི་མེ་ལོང་ཞེས་བྱ་བ་བཞུགས་སོ།


TR008_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བྷྱཿགདོད་ནས་རབ་དག་དག་པ་གཉིས་ལྡན་སྲིད་དང་ཞི་བའི་སྤྲོས་པ་ཀུན་བྲལ་ཆོས་ཀྱི་སྐུ། རང་མདངས་མ་འགག་འགག་མེད་འཆར་ཚུལ་ཞི་དང་ཁྲོ་གར་ཡེ་ཤེས་ལྔ་ལྡན་ལོངས་སྤྱོད་རྫོགས། སྣ་ཚོགས་འགྲོ་འདུལ་འདུལ་ཞིང་གང་འཚམས་སྤྲུལ་བསྒྱུར་བགྲང་ཡས་འདོད་འབྱུང་མཛོད་ལྔ་སྤྲུལ་པའི་སྐུ། དབྱེར་མེད་བླ་མ་མ་ལུས་རྒྱལ་བའི་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རང་རིག་གཉིས་མེད་མཆོད། །འཁོར་འདས་སྣང་སྲིད་གདོད་ནས་ཡོངས་དག་པའི། །གཤིས་ངོར་སྐྱེ་འཆི་བདེ་སྡུག་མིང་དབེན་ཀྱང་། །མ་རྟོགས་བློ་ལ་འཁྲུལ་སྣང་མཐའ་མེད་


TR008_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི།། ༈ །།སྦུབས་ཆུད་སྡུག་བསྔལ་མང་མྱོང་སྙིང་རྗེའི་གནས། །དེ་དག་ཐབས་མང་དུ་མས་བསྒྲལ་སླད་ཆོས། །ཟབ་ཅིང་རྒྱ་ཆེར་མངའ་ལས་སྙིང་པོའི་བཅུད། །མཆོག་གྱུར་བར་དོའི་གདམས་པ་བསམ་ཡས་ཀྱང་། །སྒྲུབ་བརྒྱུད་གོང་མ་རྣམས་ཀྱིས་གསལ་མཛད་མོད། དེ་དག་ལས་ལྷག་རྨོངས་པ་བདག་འདྲ་ཡིས། །བརྗོད་དུ་ཅི་མཆིས་བརྗོད་ཀྱང་དགོས་པ་གང་། །འོན་ཀྱང་བློ་དང་ལྡན་པ་ཁྱེད་ཉིད་ཀྱིས། །དྲིས་ཕྱིར་གོང་མ་རྣམས་གསུང་བསྐྱར་བཞིན་བརྗོད།། ༈ །།དེ་ཡང་སྤྱིར་སེམས་ཅན་ཐམས་ཅད་ཐོག་མའི་འཁྲུལ་གཞི་ལས་བརྩམས་ཏེ། མཐར་ཐུག་བྱང་ཆུབ་


TR008_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་དུ་མ་གྱུར་གྱི་བར་ཐམས་ཅད་ནམས་ཀྱང་བར་མ་དོའི་གནས་སྐབས་ཁོ་ནའི་ཕྱིར། གཞི་ལམ་གྱི་ཆོས་ཐམས་ཅད་བར་དོའི་ཐ་སྙད་གདགས་སུ་རུང་བ་ཁོ་ན་ཡིན་ནའང་། ཐ་མལ་པ་དག་བར་སྲིད་ཀྱི་གནས་སྐབས་གཅིག་པུ་ཁོ་ན་ལ་བར་དོ་ཞེས་སྡུག་སྡུག་པ་གཅིག་ཏུ་འཛིན་ལ། གསང་སྔགས་རྙིང་མའི་བར་དོ་ཐོས་གྲོལ་གྱི་གདམས་པ་སོགས་སུ་བར་དོའི་རྣམ་གྲངས་དྲུག་ཏུ་འདྲེན་པའི་སྐབས་ཀྱི་ནང་ཚན་ལས། ཏིང་ངེ་འཛིན་བསམ་གཏན་གྱི་བར་དོ་ཞེས་པ་འདི་ལ། ཕྱིས་བྱོན་གྱི་མཁས་པ་ལ་ལའི་ཐུགས་སུ་མ་ཤོང་བར་དགག་པ་སྣ་ཚོགས་མཛད་པ་སྣང་མོད་ཀྱང་། འཁོར་འདས་ཀྱི་ཆོས་ཐམས་ཅད་བར་དོའི་རང་བཞིན་ཡིན་ན། བསམ་གཏན་ཀྱང་བར་དོ་རུ་ཅིའི་ཕྱིར་མི་རུང་བར་བྱེད། འདིར་མ་ཟད་རྗེ་མི་ལས་མཁའ་


TR008_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བཀྲ་ཤིས་ཚེ་རིང་མ་ལ་གནང་བའི་བར་དོ་འཕྲང་སྒྲོལ་དུའང་སྤྱིར་བར་དོ་དྲུག་ཏུ་འདྲེན་ཚུལ་དང་། སྒོས་སུ་བསམ་གཏན་ཏིང་ངེ་འཛིན་གྱི་བར་དོའི་རྣམ་བཞག་མཛད་ལུགས་ཀྱང་ཐོས་གྲོལ་དང་ཐ་མི་དད་པ་དེ་བཞིན་ཡིན་ཚེ། གསར་རྙིང་དགོངས་བཞེད་མཐུན་ལ། སྤྱིར་བར་དོའི་རྣམ་གྲངས་འདྲེན་ཚུལ་ལ་གཞུང་མཐའ་དག་སོ་སོར་མི་གཅིག་པ་དུ་མ་འབྱུང་སྟེ། རང་བཞིན་སྐྱེ་གནས། འཆི་ཁ་སྡུག་བསྔལ། ཆོས་ཉིད་སྲིད་པ་སྟེ་བར་དོ་གསུམ་དུ་མཛད་པ་དང་། ཡང་ཟུང་འཇུག་སྐུ་བཞི་རང་རིག་ཡེ་ཤེས། དུས་མཚམས་རང་བཞིན། འཆུགས་མེད་རྟེན་འབྲེལ་གྱི་བར་དོ་དང་བཞིར་མཛད་པ་དང་། གཞན་ཡང་སྐྱེ་གནས། རྨི་ལམ། བསམ་གཏན། འཆི་ཁ ཆོས་ཉིད། སྲིད་པའི་བར་དོ་དང་དྲུག་ཏུ་མཛད་པ་དང་བཅས་


TR008_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོགས་ལུགས་མང་མོད་ཀྱི། རེ་ཞིག་སྐབས་འདིར་ནི། ཉིད་ཀྱིས་དྲིས་པའི་མཐུས་གསར་རྙིང་ཐུན་མོང་ལྟར་གྱི་འགག་དོན་བསྡུས་ཏེ་རྟོགས་བདེ་བའི་སླད་དུ། རང་བཞིན་སྐྱེ་གནས་ཀྱི་བར་དོ་དང་། །འཆི་ཁ་སྡུག་བསྔལ་གྱི་བར་དོ་དང་། །ཆོས་ཉིད་འོད་གསལ་གྱི་བར་དོ་དང་། །སྲིད་པ་ལས་ཀྱི་བར་དོ་སྟེ། དེ་ལྟར་རྣམ་པ་བཞིར་བསྡུས་ནས་བསྟན་པར་བྱ་ཞིང་། དེ་དག་རེ་རེ་ལའང་ངོ་བོ་ངོས་བཟུང་བ། འཆར་ཚུལ་རྒྱས་པར་བཤད་པ། གདམས་ངག་ལམ་དུ་བྱ་བ་དང་གསུམ་གྱིས་འཆད་དེ།། ༈ །།དང་པོ་ལ་སྐྱེ་གནས་ཀྱི་བར་དོ་ཞེས་གང་ལ་ཟེར་ཅེ་ན། མའི་མངལ་ནས་བྱུང་བ་ནས་མཐར་འཆི་རྐྱེན་གྱིས་མ་ཟིན་པའི་བར་འདི་ལ་ཟེར། འཆར་ཚུལ་ལམ་སྣང་གང་ལྟ་བུ་ཞེ་ན། གང་ཟག་མཆོག་དམན་གྱི་ཁྱད་པར་ཐ་དད་པའི་དབང་གིས་སོ་སོར་


TR008_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་སྟེ། དེ་ཡང་མཆོག་རབ་ཀྱི་སྐལ་ལྡན་དག་ལ་ནི། སྣང་གྲགས་ལྷ་སྔགས་སུ་ཤེས་པས་སྣོད་བཅུད་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་ཅིང་། རྟོག་ཚོགས་ཆོས་ཉིད་ཀྱི་རོལ་པར་ཤར་བས་ཐམས་ཅད་སྐུ་གསུམ་གྱི་རང་བཞིན་ཉིད་དུ་ཡེ་ནས་ཀྱང་ཡིན་ལ། ད་ལྟ་ཡང་སྣང་། མཐར་ཡང་དེའི་ངང་དུ་གྲོལ་ཕྱིར་སྣང་སྲིད་དག་པ་རབ་འབྱམས་སམ། ཅིར་སྣང་ཡེ་ཤེས་ཀྱི་འཁོར་ལོ་ཞེས་བྱ་སྟེ། ཚུལ་འདི་ལ་ནི་དཔལ་མཁའ་སྤྱོད་ཞབས་སོགས་ཀྱིས་ཟུང་འཇུག་སྐུ་བཞིའི་བར་དོ་དང་། རང་རིག་ཡེ་ཤེས་ཀྱི་བར་དོ་སོགས་སུ་མིང་གདགས་པར་མཛད་ཅིང་། སྔར་བཤད་པའི་ཏིང་འཛིན་བསམ་གཏན་གྱི་བར་དོ་ཡང་འདིའི་ཁོངས་སུ་འདུ་བས་ལོགས་སུ་བརྗོད་མ་དགོས་ལ། དེ་ལྟར་མ་རྟོགས་མ་རིག་པའི་ཐ་མལ་པའི་གང་ཟག་རྣམས་ནི་སྐྱེས་ནས་འཆི་ནད་མ་


TR008_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ཐེབས་པའི་བར་དེ་སྲིད་ཀུན་ཏུ་བག་ཆགས་ངན་གོམས་འཁྲུལ་སྣང་ཨ་འཐས་ཀྱི་རྗེས་སུ་འབྲང་སྟེ། མི་བདེན་པ་ལ་བདེན་པར་འཛིན། མི་རྟག་པ་ལ་རྟག་ཏུ་རེ། སྡུག་བསྔལ་བ་བདེ་བར་འཁྲུལ་ཞིང་ཞེན་པས། དགྲ་འདུལ་གཉེན་སྐྱོང་། ང་ཁྱོད་ཆགས་སྡང་། མ་ཟིན་མ་ཆོག །བསགས་སྲུང་འཚོ་སྐྱོང་། འཇིག་རྟེན་ཆོས་བརྒྱད། དོན་མེད་འཁྲུལ་ཞེན་གྱི་བྱ་བ་ཁོ་ནས་མི་ཚེ་སྟོང་ཟད་དུ་ཕྱལ་གྱིས་གཏོང་བ་འདི་ལྟ་བུར་སྐྱེ་འགྲོ་ཕལ་མོ་ཆེའི་སྣང་ཚུལ་གྱི་ཆོས་ཉིད་ཡིན་ཚེ། སྐྱེ་གནས་བར་དོའི་རང་བཞིན་ནི་འདི་ལས་མ་འདས་ཤིང་། དེ་སྐབས་ཀྱི་མཚན་མོ་སོགས་ཀྱང་མན་ངག་གི་གནད་ཀྱིས་མ་ཟིན་པའི་གཏི་མུག་རོ་ཉལ་བསམ་མེད་དུད་འགྲོ་ལྟ་བུར་གྱུར་པ་དང་། དེ་ལའང་ཉིད་འཁྲུལ་རྨི་ལམ་གྱི་སྣང་བ་སྣ་ཚོགས་


TR008_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

པས་བསྐྱེད་ཅིང་གཟིངས་ཕྱིར། བག་ཆགས་རྨི་ལམ་གྱི་བར་དོ་ཡང་སྐྱེ་གནས་བར་དོའི་ཁོངས་འདིར་འདུ་བ་ཉིད་དོ། །ཇི་སྐད་དུ། འཕགས་པ་དཀོན་མཆོག་འབྱུང་གི་མདོ་ལས། ལོག་པར་རྟོག་ལ་ཆགས་པའི་དབང་གིས་ནི། །འདིར་ནི་འགྲོ་བ་འདི་ཀུན་རབ་ཏུ་འཁྱམས། །སྐྱེས་བུ་གང་ཞིག་ཞི་བའི་ཆོས་རིགས་པ། །དེས་ནི་རང་བྱུང་དེ་བཞིན་གཤེགས་པ་མཐོང་། །ཆོས་མཆོག་ཞི་བ་རྣམས་ཀྱང་རབ་ཏུ་ཤེས། ཞེས་གསུངས་པ་ལྟར་རྟོགས་མ་རྟོགས་ཀྱི་ཁྱད་པར་ཤིན་ཏུ་ཆེའོ། །སྐྱེ་གནས་བར་དོ་འདི་ལམ་དུ་ཁྱེར་ཐབས་གདམས་ངག་གི་རིམ་པ་ནི། སྙིང་ལུགས་ཀྱི་མན་ངག་དག་ལས་ཐོས་བསམ་གྱི་སྒྲོ་འདོགས་གཅོད་པ་ཐི་བྱ་ཚང་འཇུག་ལྟ་བུའི་གདམས་པ་ལ་འབད་ཅེས་གསུངས་ཤིང་། དེ་ཇི་ལྟར་བྱ་ན་དང་པོར་བླ་མ་མཚན་ཉིད་དང་ལྡན་པ་


TR008_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

བཙལ། སྙིང་ནས་སྒོ་གསུམ་ཟོལ་མེད་ཀྱིས་མཉེས་པའི་ཐབས་དུ་མས་བསྟེན། བསྟན་པའི་གཞི་མའམ་ལམ་གྱི་སྲོག་ཤིང་སྡོམ་པ་གསུམ་ལེགས་པར་མནོས་ལ། ཉམས་ཆགས་ཉེས་ལྟུང་གི་དྲི་མ་ཕྲ་མོས་ཀྱང་མ་གོས་པར་བསྲུང་། མདོ་རྒྱུད་ཐེག་པའི་རིམ་པ་མཐའ་དག་ལ་ཐོས་བསམ་ཕྱོགས་མེད་དུ་བྱས་ནས། གྲུབ་མཐའི་ཞེན་ཕྱོགས་སྤང་། ཧ་ཅང་ཐོས་པ་ལ་ཞེན་ཅིང་འབྱམས་ན་ཐ་སྙད་ཚིག་མཐར་འཁོར་ནས་དོན་གྱི་སྙིང་པོ་མི་ལོན་པས། གང་ཐོས་རང་གི་རྒྱུད་ལ་བཀལ། ཐོས་བསམ་ཐམས་ཅད་ཀྱི་རྩ་བ་བླ་མའི་མན་ངག་ཁོ་ནར་འདུས་ཕྱིར་གདམས་ངག་མཐིལ་ཕྱིན་པར་ཞུན་ཐར་བཅད། མི་ཚེ་སྟོང་ཟད་དུ་འགྲོ་བའི་རྒྱུ་ནི་འཇིག་རྟེན་གྱི་བྱ་བ་མ་ཐོགས་པ་ཉིད་ལས་འབྱུང་བས། ཚེ་འདིའི་ཞེན་འཁྲིས་རྦད་ཀྱིས་བཅད་ལ་དབེན་པའི་རི་ཁྲོད་


TR008_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

འགྲིམ། དབེན་པར་བསྡད་ཀྱང་སྒོ་གསུམ་དགེ་བ་ལ་མ་བརྩོན་ན་བྱ་དང་རི་དྭགས་གཅན་གཟན་གྱི་ཚོགས་དང་འདྲ་བས་ཐ་མལ་སྙོམ་ལས་ཆོས་མིན་གྱི་དབང་དུ་སྐད་ཅིག་ཀྱང་མི་བཏང་བར་འགྱོད་མེད་གདིང་ཐོབ་བྱ། སྟོང་ཉིད་ཀྱི་དོན་རྟོགས་ཀྱང་བསླུ་མེད་རྒྱུ་འབྲས་རྟེན་འབྲེལ་ལ་ཡིད་ཆེས་ངེས་ཤེས་བརྟན་པོས་དགེ་སྡིག་ཁྱད་གསོད་དུ་མ་སོང་བར་རྒྱལ་བའི་བཀའ་དང་མཐུན་པའི་ལྟ་སྤྱོད་ཟུང་འབྲེལ་ལ་བསླབ།། ༈ །།ཁྱད་པར་བར་དོ་འོག་མ་ཐམས་ཅད་ཀྱི་གནད་འགག་འདིར་རག་ལས་ཕྱིར། སྐྱེ་གནས་བར་དོ་ལོང་ཁྱབ་ཡོད་པའི་དུས་འདིར་ཉམས་ལེན་གོམས་ཤུགས་དང་ལྡན་པར་མ་གྱུར་ན་ལོང་མེད་འཆི་རྐྱེན་གྱི་གག་ལ་ཐུག་ཚེ་འགྱོད་ཀྱང་འཕྱིས་ཚར་ཏེ། ཨོ་རྒྱན་རིན་པོ་ཆེས། ལོང་ཡོད་སོ་ཚེ་འཆི་ཁར་སྤྲད་


TR008_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲད་བྱེད། །ཨ་རེ་འགྱོད་དེ་བག་ཙམ་འཕྱིས་པ་འདྲ། ཞེས་གསུང་པ་ལྟར་འབྱུང་བས། དེས་ན་བར་དོ་ད་ལྟ་ནས་སྦྱང་བ་གལ་ཆེ་བ་ཉིད་ཀྱི་ཕྱིར། གང་ཟག་སོ་སོའི་སྐལ་པ་དང་མོས་པར་མཐུན་པའི་ཆོས་སྒོ་གང་དང་གང་ལ་ཞུགས་པ་དེ་དང་དེའི་གདམས་པ་ཉམས་སུ་བླངས་ནས་རྒྱུད་སྨིན་གྲོལ་དུ་བྱ་དགོས་ཚེ། ཐོག་མར་སྨིན་བྱེད་དབང་གི་རིམ་པ་རྒྱས་བསྡུས་ཅི་རིགས་ཐོབ་ངེས་སུ་བྱ། དབང་དེ་ཡང་དེང་སང་སྙིགས་དུས་ཀྱི་སློབ་དཔོན་སོ་སོའི་དབང་ཆོག་བསྐུར་ཐོབ་ཀྱི་ཚུལ་ཕལ་ཆེར་ནི་རྒྱུད་སྡེ་དང་རིག་འཛིན་གོང་མ་རྣམས་ཀྱི་བཀའ་སྲོལ་དང་མཐུན་པ་ནི་ཆེས་དཀོན་པར་གྱུར་ཏེ། བླ་མས་ཀྱང་ཟང་ཟིང་བསྡུ་ཐབས་སམ་ཁེ་གྲགས་སོགས་ཀྱི་སླད་དུ་དབང་བསྐུར་བྱེད་པ་མང་ཞིང་། སློབ་མ་ཞུ་བ་པོ་རྣམས་ཀྱིས་ཀྱང་འཕྲལ་རྐྱེན་ནད་གདོན་སོགས་ལ་ཕན་དུ་རེ་བའམ། མི་ཆོས་དང་


TR008_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་གྲོགས་ཀྱི་ཞོར་དང་། ལྟད་མོའམ་ཅི་བྱེད་ལྟ་བ་ལྟ་བུའི་བསམ་པའི་སྒོ་ནས་ཞུ་ཚུལ་བྱེད་པ་ལས། ཡང་དག་གི་དད་པའི་དངོས་པོ་དང་མི་ལྡན་ཞིང་། དབང་དོན་ངོ་འཕྲོད་པའི་ཕྱོགས་ཙམ་ཡང་མི་སྲིད་པ་ལྟ་བུར་སྣང་ཚེ་མདོར་ན་དཔོན་སློབ་གཉིས་ཀས་དབང་གི་ཟོལ་དང་བྱིས་རྩེད་ལད་མོ་བྱེད་པ་འདྲ་བ་འདི་ལྟ་བུས་ནི་གང་ཟག་གི་རྒྱུད་སྨིན་ནུས་པའི་ཐབས་མི་འདུག་པས་མངོན་སུམ་དུ་གསལ་མོད། སྣོད་བཅུད་ཚུལ་ལྡན་འཛོམ་པ་ཞིག་ལ་ནི་ཀུན་རྫོབ་ཀྱི་དབང་རྫས་རྣམས་མགོ་བོར་བཞག་ཀྱང་རུང་མ་བཞག་ཀྱང་རུང་སྟེ། དབང་དོན་གྱི་ཡེ་ཤེས་རྒྱུད་ལ་སྐྱེས་ན་ཡང་དག་པའི་དབང་ཐོབ་པའི་མཆོག་ཏུ་གྱུར་པ་སྟེ། ཏཻ་ལོ་པས་ནཱ་རོ་ལ་ཕྱག་ལྷུམ་འཕངས་བས་བརྒྱལ་བ་ལས་བསངས་ཚེ་དབང་དོན་མཐར་ཐུག་རྟོགས་པའི་ཚུལ་དང་། པཎ་ཆེན་


TR008_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་སེང་ཧས། མཁས་པ་བཻ་རོ་ལ་ཤིང་ཏོག་ཀུ་ཤུ་གཅིག་སྦྱིན་པའི་བརྡ་ཐབས་ཀྱིས་རྫོགས་ཆེན་རིག་པའི་རྩལ་དབང་ཡོངས་རྫོགས་ཐོབ་པ་དང་། གཞན་ཡང་སྐྱེ་སྟོན་བསོད་ནམས་བླ་མས་མ་ཅིག་ལབ་སྒྲོན་ལ་དབང་བསྐུར་དུས་ཀྱི་ལོ་རྒྱུས་སོགས་གྲུབ་ཐོབ་རྣམས་ཀྱི་རྣམ་ཐར་དཔག་ཏུ་མེད་པ་མཆིས་ཚེ། དོན་དུ་ནི་དབང་ཞུས་མ་ཞུས་གཅིག་པུ་ལ་ཚད་མི་བཟུང་བར་སྨིན་ནུས་མ་ནུས་ལ་གཙོ་བོར་བྱ།། ༈ །།དེ་ནས་གྲོལ་བྱེད་ཀྱི་གདམས་པ་དངོས་ལའང་ཞུས་ལོ་དང་ཐོབ་ལོའི་རྣམ་གྲངས་ཙམ་གྱིས་ནི་རང་རྒྱུད་གྲོལ་བ་ལྟ་ཞོག །ཉོན་མོངས་ཅུང་ཟད་ཁ་བྲི་བའམ་བདག་འཛིན་དང་ཞེན་ཆགས་ཅུང་ཞིག་ཆུང་དུ་འགྲོ་བ་ཙམ་ཡང་ཤིན་ཏུ་དཀའ་བར་མངོན་སུམ་གྱིས་གྲུབ་ཕྱིར། དེས་ན་ཆོས་གང་ལ་ཉམས་ལེན་བྱེད་པ་དེ་ཉིད་ཀྱི་ལམ་རྟགས་


TR008_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཚུལ་བཞིན་ཤར་ཐུབ་པའམ། ཐ་ན་ཡང་ཚིག་དོན་ལ་ངེས་པ་རྙེད་པའི་ཐབས་ལ་ནན་ཏན་དུ་བྱ་བ་ནི་སྤྱིར་གཅེས་པ་དང་། ཁྱད་པར་དུ་ནི། གདམས་པའི་བྱེ་བྲག་མཐའ་ཡས་མོད་ཀྱང་མདོར་བསྡུ་ན་སྒྲུབ་པ་པོ་རང་ཉིད་ཟབ་ལམ་ཆོས་དྲུག་གམ། ལམ་འབྲས་པ་ལྟ་བུ་ཞིག་ཡིན་པའི་དབང་དུ་བགྱི་ན། གཏུམ་མོ་ལམ་གྱི་གཞུགས་ཤིང་ལ་ཉམས་ལེན་བརྩོན་འགྲུས་དྲག་པོས་འབད་ནས། གནས་པ་རྩ་དང་གཡོ་བ་རླུང་། བཀོད་པ་བྱང་ཆུབ་སེམས་ཀྱི་རྩལ་སྦྱོང་ལ་བརྟེན་པས་ཟག་མེད་ལྷན་སྐྱེས་ཡེ་ཤེས་བདེ་སྟོང་ཟུང་འཇུག་མཆོག་གི་ལམ་ལ་གནད་དུ་བསྣུན་ཏེ། ཀུན་རྫོབ་འབྱུང་འདུས་ཀྱི་ཕུང་པོ་དྭངས་མ་འཇའ་ལུས་ཀྱི་རང་བཞིན་དུ་སྨིན་ཅིང་དོན་དམ་ཤེས་རིག་གི་ངོ་བོ་ཆོས་སྐུ་སྐྱེ་མེད་ཀྱི་དབྱིངས་སུ་རོ་གཅིག་


TR008_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐུ་གཉིས་ཟུང་འཇུག་གི་གོ་འཕང་ཚེ་འདི་ཁོ་ནར་འགྲུབ་པའི་ཐབས་ལ་རབ་ཏུ་བརྩོན་པས་མཐར་ཕྱིན་པར་བྱ་བ་དང་གང་ཟག་དེ་རྫོགས་ཆེན་པ་ལྟ་བུ་ཡིན་ན། སྤྱིར་རྫོགས་ཆེན་ལ་ཕྱི་སེམས་སྡེ། ནང་ཀློང་སྡེ། གསང་བ་མན་ངག་ཡང་གསང་བླ་ན་མེད་པ་དང་། ཨ་ཏི་སྤྱི་ཏི་ཡང་ཏི་སོགས་རྣམ་གྲངས་བསམ་གྱིས་མི་ཁྱབ་ཀྱང་། བསྡུ་ན་ཁྲེགས་ཆོད་རིག་སྟོང་གི་ཉམས་ལེན་དང་། ཐོད་རྒལ་སྣང་སྟོང་གི་ཉམས་ལེན་གཉིས་སུ་གནད་ཐམས་ཅད་འདུས་པས་དེ་ཉིད་བཀའ་གཏེར་གང་དང་གང་གི་ལུགས་ལ་ཞུགས་ཀྱང་། དང་པོར་བླ་མ་མཆོག་ལ་མཐར་ཕྱིན་པ་ཞུས་ཏེ། མི་མེད་ཀྱི་ལུང་སྟོངས་སུ་ལུས་ངག་ཡིད་གསུམ་གྱི་བྱ་བ་དགུ་ཕྲུགས་སུ་བཏང་ཞིང་། འཁོར་འདས་རུ་ཤན་ཕྱེས་ཏེ་ཉིན་མཚན་ཁ་སྦྱོར་དུ་བྱ་བྱེད་གཞན་དང་སྐད་ཅིག་ཀྱང་།


TR008_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདྲེས་པར་ཉམས་སུ་བླངས་ན། ལུས་ཐོག་འདིར་ཀུན་བཟང་ཆོས་སྐུའི་གོ་འཕང་མངོན་དུ་འགྱུར་ཞིང་། འདི་ལ་གང་ཟག་དབང་པོ་རབ་འབྲིང་གསུམ་ཚན་དགུར་ཕྱེས་པའི་རབ་ཀྱི་རབ་སྦྲུལ་མདུད་ནམ་མཁར་གྲོལ་བའི་དཔེ་ལྟར་གདམས་པ་ཐོབ་པ་དང་གྲོལ་བ་དུས་མཉམ་རིག་འཛིན་ཆེན་པོ་དགའ་རབ་རྡོ་རྗེ་ལྟ་བུ། རབ་ཀྱི་འབྲིང་མཚོ་ལ་ཁ་བ་བབས་པ་ལྟར་གང་ཤར་ཆོས་ཉིད་དུ་ཐིམ་ནས་གྲོལ་བ་འཇམ་དཔལ་བཤེས་གཉེན། ཤྲཱི་སིངྷ། བི་མ་ལ། པད་འབྱུང་ལ་སོགས་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་པ་རྣམས་དང་། རབ་ཀྱི་མཐའ་མ་འཁྱག་རུམ་ཆུར་ཞུ་བ་བཞིན་གདམས་པ་ཉམས་ལེན་ཡུན་དུ་འབད་པས་འཁྲུལ་པའི་བག་ཆགས་དང་གདོས་བཅས་ཀྱི་ཕུང་པོ་འོད་ལུས་སུ་རིམ་གྱིས་གྲོལ་བ་མྱང་བན་ཏིང་འཛིན་བཟང་


TR008_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

པོ། ལྕེ་བཙུན་སེང་གེ་དབང་ཕྱུག །སློབ་དཔོན་ཉང་སྟོན་སྐུ་མཆེད་ལ་སོགས་ལུས་མ་སྤངས་པར་མཁའ་སྤྱོད་འགྲུབ་པ་རྣམས་ལྟ་བུ་སྟེ། མདོར་ན་ཕྱག་རྫོགས་ལམ་སྦྱོར་ཞི་གཅོད་ལ་སོགས་གདམས་པ་ཟབ་མོས་ཚེ་འདི་ཉིད་ལ་གྲུབ་པ་མཐར་ཕྱིན་པ་རྣམས་ལ་ནི་བར་དོ་འོག་ལ་རྣམས་མཐོང་མི་དགོས་པར་ལུས་ཐོག་འདིར་གྲོལ་བ་ནི་སྐྱེ་གནས་བར་དོའི་ཉམས་ལེན་མཐར་ཕྱིན་པའི་ཚད་ཡིན་ཀྱང་། དེང་སང་ནི་བཀའ་གསར་རྙིང་སུ་ལ་བལྟས་རུང་དེ་ལྟ་བུ་ཤིན་ཏུ་དཀོན་པར་མཆིའོ། །འོན་ཀྱང་རྣམ་གཡེང་སྙོམ་ལས་ཀྱི་དབང་དུ་མ་སོང་བར་ཉམས་ལེན་གྱི་དངོས་གཞི་ཕྱག་རྫོགས་གང་ཡིན་ལ་གཅིག་སྒྲིལ་དུ་བྱ་བ་དང་། མཚན་མོའི་ཉམས་ལེན་དུ་རྨི་ལམ་དང་འོད་གསལ། ཐུན་མཚམས་ཐམས་ཅད་དུ་སྒྱུ་ལུས་དང་བར་དོ། །ཐུན་གྱི་མགོ་མཇུག་རྣམས་སུ་བླ་མ་ཡི་དམ་གྱི་


TR008_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་བཟླས་གསོལ་འདེབས་བསྔོ་སྨོན་སོགས་ཏེ། མདོར་ན་སྤྱིར་གྱི་སྒོ་གསུམ་ཐ་མལ་འཁྲུལ་འབྱམས་སུ་མ་ཤོར་བ་དང་། སྒོས་སུ་བར་དོ་འོག་མ་རྣམས་ཀྱི་ཉམས་ལེན་ཐམས་ཅད་ལ་ད་ལྟ་ནས་གོམས་འདྲིས་ཡིད་འཇགས་ནན་ཏན་ཏུ་བྱ་དགོས་པ་ནི་བཀའ་གསར་རྙིང་ཐམས་ཅད་ཀྱི་དགོངས་བཞེད་གཅིག་ཏུ་མཐུན་པའི་གནད་འགག་གལ་པོ་ཆེ་ལགས་སོ། །འདིར་སྨྲས་པ། ཡིད་བཞིན་ནོར་འདྲའི་དལ་འབྱོར་ལེགས་ཐོབ་ཅིང་། །དགེ་བའི་བཤེས་དང་ཟབ་ཆོས་རྙེད་གྱུར་ཀྱང་། །འཁོར་བ་ཉམས་དགའི་ལྟད་མོ་ལ་ཡེངས་ཏེ། །གཏན་གྱི་འདུན་མ་འགྲུབ་པ་ཉིན་སྐར་ཙམ། །ཐོ་ཡོར་ལུས་དང་སེམས་ཀྱི་བྱིའུ་ཆུང་གཉིས། །ཡུད་ཙམ་ཚོགས་འདིར་བྱང་ཆུབ་མི་བསྒྲུབ་ན། །ཐོས་ཐོས་ཤེས་ཤེས་རྣམ་གྲངས་བརྒྱ་ཡོད་ཀྱང་། །འཁོར་བའི་མཚོ་ཆེན་སྒྲོལ་ལ་མི་ཕན་ནོ། །


TR008_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་ཚོགས་རང་དབང་ཡོད་དུས་ལེ་ལོར་བསྡད། །བཟློག་མེད་འཆི་བདག་བྱུང་ཚེ་འགྱོད་པས་གཟིར། །རང་ཕུང་རང་སྒྲུབ་སྨྱོན་པ་དུག་འཐུང་འདྲ། །ཚུལ་འདི་སྐྱེ་གནས་བར་དོའི་སྣང་ཚུལ་ལགས། །ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། ༈ །།སྤྱི་དོན་གཉིས་པ། འཆི་ཁ་སྡུག་བསྔལ་གྱི་བར་དོའི་རང་བཞིན་བཤད་པ་ལའང་། གསུམ་གྱི་དང་པོ་ངོ་བོ་ངོས་བཟུང་བ་ནི། འཆི་རྐྱེན་གང་ཡིན་པ་དེའི་ནད་ཀྱིས་ཟིན་པ་ནས་བར་དོ་དང་པོ་ཆོས་ཉིད་དོན་གྱི་འོད་གསལ་མ་ཤར་ཚུན་ཆད་ཀྱི་སྐབས་རྣམས་ཡིན་ལ། འདི་སྐབས་སུ་ཆོས་སྤྱི་ལས་འོད་གསལ་ཤར་བ་དེ་ཡང་བར་དོ་འདི་ཉིད་ཀྱི་ཁོངས་སུ་ཚུར་བསྡུས་ནས་སྟོན་མོད་ཀྱང་། །ད་རེས་འདིར་ནི་རྫོགས་ཆེན་རྣམས་ནས་གསུངས་པ་ལྟར། ཆོས་ཉིད་འོད་གསལ་གྱི་བར་དོ་ནི་འོག་ཏུ་འཆད་ཕྱིར། འདིར་འཆི་ཁ་བར་


TR008_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

དོ་ཁོ་ན་བསྟན་པར་བྱའོ།། ༈ །།ཞན་ཡང་གོང་དུ་བརྗོད་པ་ལྟར། གང་ཟག་མཆོག་རབ་ཀྱི་རིགས་ཅན་ལུས་ཐོག་འདིར་གྲོལ་བ་དག་ལ་ནི་བར་དོ་འོག་མ་འདི་རྣམས་མི་འབྱུང་སྟེ། དེ་ཡང་རྫོགས་ཆེན་རྣམས་ནས་འདི་ལྟར་གསུངས་ཏེ། རྣལ་འབྱོར་པ་རབ་རྣམས་ལ་འཆི་ལུགས་བཞི་ཡོད། བུམ་ཆག་ནམ་མཁའ་ཕྱི་ནང་འདྲེས་པ་བཞིན་ལུས་སེམས་ཆོས་སྐུ་སྟོང་ཉིད་དུ་ཐིམ་པ་དང་། དེ་བཞིན་དུ་བུད་ཤིང་ཟད་པས་མེ་དཔུང་དུལ་བ་ལྟར་དང་། ནམ་མཁའ་འོད་ཕུང་གིས་གང་བ་རིག་འཛིན་འཆི་བ་ལྟ་བུ་དང་། ཤི་ཡང་ཕུང་པོ་འདོར་རྒྱུ་མེད་པ་མཁའ་འགྲོ་མ་འཆི་བ་ལྟ་བུ་རྣམས་ནི་རབ་ཀྱི་འཆི་ལུགས་སོ། །ཞེས་པ་འདི་དག་ལ་ནི་ཐིམ་རིམ་གྱི་སྤྲོས་པ་དང་བྲལ་ལ། ཡང་རྣལ་འབྱོར་པ་འབྲིང་ལ་འཆི་ལུགས་གསུམ་སྟེ། འཆི་བའི་


