cover

མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།

པོད་བརྒྱད་པ། ཉ༽

ཀརྨ་ཆགས་མེད།

ནི་ཏཱརྠ་ཤེས་རིག་ཉམས་གསོ་ཁང་།
Images scanned by TBRC

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

བླ་མ་སྐུ་གསུམ་སྒྲུབ་པའི་ཟིན་བྲིས་རིན་ཆེན་ཤོག་འདྲ་ལས༔ ལོངས་སྐུ་སྒྲུབ་པའི་ཟིན་བྲིས།


CMR008_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་སྐུ་གསུམ་སྒྲུབ་པའི་ཟིན་བྲིས་རིན་ཆེན་ཤོག་འདྲ་ལས༔ ལོངས་སྐུ་སྒྲུབ་པའི་ཟིན་བྲིས་བཞུགས་སོ༔


CMR008_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་སྐུ་གསུམ་སྒྲུབ་པའི་ཟིན་བྲིས་རིན་ཆེན་ཤོག་འདྲ་ལས༔ ལོངས་སྐུར་སྒྲུབ་པའི་འདོན་འགྲིགས་ནི༔ ད་ནངས་སྐྱབས་འགྲོ་སེམས་བསྐྱེད་རང་གཞུང་ལྟར་བྱ༔ འདི་དངོས་གཞིའི་སྐབས་ཡིན་པས་ཡིག་བརྒྱ་མཎྜལ་སོགས་སྔོན་འགྲོ་རྣམས་མི་དགོས་སོ༔ ལས་བྱང་མང་ཉུང་གང་རུང་འདོན་རེས་བྱས་ལ་དུས་བཞིར་བཏང་༔ ལྷ་བསྐྱེད་ཀྱང་ལས་བྱང་མང་བ་ལྟར་ལས༔ བདག་མདུན་རྟ་མགྲིན་བསྐྱེད་དེ༔ དུར་ཁྲོད་རུས་རྒྱན་མེ་ཀློང་བཞུགས༔ དེའི་སྤྱི་གཙུག་ཏུ་པད་སྡོང་དམར་པོ་འདབ་མ་སྟོང་ལྡན་སུམ་བརྩེགས་ཀྱི་སྟེང་དུ༔ བླ་མ་ཨོ་རྒྱན་རིན་པོ་ཆེ་ཚེ་


CMR008_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་མེད་སྐུ་མདོག་དམར་པོ་བྱི་རུ་ལྟ་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཡུམ་དང་འཁྲིལ་བ༔ སྐུ་གཟི་མདངས་དང་ལྡན་པ༔ ཕྱོགས་བཞི་པདྨ་འདབ་བཞིའི་སྟེང་༔ ཤར་དུ་རྡོ་རྗེ་ཐོད་ཕྲེང་རྩལ༔ ཞེས་སོགས་གཞུང་ལྟར་རོ༔ སྤྱན་འདྲེན་དུས་བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་དཀར་དམར་ལྕགས་ཀྱུ་ལྟར་འཕྲོས་པས༔ བདེ་བ་ཅན་གྱི་ཞིང་ཁམས་དང་ལྷོ་ནུབ་རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་ནས་བླ་མ་ལོངས་སྐུ་ཚེ་དཔག་མེད་དང་༔ གུ་རུ་པདྨའི་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ༔ བླ་མ་ལོངས་སྐུའི་ཆ་ལུགས་དུ་འཁོར་རིག་འཛིན་ཌཱཀྐི་རྣམས་དང་བཅས་པ་སྤྱན་


CMR008_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་བར་བསྒོམ་ལ་སྤྱན་འདྲེན་བྱའོ༔ མཆོད་བསྟོད་དམིགས་པ་སྤྲུལ་སྐུའི་དུས་དང་འདྲ་ཞིང་༔ འཛབ་དགོངས་དམིགས་པ་ནི་ཡིད་ཀྱིས་བསྒོམ་སྟེ༔ མདུན་གྱི་རྟ་མགྲིན་གྱི་སྤྱི་གཙུག་སྐུ་འབག་དང་དབྱེར་མེད་པའི༔ ཚེ་དཔག་མེད་སྐུ་མདོག་དམར་པོ་ལོངས་སྤྱོད་རྫོགས་པའི་རྒྱན་དང་ལྡན་པ༔ མཉམ་གཞག་གི་ཕྱག་ན་ཚེ་བུམ་བསྣམས་པ༔ དེའི་མདུན་དུ་ཡུམ་པདྨ་མཁའ་འགྲོ་སྐུ་མདོག་དམར་མོ་གཅེར་བུ་རུས་རྒྱན་དང་༔ པདྨའི་ཕྲེང་བ་འཛིན་པ་ཕྱག་གཡས་གྲི་གུག་ཡབ་ལ་འཁྱུད་པ༔ གཡོན་པས་ཚེ་བུམ་སྙན་གྱི་ཐད་དུ་འཛིན་པ༔ དབུ་སྐྲ་འཕྱང་བ་ཡབ་དང་ཞལ་སྦྱོར་བ༔ དངོས་སུ་གསལ་བའི་སྤྱི་བོར་པདྨ་དཀར་པོ་འདབ་མ་བརྒྱད་པའི་དབུས་སུ་སྐུའི་ངོ་བོ་ཨོ་དཀར་པོ༔་མགྲིན་པར་པདྨ་དམར་པོའི་དབུས་སུ་གསུང་གི་ངོ་བོ་དམར་པོ༔ ཐུགས་ཀར་པདྨ་སྔོན་པོའི་ལྟེ་བར་ཐུགས་ཀྱི་རང་བཞིན་ཧཱུྃ་མཐིང་ག༔ ལྟེ་བར་པདྨ་ལྗང་གུའི་དཀྱིལ་དུ་ཕྲིན་ལས་ཀྱི་རང་བཞིན་ཧྲཱིཿལྗང་གུ༔ ཕྱག་ཞབས་བཞི་ལ་ཕྲིན་ལས་ཀྱི་རང་བཞིན་ངོ་བོར་ཧ་རི་ནི་ས་ར་ཙ་ཧཱི་ཡ་བཞི་གསལ་བར་བསྐྱེད་དོ༔ དེ་ནས་རླུང་རོ་ལན་གསུམ་གསུམ་བུས་ལ༔ ནད་གདོན་བར་ཆད་སྡིག་


CMR008_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་ཐམས་ཅད་སངས་ཀྱིས་དག་པར་བསམ༔ དེ་ནས་འཇམ་རླུང་དལ་ལ་རིང་བར་རྩུབ་ཚེ་བླ་མའི་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་ཐིག་ལེའི་རང་བཞིན་ཅན་བར་མ་ཆད་པར་རང་གི་དཔྲལ་བར་ཐིམ༔ བླ་མའི་སྐུའི་བྱིན་རླབས་ཞུགས༔ བུམ་པའི་དབང་ཐོབ༔ ལུས་ཀྱི་སྒྲིབ་པ་དག་ནས་རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་པར་བསམ༔ རླུང་འཇམ་རླུང་བཟུང་སྟེ་ཅི་གནས་ཀྱི་བར་ཡིད་ཀྱི་བཟླས་པ་བྱ༔ མི་ཐུབ་ཙམ་ན་རྔུབ་ཆུང་མང་དུ་བརྩེགས༔ དེ་ནས་མི་ནོན་ཙམ་ན་རླུང་རོ་ལྷག་མ་མ་ལུས་པར་བུས་ལ༔ ངག་གི་ནད་གདོན་བར་ཆད་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་པར་བསམ༔ ཚུར་རྔུབ་ཚེ་བླ་མའི་མགྲིན་པའི་ཨཱལས་འོད་ཟེར་དམར་པོ་ཐིག་ལེའི་རང་བཞིན་ཅན་བར་མ་ཆད་པར་རང་གི་མགྲིན་པར་ཐིམ་བླ་མའི་གསུང་གི་བྱིན་རླབས་ཞུགས་གསང་བའི་དབང་ཐོབ༔ ངག་སྒྲིབ་དག་ནས་རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་པར་བསམ༔ རླུང་ནང་དུ་ཇི་ཙམ་འཛིན་ཚེ་ཡིད་ཀྱི་སྔགས་བཟླས༔ རླུང་མི་ཐུབ་ཙམ་ན་ལྷག་མ་མ་ལུས་པར་བུས་ལ་ཡིད་ཀྱི་ནད་གདོན་བར་ཆད་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་པར་བསམ༔ ཚུར་རྡུབ་ཚེ་བླ་མའི་ཐུགས་ཀའི་ཧཱུཾ་ལས་


CMR008_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་སྔོན་པོ་ཐིག་ལེའི་རང་བཞིན་ཅན་བར་མ་ཆད་པར་རང་གི་ཐུགས་ཀར་ཐིམ༔ བླ་མའི་ཐུགས་ཀྱི་བྱིན་རླབས་ཞུགས༔ ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ ཡིད་ཀྱི་སྒྲིབ་པ་དག་ནས་རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་པར་བསམ༔ རླུང་བཟུང་ནས་ཡིད་བཟླས་བྱ་མ་ཐུབ་ཙམ་ན་རླུང་སངས་ཀྱིས་བུད་པ་དང་མཉམ་དུ་ལུས་ངག་ཡིད་གསུམ་གྱི་ནད་གདོན་བར་ཆད་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་པར་བསམ༔ ཚུར་རྔུབ་ཚེ་བླ་མའི་ལྟེ་བའི་ཧིལས་འོད་ཟེར་ལྗང་གུ་ཐིག་ལེའི་རང་བཞིན་ཅན་བར་མ་ཆད་པར་རང་གི་ལྟེ་བར་ཐིམ༔ བླ་མའི་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་བྱིན་རླབས་ཞུགས༔ ཚིག་དབངརིན་པོ་ཆེ་ཐོབ༔ ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་ནས༔ རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་པར་བསམ༔ འཇམ་རླུང་བཟུང་ཚེ་ཡིད་བཟླས་བྱ༔ རླུང་མི་ཐུབ་ཙམ་ན་སངས་ཀྱིས་བུས་ལ་ནད་གདོན་བར་ཆད་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་ཐོན་ནས་དག་པར་བསམ༔ ཚུར་རྔུབ་ཚེ་བླ་མའི་ཕྱག་ཞབས་བཞིའི་ཡིག་འབྲུ་བརྒྱད་ལས་འོད་ཟེར་ཁ་དོག་སྣ་ཚོགས་པ་ཐིག་ལེའི་རང་བཞིན་ཅན་བར་མ་ཆད་པར་རང་གི་ཡན་ལག་བཞི་ལ་ཐིམ་པས་མཆོག་དང་ཐུན་མོང་ཕྲིན་ལས་


CMR008_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་བཞིའི་དངོས་གྲུབ་ཐོབ་པར་བསམ༔ སྔགས་གྲངས་བདུན་འབུམ་མམ་སུམ་འབུམ་ཞག་གྲངས་ཉེར་གཅིག་གམ་བདུན་གཉིས་སམ་བདུན་གཅིག་ཀྱང་རུང་ངོ་༔ དེ་ཡང་ལོངས་སྐུར་སྒྲུབ་པའི་ནང་སྒྲུབ་ཡང་ཡིན༔ ལུང་ཨ་ནུ་ཡོ་ག་ལྟར་སྒྲུབ་པ་ཡང་ཡིན་པས༔ རང་གི་ཕུང་པོ་ལྔ་ཚེ་བདག་རྒྱལ་བ་རིགས་ལྔ༔ ཁམས་ལྔ་ཚེ་བདག་རིགས་ཀྱི་ཡུམ་ལྔ༔ སྤྱི་བོའི་ཧཾ་ཡིག་བླ་མ་ཚེ་དཔག་མེད༔ ལྟེ་བའི་ཨ་ཐུང་ཡུམ་མནྡཱ་ར་བ༔ ལུས་ཀྱི་རྩ་ཐིག་རླུང་གསུམ་ཐམས་ཅད་ཡེ་ནས་དཔའ་བོ་དང་ཌཀི་མའི་རང་བཞིན་ཡིན་པའི་བདེ་བ་བསྐྱེད་ཅིང་༔ དང་པོ་རྟ་མགྲིན་ནམ་ཚེ་དཔག་མེད་གང་བསྒོམས་ཀྱང་ལུས་ཕྱི་དར་དམར་གྱི་གུར་ཕུབ་པ་ལྟ་བུ་ལ༔ ནང་སྟོང་པ་ཕུ་མ་ཕུས་བཏབ་པ་ལྟ་བུའི་དབུས་སུ་རྩ་དབུ་མ༔ ཡར་སྣེ་ཚངས་བུག་དང་མར་སྣེ་ལྟེ་འོག་ཏུ་ཡོད་པ༔ གཡས་གཡོན་རོ་མ་དང་རྐྱང་མ་གཉིས་ཡར་སྣེ་སྣ་བུག་གཉིས་དང་མར་སྣེ་ལྟེ་འོག་ཏུ་དབུ་མ་དང་གཅིག་ཏུ་གྱུར་པ༔ སྤྱི་བོར་རྩ་འདབ་སོ་གཉིས༔ མགྲིན་པར་བཅུ་དྲུག༔ སྙིང་གར་བརྒྱད༔ ལྟེ་བར་དྲུག་ཅུ་རྩ་བཞི༔ གསང་བར་ཉི་ཤུ་རྩ་བརྒྱད༔ ཐམས་ཅད་གདུགས་ཀྱི་རྩིབས་མ་ལྟར་དབུ་མ་


CMR008_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གྱེས་ཤིང་རོ་རྐྱང་དང་མ་འབྲེལ་བ༔ ཕྱི་ཅུང་དཀར་ལ་ནང་དམར་བ་སྟོང་སེང་ངེ་བ་བསྒོམ་མོ༔ ཁྱད་པར་སྒྲུབ་དུས་བདག་ལུས་ལ་བརྟེན་ནས་སྒྲུབ་པ་གཙོ་ཆེ་བས་འདི་བསྒོམ་པ་གལ་ཆེ༔ བསྙེན་པའི་སྐབས་སུའང་གསོལ་འདེབས་བྱ་བ་མཁར་དྲུང་གིས་བྱས་པས༔ བྱས་ཀྱང་རུང་གི་གཞུང་ན་མེད་པས་མ་བྱས་ཀྱང་རུང་ངོ་༔ ༈ དེ་ནས་སྒྲུབ་པའི་དུས་འདོན་འགྲིག་ནི༔ སྐྱབས་འགྲོ་སེམས་བསྐྱེད་རང་གཞུང་ལྟར་ལས༔ སེམས་ཅན་བདེ་དང་ལྡན་གྱུར་ཅིག༔ སྡུག་བསྔལ་དག་དང་བྲལ་བར་ཤོག༔ བདེ་དང་རྟག་ཏུ་མི་འབྲལ་ཞིང་༔ ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག༔ ཅེས་སྦྱར་དེ་ནས་ལས་བྱང་མང་ཉུང་གང་འདོད་གཞུང་ལྟར་ལས༔ ཕོ་བྲང་གཞལ་ཡས་དཀྱིལ་འཁོར་དབུས༔ ཞེས་སམ་ཡེ་ཤེས་འོད་ལྔའི་དཀྱིལ་འཁོར་ཞེས་པའི་མཚམས་སུ༔ སྟོང་པའི་ངང་ལས་པདྨ་དམར་པོ་འདབ་མ་སྟོང་ལྡན་གྱི་སྟེང་དུ་ཉི་མའི་སྟེང་དུ་ཧྲཱིཿདམར་པོ་ཞིག་བསམ༔ དེ་ལས་འོད་ཟེར་ཕར་འཕྲོས༔ འཕགས་པ་མཆོད༔ སེམས་ཅན་གྱི་དོན་བྱས༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ བདག་མདུན་ཚེ་དཔག་མེད་སྐུ་མདོག་དམར་པོ་ལོངས་སྤྱོད་རྫོགས་པའི་ཆ་


CMR008_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཅན༔ ཕྱག་ན་ཚེའི་བུམ་པ་བསྣམས་པ༔ ཡུམ་པདྨ་མཁའ་འགྲོ་གཅེར་བུ་རྒྱན་དང་ལྡན་པ༔ གྲི་གུག་དང་བུམ་པ་བསྣམས་ནས་འཁྲིལ་བ༔ དར་དང་རིན་པོ་ཆེའི་རྒྱན་དཔག་ཏུ་མེད་པས་བརྒྱན་པ༔ དེའི་སྤྱི་གཙུག་ཏུ་པད་སྡོང་དམར་པོ་འདབ་མ་སྟོང་ལྡན་སུམ་བརྩེགས་ཀྱི་སྟེང་དུ༔ བླ་མ་ཨོ་རྒྱན་རིན་པོ་ཆེ་ཚེ་དཔག་མེད་སྐུ་མདོག་བྱི་རུ་ལྟ་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཡུམ་དང་འཁྲིལ་བ༔ སྐུ་གཟི་མདངས་དང་ལྡན་པར་གྱུར༔ ཕྱོགས་བཞི་པདྨ་འདབ་བཞིའི་སྟེང་༔ ཞེས་པ་ནས་འཛབ་དགོངས་བར་གཞུང་ལྟར་འདོན༔ འཛབ་དགོངས་ནི༔ རང་གི་སྤྱི་གཙུག་གི་ཚེ་དཔག་མེད༔ དེའི་གནས་གསུམ་དུ་ཡིག་འབྲུ་གསུམ་གསལ་བ༔ ཡིག་འབྲུ་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས༔ མཉམ་གཞག་གི་བུམ་པར་ཐམས་ཅད་སིབ་སིབ་ཐིམ༔ འཆི་མེད་ཀྱི་བདུད་རྩི་འོ་མ་ལྟ་བུས་གང་༔ དེ་ལས་འོད་ཟེར་འཕྲོས་པས༔ ལྷ་དང་དྲང་སྲོང་ཚེ་ལ་དབང་བ༔ འགྲོ་བ་མིའི་སྲོག་ཧཱུྃ༔


CMR008_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་བཞིའི་བཅུད་ནམ་མཁའ་ཐམས་ཅད་སིབ་སིབ་བུམ་པར་འཁྱིལ་ནས༔ བུམ་པ་ཆིལ་ཆིལ་ཁོལ༔ དེ་ལྟར་དམིགས་པས་ཡུན་རིང་བསྒོམ་ཞིང་སྔགས་ཁྲི་ཚོ་རེ་ཙམ་བཟླས་ལ༔ དེ་ནས་སྤྱི་བོའི་ཚེ་དཔག་མེད་ལ་དམིགས་པ་གཏད་ལ༔ བདག་གིས་རྩེ་གཅིག་ཏུ་གསོལ་བ་བཏབ་སྟེ༔ ཧཱུྃ༔ འགྲོ་བའི་བླ་མ་ཨོ་རྒྱན་ཚེ་དཔག་མེད༔ ཅེས་གསོལ་འདེབས་དེ་དབྱངས་དང་བཅས་རྒྱང་འབོད་ཚུལ་དུ་གསོལ་འདེབས་ལན་གསུམ་བྱ༔ དེ་རྗེས་རླུང་རོ་སྣ་བུག་གཡས་ནས་གཅིག་བུས༔ གཡོན་ནས་གཅིག་བུས་ཏེ༔ སྣ་ཁ་ཡ་སྡིགས་མཛུབ་ཀྱིས་འཆར་ལ་ལྷག་མ་མ་ལུས་པར་བུས༔ དེ་ནས་སྣ་གཉིས་ཀ་ནས་གཅིག་དང་ལན་གསུམ་བུས་པའི་རྗེས་སུ་ལུས་ཀྱི་ནད་གདོན་ཚེའི་བར་ཆད་ཐམས་ཅད་སངས་ཀྱིས་དག་སྟེ་ལུས་སྟོང་སང་ངེ་བར་བསྒོམ་ལ་རྩེ་གསུམ་འཁོར་ལོ་བཞི་གསལ་བཏབ་སྟེ་འཇམ་རླུང་ཡུན་ཅི་ཐུབ་བཟུང་ཞིང་སྔགས་ཡིད་བཟླས་བྱེད༔ མི་ཐུབ་སྙམ་ཙ་ན་རླུང་རྔུབ་ཆུང་ཞིག་བྱས་ལ་ཕོ་བར་དགོང་ལ་མནན༔ དེ་འདྲ་གཉིས་གསུམ་ཙམ་བྱས༔ དེ་ནས་དགོང་མི་ཐུབ་པ་ན་རླུང་སྣ་གཡས་གཡོན་གང་ནས་འགྱུ་བའི་ངོས་ནས་ལྷག་མ་མ་ལུས་པར་སངས་ཀྱིས་


CMR008_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་བུས་པ་དང་༔ རླུང་དེ་དུ་བ་ལྟ་བུ་སྔོ་ནར་གྱིས་སོང་ནས༔ སྤྱི་བོའི་བླ་མ་ཚེ་དཔག་མེད་ཀྱི་བུམ་པའི་ཞབས་བརྡོལ་ནས༔ བུམ་པའི་ཁ་ལ་རླུང་ཐོལ་གྱིས་སྔོ་སངས་སེ་ཐོན་པ་དང་༔ བུམ་པའི་ཞབས་ནས་བདུད་རྩི་རྡོལ་ཁ་ནས་ཁོལ་ཞིང་ལུད་པ་དང་༔ ཡབ་ཡུམ་བདེ་བས་བསྐུལ་བའི་སྦྱོར་མཚམས་ནས་དྭངས་མ་དཀར་དམར་དུ་བབས་པ་རྣམས་ན་ར་ར་བབ༔ རང་གི་སྤྱི་གཙུག་དང་ཁའི་ནང་གཉིས་ཀ་ནས་མར་བྱུང་བར་བསམས་ལ༔ ཁས་ཧུབ་ཧུབ་ཅེས་བཏུང་ལ་མཆིལ་མ་ལན་གསུམ་མིད་ལ༔ ལྟེ་བ་སྙིང་ག་མགྲིན་པ་ཁེངས་ནས༔ སྤྱི་བོར་ཆི་ལི་ལི་ལུད་པ་དང་༔ ལུས་ཀྱི་ཕྱི་ནང་མར་དཀར་ཞམ་གྱིས་བྱུང་བར་བསམ༔ རླུང་ཐུབ་ཐང་བཟུང་ལ་ཁུག་པ་གསུམ་གྱི་རྗེས་སུ་བདུད་རྩི་བབ་ལ་ཤེས་པ་གཏད་དེའི་དམིགས་པ་དེ་རྣམས་བྱེད་ཅིང་སྟོང་ཙམ་རེ་བཟླས༔ དེ་ལྟར་ལན་དུ་ཐོན་དམིགས་པ་དང་རླུང་དང་སྔགས་བཟླས་པ་རྣམས་སྦག་མར་བྱའོ༔ དེ་ནས་ཐུན་མཚམས་སུ་དབང་བཞི་བླང་བ་ནི༔ མདུན་བསྐྱེད་ཀྱི་བླ་མ་ཚེ་དཔག་མེད་པའི་སྤྱི་བོའི་ཨོ་ལས་འོད་ཟེར་དཀར་པོ་ཐིག་ལེའི་རང་བཞིན་ཅན་ཞེས་སོགས༔ བསྙེན་པའི་དུས་ཀྱི་


CMR008_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་ལ་ཨོཾ་ཨཱཿཧཱུྃ་ཧིབཞི་ལ་སྤྲོ་བསྡུའི་དམིགས་པ་བསྙེན་པའི་དུས་ལྟར་བྱ་ཞིང་༔ བསྙེན་པའི་དུས་དང་ཅུང་ཟད་མི་འདྲ་བ་ནི༔ ཕྱག་ཞབས་བཞི་ལ་འོད་ཟེར་སྤྲོ་བསྡུ་དང་༔ སྤྲོ་བསྡུའི་དུས་རླུང་བཟུང་བ་མི་དགོས་སོ༔ འདིར་སྤྱི་བོའི་བླ་མ་ཚེ་དཔག་མེད་ལས་བྱང་སེམས་ཀྱི་རྒྱུན་གྱི་དབང་བླང་ཡང་རུང་མོད་ཀྱིས༔ མདུན་བསྐྱེད་ལས་ལེན་པ་འདི་ལེགས་ཏེ༔ དེ་མིན་ན་སྒྲུབ་པའི་ཚེ་མདུན་བསྐྱེད་དོན་མེད་པའི་སྐྱོན་དུ་འགྱུར་ལ༔ སྒྲུབ་པ་ནི་མདུན་བསྐྱེད་གཙོ་ཆེ་བ་སྤྱིའི་ལུགས་ཡིན་པས་སོ༔ དེ་ནས་སྤྱི་བོའི་བླ་མ་ཚེ་དཔག་མེད་ཚངས་བུག་ནས་མར་རང་གི་སྙིང་གར་བྱོན༔ དེའི་ཐུགས་ཀར་གསེར་གྱི་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་མཆོང་གི་བུམ་པ་ཞིག་བསམ༔ དེའི་བུམ་པར་བདག་གི་སྲོག་ཡིག་དྲྀ་ལྗང་གུ་ཞིག་བསྒོམ༔ དེ་ལས་འོད་འཕྲོས་ཕྱོགས་བཅུའི་འཁོར་འདས་ཐམས་ཅད་ཀྱི་ཚེ་བཅུད་ཐམས་ཅད་སིབ་སིབ་འདུས་ལུས་ཀྱི་ནང་ཐམས་ཅད་དཀར་མེར་གྱིས་གང་ནས་ལུས་ཀྱི་ཕྱི་བ་སྤུའི་བུ་ག་ལའང་སྐྱ་ཁྲོམ་ཁྲོམ་བྱུང་བར་བསྒོམ༔ བར་རླུང་ཅི་རིགས་པར་བསྒོམ༔ བར་རླུང་ནི་རླུང་རྔུབ་ནས་བཟུང་བ་ཡང་མ་ཡིན་པར༔ འོག་སྒོ་ཅུང་ཟད་བསྡོམ༔ ཁ་སྣའི་རླུང་རང་


CMR008_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

སོར་བཞག་ལ༔ གསུས་པ་ཐེར་གྱིས་བརྒྱངས་ནས་འདུག་པའོ༔ དམིགས་པ་དེ་དང་བར་རླུང་སྦྲག་ལ་བཟླས་པ་སུམ་བརྒྱ་ཙམ་ལྕེ་རྩེ་གཡོ་བ་ཙམ་དུ་བཟླ༔ དེ་ནས་མདུན་བསྐྱེད་བཞག་ལ༔ བདག་བསྐྱེད་དཀྱིལ་འཁོར་ལ་ཐིམ༔ འཁོར་བདག་ལ་ཐིམ༔ བདག་སྙིང་གའི་ཚེ་དཔག་མེད་ལ་ཐིམ༔ དེ་ཡང་རྡོ་རྗེ་ལ་ཐིམ༔ དེ་ཡང་བུམ་པ་ལ་ཐིམ༔ བུམ་པ་དྲི་ལ༔ ནི་དེ་སྐད་ཅིག་གིས་རྡོ་རྗེ་རྩེ་ལྔ་པ་འགྱུར་མེད་དུ་ཁྲོང་ངེ་བ་ཞིག་ང་རྒྱལ་དང་ལྡན་པར་བྱའོ༔ དམིགས་པ་དེ་རྣམས་མ་ཟིན་བར་དུ་བཟླས་པ་བྱ༔ དེ་ནས་མི་གཙང་ལུས་འདི་བོར་བར་གྱུར་མ་ཐག༔ ཅེས་སོགས་བསྔོ་བ་བྱ༔ རྫོགས་རིམ་སེམས་ངོ་ནི་གོང་གི་དམིགས་པའི་སྐབས་སྐབས་སུ་བསྒོམས་པས་བོགས་ཆེ༔ སེམས་ངོའི་གཤིས་མ་ཤོར་བར་བསྐྱེད་རིམ་བསྒོམ་ཐུབ་ན་ནི་རབ་ཡིན༔ ཐ་མ་ནི་ཐུན་མཚམས་འདིར་ཡུད་ཙམ་བསྒོམ་མོ༔ དེ་ནས་ཐུན་མཚམས་འདིར་ཆོས་སྤྱོད་སོགས་གཞན་དགེ་སྦྱོར་གང་དགོས་ཅུང་ཟད་བྱའོ༔ དེ་ནས་སླར་ཡང་ཐུན་བཟུང་སྟེ༔ ལས་བྱང་གི་མགོ་སྐྱབས་འགྲོ་མན་ཆད་གོང་ལྟར་རོ༔ དེ་ལྟར་ཉིན་ཐུན་གསུམ་མཚན་ཐུན་དང་བཞི་བྱའོ༔ དེ་མ་ཐུབ་


CMR008_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཉིན་སྔ་ཐུན་ཕྱི་ཐུན་གཉིས༔ མཚན་ཐུན་གཅིག་དང་གསུམ་བྱའོ༔ ནུབ་ཚོགས་རེ་འགྲུབ་ནའང་ལེགས་སོ༔ དེ་ལྟར་སྒྲུབ་པའི་དུས་ནི་བདུན་གཉིས་སམ་བདུན་གསུམ་ཟླ་བ་སོགས་གང་རུང་ངོ་༔ གྲངས་དང་རྟགས་སོགས་ནི་གཞུང་དུ་གསལ་ལྟར་རོ༔ སྒྲུབ་པའི་ཟིན་བྲིས་སོ༔ ༈ དེ་ནས་ལས་སྦྱོར་ནི་ལྷ་བསྐྱེད་སྐབས་སུ༔ ཕོ་བྲང་གཞལ་ཡས་དཀྱིལ་འཁོར་དབུས༔ ཞེས་སམ༔ ཕྱི་ནང་དག་པ་འོད་ལྔའི་དཀྱིལ༔ པདྨ་དམར་པོ་འདབ་མ་སྟོང་ལྡན་གྱི་སྟེང་དུ་ཧཱི༔དམར་པོ་ཞིག་བསམ༔ དེ་ལས་འོད་ཟེར་ཕར་འཕྲོས༔ འཕགས་པ་མཆོད༔ སེམས་ཅན་གྱི་དོན་བྱས༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ བདག་དང་མདུན་བསྐྱེད་ཚེ་དཔག་མེད་སྐུ་མདོག་དམར་པོ་ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན༔ ཕྱག་གཡས་ཚེའི་བུམ་པ་བསྣམས་པ༔ ཡུམ་པདྨ་མཁའ་འགྲོ་གཅེར་བུ་རྒྱན་དང་ལྡན་པ༔ གྲི་གུག་དང་བུམ་པ་བསྣམས་ནས་འཁྲིལ་བ༔ དར་དང་རིན་པོ་ཆེའི་རྒྱན་དཔག་ཏུ་མེད་པས་བརྒྱན་པ༔ དེའི་སྤྱི་གཙུག་ཏུ་པད་སྡོང་དམར་པོ་འདབ་མ་སྟོང་ལྡན་སུམ་བརྩེགས་ཀྱི་སྟེང་དུ༔ བླ་མ་ཨོ་རྒྱན་རིན་པོ་ཆེ་ཚེ་དཔག་མེད་སྐུ་མདོག་བྱི་རུ་ལྟ་བུ་


CMR008_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་རྫོགས་པའི་སྐུ་ཡུམ་དང་འཁྲིལ་བ༔ སྐུ་གཟི་མདངས་དང་ལྡན་པར་གྱུར༔ བདག་ཉིད་ཚེ་དཔག་མེད་དུ་གསལ་བའི་སྤྱི་བོར་རྣམ་སྣང་ཚེ་དཔག་མེད་སྐུ་མདོག་དཀར་པོ་ཡུམ་དང་འཁྲིལ་བ་ཕྱག་མཉམ་བཞག་གི་སྟེང་ན་ཚེའི་བུམ་པ་འཛིན་པ༔ མགྲིན་པར་རིན་འབྱུང་ཚེ་དཔག་མེད་སྐུ་མདོག་སེར་པོ་ཡུམ་དང་འཁྲིལ་བ་ཕྱག་མཉམ་བཞག་གི་སྟེང་ན་ཚེའི་བུམ་པ་འཛིན་པ༔ ཐུགས་ཀར་མི་བསྐྱོད་པ་ཚེ་དཔག་མེད་ཡབ་ཡུམོ་མཐིང་ག་ཕྱག་གཉིས་མཉམ་བཞག་གི་སྟེང་ན་ཚེའི་བུམ་པ་འཛིན་པ༔ ལྟེ་བར་དོན་གྲུབ་ཚེ་དཔག་མེད་ཡབ་ཡུམ་ལྗང་གུ་ཕྱག་གཉིས་མཉམ་བཞག་གི་སྟེང་ན་ཚེའི་བུམ་པ་འཛིན་པ་དེ་རྣམས་གསལ་བར་གྱུར༔ ཤར་དུ་རྡོ་རྗེ་ཐོད་ཕྲེང་རྩལ༔ ཞེས་སོགས་གཞུང་ལྟར་རོ༔ དེ་ཡང་བདག་བསྐྱེད་ཀྱི་སྐུའི་གནས་བཞིར་ཚེ་བདག་རིགས་བཞི་ཐུགས་ཀའི་མི་བསྐྱོད་ཚེ་དཔག་མེད་པའི་ཐུགས་ཀར་བུདྡྷ་ཐོད་ཕྲེང་རྩལ༔ དེའི་ཐུགས་ཀར་གསེར་གྱི་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་མཆོང་གི་བུམ་པ་ཞིག༔ དེའི་ནང་དུ་བདག་གི་སྲོག་ནི་ལྗང་གུ་ཞིག་བསྒོམ་སྟེ༔ དེ་དག་ངག་ཏུ་བརྗོད་མི་དགོས་ལ༔ གཞན་ཡང་ལྷ་དང་རིག་འཛིན་ཚོགས་ཞེས་


CMR008_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐབས་སུ༔ གཞལ་ཡས་ཁང་གི་ཕྱིའི་བར་ཁྱམས་ལ༔ ལཱ་སྱཱ༔ མཱ་ལེ༔ གིཏྟི༔ ནིརྟི་སྟེ་མཆོད་པའི་ལྷ་མོ་བཞི་དང་༔ དཀར་མོ་མགྱོགས་མ་སོགས་ལྷ་མོ་བཞི་དང་བརྒྱད་པོ་ཕྱོགས་བཞི་མཚམས་བརྒྱད་དུ་མོས་པ་ཙམ་དུ་བསྒོམ་པར་བྱའོ༔ མདུན་བསྐྱེད་ཀྱི་གནས་བཞིར་རིགས་བཞི་བསྒོམ་པ་སོགས་ཀྱང་འདྲ་སྟེ༔ གསེར་གྱི་རྡོ་རྗེ་རྒྱ་གྲམ་མཆོང་བུམ་སོགས་དང་ནི་མི་བསྒོམ་མོ༔ ཡང་མདུན་བསྐྱེད་སྐུའི་ལྷ་བཞི་མ་བསྒོམས་ཀྱང་རུང་མོད་ཀྱིས༔ བསྒོམ་ན་མདུན་བསྐྱེད་མཆོད་ཡུལ་རིགས་ལྔ་ཁ་ཚང་བས་བསོད་ནམས་ཆེའོ། དེ་ནས་འཛབ་དགོངས་བར་ནི་གཞུང་དང་འདྲ་ལ༔ འཛབ་དགོངས་དམིགས་པ་ནི༔ བདག་དང་བདག་གི་སྐུའི་གནས་ཀྱི་ཚེ་བདག་རིགས་ལྔ་ཡབ་ཡུམ༔ དེ་རྣམས་སྦྱོར་བ་མཛད་པའི་སྦྱོར་མཚམས་དང་༔ རང་རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་ཏེ༔ དེ་ཡང་རང་གཙོ་བོའི་སྦྱོར་མཚམས་དང་ས་བོན་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ འབྱུང་བ་མེའི་བཅུད་དང་༔ ཡེ་ཤེས་ཀྱི་མེ་དང་༔ བསྐལ་པའི་མེ་དང་༔ ཉི་མ་ལ་སོགས་པའི་བཅུད་ཐམས་ཅད་བསྡུས་ནས་གཙོ་བོའི་ཕྱག་གི་བུམ་པར་


CMR008_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

སིབ་སིབ་ཐིམ་པར་བསམས་ལ༔ དམིགས་པ་མ་གསལ་བར་དུ་སྙིང་པོ་བཟླས༔ ཡང་སྤྱི་བོར་རྣམ་སྣང་ཡབ་ཡུམ་སྦྱོར་མཚམས་དང་ཐུགས་ཀའི་ས་བོན་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ འབྱུང་བ་ནམ་མཁའི་བཅུད་ཐམས་ཅད་སྤྱི་བོའི་སྣམ་སྣང་གི་བུམ་པར་བསྡུ༔ མགྲིན་པར་རིན་འབྱུང་ཡབ་ཡུམ་གྱི་སྦྱོར་མཚམས་དང་༔ ཐུགས་ཀའི་ས་བོན་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ སའི་བཅུད་དང་༔ རི་བོ་རི་བྲན་གངས་རི་སྨན་རི་རྩི་ཤིང་ནགས་ཚལ་གྱི་བཅུད་ཐམས་ཅད་རིན་འབྱུང་གི་བུམ་པར་བསྡུས༔ སྙིང་གའི་མི་བསྐྱོད་པ་ཡབ་ཡུམ་སྦྱོར་མཚམས་དང་༔ ཐུགས་ཀའི་ས་བོན་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ འབྱུང་བ་ཆུའི་བཅུད༔ རྒྱ་མཚོ་ཆེན་པོ་དང་ཆུ་བྲན་ལ་སོགས་པའི་བཅུད་ཐམས་ཅད་མི་བསྐྱོད་ཚེ་དཔག་མེད་ཡབ་ཡུམ་གྱི་བུམ་པར་བསྡུ༔ ལྟེ་བར་དོན་གྲུབ་ཡབ་ཡུམ་གྱི་སྦྱོར་མཚམས་དང་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་རླུང་གི་བཅུད་ཐམས་ཅད་དོན་གྲུབ་ཀྱི་བུམ་པར་བསྟིམ༔ དེ་དག་རེ་རེ་ལ་ཡང་བརྒྱའམ་དམིགས་པ་གསལ་བས་ལན་གསུམ་རེ་ཙམ་བསྡུས་ནས་བསྟིམ་མོ༔ དེ་ནས་ཚེ་དཔག་མེད་