TR008_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

དུས་དང་འཆི་མི་འཆིའི་རྩིས་གདབ་མེད་པ་བུ་ཆུང་འཆི་བ་ལྟ་བུ་དང་། ཡུལ་རྐྱེན་ལ་ཉམ་ང་མེད་པ་ཕྱོགས་མེད་སྤྲང་པོ་འཆི་བ་ལྟ་བུ་དང་། ཡུལ་རྐྱེན་གྱི་འཁྲི་བ་བཅད་དེ་གངས་ཁྲོད་ལུང་སྟོངས་སོགས་སུ་འཆི་བ་སེང་གེ་ལྟ་བུ་རྣམས་ནི་འབྲིང་གི་འཆི་ལུགས་སོ། །ཞེས་པ་འདི་དག་ལ་ཡང་གསལ་འདེབས་སོགས་ལ་མི་ལྟོས་པར་རྟོགས་པའི་གདིངས་དང་ལྡན་པའི་འཆི་ལུགས་ཡིན་ལ། རྣལ་འབྱོར་པ་ཐ་མ་དང་གང་ཟག་ཕལ་པ་སྤྱིའི་འཆི་ལུགས་ཀྱི་འཆར་ཚུལ་རྒྱས་པར་བཤད་པ་ལ་གཉིས་ཏེ། ཕྱི་འབྱུང་བའི་ཁམས་དབང་སྐྱེ་མཆེད་ཐིམ་ཚུལ་དང་། །ནང་རྣམ་རྟོག་ཕྲ་རགས་ཀྱི་ཐིམ་ཚུལ་གཉིས་བཤད་ཅིང་། ཞར་ལ་འཕོ་བའི་མན་ངག་གི་སྐབས་དོན་བཤད་པ་དང་བཅས་པའོ།། ༈ །།དེ་ལ་དང་པོ་ནི། སྤྱིར་སྐྱེ་འགྲོ་ཐམས་ཅད་དང་


TR008_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

པོར་ལུས་ཆགས་པ་ཡང་འབྱུང་བ་ལྔ་ལ་བརྟེན་ནས་ཆགས། བར་དུ་ཡང་དེ་དག་ལ་བརྟེན་ནས་གནས། མཐར་འཇིག་པ་ཡང་དེ་དག་ཐིམ་སྡུད་ཀྱིས་འཇིག་པར་འགྱུར་བ་ཡིན་ཏེ། དེ་ཡང་འཆི་དུས་ལས་རླུང་གྱེན་ལ་ལོག་ནས་རླུང་ཐམས་ཅད་དེས་དབང་བྱས་ཤིང་འཁོར་ལོ་ལྔའི་རྩ་མདུད་ཞིག་པ་དང་རླུང་ལྔ་མལ་འཆུགས་པས་ཕྱི་ནང་གསང་གསུམ་གྱི་འབྱུང་བ་སོ་སོར་ཐིམ་པ་ཡིན་ཏེ། འདི་དག་གི་ཐིམ་ཚུལ་རྒྱས་པར་རྫོགས་ཆེན་རིག་པ་རང་ཤར་གྱི་རྒྱུད་ལས་འབྱུང་ཡང་འདིར་ཡིག་ཚོགས་ལ་འཛེམ་ནས་མ་བཤད་ལ། གསར་རྙིང་སྤྱི་མཐུན་ལྟར་གྱི་འགག་བསྡུས་ཏེ་བརྗོད་ན་དེ་ཡང་དང་པོར་མཉམ་གནས་ཀྱི་རླུང་མལ་འཆུགས་པའི་དབང་གིས་ཁ་ཟས་མི་འཇུ་ཞིང་དྲོད་མཐའ་ནས་སྡུད་


TR008_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་འཛིན་འཆུགས་པས་ཤེས་པ་མི་གསལ་ཞིང་འཆུགས་པ་དང་། ཐུར་སེལ་འཆུགས་པས་གཤགས་གཅི་མི་ཐུབ་པ་དང་། གྱེན་རྒྱུ་འཆུགས་པས་ཟས་སྐོམ་ནང་དུ་མིད་མི་ཤེས་ཤིང་དབུགས་སྣ་ཐུང་། ཁྱབ་བྱེད་འཆུགས་པས་ཡན་ལག་ལས་སུ་མི་རུང་ཞིང་རྩ་རྣམས་སྡུད་པར་འགྱུར་བ་དང་། རྩ་འཁོར་རྣམས་འཇིག་པའི་ཐོག་མར་ལྟེ་བའི་རྩ་འཁོར་འཇིག་པར་བཤད་ཅིང་། དེ་ནས་རིམ་པ་ལྟར་འདེགས་བྱེད་ཀྱི་རླུང་འབྲོས་པས་ས་ཁམས་ཆུ་ལ་ཐིམ་པས་ཕྱིའི་རྟགས་སུ། ལུས་ཀྱི་སྟོབས་ཤོར་ཏེ་མཇིང་པས་མགོ་མི་ཐེག །རྐང་པས་ལུས་མི་ཐེག །ལག་པས་ཟས་སྣོད་མི་ཐེག །བྱད་ལ་ཧམ་པ་དང་། སོ་ལ་དྲེག་ནག་ཆགས་ཤིང་ཁ་ཆུ་སྣ་ཆུ་མི་ཐུབ་པར་འགྱུར་བ་དང་། ཕྱི་རྟགས་དེ་རྣམས་བྱུང་ཚེ་ནང་གི་རྟགས་སུ་ཤེས་པ་རབ་ཏུ་བྱིང་ཞིང་


TR008_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

འཐིབ་པའི་དབང་གིས་ཤིན་ཏུ་ཟུབ་པའི་སྣང་བ་ཤར་ནས་ལག་པ་ཕྱིར་འདོན་ཅིང་གོས་བསལ་བ་དང་། ང་སློང་དང་ཟེར་ཞིང་མིག་མཐོངས་ཁར་ལྟ་བར་བྱེད་པ་དང་། འདི་དུས་གསང་བའི་རྟགས་སུ་འོད་གསལ་སྨིག་སྒྱུ་ལྟ་བུ་རབ་རིབ་ཏུ་འཆར་བའི་དུས་ཡིན། དེ་ནས་སྙིང་གའི་རྩ་འཁོར་འཇིག་ཅིང་བཀྲག་མདངས་བསྐྱེད་པའི་རླུང་འབྲོས་པས་ཆུ་ཁམས་མེ་ལ་ཐིམ་རྟགས་སུ། ཁ་ལྕེ་སྐམ་ཞིང་སྣ་ཞོམ་ལྕེ་རྩེ་རང་གིས་མི་མཐོང་ཞིང་འཁྱོག །ནང་རྟགས་སུ་ཤེས་པ་བུན་ཅིང་འཚུབས་ནས་ཚིག་པ་ཟ་བ་དང་། གསང་རྟགས་སུ་དུ་བ་ལྟ་བུ་ལང་ལོང་གི་སྣང་བ་འབྱུང་། དེ་ནས་མགྲིན་པའི་རྩ་འཁོར་འཇིག་ཅིང་དྭངས་སྙིགས་འབྱེད་པའི་རླུང་འབྲོས་པས་མེ་ཁམས་རླུང་ལ་ཐིམ་པའི་རྟགས་སུ། ཁ་སྣའི་དབུགས་གྲང་སིལ་གྱིས་འགྲོ་ཞིང་ལུས་


TR008_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གི་དྲོད་ཕྱིར་འཆོར་བས་རླངས་པ་ཐོལ་གྱིས་བྱུང་སྟེ་དྲོད་མཐའ་ནས་ཆད། ནང་རྟགས་ཤེས་པ་རེས་གསལ་རེས་མི་གསལ་བས་ངོ་ཤེས་ལ་མི་ཤེས་ཙམ་དང་། ཕྱི་རོལ་གྱི་སྣང་བ་འདི་གསལ་པོར་མི་མཐོང་། གསང་རྟགས་སྲིན་བུ་མེ་ཁྱེར་ལྟར་དམར་ཁྱེམ་ཁྱེམ་ས་འཆར། དེ་ནས་གསང་གནས་ཀྱི་རྩ་འཁོར་འཇིག་ཅིང་བསྐལ་པ་ལས་ཀྱི་རླུང་འབྲོས་ཏེ་རླུང་ཁམས་རྣམ་ཤེས་ལ་ཐིམ་པས། ཕྱི་རྟགས་སུ་དབུགས་བརྩེགས་མར་འབྱུང་ཞིང་ཕྱིར་རྒྱུ་བ་རིང་ལ་ནང་དུ་སྡུད་དཀའ་བ་དང་། སྒྲ་ངར་ངར་པོ་འབྱིན་ཞིང་མིག་གྱེན་ལ་ལོག །ནང་རྟགས་སུ་ཤེས་པ་འཁྲུལ་ནས་མཐོང་སྣང་སྣ་ཚོགས་འཆར་ཏེ། སྡིག་ཅན་རྣམས་ལ་གཤིན་རྗེའི་སྣང་བ་མཐོང་བས་སྐྲག་སྟེ། ལུས་སྤྲད་སྤྲད་དང་རྣམ་འགྱུར་སྣ་ཚོགས་བྱེད་ཅིང་འཇིགས་པའི་སྒྲ་སྐད་འདོན།


TR008_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བཟང་པོ་རྣམས་ལ་ནི་དཔའ་བོ་མཁའ་འགྲོའི་བསུ་མ་དང་དགེ་བའི་སྣང་བ་འཆར་བར་བཤད། གསང་རྟགས་སུ་སྒྲོན་མེ་འབར་བ་ལྟ་བུའི་སྣང་བ་འཆར་ཏེ། དེ་ལྟར་འབྱུང་བ་ལྔ་དང་རླུང་ཆེན་ལྔ་ཐིམ་པས་དེའི་ཚེ་ཡན་ལག་གི་རླུང་ལྔ་རང་གཞར་ལ་མལ་འཆུགས་པས་དབང་པོ་སྐྱེ་མཆེད་རྣམས་ཀྱང་རིམ་གྱིས་ཐིམ་པ་ཏེ། མིག །རྣ་བ། སྣ་ལྕེ། ལུས་ཀྱི་དབང་པོ་རྣམས་ནུས་པ་ཉམས་ཤིང་ཐིམ་པའི་གནད་ཀྱིས་གཟུགས་སྒྲ་དྲི་རོ་རེག་བྱ་རྣམས་མི་ཚོར་བ་དག་ཀྱང་ལོག་པར་ཚོར་ཞིང་བཟང་ངན་གྱི་དབྱེ་བ་སྤུ་རིས་མི་ཕྱེད་པར་འགྱུར། དེ་ནས་རྣམ་ཤེས་ནམ་མཁའ་ལ་ཐིམ་པ་ཞེས་བྱ་སྟེ་ཕྱི་དབུགས་ཆད་པར་འགྱུར་ལ། འདི་དུས་ལུས་ཀྱི་མདོག་སྣུམ་ཞིང་འཇམ་པ་སྙིང་ཁ་ཡན་ཆད་དུ་དྲོད་ཅུང་ཟད་ཡོད་ལ། བར་དོ་


TR008_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲང་སྒྲོལ་སོགས་ལས་ནི་འདི་ཡན་ལ་ཐུན་མོང་གི་འཆི་རྟགས་ཞེས་བྱ་བ་ཡིན་པས། ནད་གདོན་གྱི་བྱེད་པས་འགའ་ཞིག་མཚམས་འདི་ནས་ཚུར་ལྡོག་པ་ཡང་འབྱུང་བར་གསུངས་སོ། །དེ་ནས་ཁྱད་པར་གྱི་འཆི་རྟགས་ཅིས་ཀྱང་ལྡོག་མི་སྲིད་པའི་སྣང་རྟོག་ཕྲ་རགས་ཀྱི་ཐིམ་རིམ་རྣམས་ཡིན་ཏེ། དེ་ཡང་དུས་འཁོར་རྩ་རྒྱུད་ལས། ལུས་ཅན་རྣམས་ནི་འཆི་བ་ན། །ཟླ་བ་བདུད་རྩི་ཐུར་དུ་འགྲོ། །སྟེང་དུ་ཉི་རྡུལ་སྒྲ་གཅན་དང་། །རྣམ་ཤེས་སྲིད་པའི་མཚན་ཉིད་དོ། །ཅེས་པ་ལྟར། སྣང་མཆེད་ཐོབ་གསུམ་ཐིམ་ཞིང་དུག་གསུམ་ལས་གྱུར་པའི་རྟོག་པའི་རང་བཞིན་བརྒྱད་ཅུ་འགགས་པས། དཀར་ལམ་སོགས་ཤར་བ་སྟེ། འདི་སྐབས་སུ་དཀར་ལམ་དམར་ལམ་གཉིས་པོ་སྔོན་ལ་འཆར་ཚུལ་ངེས་མེད་དུ་བཤད་ཀྱང་། འདིར་དུས་འཁོར་ལྟར་འཆད་པར་བྱ་སྟེ། དེ་


TR008_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ལུས་ཅན་རྣམས་ཀྱི་དབུ་མའི་ཡར་སྣེ་སྟེ། སྤྱི་བོར་ཕ་ལས་ཐོབ་པའི་ཁམས་ཀུན་རྫོབ་རྒྱུའི་ཐིག་ལེ་དཀར་པོ་ཧཾ་ཡིག་གི་ཚུལ་དུ་གནས་པ་དེ། སྟེང་རླུང་འཆུགས་པའི་གནད་ཀྱིས་དབུ་མའི་ལམ་ནས་ཐུར་དུ་བྱུང་ཅི་རང་སྣང་དུ་ཟླ་བ་ཤར་བ་ལྟ་བུ་དཀར་ལམ་གྱི་སྣང་བ་དང་དུས་མཚུངས་པར་ཞེ་སྡང་ལས་གྱུར་པའི་རྟོག་ཚོགས་ཀྱི་བྱེ་བྲག་སུམ་ཅུ་རྩ་གསུམ་ཡང་འགག་པར་འགྱུར་བ་སྟེ། དེ་རྣམས་གང་ཞེ་ན། ཆགས་བྲལ་བར་མ་ཆེན་པོ་དང་། །ཡིད་ཀྱི་འགྲོ་དང་འོང་བ་དང་། །མྱ་ངན་ཆུང་འབྲིང་ཆེན་པོ་དང་། །ཞི་དང་རྣམ་པར་རྟོག་པ་དང་། །འཇིགས་དང་བར་འཇིགས་ཤིན་ཏུ་འཇིགས། །སྲེད་དང་བར་སྲེད་ཤིན་ཏུ་སྲེད། །ཉེར་ལེན་མེ་དགེ་བཀྲེས་དང་སྐོམ། །ཚོར་དང་ཚོར་འབྲིང་ཤིན་ཏུ་ཚོར། །རིག་དང་རིག་པོ་འཛིན་པའི་


TR008_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

གཞི། །སོ་སོར་རྟོག་དང་ངོ་ཚ་ཤེས། །སྙིང་རྗེ་བརྩེ་བ་ཆུང་འབྲིང་ཆེ། །དགོས་བཅས་སྡུད་དང་ཕྲག་དོག་སྟེ། །རྣམ་རྟོག་སུམ་ཅུ་རྩ་གསུམ་ཡིན། ཅེས་པ་རྣམས་འགག་པར་འགྱུར་བའོ། །དེ་ནས་དབུ་མའི་མར་སྣ་སྟེ་ལྟེ་བར་མ་ལས་ཐོབ་པའི་ཁམས་དམར་ཆའི་དྭངས་མ་ཨ་ཤད་ཀྱི་རྣམ་པར་གནས་པ་དེ་ཉིད་འོག་རླུང་འཆུགས་པའི་མཐུས་གྱེན་དུ་སོང་བའི་དུས་སུ་སྣང་བ་དམར་ལམ་པ་གཅིག་འཆར་བ་དང་ལྷན་ཅིག འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་རྣམས་ཀྱང་འགག་སྟེ། གང་ཞེ་ན། །ཆགས་པ་དང་ནི་ཞེན་པ་དང་། །དགའ་དང་བར་དགའ་ཤིན་ཏུ་དགའ། །རང་ས་དང་ནི་རབ་མགུ་དང་། །ངོ་མཚར་ཚིམ་དང་རྒོད་དང་འཁྱུད། །འོ་བྱེད་འཇིབས་དང་བརྟེན་པ་དང་། །བརྩོན་དང་ཁེངས་དང་བྱ་བ་དང་། །འགྲོགས་དང་སྟོབས་དང་སྤྲོ་བ་དང་། །དགའ་ལ་སྦྱོར་བ་


TR008_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་འབྲིང་ཆེ། །དྲེགས་དང་རྣམ་པར་སྒེག་པ་དང་། །འབྲས་དང་དགེ་དང་ཚིག་གསལ་དང་། །བདེན་དང་བདེན་མིན་ངེས་པ་དང་། །ཉེར་ལེན་སྦྱིན་དང་བསྐུལ་དང་དཔའ། །ངོ་ཚ་མེད་དང་ཟིན་དང་གདུག །མི་བསྲུན་དང་ནི་གྱ་གྱུའོ། །ཞེས་པ་རྣམས་འགག་པའོ།། ༈ །།དེ་ནས་ཁྱབ་བྱེད་ཀྱི་རླུང་གིས་རིག་པ་བསྐྱོད་པ་དེ་ཉིད་བྱང་སེམས་དཀར་དམར་འཕྲད་པའི་བར་དུ་འཐུམས་མཚམས་དེར་སྣང་བ་ནག་ལམ་པ་གཅིག་འཆར་ཞིང་། །གཏི་མུག་ལས་གྱུར་པའི་རྟོག་པ་བདུན་ཀྱང་འགག་སྟེ། གང་ཞེ་ན། ཆགས་པ་བར་མའི་སྐད་ཅིག་དང་། །བརྗེད་ངས་འཁྲུལ་དང་མི་སྨྲར་འགྱུར། །སྐྱེ་དང་ལེ་ལོ་ཐེ་ཚོམ་བདུན། ཞེས་པ་ཐམས་ཅད་འགགས་ཤིང་འགའ་ཞིག་ལ་གནད་གཅོད་ཀྱི་སྡུག་བསྔལ་དྲག་པོ་མྱོང་བར་བཤད་ལ། གཞན་ནི་ཐིམ་


TR008_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་རྫོགས་པའི་སྐབས་འདིར་རྩ་རླུང་ཁམས་སེམས་ཀུན་གྱི་དྭངས་མ་སྙིང་གར་ལྷན་ཅིག་འཛོམས་པ་ལ་བརྟེན་ནས། ནམ་མཁའ་འོད་གསལ་ལ་ཐིམ་པ་ཞེས་ཀྱང་བྱ་སྟེ། བར་དོ་དང་པོའི་གཞིའི་འོད་གསལ་ཉིད་འཇག་མའི། སྲིན་བུ་ཡན་ཆད་ལ་འཆར་བའོ།། ༈ །།ད་ནི་བར་དོ་འདི་དག་ལམ་དུ་ཁྱེར་ཚུལ་སྟོན་ཏེ། དེ་ཡང་སྤྱིར་འདུས་བྱས་ཐམས་ཅད་མི་རྟག་པའི་ཚུལ་དང་། སྒོས་སུ་རང་ཉིད་ནམ་འཆི་ཆ་མེད་པ་དང་། ཁྱད་པར་འཆི་དུས་སུ་བླ་མའི་གདམས་ངག་མ་གཏོགས་གང་གིས་ཀྱང་མི་ཕན་པའི། ཚུལ་རྣམས་རྟག་ཏུ་ཡིད་ལ་མ་བསམས་ན། ཆོས་ཀྱི་སྣ་ཁ་མང་པོ་ལ་རྟོག་འཇུག་གམ། སྐྱིད་འདོད་ལྟོ་གོས་ཀྱི་རྩོལ་སྒྲུབ་སོགས་བྱེད་པའི་བར་ལ་འཆི་བས་སླེབས་ཏེ་འགྱོད་དགོས་པ་འབྱུང་བ་ཉིད། ཆེད་དུ་བརྗོད་པའི་ཚོམ་ལས། བུ་དང་


TR008_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་ཕྱུག་འབྱོར་བ་ལ། །མི་རྣམས་ཡོད་ནི་རྣམ་ཆགས་ནས། །འདི་ནི་བྱས་ཟིན་ད་འདི་བྱ། །དེ་དག་བྱས་ནས་འདི་བྱ་ཞེས། །མི་རྣམས་གཡེང་བས་བསླུས་ཀྱི་བར། །འཆི་བདག་གིས་ནི་བླང་ནས་འགྲོ། ཞེས་སོགས་མདོ་རྒྱུད་བསྟན་བཅོས་མཁས་གྲུབ་རྣམས་ཀྱི་གསུང་མགུར་སོགས་ལས་རྒྱ་ཆེར་འབྱུང་བ་བཞིན། ཆོས་སྙིང་པོར་དྲིལ་བ་གཅིག་མ་བྱས་ན་རྣམ་རིག་དང་ཐོས་བསམ་སོགས་ཀྱིས་དགོས་དུས་བསླུས་པ་མང་ཞིང་། ཁྱད་པར་ཚེའི་དུས་ལ་ནམ་བབས་པའི་སྐབས་དེར་ཡང་ལུགས་གཉིས་བྱ་བྱེད་སྤྲོས་བཅས་རྣམས་ཀྱི་འཕྲོའམ་ལྷག་མ་སོགས་ལུས་པའི་སེམས་ཁྲལ་ལྟ་བུ་དང་། གཉེན་འདུན་མཛའ་གྲོགས་མཐོ་དམན་གང་དང་གང་ལའང་ཆགས་པ་དང་སྡང་བའི་ཡིད་བྱེད་ཐམས་ཅད་རྩ་བ་ནས་ལིངས་ཀྱིས་དོར། ཟང་ཟིང་ཡོ་བྱད་


TR008_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རིགས་ཀྱང་ཆེ་བ་སྐུ་གསུང་ཐུགས་རྟེན་ནས་ཆུང་བ་ཁབ་སྐུད་ཡན་ཆད་ཐམས་ཅད་ལྟོས་མེད་མཆོད་སྦྱིན་སྤོང་དག་བྱས་ལ། སེམས་ཀྱི་ལྷག་མ་སྤུ་ཙམ་ཡང་ལུས་རྒྱུ་དང་ཞེན་ཡུལ་མེད་པར་བྱེད་པ་ནི་གལ་ཆེན་གྱི་གནད་དུ་སྣང་བས་བློ་ཐག་ཆོད་པར་བྱ། འཆི་ཁའི་བསམ་པ་སྟོབས་དབང་བཙན་པས་སྡོམ་པ་དམ་ཚིག་སོགས་ལ་ཉེས་ལྟུང་ཕྲ་ཞིང་ཕྲ་བའི་རིགས་ཚོར་བ་དང་མ་ཚོར་བ་མཐའ་དག་དངོས་སམ་ཡིད་ཀྱིས་བཤགས་སྡོམ་བྱ་བ་དང་། དངོས་སུ་བླ་མ་འཛོམས་ནའང་སྐྱབས་ཡུལ་དང་བླ་མའི་རྣལ་འབྱོར་གསལ་ལ་ཏིང་འཛིན་དབང་དང་སྡོམ་པ་བླངས། གྲོགས་ཀྱང་དམ་གཙང་ཆོས་མཐུན་གདམས་ངག་གི་གསལ་འདེབས་སོགས་ཤེས་པ་ཡོད་ན་ཤིན་ཏུ་ལེགས་ལ། གཞན་ནི་འཇིག་རྟེན་གྱི་གཉེན་འདུན་སོགས་ངུ་སྐད་དང་མྱ་


TR008_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ངན་གྱི་ཆགས་སྡང་བསྐྱེད་པར་འགྱུར་བའི་རྐྱེན་རྣམས། ཐོ་ཕྱིར་གཏན་ནས་མེད་པ་གལ་ཆེ་ཆེ། རབ་ཀྱིས་ནི་སྔར་བཤད་པ་བཞིན་རི་དྭགས་ལྟ་བུའི་འཆི་ལུགས་སོགས་ཁོ་ན་ལེགས་པར་གསུངས་ཕྱིར་གྲོགས་ཀྱི་སྤྲོས་པ་བཅད། དེ་ནས་ཐིམ་རིམ་རྣམས་ཀྱང་འདིར་བཤད་པ་རྣམས་གང་ཟག་སྤྱི་ཁྱབ་ལ་འབྱུང་ཚུལ་བརྡ་མཚོན་ཙམ་སྟེ། གཞན་ནི་སོ་སོའི་རྩ་རླུང་ཁམས་རིགས་ཐ་དད་ཀྱི་ཁྱད་པར་དང་། ནད་གདོན་རྐྱེན་དབང་སོགས་ངེས་མེད་དུ་འབྱུང་བས་ཐིམ་རིམ་སྔ་རྟིང་སྣ་ཚོགས་དང་། འགའ་ཞིག་ལ་ནི་ཅིག་ཅར་རྩལ་སྤྲུགས་སུ་བསྡུ་བ་ཡང་འབྱུང་བས་འདི་བཞིན་ཚད་ཅན་དུ་ནི་མི་འབྱུང་ལ། གང་ལྟར་ཡང་ཕྱི་ནང་གསང་བའི་རྟགས་སྣང་ཚུལ་རྣམས་སྔ་གོང་ནས་བློ་ལ་འཇགས་ཤིང་འདྲིས་པ་གལ་ཆེ། དེ་ནས་དུས་ལ་ནམ་བབས་པའི་


TR008_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ལུས་གནད་ནི་རབ་ཀྱི་ཙོག་པུའམ་མི་ནུས་ན་གཞོག་གཡས་ཕབ་སྟེ་སེང་གེའི་ཉལ་ལུགས་སུ་བྱ་ཞིང་། ཉམས་ལེན་གོམས་འདྲིས་གང་ལ་ཡོད་པ་དེ་ཉིད་ལ་དྲིལ་དགོས་ཕྱིར། ཕྱག་རྒྱ་ཆེན་པོའམ། རྫོགས་ཆེན་ཁྲེགས་ཆོད་པའམ། ཞི་བྱེད་པ་སོགས་མདོར་ན་སྟོང་གསལ་རང་རིག་གི་དྲན་པ་ལ་གཙོ་བོར་བྱེད་པ་ཞིག་ཡིན་ན། ཐིམ་རིམ་གང་ཤར་ཐམས་ཅད་གནས་ལུགས་ཆོས་ཉིད་ཀྱི་ངང་ཁོ་ནར་གློད་པ་ལས། གཞན་དུ་མ་ཡེངས་མ་འཁྲུལ་ཙམ་ཉིད་ལ་ཆིག་དྲིལ་དུ་བྱས་ན། གཞིའི་འོད་གསལ་ལ་མ་སླེབས་ཀྱི་བར་གཞན་བྱ་མི་དགོས་ལ། དེར་སླེབས་ནས་ནི་གྲོལ་བ་ལ་ཚེགས་མེད་དོ། །ཡང་སྦྱོར་དྲུག་པའམ། རྫོགས་ཆེན་ཐོད་རྒལ་སྣང་མུན་གཉིས་ཀྱི་འོད་གསལ་ལ་གོམས་པ་ཞིག་ཡིན་ན། འབྱུང་བཞི་ཐིམ་


TR008_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་གསང་རྟགས་དུ་བ་སྨིག་སྒྱུ་སོགས་རིམ་ཅན་དུ་ཤར་བ་མཐའ་དག་རང་རིག་ཆོས་སྐུའི་གསལ་མདངས་ཁོ་ནར་ཐག་ཆོད་པའི་ངེས་པ་དང་། གསལ་སྟོང་ཡེ་ཤེས་ལྷུན་གྲུབ་ཀྱི་ཉམས་ལེན་ལ་རྩེ་གཅིག་ཏུ་འབད། ཡང་ལམ་འབྲས་སམ་ཆོས་དྲུག་སོགས་ཟབ་ལམ་བདེ་སྟོང་ཕྱག་རྒྱ་ཆེན་པོའི་གདམས་པ་ལ་འདྲིས་པའི་ཚེ་ནའང་དེ་དང་མཐུན་པར་རྩ་འཁོར་སོ་སོའི་རླུང་སེམས་སྡུད་རིམ་ངོ་ཤེས་པར་བྱ་ཞིང་། ཁྱད་པར་དུ་ཡང་དཀར་ལམ་འཆར་བའི་ཚེ་སྣང་བའི་འོད་གསལ་དུ་ཤེས་པས་དམ་ཚིག་གི་ཕྱག་རྒྱའི་ལམ་ཁྱེར་དགའ་བའི་ཡེ་ཤེས་ཀྱི་དོན་མངོན་དུ་བྱ་བ་དང་། དེ་བཞིན་དུ་དམར་ལམ་ཤར་ཚེ་མཆེད་པའི་ཉམས་དང་ལས་ཀྱི་ཕྱག་རྒྱའི་ཡེ་ཤེས་དྲན་པ་དང་། ནག་ལམ་འཆར་དུས་ཐོབ་པའི་ཉམས་ཆོས་ཀྱི་ཕྱག་རྒྱའི་དོན་དགའ་བྲལ་ལམ་ཁྱད་དགའི་ཡེ་ཤེས་


TR008_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཉམ་པར་འཇོག་པ་དང་། གནད་གཅོད་ཀྱི་ཟུག་རྔུ་གང་བྱུང་ཉམས་ལེན་དང་བསྲེས་ལ། ལྷན་སྐྱེས་མ་ཤར་གྱི་བར་དུ་མཚམས་སྦྱོར་ངན་པ་གཞན་གྱིས་བར་མ་ཆོད་པར་བྱའོ། །གཞན་ཡང་གང་ཟག་དེ་ལྟ་བུའི་ཉམས་རྟོགས་དང་མི་ལྡན་པ་ཞིག་ཡིན་པའི་ཚེ་ནའང་། བྱིན་རླབས་བླ་མའི་མོས་གུས་ལ་གནད་དུ་བསྣུན་ཏེ། དེ་ཡང་དང་པོ་ས་ཁམས་ཐིམ་ཞིང་འོད་གསལ་སྨིག་རྒྱུ་སྣང་དུས་སུ་སྙིང་གར་བླ་མ་བསྒོམ་ཞིང་མོས་གུས་རྩེ་གཅིག་བྱས་ལ། ཡིད་ཀྱིས་གསོལ་བ་གདབ། ཆུ་ཁམས་ཐིམ་ནས་དུ་བ་ལྟ་བུ་འཆར་ཚེ་ལྟེ་འཁོར་དུ་བླ་མ་བསྒོམ། མེ་ཁམས་ཐིམ་ཞིང་མེ་ཁྱེར་ལྟ་བུ་སྣང་ཚེ་དཔྲལ་བར་བླ་མ་བསྒོམ། རླུང་ཁམས་ཐིམ་སྟེ་སྒྲོན་མེ་ལྟ་བུ་དག་ལ་ནི་ཁྱད་པར་དྲན་མཆོག་བླ་མའི་འཕོ་བ་ལ་གནད་དུ་བསྣུན་


TR008_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསུངས་སོ།། ༈ །།ད་ནི་ཞར་ལ་འཕོ་བའི་སྐབས་དོན་བཤད་པ་ལ་གསུམ་སྟེ། གང་ཟག་གི་ཁྱད་པར་དང་། འཕོ་བའི་དུས་དང་། འཕོ་བ་དངོས་དང་གསུམ་ལས། གང་ཟག་ནི། རྣལ་འབྱོར་རབ་ཚེ་འདིར་ཕྱག་རྫོགས་སོགས་ཀྱི་དོན་མངོན་དུ་གྱུར་ཏེ་ལྷག་མེད་དུ་འགྲུབ་པའམ། མ་འགྲུབ་ཀྱང་དབུགས་ཆད་པ་དང་གྲོལ་བ་དུས་མཉམ་གྱི་གདིང་ལྡན་དག་ལ་ནི་འཕོ་བའི་མན་ངག་ལོགས་སུ་སྦྱང་ཡང་མི་དགོས་ལ། འཕོ་བ་འདེབས་སུ་ཡོང་མི་འཚལ་ཞིང་། འོན་ཀྱང་གདུལ་བྱ་གཞན་དྲང་བའི་དོན་ལ་དགོངས་ནས་འཕོ་བའི་ཚུལ་མཛད་པ་ལྟར་སྣང་བ་ནི། རྒྱ་གར་ན་སློབ་དཔོན་ཀླུ་སྒྲུབ་སོགས་མང་པོ་དང་། བོད་དུ་ཡང་རྗེ་མར་པ་མྱ་ངན་ལས་འདའ་ཁར་ཡུམ་བདག་མེད་མ་འོད་ཀྱི་གོང་བུར་བྱས་ནས་ཐུགས་ཀར་


TR008_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ཏེ། སྐུ་ལུས་བསྲངས་ནས་བུ་ཀུན་འཕོ་བ་བྱེད་ན་འདི་ལྟར་གྱིས་ཤིག་གསུངས་ཏེ་དབུ་ཐོད་ཀྱི་ཚལ་པ་ཡལ་བའི་ཤུལ་ནས་འོད་ལྔ་ལྡན་སྒོ་ང་ཙམ་ཞིག་སྟེང་གི་ནམ་མཁར་འཕགས་པའི་སྣང་ཚུལ་བསྟན་པ་དང་། གྲུབ་ཐོབ་མེ་ལོང་རྡོ་རྗེས་ཚོགས་འཁོར་གྱི་དབུས་སུ་ཞལ་ཆེམས་ཀྱི་མགུར་གསུངས་པའི་མཐར། དབུ་གཙུག་ནས་འོད་ཟེར་དཀར་པོ་རྫ་མ་ཙམ་ཞིག་ནམ་མཁར་འཕགས་པ་ཇེ་ཆེར་གྱུར་པས་འཇའ་འོད་དང་ཐིག་ལེས་ནམ་མཁའ་ཁྱབ་པར་མཛད་པ་སོགས་མདོར་ན་གསར་རྙིང་གི་གྲུབ་ཐོབ་སྐྱེས་ཆེན་མང་པོས་འདི་ལྟར་མཛད་ཚུལ་ཤིན་ཏུ་མང་མོད་ཀྱི། འདི་དག་ནི་མིང་འཕོ་བ་རུ་བཏགས་ཀྱང་དོན་ལ་འཇའ་ལུས་དང་ཁྱད་ཆེར་མི་འབྱུང་ཞིང་། ཡང་འགའ་ཞིག་རྩ་བའི་དམ་ཚིག་ཉམས་པའི་རིགས་ཅན་


TR008_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་ཞིག་ལ་ནི་འཕོ་བ་བཏབ་ཀྱང་མི་ཐེབས་པར་བཤད། ཅིའི་ཕྱིར་ན་འཕོ་བའི་གདམས་ངག་དེ་བྱིན་རླབས་ལ་རག་ཅིང་། དེ་ནི་བླ་མ་ལ་རག་ལུས་པས་དམ་ཚིག་རྩ་བ་ནས་ཉམས་ཤིང་མ་བཤགས་ན་བྱིན་རླབས་འཇུག་པའི་ཡུལ་མེད་ཕྱིར་འཕོ་བ་ཡང་འབྲས་བུ་མེད་དོ། །འོ་ན་རྡོ་རྗེ་གདན་བཞིའི་རྒྱུད་ལས། མཚམས་མེད་ལྔ་པོ་བྱེད་པ་ཡང་། །འདི་ཡི་ལམ་གྱིས་གྲོལ་གྱུར་ཏེ། །སྡིག་པས་གོས་པར་མི་འགྱུར་རོ། །ཞེས་གསུངས་སོ་སྙམ་ན། དེ་ནི་དང་པོར་སྡིག་པ་ལ་སྤྱད་ཀྱང་སླར་ཉམས་ལེན་ལ་ཞུགས་པས་གྲོལ་བ་རྣམས་དང་། དེར་མ་ཟད་རྡོ་རྗེ་སློབ་དཔོན་ལ་དམ་ཚིག་མ་ཉམས་ཤིང་དད་པ་དང་ལྡན་ན་སྡིག་ཅན་ཡང་འཕོ་བས་གྲོལ་བ་ལ་དགོངས་པའོ།། ༈ །།གཉིས་པ་འཕོ་བའི་དུས་ནི་


TR008_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་འབྱུང་རགས་པ་ཐིམ་པ་ཡན་ཆད་ནི་ཚུར་པོས་པའང་སྲིད་ལ། གང་ཟག་གཞན་ལ་འཕོ་བ་འདེབས་སྔས་ན་དེས་ཁོང་ཁྲོ་སོགས་མཚམས་སྦྱོར་ངན་པ་བྱེད་རྐྱེན་གྱི་ཉེན་ཡང་ཡོད་པ་དང་། གཞན་ཡང་རྒྱུད་ལས། དུས་ལ་བབས་ན་འཕོ་བྱ་སྟེ། །དུས་མིན་ལྷ་རྣམས་བསད་པར་འགྱུར། ཅེས་གསུངས་ཕྱིར་དུས་གནད་གལ་ཆེ་ལ། དུས་ནི་སྔར་བཤད་པ་ལྟར་གྱི་འབྱུང་བ་རྣམས་ཐིམ་ཞིང་ཕྱི་དབུགས་ཆད་ནས་ནང་གི་སྣང་བ་ཐིམ་རྟགས་དཀར་ལམ་ཤར་བ་དང་འཕོ་བ་གསལ་གདབ་ལ། མཆེད་པ་ཐིམ་རྟགས་དམར་ལམ་ཤར་མཚམས་སུ་སྡིག་ཅན་ལ་གཤིན་རྗེའི་འཇིགས་སྣང་དང་། ལས་དག་པ་རྣམས་ལ་དཔའ་བོ་མཁའ་འགྲོས་བསུ་བའི་བཀོད་པ་འཆར་བས་དེ་དུས་འཕོ་བར་བྱའོ།། ༈ །།འཕོ་བའི་གདམས་པ་དངོས་ནི། སྦྱངས་པ་དང་ལས་སྦྱོར་གཉིས་


TR008_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དང་པོ་སྦྱངས་པ་གལ་ཆེ་བ་དང་། ཇི་ལྟར་སྦྱོང་བའི་ཐབས་ཀྱི་རྣམ་གྲངས་མང་ཡང་བསྡུ་ན་ལྔར་འདུས་ཏེ་ཆོས་སྐུ་གཏད་མེད་ཀྱི་འཕོ་བ། ལོངས་སྐུ་ཟུང་འཇུག་གི་འཕོ་བ། སྤྲུལ་སྐུ་རྩལ་སྦྱོང་གི་འཕོ་བ། བྱིན་རླབས་བླ་མའི་འཕོ་བ་དང་ལྔར་གསུངས་པ་ལས། འཆུགས་མེད་མཁའ་སྤྱོད་ཀྱི་འཕོ་བ། དང་པོ་ཆོས་སྐུའི་དོན་ནི། སྔར་བཤད་པའི་ཕྱག་རྫོགས་སོགས་ལ་བརྟན་པ་ཐོབ་པ་ཉིད་ཡིན་ཚེ་ལོགས་སུ་སྦྱང་མི་འཚལ་ཞིང་། འདི་སྐབས་རྫོགས་ཆེན་སྙིང་ཐིག་དག་ལ་ནི། ཤེས་རབ་རང་བྱུང་གི་སྒྲོན་མ་ཞེས་བྱ་བ་རང་རིག་འདི་ཉིད། ལམ་དཀར་འཇམ་རྩའི་སྒྲོན་མ་ནས་བརྒྱུད། སྒོ་རྒྱང་ཞག་ཆུའི་སྒྲོན་མ་ལས་ཐོན་ཏེ། ཡུལ་དབྱིངས་རྣམ་དག་གི་སྒྲོན་མར་འཕོ་ཚུལ་གྱི་བརྡར་ཐབས་རྒྱས་པར་གསུངས་ཕྱིར། ཆོས་དེ་དག་གི་


TR008_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ལེན་ལ་གོམས་པས་ནི་དེ་ལྟར་བྱ་ཞིང་། ཟབ་ལམ་ཆོས་དྲུག་ལ་ནི་གཤིས་ལུགས་གཉུག་མའི་འཕོ་བ་ཞེས་གསུངས་པ་ཡང་ཆོས་སྐུའི་འཕོ་བ་འདི་ཉིད་དོ།། ༈ །།གཉིས་པ་ལོངས་སྐུ་ཟུང་འཇུག་ནི། གང་ཟག་བསྐྱེད་རིམ་ཚུལ་ལྡན་ལ་རང་དབང་ཐོབ་པའམ། ཆོས་དྲུག་ལྟར་ན་དག་པའི་སྒྱུ་ལུས་ལ་བསྒོམ་པ་མངོན་གྱུར་དག་གི་སྤྱོད་ཡུལ་ཏེ། མདོར་ན་ཆོས་སྐུ་ལོངས་སྐུ་གཉིས་པོ་འདི་ནི་ཚེ་འདིར་རྫོགས་རིམ་དང་བསྐྱེད་རིམ་ལ་རབ་ཏུ་གོམས་པས། དུས་ལ་ནམ་བབས་ཚེགས་མེད་འགྲུབ་པ་ལས། ཕལ་པ་གཞན་གྱིས་ནི་མ་ཡིན་ཅིང་། དོན་དམ་གསང་ཆེན་གྱི་འཕོ་བའང་འདིར་འདུ་བའོ།། ༈ །།གསུམ་པ་སྤྲུལ་སྐུ་རྩལ་སྦྱོང་གི་འཕོ་བའམ། གསལ་སྣང་མིག་འཕྲུལ་གྱི་འཕོ་བ་འདི་ལ་ནི་ད་ལྟ་ནས་སྦྱོང་བ་གལ་ཆེ་སྟེ་


TR008_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིད་རིམ་གང་གི་རྒྱུད་ནས་འབྱུང་བ་ལྟར་རམ་འཕོ་བའི་སྒོས་ཁྲིད་བྱེད་ཀྱང་རུང་སྟེ། བླ་མ་ཉམས་མྱོང་བྱིན་རླབས་དང་ལྡན་པ་ལ་ཞུས་ནས་རྟགས་ཐོན་དུ་སྦྱང་བར་བྱ་སྟེ། དེ་ལ་སྐྱབས་སེམས་སྔོན་དུ་བཏང་ལ། དངོས་གཞི་ནི། བཅའ་བ་ལུས་ཀྱི་གནད། འཕོ་འཇུག་རླུང་གི་གནད། འཕྲུལ་བསྒྱུར་དམིགས་པའི་གནད་རྣམས་ལ་རྩེ་གཅིག་ཏུ་བྱ་ཞིང་། ལུས་ཡི་དམ་གང་རུང་གི་བསྐྱེད་རིམ་དང་ལྡན་པའི་ངང་ནས་འཁོར་བའི་སྒོ་བརྒྱད་དགག་པ་དང་། གསལ་སྟོང་ལུས་ཀྱི་སྟོང་པའི་ནང་དུ་དབུ་མ་རྩའི་སྟོང་ར་གསལ་བ་དང་། ཚངས་བུག་སྐར་ཁུང་གི་སྟེང་ན་འོད་དཔག་མེད་དམ་ལྷག་པའི་ལྷ་གང་མོས་བསྒོམ་པ་དང་། རླུང་སེམས་ཀྱི་ངོ་བོ་ལྷ་སྐུའམ་ཡིག་འབྲུ་ཕྱག་མཚན་འོད་གོང་ལ་སོགས་དབུ་མའི་ལམ་དུ་འགྲིམ་


TR008_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུལ་སྤར་འབེབས་ཀྱི་རྩལ་སྦྱང་བ་རྣམས་དང་། ཐུན་མཐར་ཚེ་བསྲིང་གི་མན་ངག་སོགས་མདོར་ན་འཕོ་བའི་གཞུང་གང་བྱེད་དེ་ཀའི་ལུགས་དང་མཐུན་པར་སྦྱངས། གལ་ཏེ་ལོག་ནོན་དང་ཁ་བསྒྱུར་སོགས་དགོས་པ་བྱུང་ནའང་བླ་མས་ལེགས་པར་བསྟན་ལ་རྟགས་ཐོན་པར་བྱའོ།། ༈ །།བཞི་པ་བྱིན་རླབས་བླ་མའི་འཕོ་བ་ཡང་། སྤྱི་བོའི་ལྷ་དེ་བླ་མར་བསྒོམ་པ་མ་གཏོགས་གཞན་ཕལ་ཆེར་འདི་དང་མཐུན་ཞིང་། འདི་ལ་ནི་ཁྱད་པར་དུ་བླ་མ་ལ་སངས་རྒྱས་དངོས་སུ་ཤེས་པའི་མོས་གུས་གལ་ཆེའོ།། ༈ །།ལྔ་པ་མཁའ་སྤྱོད་ཀྱི་འཕོ་བ་ནི། དག་པའི་ཞིང་ཁམས་སྦྱོང་བ་སྟེ། འདི་ལ་ནི་གང་ཟག་དེ་རྨི་ལམ་སྤྲུལ་བསྒྱུར་འབྱོང་པ་ཞིག་དགོས་ལ། རྫོགས་ཆེན་དུ་རང་བཞིན་སྤྲུལ་པའི་ཞིང་དུ་དབུགས་དབྱུང་བའི་གདམས་པ་གསུངས་པ་རྣམས་དང་དོན་


TR008_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གོ།། ༈ །།མཐར་འཕོ་བ་ལས་ལ་སྦྱར་བ་ནི། དེ་ལྟར་འཕོ་བའི་རིགས་རྣམས་གང་བྱེད་ཀྱང་ཚེ་འདི་སྣང་གི་ཞེན་ཆགས་དང་། དུག་གསུམ་སོགས་ཉོན་མོངས་པའི་དབང་དུ་མ་ཤོར་བར་དམིགས་པ་གར་གཏད་ལ་ཡིད་ཆེས་རྩེ་གཅིག་ལས་སུ་རུང་བ་གཅིག་དགོས་ཏེ། མཚམས་སྦྱོར་ངན་པ་ཅུང་ཟད་ཙམ་གྱིས་ཀྱང་འཕོ་བའི་གེགས་བྱེད་པས་ན། ངན་རྟོག་གི་དབང་དུ་སྐད་ཅིག་ཀྱང་མི་བཏང་བར་དུས་ལ་ནམ་བབས་ཚེ་དཔག་ཆེན་གྱི་མདའ་ལྟར་དམིགས་པའི་འབེན་ལ་ཐེ་ཚོམ་མེད་པར་འཕངས་ཏེ་ཕྱིར་མི་དབབ་བོ། །དེས་ནི་གྲུ་ཁ་སྐྱ་བའམ། རྟ་ཁ་སྲབ་ཀྱིས་བསྒྱུར་བ་བཞིན་གང་འདོད་ཀྱི་དོན་འགྲུབ་སྟེ། ལར་འཕོ་བ་འཕོ་བ་ཟེར་ཡང་རང་གི་རིག་པ་དྲི་མེད་འདི་ངོས་བཟུང་ནས་འཁྲུལ་པའི་ལམ་དུ་ཁ་ཤོར་དུ་མི་འཇུག་པར་


TR008_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་ངག་གི་སྲང་ལ་བཅུར་ནས་ཆོས་ཀྱི་དབྱིངས་སུ་བསྟིམ་པ་ལ་ཟེར་བས། ཚེ་རབས་ནས་སྨོན་ལམ་དང་ཚོགས་གཉིས་ཀྱི་བསགས་རྒྱབ་ཅུང་ཡོད་པ་རྣམས་དང་། ཚེ་འདིར་ཡང་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་དང་བླ་མ་ལ་མོས་པ་མ་ལོག་ཅིང་དམ་ཚིག་ལ་ཉེས་ལྟུང་མེད་པ་ཞིག་གིས་ནི་འགྲུབ་སླ་བར་གདའ་ཡང་། སུ་རུང་རུང་གིས་ཡོང་བར་དཀའ་བ་འདྲ་ཞིང་། སྡིག་པོ་ཆེ་བཙན་ཐབས་སུ་སངས་རྒྱས་ཟེར་བ་ཡང་གོང་དུ་བཤད་པ་ལྟར་གྱི་རྟེན་འབྲེལ་འཛོམ་དགོས་པར་གསལ་བས། གདམས་ངག་ཐམས་ཅད་ཀྱི་གོམས་འདྲིས་དང་རྟེན་འབྲེལ་ཀུན་ད་ལྟ་རང་དབང་དང་ལོང་ཁྱབ་ཡོད་དུས་ནས་བསྒྲིགས་པ་ནི་གནད་དམ་པའོ། །འདིར་སྨྲས་པ། རྗེ་རྒྱལ་བ་སྲས་བཅས་ཀྱི་ཐུགས་རྗེ་ལས། །ཆོས་མདོ་རྒྱུད་ཟབ་དོན་གྱི་ཆར་བབས་ཀྱང་། །བློ་འཁྲུལ་


TR008_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ཞེན་ཨ་འཐས་ཀྱི་སེམས་ཅན་ལ། །རྒྱུད་སྨིན་གྲོལ་མྱུ་གུ་ཞིག་འཁྲུངས་པར་དཀའ། །ཚེ་འདི་གང་ཆོས་མིན་གྱི་དབང་བཏང་ནས། །དོན་དགོས་ངེས་དམ་ཆོས་ཉིད་ཡལ་བར་དེར། །ནམ་འཆི་ཁར་འགྱོད་ཆེན་གྱི་མེ་ལོང་དེ། །རང་གདོང་ལ་རང་ཉིད་ཀྱིས་འཆར་ཚེ་འཕྱིས། །དྲན་གསལ་པོ་མི་ཆོས་ཀྱི་ཕེར་ཡོང་དང་། །ཚིག་ཁ་བཤད་རྒྱ་འབྱམས་ཀྱི་མཁས་པ་རྣམས། །གག་ཐུག་པོ་ཤི་ནད་ཀྱིས་ཐེབས་དུས་དེར། །གྱོང་ལེན་ཉེན་སུ་ཞིག་ལ་འདེད་དམ་སེམས། །ཅེས་བར་སྐབས་ཀྱི་ཚིག་སུ་བཅད་པའོ།། ༈ །།དོན་གསུམ་པ་ཆོས་ཉིད་འོད་གསལ་གྱི་བར་དོའི་རང་བཞིན་བཤད་པ་ལ་ཡང་། ངོ་བོ་ངོས་བཟུང་བ་དང་། །འཆར་ཚུལ་རྒྱས་པར་བཤད་པ་དང་། །གདམས་ངག་ལམ་དུ་ཁྱེར་ཐབས་དང་གསུམ་གྱི་དང་པོ། ངོ་བོ་


TR008_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞེ་ན། དེ་ལྟར་གོང་དུ་བཤད་པའི་ཐིམ་རིམ་མཐའ་དག་རྫོགས་པ་དང་། ཁམས་ཀྱི་དྭངས་མ་དཀར་དམར་ཨ་ཧཾ་ཐབས་ཤེས་ཁ་སྦྱོར་གྱི་བར་དུ་རླུང་རིག་འདུས་པའི་རྐྱེན་གྱིས་ཡེ་གདོད་མའི་འོད་གསལ་ཆོས་ཀྱི་སྐུ་སྤྲོས་བྲལ་ལྷན་ཅིག་སྐྱེས་པ་བདེ་བ་ཆེན་པོའི་ཡེ་ཤེས་བཅོས་མ་མ་ཡིན་པ་ཞིག་ངེས་པར་འཆར་བ་དེ་ལ་མིང་གི་རྣམ་གྲངས་སུ་རྒྱུའི་ཐེག་པ་རྣམས་ལས་ནི། དོན་དམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ལ། དབུ་མ་པས་ནི་དོན་དམ་པའི་བདེན་པ་ཞེས་ཟེར། ཕྱག་ཆེན་པས་ནི་མི་རྟོག་པ་ནང་འཕྲོད་པ་ཡང་ཟེར། རྫོགས་ཆེན་སེམས་ཕྱོགས་པ་རྣམས་ནི་རིག་པ་གཤིས་ཐོག་ཏུ་ཕེབས་པ་ཟེར། འོད་གསལ་གསང་སྐོར་བ་རྣམས་ལས་ནི་ལྷུན་གྲུབ་འོད་ཀྱི་བསུན་མ་ཡང་ཟེར། ཟབ་ལམ་པ་


TR008_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལྷན་སྐྱེས་ཡེ་ཤེས་ཀྱི་ཕྱག་རྒྱ་ཆེན་པོ་ཡང་ཟེར། ཆོས་སྤྱི་ཁྱབ་ཀུན་མཐུན་པར་བར་དོ་དང་པོའི་འོད་གསལ་ཞེས་གྲགས་པ་དེ་ཉིད་དོ། །འཆར་ཚུལ་རྒྱས་པར་བཤད་པ་ལ་ཡང་། ཐུན་མོང་དང་ཁྱད་པར་གཉིས་ཀྱི་དང་པོ་ནི། དེ་ཡང་རྒྱུད་སྡེ་ཕལ་མོ་ཆེ་རྣམས་ལས་ནི། ཐོག་མར་སྨིག་སྒྱུ་ལ་སོགས་སྔར་བཤད་པ་རྣམས་རིམ་ཅན་དུ་འཆར་བ་དེ་ལ་སྣང་བའི་འོད་གསལ་དུ་བརྗོད་ལ། ཐིམ་རིམ་རྫོགས་ནས་གཞིའི་འོད་གསལ་དངོས་དེ་ལ་སྣང་མེད་ཀྱིའམ། སྟོང་པའི་འོད་གསལ་ཀྱང་ཟེར། ཡང་འགའ་ཞིག་ལས་ནི། སྣང་མཆེད་ཐོབ་གསུམ་གྱི་ཤར་ཚུལ་དེ་དག་ལ་རྟགས་ཀྱི་འོད་གསལ་དང་། དངོས་གཞི་འདི་ལ་དོན་གྱི་འོད་གསལ་ཞེས་པའི་ཐ་སྙད་ཀྱང་མཛད་ཅིང་། གཉིས་མེད་རྣམ་རྒྱལ་ལས་


TR008_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །དང་པོ་སྨིག་རྒྱུ་དེ་ཉིད་ཀྱང་། །འོད་ཟེར་ལྔ་དང་ལྡན་པར་མཐོང་། །གཉིས་པ་ཟླ་བ་ལྟ་བུ་དང་། །གསུམ་པ་ཉི་མ་ལྟ་བུ་སྟེ། །བཞི་པ་མུན་པ་ལྟ་བུ་དང་། །ཞེས་རྟགས་ཀྱི་འོད་གསལ་དང་། །ལྔ་པ་སྤྲིན་མེད་ནམ་མཁའ་ལྟར། །མི་རྟོག་མཐའ་དབུས་མེད་པར་འཆར། ཞེས་དོན་གྱི་འོད་གསལ་དངོས་བསྟན་པའོ། །དེ་དག་ལ་རྟགས་ཀྱི་འོད་གསལ་དུ་བརྗོད་པ་ཅི་ཞེ་ན། དང་པོ་སྨིག་རྒྱུ་སོགས་ནི་སྒོ་ལྔའི་རྣམ་ཤེས་ཀུན་གཞིར་ཐིམ་པའི་རྟགས་དང་། དེ་བཞིན་དུ། དཀར་ལམ་ཉོན་ཡིད་ཀུན་གཞིར་ཐིམ་རྟགས་དང་། དམར་ལམ་ནི་ཡེ་ཤེས་ཐིམ་རྟགས་དང་། ནག་ལམ་ནི་ཀུན་གཞི་མ་རིག་པའི་ཆ་དེ་ཉིད་རང་སར་ཐིམ་པ་དང་། དེ་ཐམས་ཅད་དོན་དམ་ཆོས་དབྱིངས་སུ་ཐིམ་པ་ཆོས་སྐུའི་ཡེ་ཤེས་དྲི་མ་དང་བྲལ་བ་འཆར་བ་


TR008_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ། དེ་ལྟར་གཞིའི་འོད་གསལ་དེ་ཉིད་སྐབས་འདིར་འཆར་བའི་རྒྱུ་ནི། སེམས་ཅན་ཐམས་ཅད་ལ། བདེ་གཤེགས་སྙིང་པོས་ཡེ་ཁྱབ་ཏུ་གནས་པ་དེ་ཉིད་ལྷུན་ཅིག་སྐྱེས་པའི་མ་རིག་པའམ། ཀུན་གཞི་གཏི་མུག་གི་ཆས་བསྒྲིབས་ཏེ། རང་ལ་ཡོད་པའི་ཡེ་ཤེས་ཡིན་པར་རང་ངོ་མ་ཤེས་པས་རྟག་ཏུ་འཁྲུལ་འབྱམས་སུ་གྱུར་ཅིང་། ཐིམ་རིམ་གྱི་སྐབས་འདིར་སྒྲིབ་ཆ་དེ་དར་གཅིག་རང་སར་ཐིམ་པའི་གནད་ཀྱིས་ཡེ་ཤེས་རྗེན་པར་ཤར་བ་ཡིན་ལ། ཐ་མལ་པ་རྣམས་ལ་ཤར་ཡང་རང་ངོ་མ་ཤེས་པས་སླར་བསྒྲིབས་པའི་བག་ཆགས་ལངས་ཏེ་ཡང་ཡང་སྐྱེ་བ་ཕྱི་མའི་འཕྲོ་མཐུད་ནས་འཁོར་བ་ལུ་གུ་རྒྱུད་དུ་གྱུར་པ་ཡིན་པ་དང་། གདམས་པའི་གནད་ལ་གོམས་པ་ཐོབ་པའི་རྣལ་འབྱོར་རྣམས་ལ་


TR008_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གདོད་མའི་གནས་ལུགས་རང་བཞིན་གྱིས་ཤར་བའི་འོད་གསལ་མ་དེ་དང་། ལམ་ཉམས་སུ་བླངས་པའི་འོད་གསལ་བུ་དེ་ཉིད་སྔར་འདྲིས་ཀྱི་མི་འཕྲད་པའམ། ཆུ་སྣ་རྒྱ་མཚོར་སླེབས་པ་ལྟར་དབྱེར་མེད་དུ་འདྲེས་ཕྱིར་གྲོལ་སླ་བའི་རྒྱུ་མཚན་དེ་ལྟར་ཡིན་པ་སྟེ། འདི་ལ་གསང་སྔགས་གསར་མ་ལྟར་ན། དོན་དམ་པའི་འོག་མིན་ཆོས་ཀྱི་དབྱིངས་རྣམ་དག་གི་ཕོ་བྲང་ན་ཟུང་འཇུག་ཡན་ལག་བདུན་ལྡན་གྱི་སྟོན་པ་རྡོ་རྗེ་འཆང་ཆེན་དབྱིངས་དང་ཡེ་ཤེས་རོ་མཉམ་དུ་གྱུར་པའི་བདག་ཉིད། ཅེས་སོགས་གསུངས་པ་དང་། རྙིང་ལུགས་རྣམས་ནས་ཀྱང་གདལ་བ་ཆེན་པོ་ཀུན་ཁྱབ་ཀྱི་ཞིང་དུ་ཡིད་བྱེད་པ་པོ་ཀུན་ཏུ་བཟང་པོ་རང་ཤེས་རིག་པའི་རྒྱལ་པོ་དང་ཆོས་བྱ་བ་མོ་ཀུན་ཏུ་བཟང་མོ་མཁའ་དབྱིངས་རྣམ་པར་དག་པའི་བདག་ཉིད་གཉིས། དབྱེར་


TR008_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བདེ་ཆེན་ཀ་དག་གི་ངོ་བོར་དུས་བཞི་མཉམ་ཉིད་འཕོ་འགྱུར་མེད་པར་བཞུགས་སོ། །ཞེས་སོགས་མདོར་ན། གསང་སྔགས་ཟབ་མོའི་རྒྱུད་ཀྱི་གླེང་གཞི་ཐམས་ཅད་གནས་ལུགས་འདིའི་མངོན་རྟོགས་སུ་གསུངས་པ་ཁོ་ན་ཉིད་ལས་མ་འདས་པ་ཡིན་ནའང་བློ་ཆུང་དང་རྟོག་གེ་བ་རྣམས་ཀྱི་བློར་ཤོང་བ་དཀའ་མོད། ཁྱད་པར་སྐབས་འདིར་ཉིད་ཀྱིས་དྲིས་པའི་དངོས་དོན་སྙིང་པོ་དང་། འཕྲོས་སུ་རྡོ་རྗེའི་ཚིག་རྐང་སྐྱེས་ཆེན་རྣམས་ཀྱི་གསུང་བགྲོས་ལུང་འདྲེན་དང་བཅས་མཛད་སྣང་བ་དེ་བཞིན་བདག་གི་ཡིད་ལ་ཡང་ཤིན་ཏུ་བབས་ཤིང་། འདི་སྐབས་ནི་གསར་རྙིང་གི་རྒྱུད་སྡེ་རྣམས་དང་། རིག་འཛིན་གྲུབ་ཐོབ་ཐམས་ཅད་བཞེད་པའང་ཞལ་མཐུན་པར། གཞིའི་འོད་གསལ་འདི་དོན་དམ་ཆོས་སྐུའི་ངོ་བོའི་གྲོལ་གཞིར་དགོས་ཚུལ་མཐུན་


TR008_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ལ། འོན་ཀྱང་རྗེ་ཇོ་ནང་པའི་ཞལ་ཆེམས་སུ། བླ་མ་གཞན་རྣམས་འོད་གསལ་ཞེས་འདོད་པ་དེ་ནི་གཞི་གནས་ལ་བརྟན་པ་ཅུང་ཟད་ཐོབ་པའི་གང་ཟག་ལ་རླུང་དབུ་མར་ཆུད་པས་བདེ་སྣང་ཅུང་ཞིག་འཆར་བ་ལ་སེམས་ཆགས་པ་ཡིན་ཞིང་། བྲག་ཕུག་འོད་གསལ་ཅེས་བྱ་སྟེ་འོད་གསལ་རྣལ་མ་རུ་མི་འདོད། ཅེས་སོགས་གསུངས་པ་ཡོད་པར་གྲགས་ཀྱང་། དགོས་པ་གཞན་ལ་དགོངས་པ་ལྟ་བུ་ཡིན་ལས་ཆེ་ཞིང་། གཞན་ནི་ཆོས་ལུགས་ཐམས་ཅད་འདི་སྐབས་བཞེད་ཚུལ་གཅིག་པར་སྣང་བ་དང་། ལར་གང་ཟག་ཕལ་ཆེ་བ་ལ་ནི་ཤར་ཡང་ངོ་མ་ཤེས་ཤེས་ཀྱང་གོམས་པ་ཆུང་ཚེ་དེའི་ངང་ལ་གནས་མ་ནུས་པས་ལན་པ་མ་གཏོགས་གྲོལ་གཞི་དངོས་ཡིན་མིན་ཐེ་ཚོམ་དང་བྲལ་བ་སྟེ། ཇི་སྐད་དུ། །རྫོགས་ཆེན་སེང་གེ་


TR008_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་རྫོགས་ཀྱི་རྒྱུད་ལས། །སངས་རྒྱས་རྣམས་ཀྱི་དགོངས་པའི་ཆོས་ཉིད་ནི། །འགྲོ་བ་ཀུན་ལ་རང་བཞིན་ཡེ་ནས་ཁྱབ། །གསང་བའི་རིག་པ་ཡུལ་ལ་སྣང་གྱུར་ན། །སྣང་བའི་འོད་ལྔ་མ་བུ་འཕྲད་པའི་ཚུལ། །བུ་ཡི་སྣང་བ་མ་ལ་ཐིམ་པའི་ཚེ། །བྱ་བྱེད་བློ་ཡི་སྣང་བ་ཀུན་སངས་ཏེ། །འཁྲུལ་རྟོག་ལུང་གི་ཐེ་ཚོམ་ཆོད་གྱུར་ནས། །ཡེ་ཤེས་ཉི་ཟེར་ཀུན་ཏུ་སྣང་བ་ཡིས། །མཚན་མའི་དངོས་པོ་རབ་ཏུ་དེངས་པར་འགྱུར། །རྣམ་རྟོག་བློ་ཡི་ཐེ་ཚོམ་བྲལ་བའི་མཐུས། །རིག་པའི་ཡེ་ཤེས་སྟོབས་སུ་གྱུར་ནས་ནི། །བསམ་བྲལ་ངང་ལ་དེ་བཞིན་གནས་པ་འབྱུང་། །སྣང་བ་མེད་པའི་ཡེ་ཤེས་ཅི་ཡང་མཐོང་། །གསང་སྔགས་འབྲས་བུ་བཅུད་དང་ལྡན་གྱུར་ནས། །རིག་པའི་ཡེ་ཤེས་ཐུབ་པ་མེད་


TR008_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྣང་། །དེ་ཚེ་རང་གི་དྲན་པས་སད་ནས་ནི། །ཡུལ་རྐྱེན་འབྱུང་བའི་ངོ་བོ་རྣམ་པར་དག །ཐ་སྙད་བྲལ་བའི་ཡེ་ཤེས་དོན་ལ་སྤྱོད། །གསང་སྔགས་ཚད་མའི་སྣང་བ་མཐོང་བར་འགྱུར། །ཡིན་དང་མིན་པའི་ཤེས་པ་མ་ཞུགས་ན། །ཞག་ལྔ་དག་ན་ཏིང་འཛིན་ཐོབ་པར་འགྱུར། ཅེས་སོགས་དང་། །ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས། །དེ་ཕྱིར་འདི་མ་གོས་པས་ཆོག །རང་ཤར་རང་གྲོལ་སྐྱེ་མེད་ཀློང་། །ལྷུན་གྲུབ་ཀ་དག་ཀློང་དུ་ཐིམ། །རེ་དོགས་གཉིས་ཀྱི་མཐའ་དང་བྲལ། །རྒྱུ་འབྲས་གཉིས་ཀྱི་མཐའ་ཟད་ནས། །དབྱིངས་རིག་གཉིས་མེད་ཀ་དག་གྲོལ། །བྱར་མེད་ལྷུན་རྫོགས་ཆེན་པོའོ། །ཞེས་པ་དང་། གཞན་ཡང་དུས་འཁོར་རྩ་བའི་རྒྱུད་ལས། །འོད་གསལ་དེ་ལ་སེམས་ཟིན་ན། །བར་དོ་མེད་པར་མྱ་ངན་དང་།


TR008_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་ཀུན་ལས་ངེས་པར་གྲོལ། ཅེས་དང་། གཉིས་མེད་རྣམ་རྒྱལ་ལས་ཀྱང་། །འོད་གསལ་ཟིན་པའི་གང་ཟག་ལ། །བར་དོའི་གྲོང་ཁྱེར་དེས་མི་མཐོང་། །གཞན་དོན་གཟུགས་སྐུའི་སྣང་བ་འཆར། །དཔེར་ན་ཡིད་བཞིན་ནོར་བུ་བཞིན། །ཅེས་སོགས་ལུང་མཐའ་ཡས་ཕྱིར་ཐེ་ཚོམ་མི་བྱའོ། །དེས་སྤྱི་མཐུན་ལྟར་བཤད་ནས། །ཁྱད་པར་རྫོགས་པ་ཆེན་པོའི་མན་ངག་གི་སྡེ་དང་། ཡང་གསང་བླ་ན་མེད་པའི་སྙིང་ཐིག་སྐོར་གྱི་ལུགས་ལྟར་ན། །ཀ་དག་ཆོས་སྐུའི་འོད་གསལ་དང་། །ལོངས་སྐུའི་འོད་གསལ་གཉིས་སུ་ཕྱེ་བའི་དང་པོ་དེ་ན། སྔར་བསྟན་པའི་གནས་ལུགས་གཞིའི་འོད་གསལ་སྤྲིན་མེད་ཀྱི་ནམ་མཁའ་གཡའ་དག་པ་ལྟ་བུར་འཆར་བ་དེ་ཉིད་ཡིན་པས། དེར་རང་ངོ་ཤེས་ན་ཤེས་ཐོག་དེར་གདོད་མའི་


TR008_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་དག་ཆེན་པོར་འཚང་རྒྱ་བས་འོག་མ་རྣམས་འཆར་བའི་སྤྲོས་པ་དང་བྲལ་ལ། གལ་ཏེ་དེ་ཉིད་ལ་གོམས་པ་ཆུང་བས་གྲོལ་མ་ནུས་ན་དེ་ནས་ནང་དབུགས་ཆད་དེ་དམར་ཆ་སྣ་བུག་གཡས་ནས་ཁྲག་གམ་ཆུ་སེར་གྱི་རྣམ་པ་ཕྱིར་འབྱུང་ལ། དཀར་ཆ་གསང་ལམ་ནས་འཐོན་པ་དུས་མཚུངས་སུ། རིག་པ་མེ་སྟག་ཡལ་བ་བཞིན་དུ་མིག་སོགས་སྒོ་གང་རུང་ནས་འཐོན་པ་དང་། ཆོས་ཉིད་བར་དོ་འཆར་བ་ཡིན་ལ། །འདི་ལ་ཀ་དག་ཆོས་སྐུའི་འོད་གསལ་ཟེར། དེར་མ་གྲོལ་ན། ནམ་མཁའ་འོད་གསལ་ལ་ཐིམ་པའི་མཐར་འོད་གསལ་ཟུང་འཇུག་ལ་ཐིམ་པ་ཞེས་བྱ་བ་ནི། སྐད་ཅིག་དེར་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་རྒྱན་དང་ཆ་ལུགས་ཕྱག་མཚན་སྣ་ཚོགས་པ་དང་མགོ་བརྙན་གྱི་རྣམ་པ་མང་པོ་དང་


TR008_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པས་འཇིག་རྟེན་གྱི་ཁམས་གང་བར་འཆར། ཆོས་ཉིད་ཀྱི་རང་སྒྲ་འབྲུག་སྟོང་ལྡིར་བ་ལྟ་བུ་དང་། འོད་དང་ཟེར་གྱི་ཚོགས་མཚོན་ཆའི་ཆར་འབབ་པ་ལྟ་བུ་སོགས་འཇིགས་རུང་གི་སྣང་བ་ཚད་མེད་པ་འཆར་བས། འདི་དུས་ངོ་མ་འཕྲོད་པའི་རིགས་རྣམས་སེམས་རབ་ཏུ་སྐྲག་ཅིང་བརྒྱལ་བར་འགྱུར་ལ། བརྒྱལ་སངས་ཙ་ན་དེ་དག་གར་སོང་ཆ་མེད་དུ་ཡལ་ནས་སླར་ཞི་བའི་ལྷ་ཚོགས་རིམ་གྱིས་འཆར་ཏེ། དེ་ཡང་སྣང་ཡུལ་མཐའ་དག་གདོས་བཅས་ས་རྡོ་རི་བྲག་སོགས་མེད་པ་འཇའ་འོད་ཀྱི་རང་བཞིན་ཀུན་ཏུ་གསལ་ཞིང་འཚེར་བ། རྒྱ་ཆེ་ཞིང་ཐོགས་རྡུགས་དང་བྲལ་བ་བཀྲག་གསལ་ལྷུན་སྡུག་ཅིང་མཐའ་ལས་འདས་པའི་རང་བཞིན་ཅན་དུ་སྣང་སྟེ། དེ་ཚེ་རང་གི་ལུས་ཀྱི་རྣམ་པ་རུ་ཡོད་པ་སྙམ་


TR008_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཅིང་། ཕྱོགས་མཚམས་སྟེང་འོག་ནམ་མཁས་གར་ཁྱབ་ཏུ་འཇའ་འོད་ལྔ་ལྡན་གྱི་ཐིག་ལེའི་རྣམ་པ་གྲངས་མེད་པ་རེ་རེའི་ནང་ན་རྒྱལ་བ་རིགས་ལྔ་སེམས་དཔའ་སེམས་མ་སོགས་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་རྣམ་འགྱུར་ཆ་ལུགས་ངོ་མཚར་ལྟ་བས་ཆོག་མི་ཤེས་པ་དཔག་ཏུ་མེད་པར་འཆར་བ་དེ་དག་གི་ཐུགས་ཀ་ནས་འོད་ཀྱི་ཟེར་ཐག་ཤིན་ཏུ་ཕྲ་བ་རེ་རེ་རང་གི་སྙིང་གར་ཟུག་པར་སྣང་བ་དང་། སྣང་བ་དེ་དག་ཐམས་ཅད་ཕྲིག་ཕྲིག་ཏུ་བྱེད་ཅིང་སྙིང་གའི་ཟེར་ཐག་དེ་ལས་ཀྱང་ཐིག་ལེ་ཕྲ་མོ་གྲངས་མེད་པ་འཕྲོ་བར་འཆར་ལ། སླར་སྐུ་དེ་དག་ཐམས་ཅད་རང་ཉིད་ལ་ཐིམ་པར་སྣང་བར་འགྱུར་ཞིང་། དེ་རྗེས་ཟུང་འཇུག་ཡེ་ཤེས་ལ་ཐིམ་པ་ཞེས་བྱ་བ། རང་གི་སྙིང་ག་ནས་སྟེང་གི་ནམ་མཁར་འོད་མཐིང་ག་དང་། དཀར་པོ་


TR008_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སེར་པོ་དང་། དམར་པོ་རྣམས་དར་ཡུག་བརྐྱངས་པ་ལྟ་བུ་བརྩེགས་མར་སྣང་ཞིང་། དེ་དག་ལ་རང་རང་གི་ཁ་དོག་དང་མཐུན་པའི་འོད་ཀྱི་ཐིག་ལེ་རེ་རེ་ལ་ཡང་ཐིག་ཕྲན་ལྔ་ལྔས་བརྒྱན་པ་ཤར་བའི་སྟེང་ཕྱོགས་སུ་འོད་ལྔ་ལྡན་རྨ་བྱའི་གདུགས་ལྟར་བཀྲ་བ་ཞིག་ཀྱང་འཆར་ཏེ། འདི་དག་ལ་ནི་རྡོ་རྗེ་སེམས་དཔའི་ཁོང་སེང་གི་ལམ་ཞེས་ཀྱང་བྱ་སྟེ། །ཡེ་ཤེས་བཞི་སྦྱོར་གྱི་འོད་ལམ་ཡིན་ནོ། །འོད་ལམ་ལྗང་གུ་མི་སྣང་བ་ནི་ཉམས་ལེན་གྱི་རྩལ་མ་རྫོགས་པས་བྱ་བ་གྲུབ་པའི་ཡེ་ཤེས་མི་སྣང་བར་གསུངས་སོ། །དེ་ནས་ཡེ་ཤེས་ལྷུན་གྲུབ་རིག་འཛིན་ལ་ཐིམ་པ་ཞེས་བྱ་བ་གོང་གི་འོད་སྣང་དེ་དག་སྟེང་གི་འོད་ལྔ་གདུགས་ལྟར་སྣང་བ་དེ་ཉིད་ལ་འདུས་ཏེ་སླར་རང་སྣང་གི་སྟེང་ཐམས་ཅད་དུ་ཀ་དག་རིག་སྟོང་མཚོན་པའི་