CMR008_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལྔའི་བུམ་པ་རྣམས༔ ཚེའི་བདུད་རྩི་ཆི་ལི་ལི་ཁོལ་བར་བསྒོམས་ལ༔ ཀྱེ་མ་འགྲོ་བའི་མགོན་པོ་སོགས་རིགས་ལྔའི་གསོལ་འདེབས་དེ་དབྱངས་དང་བཅས་ལན་གསུམ་གསོལ་བ་བཏབ་རྗེས་ལ༔ རིགས་ལྔའི་བུམ་པ་ནས༔ འཆི་མེད་ཀྱི་བདུད་རྩི་ན་ར་ར་བབ་ཅིང་བདག་གི་ལུས་དཀར་ལྟེམ་གྱིས་གང་བར་བསྒོམ༔ དེའི་དབང་དོན་སྒོམ་པ་ནི༔ འབྱུང་བ་ནམ་མཁའི་བཅུད་བསྡུས་པས་བདག་ལུས་སྐྱེ་འཆི་དང་༔ གཞིག་གཞོམ་གང་ཡང་མེད་དེ་རྡོ་རྗེའི་སྐུ་ཐོབ༔ ཆུའི་བཅུད་ཀྱིས་རྒྱུན་ཆད་མེད་ཅིང་ཚེ་རིང་བར་བྱས༔ མེའི་བཅུད་ཀྱིས་བཀྲག་མདངས་དང་ལྡན་པར་གྱུར༔ སའི་བཅུད་ཀྱིས་ཤ་རྒྱས་གཉེར་མ་མེད་ཅིང་སྲ་བ་དང་བརྟན་པར་གྱུར༔ རླུང་གི་བཅུད་ཀྱིས་ཡང་རྩལ་ཆེ་ཞིང་མི་འགྱུར་བར་གྱུར༔ དེ་ལྟར་འབྱུང་བ་ཕྱིའི་བཅུད་བསྡུས་པས་ནང་གི་འབྱུང་བ་སྟོབས་སུ་འགྱུར་ཞིང་སོ་སོར་གནས་པས༔ ལུས་ལ་ཚ་གྲང་འདུ་བའི་ནད་མི་འབྱུང་༔ ཚེའི་རིག་འཛིན་ཐོབ་པར་གྱུར་སྙམ་དུ་བསྒོམ་ཞིང་༔ དེ་ལྟར་འབྱུང་བའི་བཅུད་བསྡུས་དམིགས་པ་དེ་ཐམས་ཅད་བྱེད་ཅིང་སྔགས་ཁྲི་ཚོ་གཅིག་འགྲོ་བར་བྱས་ལ༔ ཡོང་སྤོག་ཆོག་གི་ཚུལ་དུ༔ ཀྱེ་མ་འགྲོ་


CMR008_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་ཐུགས་རྗེ་ཅན༔ ཞེས་སོགས་གསོལ་བ་ལན་གསུམ་བཏབ་པས༔ རྒྱལ་བ་རིགས་ལྔ་ཡབ་ཡུམ་སྦྱོར་བ་མཛད་པའི་སྦྱོར་མཚམས་ནས༔ འོད་ཟེར་སྐར་མདའ་ལྟ་བུ་འཕྲོས་པས༔ བདག་གི་བླ་ཚེ་ཡར་བའམ་གདོན་བགེགས་ཀྱིས་ཁྱེར་བ་ལ་སོགས་པ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་ལྟར་ཐམས་ཅད་བསྡུས་ནས་རང་གི་སྙིང་གའི་དྲི་ལ་ཐིམ་པས༔ སྦྱོར་མཚམས་ནས་བྱང་སེམས་ན་ར་ར་བབས་པས་བདག་གི་ལུས་གང་བར་བསམ༔ ཁྱད་པར་དུ་ལུས་ཀྱི་རྩ་འཁོར་ལོ་ལྔ་གོང་ལྟར་བསྒོམ༔ ཚེ་ཉམས་པ་སོར་ཆུད་པར་བསམ་ལ་སུམ་སྟོང་ཙམ་བཟླའོ༔ དེ་ཡང་ཚེ་བདག་རིགས་བཞི་ལུས་ཀྱི་ནང་དུ་བཞུགས་པར་སྒོམ་བདེ་ལ༔ གཙོ་བོ་པདྨ་ཚེ་དཔག་མེད་ཕྱི་ཡིན་པས་སྒོམ་མི་བདེ་ཞིང་གཅིག་ཡོད་པ་ལ་འབྱུང་བ་མེའི་བཅུད་བསྡུས་པའི་བདུད་རྩི་ཕྱག་གི་བུམ་པའི་མཆུ་དཀུ་ལ་བརྟེན་པ་ནས་ལྟེ་བའི་བུ་གར་ཞུགས་ཏེ་ལུས་གང་བར་བསྒོམ་པ་དང་༔ བྱང་སེམས་སྦྱོར་མཚམས་ནས་ཡུམ་གྱི་མཁའ་ལ་བབས་པས་ཡུམ་གྱི་བྱང་སེམས་དཀར་དམར་འདྲེས་ནས་ཡུམ་གྱི་བྷ་ག་ཁེངས་པ་ལས༔ སྦུ་གུ་རྒྱུད་ནས་འོ་མ་བཏུང་བ་ལྟར་རྡོ་རྗེའི་སྦུབས་


CMR008_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཡར་བྱང་སེམས་དྲངས་བས་སྐུ་ལུས་གང་བར་བསྒོམ་མོ༔ དེ་ལྟར་སྔགས་གྲངས་ཁྲི་སུམ་སྟོང་དེ་ཐུན་གཅིག་ཏུ་བྱས་ལ༔ ཐུན་མཚམས་སུ་སྒྲུབ་ཆེན་གཞུང་གི་ཚེ་འགུགས་དེ་སྦྱར༔ སྤྱི་བོའི་ཨོ་རྒྱན་ཚེ་དཔག་མེད་མར་བྱོན་ནས་སྙིང་གའི་བུདྡྷ་ཐོད་ཕྲེང་རྩལ་ལ་ཐིམ་པས་ཚེ་དཔག་མེད་ཀྱི་སྐུར་ལམ་གྱིས་གྱུར་ཏེ༔ དེའི་ཐུགས་ཀར་གསེར་གྱི་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་མཆོང་གི་བུམ་པའི་ནང་དུ་ཧཱུྃ་ལྗང་གུ་ཡང་གསལ་བཏབ༔ དེ་ནས་མདུན་བསྐྱེད་ནི་སྒྲུབ་པ་མ་ཚར་བར་བཞུགས་ལ༔ བདག་བསྐྱེད་གཞལ་ཡས་ཁང་འཁོར་ལ་བསྡུ་འཁོར་བདག་ལ་བསྡུ༔ བདག་ཀྱང་ཡས་མར་འོད་དུ་རིམ་པར་ཞུ་ནས་ཐུགས་ཀའི་ཚེ་དཔག་མེད་ལ་ཐིམ༔ དེ་ཡང་རྡོ་རྗེ་རྒྱ་གྲམ་ལ༔ དེ་ཡང་བུམ་པ་ལ༔ བུམ་པ་ཚིགས་ལ་ཐིམ༔ ཧཱུྃ་དེ་སྐད་ཅིག་གིས་རྡོ་རྗེ་རྩེ་ལྔ་པ་འགྱུར་མེད་དུ་ཁྲོང་ངེ་བ་ཞིག་ཏུ་ང་རྒྱལ་ཡུད་ཙམ་བཟུང་༔ དེ་ཡང་མི་དམིགས་སྟོང་ཉིད་ངང་དུ་དར་གཅིག་བཞག་གོ༔ བསྔོ་བ་སྨོན་ལམ་བྱ༔ དེ་ལྟར་ཐུན་བཞིའམ་གསུམ་མམ་ཐ་ན་གཉིས་བྱས་ཏེ༔ ལས་སྦྱོར་འདི་ལ་ཡུན་ནི༔ སྒྲུབ་པ་བདུན་གཉིས་ཡིན་ན་ལས་སྦྱོར་ཞག་གསུམ༔ སྒྲུབ་པ་བདུན་གསུམ་ཡིན་ན་


CMR008_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྦྱོར་འདི་ཞག་བདུན༔ སྒྲུབ་པ་ཟླ་གཅིག་ལ་འདི་ཞག་བཅུ་ཙམ༔ དེ་ཙམ་གྱི་མང་ཉུང་བྱའི་གཞུང་རང་ནས་ཡུན་རིང་མ་གསུངས་ཀྱང་འདི་ཟབ་པས་ཅུང་ཟད་མང་བར་བྱ་སྟེ༔ ལས་སྦྱོར་གཞན་དང་འདི་མི་འདྲ་སྟེ་འདི་སྒྲུབ་པའི་དངོས་གཞི་ལྟ་བུར་ཡོད་པས་སོ༔ འདི་རྩ་རླུང་བསྒོམ་པ་གཙོ་བོ་ཡིན་པས་བྱང་སེམས་འཕེལ་ཐབས་བཅུད་ལེན་བྱ་བ་དང་༔ འདི་ཚེ་བསྲིང་ཐབས་ཡིན་པས་སྲོག་སྐྱབས་ཚེ་ཐར༔ རྐྱེན་ངན་སེལ་ཕྱིར་བསྐང་གསོ་ཚ་ཚ་སོགས་སྐུ་རིམ་རྣམས་རྒྱབ་སྐྱོར་ཡོད་ན་བཟང་༔ གཞན་ནད་པ་སོགས་ལ་བཏབ་པ་དམིགས་རིམ་སྲུང་འཁོར་བསྒོམ་པ་གྲིབ་ཆེན་ལ་ངག་གཏམ་ཙམ་ཡང་མི་བྱེད་པ་དང་༔ ཟས་གྲིབ་ཆེན་འཛེམ་པ་སོགས་བསྒྲུབ་དུས་བྱུང་ན་གལ་ཆེ་ཞིང་རྟགས་མཚན་གསལ་ལོ༔ དེ་རྣམས་མ་འཕྲོད་ཀྱང་སླར་རྐྱེན་ངན་འོང་བའི་སྣ་འདྲེན་པ་ཁྲོ་བོའི་སྒྲུབ་པ་དམ་ཚིག་ལྟ་བུ་ནི་མ་ཡིན་ནོ༔ སྒྲུབ་པ་ཐོན་ནས་རྗེས་ཆོག་རྣམས་བྱའོ༔ རྒྱུན་དུ་བརྒྱ་རེ་ཡི་དམ་བྱ་བར་གསུངས་པས༔ དེའང་རབ་ནི་སྐུ་འབག་བཤམས་ལ་གཏོར་མ་དང་མཆོད་པ་ཅི་འབྱོར་བྱས་ལ༔ ལས་བྱང་གཉིས་གང་རུང་ཚར་རེ་བཏང་སྟེ༔ ལྷ་བསྐྱེད་ལས་སྦྱོར་དུས་


CMR008_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བྱས་ལ་བསྙེན་སྒྲུབ་ལས་གསུམ་དམིགས་པ་རིམ་པར་འཛབ་དགོངས་སྐབས་སུ་ཡིད་ཀྱིས་བསྒོམ་ཞིང་༔ སྟོང་ངམ་སུམ་བརྒྱ་ཙམ་རེ་བཟླས་ལ༔ དེ་ནས་གོང་ལྟར་དམིགས་མེད་དུ་བསྣུ༔ མདུན་བསྐྱེད་སྐུ་འབག་ལ་བསྟིམ༔ དེ་ལྟར་རྒྱུན་དུ་འཕྲོད་ན་རབ་བོ༔ གཏོར་མ་སོགས་མེད་ན་སྐུ་འབག་བཤམས་ལ༔ སྔོན་འགྲོ་བཞི་སྦྱོར་བྱས་ལ་མཁར་དྲུང་གིས་མཛད་པ་ལྟར་གཙོ་རྐྱང་བསྒོམ་ལ་ཅུང་ཟད་བསྙེན་སྒྲུབ་ལས་གསུམ་ཀ་ཐུན་རེ་བྱའོ༔ དེ་ནི་འབྲིང་ཡིན་ལ༔ ཐ་མ་སྐུ་འབག་མེད་ཀྱང་སྐད་ཅིག་དྲན་རྫོགས་སུ་བདག་མདུན་བསྒོམས་ནས༔ བསྙེན་སྒྲུབ་ལས་སྦྱོར་དམིགས་པ་སྐད་ཅིག་རེ་ལ་བསྒོམ་ལ་སྔགས་བརྒྱ་རྩ་ནི་མ་ཆག་པར་བྱ་བ་གལ་ཆེའོ༔ ལོངས་སྐུ་སྒྲུབ་པའི་འདོན་འགྲིགས་ཨ་རཱ་གས་བཀོད་པ་ལ་ཉེས་པ་གང་མཆིས་ལྷ་དང་སྲུང་མར་བཤགས་ཤིང་༔ དགེ་བས་ཆོས་མཛད་ཐམས་ཅད་སྐུ་ཚེ་རིང་བ་དང་༔ སེམས་ཅན་ཐམས་ཅད་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་གྱུར་ཅིག༔ མངྒ་ལཾ༔ ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

བླ་མ་སྐུ་གསུམ་སྒྲུབ་པའི་ཟིན་བྲིས་རིན་ཆེན་ཤོག་འདྲ་ལས༔ བླ་མ་སྤྲུལ་སྐུའི་ཟིན་བྲིས།


CMR008_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་སྐུ་གསུམ་སྒྲུབ་པའི་ཟིན་བྲིས་རིན་ཆེན་ཤོག་འདྲ་ལས༔ བླ་མ་སྤྲུལ་སྐུའི་ཟིན་བྲིས་བཞུགས་སོ༔


CMR008_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུམ་སྒྲུབ་པའི་ཟིན་བྲིས་རིན་ཆེན་ཤོག་འདྲ་ལས༔ བླ་མ་སྤྲུལ་སྐུར་སྒྲུབ་པའི་ཟིན་བྲིས་ནི༔ སྟ་གོན་གོང་ལྟར་ཚར་ནས༔ འདི་སྒྲུབ་ཆེན་གྱིས་ཁོག་ཕུབ་ནས༔ ཆོས་སྤྱོད་ལམ་རིམ་ཐམས་ཅད་ཁ་སབ་མི་དགོས༔ སྐྱབས་འགྲོ་སེམས་བསྐྱེད་ཆོས་སྤྱོད་ལམ་རིམ་ནང་གི་དེ་ད་ནངས་བྱ༔ དེ་ནས་ལས་བྱང་མང་ཉུང་གཉིས་འདོན་རེས་བྱེད་དམ༔ གཉིས་པོ་གང་རུང་ཞིག་བཏོན་ཀྱང་རུང་སྟེ༔ ཉུང་བ་ལ་མང་བའི་མངོན་རྟོགས་སབ་དུས༔ དེ་ཉིད་གནས་འགྱུར་དྲན་རྫོགས་སུ་ཟེར་བ་དེ་མི་བརྗོད༔ སྤྲུལ་སྐུ་གནས་མི་འགྱུར་བར་བཞུགས༔ དེ་ཡང་ཆོ་ག་ཚར་གཅིག་གིས་བདག་


CMR008_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་གཉིས་ཀ་དུས་གཅིག་བསྐྱེད༔ བསྐྱེད་ལུགས་ཀྱི་གནད་ལ་སྒྲུབ་ཆེན་འདི་མདུན་བསྐྱེད་གཙོ་ཆེ་བའི་ཕྱིར༔ མདུན་བསྐྱེད་ཀྱི་དཀྱིལ་འཁོར་རྡོ་རྗེའི་ར་བ་དེ་སྟོང་གསུམ་ལས་ཆེ་ཞིང་ཡངས་བ༔ འོག་རྡོ་རྗེའི་ས་གཞི༔ བར་རྡོ་རྗེའི་དྲ་བ་ར་བ༔ སྟེང་རྡོ་རྗེའི་གུར༔ དེ་རྒྱབ་འཁོར་ལོའི་གུར༔ དེ་རྒྱབ་རལ་གྲི༔ དེ་རྒྱབ་རྒྱ་གྲམ༔ དེ་རྒྱབ་ཕུར་པའི་གུར༔ དེའི་བར་མཚམས་ཐམས་ཅད་ཁྲོ་བོ་འཆོལ་པ་སྐུ་ཆུང་ལ་ཡན་ལག་རགས་པ༔ དེ་རྒྱབ་མེ་ཁ་དོག་ལྔ་སྟེང་འོག་བར་མཚམས་མེད་པ་སྒོ་ང་ལྟར་སྲུབ་མེད་པར་འབར་བར་བསྒོམ༔ དེའི་དབུས་སུ་འབྱུང་བ་རིམ་


CMR008_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས་སྟེང་དུ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་དབུས་སུ༔ མདུན་བསྐྱེད་ཀྱི་དཀྱིལ་འཁོར་བསྒོམས་ལ༔ མདུན་བསྐྱེད་ཀྱི་དལ་གྱི་ཤར་སྒོའི་དྲུང་དུ་དུར་ཁྲོད་པད་རིའི་ནང་དེར༔ བདག་བསྐྱེད་ཀྱི་དཀྱིལ་འཁོར་བསྒོམ་སྟེ༔ བདག་བསྐྱེད་ཀྱི་དལ་གྱི་མཐའ་རྡོ་རྗེའི་ར་བ་ནི་རྩིག་པའི་ལྕགས་རི་ལྟ་བུ༔ དེ་རྒྱབ་མེ་རི་དང་མེ་དཔུང་གི་ཕྲེང་བས་བསྐོར་བ་དཀར་སེར་དམར་ལྗང་བསྒྲིགས་པ་ལྟར་བསྒོམས་ནས༔ བདག་མདུན་གཙོ་བོའི་ལྷ་གཉིས་པོ་ཕན་ཚུན་དུ་གཟིགས་ཤིང་༔ རྡོ་ར་མེ་རིས་བར་མ་ཆོད་པ་ཞིག་བསྒོམ༔ ཐུགས་ཀར་བུདྡྷ་ཐོད་ཕྲེང་རྩལ་ཞེས་པ་ནས༔ རྟ་མགྲིན་གྱི་ཐུགས་ཀར་ཡིན༔ ཕྱོགས་བཞི་ཐོད་ཕྲེང་རྩལ་བཞི་ཡང་རྟ་མགྲིན་གྱི་ཕྱོགས་བཞིར་ཡིན་ནོ༔ ཕྱི་རོལ་བར་ཁྱམས་ཁོར་ཡུག་ལ་ཞེས་པ་ནི་ཤར་སྒོའི་བར་ཁྱམས་ལ་བདག་བསྐྱེད་ཀྱི་དཀྱིལ་འཁོར་ཡོད་པ་དེ་ལྟར༔ ཕྱོགས་གཞན་གསུམ་དང་མཚམས་དང་བཞིའི་བར་ཁྱམས་རྣམས་སུ༔ དྲག་པོ་རྟ་མགྲིན་གཤིན་རྗེ་གཤེད་བཀའ་བརྒྱད་ཐུགས་རྗེ་ཆེན་པོ་སོགས་རང་གི་ཡི་དམ་རྒྱུན་དུ་གཏོར་མ་བསྔོ་བ་རྣམས་ཡིན༔ མ་ནིང་མཁའ་རི་སོགས་བཀའ་སྲུང་རྣམས་ཀྱང་བསྒོམ་མོ༔ དེ་ལྟར་གཞན་ཐམས་ཅད་མོས་པ་ཙམ་དུ་བསྒོམ་ལ་


CMR008_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

རང་རྟ་མགྲིན་དང་མདུན་བསྐྱེད་རྟ་མགྲིན་གཉིས་ཀའི་སྤྱི་བོར་སྤྲུལ་སྐུ་རེ་ཡོད་མོད་ཀྱང་༔ མདུན་བསྐྱེད་གཙོ་ཆེ་བས་མདུན་བསྐྱེད་ཀྱི་དབུ་གཙུག་གི་སྤྲུལ་སྐུ་དང་སྐུ་འབག་དབྱེར་མེད་ལ་དམིགས་པ་གཏད་ལ༔ བདག་རྟ་མགྲིན་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་དཀར་དམར་ལྕགས་ཀྱུ་ལྟ་བུར་འཕྲོས་ནས་ལྷོ་ནུབ་རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་ནས་གུ་རུ་པདྨའི་ཐུགས་དམ་གྱི་རྒྱུད་བསྐུལ་བླ་མ་སྤྲུལ་སྐུའི་ཆ་ལུགས་འཁོར་རིག་འཛིན་དྷ་ཀི་རྣམས་དང་བཅས་པ་བྱོན་ནས༔ བདག་མདུན་གྱི་ལྷ་སོ་སོ་ལ་སོ་སོར་ཐིམ་ཞིང་༔ ཁྱད་པར་སྐུ་འབག་དང་དབྱེར་མེད་པའི་སྤྲུལ་སྐུ་ལ་ཐིམ་པར་བསྒོམས་ལ༔ ལས་བྱང་གི་སྤྱན་འདྲེན་རོལ་མོ་དང་བཅས་ཏེ་བྱའོ༔ གཞན་ཐམས་ཅད་ལས་བྱང་ལྟར་ལས༔ ཕྱག་འཚལ་བ་དང་མཆོད་པ་དང་བསྟོད་པ་དུས་རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་གྲངས་མེད་པ་སྤྲོས་ལ༔ དེ་རྣམས་ཀྱིས་ཕྱག་འཚལ་བ་དང་མཆོད་པ་ཕུལ་བ་དང་བསྟོད་པ་བྱེད་པར་བསྒོམས་ལ་དངོས་སུ་རང་གིས་འདོན་ནོ༔ སྨན་གཏོར་གཉིས་བདུད་རྩིའི་རྒྱ་མཚོ༔ རཀྟ་ཁྲག་གི་རྒྱ་མཚོ་ལས་མཆོད་པའི་ལྷ་མོ་རྣམས་ཀྱིས་བྷནས་བཅུས་ཏེ་དཀྱིལ་འཁོར་གྱི་ལྷ་སོ་སོ་ལ་སོ་སོར་དྲངས་པར་བསྒོམ་


CMR008_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

མོ༔ མཆོད་བསྟོད་ཚར་ནས་སྤྲུལ་པའི་མཆོད་ལྷ་རྣམས་རང་གི་ཐུགས་ཀར་བསྡུའོ༔ གཟུགས་སྒྲ་དྲི་རོ་རེག་བྱའི་ལྷ་མོ་རྣམས་ལྷ་སོ་སོའི་དབང་པོ་ལྔ་ལ་ཐིམ་པས་ཚིམ༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རིག་མ་རྣམས་ལྷ་སོ་སོའི་ཡུམ་ལ་ཐིམ་པས་ཟག་མེད་ཀྱི་བདེ་བས་ཐུགས་དགྱེས་པར་བསྒོམ་ཡང་ལེགས༔ སྨན་རཀ་གཏོར་གསུམ་གྱི་ལྷ་མོ་རྣམས་རང་རང་གི་རླངས་པ་ལས་སྤྲོས་ཀྱང་རུང་ལ༔ རླངས་པ་ལས་སྤྲོས་ན་རང་ལ་མི་བསྡུའོ༔ ལས་བྱང་མང་བ་འདོན་ན་འཛབ་དགོངས་མན་ཆད་སྐྱུར༔ ཉུང་བ་ལ་སྨོན་ལམ་མན་ཆད་སྐྱུར༔ དེ་ཡང་ལས་བྱང་དུས་བཞིར་གཏོང་ངོ་༔ དེ་ནས་འཛབ་དགོངས་དམིགས་པ་ནི༔ མདུན་གྱི་དཀྱིལ་འཁོར་གྱི་དབུས་སུ་རྟ་ཕག་ཡབ་ཡུམ་གྱི་སྤྱི་བོར་སྐུ་འབག་དང་དབྱེར་མེད་པའི་ཨོ་རྒྱན་པདྨ་སྤྲུལ་སྐུའི་ཆ་ལུགས་ཅན་ཆོས་གོས་གསུམ་དང་ལྡན་པ་ཟ་འོག་གི་བེར་ཆེན་གསོལ་བ༔ སྟག་ལྤགས་ཀྱི་གོང་ལག༔ མུ་ཏིག་གི་ཆུན་འཕྱང་༔ ནོར་བུའི་མགུལ་རྒྱུན༔ གསེར་གྱི་སྙན་ཆ༔ ཤ་བའི་སྙན་ཞུ་ལ་རྩེ་རྒྱལ་དང་དར་སྣ་མེ་ལོང་གསེར་གྱི་ཉི་ཟླས་བརྒྱན་པ༔ ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་གཡོན་བྷནྡྷ་འམ་དྲིལ་བུ་བསྣམས་པ་ཁ་ཊཾ་ཐོད་མཁར་མཆན་དུ་


CMR008_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག་པ༔ པད་སྡོང་དང་ཉི་ཟླའི་གདན་ལ་བཞུགས་པ༔ དཀར་དམར་འཛུམ་པའི་མདངས་དང་ལྡན་པ༔ གུ་རུ་དངོས་སུ་གསལ་བའི་དཔྲལ་བར་ཨོཾ་སོགས་ནས་ཡིད་ཀྱིས་བཟླས་སོ་ཞེས་པའི་བར་སྒྲུབ་གཞུང་ལྟར་བྱ་སྟེ༔ དམིགས་པ་དེ་དག་འདོན་མི་དགོས་བསྒོམས་པས་ཆོག༔ བསྙེན་པ་བྱ་ཞིང་དམིགས་པ་ཅི་ཟིན་བྱའོ༔ དེ་ཡང་རླུང་བཟུང་བའི་ཐོག་མར་སྣ་བུག་གཡས་བཀག་གཡོན་ནས་གསུམ༔ གཡོན་བཀག་གཡས་ནས་གསུམ༔ སྣ་བུག་གཉིས་ཀ་ནས་གསུམ་སྟེ་དང་པོ་དལ་བུས༔ དེ་ནས་ཤུགས་དྲག་པོས་ལྷག་མ་མ་ལུས་པར་རླུང་རོ་བུས༔ དེ་ནས་རླུང་འབྱིན་འཇུག་གནས་གསུམ་དང་དམིགས་པ་སྤྱད་དེ༔ རླུང་དལ་ལ་རིང་བར་རྔུབ་པའི་ཚེ༔ མདུན་བསྐྱེད་སྤྲུལ་སྐུ་གུ་རུའི་དཔྲལ་བའི་ཨོ་ལས་འོད་ཟེར་དཀར་པོ་སྐུའི་རང་བཞིན་གྲངས་མེད་པ་བྱུང་ནས་རང་གི་དཔྲལ་བར་ཐིམ་པས༔ ལུས་འཆི་མེད་བདུད་རྩིས་གང་སྟེ་འཆི་མེད་ཚེའི་རང་བཞིན་སྐུའི་དངོས་གྲུབ་ཐོབ་པར་བསྒོམ༔ རླུང་མཆིལ་མ་མིད་པ་དང་མཉམ་དུ་ལྟེ་འོག་ཏུ་གཅུན༔ སྟེང་རླུང་མནན་ནས་གསུས་པ་བརྒྱང་༔ འོག་སྒོ་བསྡམས་ལ་ཅུང་ཟད་འཐེན༔ ཡང་ན་འོག་སྒོའི་ཞབས་སུ་ཕྱིང་པའམ་གོས་དུམ་


CMR008_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

རྡོག་རྡོག་བཞག་པས་འོག་རླུང་རང་ཤུགས་ཀྱིས་ཟིན༔ རླུང་བཟུང་ཚེ་ལྕེ་མཆུ་སྦྱར་ནས་བསྡམས་ཏེ་ཡིད་ཀྱིས་བཛྲ་གུ་རུ་ཅི་ནུས་ཕྲེང་བ་བཅད་ཅིང་བཟླས༔ རླུང་མི་ཐུབ་སྙམ་ཙ་ན་རྔུབ་ཆུང་བྱས་ལ་ཡང་མནན༔ དེ་འདྲ་བ་ལན་གཉིས་གསུམ་བྱེད་ནས་མ་ཐུབ་ན་རང་གི་ཉམས་ཆག་སྡིག་པ་དང་སྒྲིབ་པ་ཐམས་ཅད་དུ་བ་རླུང་གིས་དེད་པ་ལྟར་རླུང་དང་མཉམ་དུ་ཕྱིར་ཐོན་པས་སངས་ཀྱིས་དག༔ ལུས་ཀྱི་ནང་ཐམས་ཅད་སྟོང་སང་ངེ་སོང་བར་བསྒོམ༔ རླུང་དང་པོ་དལ་གྱིས་ཕྱིས་ནས་ཤུགས་དང་བཅས་པས་ལྷག་མ་མ་ལུས་པ་སངས་ཀྱིས་བུས་དེས་རིགས་འགྲེས་ཏེ༔ ཨཱ་ཧཱུྃ་ཧིསོགས་དམིགས་སྐོར་ལྔ་ཀ་ལ་དེ་ལྟར་བྱའོ༔ དེ་ཡང་རང་རྟ་མགྲིན་གྱི་སྐུ་ཕྱི་དར་དམར་གྱི་གུར་ཕུབ་པ་ལྟ་བུ་ལ་ནང་སྟོང་པ་ཕུ་མ་ཕུས་བཏབ་པ་ལྟ་བུར་ཐུགས་ཀར་བུདྡྷ་ཐོད་ཕྲེང་རྩལ་སྣང་ལ་རང་བཞིན་མེད་པར་བཞུགས་པ་རང་གི་ལུས་ཀྱིས་གར་ཁྱབ་ཐམས་ཅད་རྩ་དབུ་མའི་རང་བཞིན་གྱིས་ཁྱབ་ནས་ཡོད་པར་སྒོམ་པ་གལ་ཆེའོ༔ སྤྲུལ་སྐུར་སྒྲུབ་པ་འདི་ཕྱི་སྒྲུབ་དང་བསྐྱེད་པ་མ་ཧཱ་ཡོ་ག་ལྟར་སྒྲུབ་པ་ཡིན་པས༔ ཕྱི་སྣོད་ཀྱི་འཇིག་རྟེན༔ ནང་རྡུལ་ཚོན་གྱི་དཀྱིལ་འཁོར༔ གསང་བ་ཡིད་ཀྱིས་བསྒོམ་པའི་དཀྱིལ་འཁོར༔ གཞན་རྔ་ཡབ་པདྨ་འོད་


CMR008_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཞལ་ཡས་རྣམས་དབྱེར་མེད་དང་༔ རྒྱལ་བ་ཐམས་ཅོད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ངོ་བོ་ཐོད་ཕྲེང་རྩལ་རིགས་ལྔ༔ རྣམ་ཐར་བརྒྱད་ཀྱི་ངོ་བོ་མཚན་བརྒྱད༔ སྟོང་ཉིད་བཅུ་དྲུག་གི་ངོ་བོ་གིང་ཡབ་ཡུམ་བཅུ་དྲུག༔ ཚད་མེད་བཞིའི་ངོ་བོ་སྒོ་མ་བཞི༔ ཐབས་ཤེས་ཀྱི་ངོ་བོ་རྟ་ཕག་གཉིས༔ དེ་ཐམས་ཅད་ཀུན་འདུས་བླ་མ་སྤྲུལ་སྐུ༔ ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཁ་དོག་ལྔའི་དབྱེ་བས་ཕོ་ཐམས་ཅད་ཐོད་ཕྲེང་རྩལ་རིགས་ལྔ༔ མོ་ཐམས་ཅད་ཊཱཀི་ལྔ་ཡེ་ངོ་བོར་ཡེ་ནས་རྣམ་པར་དག་པའོ་སྙམ་དུ་གོ་བ་བསྐྱེད་པར་བྱའོ༔ དེའི་དོན་དབང་རྒྱས་པའི་མཇུག་ནས་དོན་ལ་ཕྱི་ནང་སྣོད་བཅུད་ཐམས་ཅད་ཡི་དམ་ལྷའི་ངོ་བོར་མ་གྱུར་པ་མེད་གསུངས་པའི་དོན་ཏེ་དེ་ལྟར་ཡེ་ནས་ཡིན་པ་ལ་ཡིན་པར་ངོ་ཤེས་པར་བྱས་ལ༔ སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དང་༔ བཅུད་ཀྱི་སེམས་ཅན་དཀྱིལ་འཁོར་གྱི་ལྷ་ཚོགས་སུ་གསལ་འདེབས་པར་བྱའོ༔ བསྙེན་པ་འདི་དག་དམིགས་པ་གསལ་བས་བདུན་གསུམ་ཙམ་བྱའོ༔ ཐ་མ་ནི་ཞག་གྲངས་བདུན་དང་སྔགས་གྲངས་འབུམ་ཕྲག་གཅིག་གིས་ཀྱང་ཆོག་གོ༔ ཚོགས་རྒྱུན་དུ་ཡོད་ན་རབ༔ མེད་ན་བསྙེན་སྒྲུབ་མཚམས་འདིར་གཅིག་


CMR008_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ༔ ནུབ་ཉལ་ཁ་མདུན་བསྐྱེད་དེ་བཞུགས་བཅུག་ལ༔ བདག་བསྐྱེད་གཞལ་ཡས་ཁང་བཞག་ལ་འཁོར་གྱི་ལྷ་ཐམས་ཅད་རང་ལ་ཐིམ༔ རང་གི་ཐིག་ལེ་སྲན་མ་ཙམ་དེ་ཡང་མི་དམིགས་པ་སྟོང་ཉིད་ངང་ལ་ཉལ༔ ཕྱིར་ནངས་སྐྱབས་སེམས་སོགས་སྔར་ལྟར་བྱའོ༔ ༈ དེ་ནས་སྒྲུབ་པའི་འདོན་ལུགས་ནི༔ ད་ནངས་སྐྱབས་འགྲོ་སེམས་བསྐྱེད་གཞུང་ལྟར་བྱ༔ སེམས་བསྐྱེད་མཇུག་ཏུ་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ཞེས་སོགས་ཚད་མེད་བཞི་སྤྱི་ལྟར་བསྒོམ༔ དེ་ནས་ལས་བྱང་གཉིས་ལས་གང་རུང་ལྷ་བསྐྱེད་བར་འདོན༔ ཕོ་བྲང་གཞལ་ཡས་དཀྱིལ་འཁོར་དབུས་ཞེས་པ་ལ༔ ཕྱི་ནང་དག་པ་ཡེ་ཤེས་འོད་ལྔའི་དཀྱིལ༔ པདྨའི་སྡོང་པོ་འདབ་མ་དམར་པོ་སྟོང་ལྡན་གྱི་སྟེང་དུ༔ པདྨའི་ཕྲེང་བ་ཉི་མ་ཟླ་བའི་སྟེང་དུ་ཧྲཱིཿདམར་པོ་ལས་འོད་ཟེར་འཕྲོས་པས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་སྡིག་སྒྲིབ་སྦྱང་ཚུར་འདུས་ཡོངས་སུ་གྱུར་པ་ལས༔ བདག་ཉིད་དབང་ཆེན་ཡབ་ཡུམ་སྐུ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ དབུ་གཙུག་རྟ་ཞལ་ཕག་གདོང་མཚན༔ གཡས་གཡོན་གྲི་གུག་ཐོད་ཁྲག་བསྣམས༔ ཞབ་གཉིས་བརྐྱང་བསྐུམ་འཁྲིལ་སྦྱོར་ཚུལ༔ དུར་ཁྲོད་


CMR008_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཆས་བརྒྱད་མེ་ཀློང་བཞུགས༔ བདག་ཉིད་རྟ་མགྲིན་ཡབ་ཡུམ་དུ་བསྐྱེད་པའི་སྤྱི་གཙུག་ཉི་ཟླ་པདྨའི་སྟེང་དུ༔ ཨོ་རྒྱན་པདྨ་པཎྜི་ཏ་སྤྲུལ་སྐུའི་ཆ་ལུགས་ཆོས་གོས་གསུམ་དང་ལྡན་པ༔ ཟ་འོག་གི་བེར་ཆེན་གསོལ་པ༔ སྟག་ལྤགས་ཀྱི་གོང་ལག༔ མུ་ཏིག་གི་ཆུན་འཕྱང་༔ ནོར་བུའི་མགུལ་རྒྱན༔ གསེར་གྱི་སྙན་མ༔ ཤ་བའི་སྙན་ཞུ་རྩེ་རྒྱལ༔ དར་སྣ་མེ་ལོང་གསེར་གྱི་ཉི་ཟླས་བརྒྱན་པ༔ ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ༔ གཡོན་བྷནྡྷའམ་དྲིལ་བུ་བསྣམས་པ༔ ཁ་ཊཾ་ཐོད་མཁར་མཆན་ཁུང་དུ་བཅུག་པ༔ པད་སྡོང་ཉི་ཟླའི་གདན་ལ་བཞུགས་པ༔ དཀར་དམར་འཛུམ་པའི་མདངས་དང་ལྡན་པ༔ རང་གི་རྩ་བའི་བླ་མ་དང་དབྱེར་མེད་པ་དེ་ལ་བཀའ་བརྒྱུད་རྒྱལ་བ་རྒྱ་མཚོ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས་བསྐོར་བའོ༔ ཕྱོགས་བཞིའི་པདྨ་འདབ་བཞིའི་སྟེང་༔ ཞེས་སོགས་ནས་ཕྲིན་ལས་སྒྲུབ་ཅིང་བར་ཆད་སེལ༔ ཞེས་པའི་བར་གཞུང་ལྟར༔ དེ་ནས་ལས་བྱང་འདོན་ལུགས་གོང་དང་འདྲ༔ ཡེ་ཤེས་སྤྱན་འདྲེན་དམིགས་པ་ཡང་བསྙེན་དུས་གོང་དང་འདྲ༔ དེ་ནས་བསྒྲུབ་པའི་དམིགས་པ་ནི༔ རང་གི་སྤྱི་བོའི་བླ་མ་སྤྲུལ་སྐུ་ལ་དད་འདུན་རྩེ་