TR008_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་སྤྲིན་བྲལ་ལྟ་བུ་ཆོས་སྐུའི་སྣང་བ་དང་། བར་དུ་ལྷུན་གྲུབ་གཟུགས་སྐུ་ཁྲོ་བོའི་ཞིང་དང་ཞི་བའི་ཞིང་ཁམས། རང་བཞིན་སྤྲུལ་པའི་སྐུའི་ཞིང་ཁམས་བྱེ་བྲག་སོགས་ཐམས་ཅད་སྣང་ལ། འོག་ཏུ་མ་དག་རིགས་དྲུག་འཇིག་རྟེན་གྱི་བཀོད་པ་ཐམས་ཅད་ཀྱང་དུས་གཅིག་ཏུ་སྣང་བ་མེ་ལོང་གི་གཟུུགས་བརྙན་ལྟར་བཀྲ་གསལ་ལེ་འཆར་ཞིང་། འདི་སྐབས་སུ་གང་ཟག་དེ་ལ་མངོན་པར་ཤེས་པ་ལྔ་དང་། རྗེས་སུ་དྲན་པ་དྲུག །མི་བརྗེད་པའི་གཟུངས་དང་། རྒྱུན་གྱི་ཏིང་ངེ་འཛིན་རྣམས་ཀྱང་རང་བཞིན་གྱིས་འཆར་བ་ཆོས་ཉིད་ཡིན་ལ། གཞན་ཡང་སྔར་ཤེས་པ་དང་མི་ཤེས་པའི་ཆོས་ཀྱི་རྣམ་གྲངས་མང་པོ་ཡང་རྒྱུད་ལ་འཆར་བར་གསུངས་ཏེ། མདོར་ན་འདི་དག་གི་སྐབས་གང་དང་གང་ལ་གདམས་པའི་གནད་དྲན་ཅིང་ཉམས་ལེན་གྱིས་སླེབས་


TR008_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པས་འཇིག་རྟེན་གྱི་ཁམས་གང་བར་འཆར། ཆོས་ཉིད་ཀྱི་རང་སྒྲ་འབྲུག་སྟོང་སྙིར་བ་ལྟ་བུ་དང་། འདོ་དང་ཟེར་གྱི་ཚོགས་མཚོན་ཆའི་ཆར་འབབ་པ་ལྟ་བུ་སོག་འཇིགས་རུང་གི་སྣང་བ་ཚད་མེད་པ་འཆར་བས། འདི་དུས་ངོ་མ་འཕྲོད་པའི་རིགས་རྣམས་སེམས་རབ་ཏུ་སྐྲག་ཅིང་བརྒྱལ་བར་འགྱུར་ལ། བརྒྱལ་སངས་ཙ་དེ་དག་གར་སོང་ཆ་མེད་དུ་ཡལ་ནས་སླར་ཞི་བའི་ལྷ་ཚོགས་རིམ་གྱིས་འཆར་ཏེ། དེ་ཡང་སྣང་ཡུལ་མཐའ་དག་གདོས་བཅས་པ་རྡོ་རི་བྲག་སོགས་མེད་པ་འཇའ་འོད་ཀྱི་རང་བཞིན་ཀུན་ཏུ་གསལ་ཞིང་འཚེར་བ། རྒྱ་ཆེ་ཞིང་ཐོགས་རླུགས་དང་བྲལ་བ་བཀྲག་གསལ་ལྷུན་སྤྲུག་ཅིང་མཐའ་ལས་འདས་པའི་རང་བཞིན་ཅན་དུ་སྣང་སྟེ། དེ་ཚེ་རང་གི་ལུས་ཀྱི་རྣམས་པ་རུ་ཡོད་པ་སྙམ་


TR008_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཅིང་། ཕྱོགས་མཚམས་སྟེང་འོག་ནམ་མཁས་གར་ཁྱབ་ཏུ་འཇའ་འོད་ལྔ་ལྡན་གྱི་ཐིག་ལེའི་རྣམ་པ་གྲངས་མེད་པ་རེ་རེའི་ནང་ན་རྒྱལ་བ་རིགས་ལྔ་སེམས་དཔའ་སེམས་མ་སོག་ཞི་བ་རྟེ་རྫི་དབྱིངས་ཀྱི་ལྷ་ཚོགས་རྣམས་འགྱུར་ཆ་ལུང་ངོ་མ་ཚར་ལྟ་བས། ཆོག་མི་ཤེས་པ་དཔག་ཏུ་མེད་པར་འཆར་བ་དེ་དག་གི་ཐུགས་ཀ་ནས་འོད་ཀྱི་ཟེར་ཐག་ཤིན་ཏུ་ཕྲ་བ་རེ་རེ་རང་གི་སྙིང་གར་ཟུག་པར་སྣང་བ་དང་། སྣང་བ་དེ་དག་ཐམས་ཅད་ཕྲིག་ཕྲིག་ཏུ་བྱེད་ཅིང་སྙིང་གའི་ཟེར་ཐག་དེ་ལས་ཀྱང་ཐིག་ལེ་ཕྲ་མོ་གྲངས་མེད་པ་འཕྲོ་བར་འཆར་ལ། སླཏ་སྐུ་དེ་དག་ཐམས་ཅད་རང་ཉིད་ལ་ཐིམས་པར་སྣམ་བར་འགྱུར་ཞིང་། དེ་རྫས་ཟུང་འཇུག་ཡེ་ཤེས་ལ་ཐིམས་པ་ཞེས་བྱ་བ། རང་གི་སྙིང་ག་ནས་སྟེང་གི་ནམ་མཁར་འོད་མཐིང་ག་དང་། དཀར་པོ་


TR008_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

དག་ནི་འོད་གསལ་གྱི་ངང་དེར་ཡུན་ཇི་ཙམ་འདོད་པ་མཉམ་པར་འཇོག་ཐུབ་ཅིང་། དེ་ལྟ་བུ་དག་ལ་ནི་མཐར་ཡེ་ཤེས་ཀྱི་རླུང་གིས་རིག་པ་སྤྱི་གཙུག་ཏུ་བཏོན་ཏེ་ཡར་གྱི་ཟང་ཐལ་ཆེན་པོ་འགྲུབ་ལ། དེའི་རྟགས་སུ་བྱང་སེམས་དཀར་པོ་སྤྱི་བོའམ་སྣ་བུག་གཡོན་ནས་འཐོན་པ་འབྱུང་བ་དང་། གཡོན་དུ་ཡེ་ཤེས་ཀྱི་རླུང་རྒྱུ་བའི་གནད་ཀྱིས་ཡིན་ནོ། །འཕོ་བ་ཐེབས་པ་ཚུལ་ལྡན་གྱི་རྟགས་ལའང་བྱང་སེམས་འཐོན་ལུགས་འདི་བཞིན་འབྱུང་གི། དེང་སང་གི་འཕོ་བ་ཐེབས་ཡོད་ཟེར་བ་ཕལ་ཆེ་བར་རྟགས་འདི་མ་བྱུང་བ་མང་བས་ཐེབས་མ་ཐེབས་ཐེ་ཚོམ་མོ། །ཡང་འཇམ་དབྱངས་དཔལ་ལྡན་བཟང་པོ་སོགས་མཁས་གྲུབ་འགའི་གསུང་ལས་ནི། ཕུང་པོ་ལས་རྣམ་ཤེས་མ་ཐོན་པར་ཡུན་རིང་སྡོད་པ་ཐམས་ཅད་རང་ནི་ཐུགས་དམ་ལ་བཞུགས་པ་ཚུལ་ལྡན་


TR008_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པར་མ་ངེས་ཏེ། གང་ཟག་ལ་ལ་ཕུང་པོ་ལ་སེམས་ཆགས་ནས་སྡོད་པ་དག་ཀྱང་ཡོད། ཅེས་གསུངས་ལ། གང་ལྟར་ཡང་མཆོག་དམན་གང་ལའང་ཁམས་དཀར་དམར་སྟེང་འོག་གི་སྒོར་མ་འཐོན་པའི་བར་ལ་ནི་ཕུང་པོ་སྲེག་སྦྱོང་སོགས་གཏན་ནས་མི་རུང་བ་ཉིད་དེ། ཅིའི་ཕྱིར་ན། ཐུགས་དམ་ལ་བཞུགས་པ་ཡིན་ན་ནི་དེའི་བར་ཆད་དུ་འགྱུར་ལ། ཕལ་པ་རོ་ལ་ཆགས་པ་ཡིན་པའི་ཚེ་ནའང་རྣམ་ཤེས་མ་འཐོན་ཚེ་གསོད་པ་དང་མཚུངས་པར་འགྱུར་བས་སོ། །དེ་ནས་རྫོགས་ཆེན་ལྟར་གྱི་ལྷུན་གྲུབ་འོད་གསལ་གྱི་སྣང་བ་དེ་དག་ཀྱང་། གོམས་པ་ཅུང་ཞིག་ཡོད་པ་དག་ལ་ནི་རང་ཉིད་ཀྱི་གོམས་ཆ་དང་། མཚུངས་པའི་བསམ་གཏན་གྱི་ཞག་རེ་རེ་ནས་ལྔའི་བར་དུ་འཆར་ལ། གོམས་མེད་རྣམས་ལ་བྱ་རྫོགས་ཀྱི་སྐད་ཅིག་རེ་


TR008_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མི་འབྱུང་ཚེ་ངོས་ཟིན་པ་དཀའ་ཞིང་། ལ་ལ་ནི་སྒྲ་འོད་ཟེར་གསུམ་རང་སྣང་དུ་མ་ཤེས་པར་སྐྲག་པས་བརྒྱལ་ཐབས་སུ་ཟད་དོ། །དེ་ལྟར་འཕྲོས་དོན་བརྗོད་ནས། སྐབས་དོན་གྱི་དངོས་གཞི་ནི། དེ་ཡང་བར་དོ་དང་པོ་གཞིའི་འོད་གསལ་འདི་ཟིན་ཅིང་གྲོལ་བར་བྱེད་པའི་ཐབས་མཆོག་ནི། ད་ལྟ་སྐྱེ་གནས་བར་དོའི་སྐབས་འདིར་སེམས་ཀྱི་བདར་ཤ་ལེགས་པར་བཅད་ཅིང་། གནས་ལུགས་དོན་དམ་ཐ་མལ་ཤེས་པ་བཟོ་མེད་རང་བབས་ཆོས་སྐུ་ཁོར་ཡུག་གི་ཉམས་ལེན་བསྒོམ་ཡེངས་འདས་པ་ལ་གནད་དུ་བསྣུན་དགོས་པ་ཁོ་ན་སྟེ། འདི་ལ་སྐྱོན་གྱི་སེལ་དང་བློས་བྱས་ཡིད་བྱེད་ཀྱི་དྲི་མས་མ་བསླད་པར་སྐྱོང་ཤེས་ན་བར་དོ་དང་པོ་མ་ཟད། །རྣམ་པ་ཀུན་ཏུ་གཅེས་པའི་སྙིང་པོ་ཡིན་པ་དང་། མདོ་རྒྱུད་མན་ངག་མཐའ་དག་གི་


TR008_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

དོན་སྙིང་བཅུད་མཆོག་མཐར་ཐུག་པ་ཉིད་དོ། །བརྒྱད་ཁྲི་བཞི་སྟོང་གི་ཆོས་ཐམས་ཅད་འདིར་འདུས་ཤིང་རྫོགས་པས་ན་རྫོགས་པ་ཆེན་པོ། ཐམས་ཅད་སྐུ་གསུམ་ལས་འདའ་བ་མེད་པས་ཕྱག་རྒྱ་ཆེན་པོ། བློས་བྱས་ཐམས་ཅད་ལས་འདས་པས་ན་ཤེས་རབ་ཕར་ཕྱིན། མཐའ་ཐམས་ཅད་དང་བྲལ་བས་དབུ་མ། ལམ་གྱི་མཆོག་འབྲས་བུ་མངོན་དུ་བྱེད་ཕྱིར་ལམ་འབྲས། ཉོན་མོངས་རང་སར་ཞི་བས་ཞི་བྱེད། །གཉིས་སྣང་གི་ཞེན་འཛིན་རྩད་ནས་གཅོད་པས་གཅོད་ཡུལ། སངས་རྒྱས་ཀྱི་གོ་འཕང་ལ་དངོས་སུ་སྦྱོར་བས་སྦྱོར་དྲུག །མ་རིག་འཁྲུལ་པའི་བློ་རྟོག་སྦྱོང་བས་བློ་སྦྱོང་སོགས་མདོར་ན་ཆོས་ཟབ་དགུའི་རྣམ་གྲངས་མཐའ་ཡས་པས་དངོས་དོན་གྱི་སྙིང་པོ་ནི་འདི་ཁོ་ན་ལས་གཞན་མེད་ཕྱིར། དེས་ན་ངེས་པའི་དོན་ལ་ཆིག་དྲིལ་དུ་མི་འབད་ན་བློ་མང་


TR008_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

གི་བྱ་བྱེད་ཀྱིས་དགོས་ཁར་དོན་མི་འགྲུབ་སྟེ། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། །རང་སེམས་དེ་བཞིན་ཉིད་འདི་རྟོགས་གྱུར་ན། །སངས་རྒྱས་ཚིག་གི་ལམ་ལ་གནས་མིན་ཏེ། །ད་ལྟ་ཉིད་ནས་ཤིན་ཏུ་རྣལ་འབྱོར་ཐོབ། །ལས་མེད་སྐལ་པ་དམན་པ་རྣམས་ལ་ནི། །གབ་པ་མངོན་དུ་ཕྱུང་ཀྱང་མི་གོ་སྟེ། །གང་ཞིག་ནོར་བུ་རིན་ཆེན་འདོད་པ་དེས། །ཤིང་ལ་བྱི་དོར་བྱས་པས་མི་འབྱུང་ཞིང་། ཞེས་པ་ལྟར། ད་ལྟ་ནས་མ་ནོར་བའི་དོན་ལ་བརྩོན་པ་གལ་ཆེ་ཞིང་། བྱེ་བྲག་ཏུ་ཆོས་དྲུག་དང་ཐོས་གྲོལ་སོགས་མན་ངག་སོ་སོ་ལས་འབྱུང་བ་ལྟར་གྱི་འོད་གསལ་སྦྱང་བའི་རིམ་པ་རྣམས་ལའང་ནན་ཏན་ཏུ་བྱས་ལ་གཉིད་འཐུག་པོའི་སྐབས་སོགས་ལ་རྟོགས་པ་འོད་གསལ་རང་དབང་ཐོབ་ན། འདི་སྐབས་ཀྱི་གཞིའི་འོད་གསལ་ཟིན་པར་ཚོགས་


TR008_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཅིང་། ལར་འོད་གསལ་དང་པོ་ཟིན་ཐུབ་མི་ཐུབ་ཀྱི་ཚད་ནི་ད་ལྟ་གཉིད་ལ་དགེ་སྦྱོར་སླེབས་མི་སླེབས་ཁོ་ནས་ཤེས་པས། དེ་ལྟར་ན་གོང་དུ་བཤད་པའི་ཐུགས་དམ་ལ་བཞུགས་པ་དངོས་དང་། ཕུང་པོ་ལ་ཆགས་ནས་སྡོད་པ་གཉིས་ཀྱི་དབྱེ་བ་ཡང་འདི་ཀས་ཤེས་མོད་ཅིང་། ཐུགས་དམ་ལ་བཞུགས་པ་ཚུལ་ལྡན་སྣང་ན་དེ་ཀའི་གསལ་འདེབས་བཞིན་བྱེད་ཤེས་ན་མ་གཏོགས། གཞན་ནི་མཚན་བཅས་ཀྱི་འཕོ་བའི་རིགས་སོགས་ཀྱང་མི་གདབ་སྟེ། མདོར་ན་འདི་ལྟ་བུ་དག་ལ་ནི་སླད་དུ་ཁྲུས་ཆོག་བྱང་བཞུས་སོགས་ལའང་ལྟོས་མི་དགོས་པར་གྲུབ་བོ། །སྣང་བའི་འོད་གསལ་གྱི་ངོ་སྤྲོད་ནི། ཐབས་ལམ་རིགས་ལྔ་སྦྱོར་དྲུག་སོགས་ལ་འདྲིས་པའི་གང་ཟག་ལ་སྔར་ལྟར་སྨིག་སྒྱུ་སོགས་དང་དཀར་ལམ་སོགས་གང་ཤར་ཐམས་ཅད་རང་རིག་ཆོས་སྐུའི་གདངས་ལས་གཞན་མ་ཡིན་


TR008_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

པར་ངོ་འཕྲོད་དགོས་པ་དང་། རྫོགས་ཆེན་ཐོད་རྒལ་བ་རྣམས་ལ་ནི་སྒྲ་འོད་ཟེར་གསུམ་ཞི་ཁྲོའི་ལྷ་དང་། ཐིག་ལེ་ཟེར་ཐག་འོད་ལམ་ཞིང་ཁམས་ཅི་ཤར་མཐའ་དག་རང་མདངས་ཁོ་ནར་ཡིད་ཆེས་ཤིང་ཐག་ཆོད་པའི་ངང་ལ་མཉམ་པར་འཇོག་པ་ཤིན་ཏུ་གཅེས་ཏེ་དེ་ལྟར་བྱ་ནུས་པའི་ཐབས་སུ་ད་ལྟ་ཁྲེགས་ཆོད་གཞིའི་གནས་ལུགས་ལ་བདར་ཤ་ཆོད་ཅིང་། ཐོད་རྒལ་ལམ་གྱི་ངོ་སྤྲོད་རྣམས་གནད་དུ་ཐེབས་པས་ཉམས་སུ་ལེན་དགོས་མོད་ཀྱི་དེང་སང་གི་སྐབས་འདིར། ཆོས་སྤྱི་པ་རྣམས་ཀྱིས་ནི་བོན་དང་རྙིང་མ་ཞེས་ཐ་སྙད་ལོག་པའི་ལམ་དུ་འཛིན་པ་མ་གཏོགས་ཆོས་ཀྱི་ཁྱུར་ཡང་མི་འཇུག་ལ། ཁྱད་པར་ཟབ་ཆོས་རྫོགས་པ་ཆེན་པོ་ནི། རྒྱ་གར་དུ་དགའ་རབ་འཇམ་དཔལ་ཤྲཱི་སིངྷ་དང་མཁས་པ་ཉེར་ལྔ་སོགས་འོད་ལུས་འགྲུབ་པ་མང་མོད་ཀྱི། དེ་དག་


TR008_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ནི་གསང་བ་སྦས་པའི་ཚུལ་དུ་ཐུགས་ཉམས་སུ་བཞེས་པ་མ་གཏོགས། འོ་སྐོལ་བོད་ཀྱི་ལྟར་ཁེ་གྲགས་རྙེད་འཚོལ་གྱི་ཟོང་དུ་མི་མཛད་པས་གྲགས་ཆུང་ལ། རྒྱུད་སྡེ་འབུམ་ཕྲག་དྲུག་ཅུ་སོགས་ཕལ་ཆེར་ཀྱི་ཡེ་ཤེས་ཀྱི་མཁའ་འགྲོ་དང་རིག་འཛིན་གྱི་གནས་རྣམས་སུ་བཞུགས་ཕྱིར། མི་ཡུལ་དུ་བཞུགས་ཚན་ཆུང་བ་དང་། །གངས་ཅན་འདིར་ཡང་བསྟན་པ་སྔ་དར་གྱི་ཚེ་ཨོ་རྒྱན། བི་མ་བཻ་རོ་སོགས་ཀྱི་སྐུ་དྲིན་ལས་སྐལ་ལྡན་མང་པོ་འོད་ལུས་སུ་གྲོལ་ཞིང་། སྙན་བརྒྱུད་དང་གཏེར་བརྒྱུད་མང་པོ་དེང་སང་གི་བར་དུ་ཡོད་ནའང་། འགོས་ལྷ་བཙས་དང་། འབྲི་གུང་དཔལ་འཛིན་སོགས་ཀྱིས་སྣ་དྲངས་བཤེས་གཉེན་མང་པོས་རྫོགས་ཆེན་རྒྱ་གར་ན་དེང་སང་མི་འདུག་པས་བཀའ་ཚད་མ་མིན་པར་བསྒྲུབས་པ་དང་ཧ་ཤང་གི་ལྟ་བ་ཡིན་པ་སྐད་དུ་མཛད་པ་དང་། བོད་ཀྱི་བརྩམས་


TR008_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཡིན་པ་རུ་གསུངས་པ་སོགས་ཀྱི་བཀའ་བཀྱོན་སྣ་ཚོགས་པས་དད་ཅན་མང་པོ་ཉམས་ཉེས་པར་མཛད་ཅིང་། བཀའ་འགྱུར་དང་རྒྱུད་འབུམ་སོགས་ཀྱི་ཁྲོད་དུ་དྲི་ཙམ་མནམ་དབང་མེད་པར་གྱུར་པའི་མཐུས། གང་ཟག་ཕལ་ཆེར་ནི་རྫོགས་པ་ཆེན་པོ་སོགས་ཡོ་ག་རྣམ་གསུམ་གྱི་ཆོས་ནད་ངན་གྱིས་ཤི་བའི་རོ་མཐོང་བ་བཞིན་དུ་འཛེམ་པར་བྱེད་ལ། རྙིང་ལུགས་པར་ཁས་འཆེ་བ་དག་ནི་སྲུང་ཟློག་མཐུ་གཏད་སོགས་ཀྱིས་ཡིད་དྲངས་ཤིང་། རང་འཁོར་བུ་སྨད་གསོ་ཕྱིར་གྲོང་ཆོག་རྙེད་འཚོལ་དང་སྐྱུར་འབྱམས་ལ་ཉམས་ལེན་བྱེད་པ་མ་གཏོགས་རྫོགས་པ་ཆེན་པོའི་གནད་དོན་ནི་ཡིད་ཀྱི་རྒུ་ལའང་ཐོས་མ་མྱོང་བ་ཤ་དག་ཏུ་གྱུར་ཚེ། དེས་ནི་གོང་གི་འཕྲོ་ལྟར་ཚེ་འདིར་འོད་ལུས་འགྲུབ་པའམ་འོད་གསལ་དང་པོར་གྲོལ་བ་ནི་ལྟ་ཞོག །ཆོས་ཉིད་བར་དོ་


TR008_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་ཤེས་པའི་གོ་རྟོགས་འཇགས་པ་ཙམ་ཡོང་བའི་གོ་སྐབས་ཀྱང་མི་སྣང་བར་གསལ་ཏེ། རྒྱལ་བ་ཡང་དགོན་པ་ཆེན་པོས་ཚོས་རྫོགས་པ་ཆེན་པོ་ཡིན་པས་མི་ཕན། གང་ཟག་རྫོགས་པ་ཆེན་པོར་སེང་བ་ཞིག་དགོས། ཞེས་གསུངས་པ་ཤིན་ཏུ་བདེན་པར་ཟད་དོ། དེ་ལྟར་སྣང་ལུགས་ཀྱི་དྲང་གཏམ་འཕྲོས་དོན་དུ་བརྗོད་ནས། འདི་སྐབས་ཀྱི་དངོས་དོན་ལ། དེ་ཡང་རྫོགས་ཆེན་གྱི་རང་གཞུང་སོ་སོ་ནས་འབྱུང་བ་ལྟར་གྱི་ཁྲེགས་ཆོད་ལ། ངོ་རང་ཐོག་ཏུ་འཕྲོད་པ། ཐག་གཅིག་ཐོག་ཏུ་ཆོད་པ། གདིང་གྲོལ་ཐོག་ཏུ་བཅའ་བ་རྣམས་དང་། ཐོད་རྒལ་ལ་སྒྲོན་མ་དྲུག་གི་རང་བཞིན་གཏན་ལ་ཕབས་ཏེ། མི་འགུལ་བ་གསུམ་ལ་གཞི་བཅའ་བ། །སྡོད་པ་གསུམ་གྱིས་ཚད་བཟུང་བ། །ཐོབ་པ་གསུམ་གྱིས་གཟེར་གདབ་པ། །གདིང་བཞིས་


TR008_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་ཚད་བསྟན་པ་སོགས་ཐམས་ཅད་ཁ་ཚིག་ལ་མ་འབྱམས་པར་དོན་རྒྱུད་ཐོག་ཏུ་ཁེལ་ན་སྣང་བ་བཞི་མཐར་ཕྱིན་ཏེ། །རབ་ཀྱིས་ཕུང་པོ་ཟག་མེད་འོད་སྐུར་གྲོལ་བ་དང་། འབྲིང་གིས་བུམ་ཆག་ནམ་མཁའ་ཕྱི་ནང་འདྲེས་པ་བཞིན་གཞིའི་འོད་གསལ་ལ་བཙན་པ་ཟིན་པས་སེང་གེ་མངལ་རྒྱ་དང་ཁྱུང་སྒོང་རྒྱ་གྲོལ་བ་ལྟ་བུ་རྣམ་སྨིན་ལུས་རྒྱ་གྲོལ་བ་དང་སེམས་ཆོས་སྐུ་འགྲུབ་པ་དུས་མཉམ་དུ་འབྱུང་། ཐ་མ་ཡང་ཆོས་ཉིད་བར་དོ་ལྷུན་གྲུབ་གཟུགས་སྐུའི་འོད་གསལ་ཤར་ཚེ་འོད་གསལ་ཟུང་འཇུག་ལ་ཐིམ་དུས་སུ་འཇུག་པ་ཤེས་པའི་གནད་དང་ལྡན་པ་དང་། ཟུང་འཇུག་ཡེ་ཤེས་ལ་ཐིམ་ཚེ་གྲོལ་བ་ལུས་ཀྱི་གནད་དང་། ལྷུན་གྲུབ་རིག་འཛིན་ལ་ཐིམ་དུས་མཐར་ཕྱིན་ངོ་ཤེས་ཀྱི་གནད་རྣམས་གལ་ཆེ་ཞིང་


TR008_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྲུབ་ཀྱི་སྐབས་འདིར་རྒྱུད་ལས་ཀྱང་། །ལྷུན་གྲུབ་རིག་པའི་འཆར་ཚུལ་ནི། །རྣམ་པ་བརྒྱད་དུ་ཤར་བའོ། །ཞེས་པ་བཞིན་རིག་པའི་གདངས་ཉིད་ཐུགས་རྗེ་ལྟར་ཤར་བ་དང་། འོད་ལྟར་ཤར་བ་དང་། སྐུ་ལྟར་ཤར་བ་དང་། ཡེ་ཤེས་ལྟར་ཤར་བ་དང་། གཉིས་མེད་ལྟར་ཤར་བ། མཐའ་གྲོལ་ལྟར་ཤར་བ། མ་དག་འཁོར་བའི་སྒོ་ལྟར་ཤར་བ། དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བ་སྟེ། དེ་དག་ལ་གདམས་པས་ཟིན་ན་ཐིམ་ལུགས་ཀྱང་རྣམ་པ་བརྒྱད་འབྱུང་སྟེ། ཐུགས་རྗེ་ཐིམ་པས་འཁོར་བའི་སེམས་ཅན་རང་སྣང་དུ་གྲོལ་ཏེ་འཁྲུལ་པའི་མིང་མེད་པ་དང་། དེ་བཞིན་དུ་འོད་ཐིམ་པས་མཚན་མའི་ཁ་དོག་སོགས་རིགས་ཅན་དུ་མ་གྲུབ་པའི་ཆོས་དབྱིངས་སུ་རོ་གཅིག་པ་དང་། སྐུ་ཐིམ་པས་ཞལ་ཕྱག་གི་སྤྲོས་པ་ལས་འདས་པའི་ངོ་བོར་


TR008_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དག་པ་དང་། །ཡེ་ཤེས་ཐིམ་པས་ཆོས་ཉིད་མ་བུ་འདྲེས་པ་དང་། །གཉིས་མེད་ཐིམ་པས་སྟོང་ཆེན་ངོ་བོ་ཉིད་དུ་གྲོལ། །མཐའ་གྲོལ་ཐིམ་པས་དམིགས་གཏད་ཀྱི་ཡུལ་ཟད། འཁོར་བའི་སྒོ་ཐིམ་པས་སྐྱེ་གནས་འཁྲུལ་པའི་ཡུལ་རྐྱེན་བྲལ། དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོ་ཉིད་སྐུར་ཐིམ་པས་ཀ་དག་ཆོས་ཟད་བློ་འདས་ཆེན་པོར་སངས་རྒྱས་ཏེ། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ཆེན་ལས། །རྣག་ཅན་ལུས་འདི་མ་བོར་བར། །སངས་རྒྱས་ཡོན་ཏན་མ་སྣང་སྟེ། །དཔེར་ན་ཁྱུང་ཕྲུག་སྒོ་ངའི་ནང་། །གཤོག་དྲུག་རྒྱས་པར་གྱུར་མོད་ཀྱང་། །མ་ཆག་བར་དུ་འཕུར་མི་ནུས། །སྒོང་འཆག་འཕུར་ཤེས་དུས་མཉམ་འབྱུང་། །དེ་ནི་སངས་རྒྱས་ཡོན་ཏན་ཡང་། །ད་ལྟ་མི་སྣང་ལུས་ཀྱིས་


TR008_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲིབ། །རྣམ་སྨིན་ལུས་འདི་བོར་མ་ཐག །སངས་རྒྱས་ཡོན་ཏན་སྣང་བར་འགྱུར། ཅེས་དང་། །དགོངས་པ་ཐིག་འདེབས་ལས་ཀྱང་། །རྟོགས་པའི་གདིང་ཆེན་དེ་ལྡན་ན། །སེང་གེ་མཆོངས་པས་ས་ཆོད་ལྟར། །ཡེ་ཤེས་ཟང་ཐལ་ཆེན་པོ་ཡིས། །བར་དོ་མེད་པར་སྐད་ཅིག་ལ། །རིན་ཆེན་སྦུབས་སུ་སངས་རྒྱས་འགྱུར། ཅེས་སོགས་གསུངས་ལ། །གྲོལ་ཚད་ཀྱང་ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས། །དེ་ལྟར་དབང་པོའི་རིམ་པ་ནི་གསུམ་སྟེ། །རབ་ནི་སྐད་ཅིག་མ་གསུམ་ལ་གྲོལ་བར་འགྱུར་རོ། །འབྲིང་ནི་བསམ་གཏན་གྱི་ཞག་ལྔ་ལ་གྲོལ་བ་ཡང་ཡོད་དོ། །སྐད་ཅིག་ཉི་ཤུ་རྩ་གཅིག་ལ་ནི་བརྟན་པ་ཐོབ་ངེས་པ་ཡིན་ནོ། །དབང་པོ་ཐ་མ་རྣམས་ནི་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་དབྱུང་ནས་བར་དོ་མེད་པར་


TR008_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་པའོ། །ཞེས་གསུངས་ཏེ། གཙོ་བོར་ད་ལྟའི་ཉམས་ལེན་ལ་རག་ལས་སོ། །ཡང་འདི་སྐབས་སུ་གང་ཟག་ལ་ལའི་བསམ་ཡུལ་དུ་རྫོགས་ཆེན་མ་གཏོགས་ཆོས་གཞན་ལས་ནི་བར་དོ་དང་པོའི་འོད་གསལ་མ་ཟིན་ན་རྣམ་ཤེས་འཐོན་ཏེ་སྲིད་པ་བར་དོ་འཆར་བར་བཤད་པ་ལས། སྒྲ་འོད་ཟེར་གསུམ་ཞི་ཁྲོའི་ལྷ་ཚོགས་འཆར་ཚུལ་མི་འབྱུང་ལ། གལ་ཏེ་འཆར་བ་ཡིན་ནའང་རང་རང་གི་ཆོས་ལུགས་དང་ཉམས་ལེན་གང་བྱེད་དེའི་ལྷ་ཚོགས་ཤར་ན་མ་གཏོགས། ཐམས་ཅད་ལ་རྙིང་ལུགས་ཀྱི་ཞི་ཁྲོ་འཆར་བ་མི་སྲིད་སྙམ་པ་སོགས་བྱེད་པ་འབྱུང་མོད་ཀྱི། དེ་ལ་སྤྱིར་ཆོས་ལུགས་སོ་སོའི་ལམ་རིམ་མན་ངག་གང་ཡིན་དེ་དང་ཆ་མཐུན་པར་བར་དོའི་གདམས་པ་ཡང་ཆ་ཚང་འབྱུང་མོད་ལ། རང་གི་རྒྱུད་གཞུང་


TR008_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཀའི་དགོངས་དོན་ལྟར་ཉམས་ལེན་གྱི་རྩལ་འདོན་ཕྱོགས་ཀྱང་གང་མང་མཆིས་ཏེ། དེ་ཡང་འགའ་ཞིག་བསྐྱེད་རིམ་གཙོ་བོར་གསུངས་པ་དང་། ལ་ལར་ཐབས་ལམ་བདེ་སྟོང་གི་ཉམས་ལེན་ལ་རྩལ་དུ་བཏོན་པ་དང་། གཞན་དག་ཏུ་སྤྲོས་མེད་ཁོ་ནར་དྲིལ་བར་གསུངས་པ་སོགས་མཐའ་ཡས་མོད་ཀྱི། ད་ལྟ་ཉམས་ལེན་གང་ལ་གོམས་པ་དེས་བར་དོར་སླེབས་དགོས་པ་གཞིར་བཅས་ཀྱང་། རྫོགས་ཆེན་སྙིང་ཐིག་སོགས་ནི་ཁྲེགས་ཆོད་ཐོད་རྒལ་ཟུང་འཇུག་ཏུ་ཉམས་སུ་ལེན་པར་གསུངས་པའི་སྐབས་ཡིན་པས། ད་ལྟ་དེ་དག་ལ་གོམས་ཚེ་བར་དོ་ཡང་དེ་ལྟར་འཆར་ཞིང་། དེ་ལ་ཉམས་ལེན་གྱིས་སླེབས་ན་གྲོལ་བར་ཡང་། གཞི་གྲུབ་ལ། ཆོས་གཞན་ནས་ཐོད་རྒལ་གྱི་ཉམས་ལེན་དངོས་སུ་མ་གསུངས་པས། བར་དོར་དེ་དག་འཆར་བ་ཡང་།


TR008_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

མ་གསུངས་ཀྱང་། སྒྲ་འོད་ཟེར་གསུམ་ནི་རླུང་སེམས་དབྱེར་མེད་དྭངས་མ་ལྔ་འདུས་ཀྱི་རྐྱེན་ལས་ནམ་ཡང་འཆར་ལ། དེ་ཡང་འཕྲང་སྒྲོལ་ཆེན་པོ་སོགས་ལས་དོན་གྱི་རྩ་རླུང་ཐིག་ལེ་རྣམས་ནི་ནམ་དུའང་འབྲལ་བ་མེད་པར་གསུངས་པའི་གནད་དོན་དང་། གཞན་ཡང་དུས་འཁོར་སྦྱོར་དྲུག་སོགས་ནི་རྫོགས་ཆེན་གྱི་སྣང་མུན་ཉམས་སུ་ལེན་ཚུལ་དང་མཐུན་ཅིང་ལྷ་འཆར་བ་རྣམས་ཀྱང་འགྲོ་བའི་ཕུང་པོ་ཁམས་དབང་སྐྱེ་མཆེད་ཐམས་ཅད་གཟོད་ནས་དཀྱིལ་འཁོར་ཉིད་དུ་ལྷུན་གྱིས་གྲུབ་ཚུལ་ནི་རྒྱུད་སྡེ་ཀུན་མཐུན་ཏེ། ཕུང་པོ་ལྔ་རྒྱལ་བ་རིགས་ལྔ་དང་། འབྱུང་བ་ལྔ་ཡུམ་ལྔ། ཚོགས་བརྒྱད་སེམས་དཔའ་བརྒྱད། ཡུལ་བརྒྱད་སེམས་མ་བརྒྱད་སོགས་ཡེ་ནས་ཡིན་ཚེ། དམ་པ་རིགས་བརྒྱར་བཤད་པའི་ཁོངས་སུ་ལྷ་གཞན་ཀྱང་མ་འདུས་སུ་མེད་