CMR008_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པས༔ རྗེ་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས་སོ༔ ཞེས་སོགས་སྒྲུབ་གཞུང་གི་གསོལ་འདེབས་ཚར་གསུམ་མམ་ལྔ་བདུན་སོགས་རྒྱང་འབོད་ཀྱི་ཚུལ་དུ་བྱ༔ དེ་ནས་རང་གི་སྤྱི་བོར་གུ་རུ་སྤྲུལ་པའི་སྐུ་དངོས་སུ་གསལ་བའི་དཔྲལ་བར་ཟླ་བའི་སྟེང་དུ་ཨོཾ་དཀར་པོ་སྐུའི་རང་བཞིན༔ མགྲིན་པར་པདྨའི་དཀྱིལ་འཁོར་དུ་གསུང་གི་རང་བཞིན་ཨཱདམར་པོ༔ ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཐུགས་ཀྱི་རང་བཞིན་ཧཱུྃ་མཐིང་ག༔ ལྟེ་བར་བསྐྱེད་བྱེད་རྩ་ཡི་འཁོར་ལོའི་དབུས་སུ་ཧྲཱིཿལྗང་གུ༔ ཕྲིན་ལས་བཞི་ཡོངས་སུ་རྫོགས་པའི་ངོ་བོར་བསམ༔ གུ་རུའི་དཔྲལ་བའི་ཨོ་ལས༔ ཨོ་དཀར་པོ་སྐུའི་རང་བཞིན་དཔག་ཏུ་མེད་པ་བྱུང་ནས༔ རང་གི་དཔྲལ་བར་ཐིམ་པས༔ བླ་མའི་སྐུའི་བྱིན་རླབས་ཞུགས༔ བུམ་པའི་དབང་ཐོབ༔ ལུས་ཀྱི་སྡིག་སྒྲིབ་དག་ནས་རྡོ་རྗེ་ཚེའི་དངོས་གྲུབ་ཐོབ༔ གུ་རུའི་མགྲིན་པའི་ཨཱ༔ལས་ཨཱ༔དམར་པོ་གསུང་གི་རང་བཞིན་དཔག་ཏུ་མེད་པ་བྱུང་༔ རང་གི་མགྲིན་པར་ཐིམ་བྱང་སེམས་དཀར་དམར་གྱི་རང་བཞིན་གྱིས་རྩ་ཁམས་ཐམས་ཅད་གང་བླ་མའི་གསུང་གི་བྱིན་རླབས་ཞུགས་གསང་བའི་དབང་ཐོབ་ངག་གི་སྒྲིབ་པ་དག་ནས་རྡོ་རྗེའི་གསུང་གི་དངོས་


CMR008_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཐོབ༔ གུ་རུའི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་མཐིང་ཀ་གྲངས་མེད་པ་བྱུང་ནས་རང་གི་སྙིང་གར་ཐིམ༔ སྤྲོས་བྲལ་གྱི་རྟོགས་པ་ཤར་ཏེ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་ཡིད་སྒྲིབ་དག་ནས་རྡོ་རྗེའི་ཐུགས་ཀྱི་དངོས་གྲུབ་ཐོབ༔ བླ་མའི་ལྟེ་བར་ཧྲཱིཿལས་ཧྲཱིཿལྗང་གུ་གྲངས་མེད་པ་བྱུང་ཞིང་༔ རང་གི་ལྟེ་བར་ཐིམ་པས་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་བྱིན་རླབས་ཐོབ༔ ཚིག་དབང་རིན་པོ་ཆེ་ཐོབ༔ ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་ནས་སྐུ་གསུང་ཐུགས་དབྱེར་མེད་རྡོ་རྗེའི་དངོས་གྲུབ་ཐོབ༔ གུ་རུའི་ཕྱག་ཞབས་བཞིའི་ཡིག་འབྲུ་བརྒྱད་ལས་འོད་ཟེར་དཔག་ཏུ་མེད་པ་བྱུང་༔ རང་གི་ཡན་ལག་བཞི་ལ་ཐིམ་པས་མཆོག་ཐུན་མོང་ཕྲིན་ལས་རྣམ་བཞིའི་དངོས་གྲུབ་ཐོབ་རིག་པའི་རྩལ་དབང་ཐོབ༔ མདོར་ན་བྱིན་རླབས་དང་དངོས་གྲུབ་ཀྱི་དབྱིག་ཆེན་པོ་ཐོབ༔ དམིགས་པ་དེ་དག་ངག་ཏུ་བརྗོད་མི་དགོས་ཏེ༔ དང་པོ་གསོལ་འདེབས་ཚར་གཅིག་གིས་བསྙེན་གསན་ཕབ་ནས་གསོལ་འདེབས་གཉིས་གསུམ་རྗེས་མ་རྣམས་བྱེད་ཚེ་དམིགས་པ་དེ་དག་བྱེད་རྒྱུ་ཡིན་ཏེ༔ གསོལ་འདེབས་ཀྱི་ཚིག་ལ་ཡང་དམིགས་པ་དེ་དག་དོན་ལ་ཡང་ཚང་བར་ཡོད་དོ༔ དེ་ནས་


CMR008_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གཞི་སྒྲུབ་པའི་དམིགས་པ་དངོས་འདི་འཛབ་དགོངས་སོགས་ལ་ལྟོས་མ་དགོས་པར་ཅུང་ཟད་གབ་སྦས་སུ་ཡོད་པས་སྒྲུབ་གཞུང་དུ་མི་གསལ་བས༔ རྗེ་མཁར་དྲུང་པས་ཀྱང་གསལ་བར་མཛད་མོད་ཀྱིས༔ དེ་ལ་སྒྲུབ་པའི་དམིགས་པ་དངོས་འདི་བུམ་སྒྲུབ་ཡིན་པས་བུམ་པ་གཙོ་ཆེ༔ དེ་ལ་སྤྱིར་བུམ་པ་ཤར་སྒོའི་འགྲམ་དུ་བཞག་པའི་རིགས་ཐམས་ཅད་མདུན་བསྐྱེད་དང་བུམ་བསྐྱེད་སོ་སོར་བསྒོམ་པ་ཡིན༔ དེ་ནས་བྱ་སྤྱོད་ཀྱི་རྒྱུད་ཕལ་ཆེར་ལ་བུམ་ལྷ་མི་བསྒོམ་པར་མདུན་བསྐྱེད་ཀྱི་སྐུའམ༔ ཕྱག་ནས་བདུད་རྩི་བབས་པས་བུམ་པ་གང་བར་བསྒོམ་པ་དང་༔ བུམ་པའི་ནང་དུ་ས་བོན་སྔགས་ཕྲེང་འཁོར་བ་ལས་བདུད་རྩི་བྱུང་ནས་བུམ་པ་གང་བར་བསྒོམས་པའི་ལུགས་མང་ན་ཡང་རྙིང་མའི་ཚེ་སྒྲུབ་རིགས་འགའ་རེ་ལ་མདུན་བསྐྱེད་ཀྱི་དཀྱིལ་འཁོར་དབུས་ཀྱི་བུམ་པར་ཚེ་བཅུད་བསྡུ་བ་ཡང་ཡོད་དེ༔ རྙིང་མའི་ལུགས་དཀྱིལ་འཁོར་གྱི་དབུས་སུ་བུམ་པ་བཞག་ནས་མདུན་བསྐྱེད་དབྱེར་མེད་བསྒོམ་པ་ཡིན༔ དེ་ལ་འདིའི་བསྙེན་པ་ཚེ་མདུན་བསྐྱེད་དེ་གཙོ་ཆེ་བས་བུམ་པ་མི་དམིགས་པ་རྟ་མགྲིན་དང་དབྱེར་མེད༔ སྐུ་འབག་སྤྲུལ་སྐུར་བསྒོམ་པ་ཡིན་ལ༔ སྒྲུབ་པ་དངོས་གཞིའི་སྐབས་འདིར་བུམ་བསྐྱེད་གཙོ་


CMR008_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཡིན་བུམ་པ་དང་མདུན་བསྐྱེད་གཞལ་ཡས་ཁང་དབྱེར་མེད་པའི་ནང་དུ་དངོས་གྲུབ་ཀྱི་རྒྱ་མཚོ་འཁྱིལ་བའི་དབུས༔ པདྨའི་སྡོང་པོ་ཆེན་པོ་འདབ་མ་སྟོང་ལྡན་གྱི་སྟེང་དུ་ཕྱི་འདབ་མ་བཅུ་དྲུག་ལ་གིང་བཅུ་དྲུག༔ དེ་སྟེང་འདབ་མ་བརྒྱད་ལ་མཚན་བརྒྱད༔ དེ་སྟེང་འདབ་མ་བཞི་ལ་ཐོད་ཕྲེང་རྩལ་རིགས་བཞི༔ པདྨའི་ལྟེ་བར་རྟ་མགྲིན་ཡབ་ཡུམ་ཐུགས་ཀར་བུདྡྷ་ཐོད་ཕྲེང་རྩལ༔ དབུ་གཙུག་བླ་མ་སྤྲུལ་སྐུ་སྟེ་སྒྲུབ་པའི་སྐབས་སུ་ལྷ་བསྐྱེད་དུས་ནས་དེ་ལྟར་བསྒོམས་ལ༔ གསོལ་འདེབས་དབང་བཞི་བླངས་ཚར་ནས༔ རང་དང་མདུན་བསྐྱེད་རྟ་མགྲིན་གཉིས་ཀའི་དབུ་གཙུག་ནས་བླ་མ་སྤྲུལ་སྐུ་དེ་མར་ཚངས་བུག་གི་ལམ་ནས་བྱོན་པས་སྙིང་གར་རང་བུདྡྷ་ཐོད་ཕྲེང་རྩལ་དང་དབྱེར་མེད་དུ་འདྲེས་ནས༔ སྙིང་པདྨ་འདབ་བརྒྱད་ཁ་ཅུང་ཟད་བྱེ་བའི་དབུས་སུ་བླ་མ་གསང་འདུས་རྡོ་རྗེ་འཆང་ཡབ་ཡུམ་གྱི་སྐུར་ལམ་གྱིས་གྱུར་པར་བསྒོམ༔ དེ་ལྟར་བདག་མདུན་གཉིས་ཀ་རྟ་མགྲིན་དུ་གསལ་བའི་ཐུགས་ཀར་བུདྡྷ་ཐོད་ཕྲེང་རྩལ་ལ་བླ་མ་གསང་འདུས་ཡབ་ཡུམ་གསལ་བར་བསྒོམ་པའི་གསང་འདུས་རྡོ་རྗེ་འཆང་གི་དཔྲལ་བར་ཟླ་བའི་སྟེང་དུ་ཨོ་དཀར་པོ་སྐུའི་རང་བཞིན༔ མགྲིན་པར་པདྨ་དམར་པོའི་དཀྱིལ་དུ་


CMR008_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་གི་རང་བཞིན་ཨཱདམར་པོ༔ ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཐུགས་ཀྱི་རང་བཞིན་ཧཱུྃ་མཐིང་ག༔ ལྟེ་བར་བསྐྱེད་བྱེད་རྩའི་འཁོར་ལོའི་དཀྱིལ་དུ་ཧིལྗང་གུ་ཕྲིན་ལས་ཡོངས་སུ་རྫོགས་པའི་ངོ་བོར་བསམ༔ ཕྱག་ཞབས་བཞི་ལ་ཧ་རི་ནི་ས་ར་ཙ་ཧྲཱིཿ་ཡ་བཞི་པོ་གཉིས་གཉིས་བསམ་མོ༔ དེ་ནས་རང་རྟ་མགྲིན་གྱི་ཐུགས་ཀ་ནས་རང་དང་དབྱེར་མེད་པའི་བླ་མ་གསང་འདུས་ཀྱི་དཔྲལ་བའི་ཨོ་ལས་ཨོཾ་དཀར་པོ་གྲངས་མེད་པ་སྐུ་ཡི་རང་བཞིན་དཔག་ཏུ་མེད་པ་འཕྲོས་ནས༔ མདུན་གྱི་གསང་འདུས་ཀྱི་དཔྲལ་བར་ཐིམ་པས༔་མདུན་གྱི་གསང་འདུས་ཀྱི་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཡི་དམ་མཁའ་འགྲོ་ཐམས་ཅད་མཆོད༔ དེ་ཐམས་ཅད་ཀྱི་སྐུ་ཡི་དངོས་གྲུབ་ཨོཾ་ཡིག་དཀར་པོ་གྲངས་མེད་པའི་རྣམ་པར་སྤྱན་དྲངས་ནས་མདུན་གྱི་གསང་འདུས་ཀྱི་དཔྲལ་བའི་ཨོ་ལ་ཐིམ་པས་སྐུ་ལས་བདུད་རྩིས་རྒྱུན་བབས་པས་བུམ་པ་སྐུའི་དངོས་གྲུབ་ཀྱི་རྒྱ་མཚོས་གང་༔ སངས་རྒྱས་ཐམས་ཅད་ཀྱི་སྐུའི་དངོས་གྲུབ་ཀྱི་བཅུད་དྭངས་མ་ཐམས་ཅད་བསྡུས༔ མདུན་གྱི་གསང་འདུས་ཀྱི་དཔྲལ་བའི་ཨོ་ལས་ཨོཾ་དཀར་པོ་སྐུའི་རང་བཞིན་དཔག་ཏུ་མེད་པ་


CMR008_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ནས་རང་རྟ་མགྲིན་གྱི་ཐུགས་ཀའི་རང་དང་གསང་འདུས་དབྱེར་མེད་པའི་དཔྲལ་བར་ཐིམ་པས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི་སྐུའི་བྱིན་རླབས་ཐོབ༔ དེ་བཞིན་དུ་རང་བླ་མ་གསང་འདུས་ཡབ་ཡུམ་གྱི་མགྲིན་པའི་ཨཱཿདམར་པོ་ལས་འོད་ཟེར་དམར་པོ་ཨཱཡི་རང་བཞིན་གྲངས་མེད་པ་འཕྲོས་ནས་མདུན་གྱི་གསང་འདུས་ཀྱི་མགྲིན་པར་ཐིམ་པས༔ མདུན་བསྐྱེད་ཀྱི་གསང་འདུས་ཀྱི་མགྲིན་པའི་ཨཱལས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་འཕྲོས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་མཆོད༔ དེ་ཐམས་ཅད་ཀྱི་གསུང་གི་དངོས་གྲུབ་ཨཱདམར་པོ་གྲངས་མེད་པ་འཕྲོས་མདུན་བསྐྱེད་གསང་འདུས་ཀྱི་མགྲིན་པའི་ཨཱལ་ཐིམ་པས༔ སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གསུང་གི་དངོས་གྲུབ་ཀྱི་རྒྱ་མཚོས་གང་༔ སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དངོས་གྲུབ་ཀྱི་བཅུད་དྭངས་མ་ཐམས་ཅད་བསྡུས༔ མདུན་གྱི་གསང་འདུས་ཀྱི་མགྲིན་པའི་ཨཱ༔ལས་དམར་པོ་གསུང་གི་རང་བཞིན་དཔག་ཏུ་མེད་པར་བྱུང་ནས་རང་རྟ་མགྲིན་གྱི་ཐུགས་ཀའི་རང་དང་དབྱེར་མེད་གསང་འདུས་ཀྱི་མགྲིན་པར་ཐིམ་པས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་ཐོབ༔


CMR008_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རྟ་མགྲིན་གྱི་སྙིང་ག་ནས་རང་དང་དབྱེར་མེད་པའི་བླ་མ་གསང་འདུས་ཀྱི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་མཐིང་ཀ་གྲངས་མེད་པ་ཐུགས་ཀྱི་རང་བཞིན་དཔག་ཏུ་མེད་པ་བྱུང་ནས་མདུན་བསྐྱེད་ཀྱི་གསང་འདུས་ཀྱི་ཐུགས་ཀར་ཐིམ་པས༔ མདུན་གྱི་གསང་འདུས་ཀྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་མཐིང་ཀ་དཔག་ཏུ་མེད་པ་འཕྲོས༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་མཆོད་དེ་ཐམས་ཅད་ཀྱི་ཐུགས་ཀྱི་དངོས་གྲུབ་ཧཱུྃ་ཡིག་མཐིང་ག་གྲངས་མེད་པའི་རྣམ་པར་སྤྱན་དྲངས་ནས་མདུན་གྱི་གསང་འདུས་ཀྱི་ཐུགས་ཀའི་ཧཱུཾ་ལ་ཐིམ་པས་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་ཐུགས་ཀྱི་དངོས་གྲུབ་རྒྱ་མཚོས་གང་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དངོས་གྲུབ་བཅུད་དྭངས་མ་བསྡུས་ནས༔ མདུན་གྱི་གསང་འདུས་ཀྱི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་མཐིང་ཀ་ཐུགས་ཀྱི་རང་བཞིན་དཔག་ཏུ་མེད་པ་བྱུང་ནས༔ རང་རྟ་མགྲིན་གྱི་ཐུགས་ཀའི་ཧཱུཾ་དང་དབྱེར་མེད་གསང་འདུས་ཀྱི་ཐུགས་ཀར་ཐིམ་པས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཐུགས་ཀྱི་བྱིན་རླབས་ཐོབ༔ ཡང་རང་དང་བླ་མ་གསང་འདུས་ཀྱི་ལྟེ་བའི་ཧྲཱིཿ་ལྗང་གུ་ལས་འོད་ཟེར་ལྗང་གུའི་རང་བཞིན་གྲངས་མེད་པ་འཕྲོས་བྱུང་ནས་མདུན་གྱི་གསང་འདུས་


CMR008_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལྟེ་བར་ཐིམ་པས་མདུན་གྱི་གསང་འདུས་ཀྱི་ལྟེ་བའི་ཧྲཱིཿལས་འོད་ཟེར་ལྗང་གུ་དཔག་ཏུ་མེད་པ་འཕྲོས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་མཆོད༔ དེ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་ཧྲཱིཿལྗང་གུ་གྲངས་མེད་པའི་རྣམ་པར་སྤྱན་དྲངས་ནས་མདུན་གྱི་གསང་འདུས་ཀྱི་ལྟེ་བའི་ཧྲཱིཿལ་ཐིམ་པས༔ སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དངོས་གྲུབ་རྒྱ་མཚོས་གང་༔ སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དངོས་གྲུབ་ཀྱི་བཅུད་དྭངས་མ་ཐམས་ཅད་བསྡུས་མདུན་གྱི་གསང་འདུས་ཀྱི་ལྟེ་བའི་ཧིལས་ཧཱིལྗང་གུ་སྐུ་གསུམ་ཡོངས་རྫོགས་ཀྱི་རང་བཞིན་དཔག་ཏུ་མེད་པ་བྱུང་ནས་རང་རྟ་མགྲིན་གྱི་ཐུགས་ཀའི་རང་དང་དབྱེར་མེད་གསང་འདུས་ཀྱི་ལྟེ་བར་ཐིམ་པས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དངོས་གྲུབ་ཐོབ༔ ཡང་རྟ་མགྲིན་གྱི་ཐུགས་ཀའི་རང་དང་དབྱེར་མེད་པ་བླ་མ་གསང་འདུས་ཀྱི་ཕྱག་ཞབས་བཞིའི་ཡིག་འབྲུ་བརྒྱད་ལས་འོད་ཟེར་ཁ་དོག་སྣ་ཚོགས་དཔག་ཏུ་མེད་པ་བྱུང་༔ མདུན་གྱི་རྟ་མགྲིན་གྱི་ཐུགས་ཀའི་བླ་མ་གསང་འདུས་ཀྱི་ཕྱག་ཞབས་བཞི་


CMR008_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐིམ་པས༔ མདུན་གྱི་གསང་འདུས་ཀྱི་ཕྱག་ཞབས་ཡི་གེ་བརྒྱད་ལས་འོད་ཟེར་ཁ་དོག་དཔག་ཏུ་མེད་པ་འཕྲོས་ཕྱོགས་བཅུའི་དཔའ་བོ་ཌཱཀི་ཆོས་སྐྱོང་ཐམས་ཅད་མཆོད༔ དེ་ཐམས་ཅད་ཀྱིས་མཆོག་ཐུན་མོང་ཕྲིན་ལས་རྣམ་བཞིའི་དངོས་གྲུབ་འོད་ཟེར་ཁ་དོག་སྣ་ཚོགས་ཀྱི་རྣམ་པར་སྤྱན་དྲངས༔ མདུན་གྱི་བླ་མ་གསང་འདུས་ཀྱི་ཕྱག་ཞབས་བཞི་ལ་ཐིམ་པས་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་མཆོག་ཐུན་མོང་ཕྲིན་ལས་རྣམ་བཞིའི་དངོས་གྲུབ་ཀྱི་རྒྱ་མཚོས་གང་༔ དཔའ་བོ་ཌཱཀྐི་ཆོས་སྐྱོང་ཐམས་ཅད་མཆོག་ཐུན་མོང་ཕྲིན་ལས་རྣམ་བཞིའི་དངོས་གྲུབ་ཀྱི་བཅུད་དྭངས་མ་ཐམས་ཅད་བསྡུས་ནས་མདུན་གྱི་གསང་འདུས་ཀྱི་ཕྱག་ཞབས་ཀྱི་ཡི་གེ་བརྒྱད་ལས་འོད་ཟེར་ཁ་དོག་སྣ་ཚོགས་དཔག་ཏུ་མེད་པ་བྱུང་ནས༔ རང་གི་ཡན་ལག་བཞི་ལ་ཐིམ་པས༔ མཆོག་ཐུན་མོང་ཕྲིན་ལས་རྣམ་བཞིའི་དངོས་གྲུབ་ཐོབ༔ མདོར་ན་བྱིན་རླབས་དང་དངོས་གྲུབ་ཀྱི་དབྱིག་ཆེན་པོ་ཐོབ་པར་བསྒོམ༔ དེ་ལྟ་བུའི་དམིགས་པ་མ་ཡ༔ ངས་པར་སྒྲུབ་པའི་སྙིང་པོ་སྔགས་ཐོད་ཕྲེང་རྩལ་ལ་ཟླ་བ་གཅིག་བཟླའོ༔ ཡང་ན་བདུན་གསུམ་ཡང་རུང་༔ གྲངས་བདུན་འབུམ་མམ་བྱེ་བའམ་སུམ་འབུམ་གྱིས་ཀྱང་ཆོག་གོ༔ སྐབས་སུ་གསོལ་


CMR008_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་ནི་གཞུང་ཉིད་དང་༔ སྤྲོ་ན་སྐུ་གསུམ་གསོལ་འདེབས་དང་༔ ཀུན་དྲིལ་ཡིད་བཞིན་ནོར་བུའི་གསོལ་འདེབས་རུང་༔ དེ་ནས་གནད་ནས་བསྐུལ་བ་ནི༔ ཧཱུྃ། མ་གཡེལ་མ་འཕང་རིག་འཛིན་རྣམས༔ སོགས་ལས་བྱང་གི་སྐབས་སུ་དབྱངས་དང་བཅས་པས་བསྐུལ་པ་བྱ༔ འདི་ལ་གཏོར་མ་ཡང་འབུལ་སྲོལ་ཡོད༔ ཐུན་མཚམས་དམིགས་མེད་ངང་ལ་བཞག་ཅེས་པ་ནི༔ རབ་རྟོགས་པ་མཐོ་ན་སྟོང་ཉིད་རྟོགས་པའི་རྩི་དང་མ་བྲལ་བར་གོང་གི་དམིགས་རིམ་རྣམས་བསྒོམ་ཞིང་སྔགས་བཟླས༔ དེ་ཙམ་མི་ནུས་ན་དམིགས་པ་རྣམས་ཚར་རེ་བསྒོམ་རྗེས་མི་དམིགས་སྟོང་ཉིད་ངང་ལ་བཞག་ཅིང་བཟླ༔ ཡང་དམིགས་པ་ཚར་རེ་བྱ་ཞིང་སྤེལ་མ་འབད་པ་འབྲིང་༔ ཐ་མས་ཐུན་རེ་ལ་དམིགས་པ་ཐམས་ཅད་ཚར་རེ་ལས་མི་ཐུབ༔ ཐུན་མཚམས་ལ་དམིགས་མེད་སྟོང་ཉིད་ཡུད་ཙམ་རེ་བསྒོམ་མོ༔ ལངས་འདུག་སོགས་བྱེད་ཞོར་ལ་འཆམ་སྟབས་ལག་པས་པད་ཀོར་རྐང་པས་བྲོ་ངག་དབྱངས་དང་བཅས་སྔགས་ཐོད་ཕྲེང་རྩལ་དང་འཛབ་དབྱངས་བྱའོ༔ དེའི་ཚེ་བདག་མདུན་གྱི་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་དང་འགྲོ་བ་རིགས་དྲུག་ཐམས་ཅད་དཀྱིལ་འཁོར་གྱི་ལྷ་ཚོགས་སུ་གསལ་བས་འཛབ་


CMR008_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་གྱི་སྔགས་འུ་རུ་རུ་འདོན་པར་བསྒོམ་མོ༔ སྐབས་སུ་ཉིན་རེ་ཐུན་རེ་ཙམ་རང་ཉིད་དང་དཀྱིལ་འཁོར་འགྲམ་དུ་བཤམས་པའི་ཕུར་པ་དབྱེར་མེད་ཧཱུྃ་སྒྲུབ་ནས་གསུངས་པའི་དྲག་པོ་མཐིང་ནག་གཉིས་སྐད་ཅིག་གནས་འགྱུར་དུ་བསྒོམ༔ དེ་ཡང་ལྷ་ཕུར་ཚང་བ་ཡོད་ན་སྐུ་ལྔ་མཚན་བརྒྱད་ཐམས་ཅད་མཐིང་ནག་ཏུ་བསྒོམ༔ ཕུར་པ་གཅིག་ལས་མེད་ན་རང་ཉིད་གཙོ་རྐྱང་མཚམས་གཅོད་ཀྱི་ཕུར་པ་བཅུ་དང་དབྱེར་མེད་ཁྲོ་བོ་བཅུ་རྣམས་སྐད་ཅིག་ལ་གསལ་བཏབ་བོ༔ ཧཱུཾ་བདུན་གསུམ་ཉེར་གཅིག་ཙམ་དྲག་ཏུ་བརྗོད་ནས༔ ལྷ་གཙོ་འཁོར་མི་དམིགས་པར་བྱ༔ ཁྲོ་བཅུས་ཕྱོགས་བཅུའི་བགེགས་བསྲུང་བར་བསམ་མོ༔ དེ་ལྟར་སྒྲུབ་པ་དུས་རྟགས་གྲངས་གསུམ་ཐེམས་ནས༔ ༈ ལས་སྦྱོར་འདོན་ལུགས་ནི༔ ལས་བྱང་འདོན་ལུགས་དང་བླ་མ་སྤྲུལ་སྐུ་སྤྱི་བོར་བསྒོམས་ནས་དབང་བཞི་ལེན་ལུགས་སྒྲུབ་པའི་དུས་དང་འདྲ༔ དབང་བླང་ཚར་ནས་སྤྱི་བོའི་བླ་མ་བདག་མདུན་གཉིས་ཀ་དེ་མར་རྟ་མགྲིན་གྱི་ཐུགས་ཀར་བྱོན་ནས་སྙིང་གར་བུདྡྷ་ཐོད་ཕྲེང་རྩལ་དང་དབྱེར་མེད་དུ་འདྲེས་པས་རང་དང་མདུན་བསྐྱེད་གཉིས་ཀའི་གཙོ་བོ་དེ་སྐད་ཅིག་ལ་གནས་འགྱུར་ནས༔ མདུན་གྱི་གཙོ་བོ་དང་བདག་ཉིད་རྡོ་རྗེ་ཐོད་


CMR008_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་རྩལ༔ སྐུ་མདོག་དཀར་པོ་དར་དཀར་གྱི་ན་བཟའ་གསོལ་བ༔ དབུ་ལ་རིན་ཆེན་སྲོག་ཞུ་གསོལ་བ༔ ལོངས་སྐུའི་རྒྱན་ཅན༔ ཕྱག་གཡས་རྡོ་རྗེ་དང་༔ གཡོན་བུམ་པའམ་དྲིལ་བུ་འཛིན་པ༔ དེའི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པ་ཨཱདམར་པོ༔ ཐུགས་ཀར་ཧཱུཾ་མཐིང་ག༔ ལྟེ་བར་ཧྲཱིཿལྗང་གུ༔ སྙིང་གར་ཟླ་བའི་གདན་ལ་ཧཱུཾ་མཐིང་ཀ་དཀར་བའི་མདངས་ཅན་གྱི་མཐའ་མར༔ ཨོ་བཛྲ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པས་བསྐོར་བར་བསྐྱེད་ལ༔ བདག་གི་འཁོར་ལོ་བཞིའི་ཡིག་འབྲུ་སྔགས་ཕྲེང་དཀར་པོ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་ནད་གདོན་བགེགས་དང་བར་ཆད་ཞི་བར་བསྒོམ༔ དེ་ཡང་སྡིག་སྒྲིབ་ཞི་བ་དང་༔ ཉམས་ཆག་ཞི་བ་དང་༔ བྱང་ཆུབ་སྒྲུབ་པའི་བར་ཆད་ཞི་བ་དང་༔ བསྟན་པ་སྤྱིའམ་རང་རང་གི་བླ་མ་མཆེད་གྲོགས༔ རང་ཉིད་ཀྱི་སློབ་མ་བརྒྱུད་འཛིན་སོགས་ཀྱི་བར་ཆད་ཞི་བ་དང་༔ རྒྱལ་པོའི་ཆད་པ་དང་༔ མེ་ཆུ་དུག་མཚོན་དགྲ་ཇག་ཆོམ་རྐུན་ཡམས་ནད་རིམས་ནད་ལ་སོགས་མདོར་ན་གནོད་པ་དང་༔ བཀྲ་མི་ཤིས་པའི་བྱེ་བྲག་ཐམས་ཅད་ཞི་བར་བསྒོམ༔ ཁྱད་པར་དུ་གལ་ཆེ་བའི་འཇིགས་སྐྲག་གང་ཡོད་དེ་ཞི་བར་


CMR008_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་སྟེ་ཞག་གསུམ་ལྔ་བདུན་སོགས་གྲངས་འབུམ་ཕྲག་གཅིག་བསྒྲུབས་ནས་ཞི་བའི་སྦྱིན་སྲེག་ཐུགས་སྒྲུབ་ཀྱིས་བྱ་སྟེ༔ རྟགས་བར་ཆད་ཞི་བའི་རྨིས་ལྟས་འབྱུང་བ་རིག་པས་ཤེས་པར་བྱའོ༔ དེས་རིག་འགྲེས་ཏེ་དབང་བཞི་བླངས་ནས་རང་ལ་བསྟིམ་མ་ཐག་ལྷོའི་རཏྣ་ཐོད་ཕྲེང་རྩལ་དུ་གནས་འགྱུར༔ གཙོ་བོ་གཉིས་རཏྣ་ཐོད་ཕྲེང་རྩལ་དུ་གྱུར་ཏེ་རྒྱན་ཆ་ལུགས་ཡིག་འབྲུ་འོད་ཟེར་སོགས་གཞུང་དུ་གསལ་ལྟར་ལས་ཚེ་བསོད་དཔལ་འབྱོར་ཉམས་དང་རྟོགས་པ་གདུལ་བྱ་འགྲོ་དོན༔ སངས་རྒྱས་ཀྱི་བསྟན་པ་སྤྱི་དང་བྱེ་བྲག་ཆོས་འདིའི་བསྟན་པ་དང་རང་གི་བླ་མ་དང་མཆེད་གྲོགས་སློབ་བརྒྱུད་ཀྱི་བསྟན་པ༔ འབྲུ་དང་ནོར་ཕྱུགས་ཟས་གོས་ལ་སོགས་རང་གང་འདོད་རྒྱས་པར་དམིགས་སོ༔ དུས་གྲངས་གོང་ལྟར་ལས་རྒྱས་པའི་སྦྱིན་སྲེག་འགྲུབ་པ་མཆོག་གོ༔ ༈ དེ་བཞིན་དུ་དབང་བླངས་ནས་རང་ལ་ཐིམ་མ་ཐག་ཏུ་ནུབ་ཀྱི་པདྨ་ཐོད་ཕྲེང་རྩལ་དུ་གནས་འགྱུར་རང་དང་མདུན་གྱི་གཙོ་བོ་པདྨ་ཐོད་ཕྲེང་རྩལ་དུ་གནས་འགྱུར་ཡིག་འབྲུ་འོད་ཟེར་འཕྲོས་སྔགས་ཕྲེང་གཞུང་དུ་གསལ་ལྟར་ལས༔ རྒྱལ་བློན་ཡུལ་ཁམས་ཟས་ནོར་ལོངས་སྤྱོད་སོགས་སྣང་བ་རླུང་སེམས་སྣང་སྲིད་ལྷ་འདྲེ་སོགས་གང་འདོད་ཐམས་ཅད་འོད་ཟེར་


CMR008_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ་ལྕགས་ཀྱུ་ལྟ་བུས་བཀུག་ནས་འོད་དམར་པོར་ཞུ་ནས་རང་ལ་བསྟིམ་པར་བྱ་ཞིང་དུས་གྲངས་ཐེམ་པ་དང་དབང་གི་སྦྱིན་སྲེག་བྱའོ༔ ༈ དྲག་པོ་ལ་ཡང་གསོལ་བ་བཏབ༔ དབང་བཞི་བླངས་ནས་རང་ལ་ཐིམ་མ་ཐག་བྱང་གི་ཀརྨ་ཐོད་ཕྲེང་རྩལ་དུ་བུདྡྷ་ཐོད་ཕྲེང་རྩལ་གནས་འགྱུར་ནས་བདག་མདུན་གྱི་གཙོ་བོ་གཉིས་ཀརྨ་ཐོད་ཕྲེང་རྩལ་ཡིག་འབྲུ་སྔགས་ཕྲེང་འོད་ཟེར་གཞུང་ལྟར༔ བདུད་བཞི་དང་བསྟན་པ་སྤྱི་དང་བྱེ་བྲག་རང་གི་བར་ཆད་དགྲ་བགེགས་ཐམས་ཅད་ཚར་བཅད་པར་བསམ༔ དུས་གྲངས་ཐེམས་ནས་དྲག་པོའི་སྦྱིན་སྲེག་བྱའོ༔ ༈ ལས་སྦྱོར་གྱི་སྐབས་སུ་ཉམས་རྟོགས་པའི་གདེང་བསྐྱེད་བྱུང་རྒྱལ་དུ་བཏང་༔ བསྐྱེད་རིམ་གྱི་ང་རྒྱལ་ཆེན་པོ་བྱས་ལ༔ གང་ལ་ཡང་འགྲུབ་མི་འགྲུབ་ཀྱི་ཐེ་ཚོམ་ཁུ་འཕྲིགས་མེད་པར༔ རང་ཉིད་སྣང་སྲིད་ཀྱི་བདག་པོ་པདྨ་འབྱུང་གནས་དངོས་སུ་ང་རྒྱལ་བསྐྱེད་པར་གལ་ཆེ་སྟེ༔ ལས་སྦྱོར་དུས་སུ་རང་ཉིད་དང་བླ་མ་ཡི་དམ་དབྱེར་མེད་པར༔ རང་ཉིད་ཐམས་ཅད་ཀུན་གྱི་གཙོ༔ བདག་ཉིད་ཆེན་པོ་རང་གསལ་གདབ༔ ཅེས་གསུངས་སོ༔ དེ་ཡང་སྦྱིན་སྲེག་བཞི་པོ་མ་ཐུབ་ན་ཧ་ཅང་མི་རུང་བ་ནི་མིན་པ༔ འགྲུབ་ན་ཤིན་ཏུ་ཟབ་ཅིང་དངོས་


CMR008_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་མྱུར་བའི་གནད་ཡོད་དོ༔ སྦྱིན་སྲེག་གི་ལྷ་བསྐྱེད་ལུགས་ཀྱང་དང་པོ་སྒྲུབ་པའི་དུས་ལྟར་བསྐྱེད་ནས་སྤྱི་བོའི་སྤྲུལ་སྐུ་ལ་བསྲེག་རྫས་བདུན་རེ་ཙམ་འབུལ་ནས་བུདྡྷ་ཐོད་ཕྲེང་རྩལ་དང་རྟ་མགྲིན་ལ་ཡང་ལྔའམ་བདུན་ཙམ་ཕུལ༔ དེ་ནས་སྤྲུལ་སྐུ་མར་བསྟིམས་ལ༔ གཙོ་བོ་འཕོ་བའི་རིགས་པས་བུདྡྷ་ཐོད་ཕྲེང་རྩལ་དང་ཕྱོགས་བཞི་པོ་གང་ཡིན་དབུས་ཀྱི་གཙོ་བོ་ལས་གང་སྒྲུབ་ཀྱི་ཐོད་ཕྲེང་རྩལ་དུ་སྒྱུར་ནས༔ ཡམ་ཤིང་ལ༔ བཛྲ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཨོ་བྷྱོ་དྷི་བྲྀཀྟ་ཡེ་སྭཱ་ཧཱ༔ གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པ་ལྟ་བུ་གཞན་ཐམས་ཅད་རིགས་འགྲེས་ཤིང་༔ འཁོར་ཐམས་ཅད་ལ་རྒྱས་པར་སོ་སོར་བདུན་རེ་འབུལ༔ བསྡུ་ན་སྔགས་ཐོད་ཕྲེང་རྩལ་ལ་ས་པཱ་རི་ཝཱ་ར་སྦྱར་ནས། སྐུ་ལྔ་མཚན་བརྒྱད་ཧི་མ་ཧ་རི་ནི་སའི་ལས་སྔགས་ཀྱིས་དཔའ་བོ་ཌཱཀི་སྤྱི་ལ་འབུལ་ལོ༔ མེ་ལྷའི་འོད་ཟེར་གོང་གི་དམིགས་པ་དང་འདྲ་བར་བསྒོམས་པས་ཕྲིན་ལས་སོ་སོར་འགྲུབ་པར་བསམ་སྐབས་སུ་དཀྱིལ་འཁོར་ལ་སྐོར་བ་བྱེད་དམ་བྱེད་པ་མེད་ན་འཆམ་སྟབས་བྱ་ཞིང་ཕྲིན་ལས་བཞིའི་སྔགས་འཛབ་དབྱངས་སུ་གྱེར་རོ༔ སྐབས་སུ་དུས་ཚོད་བཟང་དུས་སམ༔ བྱིན་