TR008_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། འོན་ཀྱང་སྐུ་མདོག་ཕྱག་མཚན་སོགས་མི་གཅིག་པ་སྣ་ཚོགས་ནི་སྦྱང་གཞི་སྦྱོང་བྱེད་ཀྱི་དག་སྦྱོང་སོ་སོ་ལ་བརྟེན་ནས་བཤད་པ་མ་གཏོགས། དོན་དམ་པ་ནི་རང་རིག་སྐུ་གསུམ་དབྱེར་མེད་དམ། སྐུ་གཉིས་ཟུང་འཇུག་ཏུ་མ་འདུས་པའི་ལྷ་དང་། དཀྱིལ་འཁོར་ནི་འགའ་ཡང་མེད་པ་དང་། རང་རང་གི་བག་ཆགས་གོམས་འདྲིས་ཀྱི་མཐུ་ལས་ནི་དམ་པ་རིགས་བརྒྱད་མ་ཟད་གཞན་འཆར་བ་ཡང་མ་ངེས་ལ། སྡིག་ཅན་ལ་གཤིན་རྗེའི་སྐྱེས་བུར་སྣང་ཡང་རང་ཉིད་ཀྱི་ལས་སྣང་དུ་ཟད་མོད། དོན་ལ་ནི་གང་དང་གང་ལྟར་ཤར་ཡང་རང་སྣང་ཉིད་དུ་ཤེས་དགོས་པ་ནི་གནད་དམ་པའོ། གཞན་ཡང་ཇི་སྐད་དུ་སྡོམ་འབྱུང་ལས། །རྣལ་འབྱོར་པ་རྣམས་འཕོ་བའི་ཚེ། །ཁྲག་འཐུང་ལ་སོགས་རྣལ་འབྱོར་ལས། །མེ་ཏོག་སྣ་ཚོགས་ལག་


TR008_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཐོགས། །རྒྱལ་མཚན་བ་དན་སྣ་ཚོགས་དང་། །རོལ་མོའི་སྒྲ་ནི་སྣ་ཚོགས་ཀྱིས། །འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་ཁྲིད་པར་བྱེད། །ཅེས་གསུངས་པ་འདིའང་རྙིང་ལུགས་ཀྱི་ཆོས་ཉིད་བར་དོ་དང་དགོངས་པ་མཐུན་པར་སྣང་ངོ་། །ལར་ཅིར་སྣང་ལྷ་དང་བླ་མའི་རོལ་པ་དང་། དེ་ཡང་རང་རིག་དང་གཉིས་མེད་རོ་མཉམ་ཆེན་པོར་རྟོགས་པའི་གང་ཟག་ལ་ནི་འདི་ཕྱི་བར་དོ་ཁྱད་མེད་དུ་ཆོས་ཉིད་བདེ་བ་ཆེན་པོའི་ཞིང་ལས་མ་གཡོས་མོད་ཀྱི། གཞན་ནི་མཁའ་སྤྱོད་གླུ་ཕྲེང་དུ། །མདངས་རྨི་ལམ་གཉིད་ཀྱི་འཁྲུལ་ལུགས་ཀྱིས། །སང་བར་དོ་འབྱོངས་པར་དཀའ་མོར་མཆི། ཞེས་གསུངས་པ་འདི་ཁོ་ན་ཉིད་དེ། །ད་ལྟ་ལུས་ངག་ཡིད་རྣམས་ལྷན་ཅིག་རང་དབང་ཐོབ་དུས་འདིར། །འཁྲུལ་པ་ཨ་འཐས་


TR008_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འཐས་ལ་ཞེན་པས་ཉིན་མཚན་འདའ་ལུགས་འདི་འདྲ་ལ་འཆི་དུས་གནད་གཅོད་ཀྱི་སྡུག་བསྔལ་དང་འཇིགས་སྐྲག་འཁྲུལ་སྣང་རླུང་ལྟར་འཚུབས་དུས་དེ་འདྲར་ཐུགས་དམ་གྱི་སླེབས་རེ་ཨ་ཐང་ཆད་པར་གདའ་བས། དེས་ན་གཏན་གྱི་དོན་ཆེན་ད་ལྟ་ནས་གྲབས་ཚུད་ཅིག་ཅིས་ཀྱང་དགོས་པར་སེམས་སོ། །འདིར་སྨྲས་པ། གཞི་བདེ་གཤེགས་སྙིང་པོའི་གནས་ལུགས་དང་། །ལམ་རང་བྱུང་ཆོས་སྐུའི་རང་འགྲོས་དང་། །འབྲས་དྲི་བྲལ་མངོན་གྱུར་སངས་རྒྱས་གསུམ། །དོན་དབྱེར་མེད་ད་ལྟའི་རིག་པ་གཅིག །དེ་ཡིན་ཀྱང་དབུལ་པོའི་ཁྱིམ་གཏེར་བཞིན། །དུས་ཐོག་མེད་ད་བར་ངོ་མ་ཤེས། །དེས་ཤེས་ཀྱང་རང་བབས་མི་སྐྱོང་བར། །བློ་འཁྲུལ་ཞེན་མང་པོས་བསླད་པས་ཕུང་། །དེ་ཡིན་ལུགས་ཀྱི་རང་ངོ་རིག་ཐོག་ཏུ། །སྒོམ་བློས་བྱས་ཀྱི་འཇུར་བུས་


TR008_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཅིངས་པར། །སེམས་གང་ཤར་གྱི་ངོ་བོ་ཡེངས་མེད་སྐྱོང་། །ངེས་བར་དོ་ཀུན་བཙན་ཆོད་དུ་འགྱུར་ཏེ་མཆི། ཞེས་པ་ཡང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །༈། །དོན་བཞི་པ་སྲིད་པ་ལས་ཀྱི་བར་དོའི་རང་བཞིན་འཆད་པ་ལའང་གསུམ་གྱི་དང་པོ་ངོ་བོ་ངོས་བཟུང་བ་ནི། དེ་ཡང་རྫོགས་ཆེན་གྱི་རྣལ་འབྱོར་པ་རབ་འབྲིང་རྣམས་ནི་སྔར་བཤད་པའི་བར་དོ་གོང་མ་དེ་དག་ཏུ་གྲོལ་ལ། ཐ་མའི་རྣལ་འབྱོར་ཚེ་འདིར་ངོ་སྤྲོད་ཀྱི་སྒོ་མཐོང་ཡང་གྲོལ་བར་མ་ནུས་པ་དག་སྲིད་པ་བར་དོའི་སྣང་བ་རྨི་ལམ་ཙམ་ཞིག་མཐོང་བས་རྐྱེན་བྱས་ཏེ། སྔར་གྱི་གདམས་པ་དྲན་པའི་མཐུ་དང་ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས་རང་བཞིན་སྤྲུལ་པའི་ཞིང་དུ་པདྨ་ལས་བརྫུས་ཏེ་སྐྱེས་ནས་རྨི་ལམསད་པ་ལྟར་དྲན་པའི་ཏིང་འཛིན་


TR008_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་པར་འགྱུར་ཏེ། ཤར་མངོན་པར་དགའ་བའི་ཞིང་དུ་མི་བསྐྱོད་པ་རྡོ་རྗེའི་རིགས་ཀྱི་སྤྲུལ་པའི་ཞལ་མཐོང་། ལྷོ་དཔལ་དང་ལྡན་པར་རིན་ཆེན་རིགས་ཀྱི་སྤྲུལ་པས་དབང་བསྐུར། །ནུབ་པདྨ་བརྩེགས་པར་འོད་དཔག་མེད་ཀྱི་སྤྲུལ་པས་ལུང་བསྟན། བྱང་ལས་རབ་གྲུབ་པར་འཕྲིན་ལས་རིགས་ཀྱི་སྤྲུལ་པས་བག་ཆགས་སྦྱངས། དབུས་ཕྱོགས་འཁོར་བ་ཡོངས་སྒྲོལ་གྱི་ཞིང་དུ་དཔལ་ཧེ་རུ་ཀ་ཁྲོ་བོ་འདུས་པའི་དཀྱིལ་འཁོར་དུ་ཤེས་བྱའི་སྒྲིབ་པ་ཕྲ་མོ་ཚུན་ཆད་ཟད་པར་བྱས་ཏེ། ལོ་ལྔ་བརྒྱ་ན་ཆོས་སྐུ་ཀ་དག་ཆེན་པོར་སངས་རྒྱས་ཤིང་སྤྲུལ་པ་དུ་མས་འགྲོ་བའི་དོན་བྱེད་ལ། གང་ཟག་འགའ་ཞིག་ནི་ཕྱོགས་བཞིའི་ཞིང་ཁམས་དེ་དག་གང་རུང་གཅིག་ཁོ་ནར་དབང་བསྐུར་ལུང་བསྟན་དབུགས་དབྱུང་ཐོབ་ནས་སངས་རྒྱས་པ་དག་ཀྱང་འབྱུང་བ་སྟེ། མདོར་ན་


TR008_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་རིགས་ཀྱི་གང་ཟག་དེ་ལ་ནི་སྲིད་པ་བར་དོའི་སྣང་བ་ཡུད་ཙམ་འཆར་ཡང་། དེའི་སྡུག་བསྔལ་རྣམས་མི་མྱོང་ཞིང་མངལ་སྒོར་མི་འཇུག་པར་ཞིང་ཁམས་ཟིན་པ་ཡིན་ཚེ་སྲིད་པ་བར་དོ་དངོས་སུ་མི་བཞེད་དེ། རྒྱུད་ཉི་ཟླ་ཁ་སྦྱོར་ལས། འདི་མཐོང་དབང་པོ་ཐ་མ་ལ། །བར་མ་དེ་ཉིད་སྣང་འགྱུར་རམ། །འོན་ཏེ་མི་སྣང་བའམ་ཅི། །སྟོན་པས་གསུངས་པ་དེ་སྣང་སྟེ། །རང་གར་འཛིན་པའི་བག་ཆགས་ཟད། །རང་བཞིན་སྤྲུལ་པར་དབུགས་ཕྱུངས་ཏེ། །བར་དོ་མེད་པར་སངས་རྒྱས་ཉིད། ཅེས་གསུངས་ལ། །སྲིད་པ་བར་དོ་དངོས་དེ་གང་ཡིན་ཅེ་ན། །ལུས་སེམས་གྱེས་ནས་ཆོས་ཉིད་འོད་གསལ་སྒྲ་འོད་ཟེར་གསུམ་སོགས་རང་ངོ་མ་ཤེས་པས་ཡལ་ཞིང་། འཁྲུལ་པའི་བག་ཆགས་ལངས་པ་ནས་མགོ་བཟུང་སྟེ། ཕྱི་མའི་མངལ་དུ་མ་ཆུད་ཀྱི་བར་


TR008_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་དེ་དག་སྲིད་པ་ལས་ཀྱི་བར་དོ་ཞེས་ཟེར་བའོ། །གཉིས་པ་དེ་དག་འཆར་ཚུལ་རྒྱས་པར་བཤད་པ་ལ། དེ་ཡང་གང་ཟག་ཐ་མལ་པ་རྣམས་གདམས་པ་ཟབ་མོའི་གནད་དང་ནི་མ་ལྡན། ལས་སྒྲིབ་ཤས་ཆེ་བས་འཕོ་བའི་མན་ངག་སོགས་ཀྱི་མཚམས་སྦྱོར་དང་རྟེན་འབྲེལ་འགྲིགས་པ་ཡང་དཀའ་ལ། གལ་ཏེ་འཕོ་བ་བཏབ་ཀྱང་ངེས་ཤེས་དང་གོམས་འདྲིས་མེད་ཚེ་དམིགས་ཡུལ་དེར་འཕོ་ཐུབ་པ་ཡང་ཤིན་ཏུ་དཀའ་བའི་དབང་གིས་ཐོག་མར་ཐིམ་རིམ་རྣམས་ཀྱི་ཟུག་རྔུ་ཉམས་སུ་མྱོང་ཞིང་སླར་གཞིའི་འོད་གསལ་འཆར་བ་དེ་ལ་ཕལ་པ་དག་རྣམ་ཤེས་བརྒྱལ་བ་ཞེས་ཀྱང་ཟེར་ལ། རང་ངོ་མ་ཤེས་པས་བརྒྱལ་བ་ལྟ་བུ་ཞིག་བྱས་ནས་མཐར་ཁམས་དཀར་དམར་སྟེང་འོག་གི་སྒོ་གཉིས་སུ་འཐོན་སྐབས་རྣམ་ཤེས་ཉིད་ཀྱང་ལས་རླུང་གིས་བསྐྱོད་དེ་སྒོ་དགུ་གང་རུང་


TR008_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་འཐོན་པར་འགྱུར་ལ། །འདི་དུས་ཆོས་ཉིད་ཀྱི་རང་སྒྲ་ལ་ནི་དངངས། འོད་གསལ་གྱི་སྣང་བ་ལ་ནི་སྐྲག །ཐུགས་རྗེའི་ཟེར་ཐག་ལ་ནི་འབྲོས། ཡེ་ཤེས་རང་བྱུང་གི་ལྷ་ཚོགས་ལ་ནི་གཤིན་རྗེའི་ལས་མཁན་དུ་མཐོང་བས་འཇིགས། ལྷུན་གྲུབ་རིན་པོ་ཆེའི་ཞིང་གི་བཀོད་པ་འཁོར་འདས་ཀྱི་སྣང་བ་ཐམས་ཅད་མེ་ལོང་གི་གཟུགས་བརྙན་ལྟར་བཀྲ་ལམ་མེ་མཐོང་ཡང་། ཡར་སྐུ་གསུམ་དག་པའི་ཞིང་ཁམས་རྣམས་ལ་ནི་མིག་གིས་བལྟ་ཡང་མི་ཕོད། མར་རིགས་དྲུག་འཁོར་བའི་སྣང་ཚུལ་དག་ལ་སྔར་ཞེན་གྱི་བག་ཆགས་ངན་གོམས་མཐུ་བལྟས་པའི་དབང་གིས་ཡིད་འཇུག་པར་བྱེད་དོ། །དེ་ཡང་སྔར་རང་བཞིན་བརྒྱད་ཅུའི་རྟོག་པ་དང་འབྱུང་བའི་རླུང་རྣམས་གཞི་ལ་ཐིམ་པའི་གནད་ཀྱིས། རང་བཞིན་གནས་


TR008_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཀྱི་འོད་གསལ་རྣམས་ཤར་ཡང་ངོ་མ་ཤེས་པའི་མཐུས། ད་ནི་སླར་མ་རིག་པ་ཁྱབ་བྱེད་ཀྱི་རླུང་ལས། རླུང་གི་རླུང་ཚུར་བྱུང་། དེ་ལས་མེའི་རླུང་དང་། དེ་ལས་ཆུ་རླུང་། དེ་ལས་ས་རླུང་བྱུང་སྟེ། འཁོར་བར་འདུ་བྱེད་པ་དང་རྣམ་པར་ཤེས་པ་གསལ་དུ་གསལ་དུ་སོང་བས་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་པོ་ལངས། དེ་ལས་ཀྱང་འཁྲུལ་རྟོག་རག་ཏུ་རག་ཏུ་སོང་བས་འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་དང་། ཞེ་སྡང་གི་རྟོག་པ་པོ་གསུམ་པོ་ཐམས་ཅད་ལངས་ཤིང་། ཁམས་ལྔའི་རླུང་དང་རྣམ་ཤེས་ཟུང་འབྲེལ་དུ་གྲུབ་པའི་མཐུ་ལས་ཡིད་ཀྱི་ལུས་དབང་པོ་ཀུན་ཚང་བའི་སྣང་བ་ཅན་གཅིག་ཏུ་ཤར་ཏེ། ལུས་ལ་འོད་ཅུང་ཟད་དང་ལྡན་པ་ཟས་སུ་དྲི་ཟ་ཞིང་གཞན་སེམས་ཤེས་པའི་མངོན་ཤེས་ཕྲ་མོ་ཡོད་པ། མའི་མངལ་དང་རྡོ་རྗེ་གདན་མ་གཏོགས་སྟོང་གསུམ་


TR008_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་ཡིད་ལ་བསམ་པ་ཙམ་གྱིས་བགྲོད་ཐུབ་པ། མངོན་ཤེས་ཅན་དང་རང་གི་རིགས་མཐུན་བར་དོའི་འགྲོ་བ་རྣམས་ཕན་ཚུན་མཐོང་ལ་ལུས་ཅན་གཞན་གྱིས་མི་མཐོང་བ་དེ་ལྟ་བུར་ཀྲོངས་ཀྱིས་གྱུར་ཏེ། དེ་སྐབས་ནི་རང་གི་སྔར་གྱི་རོ་སོགས་མཐོང་ཡང་ད་དུང་རང་ཉིད་ཤི་བ་ནི་མི་ཤེས་ལ། རང་གི་ཁང་ཁྱིམ་ནོར་རྫས་ཡོ་བྱད་སོགས་ལ་ཞེན་པ་ཆེན་པོས་བདག་ཏུ་གཟུང་བར་བྱེད་ཅིང་། གྲོགས་དང་ཉེ་འཁོར་རྣམས་ཀྱིས་རང་ཉིད་ཀྱི་དངོས་པོ་ལོངས་སྤྱོད་པ་སོགས་ལ་འཕང་སེམས་དང་ཁོང་ཁྲོ་སྔོན་ལས་རག་པ་མང་པོ་བྱེད་ཀྱང་ཁོང་རྣམས་ཀྱིས་ནི་མི་ཤེས། ནང་གི་དྭངས་མ་ཁམས་དཀར་དམར་མེད་པའི་གནད་ཀྱིས་ཕྱི་རོལ་གང་དུ་ཕྱིན་ཀྱང་ཉི་ཟླའི་སྣང་བ་མེད་པ་དང་། བཀྲེས་སྐོམ་གྱིས་རབ་ཏུ་གདུངས་ཀྱང་བཟའ་བཏུང་མ་བསྔོས་པ་ལ་སྤྱོད་


TR008_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

དབང་མེད་པ་དང་། རྟེན་གཞི་ལུས་དངོས་མེད་པའི་གནད་ཀྱིས་བྱ་སྒྲོ་རླུང་ཁྱེར་ལྟར་རང་དབང་མེད་པར་ཡད་ཡུད་ཕྱད་ཕྱོད་དུ་འཁྱམས་ཤིང་། སྡུག་བསྔལ་ཚོར་བ་གཞན་ལས་རག་པ་འབྱུང་། གཞན་ཡང་དེའི་ཚེ་མ་ངེས་པའི་རྟགས་དྲུག་འཆར་ཏེ། གནས་ལ་ངེས་པ་མེད་པར་ཡུད་ཙམ་རང་ལ་འཕོ་འགྱུར་བྱེད་ཅིང་། ཁང་སྟོང་གྲོགས་པོ་ཕུག་རྡུག་བྲག་ཕུག་སོགས་ངེས་མེད་དུ་སྡོད་པར་སྣང་བ་དང་། རྟེན་པ་ངེས་མེད་ཟུག་རྔུའི་ངལ་སྟེགས་མཆོད་རྟེན་རྩ་བརྒྱད་ལ་སོགས་བརྟེན་པ་དང་། སྤྱོད་པ་ངེས་མེད་སྐད་ཅིག་རེ་ལ་སྣ་ཚོགས་བྱེད་པ་དང་། ཁ་ཟས་ངེས་མེད་རིགས་དྲུག་གི་ཟས་བཟང་ངན་སྣ་ཚོགས་མཐོང་ཡང་མ་བསྔོས་པར་མི་ཐོབ་པ་དང་། གྲོགས་ངེས་མེད་ལྷ་དང་འདྲེ་སྲིན་བར་དོའི་སེམས་ཅན་སྣ་ཚོགས་དང་ཡུད་རེ་འཕྲད་ཅིང་འགྲོགས། སྣང་ཚུལ་ངེས་མེད་ཡིད་ཀྱི་འཆར་སྒོ་བདེ་སྡུག་རྣམ་པ་སྣ་ཚོགས་སྐད་ཅིག་རེ་ལ་འགྱུར་ལྡོག་བྱེད་ཅིང་། འཇིགས་སྐྲག་


TR008_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་སྣང་ལ་མི་འབྱུང་བའི་སྣ་མེད་པ་མང་པོ་འཆར་བར་འགྱུར་རོ། གཞན་ཡང་འཇིགས་པའི་དགྲ་བཞི་ཞེས་བྱ་བ། ས་རླུང་ལོག་པའི་རྐྱེན་གྱིས་རང་སྣང་དུ་རི་ཉིལ་བའམ་ཁང་པ་རྡིབ་པའི་འོག་ཏུ་ཚུད་པའི་སྣང་བ་དང་། ཆུ་རླུང་ལོག་པས་ཆུ་ཆེན་པོའི་ཀློང་དུ་ཁྱེར་བའམ། མཚོ་ཆེན་དུ་བྱིང་བའི་ཉམས་སྣང་དང་། མེ་རླུང་ལོག་པས་ནགས་ཚལ་ལམ་ཁང་ཁྱིམ་ཚིག་པའི་དཀྱིལ་དུ་བསྲེག་པའི་སྣང་བ་དང་། རླུང་གི་རླུང་ལོག་པས་རླུང་འཚུབ་དྲག་པོས་ཁྱེར་བའི་སྣང་བ་སོགས་འབྱུང་ཞིང་། ཉོན་མོངས་དུག་གསུམ་གྱི་བག་ཆགས་རང་གཟུགས་ལས་གྲུབ་པའི་ཡ་ང་བའི་གཡང་ས་ཆེན་པོ་དཀར་དམར་ནག་གསུམ་སྣང་བ་རུ་ལྷུང་བའི་སྡུག་བསྔལ་དང་། ཆར་ལྷག་གིས་བརྡུང་བ་དང་། རྣག་ཁུག་གི་སེར་བ་འབབས་པ་དང་། ཤ་ཟ་སྲིན་


TR008_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གཅན་གཟན་འཇིགས་རུང་མང་པོས་འདོད་པའི་སྣང་བ་དང་། ཁྱད་པར་ཉ་པ་རྔོན་པ་བཤན་པ་སོགས་ཚེ་འདིར་སྡིག་ཆེན་གྱི་ལས། གང་དང་གང་ལ་བསགས་པ་དེ་དང་དེ་དག་མང་པོས་ཚུར་བརྡེག་བརྡུང་གསོད་གཅོད་ཀྱི་འཁྲུལ་སྣང་ཤས་ཆེར་འབྱུང་ལ། མདོར་ན་བདུན་ཕྲག་གཅིག་ནས་ཞི་དགུའི་བར་རམ། ལ་ལ་དག་ལོ་ཟླའི་བར་དུ་མར་སྲིད་པ་བར་དོའི་སྡུག་བསྔལ་མྱོང་བའང་ཡོད་ལ། ཕལ་ཆེར་ནི་བདུན་ཞག་མ་ཚང་གི་རིང་ལ་སྡོད་པ་ཤས་ཆེ་ཞིང་། ཞག་བདུན་བདུན་ལ་འཆི་ཐེང་རེ་བྱེད་པའི་སྣང་བ་དང་། ཟུག་རྔུའི་ཚོར་བ་ཉམས་སུ་མྱོང་བར་འགྱུར་བ་དང་། མདོར་ན་བར་དོ་འདིར་ཇི་ཙམ་གནས་པའི་ཕྱེད་ནི་ད་ལྟའི་ལུས་དང་སྐྱེ་བ་དེའི་བག་ཆགས་བྱེད་ཅིང་། ཕྱེད་ཕན་ཆད་ནས་སྐྱེ་བ་རྗེས་མ་དེའི་སྣང་བ་ཤས་ཆེར་འགྱུར་བའོ། །ཕྱེད་ཙམ་དེ་ཤེད་དུ་


TR008_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་ཡུལ་སྐྱེ་མོའི་གླིང་ན་གཤིན་རྗེ་ཆོས་རྒྱལ་ལ་ལས་མཁན་འཇིགས་སུ་རུང་བ་མང་པོའི་འཁོར་གྱིས་བསྐོར་བའི་མདུན་དུ་སླེབས་ནས་ལྷན་སྐྱེས་ཀྱི་ལྷ་དང་འདྲེས་རྡེའུ་དཀར་ནག་བཤར་ཏེ་དགེ་སྡིག་གི་ཤན་འབྱེད་བྱེད་པའི་སྣང་བ་ཡང་འབྱུང་བར་བཤད་ལ། ལར་ཕྱེད་མཚམས་ཕན་ཆོད་དེ་ནས་བརྩམས་ཏེ། ལས་རླུང་དང་དུག་ལྔའི་བག་ཆགས་ཀྱི་རྟེན་འབྲེལ་རང་གདངས་ལས་རིགས་དྲུག་གི་སྐྱེ་གནས་ཀྱི་སྔ་རྟགས་སུ་རྣམ་བྱང་འོད་ཀྱི་ལམ་ལྔ་གང་རུང་འབྱུང་སྟེ། དེ་ཡང་ལྷར་སྐྱེ་ན་འོད་ལམ་དཀར་པོ་བཀྲག་མེད་ཀྱི་སྣང་བ་དང་། །དེ་བཞིན་དུ་ལྷ་མ་ཡིན་ལ་དམར་པོ། མི་ལ་སྔོན་པོ། དུད་འགྲོ་ལ་ལྗང་གུ། ཡི་དྭགས་ལ་སེར་སྐྱ་རྣམས་འཆར་ལ། དམྱལ་བར་སྐྱེ་བའི་ལས་ཅན་ཡིན་ན་


TR008_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

མར་གྱི་ཟང་ཐལ་མ་གཏོགས་འདི་སྐབས་སུ་སྡོད་པ་མི་འབྱུང་བར་ཡང་གསུངས་ཤིང་། གཞུང་ལ་ལར་ནི་འོད་ལམ་དུད་ཁ་ལ་ཟིན་ན་དམྱལ་བར་སྐྱེ་བ་ཡང་བཤད་པས་ངེས་པ་མེད་པར་མངོན་ཅིང་། ཡང་ཐོས་གྲོལ་ལས་ནི་འོད་ལམ་འདི་དག་གོང་གི་ཡེ་ཤེས་བཞི་སྦྱོར་གྱི་འོད་དང་རིགས་ལྔའི་ལྷ་ཚོགས་ཤར་སྐབས་སུ་ལྷན་ཅིག་འབྱུང་བར་གསུངས་པ་ནི་གང་ཟག་གི་རིགས་ལ་དགོངས་པ་ཡང་ཡིན་མོད་ཀྱི། ལར་ཡང་ཉོན་མོངས་པ་དུག་ལྔ་པོ་ལམ་མ་ལྷོངས་ཤིང་མ་རྟོགས་པའི་ངོར་ནི་འགྲོ་དྲུག་གི་ལམ་སྣང་དང་སྐྱེ་གནས་རྣམས་འཆར་ལ། དེ་དག་ཡེ་ཤེས་ལྔའི་རང་བཞིན་དུ་རྟོགས་པའི་རྣལ་འབྱོར་རྣམས་ཀྱི་ངོར་ཡེ་ཤེས་འོད་ལྔ་དང་རྒྱལ་བ་རིགས་ལྔར་ཤར་ནས་དེ་དག་གི་ངོ་བོར་གྲོལ་བ་ལ་དགོངས་ཤིང་། གཞན་ཡང་དེ་སྐབས་སུ་ཐོས་གྲོལ་སོགས་


TR008_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ཞག་དང་པོར་རྒྱལ་བ་མི་བསྐྱོད་པ་གཙོ་འཁོར་རྣམས་འཆར་བ་དང་། གཉིས་པ་ལ་རིན་འབྱུང་སོགས་ཞག་གྲངས་རིམ་པ་ལྟ་བུར་དགོངས་ཅན་དུ་གསུངས་པ་འདི་ལ་ཉིན་ཞག་དངོས་ཡིན་པར་བསམ་མཁན་མང་ཡང་མ་ཡིན་ཏེ། འདི་ནི་གོང་དུ་བརྗོད་པ་བཞིན་བསམ་གཏན་གྱི་ཞག་ཡིན་ཚེ་ཕལ་པ་རྣམས་ལ་ཡུད་ཙམ་ཞིག་ལས་མི་འཆར་བར་ཤེས་པར་བྱའོ། །དེ་ལྟར་གོང་གི་འཕྲོ་བཞིན་རྣམ་བྱང་ལྔ་གང་རུང་ལ་ཟིན་པར་གྱུར་ཚེ་རང་ཉིད་ཤི་བ་ཡང་ཤེས་ལ། བར་དོའི་ཡིད་ལུས་དེས་རབ་ཏུ་སྐྱེ་སྟེ་སྐྱེ་གནས་འཚོལ་བའི་འདུན་པ་ཁོ་ན་བྱེད་པར་འགྱུར་ཞིང་། དེའི་དབང་གིས་རིགས་དྲུག་གང་དུ་སྐྱེ་འགྱུར་གྱི་ལས། ཡོད་པ་དེ་དང་དེའི་སྣང་བ་སོ་སོར་འཆར་བ་སྟེ། ལྷར་སྐྱེ་ན་གཞལ་ཡས་ཁང་དུ་འགྲོ་བའི་སྣང་བ་དང་། ལྷ་མ་ཡིན་ལ་


TR008_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཀྱི་འཁོར་ལོ་ལྟ་བུའམ། འགའ་ཞིག་ལ་ནི་དམག་འབྲུག་གི་དཀྱིལ་དུ་འགྲོ་བའི་སྣང་བ་འབྱུང་། བྲག་ཕུག་གམ་གྲོག་སྟོང་འཇག་སྤྱིལ་སོགས་སུ་མཐོང་ན་བྱོལ་སོང་དང་། སྡོང་དུམ་དང་ནགས་ཁྲོད་དམ་རེ་ཕྱར་གྱི་སྣང་བ་ལྟ་བུས་ཡི་དྭགས་དང་དམྱལ་བ་ལ་ནི་ས་དོང་ནག་པོར་དབང་མེད་དུ་འཁྲིད་པ་དང་། ལྕགས་ཀྱི་གྲོང་ཁྱེར་ལྟ་བུར་འགྲོ་བའི་སྣང་བ་དང་། ལ་ལ་ཞིག་ལ་ནི་གླུ་དབྱངས་དང་རྩེད་འཇོ་དང་གྲོགས་མཇའ་བས་འབོད་པར། སྣང་བ་ལ་ཞེན་ནས་ཕྱིན་པས་དམྱལ་བར་སྐྱེ་བ་ཡང་ཡོད་དོ། །མི་རྣམས་ལ་ནི་སོ་སོར་སྣང་ཚུལ་སྣ་ཚོགས་ཏེ་ངང་པ་ཕོ་མོས་བརྒྱན་པའི་མཚོ་མཐོང་ན་ཤར་གྱི་ལུས་འཕགས་གླིང་དུ་སྐྱེ་བ་དང་། རྟ་ཕོ་མོ་རྒྱུ་བའི་མཚོ་ལས་བྱང་སྒྲ་མི་སྙན་དང་། བ་ལང་གིས་བརྒྱན་པའི་མཚོ་ལས་ནུབ་བ་


TR008_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

ལང་སྤྱོད་དང་། འཛམ་གླིང་འདིར་ཡང་ན་བུན་ལྟ་བུའི་གསེབ་ཏུ་འགྲོ་བ་སྙམ་བྱེད་ན་མི་ཁོམ་པའི་གནས་སོགས་མི་ལུས་ཙམ་པོ་བར་སྐྱེ་ལ། ཁང་བཟང་གྲོང་ཁྱེར་དང་སྐྱེ་བོ་མང་པོའི་ཁྲོད་དུ་ཕྱིན་པའི་སྣང་བ་ལས་མི་ལུས་རིན་པོ་ཆེ་ཐོབ་པར་འགྱུར་བ་སྟེ། དེར་ཕ་མ་ཆགས་སྤྱོད་མཐོང་ཚེ་རང་ཉིད་ཕོ་མོ་གང་དུ་འགྱུར་བ་དེ་དང་མཐུན་པའི་ཕ་མ་སོ་སོ་ལ་མིག་སེར་དང་ཆགས་སེམས་སྐྱེས་པའི་རྐྱེན་གྱིས་མཚམས་སྦྱར་ཏེ་མངལ་དུ་འཇུག་པར་འགྱུར་ལ། གཞན་དུ་རྫུས་སྐྱེས་དྲོད་གཤེར་སྐྱེས་པ་སོགས་ཀྱི་རིགས་རྣམས་ཀྱང་གནས་དེ་ཉིད་ལ་ཆགས་སྡང་གི་རྣམ་རྟོག་གང་རུང་ཞིག་གིས་རྐྱེན་བྱས་ནས་ཞུགས་པར་འགྱུར་བ་ཉིད་དོ། །གསུམ་པ་གདམས་ངག་གི་ལམ་ཁྱེར་བཤད་པས་འགག་བསྡུ་བ་ནི། དེ་ལྟ་བུ་ཉམ་ང་ཞིང་འཇིགས་སུ་


TR008_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

རུང་བའི་སྡུག་བསྔལ་ཟོ་ཆུའི་ཁྱུད་མོ་ལྟ་བུར་ཡང་ཡང་རྒྱུན་མི་ཆད་དུ་འཁོར་བར་འགྱུར་བའི་རྟེན་འབྲེལ་བཅུ་གཉིས་ཀྱི་འཁོར་ལོ་འདི་ད་རེས་ནས་རྒྱུན་ཆོད་པ་ཞིག་ཅིས་ཀྱང་དགོས་ཕྱིར། གོང་དུ་ཡང་ཡང་བརྗོད་པ་ལྟར་གདམས་པའི་གནད་ལ་ད་ལྟ་ནས་གོམས་དགོས་ཤིང་། མཆོག་ཏུ་རང་སེམས་ལ་རང་དབང་ཐོབ་པའི་ཉམས་ལེན་དྲན་རིག་དང་མ་བྲལ་ན་གདམས་པ་འདི་ཁོ་ནས་ཆོག་གིས། ཨོ་རྒྱན་རིན་པོ་ཆེ་ཉིད་ཀྱི་ཞལ་ནས། དེ་ཡང་བར་དོའི་སྐབས་སུ་སྐད་ཅིག་མ་ལ་ངོས་ཟིན་ཙམ་གྱིས་བརྟན་པ་ཐོབ་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། ད་ལྟ་ནི་སེམས་རིག་ལས་རླུང་གི་རྒྱར་འཐུམས། ལས་རླུང་གདོས་བཅས་ཤ་ཁྲག་གི་རྒྱར་འཐུམས་པས་རང་དབང་མ་ཐོབ་ལ། ལུས་འདི་བེམ་རིག་བྲལ་ནས་ཕྱི་མའི་ལུས་རྒྱར་མ་འཐུམས་པའི་


TR008_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

བར་དེར་རླུང་སེམས་ཆོ་འཕྲུལ་དང་བཅས་པ་ལ་དངོས་ཅན་གྱི་རྟེན་མེད་ཅིང་། དེ་ལ་གདོས་བཅས་ཀྱི་རྟེན་མེད་ཚེ་རང་དབང་བསྒྱུར་ཏེ་ངོས་ཟིན། ངོས་ཟིན་ཙམ་དེས་བརྟན་པ་ཐོབ་ནུས་པ་ནི། དཔེར་ན་བསྐལ་པའི་བར་གྱི་མུན་ནག་ལ། སྒྲོན་མེ་སླེབས་ན་སྐད་ཅིག་ལ་སེལ་བ་ལྟར་འགྱུར་བའོ། །བར་དོར་ད་ལྟ་ངོ་སྤྲོད་པའི་དུས་ལྟར་ཟིན་ན་སངས་རྒྱ་བ་ལ་ཐེ་ཚོམ་མེད་དོ། །དེ་བས་ད་ལྟ་ནས་གོམས་འདྲིས་སུ་བྱའོ། །ཞེས་གསུངས་སོ། །ཁྱད་པར་དུ་རྨི་ལམ་དང་བར་དོ་སྦྱང་བ་ཐམས་ཅད་ཀྱི་གནད་འགག་གཙོ་བོར་འདུན་པ་ཁོ་ན་གལ་ཆེ་ཆེ། དེ་ལ་ནི་ད་ལྟ་ཅི་བྱེད་ཐམས་ཅད་རྨི་ལམ་སྒྱུ་མའི་ཚུལ་དང་། བདག་ཤི་ནས་བར་དོར་སླེབས་འདུག །སྣང་བ་ཅི་ཤར་འདི་ཐམས་ཅད་བར་དོའི་སྣང་བ་ཡིན། འདི་


TR008_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཉམས་ལེན་གྱི་གནད་འདི་དང་འདི་བཞིན་བྱ་སྙམ་པའི་དྲན་འདུན་བར་མ་ཆད་པ་ཡོད་ན་བར་དོ་མི་འབྱོང་བའི་ཐབས་མེད་ཀྱང་། གང་ཟག་ཕལ་མོ་ཆེ་ཀུན་ད་ལྟའི་སྣང་བ་འདི་བདེན་བདེན་པ་ཡིན་ནོ། །མངོན་སུམ་ཡིན་ནོ། མ་ཤི་བ་ཡིན་ནོ་སྙམ་པའི་ཞེན་པ་ཨ་འཐས་སུ་བྱེད་ལུགས་འདི་འདྲས་ནི་བར་དོ་ཟིན་པའི་ཐབས་རྩ་བ་ནས་ཟད་མོད་ཀྱི། ལར་ཚེ་འདིའི་ཞེན་པ་ཅན་ལ་ཆོས་གང་ཡང་ལམ་དུ་འགྲོ་བ་གང་ནས་ཀྱང་མ་གསུངས་སོ། །དཔེ་ན་རྗེ་མི་ལས། ང་འཆི་བ་ཁོ་ནས་འཇིགས་འཇིགས་ནས། སེམས་འཆི་མེད་གཉུག་མའི་ངང་དུ་སྦྱངས། འཁོར་བ་རང་གྲོལ་གཞི་ཡི་གནས། སྙིང་པོའི་དོན་ལ་ངོ་སྤྲོད་གྱིས། ནང་རིག་པ་རྟེན་མེད་གཅེར་བུ་འདི། འགྱུ་བ་དྭངས་པ་ལྟ་བའི་གདིང་། འོད་གསལ་