CMR008_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཆགས་ཉམས་རྟོགས་མི་གསལ་ན་ལས་བྱང་འདོན་དུས་ལས་བྱང་ཆེ་བའི་བྱིན་འབེབས་སྐབས་སུ་དང་ཆུང་བའི་མཚམས་གཅོད་རྗེས་དེར་སྤོས་དུད་དབྱངས་རོལ་མོ་དང་བཅས་རིག་འཛིན་བྱིན་འབེབས་འདོན༔ རྨིས་ལྟས་ངན་པ་དང་ལུས་སེམས་མི་བདེ་བའི་རྩུབ་ཆ་བྱུང་ན་བྲུབ་ཁུང་ལིངྒ་དེ་ལ་དམ་སྲི་ཉུལ་ལེ་བཀུག་གཞུག་བྱ༔ ཕུར་པ་འདྲིལ་ཞིང་སྡང་མིག་ལྟ་སྟངས་གཟིར་ཞིང་༔ ཀུན་ཐུབ་རྒྱལ་མོའི་བསྐུལ་པ་འདོན་ལ༔ གྷ་ཏའི་སྔགས་བརྗོད་ཅིང་ལིང་ཕུར་པས་བརྡུང་ངོ་༔ རྟགས་ཁྱད་པར་ཅན་བྱུང་དུས་སྒྲུབ་ཆེན་གཞུང་གི་དངོས་གྲུབ་བླང་ཆོག་བྱས་ལ་དངོས་གྲུབ་བླང་ངོ་༔ དགོང་མོ་རྒྱུན་དུ་མ་ནིང་དང་མཁའ་རི་ལ་གཏོར་མ་བསྔོ་ཞིང་བར་ཆད་མ་བཏང་ཞེས་བཀའ་བསྒོའོ༔ གཞི་བདག་ལ་ཡང་དེ་བཞིན་བྱ། སྒྲུབ་ཚེ་རྩོལ་མེད་དུ་ཚོགས་འཁོར་ཀྱི་རྫས་བཟང་པོ་འཛོམ་བྱུང་བའམ༔ ཚེས་བཅུ་ལ་སོགས་ཚོགས་འཁོར་རྒྱས་པར་བྱ་སྟེ༔ དེ་དུས་ཆང་བཟང་པོ་འཛོམ་ན་ལག་མཆོད་བྱའོ༔ ཉེར་ལྔ་མར་ངོའི་ཚེས་བཅུ་ལ་ཡང་ཚོགས་དང་བསྐང་གསོལ་བྱའོ༔ ཉེར་དགུ་ཐམས་ཅད་ལ་མ་ནིང་བསྐང་གསོལ་བྱའོ༔ གློ་བུར་དུ་དཀྱིལ་འཁོར་ཞལ་ཁེབས་འབྱེད་དགོས་སམ་འབྱེད་འདོད་པ་


CMR008_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ན་མོས་གུས་དྲག་པོ་བྱེད་ལ་གཞལ་ཡས་ཁང་བསྟོད་འདོན༔ ལར་སྐུ་གསུམ་སྒྲུབ་པའི་སྐབས་འདིར་གཞན་ཐུགས་དམ་ཆག་མེད་ཀྱི་རིགས་གང་ཡོད་ཐུན་གཅིག་ལ་བསྡུས་ནས་སྔ་ཐུན་ཕྱི་ཐུན་གཅིག་ལ་ཚང་བར་བྱ༔ ཆག་མེད་མིན་པའི་ཡི་དམ་ཆོས་སྐྱོང་ཐམས་ཅད་སྔགས་བསྔོས་ཀྱི་གཏོར་བསྔོས་ཙམ་ལ་བསྡུ༔ དེ་མིན་ཐུན་ཐམས་ཅད་དུ་སྒྲུབ་པ་འདི་རང་ལ་གཅིག་དྲིལ་དུ་བྱའོ༔ དུས་མཆོད་མ་ཆག་པར་བྱེད་པའི་རིགས་གང་ཡོད་ཀྱང་དེའི་ཚོགས་གཏོར་འབུལ་སོགས་ཁོག་ཐམས་ཅད་ཐུགས་སྒྲུབ་ཀྱི་ཁོག་ཕུབ་པ་ལ་སྒྲུབ་པ་དང་༔ མི་འགལ་ཞིང་དུས་མཆོད་སོ་སོ་ཡང་མ་ཆག་པའི་ཐབས་ལ་མཁས་པར་བྱའོ༔ བཟང་ངན་གྱི་རྟགས་ཅི་བྱུང་ཡང་རྟགས་ཡིག་ལྟར་ངོ་ཤེས་པར་བྱས་ལ༔ བཟང་ངེས་པ་ལ་དངོས་གྲུབ་བླང་༔ ངན་ངེས་པ་ལ་དམ་སྲི་དང་ཉུལ་ལེ་བརྡུང་༔ དེ་ཡང་བཟང་པོ་ལ་དགའ་བྲོད་དང་ངན་པ་ལ་སྐྲག་སྔངས་མེད་པར་དོན་ཐམས་ཅད་རང་སེམས་ལས་གཞན་མ་གྲུབ་པའི་གདིང་དང་ལྡན་པའི་ངང་ནས༔ གནས་སྐབས་སུ་རྟེན་འབྲེལ་སྒྱུ་མ་ཙམ་དུ་སྒྱུ་མ་མཁན་གྱིས་སྒྱུ་མ་བཀོད་པ་ལྟར༔ རང་ཉིད་ཀྱི་རྟེན་འབྲེལ་ལེགས་ཚོགས་ཅི་ཡང་བསྒྲིག་ཤེས་པར་བྱའོ༔ རྗེས་ཀྱི་བྱ་ཚུལ་སྒྲུབ་ཆེན་དང་པྲ་


CMR008_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིད་ལྟར་བྱའོ༔ སྤྲུལ་སྐུར་སྒྲུབ་པའི་ཟིན་བྲིས་འདི་ཡང་མཐར་ཕྱིན་ཡང་དག་སོགས་ལ་འཕྲལ་དུ་མཁོ་ཕྱིར་དང་༔ མ་འོངས་རྣལ་འབྱོར་པ་འགའ་ལ་ཕན་ཕྱིར༔ ཨ་རྭ་གས་ཤིང་ཕོ་རྟ་ལོ་རྒྱལ་ཟླ་རྒྱབ་མའི་ཉེར་གསུམ་ལ་རྫོགས་པར་བཀོད་པ་ཉེས་པ་གང་མཆིས་བཤགས་ཤིང་༔ དགེ་བས་སེམས་ཅན་ཐམས་ཅད་ཨོ་རྒྱན་རིན་པོ་ཆེའི་གོ་འཕང་ཐོབ་པར་གྱུར་ཅིག༔ མངྒ་ལཾ༔ ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

ཐུགས་སྒྲུབ་རྒྱུན་བསྙེན་བྱ་ཐབས་ཟིན་བྲིས་བསྡུས་པ་ཨ་རཱ་གས་མཛད་པ།


CMR008_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་སྒྲུབ་རྒྱུན་བསྙེན་བྱ་ཐབས་ཟིན་བྲིས་བསྡུས་པ་ཨ་རཱ་གས་མཛད་པ་བཞུགས་པའི་དབུ་ཕྱོགས་ལགས་སོ། །ན་མོ་པྲ་ཝ་ཀ་ར་ཡེ༔ ཐུགས་སྒྲུབ་རྒྱུན་བསྙེན་དམིགས་རིམ་བསྡུས་པ་ནི༔ ལྷ་བསྐྱེད་སྐབས་སུ་བདག་བསྐྱེད་མངོན་རྟོགས་དུས༔ མདུན་གྱི་གཏོར་མའི་རྩེ་ལ་དཀྱིལ་འཁོར་བསྐྱེད༔ སྤྱན་འདྲེན་མཆོད་བསྟོད་དུས་གཅིག་ཉིད་དུ་བྱ་འཛབ་དགོངས་དུས་སུ་གཞུང་གི་ཚིག་རིས་ལྟར༔ དང་པོ་རང་ཉིད་རྟ་མགྲིན་ཡབ་ཡུམ་གྱི༔ སྤྱི་གཙུག་བླ་མ་ཨོ་རྒྱན་སྤྲུལ་སྐུ་ལ༔ གསོལ་འདེབས་ཚུལ་དུ་བཛྲ་གུ་རུ་བཟླ༔ དེ་ཚེ་སྤྲུལ་སྐུའི་དཔྲལ་མགྲིན་ཐུགས་ཀ་དང་༔ ལྟེ་བ་བཞི་ནས་འོད་ཟེར་དཀར་དམར་མཐིང་༔ ལྗང་གུ་ཐིག་ལེའི་རྣམ་པ་ལྟ་བུ་ལ༔ ཨོ་དཀར་ཨཱདམར་ཧཱུཾ་མཐིང་ཧྲཱིཿལྗང་གིས༔ མཚན་པ་གྲངས་མེད་བར་མ་ཆོད་པ་རུ༔ རང་གི་དཔྲལ་མགྲིན་ཐུགས་ཀ་ལྟེ་བར་ཐིམ༔ སྒྲིབ་པ་བཞི་དག་དབང་བཞི་ཐོབ་པ་དང་༔ སྐུ་བཞི་འགྲུབ་པའི་སྐལ་པ་ཅན་དུ་བྱས༔ དེ་ལྟར་བསྒོམ་ཞིང་ཕྲེང་སྐོར་བསྙེན་པ་ཡིན༔ དེ་ནས་སྤྱི་བོའི་ཨོ་རྒྱན་དབུ་མ་ཡི༔ ལམ་ནས་བྱོན་ནས་རང་གི་སྙིང་གར་སླེབ༔ རང་སྙིང་པདྨ་དམར་པོ་འདབ་བརྒྱད་པ༔ གྱེན་དུ་ཁ་བྱེའི་ཟེའུ་འབྲུར་


CMR008_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་མ་ཐག༔ ཨོ་རྒྱན་བླ་མ་ཆོས་སྐུ་ཡབ་ཡུམ་གྱུར༔ ཐུགས་ཀར་ཟླ་སྟེང་ཧཱུཾ་མཐར་སྔགས་ཀྱིས་བསྐོར༔ དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས༔ རྒྱལ་བ་སྲས་བཅས་ཀུན་ལ་མཆོད་པ་ཕུལ༔ ཐམས་ཅད་འོད་ཟེར་རྣམ་པར་ཚུར་འདུས་ཏེ༔ སྙིང་གར་ཐིམ་པར་བསྒོམ་ཞིང་རྩ་སྔགས་བཟླས༔ ཐོད་ཕྲེང་རྩལ་ལ་ཕྲེང་སྐོར་བཟླ་བ་ཡིན༔ དེ་ནས་བླ་མ་འོད་ཞུ་རང་ལ་ཐིམ༔ རང་དང་ཨོ་རྒྱན་དབྱེར་མེད་ང་རྒྱལ་བསྐྱེད༔ རང་ཉིད་རྟ་མགྲིན་ཡབ་ཀྱི་སྤྱི་བོའི་ནང་༔ རྡོ་རྗེ་ཌཀྐི་ཡབ་ཡུམ་སྐུ་མདོག་དཀར༔ མགྲིན་པར་རིན་ཆེན་ཌཱཀི་ཡ༔ བ་ཡུམ་སེར༔ སྙིང་གར་པདྨ་ཊཱཀྐི་ཡབ་ཡུམ་དམར༔ ལྟེ་བར་ལས་ཀྱི་ཌཱཀྐི་ཡབ་ཡུམ་ལྗང་༔ དེ་དག་བཞི་ལ་ཡབ་ཡུམ་སོ་སོ་ཡི༔ ཡབ་བཞིའི་ཐུགས་ཀར་ར་ཙ་ཧྲཱིཿཡ་བཞི༔ ཡུམ་བཞིའི་ཐུགས་ཀར་ཧ་རི་ནི་ས་བཞི༔ རྟ་མགྲིན་ཡབ་ཡུམ་ཐུགས་སྲོག་ཧཱུྃ༔དང་མ༔ ཌཀྐི་ཡབ་ཡུམ་བཞི་ཡི་ཐུགས་ཀ་ནས༔ རང་མདོག་འོད་ཟེར་དཀར་སེར་དམར་ལྗང་འཕྲོས་ཞི་རྒྱས་དབང་དྲག་ཕྲིན་ལས་བཞི་འགྲུབ་བསྒོམ༔ ཧྲཱིཿམ་ཧཱ་རིའི་སྔགས་དེ་ཉེར་གཅིག་བཟླ༔ དེ་ནས་ཡེ་ཤེས་གཤེགས་སོགས་མི་དགོས་ཏེ༔ མདུན་བསྐྱེད་བཞུགས་ཤིང་བདག་བསྐྱེད་སྟོང་


CMR008_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྡུ༔ དེ་ལྟར་རྒྱུན་ཁྱེར་བྱས་ནས་རྒྱུན་བསྙེན་བྱ༔ ཞི་ཁྲོ་སྐྱབས་ཀྱིས་བསྐུལ་ནས་༧ རཱ་གས་སྨྲས༔ བཀྲ་ཤིས་དགེ། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

བླ་མ་སྐུ་གསུམ་གྱི་སྒྲུབ་པ་རྒྱུན་ཁྱེར་དུ་བྱ་བ་སྤྲོས་མེད་ཨ་ཏི་ལྟར་ཉམས་སུ་ལེན་ཚུལ་གྱི་ཟིན་བྲིས་བདག་རང་གི་ཐུགས་དམ།


CMR008_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་སྐུ་གསུམ་གྱི་སྒྲུབ་པ་རྒྱུན་ཁྱེར་དུ་བྱ་བ་སྤྲོས་མེད་ཨ་ཏི་ལྟར་ཉམས་སུ་ལེན་ཚུལ་གྱི་ཟིན་བྲིས་བདག་རང་གི་ཐུགས་དམ་ལགས་སོ༔


CMR008_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་དྷརྨ་ཀཱ་ཡ་ནིར་མ་ཀཱ་ཡ་སམྦྷོ་ཀཱ་ཡ་ཡེ༔ སྐུ་གསུམ་བླ་མའི་ཞབས་ལ་ཕྱག་འཚལ་ནས༔ སྐུ་གསུམ་སྒྲུབ་པ་རྒྱུན་ཁྱེར་གདམས་པ་བྲི༔ ཌཱ་ཀི་བཀའ་སྲུང་བཀའ་ཡི་གནང་བ་སྩོལ༔ དེ་ལ་སྤྲོས་བཅས་ཀྱི་སྐུ་གསུམ་སྒྲུབ་པ་སྔོན་དུ་སོང་ཞིང་དམིགས་རིམ་གསལ་འདེབས་དང་བཅས་པ་བློ་ལ་གསལ་བའི་གང་ཟག་གིས་རྒྱུན་དུ་སྐུ་འབག་དཀྱིལ་ཐང་མི་ལྕོགས་ཤིང་ལས་བྱང་གཞུང་བསྲང་ཡང་མི་འགྲུབ་ལ༔ མཆོད་གཏོར་ཡང་མི་འཛོམ་པའམ༔ དེ་དག་འཛོམ་ཡང་སྤྲོས་མེད་ཨ་ཏི་ལ་མོས་ཤིང་༔ སྤྲོས་པ་མང་ན་ཉམས་རྟོགས་ལ་གནོད་ན༔ རྒྱུན་དུ་སྤྲོས་མེད་ལྟར་སྒོམ་བཟླས་ཐུན་རེ་


CMR008_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཆག་པར་བྱ་སྟེ༔ ཐུན་མོང་གི་སྔོན་འགྲོ་རྣམས་རྒྱུད་ལ་སྐྱེས་ཡོད་པས་འཐུས་ཚིག་གཤར་མི་དགོས༔ སྐྱབས་སེམས་སོགས་ཁྱད་པར་གྱི་སྔོན་འགྲོ་གསར་རྙིང་གང་རུང་རྒྱས་བསྡུས་ཅི་ལྕོགས་སྔོན་དུ་སོང་ནས༔ ངག་ཏུ་བསྙེན་པ་ཁོ་ན་བྱ་ཞིང་ཡིད་ཀྱིས་དམིགས་རིམ་བསྒོམས་པས་འཐུས་ཏེ༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ་ཐུགས་སྒྲུབ་དཀྱིལ་འཁོར་ཡོངས་རྫོགས་སམ༔ རྟ་ཕག་ཡབ་ཡུམ་སྤྱི་བོར་སྤྲུལ་སྐུ་དང་བཅས་པ་དམ་ཡེ་དབྱེར་མེད་དུ་གསལ་བཏབ་སྟེ༔ དེ་ཡང་སྐུ་ཆེ་བ་འཛམ་གླིང་ཁེངས་བར་བསྒོམས་ལ༔ རང་ཁ་ལྷོ་ནུབ་ཏུ་རྒྱུ་ནས་ལྷོ་ནུབ་རྔ་ཡབ་གླིང་པདྨ་འོད་ཀྱི་ཕོ་བྲང་