TR008_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་བློ་ཐག་ཆོད། ད་སྐྱེ་ཤི་གཉིས་ལ་ཉམས་ང་མེད། ཅེས་གསུངས་པ་ལྟར་འབད་དགོས་ཤིང་། བྱེ་དག་ཏུ་དེ་སྐབས་སུ་རྣམ་བྱང་གི་འོད་གསལ་མ་ཟིན་ཚུན་ཆོད་ནི། འཇིགས་སྐྲག་གི་སྣང་བ་ཅི་ཤར་མཐའ་དག་རང་སེམས་ཀྱི་འཆར་སྒོ་རུ་ཐག་ཆོད་པ་ནི་ཐམས་ཅད་དུ་གཅེས་ལ། ཁྱད་པར་མཉམ་མེད་སྒམ་པོ་པའི་མན་ངག་དགྲ་བཞི་ལམ་འཁྱེར་སོགས་ཀྱང་འདི་དུས་མཆོག་ཏུ་གལ་ཆེ་བར་མངོན་ཅིང་། གལ་ཏེ་རང་ཉིད་རྨི་ལམ་གྱི་གདམས་ངག་ལ་རྩལ་འཐོན་པ་ཞིག་ཡིན་པའི་ཚེ་ན། ད་ལྟ་རྨི་ལམ་སྤྲུལ་སྒྱུར་རྩལ་སྦྱོང་རྣམས་དང་ཁྱད་པར་དག་པ་ཞིང་སྦྱོང་སོགས་ལ་གོམས་ཚེ། དེ་དག་གི་གནད་དོནདྲན་པ་ཙམ་གྱིས་གང་འདོད་འགྲུབ་ལ། གོང་དུ་རྫོགས་ཆེན་གྱི་སྐབས་སུ་བཤད་པ་ལྟར་རང་སྣང་དག་པའི་


TR008_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཁམས་ལ་དབང་ཐོབ་ཅིང་དེར་ཁྱད་པར་གྱི་ས་ལམ་སྦྱངས་ཏེ། མྱུར་དུ་བྱང་ཆུབ་ཆེན་པོ་མངོན་དུ་འགྱུར་བར་ཚེགས་མེད་པ་དང་། མཁའ་སྤྱོད་ཞིང་གི་འཕོ་བ་སོགས་འབྱོངས་ཀྱང་འདི་དང་མཚུངས་སོ། །དེ་དག་གང་ལའང་ད་ལྟའི་བག་ཆགས་ངན་གོམས་ཀྱི་མཐུས་ཟང་ཟིང་གཉེན་འཁོར་སོགས་ལ་ཆགས་ཞེན་དང་ཤུལ་གྱི་བྱ་བྱེད་བཟང་ངན་གྱི་ཚོགས་གང་མཐོང་ལ་ཆགས་སྡང་གི་རྟོག་པ་མ་ཞུགས་པ་ནི་ནན་ཏན་གལ་ཆེ་བར་འགྱུར་ཚུལ་གྱི་ལོ་རྒྱུས་གཏམ་རྒྱུད་སོགས་ཤིན་ཏུ་མང་བར་མདོ་སོགས་ལས་འབྱུང་ཕྱིར། གང་ལ་ཡང་མ་ཆགས་པར་ཉམས་ལེན་ལ་རྩེ་གཅིག་ཏུ་འབད་པ་དང་། གལ་ཏེ་རྣམ་བྱང་གི་འོད་གསལ་ཟིན་ཕྱིན་ཆད། དེ་ནས་ཅུང་ཟད་བཟློག་པར་དཀའ་མོད་ཀྱི། འོན་ཀྱང་དེ་ཚེ་སྐྱེ་བ་ཕྱི་མའི་ཕ་མ་སོགས་ཡང་སྲིད་ཀྱི་མཚམས་སྦྱོར་གང་མཐོང་


TR008_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རབ་ཀྱིས་ནི་རིག་སྟོང་རྫོགས་ཆེན་ནམ། བདེ་སྟོང་ཕྱག་ཆེན་ལྷན་སྐྱེས་ཡེ་ཤེས་ཀྱི་ངང་དུ་མཉམ་པར་བཞག་ན་མངལ་སྒོ་དགག་པའི་ཐབས་ཀྱི་མཆོག་ཡིན་ཏེ། འདི་ལ་ནི་འཇུག་བྱེད་ཀྱི་མཁན་པོ་དགག་པ་ཞེས་བྱ་ལ། དེ་ཙམ་གྱི་ནུས་པ་མེད་ཀྱང་བསྐྱེད་པའི་རིམ་པ་རྣམ་དག་ལ་ངེས་ཤེས་རྙེད་པ་ཞིག་ཡིན་ན་ནི། དག་པའི་སྒྱུ་ལུས་སམ་སྣང་སྟོང་ཟུང་འཇུག་ཡེ་ཤེས་ཀྱི་སྐུར་ལྡང་ནུས་ནའང་། བར་དོར་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པར་གསར་རྙིང་ཐམས་ཅད་ལས་བཤད་ཅིང་། འདི་ལ་ནི་བསྐྱེད་རིམ་གྱི་བརྡ་དོན་རྟགས་གསུམ་ཇི་ལྟ་བར་ཤེས་པས་ད་ལྟ་ནས་སྒོམ་པ་གོམས་པ་གཅིག་དགོས་ནའང་། དེང་སང་ནི་དུས་དབང་གིས་བསྐྱེད་རིམ་པར་རློམ་པ་ཕལ་ཆེར་ཨ་འཐས་སམ་ཀུན་བརྟགས་ཀྱི་བསྐྱེད་


TR008_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་ལ་ཞེན་པ་ཆེན་པོས་བསྒོམ་ཞིང་། དེའི་སྒོམ་པ་ཡང་ཚེ་འདིའི་ནད་གདོན་ཞི་བྱེད་དང་། ཐུན་མོང་གི་ལས་ཚོགས་ཕྲན་བུ་འགྲུབ་པའི་ནུས་པ་འབྱུང་དུ་རེ་བའི་བསམ་པ་ཁོ་ན་མ་གཏོགས། རྫོགས་བྱང་གི་སླད་དུ་ལྷ་སྔགས་ཀྱི་ཉམས་ལེན་དྲི་མེད་བྱེད་མཁན་ནི་ཆེས་དཀོན་པ་སྣང་ཚེ་ཨ་འཐས་ཀྱི་བསྐྱེད་རིམ་དེས་ནི་བར་དོར་གྲོལ་བའི་རྒྱུར་འགྱུར་བ་ལྟ་ཞོག །ཡི་དྭགས་ཡི་དམ་གྱི་གཟུགས་ཅན་དུ་སྐྱེས་ཚུལ་གྱི་གཏམ་རྒྱུད་རྣམས་དང་མཚུངས་པར་སེམས་ལ། བསྐྱེད་རིམ་ཚུལ་བཞིན། ཤེས་པ་ཞིག་ཡིན་ན་ཕ་མ་སོགས་ཆགས་སྡང་མིག་སེར་གྱི་ཡུལ་རྐྱེན་གང་མཐོང་དེ་དག་ཡི་དམ་ཡབ་ཡུམ་དུ་བསྒོམ་པས་ཀྱང་སྒོ་འགག་པའི་ཐབས་མཆོག་ཏུའང་འགྱུར་ལ། གལ་ཏེ་བསམ་བཞིན་དུ་མི་ལུས་ཆོས་ལྡན་གྱི་སྐྱེ་བ་ལེན་པར་སྤྲོ་


TR008_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

ནའང་རང་དང་ཕ་མ་ལྷར་བསྐྱེད་ཅིང་། མངོན་བྱང་ལྔ་དང་ཆོ་ག་གསུམ་སོགས་ཀྱི་ཏིང་འཛིན་དང་ལྡན་པས་མངལ་དུ་ཞུགས་ན། ཇི་ལྟར་འདོད་པའི་དོན་འགྲུབ་པར་འགྱུར་བའོ། །ཡང་གལ་ཏེ་རང་ཉིད་བསླབ་པ་རིན་པོ་ཆེ་ལ་གཅེས་སྤྲས་སུ་བྱེད་པའི་དགེ་སྦྱོང་ཞིག་ཡིན་པའི་ཚེ་ན་སྲིད་པའི་མཚམས་སྦྱོར་གྱི་ཕ་མ་མཐོང་བ་དེའི་ཚེ་རང་ཉིད་ཀྱི་ཚུལ་ཁྲིམས་ལ་འདུན་པ་རྩེ་གཅིག་དང་ལྡན་པས་ཆགས་སྡང་གི་སྣང་བ་དང་བསམ་སྦྱོར་རིང་དུ་སྤངས་ལ། ཞེན་ལོག་ངེས་འབྱུང་གི་ཡིད་བརྟན་པོ་དང་ལྡན་པས་ཀྱང་འཁོར་བའི་གནས་ངན་གྱི་སྒོ་ཁེགས་པར་ནུས་པས། དེ་ལྟ་བུའི་ཞེ་བཅད་ལ་གོམས་པའི་བློ་ཡང་ད་ལྟ་ནས་བསླབ་སྦྱངས་དང་། གཞན་ཡང་ཉམས་ལེན་དེ་དག་གང་ཡང་མེད་ཀྱང་བར་དོའི་འཇིགས་སྐྲག་གིས་དབང་མེད་དུ་


TR008_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

དེད་ཅིང་སྐྱེ་གནས་ངན་པ་དག་ཏུ་འཁྲིས་པ་བྱེད་དགོས་པ་ལྟར་བྱུང་ཚེ། བླ་མ་དང་དཀོན་མཆོག་ལ་ར་མདར་སྦྲོན་ཅིང་སྐྱབས་སུ་སོང་སྟེ་རྩེ་གཅིག་ཏུ་གསོལ་བ་བཏབ་ན་དེ་དག་གི་ཐུགས་རྗེ་བསླུ་མེད་ཀྱི་མཐུས་འཇིགས་སྐྲག་ལས་གྲོལ་ཞིང་དལ་འབྱོར་ཆོས་ལྡན་གྱི་ལུས་བླངས་ཏེ་རིང་པོར་མི་ཐོགས་པར་བྱང་ཆུབ་ཐོབ་པར་འགྱུར་བ་སྟེ། དེ་ལྟར་འོག་མ་འདི་དག་ལ་ནི་འཇུག་ཡུལ་གྱི་སྐྱེ་སྒོ་དགག་པ་ཞེས་བྱ་བའི་ཐབས་དང་། ཁེགས་པར་མ་ནུས་ན། སྐྱེ་གནས་འདམས་པའི་ཐབས་སོགས་བསྟན་པ་སྟེ་མདོར་ན་བར་དོའི་གདམས་ངག་གི་སྐབས་དོན་གལ་ཆེ་བ་ཐམས་ཅད་འདི་དག་ཡན་ལ་ཚང་བར་མཆིས་ཤིང་། གཞན་གང་ཟག་ཕལ་པ་སྤྱི་ལ་འཆི་ཁར་གཞོག་གཡས་པ་ལ་ཕབ་པའི་སྤྱི་བོ་ནས་སངས་རྒྱས་ཀྱི་མཚན་དང་


TR008_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་སྔགས་བྱིན་རླབས་ཅན་བསྒྲགས་པ་དང་། མན་ངག་འགའ་ཞིག་ལས་འབྱུང་བ་བཞིན་རྫས་ཀྱི་འཕོ་བ་དང་། བྱིན་རླབས་དམ་རྫས་སོགས་མདོར་ན་ངན་འགྲོ་ལས་སྐྱོབ་ཐབས་ཀྱི་རྟེན་འབྲེལ་དུ་མ་དང་། ཤུལ་དུ་ཡང་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་གྱི་ཆོ་ག་རྣམ་དག་དང་། བདེ་གཤེགས་ཀྱི་གསུང་སྒྲོག་ཁྲུས་ཆོག་དབང་བསྐུར་བྱང་བུ་བཞུ་བ་སོགས་ཀྱི་རིམ་པ་རྣམས་ཀྱང་ཅི་ལྟར་འཛོམ་པ་བགྱིས་ན། རྒྱུ་འབྲས་ཀྱི་རྟེན་འབྲེལ་བསླུ་མེད་དང་། རྒྱལ་བའི་ཐུགས་རྗེ་དང་ཆོས་ཉིད་ཀྱི་བདེན་པས་ཕན་པ་རླབས་པོ་ཆེར་འགྱུར་བ་གཞིར་བཅས་ལ། འོན་ཀྱང་ཆོ་ག་སོགས་བྱེད་པ་པོ་རྣམས་ཏིང་འཛིན་ཚུལ་དང་ལྡན་པ་ཤེས་མི་ཤེས་ཇི་ལྟར་ཡང་རུང་། ལོག་པའི་བསམ་སྦྱོར་སོགས་ཚུལ་མ་ཡིན་པའི་བྱེད་སྤྱོད་ལས་ནི་ཚེ་འདས་དེ་ཡི་མངོན་


TR008_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་པས་མཐོང་བའི་རྐྱེན་བྱས་ཏེ་མཚམས་སྦྱོར་ལམ་མིན་དུ་འགྲོ་བའི་ཉེན་འབྱུང་ཚེ་ལྷག་བསམ་དག་པ་གལ་ཆེ་བ་དང་། ཁྱད་པར་གཤིན་པོ་ལ་དམིགས་པའི་དགེ་བ་མཆོད་སྦྱིན་སོགས་ལ་བསྙད་ནས་སྲོག་གཅོད་བྱེད་པ་སོགས་ནི་ཕན་པ་བས་གནོད་པ་ཆེན་པོར་འགྲོ་བར་མདོ་རྒྱུད་ཀུན་ནས་གསུངས་ཕྱིར། ཤུལ་དུ་དགེ་བ་ཆེ་ཆུང་གང་བྱེད་སྡིག་དང་མ་འདྲེས་པ་ཁོ་ན་གལ་ཆེ་མོད་ཀྱི། གང་ཞིག་ཉམས་ལེན་ཟབ་མོའི་སྒོར་ཞུགས་པའི་གང་ཟག་རྣམས་ནི་ཤི་བའི་ཤུལ་དུ་དགེ་བ་བྱེད་ཀྱང་རུང་མི་བྱེད་ཀྱང་རུང་སྟེ། རང་ཉིད་དེ་དག་ལ་རེ་མི་དགོས་ཙམ་ཞིག་ད་ལྟ་ནས་མི་བྱེད་ན་ཆོས་པའི་དགོས་པ་མེད་པར་འགྱུར་ཏེ། ཨོ་རྒྱན་གྱིས་གསུངས་པ་ལྟར། མ་ཤིའི་གོང་ནས་དམ་ཆོས་རེམ་ལས་གྱིས། མཚན་བྱང་


TR008_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་ལ་དབང་བསྐུར་བྱེད་ཚེ་ཕྱིས། །རྣམ་ཤེས་བར་དོར་ཁྱི་ལྡོག་བཞིན་དུ་འཁྱམས། །མཐོ་རིས་དྲན་ཏེ་དེ་ལ་དཀའ་ལས་ཡོད། ཅེས་གསུངས་པ་དང་། ཞང་རིན་པོ་ཆེས། །རྨས་ནས་གོ་ཆ་བསྐྱལ་བ་དང་། །འཆི་ཁར་སྡིག་ལ་འགྱོད་པ་དང་། །ཤི་ནས་རོ་ལ་དབང་བསྐུར་གསུམ། །ཡིན་དང་ཡིན་ཏེ་མ་ཕྱིས་སམ། ཞེས་གསུངས་པ་ལྟར་འགྱུར་བས། །དེས་ན་ལུས་ཐོག་འདི་ལ་འབུང་དགོས་ཤིང་། གཅིག་དྲིལ་དུ་ཉམས་སུ་ལེན་ནུས་ན་ཆོས་ཀྱི་ཐབས་མི་འགགས་ཏེ། ཕ་དམ་པའི་ཞལ་ནས། །ཆོས་མ་ཤེས་ནས་ཕུང་བ་མིན་ཏེ། མ་ནུས་པས་ཕུང་བ་ཡིན། །ཡིག་དྲུག་མི་ཤེས་མཁན་ག་ལ་འོངས་ཏེ། །དེ་ཡང་འདྲེན་མི་ནུས་པར་འདུག་མོད། །ཅེས་གསུངས་ཕྱིར་ངེས་ཤེས་དང་ལྡན་པས་འབད་


TR008_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཏེ། དམ་པ་ཀུན་དགས། །ངེས་ཤེས་སྐྱེས་ན་གདམས་པར་མ་གྱུར་མེད། །སྙན་བརྒྱུད་བདུད་དུ་མ་འཚོལ་དིང་རི་བ། ཞེས་གསུངས་པ་ལྟར། རང་ཉིད་གང་ལ་མོས་ཤིང་གོམས་པ་དེ་ལ་ཉམས་ལེན་གནད་དུ་བསྣུན་ནས། རབ་འཆི་བ་ལ་བྲོད་པ་འབྲིང་མི་འཚེར་བ། ཐ་མ་ཡང་མི་འགྱོད་ཙམ་ཞིག་བྱེད་པ་ནི་གལ་པོ་ཆེའི་གནད་ཀྱི་གདམས་པའོ། །ཀྱེ་མ། ཐོག་མེད་ད་ལྟའི་བར་དུ་འཁོར་བའི་མཚོར། །རྟག་ཏུ་བྱིང་ཡང་ད་དུང་མི་སྐྱོ་བར། །ཚེ་འདིའི་འདུན་མ་སྒྲུབ་པའི་ཆོས་གཟུགས་བདག །བློ་རྒྱུད་དགེ་ལ་སྒྱུར་མཛོད་དཀོན་མཆོག་རྣམས། ༡ །ཆོས་མིན་ཆེད་དུ་ལུས་སྲོག་ཅིར་མི་སེམས། །ཆོས་ཀྱི་ཕྱིར་དུ་དཀའ་བ་གཅིག་མི་བཟོད། །སྙིང་སྟོབས་གོ་ལོག་སྨྱོན་པ་ཆུར་མཆོང་འདྲའི། །ཆོས་པའི་ཟོལ་


TR008_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་པ་སྟེང་ཁྱབ་ལ་གཟིགས། ༢ །བསྟན་པར་རློམ་ཡང་བསྟན་པའི་ཞབས་འདྲེན་ཅིང་། །བཙུན་པར་བཅོས་ཀྱང་མི་དགེས་རྒྱུད་ཁེངས་པ། །དུག་ཚེར་དར་གྱིས་བསྟུམ་འདྲའི་མང་ལུགས་འདི། །ཐུབ་བསྟན་ཉི་མའང་གཤེགས་པའི་ཐུན་འོད་ཙམ། ༣ །དལ་འབྱོར་ལ་ཁའི་ན་བུན་ཡལ་ལ་ཁད། །མི་ཚེ་རི་གཟར་འབབ་ཆུ་མགྱོགས་ལུགས་ལ། །ལོ་བརྒྱར་སྡོད་འདྲའི་ཤོམ་ར་མི་ཁོམ་གྱིས། །འཆི་གྲབས་མྱུར་དུ་ཆུག་དང་ངེས་པར་རན། ༤ །མི་ཁྱུར་མ་ཆུད་དོགས་པའི་འདུན་གྲོས་དང་། །རྒས་ཁར་ལྟོགས་ཀྱིས་དོགས་པའི་རྒྱགས་གྲབས་དང་། །ཐ་སྙད་ཤེས་རྒྱ་འདོད་པའི་སློབ་གཉེར་སོགས། །གང་ཡང་བྱེད་པའི་ཁོམ་ལོང་ད་མི་གདའ། ༥ ཀྱེ་ཧོ། སྣ་ཚོགས་སྣང་བ་རྨི་ལམ་ལྟ་བུ་འདི། །བདེན་མེད་སྒྱུ་མ་རང་སྣང་ཉིད་ཤེས་པ། །གང་ལའང་འཛིན་མེད་རང་རིག་བློ་


TR008_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

འདས་སྐྱོངས། །སྐྱེ་གནས་བར་དོའི་ཉམས་ལེན་སྙིང་པོ་ལགས། ༦ །མྱུར་དུ་འཆི་ངེས་གང་གིས་ཕན་པར་དཀའ། །འཆི་བར་སྣང་བའང་རང་གི་རྣམ་རྟོག་ཙམ། །རྣམ་རྟོག་བཟོ་མེད་རང་རིག་ཀློང་དུ་སྒྱུར། །འཆི་ཁ་བར་དོའི་ཉམས་ལེན་སྙིང་པོ་ལགས། ༧ །སྣང་དང་མི་སྣང་བཟང་ངན་འཛིན་པ་སེམས། །སེམས་ཉིད་ཆོས་སྐུའི་རང་རྩལ་ཅིར་ཡང་འཆར། །ཤར་ལ་ཞེན་རྟོག་དགག་སྒྲུབ་མི་བྱ་བ། །ཆོས་ཉིད་བར་དོའི་ཉམས་ལེན་སྙིང་པོ་ལགས། ༨ །འཁོར་བ་རང་སེམས་མྱང་འདས་རང་གི་སེམས། །བདེ་སྡུག་འཁྲུལ་སྣང་སེམས་ལས་གཞན་མ་གྲུབ། །རང་སེམས་རང་དབང་རང་གིས་བསྒྱུར་བ་ནི། །སྲིད་པ་བར་དོའི་ཉམས་ལེན་སྙིང་པོ་ལགས། ༩ །རང་རིག་སྐུ་གསུམ་འདུ་འབྲལ་ཡི་མེད་ཕྱིར། །འདི་ཕྱི་བར་དོའི་མཚན་མས་རབ་དབེན་ཀྱང་། །མ་རྟོགས་བློ་ལ་བར་དོའི་འཁྲུལ་པ་


TR008_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

ཤར། །ཤར་བ་དེ་ཀ་ལམ་དུ་ཁྱེར་བ་གཅེས། ༡༠ །རང་སྣང་སྣ་ཚོགས་རང་ལ་ཤར་བ་ནི། །སྤངས་པས་མི་སྤངས་བཀག་པས་མི་ཁེགས་ཀྱང་། །རང་མཚངས་རིག་ན་འཁྲུལ་པའི་རྒྱུ་རྐྱེན་བྲལ། །འགག་དོན་མ་ལུས་འདི་ཉིད་ཁོ་ནར་འདུས། ༡༡ །དེ་ཕྱིར་དམ་པའི་བླ་མ་ལེགས་བསྟེན་ནས། །ཆོས་ཀུན་མདོ་དོན་སྙིང་པོར་སྒྲོ་འདོགས་བཅད། །ཚེ་དང་སྒྲུབ་པ་མཉམ་པའི་བརྟུལ་ཞུགས་ཀྱིས། །རང་གཞན་དོན་གཉིས་མྱུར་འགྲུབ་འབད་པར་འཚལ། ༡༢ །གསང་སྔགས་ངེས་པ་དོན་གྱི་སྙིང་པོའི་ཉམས་ལེན་གནད། །མ་ལུས་བར་དོའི་གནས་སྐབས་བཞི་འདིར་འདུར་རུང་བས། །དེ་དག་དབྱེ་དང་བསྡུ་ཚུལ་གང་ཡིན་སྨྲོས་ཤིག་ཅེས། །སྨོན་ལམ་མཚན་ཅན་གང་གིས་བསྐུལ་ཕྱིར་འདི་བརྗོད་མོད། ༡༣ །བདག་འདྲས་གཞུང་ལུགས་ཐོས་བསམ་མ་བགྱིས་


TR008_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། །སྒོམ་པའི་ཉམས་མྱོང་ཆ་ཙམ་མི་ལྡན་པས། །སྨྲས་འདིས་གཞན་དག་མགུ་དང་ཕན་ནུས་མིན། །རང་ཉིད་ཡི་གེས་ངལ་བ་ཙམ་དུ་ཟད། ༡༤ །དེང་སང་རྒྱལ་གསུང་མཁས་གྲུབ་ཀུན་གཞུང་གི། །གླེགས་བམ་ཕལ་ཆེར་འབུ་སྲིན་ཚང་བཅའ་ན། །བདག་འདྲའི་ཕལ་ཚིག་ཡི་གེར་བཀོད་འདི་ལ། །ཤེས་ལྡན་སུ་ཞིག་དགའ་བར་ཅི་ལ་འགྱུར། ༡༥ །འོན་ཀྱང་བསྐུལ་བ་པོ་ཡི་ངག །མི་གཅོག་སླད་དུ་དྲིན་ཅན་གྱི། །རྣམ་འདྲེན་འགའ་གསུང་ཐོས་པ་དག །གང་ནུས་ཡི་གེ་འདི་བགྱིས་སོ། ༡༦ །ནོར་འཁྲུལ་ཀུན་བཤགས་ལྷག་བསམ་དགེ་བ་གང་མཆིས་དེས། །མཐའ་མེད་འཁོར་བའི་མ་རྒན་རྫོགས་བྱང་ཐོབ་གྱུར་ཅིག །རྒྱལ་བསྟན་དྲི་མེད་གདུལ་བྱའི་སྒྲོན་མེར་རྟག་གསལ་བའི། །བཀྲ་ཤིས་དགེ་ལེགས་དུས་


TR008_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཕྱོགས་མཐར་ཁྱབ་གྱུར་ཅིག ༡༧ །གསང་སྔགས་གསར་རྙིང་ཐམས་ཅད་ཀྱི་དགོངས་པ་སྤྱི་མཐུན་དུ་གྱུར་པའི་བར་དོ་མཐའ་དག་གི་འཆར་ཚུལ། སྐྱོན་ཡོན་ཉམས་ལེན་ཇི་ལྟར་དགོས་ཚུལ་སོགས་ཞིབ་གསལ་དུ་བཀོད་པ་ཞིག་དགོས་ཞེས་སྐལ་ལྡན་སྨོན་ལམ་པས་ཚོགས་ཀྱི་འཁོར་ལོ་དང་བཅས་བསྐུལ་བར་མཛད་མོད་ཀྱང་། རང་ཉིད་ཐོས་བསམ་གྱི་མིག་རྒྱ་ཞན་ཅིང་། ཅུང་ཟད་ཐོས་པ་དག་ཀྱང་བརྗེད་ངས་ཀྱི་དབང་དུ་གྱུར་པའི་གཤིས་ཀྱིས། མཐའ་ཆོད་པ་ཞིག་སྨྲ་བར་མ་ནུས་ཤིང་འོན་ཀྱང་ཡིག་ཆ་ཕྲན་བུ་གང་མཐོང་དང་། རྣམ་འདྲེན་འགའི་སྐུ་དྲིན་གྱི་ཆ་ཤས་གང་ཐོབ་རྣམས་ཅི་ཐོན་དུ་བྲིས་པ་ལགས་ཤིང་། རྣམ་དཔྱོད་ཀྱིས་རྨོངས་ཕྱིར་བརྗོད་བྱ་རྣམས་མི་གཙང་ཞིང་འགལ་ཟློས་སོགས་ཀྱི་སྐྱོན་ཚོགས་མང་བར་མཆིས་ན། མཁས་གྲུབ་དཔྱོད་ལྡན་རྣམས་ཀྱིས་མི་ཁྲིལ་བར་གསོལ་བ་འདེབས་སོ། །ཞེས་སྣ་ཚོགས་རང་གྲོལ་གྱིས་རྒོད་ཚང་དཔལ་གྱི་ནགས་ཁྲོད་མཚམས་མལ་དུ་བྲིས་པ་དགེའོ།


TR008_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

རྨད་བྱུང་གསང་ཆེན་ཟབ་མོའི་ཆོས་ཀྱི་དབྱིག །ཐབས་ལམ་མན་ངག་བདུད་རྩིའི་གཏེར་གྱི་སྒོ། །མཐའ་ཡས་ཚེ་གཅིག་སངས་རྒྱས་འགྲུབ་པ་ཡི། །ངོ་མཚར་ཐར་པ་དམ་པའི་དཔལ་དུ་འབར། །འཁོར་འདས་མཉམ་ཉིད་ཡང་དག་རྟོགས་ལས་གཞན། །སྣ་ཚོགས་གདུལ་བྱའི་ཡུལ་དང་རྣལ་འབྱོར་གྱི། །བློ་ཡི་ཁྱད་པར་ལ་བལྟོས་ཉམས་ལེན་གནད། །འགོག་མེད་བསམ་མི་ཁྱབ་པའི་མཛོད་དུ་སྣང་། །གང་ཞིག་དུས་ཀྱི་མཐར་གཏུག་ལྔ་པའི་ལམ། །ཐོག་ཏུ་བབ་ཚེ་ལྷག་པར་འཇིགས་བོད་བ། །དེ་ཀུན་གཞིལ་བྱེད་འོད་གསལ་འཕོ་བའི་ཁྲིད། །བར་དོར་དངོས་གྲུབ་གཡང་དུ་འགུགས་པའི་ཐབས། །བརྒྱུད་ལྡན་བྱིན་རླབས་དང་འགྲོགས་ཟབ་མོའི་གཏམ། །མཁས་གྲུབ་མཆོག་གི་ཐུགས་རྗེས་སྤྲོས་པ་འདི། །གཞན་ཕན་དཔག་མེད་འབྱུང་བར་ངེས་མཐོང་སྟེ། །དྲི་


TR008_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ལྷག་བསམ་ཡང་དག་བསྐྱེད་དང་བཅས། །རྣམ་དཀར་ཆོས་བཞིན་བགྱི་བའི་ལེགས་བྱས་སུ། །སྨིན་འགྱུར་གུང་ཆོས་བི་ཛ་ཡ་བྷ་དྲས། །ཆོས་སྦྱིན་འཛད་པ་མེད་པའི་སྤར་གྱི་འཕྲུལ། །ཡིད་བཞིན་ནོར་བུའི་སྤུན་ཟླར་ཆེད་དུ་བསྒྲུབས། །རྣམ་དག་དགེ་བས་མཁའ་ཁྱབ་འགྲོ་བ་དང་། །སྦྱིན་པའི་བདག་པོ་དང་བཅས་ནམ་ཞིག་དུས། །བར་དོའི་འཁྲུལ་སྣང་རང་གྲོལ་འོད་གསལ་ལམ། །མངོན་སུམ་འཚང་རྒྱ་འཐོབ་པའི་རྒྱུར་གྱུར་ཅིག །གནས་སྐབས་འགལ་རྐྱེན་ཉེར་འཚེ་ཀུན་ཞི་ཞིང་། མཐུན་རྐྱེན་ཆོས་སྤྱོད་བསམ་དོན་ཡིད་བཞིན་འགྲུབ། །མདོར་ན་འཕྲལ་ཡུན་ཕན་བདེས་འཚོ་བ་ཡིས། །བྱང་ཆུབ་སྙིང་པོའི་དཔལ་གྱིས་མཛེས་པར་ཤོག །ཅེས་པའང་གང་གིས་སྤར་དུ་བསྒྲུབ་སྐབས་སྤར་བྱང་སྨོན་ཚིག་ཏུ་དྷརྨ་དྷཱ་ཛས་སྤེལ་བ་དགེ་ཞིང་བཀྲ་ཤིས། ཛ་ག་ཏཾ།

རྩ་གསུམ་གཏོར་འབུལ་ཕྲིན་ལས་མྱུར་འགྲུབ།


TR008_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་གསུམ་གཏོར་འབུལ་ཕྲིན་ལས་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ།


TR008_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། མཚན་འཛིན་འཁྲུལ་པའི་སྣོད་བཅུད་དངོས་པོ་ཀུན། །གདོད་ནས་དག་པའི་སྟོང་ཉིད་ཆེན་པོར་སྦྱངས། །སྟོང་པའི་རང་མདངས་གསལ་རིག་ཆོ་འཕྲུལ་ལས། །གཏོར་སྣོད་རྒྱ་ཁྱོན་ནམ་མཁའ་མཉམ་པ་ཡི། །རིན་ཆེན་བྷནྡྷ་འབར་བའི་སྣོད་བཟང་དུ། །གཏོར་རྫས་ངོ་བོ་ཡེ་ཤེས་བདུད་རྩི་ལ། །རྣམ་པ་ཤ་ལྔ་བདུད་རྩི་ཆེན་པོ་ལྔ། །རང་བཞིན་སྨན་གཏོར་རཀྟ་ཚོགས་ཀྱི་རྫས། །ཕྱི་ནང་གསང་བ་དེ་ཉིད་མཆོད་པའི་ཚོགས། །དཔག་ཏུ་མེད་པ་བཅུད་ཀྱིས་བཀང་བ་ལ། །བདག་ཉིད་པདྨ་


TR008_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

འོད་འབར་ཐུགས་ཀ་ནས། །འོད་འཕྲོས་གཏོར་རྫས་ལ་ཕོག་འབགས་བཙོག་བསངས། །དམ་ཚིག་བདུད་རྩིར་གྱུར་ལས་འོད་ཟེར་ཚོགས། །ཕྱོགས་བཅུར་འཕྲོས་པས་རབ་འབྱམས་རྒྱལ་བ་ཡི། །བྱིན་རླབས་ལས་སྤྲུལ་ཡེ་ཤེས་བདུད་རྩིའི་རྒྱུན། །སྤྱན་དྲངས་དམ་ཚིག་བདུད་རྩིར་གཉིས་མེད་ཐིམ། །མཆོག་དམན་མགྲོན་རིགས་ཐམས་ཅད་མཉེས་བྱེད་པའི། །འདོད་ཡོན་ཀུན་འབྱུང་ནམ་མཁའ་མཉམ་པར་གྱུར། །ཨོཾ་ཨཱཿཧཱུྃ། སླར་ཡང་བདག་ཉིད་ཐུགས་ཀའི་འོད་ཟེར་གྱིས། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་བླ་མ་དང་། །ཡི་དམ་མཁའ་འགྲོ་ཆོས་སྲུང་གཏེར་


TR008_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

བདག་སོགས། །མཆོད་འོས་མ་ལུས་མདུན་གྱི་ནམ་མཁའ་རུ། །སྤྱན་དྲངས་པདྨ་ཉི་ཟླའི་གདན་བཞུགས་ལ། །བདག་སོགས་འགྲོ་བའི་ཚོགས་རྫོགས་སྒྲིབ་སྦྱང་ཕྱིར། །གུས་པས་ཕྱག་འཚལ་མཆོད་འབུལ་སྡིག་ཀུན་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐུལ་བགྱིད་ཅིང་། །མྱ་ངན་མི་འདར་གསོལ་འདེབས་སྐྱབས་སུ་མཆི། །སྨོན་འཇུག་བྱང་ཆུབ་སེམས་མཆོག་དགེ་རྩ་རྣམས། །མ་གྱུར་འགྲོ་ལ་བསྔོ་འགྲུབ་བྱིན་གྱིས་རློབས། ན་མཿསརྦ་ཏ་ཐཱ་ག་ཏ་གུ་རུ་དེ་ཝ་དྷཱ་ཀི་ནཱི་སརྦ་དྷརྨཱ་པཱ་ལ་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལཱ་ཡ་སྟཾྭ། ས་པཱ་རི་ཝ་ར་བཛྲ་ཨརྒྷཾ་ནས་ཤབྟ་པཱུ་ཛ་ཨཱཿཧཱུྃ། མ་ཧཱ་པཉྩ་ཨ་མྲྀ་ཏ། མ་ཧཱ་རཀྟ། མ་ཧཱ་བ་ལི༚་ཏ། མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ན་མོཿམཆོད་


TR008_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

འོས་དམ་པ་སྐྱབས་གནས་དཀོན་མཆོག་གསུམ། །ཕྱོགས་དུས་རྒྱལ་བ་ཞིང་གི་རྡུལ་སྙེད་ཚོགས། །བྱང་སེམས་ཉན་རང་སྲས་བཅས་ཐམས་ཅད་དང་། །རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་ཡི་བརྒྱུད། །གང་ཟག་སྙན་བརྒྱུད་མཁའ་འགྲོ་གཏད་རྒྱའི་བརྒྱུད། །སྨོན་ལམ་ལས་འཕྲོ་དབང་བསྐུར་བྱིན་རླབས་བརྒྱུད། །ཤོག་སེར་ཚིག་བརྒྱུད་མན་ངག་དོན་གྱི་བརྒྱུད། །རྫོགས་ཆེན་ཕྱག་ཆེན་ཞི་བྱེད་ལམ་འབྲས་གཅོད། །རིམ་ལྔ་སྦྱོར་དྲུག་བློ་སྦྱོང་དབུ་མའི་བརྒྱུད། །བཀའ་གཏེར་བཤད་སྒྲུབ་སྙན་བརྒྱུད་གདམས་ངག་དང་། །ལག་ལེན་སྨིན་གྲོལ་ཟབ་མོ་བརྒྱུད་པའི་རིགས། །དཔལ་ལྡན་རྩ་བ་བརྒྱུད་པའི་བླ་མ་ལ། །དམ་རྫས་སྨན་རཀ་གཏོར་ཚོགས་མཆོད་པ་འབུལ། །ཡེ་ཤེས་རྡོ་རྗེའི་ལྗགས་ཀྱི་སྦུ་གུ་ཡིས། །དགྱེས་པར་


TR008_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་ལ་བྱིན་རླབས་དབང་བསྐུར་སྩོལ། །ཆོས་སྐུའི་དབྱིངས་ནས་རང་རྩལ་སྒྱུ་འཕྲུལ་སྐུ། །ཞི་དང་ཁྲོ་བོའི་ཚུལ་འཆང་ཡི་དམ་ལྷ། །ཕ་རྒྱུད་མ་རྒྱུད་གཉིས་མེད་རྒྱུད་སྡེ་ཡི། །དཀྱིལ་འཁོར་བསམ་ཡས་རབ་འབྱམས་ལྷ་ཚོགས་དང་། །ཐེག་དགུ་ཡོངས་རྫོགས་འདུས་པ་མདོ་དབང་གི། །ངན་སོང་གནས་འདྲེན་ཕྱག་རྡོར་སྤྲུལ་པའི་ལྷ། །ལྷ་མིའི་ཐོག་དང་ཉན་རང་བྱང་ཆུབ་སེམས། །ཀྲི་ཨུ་ཡོ་ག་མ་ཧཱ་ཨ་ནུ་དང་། །ཨ་ཏི་ཡོངས་རྫོགས་དཀྱིལ་འཁོར་ལྷ་རྣམས་དང་། །འཇམ་དཔལ་སྐུ་དང་པདྨ་གསུང་གི་ལྷ། །ཡང་དག་ཐུགས་མཆོག་བདུད་རྩི་ཡོན་ཏན་དང་། །ཕུར་པ་ཕྲིན་ལས་མ་མོ་རྒོད་གཏོང་དང་། །རིག་འཛིན་སློབ་དཔོན་འཇིག་རྟེན་མཆོད་བསྟོད་དང་། །དམོད་པ་དྲག་སྔགས་དཔལ་གྱི་བཀའ་སྡོད་ཚོགས། །བདེ་གཤེགས་སྒྲུབ་པ་


TR008_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་ལྷ་རྣམས་དང་། །པདྨ་བཛྲ་བུདྡྷ་ཐོད་ཕྲེང་དང་། །མི་བསྐྱོད་རྡོ་རྗེ་པདྨ་དབང་ཆེན་དང་། །རིག་འཛིན་ཐོད་རྩལ་དྲག་པོ་མེ་ཕྲེང་ཅན། །སངས་རྒྱས་དཔའ་བོ་རྟ་མགྲིན་ཕྱག་རྡོར་གྱི། །ཡབ་ཡུམ་སྲས་འཁོར་སྤྲུལ་པ་སྒོ་མཚམས་དང་། །དཔའ་བོ་དཔའ་མོ་ལ་སོགས་དགོངས་འདུས་ཀྱི། །ལྷ་ཚོགས་ཉིས་བརྒྱ་ཉེར་ལྔ་ལ་སོགས་པ། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །དམ་རྫས་སྨན་རཀ་གཏོར་ཚོགས་མཆོད་པ་འབུལ། །ཡེ་ཤེས་ཕྱག་མཚན་ལྗགས་ཀྱི་སྦུ་གུ་ཡིས། །དགྱེས་པར་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ། །ཁྱད་པར་རྒྱལ་བ་དཀོན་མཆོག་སྤྱི་འདུས་ལྷ། །ཕྱི་ལྟར་བཅོམ་ལྡན་ཚེ་དཔག་མེད་པ་ནི། །དངོས་གྲུབ་ཀུན་འདུས་དཀྱིལ་འཁོར་ལྷ་ཚོགས་དང་། །ནང་ལྟར་འཕགས་


TR008_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཐུགས་རྗེ་ཆེན་པོ་ནི། །ངན་སོང་རང་གྲོལ་ཕྱི་ནང་གསང་སྒྲུབ་ལྷ། །གསང་བར་རྟ་ཕག་ཡིད་བཞིན་ནོར་བུ་མཆོག །ཐབས་ཤེས་ཟུང་འཇུག་དོན་གྱི་ལྷ་ཚོགས་དང་། །དེ་ཁོ་ན་ཉིད་ཞི་ཁྲོ་ངེས་དོན་སྙིང་། །ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ལྔ་བཅུ་བརྒྱད། །རིག་འཛིན་དཔའ་བོ་མཁའ་འགྲོ་ཡབ་ཡུམ་བཅུ། །བདེ་གཤེགས་ཞི་བའི་ལྷ་ཚོགས་བཞི་བཅུ་གཉིས། །ཡེ་ཤེས་མཁའ་འགྲོ་སྡེ་ལྔ་སྤྲུལ་འཁོར་འབུམ། །ཕྲིན་ལས་ཕུར་པའི་ལྷ་ཚོགས་བདུན་ཅུ་བཞི། །ཀུན་འདུས་བླ་མ་ཞི་དྲག་སེང་གདོང་དང་། །གཅིག་བསྡུས་རྡོ་རྗེ་ཁྲོ་བོ་ལོད་ཀྱི་སྐུ། །མདོར་ན་རིག་འཛིན་ཧཱུྃ་ནག་མེ་འབར་གྱི། །གཏེར་བྱོན་རྩ་གསུམ་ལྷ་ཚོགས་མ་ལུས་ལ། །དམ་རྫས་སྨན་རཀ་གཏོར་ཚོགས་མཆོད་པ་འབུལ། །ཡེ་ཤེས་འོད་ཟེར་ལྗགས་ཀྱི་སྦུ་གུ་ཡིས། །དགྱེས་


TR008_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཞེས་ལ་སྨིན་གྲོལ་དངོས་གྲུབ་སྩོལ། །ཆོས་སྐུ་གཟུགས་སྐུའི་རོལ་རྩལ་ཕྲིན་ལས་ཀྱིས། །ལོག་འདྲེན་དགྲ་བགེགས་འདུལ་བའི་སྐུར་བཞེངས་པ། །ཆོས་སྐྱོང་ཀུན་གྱི་སྤྱི་དཔལ་གཙོ་བོའི་མཆོག །མ་ཧཱ་ཀ་ལ་ལེགས་ལྡན་མ་ནིང་ནག །སྐུ་དང་གསུང་དང་ཐུགས་ཀྱི་མགོན་པོ་དང་། །ཡོན་ཏན་ཕྲིན་ལས་མགོན་དང་ཡང་སྤྲུལ་གྱི། །ལས་མགོན་ཡུམ་དང་བཀའ་འཁོར་སྤྲུལ་པའི་ཚོགས། །སྡེ་དགུ་སྡེ་བདུན་སྡེ་ལྔ་སྡེ་གསུམ་དང་། །ཕོ་རྒྱུད་མོ་རྒྱུད་སྲས་འཁོར་རིགས་བྱེད་ཀྱི། །སྡེ་བརྒྱད་ཕྱི་ནང་གསང་བ་དེ་ཁོ་ན། །ཡང་གསང་སྦས་དང་འཇིག་རྟེན་བཏགས་ཆགས་ཀྱི། །སྡེ་སོགས་བཀའ་སྲུང་གཏེར་སྲུང་མ་ལུས་དང་། །སྤྱི་ཡི་ཆོས་སྲུང་དཔལ་མགོན་བདུན་ཅུ་ལྔ། །རྣམ་སྲས་ནོར་ལྷ་དཀར་པོར་དམར་ནག་གི། །


TR008_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཚོགས་ནོར་སྐྱོང་དཀར་ཕྱོགས་དགེ་བསྙེན་རིགས། །སྟོང་ཁམས་འཇིག་རྟེན་སྐྱོང་བའི་མཐུ་ལྡན་ཞིང་། །ཆོས་དང་གང་ཟག་དམ་པ་སྲུང་སྐྱོབས་པའི། །གཞི་བདག་གནས་བདག་ཡུལ་བདག་གཉེན་པོའི་ཚོགས། །རྒྱལ་བ་རིག་འཛིན་དུ་མའི་སྤྱན་སྔ་རུ། ཁས་བླངས་དམ་བཅའ་ལྡན་པའི་མཐུ་སྟོབས་ཅན། །མཁའ་འགྲོ་ཆོས་སྐྱོང་སྲུང་མ་མཐའ་དག་ལ། །དམ་རྫས་སྨན་རཀ་གཏོར་ཚོགས་མཆོད་པ་འབུལ། །རྫུ་འཕྲུལ་མཚོན་ཆའི་ལྗགས་ཀྱི་སྦུ་གུ་ཡིས། །དགྱེས་པར་བཞེས་ལ་ཕྲིན་ལས་ཀུན་འགྲུབ་མཛོད། །གཏོར་མགྲོན་མཆོད་ཡུལ་ཀུན་མཉེས་གནས་གསུམ་ལས། །འོད་ཟེར་གཏོར་རྫས་ལ་ཕོག་བདུད་རྩི་ནི། ཁམས་གསུམ་རིགས་དྲུག་བར་དོའི་འགྲོ་བར་བཅས། །སྣང་ཞིང་སྲིད་པའི་སེམས་ཅན་ཐམས་ཅད་ལ། །ཅི་འདོད་


TR008_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་རྒྱ་ཆེན་ཟད་མེད་ཀྱི། །སྦྱིན་པས་ཚིམ་ཞིང་སོ་སོའི་ལས་སྒྲིབ་དང་། །སྡུག་བསྔལ་ཉེས་ཚོགས་མཐའ་དག་ཞི་ནས་ཀྱང་། །ཐམས་ཅད་བྱང་ཆུབ་ལམ་ལ་འཇུག་གྱུར་ཅིག །ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མཿས་མནྟ་སོགས་ནས་ཛྭ་པ་ནི་ཧཱུྃ། །ཆོས་དབྱིངས་ནམ་མཁའི་མཐའ་དང་མཉམ་པ་ཡི། །གཏོར་མཆོད་འདོད་ཡོན་ཕུན་ཚོགས་འདི་ཕུལ་བས། །བླ་མ་རྒྱལ་བའི་དཀྱིལ་འཁོར་མཉེས་གྱུར་ཅིག །ལྷ་དང་མཁའ་འགྲོའི་ཐུགས་དམ་བསྐང་གྱུར་ཅིག །ཆོས་སྲུང་གཏེར་བདག་མ་ལུས་ཚིམ་གྱུར༴ །བགེགས་རིགས་ལན་ཆགས་ཐམས་ཅད་འཁོར་གྱུར་ཅིག །འགྲོ་ཀུན་ཅི་འདོད་རེ་བ་སྐོངས་གྱུར་ཅིག །འདི་ལྟར་མཆོད་སྦྱིན་བགྱིས་པའི་མཐུ་འབྲས་ཀྱིས། །རྒྱལ་ཁམས་འཇིག་རྟེན་ཀུན་ཏུ་བཀྲ་ཤིས་


TR008_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། །ཆར་ཆུ་དུས་བབ་ལོ་ཕྱུགས་རྟག་ཏུ་ལེགས། །ནད་མུག་འཁྲུགས་རྩོད་ཞི་ཞིང་ལོངས་སྤྱོད་འཕེལ། །རྒྱལ་བའི་བསྟན་དར་བསྟན་འཛིན་ཐུགས་ཡིད་མཐུན། །ཆོས་དང་དཔལ་འབྱོར་གོང་འཕེལ་ཡུན་དུ་གནས། །འགྲོ་ཀུན་དགེ་ལེགས་ལམ་ལ་འགོད་པ་དང་། ཁྱད་པར་བདག་སོགས་སྒྲུབ་པ་པོ་རྣམས་ཀྱང་། །དམ་ཚིག་ཉམས་ཆག་ཅི་མཆིས་སོར་ཆུད་ཅིང་། །ནད་གདོན་བར་ཆད་ཐམས་ཅད་ཞི་བ་དང་། །ཚེ་བསོད་ལོངས་སྤྱོད་ཉམས་རྟོགས་རྒྱས་པ་དང་། ཁམས་གསུམ་ཆོས་སྲིད་རང་སེམས་དབང་དུ་འདུས། །དགྲ་འདྲེ་བྱད་ཟོར་འགལ་རྐྱེན་རྡུལ་དུ་རློག །མདོར་ན་འདི་བཟུང་བྱང་ཆུབ་མ་ཐོབ་བར། །མི་མཐུན་རྐྱེན་བྲལ་མཐུན་རྐྱེན་ཀུན་འགྲུབ་ཅིང་། །ས་ལམ་མྱུར་བགྲོད་སྐུ་གཉིས་མངོན་གྱུར་ནས། །མཁའ་ཁྱབ་འགྲོ་སྒྲོལ་


TR008_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་འགྲུབ་ནུས་པར། །མཆོད་ཡུལ་སྐྱབས་གནས་རྣམས་ཀྱིས་མཛད་དུ་གསོལ། །བསྐང་གསོ་གཞན་དང་སྦྲེལ་ན་འདི་ཡན་གྱིས་ཆོག་ལ། །འདི་གཅིག་པུ་བྱེད་ན་མཇུག་བསྡུ་བ་ནི། །བདག་སོགས་འགྲོ་བ་ལས་ཉོན་འཁྲུལ་པ་ཡིས། །རྒྱུ་འབྲས་ལ་སྤྱོད་འགལ་འཁྲུལ་ཉེས་བྱས་ཚོགས། །མ་ལུས་ཡེ་ཤེས་སྤྱན་ལྡན་རྣམས་ལ་བཤགས། །བཟོད་པར་བཞེས་ལ་དངོས་གྲུབ་སྩལ་དུ་གསོལ། །དགེ་བ་འདིས་མཚོན་གཞན་ཡང་རྣམ་དཀར་དགེ། །བགྱིས་དང་བྱེད་འགྱུར་མ་ལུས་ལེགས་བསྡོམས་ཏེ། །དྲིན་ཅན་ཕ་མ་མཁའ་ཁྱབ་སེམས་ཅན་རྣམས། །བྱང་ཆུབ་ཐོབ་ཕྱིར་བསྔོ་སྨོན་འགྲུབ་པར་ཤོག །བཀྲ་ཤིས་གང་ཞིག་ཕྱོགས་དུས་རྒྱལ་བ་ཡིས། །ཡུལ་དང་ཡུལ་ཅན་དུས་ཀུན་མཐའ་དག་ལ།


TR008_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ལེགས་ཕུན་སུམ་ཚོགས་པར་མཛད་པ་ཡི། །བཀྲ་ཤིས་དེ་བཞིན་འདིར་ཡང་ཤིས་པར་ཤོག །བཛ་མུཿསརྦ་ལོ་ཀ་གཙྪ། མ་མ་ཀཱ་ཡ་ཝཱཀ་ཙིཏྟ་མཾ་ཏྲི་རཀཱ་ཀུ་རུ་ཧཱུྃ། ཞེས་དམིགས་མེད་ཁྱབ་གདལ་ཆེན་པོར་མཉམ་པར་བཞག་གོ། །ཅེས་པའང་དཔལ་རི་རྒོད་ཚང་གི་དབེན་གནས་སུ་རྩེ་ལི་བ་སྣ་ཚོགས་རང་གྲོལ་གྱིས་སྦྱར་བ་དགེ།

རྩེ་ལེ་རིག་འཛིན་ཆེན་པོ་སྐུ་མི་མངོན་ཆོས་ཀྱི་དབྱིངས་སུ་གཤེགས་ཁར་གནང་བའི་ཞལ་གདམས།


TR008_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་ལེ་རིག་འཛིན་ཆེན་པོ་སྐུ་མི་མངོན་ཆོས་ཀྱི་དབྱིངས་སུ་གཤེགས་ཁར་གནང་བའི་ཞལ་གདམས་བཞུགས་སོ།


TR008_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་ཏུ་མེད་པ་ཐུགས་རྗེ་མངའ་བའི་མཚན་ལྡན་དམ་པ་བླ་མ་ཡིད་བཞིན་ནོར་བུ་ལྟ་བུ་ལ་དུས་དང་རྣམ་པ་ཐམས་ཅད་དུ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དེ་ཡང་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་ནས་བླ་མེད་ཀྱི་བྱང་ཆུབ་ཐོབ་པར་བྱ་བ་ལ། ཚེ་འདི་བློས་བཏང་དགོས། ཕ་མ་ཉེ་འབྲེལ་མཆེད་གྲོགས་སོགས་ཀྱིས་གནས་སྐབས་ཚེ་འདིའི་བྱ་བྱེད་ཀྱི་མདུན་མས་བློ་ཁྲིད་ནས་འཕྲལ་ཕུགས་ཀྱི་རྩིས་གྲངས་མང་པོ་དང་ཤ་ཚ་ཡིན་ཡིན་འདྲ་བའི་གཏམ་མང་པོས་མགོ་བསྐོར་ཏེ་ཆོས་ཀྱི་བར་ཆད་སྣ་ཚོགས་བྱེད་པ་


TR008_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བས། །དེ་དག་གི་ངག་ལ་མི་ཉན་པ་གལ་ཆེ། ཆོས་ཤ་དག་གི་མདུན་མ་སློབ་མཁན་ནི་མཚན་ལྡན་གྱི་བླ་མ་མ་གཏོགས་པ་མི་ཡོང་། ཆོས་ཡང་དག་ཞིག་བྱེད་ན་མྱུར་དུ་འཆི་གྲབ་བྱེད་པ་ཅིག་མ་གཏོགས་འཕྲལ་ཕུགས་ཀྱི་རྩིས་རྟོག་མང་པོ་བྱེད་མཁན་ལ་ཆོས་ཡོང་བའི་ཐབས་མེད། །དེང་སང་གི་མི་རྣམས་དང་མཐུན་པར་བྱེད་མཁན་དེ་འཕྲལ་དུ་ཡིན་མདོག་ཁ་ཡང་། ཕུགས་ནས་བདུད་ཞུགས་ཚར་བའི་རྟགས་ཡིན། བློ་ཆོས་དང་བླ་མ་ལ་བཀལ། སྡོད་པ་རི་ཁྲོད་ལུང་སྟོང་འགྲིམ། །ཟས་གོས་སོགས་འཕྲལ་དུ་སྐྱིད་ཆོས་ཐམས་ཅད་ལ་


TR008_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

ཞེན་པ་སྤང་། །ཉེ་འབྲེལ་གྱི་འཁྲི་བ་བཅད། །ངོ་བསྲུང་དང་མི་ཆོས་ཐམས་ཅད་རྒྱབ་ཏུ་སྐྱུར། །བླ་མས་ཅི་གསུངས་ལ་བློ་རྩེ་དྲིལ་བ་དེ་ལ་ཆོས་ཤ་དག་ཡོང་བ་ཡིན། སྤྱིར་དེངས་སང་གི་མི་རྣམས་བདུད་དབང་དུ་གྱུར། དགོས་སུ་སྐྱེ་བ་དམན་པའི་བུད་མེད་རྣམས་ནི་སྙིང་རུས་ཆུང་ཞིང་བསྒྱུར་སླ་བས་བླ་མའི་གདམས་པ་ལ་མི་ཉན་པར་ཉེ་འབྲེལ་གྱིས་བློ་ཁྲིད་ལ་ཉན་ནས། དགོས་ངེས་ཤེས་པའི་ལྷ་ཆོས་དང་སྒོམ་བསྒྲུབ་དེ་ཕྱི་བཤོལ་དུ་བྱེད་ཅིང་། དགོས་པ་མེད་པའི་འཇིག་རྟེན་གྱི་བྱ་བྱེད། གཉེན་འདུན་གྱི་ངོ་བསྲུང་སོགས་བློ་སྣ་མང་པོའི་དབང་དུ་སོང་བ་ཁོ་ན་མང་བས་དེས་ན་རང་གི་སྣ་ཐག་རང་གི་བསྟུང་ནས་གཞན་གྱི་ཁ་ལ་མི་ཉན། ནམ་འཆི་ཆ་མེད་སྙིང་ལ་བསམ་ལ། ལོང་མེད་ཀྱི་བརྩོན་འགྲུས་དྲག་པོས་ཆོས་ལ་འབུངས། ཕ་མའི་


TR008_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

དྲིན་ལན་ཆོས་ཀྱི་མ་འཇལ་ན་འཇིག་རྟེན་གྱིས་འཇལ་བས་ཕན་པ་མེད། བླ་མའི་སྐུ་དྲིན་དང་ཞབས་ཏོག་སྒོམ་བསྒྲུབ་གྱིས་མ་འཇལ་ན། གཞན་གྱིས་སྐུ་དྲིན་མི་འཁོར། སེམས་ཅན་ལ་ཕན་པ་ཡང་སེམས་བསྐྱེད་སྨོན་ལམ་གྱི་མ་གཏོགས་དངོས་སུ་ཕན་རྒྱ་ཆུང་། སྡོམ་པ་དམ་ཚིག་རང་སེམས་དཔང་དུ་བཙུག་པ་ཞིག་མ་བྱུང་ན། ལྟར་སྣང་གི་བཙུན་ཚུགས་དང་ཁྲེལ་ངོ་ཚ་སོགས་ཀྱང་ངོ་ལྐོག་ཅན་ཞིག་མིན་པ་མི་ཡོང་། ལུང་སྟོང་དང་རི་ཁྲོད་མ་འགྲིམ་ན་མི་མང་ཁྲོད་ཀྱི་དགེ་སྦྱོར་དེ་རྐྱེན་དབང་དུ་ཤོར་བ་ཤས་ཆེ། རང་སེམས་ཀྱི་ཁ་ལོ་རང་གི་བསྒྱུར་མ་ཐུབ་ན། ཁས་ལེན་དམ་བཅའ་མང་ཡང་ཕན་པར་དཀའ། རང་རིག་གཅིག་ཤེས་ཀུན་གྲོལ་གྱི་གནད་དོན་མ་རྟོགས་ན། ཤེས་ཤེས་དགོས་དགོས་


TR008_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐག་ཆོད་རྒྱུ་མི་ཡོང་། འགག་དོན་ཧྲིལ་གྱིས་དྲིལ་ན་མྱུར་དུ་འཆི་བར་ཐག་ཆོད་བསམ་པས་བློ་སྣ་ཆོས་ལ་བསྟུང་། བླ་མ་མ་གཏོགས་རེ་ས་མེད་པས་སྙིང་ནས་གསོལ་བ་གདབ། སྐྱིད་སྡུག་གང་བྱུང་སྔོན་གྱི་བསྐོད་ཚད་ཡིན་པས་བློ་སྣ་མ་མང་། བཟང་ངན་འབྲིང་གསུམ་གོང་དུ་ཁུར་ལ་དམན་པ་ཁོ་ན་བཟུང་། དག་སྣང་ཕྱོགས་མེད་སྦྱང་ཞིང་གཞན་ལ་སྐུར་པ་མི་གདབ། རང་སྐྱོན་རང་གི་རྟོགས་པར་བྱ་ཞིང་གཞན་སྐྱོན་མི་བསམ། །ཆོས་ཀུན་གནད་འགག་རང་སེམས་ལ་ཡོད་པས་སེམས་ཉིད་ལ་ལྟ་རྟོགས་རྒྱུན་དུ་བྱ། །དམིགས་གཏད་འཇུར་བསྒོམ་གྱི་འཛིན་པ་སྤངས་ཏེ། རིག་པ་གུ་ཡངས་སུ་གློད། གང་ཤར་རིག་པའི་རོལ་རྩལ་དུ་ཐག་བཅད་ལ་བཟང་ངན་གྱི་བཅོས་སླད་མི་བྱ། ཅིར་སྣང་ནི་རང་སེམས་སྐྱེ་


TR008_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

འགག་མེད་པ་དེ་ནི་སྐུ་གསུམ་བླ་མའི་ངོ་བོ། བླ་མ་ནི་རང་གི་རིག་པ་འདི་ག་དང་དབྱེར་མེད། དེའི་གསལ་མདངས་ནི་སྣང་སྲིད་ཀུན་ལ་ཁྱབ། སྣང་སྲིད་ཐམས་ཅད་ནི་རིག་པའི་ཀློང་གཅིག་པུའི་རྣམ་འཕྲུལ་ཡིན་ཚེ། སེམས་རང་བབས་རྗེན་ཅེ་རེ། རིག་པ་ནི་ལྟ་བའི་མཐར་ཐུག །དེའི་ངང་དུ་འགྱུ་རྟོག་མེད་པར་གནས་པ་ནི་སྒོམ་པའི་མཉམ་བཞག །འཕྲོ་བ་ནི་རྗེས་ཤེས། འཕྲོ་བ་ངོས་ཟིན་པ་ནི་རྗེས་ཐོབ། འགྲོ་འདུག་དང་བྱ་བྱེད་ཐམས་ཅད་རིག་ཐོག་ཏུ་བསྲེ་བ་ནི་སྤྱོད་པ། གནས་འགྱུའི་བར་མཚམས་མེད་པར་རྒྱུན་དུ་ཡེངས་འཁྲུལ་སྐད་ཅིག་ཀྱང་མེད་པར་གྱུར་པ་ནི། མཉམ་རྗེས་དབྱེར་མེད། དེ་ཉིད་མཐར་ཕྱིན་པས་སྣང་སེམས་དབྱེར་མེད། བདག་གཞན་དབྱེར་མེད། བདེ་


TR008_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་དགྲ་གཉེན་ཆགས་སྡང་སོགས་མདོར་ན་གཉིས་འཛིན་གྱི་རྟོག་པ་མཐའ་དག་གཏན་ཟད་དུ་སོང་བ་ནི་འབྲས་བུ་སྟེ། དེ་ལྟར་གྱུར་ཚེ་འཁོར་འདས་དབྱིངས་སུ་དག་ནས་སྐུ་གསུམ་ལྷུན་གྲུབ་མངོན་དུ་བྱས་པ་དེ་ལ། སངས་རྒྱས་ཐོབ་པའི་ཆོས་ཟད་བློ་ཟད་གྲུབ་པ་ཐོབ་པ་ཞེས་ཟེར་ཏེ། སྐྱེ་འཆི་དང་འབྱུང་བ་ལ་རང་དབང་ཐོབ་ཅིང་ཐུགས་རྗེ་དང་ཕྲིན་ལས་རྩོལ་མེད་དུ་ནམ་མཁའ་དང་མཉམ་པ་ཤུགས་ཀྱི་འབྱུང་བ་སྟེ། མདོར་ན་དེ་ཐམས་ཅད་ཀྱི་རྒྱུའི་ངོ་བོ་ནི་ད་ལྟའི་རང་རིག་འདི་ཁོ་ན་ཡིན་པས། འདི་ཉིད་དང་མི་འབྲལ་བ་ཞིག་ཉིན་མཚན་ཀུན་ཏུ་སྐྱོང་བ་ནི་གནད་དམ་པ་ཡིན། དེའི་རྩལ་ལས་རྣམ་པར་རྟོག་པ་ཕྲ་རག་ཅི་ཤར་ཐམས་ཅད་ལ་བརྟག་དཔྱད་ཡང་མི་བྱ། རྗེས་སུ་ཡང་མི་འབྲང་། སྒོམ་ཐོག་ཏུ་ཚུར་བསྡུ་བའམ། བཀུག་པ་ལྟ་བུ་ཡང་མི་བྱ་བར་


TR008_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

བར་རྣམ་རྟོག་ལམ་གྱིས་ཤར་བ་དེ་ཀ་ངོ་ཤེས་ཙམ་བྱུང་ན་དེ་ཁར་སྐྱུར། སྔར་འདས་རྗེས་འབྲང་དང་མ་འོངས་པ་སྔུན་བསུ་ལྟ་བུའི་བསམ་པ་ནམ་ཤར་ཀྱང་རིག་ཐོག་ཏུ་གཅེར་གྱིས་བཞག །རྟོག་པ་འཕྲོ་མཐུད་ན་གང་ཤར་རང་གྲོལ་ཡིན་པས་གཉེན་པོ་གཞན་མི་དགོས། །ཐོལ་གྱི་ཤར་བ་རང་སེམས་ཀྱི་མདངས་ཡིན། །ཧྲིག་གེ་རིག་པ་གདམས་ངག་གི་གནད་ཡིན། ཆམ་གྱི་འཕྲོ་བ་ཁོ་རང་གི་ངང་ཚུལ་ཡིན་པས་དེ་ལྟ་བུའི་གུ་ཡང་ཁྱབ་གདལ། སྣང་སྲིད་ཆོས་སྐུ་འཁོར་འདས་གཉིས་མེད་ཤར་གྲོལ་དུས་མཉམ། སྒོམ་མེད། ཡེངས་མེད། །གཅིག་ཤེས་ཀུན་གྲོལ་འདི་ལྟ་བུའི་ངང་ནས། སྤྲོ་བྱ་སྤྲོས་བྱེད་ཟུང་འཇུག་གི་དགེ་སྦྱོར་ལ་མི་ཚེ་དྲིལ་བར་བྱས་ན། ཚེ་འདི་ཉིད་ལ་ཕྱིར་མི་ལྡོག་པའི་བཙན་ས་ཟིན་པར་གདོན་མི་ཟའོ། །


TR008_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་སྙིང་ནས་ཐོང་པའི་གང་ཟག་ལ། །གར་འདུག་སངས་རྒྱས་ཞིང་ཁམས་དེ་ཁ་རང་། ཁ་ཞེ་མེད་པར་གསོལ་བ་འདེབས་ནུས་ན། །སྣང་སྲིད་མ་ལུས་བླ་མའི་དཀྱིལ་འཁོར་ལགས། །བདག་འཛིན་འགོང་པོ་རྩད་ནས་ཆོད་ཙ་ན། །བར་ཆད་རྐྱེན་དབང་བདུད་དང་གཏན་བྲལ་ཡོང་། །བླ་མ་རང་སེམས་དབྱེར་མེད་གོ་བའི་ཚེ། །འདུ་འབྲལ་སྣང་བའི་རྫུན་ཕུགས་རང་སར་རྡོལ། །འཁོར་འདས་རིག་པའི་རོལ་པར་ཐག་ཆོད་ན། །ངན་སོང་སྡུག་བསྔལ་གང་དུ་སུ་ཡིས་མྱོང་། །རང་རིག་ཆོས་སྐུ་ཡེ་གྲོལ་རྟོགས་ནས་ནི། །ས་ལམ་དྲོད་རྟགས་རེ་དོགས་ཅི་ལ་བྱ། །འོད་གསལ་སྔར་འདྲིས་མ་བུ་འཕྲོད་པ་ལ། །སྒྱུ་ལུས་ཞིག་པའི་འཚེར་བག་ཅི་ལ་བྱེད། །ཤི་ཡང་ཀ་དག་འོད་གསལ་དབྱིངས་སུ་ཤི། །གསོན་རིང་སྒོམ་སྒྲུབ་ཐང་ལྷོད་མེད་པ་གཅེས།


TR008_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་རྒྱུད་མན་ངག་ཐམས་ཅད་ཞལ་ཕྱེ་ཡང་། །དགོངས་པའི་སྙིང་པོ་འདི་ལས་གཞན་མ་མཆིས། །དོན་གྱི་སྙིང་གཏམ་མཐར་ཐུག་འདི་ཀ་རང་། །ཤི་བའི་ཁ་ཆེམ་ཟེར་ཡང་འདི་ལས་མེད། །བདག་ལ་མོས་གུས་བྱེད་པའི་སྐལ་ལྡན་ཀུན། །འདི་ཁ་ཁ་ཁྱེར་མ་བྱེད་དོན་ལ་ཕོབ། །ཉམས་མྱོང་ཡེ་ཤེས་སྙིང་གི་ནང་ནས་འཆར། །སངས་རྒྱས་པ་ལ་སྐད་ཅིག་བསྒྲོད་པར་འགྱུར། །དེ་ལྟར་གདམས་པའི་དགེ་བ་གང་དེ་ཡིས། །མ་རྒན་མཁའ་ཁྱབ་འགྲོ་བ་སྒྲོལ་བར་ཤོག །མངྒ་ལཾ།། ༈ །།ན་ཚ་ལམ་འཁྱེར་གྱི་མན་ངག་སྐུ་གསུམ་རང་གྲོལ་ཞེས་བྱ་བ། །དྲང་སྲོང་རིག་པའི་ཡེ་ཤེས་ལ་ཕྱག་འཚལ་ལོ། །རྟེན་འབྲེལ་བཅུ་གཉིས་རྩ་བ་མ་རིག་པ། །དེ་ཡིས་ལུགས་འབྱུང་བསྐྱེད་པ་བྲེ་ནད་ཀྱི། །གཉེན་


TR008_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཨོ་རྒྱན་སྨན་གྱི་བླ་མ་ལ། །འདུད་དོ་དུག་གསུམ་ན་ཚ་ཞི་བར་མཛོད། །ན་ཚ་སྡིག་སྒྲིབ་འདོད་པའི་ཕྱགས་མ་ཡིན། །ན་ཚ་བླ་མར་སྒོམ་ལ་གསོལ་བ་འདེབས། །ན་བ་བརྡེག་བཙོག་བྱས་པའི་རྣམ་སྨིན་ཡིན། །རྣམ་སྨིན་སུས་ཀྱང་མི་མྱོང་རང་ལ་འབབ། །བབས་པས་ལས་སྐལ་ཟིན་ན་བློ་བདེ་ལྟར། །བླ་མ་དཀོན་མཆོག་དྲིན་གྱིས་ལྷོངས་པ་ཡིན།། ༈ །།ན་ཚ་དངོས་གྲུབ་ཡིན་པས་ལྷ་གསོལ་གྱིས། །ན་ཚ་ལས་ངན་འཛད་པའི་སྔ་ལྟས་ཡིན། །ན་བའི་ངོ་བོར་མ་ལྟ་ན་མཁན་ལྟོས། །སེམས་ཀྱི་ཐོག་ཏུ་ན་ཚ་མ་འཇོག་པར། །ན་ཚའི་སྟེང་དུ་རིག་པ་རྗེན་པར་ཞོག །ན་ཚ་ཆོས་སྐུར་འཆར་བའི་གདམས་ངག་ཡིན། །ལུས་ནི་བེམ་པོ་སེམས་ནི་སྟོང་པ་ཉིད། །བེམ་པོར་ཅིས་གནོད་སྟོང་པར་གང་གིས་


TR008_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

ཚུགས།། ༈ །།ན་ཚའི་གཤིས་ལ་བྱུང་གནས་འགྲོ་གསུམ་ཚོལ། །ན་ཚ་བློ་བུར་བྱུང་བའི་རྣམ་རྟོག་འཁྲུལ། །རྣམ་རྟོག་ཡལ་ཚེ་ན་ཚ་རང་སར་དེངས། །རིག་པ་བློ་འདས་གསལ་སྟོང་ཆེན་པོར་གྲོལ། །ན་ཚ་ལོངས་སྐུར་འཆར་བའི་མན་ངག་ཡིན། །བསྐལ་པར་བསགས་པའི་སྡིག་སྒྲིབ་ན་ཚས་འདག །ཉམས་རྟོགས་དངོས་གྲུབ་འགུགས་པའི་ཕོ་ཉ་ཡིན། །ལུས་ཀྱི་གཅེས་འཛིན་བོར་ལ་མལ་གཅོད་ཀྱི། །དམིགས་པ་གསལ་པོས་ཤ་ཁྱེར་ཁྲག་ཁྱེར་ཐོང་། །རེས་འགའ་ཁྲོལ་ཚགས་ཅན་གྱི་སྟོང་ར་བསྒོམ། །ན་བ་ཏལ་མར་ཕུག་ལ་རླུང་གིས་ཐོན། །རྗེས་ཤེས་དབྱིངས་རིག་ཟང་ཐལ་ངང་ལ་ཞོག །ན་ཚ་སྤྲུལ་སྐུར་འཆར་བའི་མན་ངག་ཡིན། །ན་བ་འདི་ཀོ་རྩ་གསུམ་ཐུགས་རྗེའི་མཐུ། །ན་བ་འདི་


TR008_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

ཀོ་དཀོན་མཆོག་རྣམ་གསུམ་དྲིན། །ན་བ་འདི་ཀོ་སྡིག་སློངས་བསྒྲུབ་པའི་མཐུས། །སྒྲིབ་པའི་བུད་ཤིང་འདི་ལས་ལྷག་པ་མེད། །ཡི་མུག་ལོག་ལྟའི་རིམ་གྲོ་མ་བྱེད་པར། །ལས་ངན་ཟད་པའི་རྟགས་ཡིན་དགའ་བ་བསྒོམ། །དབེན་པ་གསུམ་གྱིས་སྒོ་གསུམ་ཉེར་བསྡོམས་ཤིང་། །མཉེས་པ་གསུམ་གྱི་གཙོ་བོ་བསྒྲུབ་པ་ཡིས། །རྩ་བ་གསུམ་གྱི་ཐུགས་དམ་བསྐོང་ནུས་པའི། །སྐུ་གསུམ་དབྱིངས་རིག་འདུ་བ་འཁྲུགས་པའི་ཚེ། །མཁྱེན་བརྩེའི་འོད་ཀྱིས་དབེན་པའི་མལ་ནས་གདམས། །དགེ་བས་དུག་གསུམ་ནད་ལས་གྲོལ་གྱུར་ཅིག །


TR008_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུ་རབ་འབྱམས་ཀྱི་ཞིང་ཁམས་མཐའ་ཡས་མུ་མེད་པ་ན་བཞུགས་པའི་བླ་མ་སངས་རྒྱས་བྱང་སེམས་ཉན་རང་ཡི་དམ་ལྷ་ཚོགས་མཁའ་འགྲོ་དམ་ཅན་ཆོས་སྲུང་གི་ཚོགས་དང་བཅས་པའི་སྐྱབས་གནས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བདག་སོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་རྣམས་ལ་དགོངས་སུ་གསོལ། བདག་གིས་འཁོར་འདས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་འདུས་བྱས་འདུས་མ་བྱས་པའི་རྣམ་དཀར་དགེ་ཚོགས་ཇི་སྙེད་པ་མཐའ་དག་གཅིག་ཏུ་བསྡོམས་ཏེ་མཐའ་ཡས་པའི་སེམས་ཅན་ཐོག་མེད་ནས་ད་ལྟའི་བར་གྱི་དྲིན་ཅན་ཕ་མར་གྱུར་པ་མཐའ་དག་བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པའི་རྒྱུ་དང་ས་བོན་ཉིད་དུ་ཡོངས་


TR008_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བསྔོ་བར་བགྱིའོ། །དེ་ལྟར་བསྔོས་པ་ལ་བརྟེན་ནས་བླ་མ་དམ་པ་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་པ་རྣམས་ཀྱི་ཐུགས་དགོངས་ཟག་མེད་ཀྱི་ཀློང་དུ་ཡོངས་སུ་རྫོགས་པ་དང་ས་ལམ་གྱི་འགལ་རྐྱེན་བར་ཆད་མེད་པར་འོད་གསལ་འདུས་མ་བྱས་པའི་ཆོས་སྐུ་མངོན་དུ་མཛད་ནས་ཐུགས་རྗེའི་སྒྱུ་འཕྲུལ་གར་གྱི་རོལ་པ་རྒྱུན་མི་ཆད་པས་གདུལ་བྱ་བྱང་གྲོལ་ལ་འགོད་པའི་ཕྲིན་ལས་རྨད་དུ་བྱུང་བ་རྟག་པ་རྒྱུན་གྱི་འཁོར་ལོར་མཛད་པར་གྱུར་ཅིག །འཇིག་རྟེན་འདི་ནས་ཕ་རོལ་ཏུ་ཚེ་ལས་འདས་པ་ཁ་ལག་ཟས་གསུམ་གྱི་འབྲེལ་བ་ཐོགས་ཚད་ཀྱིས། གཙོ་བྱས་ཏེ་ཁམས་གསུམ་འཁོར་བ་བར་དོའི་འཇིག་རྟེན་དུ་འཁྱམས་པའི་རིགས་གྱུར་སྣ་ཚོགས་སྡུག་བསྔལ་གྱིས་མནར་ཞིང་འཁྲུལ་སྣང་འཇིགས་སྐྲག་གིས་བསྐྱོད་པའི་སྐྱེ་འགྲོ་ཐམས་ཅད་ཀྱང་དགེ་བའི་རྩ་བ་འདི་དག་གི་མཐུ་དང་ནུས་པས་རང་རང་སོ་སོའི་སྡུག་བསྔལ་དང་


TR008_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་ནས་ཐར་པ་ཞི་བདེ་བྱང་ཆུབ་ཀྱི་གོ་འཕང་དམ་པ་མྱུར་དུ་ཐོབ་པར་གྱུར་ཅིག །ད་ལྟ་ཞལ་བཞུགས་པའི་བླ་མ་དགེ་བའི་བཤེས་གཉེན་རྣམས་དང་བཤད་སྒྲུབ་ཀྱི་བསྟན་པ་འཛིན་པའི་འདུ་ཚོགས་མཐའ་དག་སྐུ་ཁམས་བཟང་ཞིང་ཐོས་བསམ་སྒོམ་པ་དང་བསྟན་པ་འཛིན་སྐྱོང་བསྲུང་སྤེལ་གྱི་ཕྲིན་ལས་གཅིག་ཏུ་མཐུན་པར་མཛད་པ་ལ་བར་དུ་གཅོད་པ་མི་འབྱུང་ཞིང་སོ་སོའི་ཇི་ལྟར་བཞེད་དོན་ཆོས་མཐུན་དུ་འགྲུབ་པས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །སྦྱིན་པའི་བདག་པོ་ལ་སོགས་པའི་སྐྱེ་འགྲོ་མཆོག་དམན་རྣམས་ཀྱང་རྒྱལ་བའི་བསྟན་ལ་གུས་ཤིང་ཚེ་རིང་ནད་མེད་བདེ་སྐྱིད་ལོངས་སྤྱོད་འཕེལ་བ་དང་། འགལ་རྐྱེན་ཉེར་འཚེ་མེད་པར་འཇིག་རྟེན་ཁམས་ཀུན་


TR008_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ལེགས་དཔལ་འབྱོར་དམ་ཆོས་འདོད་རྒུའི་ཆར་ཆེན་བསྐལ་པ་རྫོགས་ལྡན་གྱི་དུས་བཞིན་འབབས་པས་སྐྱེ་རྒུ་མཐའ་དག་གནས་སྐབས་མཐར་ཐུག་གི་དོན་ཀུན་འབད་མེད་དུ་འགྲུབ་པར་གྱུར་ཅིག །འདི་ལྟར་བསྔོས་ཤིང་སྨོན་པའི་དོན་རྣམས་མྱུར་དུ་འགྲུབ་ནས། བདག་སོགས་མཁའ་ཁྱབ་ཀྱི་འགྲོ་བ་མ་ལུས་པ་རྒྱུ་དག་པ་ཀུན་ཁྱབ་བདེ་གཤེགས་སྙིང་པོར་ལྷུན་གྱིས་གྲུབ་པ་ལས། ལམ་དག་པ་ཟབ་དོན་སྙིང་པོ་བསྐྱེད་རྫོགས་ཟུང་འཇུག་མཆོག་གི་དོན་མ་ནོར་མངོན་དུ་གྱུར་ཅིང་། འབྲས་བུ་དག་པ་བདེ་བ་ཆེན་པོ་རང་རིག་འཕོ་འགྱུར་མེད་པ་ཡེ་སངས་རྒྱས་པའི་སྙིང་པོར་བྱང་ཆུབ་སྟེ་སྤྲུལ་པས་འགྲོ་དོན་རྒྱུན་ཆད་མེད་པ་འགྲུབ་པར་གྱུར་ཅིག །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། ཅེས་སོགས་མདོ་རྒྱུད་ནས་གསུངས་པའི་སྨོན་ལམ་བྱིན་རླབས་ཅན་


TR008_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ཤམ་བུ་ཡང་གདགས་པར་བྱའོ། །འདི་ནི་གང་ཟག་སྤྲོས་པ་ཆུང་ཞིང་ཚིག་ཚོགས་ཉུང་བ་ལ་མོས་པ་དག་དང་། ཁྱད་པར་གཏོར་མ་སོགས་རྒྱུན་གྱི་དགེ་སྦྱོར་སྒྲིག་མའི་མཇུག་ཏུ་བགྱི་བར་འོས་པ་ཞིག་དགོས་ཞེས་རང་གི་ཉི་གནས་བསྟན་འཛིན་དར་རྒྱས་སོགས་ཀྱིས་བསྐུལ་བ་བཞིན་སྣ་ཚོགས་རང་གྲོལ་གྱིས་བདེ་གཤེགས་ཚེེའི་ཕུག་ཏུ་བཀོད་པ་མངྒ་ལཾ།

པུས་ཏ་ཀ་པའི་དཀར་ཆག་དངས་གསལ་མེ་ལོང་།


TR008_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

པུས་ཏ་ཀ་པའི་དཀར་ཆག་དངས་གསལ་མེ་ལོང་བཞུགས་སོ།


TR008_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་གནས་དཀོན་མཆོག་མ་ལུས་ཐམས་ཅད་གཅིག་ཏུ་འདུས་པའི་དཔལ་ལྡན་བླ་མ་མཆོག་གི་ཞབས་ཀྱི་པདྨོར་རྣམ་པ་ཀུན་ཏུ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབས་པར་མཛད་དུ་གསོལ། འདིར་རྗེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ་ཆོས་ཚན་གྱི་རྣམ་གྲངས་ཇི་ལྟར་བཞུགས་པའི་རིམ་པ་བཀོད་པར།། ༈ །།རྣམ་ཐར་དྲང་པོའི་ས་བོན་བཞུགས། རྨི་ལམ་ཉིང་་འཁྲུལ། མཆོད་དུ་བརྗོད་པ་གླུ་ཡི་འཕྲེང་བ་ཁོག་དབུབ་དང་བཅས་པ་ཨུརྤ་ལ་ཡི་དོ་ཤལ། རྩེ་ལེ་གོང་འོག་གྲྭ་ཚང་དགོན་གསུམ་པོ་རྣམས་ཀྱི་བསྟན་པ་ཇི་ལྟར་བཙུག་


TR008_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལོ་རྒྱུས། རྗེ་བཙུན་དམ་པ་རྫོགས་ཆེན་པ་བསོད་ནམས་དབང་པོའི་རྣམ་ཐར་མདོར་བསྡུས། རིག་འཛིན་འཇའ་ཚོན་སྙིང་པོའི་སྐུ་ཚེ་འཇུག་གི་རྣམ་ཐར་མདོར་བསྡུས་ངོ་མཚར་སྣང་བྱེད། སྲོག་ཆགས་བསྟན་བཅོས་ངོ་མཚར་སྒྱུ་མའི་རོལ་རྩེད་ཡིད་འོང་པདྨ་དཀར་པོ། རྟའི་རྒྱལ་པོ་བཱ་ལ་ཧའི་རྟོག་བརྗོད་ལེགས་བཤད་ཆོས་ཀྱི་རྔ་སྒྲ། མཆོག་དམན་གྱི་སྐྱེས་བུ་རྣམས་ལ་ཞུ་ཡིག་ཕུལ་བའི་ཚོགས་ལྷག་བསམ་ངོ་མཚར་སྤྲིན་གྱི་སྐྱེད་ཚལ། འདིར་རང་གཞན་ལ་


TR008_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་བྱ་གྲོས་འདེབས་ཀྱི་སྐོར་རྣམས་ཕྱོགས་གཅིག་ཏུ་བསྡེབ་པ་ལྷག་བསམ་རབ་དཀར་པདྨའི་ཕྲེང་བ། བསྟོད་པའི་ཚོགས་རིན་ཆེན་གསེར་གྱི་མཆོད་སྡོང་། དཀར་ཆག་བཅས། སྡོམ་ཤོག་གྲངས་བཞི་བརྒྱ་དང་དྲུག་ཅུ་རེ་གཉིས་བཞུགས།

པུསྟི་ཁ་པའི་དཀར་ཆག་མུ་ཏིག་འཕྲེང་བ།


TR008_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

པུསྟི་ཁ་པའི་དཀར་ཆག་མུ་ཏིག་འཕྲེང་བ་བཞུགས་སོ། །


TR008_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་སྣ་ཚོགས་རང་གྲོལ་གྱི་པུསྟི་ཁ་པའི་བཞུགས་བྱང་དཀར་ཆགས་ལ།། ༈ །།ཐོག་མར། བདག་དོན་གཞན་དོན་གང་ལའང་སྦྱོར་རུང་བའི་བླ་མའི་རྣལ་འབྱོར་བྱིན་རླབས་འབྱུང་གནས། གསོལ་འདེབས་ཀྱི་བསྐོར་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་འདོད་འབྱུང་ཡིད་བཞིན་བང་མཛོད། གསང་སྔགས་རྙིང་མའི་ཆ་གསུམ་གཏོར་ཆོག་རྒྱས་པ། སངས་རྒྱས་ཀྱི་དུས་ཆེན་རྣམས་དང་། གུ་རུའི་ཚེས་བཅུ་སོགས་ཀྱི་ངོས་འཛིན་རྒྱུ་མཚན་ཕན་ཡོན། སྐུ་རྟེན་རྙིང་པ་ཞིག་གསོས་ཨརྒའི་


TR008_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་ག་ཇི་ལྟར་བྱ་ཚུལ། ཐེག་པ་ཐམས་ཅད་ཀྱི་མཆོག་རབ་གསང་བ་བླ་ན་མེད་པའི་འོད་གསལ་སྙིང་པོའི་དོན་རྣམ་པར་བཤད་པ། ཆོས་ཐམས་ཅད་ཀྱི་སྙིང་པོ་ཕྱག་རྒྱ་ཆེན་པོའི་དོན་ཡང་དག་པར་རབ་ཏུ་གསལ་བར་བྱེད་པ་དྲི་མ་མེད་པའི་སྒྲོན་མ། ངེས་དོན་གྱི་ལྟ་སྒོམ་ཉམས་སུ་ལེན་ཚུལ་ཇི་ལྟ་བར་སྟོན་པ་རྡོ་རྗེའི་མདོ་འཛིན། བར་དོ་སྤྱིར་བོའི་དོན་ཐམས་ཅད་རྣམ་པར་གསལ་བར་བྱེད་པ་དྲན་པའི་མེ་ལོང་ཞེས་བྱ་བ། གཞན་བསྐུལ་གྱི་ངོར་བྲིས་པའི་སྨོན་ལམ་གྱི་སྐོར་


TR008_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ནོར་བུའི་མཛོད་ཁང་དཀར་ཆག་བཅས་ལ་ཤོག་གྲངས་བཞི་བརྒྱ་དང་ལྔ་བཅུ་ང་བཞི་བཞུགས།

པུསྟི་ག་པའི་དཀར་ཆག་ཡིད་འོང་མཛེས་བརྒྱན།


TR008_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

པུསྟི་ག་པའི་དཀར་ཆག་ཡིད་འོང་མཛེས་བརྒྱན་བཞུགས་སོ།


TR008_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནང་དུ་པུསྟི་ག་པའི་བཞུགས་བྱང་དཀར་ཆག །ཐོག་མར། སློབ་དཔོན་རིན་པོ་ཆེ་པདྨའི་རྣམ་ཐར་ཆེན་མོ་ལས་བརྩམ་ཏེ་དྲི་བའི་ལན་ངེས་དོན་གསལ་བྱེད། ངེས་དོན་མོས་པའི་གང་ཟག་ལས་དང་པོ་དག་ལ་ཕན་ཕྱིར་སྔོན་འགྲོ་བཞི་སྦྱོར། ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་དགོངས་དོན་སྙིང་པོར་དྲིལ་བ་བྱིན་རླབས་བུམ་བཟང་། སྨིན་བྱེད་དབང་དང་གྲོལ་ལམ་ཕྱག་རྒྱ་ཆེན་པོའི་གནད་དོན་དྲི་བ་ལན་དུ་ཕུལ་བ་བསྐལ་བཟང་དགའ་བྱེད་བདུད་རྩིའི་འདོད་འཇོ། ཆོས་


TR008_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་སྣ་ཚོགས་ལས་བརྩམ་ཏེ་འབེལ་གཏམ་གྱིས་པའི་རབས་མེ་ཏོག་ཆུན་འཕྱང་། སྤྲུལ་པའི་སྐྱེས་མཆོག་མི་ཕམ་མགོན་པོའི་དྲི་བ་སྔ་ཕྱི་མཛད་པ་རྣམས་ཕྱོགས་གཅིག་ཏུ་བཀོད་པ། ཆོས་རྗེ་མི་ཕམ་མགོན་པོའི་དྲི་བ་སྔ་ཕྱི་ཐ་དད་མཛད་པའི་དྲི་ལེན་ཐོར་བུའི་སྐོར་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ། སྨན་སྒོམ་དྲི་ལན་གཉིས་ཆོས་ཟུང་འཇུག་གི་ངོ་སྤྲོད་ཞལ་གདམས་དང་དཀར་ཆག་བཅས་ལ་ཤོག་གྲངས་བཞི་བརྒྱ་དང་གསུམ་བཞུགས།

པུསྟི་ང་པའི་བཞུགས་བྱང་དཀར་ཆག་ཨ།


TR008_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

པུསྟི་ང་པའི་བཞུགས་བྱང་དཀར་ཆག་ཨ།།།ལེགས་བཞུགས་སོ།


TR008_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་སྐྱེས་མཆོག་མི་ཕམ་མགོན་པོའི་གསུང་འབུམ་ལས། །སུསྟི་ང་པའི་བཞུགས་བྱང་དཀར་ཆག་ལ། ཐོག་མར།། ༈ །།བྱིན་རླབས་དམ་རྫས་ཀྱི་དཀར་ཆག་སྟོང་ཐུན་ངེས་ཤེས་དྲེན་བྱེད། བདེ་གཤེགས་མཆོད་རྟེན་བརྒྱད་ཀྱི་ཆག་ཚད་ཐིག་རྩའི་རིམ་པ་མདོར་བསྡུས། རྒྱས་བསྟན་ཡུན་དུ་གནས་ཕྱིར་འཕགས་པའི་གནས་བརྟན་བཅུ་དྲུག་གི་ཆོ་ག་ཐུབ་བསྟན་ཉིན་བྱེད། འཕགས་པ་ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གྱི་དབང་བསྐུར་བའི་ལས་རིམ་སྒྲིག་ཆག །ཚེ་དཔག་མེད་གནམ་ལྕགས་རྡོ་རྗེ་དངོས་གྲུབ་ཀུན་འདུས་ཀྱི་དབང་བསྐུར་རྒྱས་པའི་རིམ་པ་ཇི་ལྟར་བྱ་ཚུལ། ཚེ་སྒྲུབ་གནམ་ལྕགས་


TR008_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་ཆ་རྐྱེན་དུ་གྱུར་པ་བཀའ་བརྒྱད་དངོས་གྲུབ་སྙིང་པོའི་དབང་ཆོག །ཟབ་ཆོས་རྟ་ཕག་ཡིད་བཞིན་ནོར་བུའི་དབང་བསྐུར་གྱི་ལས་རིམ་ལྟས་ཆོག་ཏུ་བཀོད་པ། སྦས་ཡུལ་ལམ་ཡིག་པདྨ་དཀར་པོ་ལས་གསུངས་པའི་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་དབང་ཆོག །དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་ནག་པོའི་སྲོག་དབང་བཀའ་གཏད་ཟབ་མོའི་ལས་རིམ། ཕྱག་ཆེན་ཡི་གེ་བཞི་ལ་རྟེན་ནས་ཐུགས་དམ་སྐོར་གྱི་འཕྲོས་གཏམ་དུ་བགྱིས་པའི་སྐབས་དོན་འགའ་


TR008_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་དང་། མཉམ་མེད་སྒམ་པོ་མཆོག་གི་སྤྲུལ་པའི་སྐུས་འཇའ་ཚོན་ཟབ་གཏེར་མཆོག་སྒྲིག་གིས་དྲི་མེད་སྣང་བའི་ལེན་དུ་གསོལ་བ་བསྙིལ་བའི་ཆུ་སྐྱེས། ངེས་དོན་ཕྱག་རྒྱ་ཆེན་པོའི་ཕྱོགས་ནས་དྲི་བ་ལན་དུ་བགྱིས་པ་ཡིད་བཞིན་ནོར་བུའི་དོ་ཤལ། ཡིག་དྲུག་དམིགས་རིམ་ཤོག་བུ། ཐེག་ཆེན་ཤིང་རྟའི་སྲོལ་གཉིས་ལས་ཇི་ལྟར་བྱུང་བའི་སེམས་བསྐྱེད་འབོག་ཆོག་ཐར་པའི་གྲུ་གཟིང་དང་དཀར་ཆག་བཅས་སྡོམ་གསུམ་བརྒྱ་དང་གོ་བཅུ་གོ་བརྒྱད་བཞུགས།

པུསྟི་ཅ་པའི་བཞུགས་བྱང་དཀར་ཆག་མ་རིག་མུན་པ་སེལ་བའི་སྒྲོན་མེ།


TR008_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

པུསྟི་ཅ་པའི་བཞུགས་བྱང་དཀར་ཆག་མ་རིག་མུན་པ་སེལ་བའི་སྒྲོན་མེ་བཞུགས།


TR008_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་གནས་དཀོན་མཆོག་མ་ལུས་པ་ཐམས་ཅད་གཅིག་ཏུ་འདུས་པའི་བདག་ཉིད་དཔལ་ལྡན་བླ་མ་མཆོག་གི་ཞབས་ཀྱི་པདྨོ་རྣམ་པ་ཀུན་ཏུ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབས་པར་མཛད་དུ་གསོལ། འདིར་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ་ཆོས་མཚན་གྱི་རྣམ་གྲངས་ཇི་ལྟར་བཞུགས་པའི་རིམས་པ་ནི།། ༈ །།བྱང་སྡོམ་རྒྱུན་ཁྱེར་ཉམས་སུ་བླང་བའི་ཆོ་ག་རིན་ཆེན་མྱུ་གུ་ཞེས་བྱ་བ། དཔལ་ལྡན་བླ་མའི་དཀྱིལ་འཁོར་ལ་ཆོ་ག་ངེས་དོན་བྱིན་རླབས་ཆུ་རྒྱུན། བླ་མ་དགོངས་པ་འདུས་པའི་ལས་གཞུང་མེ་ཏོག་འཕྲེང་མཛེས་དགོངས་


TR008_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མདོར་བསྡུས་པ་ངེས་དོན་སྙིང་པོ། རིག་འཛིན་རཏྣ་གླིང་པའི་གཏེར་ཁ་ཕུར་པ་ཡང་གསང་བླ་ན་མེད་ཀྱི་བསྙེན་བསྒྲུབ་དམིགས་རིམ་ཟིན་བྲིས། ཡི་དམ་གཉེན་པོ་ལྷ་གསུམ་གྱི་བཟླས་ཟབ་མོ། །ཕྱག་རྡོར་སྟོབས་པོ་ཆེའི་ཉམས་ལེན་རྒྱུན་ཁྱེར་ཟིན་བྲིས། ཕྱག་རྡོར་དྲེགས་འདུལ་གྱི་རྩ་བསྙེན་དམིགས་རིམས་མདོར་བསྡུས། གུ་རུ་དྲག་སྒྲུབ་ཀྱི་ཉམས་ལེན་རྒྱུན་ཁྱེར་ཟིན་བྲིས། དབང་དྲག་འབར་བའི་དབང་བསྐུར་གྱི་ཟིན་བྲིས། དཀོན་མཆོག་གི་དྲུང་དུ་མཆོད་


TR008_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

པ་འབུལ་བ། ཆུ་གཏོར་གྱི་རིམ་པ་ཇི་ལྟར་བྱ་བའི་ཚུལ་མདོར་བསྡུས་ཏེ་བཀོད་པ་ལྟས་ཚིག་བདུད་རྩིའི་འདོད་འཇོ། གཏོར་མའི་ལྷན་ཐབས་བྲུལ་གཏོར་ཆ་ལྔ། བྲུལ་གཏོར་དགོས་གཅོད་དྲི་ལན། ཆུ་གཏོར་ཤིན་ཏུ་བསྡུས་པ་ཡིད་བཞིན་སྙིང་པོ། །བསུར་མཆོད་ཡེ་ཤེས་སྤྲིན་ཕུང་། བར་དོའི་སེམས་ཅན་ལ་དྲི་གསུར་བསྔོ་ཐབས། བསངས་བསུར་བསྔོ་བའི་ཆོ་ག་ཕྲིན་ལས་མྱུར་འགྲུབ་འདོད་འབྱུང་ཡིད་བཞིན་ནོར་བུ། གསང་སྔགས་ནང་གཏོར་གྱི་ངག་འདོན་བདུད་རྩིའི་རླབས་འཕྲེང་། བླ་སྒྲུབ་སྡུག་བསྔལ་མུན་སེལ་གྱི་གཏོར་བསྔོས། ཚོགས་ཀྱི་འཁོར་ལོའི་རྣམ་བཤད་དངོས་གྲུབ་སྦྲང་རྩིའི་ཟིལ་མངར་ཚོགས་མཆོད་ཤིན་ཏུ་བསྡུས་པ། བླ་མ་དགོངས་པ་འདུས་པའི་རྫོགས་རིམས་ཟབ་མོ་བདུད་ཀྱི་གཅོད་ཡུལ་རྒྱུན་ཁྱེར། གཅོད་ཡུལ་བདུད་རྩི་ཀུན་ཁྱབ་ཀྱི་ངག་འདོན། དགོངས་འདུས་སྒྱུ་ལུས་མཆོད་སྦྱིན། གཅོད་ཡུལ་ཤེས་རབ་རལ་གྲིའི་ཉམས་ལེན་སྙིང་པོར་དྲིལ་བ། ས་འདུལ་གར་འཆམས་


TR008_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་དབང་བསྐུར། མྱང་གི་གུར་དྲག་ལས་བྱང་། ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་དབང་བསྐུར་ཇི་ལྟར་བྱ་བའི་ལས་རིམ་ལོ་རྒྱུས་རྣམ་བཤད་དང་བཅས་པ་སྒྲིགས་ཆགས་ལྟས་ཆོག་ཏུ་བཀོད་པ། རིག་འཛིན་ཆེན་པོ་འཇའ་ཚོན་སྙིང་པོའི་གཏེར་ཆོས་ལུགས་ཀྱི་ལས་བཞིའི་སྦྱིན་བསྲེག་ཇི་ལྟར་བྱ་ཐབས། ཞི་ཁྲོ་བདེ་གཤེགས་འདུས་པ་སྒྲུབ་པ་བཀའ་བརྒྱད་ཁྲོ་བོ་རོལ་པའི་གཏོར་སྒྲུབ་ཆེན་པོའི་ཕྱག་བཞེས་བསྔོ་བའི་ཚུལ་གྱི་རྣམ་པར་བཤད་པ་ཀུ་མུཏྟའི་འཕྲེང་བ། དགེ་བའི་རྩ་བ་མི་ཟད་ཅིང་འཕེལ་བར་བྱེད་པ་བསྔོ་བའི་རིམ་པ་ཐར་ལམ། བླ་མ་དགོངས་འདུས་ལས་འབྲས་བུ་ལོ་ཐོགས་ལ་ཕན་པར་བྱེད་པའི་མན་ངག་ཆར་འབེབས་བདུད་རྩིའི་བུམ་ཆུང་། ཆར་འབེབས་ལྷན་ཐབས། གསང་རྫོགས་ལྷན་ཐབས། བླ་མ་དགོངས་པ་འདུས་པའི་སྒྲུབ་པ་ཆེན་པོ་བདུད་རྩི་སྨན་སྒྲུབ་སྤྲོས་བཅས་བུམ་དབང་བཅས་ཕྱག་བཞེས་ཇི་ལྟར་བྱ་ཚུལ་གྱི་ས་བཅད་ཟིན་


TR008_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཀོད་པ། བྱ་བཏང་ལ་ཉེ་བར་མཁོ་བའི་ཡོ་བྱད་ཀྱི་གསུངས་གླེངས། མཐའ་འོག་བདུད་འདུལ་ཕུག་པའི་གནད་བཤད། སྲིད་བཞི་མ་ལུས་པའི་ཁྱབ་བདག་དཔལ་ལྡན་བླ་མ་དམ་པ་མཚུངས་མེད་སྣ་ཚོགས་རང་གྲོལ་གྱི་རྣམ་ཐར་སྒོ་ནས་གསོལ་འདེབས་ཡོན་ཏན་མི་ཟད་རྒྱན་གྱི་ཟློས་གར། བཀའ་འབུམ་ནང་གི་བརྡའ་དང་སྙན་དངགས་སོགས་ཀྱི་འགྲེལ་པ་རྒྱ་ཆེར་དང་། དཀར་ཆགས་བཅས་ལ་ཤོག་གྲངས་བཞི་བརྒྱ་དང་གོ་བཅུ་གོ་ལྔ་བཅས་བཞུགས་ལགས་ཀྱང་། མདོར་ན་བགྲངས་གྲངས་སོགས་ལ་ནོར་འཕྲུལ་ཡོད་རིགས་ཅི་མཆིས་མཐོལ་བཤགས་མཛད་གསོལ་དང་། འདིར་སྨྲས་པ། རང་ལོ་ལྔ་བཅུ་རྩ་ལྔ་ཚུན་ཆད་དུ་བྲིས་པའི་སྐོར་བསྡུས་ཙམ་གླེགས་བམ་དུ་གང་འཁོད་པ་རྣམས་ཡིན་ལ། འདི་དག་ཏུ་མ་འདུས་པའི་རིགས་ཀྱི་གསོལ་འདེབས། སྨོན་ལམ། ངོ་སྤྲོད་སྤྲིང་ཡིག ཞལ་གདམས་ཚིགས་སུ་གཅད་པ། དམིགས་རིམས་ཀྱི་ཟིན་བྲིས་སོགས་ཇི་སྙེད་ཅིག །མཆོག་དམན་གི་གང་ཟག་སོ་སོར་ཕུལ་ཞིང་སྦྱིན་པ་


TR008_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

ནི། སྟོད་མངའ་རིས་མན་ཆད། ལྷོ་མོན། དབུས་གཙང་། དྭགས་ཀོང་། སྤོ་ཁམས། འཇང་ཞབས། རྒྱ་མཚམས་ཡན་ལ་བགྲང་གི་མི་ལང་བར་སོང་ནའང་། དེ་ཐམས་ཅད་བཀའ་འབུམ་དུ་འཁོད་པར་བྱེད་པ་ལ། རང་གི་ཉེ་འཁོར་དུ་ཡི་གེ་པ་ནི་མེད། རང་ཉིད་ཁོ་ནས་ཞལ་ཤུ་བར་ནི་མི་ལང་། ནན་གྱི་ཤུས་ཀྱང་། དིང་སང་དང་མ་འོང་པའི་གང་ཟག་རྣམས་ནི་རྙིང་མ་ལྔ་བརྡོའི་རང་ཚུལ་ལ་སྤྱོད་པ་ཤ་སྟག་ལས། རྒྱལ་བའི་བཀའ་དྲི་མ་མེད་པ་རྣམས་ལ་ཡང་རྩིས་སུ་མི་བྱེད་ཅིང་། གུས་པས་མཆོད་དང་ལྟ་རྟོགས་ཉམས་ལེན་བྱེད་པར་རབ་ཏུ་དཀོན་པར་ཟད་ན། བདག་ཁ་འདྲའི་རྩོམས་ཡིག་གི་སུ་ལ་ཅི་ཞིག་བྱ་སྟེ། རང་ཉིད་ཡི་གེའི་ལས་སུ་ཆེ་ཞིང་སྣག་ཤོག་གྲོན་པ་ཙམ་ལས་གཞན་པའི་དགོས་པ་ཅི་ཡང་མི་འབྱུང་ཕྱིར་བཏང་སྙོམས་སུ་བཞག་པ་ཡིན་ལ། དེ་ལྟར་མོད་ཀྱི། གལ་ཏེ་དོན་དུ་གཉེར་བློ་ཅན་རེ་རེ་ཙམ་མཆིད་སྲིད་ན། རྩོམས་ཡིག་གི་གླེགས་བམ་འདི་དག་ལ་


TR008_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཁེ་དང་གྲགས་པ་རང་ཆེ་འདོད་པའམ། ནོར་དང་བརྙེད་བཀུར་སྒྲུབ་འདོད་སོགས་ཚུལ་བཞིན་མ་ཡིན་པའི་བསམ་པའི་དྲི་མ་རྡུལ་ཆ་ཕྲ་མོ་ཙམ་གྱིས་ཀྱང་མ་བསླད་པར། གཞན་ཕན་ལྷག་བསམ་དཀར་པོ་འབའ་ཞིག་གིས་ཀུན་ནས་བླངས་པའི་མཐུ་དང་བདེན་སྟོབས་ཀྱིས། འདི་དག་གི་ཚིག་ཤྭ་ལོ་ཀ་གཅིག་ཙམ་གྱིས་ཀྱང་མོས་ལྡན་དེ་དག་གི་རྒྱུད་ལ་ཕན་པ་རླབས་པོ་ཆེར་འགྱུར་བར་སྨོན་པ་དང་། གཞན་ཡང་། བཀའ་འབུམ་འདི་དག་མཐོང་བ་དང་། ཐོས་པ་དང་། དྲན་པ་དང་། རེག་པ་དང་། ཕྱག་མཆོད་བཀུར་བསྟི་བྱེད་པ་དང་། འདྲི་ཀློག་འཛིན་འཆང་ཁ་ཏོན་བྱེད་པ་ཀུན་གྱིས་ཐོག་དྲངས་མཐའ་ནའང་། ལོག་ལྟ་དང་བསྐུར་འདེབས་བྱེད་པའི་འབྲེལ་བ་ངན་ཐོག་ཚུན་ཆད་རྣམས་ཀྱང་། བདག་གི་སེམས་བསྐྱེད་སྨོན་ལམ་བདེན་སྟོབས་ཀྱི་མཐུ་ལས། གནས་སྐབས་སུ་བློ་རྒྱུད་ཆོས་ལ་འགྱུར་ནས། ཆོས་དོན་དྲི་མ་མེད་པ་སྤྱོད་ནུས་པ་དང་། སེམས་རྒྱུད་སྨིན་གྲོལ་གྱི་གོ་འཕངས་མངོན་པར་


TR008_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་སོན་ཏེ། སྐུ་གསུམ་དབྱེར་མེད་ཀྱི་རྒྱས་ས་ཟིན། ཆོས་ཀུན་མངོན་གྱུར་གྱི་བཀའ་དབང་ཐོབ། འདོད་འབྱུང་ཡིད་བཞིན་གྱི་ཕ་ཕོགས་ལེན། གང་ལ་སྤྱི་འདུས་ཀྱི་ཕྲིན་ལས་ཕྱོགས་དང་རིས་སུ་མ་འཆད་པའི་འཁོར་ལོ་ལ་མངའ་དབང་བསྒྱུར་བའི་བདག་ཉིད་ཆེན་པོར་གྱུར་ནས། སྲིད་པའི་རྒྱ་མཚོ་གཏན་སྟོངས་སུ་ནུས་པར་ཤོག་ཅིག །ཅེས། བདེན་ཚིག་སྨོན་ལམ་གྱི་རྒྱས་བཏབ་པ་ཤུ་བྷམྨསྟུ་སརྦ་ཛ་ག་ཏཾ།། ༈ །།སྣ་ཚོགས་རང་གྲོལ་རྒན་པོ་བདག་འདྲ་བ། །གལ་ཏེ་མྱུར་ན་འཆི་བར་འགྱུར་ན་བསམ། །བཀའ་འབུམ་དཀར་ཆག་འདི་བཞིན་བཀོད་པའི་གནས། །རྒྱ་ལ་རྩེ་སྡུམས་དཔལ་རི་གངས་ཀྱི་མགུལ། །དབྱར་དགུན་མེད་པར་ཁ་བ་འབབ་པའི་ཁྲོད། །ཤིན་ཏུ་མཐོ་ཞིང་གཉེན་ལ་དབེན་པའི་ས། །རང་བྱུང་པདྨ་རྒྱལ་པོས་བྱིན་རླབ་པར། །བྱིན་རླབས་དད་ལྡན་རྣམས་ལ་ཕན་སེམས་ཀྱིས། །ཡི་གེར་བཏབ་རི་མཐོང་དང་འདྲི་ཀློག་འཛིན། །ཐམས་ཅད་དམ་པའི་ཆོས་ལ་ཡིད་ཕྱོགས་ཏེ། །འཇིག་རྟེན་འཁྲུལ་པའི་འཁོར་ལོ་རྒྱུན་ཆད་ནས། །ཡང་དག་བྱང་ཆུབ་སྒྲུབ་པ་མཐར་ཕྱིན་ཤོག། ༈ །།སྦྱིན་བདག་དད་པའི་བློ་གྲོས་


TR008_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །ལྷག་བསམ་རྣམ་དཀར་མཐུ་བྱིན་མཐུས། །དྲུང་ཡིག་ཀུན་བཟང་བསྟན་འཛིན་དང་། །རྣམ་པར་རྒྱལ་བས་ཉེར་སྟེགས་ནས། །སྐུ་ཚེ་རི་རྒྱལ་ལྷུན་པོ་ལྟར། །འཛམ་གླིང་ཡོངས་ལ་རྒྱས་གནས་ཤོག །དགེའོ། དགེའོ། དགེའོ། །བཀྲ་ཤིས