CMR008_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་སྒྲུབ་ཀྱི་དཀྱིལ་འཁོར་རྟེན་བརྟེན་པ་དང་བཅས་པ་ཡིན་པ་ལ་ཡིན་པ་ལྟར་གསལ་བཏབ་ནས༔ ཟངས་མདོག་དཔལ་རིའི་རྩེའི་གུ་རུ་སྤྲུལ་སྐུ་དེ་ཉིད་མདུན་བསྐྱེད་དཀྱིལ་འཁོར་གཙོ་བོར་བྱས༔ དེའི་གནས་བཞིར་ཨོཾ་ཨཱཿཧཱུྃ་ཧྲཱིཿ ཕྱག་ཞབས་བཞི་ལ་ཧ་རི་ནི་ས་ར་ཙ་ཧཱིཡ་དང་བཅས་པ་གསལ་བཏབ་ལ༔ སྤྲུལ་སྐུ་སྒྲུབ་པའི་གསོལ་འདེབས་གཅིག་གམ་གསུམ་བྱས༔ བསྡུ་ན་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས་སོ་ཞེས་བརྗོད་ནས་རླུང་ཞིག་བུས་རང་གི་ཉམས་ཆག་དང་སྡིག་སྒྲིབ་ཐམས་ཅད་ཕར་ཐོན་ཅིང་དག་པར་བསམ༔ ཚུར་རྔུབ་པའི་ཚེ་གུ་རུའི་གནས་བཞི་ནས་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་ངོ་བོ་ཨོ་དཀར་དམར་ཧཱུྃ་མཐིང་ཧྲཱིཿལྗང་གུ་རྣམས་འོད་ཟེར་དང་བཅས་པ་དང་༔ ཕྱག་ཞབས་ཡིག་འབྲུ་བརྒྱད་ལས་འོད་ཟེར་སྣ་ཚོགས་བྱུང་སྟེ་རང་གི་གནས་བཞི་དང་ཡན་ལག་བཞིར་ཐིམ་པས་སྒྲིབ་པ་བཞི་དག༔ སྐུ་གསུང་ཐུགས་དང་སྐུ་གསུམ་ཡོངས་རྫོགས་ཀྱི་དངོས་གྲུབ་ཐོབ༔ མཆོག་ཐུན་མོང་དང་ཕྲིན་ལས་བཞིའི་བྱིན་རླབས་དངོས་གྲུབ་ཀྱི་དབྱིག་ཆེན་པོ་ཐོབ་པར་བསམས་ལ༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་པ་བརྒྱའམ་ཅི་ནུས་


CMR008_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པས་བསྙེན་པའོ༔ དངོས་གཞི་ལ་རང་གི་སྤྱི་བོ་ནས་བླ་མ་མར་བྱོན་སྙིང་པདྨ་འདབ་བརྒྱད་ཀྱི་དབུས་སུ་གསང་འདུས་རྡོ་རྗེ་འཆང་ཡབ་ཡུམ་གྱི་སྐུར་ལམ་གྱིས་གྱུར༔ ལྷོ་ནུབ་རྔ་ཡབ་གླིང་དེ་མདུན་བསྐྱེད་ཀྱི་དཀྱིལ་འཁོར༔ དེ་ལ་གླིང་དགུ་ཡོད་པའི་དབུས་གླིང་དེ་བུམ་པ༔ སིན་དྷུ་རོལ་པའི་མཚོའི་དབུས་དེ་བུམ་ཆུ༔ རི་དེ་པདྨའི་སྡོང་པོ༔ དེའི་སྟེང་ན་ཐུགས་སྒྲུབ་ལྷ་ཚོགས་དངོས་སུ་གསལ་བའི་རྟ་མགྲིན་གྱི་དབུ་གཙུག་ཨོ་རྒྱན་རིན་པོ་ཆེ་དེ་ཡང་རྡོ་རྗེ་འཆང་གསང་འདུས་ཡབ་ཡུམ་གྱི་སྐུར་གནས་འགྱུར་བའི་ཐུགས་ཀ་དང་༔ རང་གི་ཐུགས་ཀའི་རྡོ་རྗེ་འཆང་གི་ཐུགས་ཀར་ཟླ་བའི་གདན་ལ་ཧཱུཾ་མཐར་སྔགས་ཕྲེང་གཡས་སུ་འཁོར་བ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་རྒྱལ་བ་ཐམས་ཅད་ལ་མཉེས་མཆོད་འབུལ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་རང་ལ་བསྟིམ་ཞིང་༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་བསྙེན་པ་ལས་གཉིས་འགྱུར་རམ་སུམ་འགྱུར་མང་ཙམ་བཟླས༔ དེ་ནི་སྒྲུབ་པའོ༔ དེ་ནས་རང་ཉིད་རྟ་མགྲིན་འོད་དུ་ཞུ་བ་སྙིང་གའི་རྡོ་རྗེ་འཆང་ལ་ཐིམ༔ རང་ཉིད་རྡོ་རྗེ་འཆང་དེ་སྐད་ཅིག་ལ་རྡོ་རྗེ་ཐོད་ཕྲེང་རྩལ་དུ་


CMR008_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

གནས་འགྱུར་དམ་ཡེ་དབྱེར་མེད་པའི་གནས་བཞིར་ཡིག་འབྲུ་ཁ་དོག་བཞི་དང་༔ ཐུགས་ཀར་ཧཱུྃ་དཀར་པོའི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོས་པས་ནད་གདོན་བགེགས་དང་བར་ཆད་ཐམས་ཅད་ཞི་བར་བསྒོམས་ལ༔ ཨོཾ་བཛྲ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཤཱནྟི་ཀུ་རུ་སྭཱ་ཧཱ༔ ཞེས་སྒྲུབ་པའི་སྔགས་དེ་ཅི་ཙམ་བཟླས་པའི་བཅུ་ཆ་གཅིག་ཙམ་བཟླ་བ་བཞི་ཀ་འདྲའོ༔ དེ་ནས་རྡོ་རྗེ་ཐོད་ཕྲེང་རྩལ་དེ་སྐད་ཅིག་ལ་རཏྣ་ཐོད་ཕྲེང་རྩལ་དུ་གནས་འགྱུར་གནས་བཞིར་ཡི་གེ་བཞི་དང་༔ ཐུགས་སྲོག་ཏུཾ་སེར་པོའི་མཐར་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་སེར་པོ་ཕྱོགས་བཅུར་འཕྲོས་པས༔ བདག་གི་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཐམས་ཅད་རྒྱས་པར་བསྒོམས་ལ༔ ཨོ་རཏྣ་གུ་རུ་སརྦ་སིདྡྷི་ཧཱུྃ༔ པུཊྚི་ཀུ་རུ་སྭཱ་ཧཱ༔ ཞེས་བཟླ༔ དེ་ནས་རཏྣ་ཐོད་ཕྲེང་རྩལ་དེ་ཉིད་སྐད་ཅིག་ལ་པདྨ་ཐོད་ཕྲེང་རྩལ་དུ་གནས་འགྱུར་གནས་བཞིར་ཡིག་འབྲུ་བཞི་དང་ཐུགས་སྲོག་ཨཱདམར་པོའི་མཐར་སྔགས་ཕྲེང་དམར་པོ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སྣང་སྲིད་ལྷ་འདྲེ་མི་གསུམ་ཚེ་དང་བསོད་ནམས་འཁོར་ལོངས་སྤྱོད་སྣང་བ་ཐམས་ཅད་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུས་བཀུག་ཅིང་རང་ལ་


CMR008_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

བསྟིམས་པས་སྣང་སྲིད་དབང་དུ་འདུས་པར་བསམས་ལ༔ ཨོ་པདྨ་གུ་རུ་སརྦ་སིདྡྷི་ཧཱུྃ༔ པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བཟླ༔ དེ་ནས་རང་ཉིད་པདྨ་ཐོད་ཕྲེང་རྩལ་དེ་ཉིད་སྐད་ཅིག་ལ་ཀརྨ་ཐོད་ཕྲེང་རྩལ་དུ་གནས་འགྱུར༔ གནས་བཞིར་ཡི་གེ་བཞི་དང་ཐུགས་སྲོག་ཧ་ལྗང་མཐར་སྔགས་ཕྲེང་ལས་འོད་ཟེར་ལྗང་གུ་ཕྱོགས་བཅུར་འཕྲོས་པས༔ གནོད་བྱེད་གདོན་དང་དགྲ་བགེགས་འབྱུང་པོ་ཐམས་ཅད་ཚར་བཅད་པར་བསམ་ཞིང་༔ ཨོཾ་ཀརྨ་གུ་རུ་སརྦ་སིདྡྷི་ཧཱུྃ༔ མཱ་ར་ཡ་ཆད་ནན༔ ཞེས་བཟླས༔ དེ་ནས་ཐུན་མཚམས་ངག་འདོན་ཧཱུཾ་སྒྲུབ་ནི༔ བདག་ཀརྨ་ཐོད་ཕྲེང་རྩལ་དང་མདུན་བསྐྱེད་རྔ་ཡབ་གླིང་གི་གཙོ་བོ་གཉིས་ཀ་སྐད་ཅིག་ལ་གནས་འགྱུར་ནས་གུ་རུ་དྲག་པོ་མཐིང་ནག་རྡོ་རྗེ་དང་ཕུར་པ་བསྣམས་པ༔ འཁོར་ཐམས་ཅད་ཐོད་ཕྲེང་རིགས་བཞི་གུ་རུ་མཚན་བརྒྱད་ཐམས་ཅད་གཙོ་བོ་འདྲ་བ་འགྱུར་ཞིང་ཐུགས་སྲོག་ཧཱུྃ་ནག་པོ་ལས་མེ་འབར་བས་ལུས་གང་ནད་གདོན་སྡིག་སྒྲིབ་བསྲེགས་པ་བ་སྤུའི་བུ་ག་ནས་ཕྱིར་འཕྲོས་གནོད་བྱེད་ཐམས་ཅད་བསྲེགས༔ བདག་མདུན་ཐམས་ཅད་ཧཱུྃ་སྒྲས་འཇིག་རྟེན་ཐམས་ཅད་གཡོ་འགུལ་བྱེད་པར་བསམས་ལ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་པ་ཅི་ལྕོགས་བཟླས༔ དེ་


CMR008_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མདུན་བསྐྱེད་རྔ་ཡབ་གླིང་གི་འཁོར་ཐམས་ཅད་གཙོ་བོ་ལ་ཐིམ༔ གཙོ་བོ་ཡེ་ཤེས་པའི་ཚུལ་དུ་ཚུར་བྱོན་བདག་ལ་ཐིམ༔ བདག་བསྐྱེད་ཀྱི་དཀྱིལ་འཁོར་རྣམས་འཁོར་ལ་ཐིམ༔ འཁོར་རྣམས་བདག་ལ་ཐིམ༔ བདག་ཧཱུྃ་ལ་ཧཱུཾ་གྱེན་རྫོགས་སུ་ཡལ་ནས་སྟོང་ཉིད་རྫོགས་པ་ཆེན་པོའི་ངང་དུ་བཞག༔ སླར་ཡང་རྟ་མགྲིན༔ རྒྱན་དང་ཡབ་ཡུམ་ཕྱག་མཚན་མེད་པ་ཞིག་ཏུ་བསྒོམས་ནས་བསྔོ་བ་སྨོན་ལམ་ཤོ་ལོ་ཀ་རེ་བྱས་ལ༔ སྤྱོད་ལམ་ལ་འཇུག་སྟེ༔ སྤྲུལ་སྐུ་སྒྲུབ་པ་ལ་ཡི་དམ་བྱེད་འདོད་ན་སྒོམ་བཟླས་འདི་ཐུན་རེ་མ་ཆག་པ་གལ་ཆེའོ༔ སྤྲུལ་སྐུ་སྒྲུབ་པ་སྤྲོས་མེད་ཉམས་སུ་ལེན་ཚུལ་བདག་ཨ་རཱ་གས་བསྡེབས་པ་ལ་ཉེས་པ་གང་མཆིས་ལྷ་དང་སྲུང་མའི་ཚོགས་ལ་བཤགས་སོ༔ འདི་ཕྱིར་སྒྲིབ་པ་དང་རྐྱེན་དུ་མ་གྱུར་ཅིག༔ ༈ གཉིས་པ་བླ་མ་ལོངས་སྐུ་སྒྲུབ་པ་སྤྲོས་མེད་རྒྱུན་ཁྱེར་གྱི་དམིགས་རིམ་ནི༔ སྐད་ཅིག་དྲན་རྫོགས་སུ་རང་ཉིད་རྟ་མགྲིན་ཡབ་ཡུམ་རི་རབ་ཙམ་སྤྱི་བོར་བླ་མ་ལོངས་སྐུ་དང་བཅས་པ༔ འཛམ་བུ་གླིང་འདིར་ཐུགས་སྒྲུབ་ཀྱི་དཀྱིལ་འཁོར་གྱི་ལྷ་རྟེན་བརྟེན་པ་དང་བཅས་པ་དམ་ཡེ་དབྱེར་མེད་དུ་གསལ་བཏབ༔ ཁ་ལྷོ་ནུབ་ཏུ་གྱུ་ལ༔ རྔ་ཡབ་གླིང་དེ་མདུན་བསྐྱེད་དཀྱིལ་འཁོར་བརྟེན་པ་


CMR008_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གྱི་ལྷ་རྟེན་དཀྱིལ་འཁོར་དང་བཅས་པ་གསལ་བཏབ་པའི༔ རྟ་མགྲིན་གྱི་དབུ་གཙུག་ཏུ་ཨོ་རྒྱན་རིན་པོ་ཆེ་དེ་ཉིད་བླ་མ་ལོངས་སྐུའི་ཆ་ལུགས་སུ་གསལ་བའི་སྐུའི་གནས་བཞིར་ཡིག་འབྲུ་བཞི༔ ཕྱག་ཞབས་ཡིག་འབྲུ་བརྒྱད་དང་བཅས་པ་གསལ་བཏབ་ལ༔ ༈ ཧྲཱི༔ འགྲོ་བའི་བླ་མ་ཨོ་རྒྱན་ཚེ་དཔག་མེད༔ མི་འགྱུར་མི་ཤིགས་འཇིགས་མེད་རྡོ་རྗེའི་སྐུ༔ ལྷག་པའི་སྨོན་ལམ་ལས་གྲུབ་འོད་དཔག་མེད༔ སྔོན་ལས་འཕྲལ་རྐྱེན་ཚེ་ལ་གནོད་པའི་བགེགས༔ མི་མཐུན་བར་ཆད་ཞི་བར་གསོལ་བ་འདེབས༔ བླ་མ་ལོངས་སྐུ་འགྲུབ་པར་བྱིན་གྱིས་རློབས༔ ཞེས་དང་༔ བསྡུ་ན༔ མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས་སོ༔ ཞེས་གསོལ་བ་བཏབ་ནས་རླུང་ཞིག་བུས་པས་ལུས་ཀྱི་ནད་གདོན་བར་ཆད་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་པར་བསམ༔ ཚུར་རྔུབ་དུས་རྔ་ཡབ་ཀྱི་བླ་མ་ལོངས་སྐུ་དེའི་སྐུའི་གནས་བཞི་ནས་ཨོ་དཀར་ཨཱདམར་ཧཱུྃ་མཐིང་ཧྲཱིཿལྗང་བཞི༔ ཐིག་ལེའི་རང་བཞིན་ཅན་བར་མ་ཆད་པར་རང་གི་གནས་བཞིར་ཐིམ་པས༔ སྒྲིབ་པ་བཞི་དག་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་


CMR008_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཡོངས་རྫོགས་ཀྱི་བྱིན་རླབས་ཞུགས༔ དབང་བཞི་ཐོབ་ཅིང་རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་པར་བསམ༔ དེ་ཅི་མང་བསྒོམ་པའམ་དུས་གཅིག་ཏུ་བསྒོམ་ཡང་རུང་སྟེ༔ ཕྱག་ཞབས་ཡིག་འབྲུ་བརྒྱད་ལས་འོད་ཟེར་ཁ་དོག་སྣ་ཚོགས་ཐིག་ལེའི་རང་བཞིན་བར་མ་ཆད་པར་རང་གི་ཡན་ལག་བཞི་ལ་ཐིམ་པས་མཆོག་དང་ཐུན་མོང་ཕྲིན་ལས་རྣམ་བཞིའི་དངོས་གྲུབ་དང་༔ བྱིན་རླབས་དང་དངོས་གྲུབ་ཀྱི་དབྱིག་ཆེན་པོ་ཐོབ་པར་བསམ་ཞིང་༔ བཟླས་པ་ནི་བསྙེན་པ་ཡིན་ནོ༔ དེ་ནས་མདུན་བསྐྱེད་རྔ་ཡབ་གླིང་གི་དཀྱིལ་འཁོར་ལྷ་དང་བཅས་བདག་བསྐྱེད་ཀྱི་དཀྱིལ་འཁོར་ལ་ཡེ་ཤེས་པའི་ཚུལ་དུ་ཐིམ་པའི་སྟོབས་ཀྱིས་བདག་ཉིད་རྟ་མགྲིན་ཡབ་ཡུམ་སྐད་ཅིག་ལ་ཚེ་དཔག་མེད་ཡབ་ཡུམ་གྱི་སྐུར་གྱུར༔ ཁྱད་པར་དུ་རྔ་ཡབ་གླིང་གི་བླ་མ་ལོངས་སྐུ་དེ་ཙན་གྱིས་བྱོན་ནས་རང་གི་སྤྱི་བོའི་ལོངས་སྐུ་ལ་ཡེ་ཤེས་པའི་ཚུལ་དུ་ཐིམ་པའི་གནས་གསུམ་དུ་ཡིག་འབྲུ་གསལ་བ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ནས་མཉམ་གཞག་གི་བུམ་པར་སིབ་སིབ་ཐིམ་འཆི་མེད་ཀྱི་བདུད་རྩི་འོ་མ་ལྟ་


CMR008_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

བུས་གང་༔ དེ་ལས་འོད་ཟེར་འཕྲོས་ལྷ་དང་དྲང་སྲོང་གྲུབ་ཆེན་ཚེ་ལ་དབང་བ༔ འགྲོ་བ་མིའི་སྲོག་ནི་འབྱུང་བ་བཞིའི་བཅུད་ནམ་མཁའི་བཅུད་ཐམས་ཅད་སིབ་སིབ་འདུས་བུམ་པར་འཁྱིལ༔ བུམ་པའི་བདུད་རྩི་ཆི་ལི་ལི་ཁོལ་བ་དང་༔ གསོལ་འདེབས་གོང་ལྟར་བྱ་སྟེ༔ ཧྲཱི༔ འགྲོ་བའི་བླ་མ་སོགས་གོང་དུ་གསོལ་འདེབས་བྱ་བར་གཞུང་ནས་གསུངས་པས་འདིར་འཐུས་ལ༔ མཁར་དྲུང་ལུགས་ལྟར་གཉིས་གང་བྱས་ཀྱང་ལེགས་སོ༔ རླུང་རོ་ལན་གསུམ་བུས་པས་ལུས་ཀྱི་ནད་གདོན་ཚེའི་བར་ཆད་ཐམས་ཅད་སངས་སེ་དག་སྟེ་ལུས་སྟོང་སང་ངེ་རླུང་དུ་བ་ལྟ་བུ་སྔོ་ནར་གྱིས་སོང་བས་སྤྱི་བོའི་ཚེ་དཔག་མེད་ཀྱི་བུམ་པའི་ཞབས་རྡོལ་ནས་བུམ་པའི་ཁ་ན་རླངས་པ་ཐོལ་གྱིས་སྔོ་སངས་སེར་ཐོན་པ་དང་༔ བུམ་པའི་ཞབས་ནས་བདུད་རྩི་རྡོལ༔ ཁ་ནས་ཁོལ་ཞིང་ལུད་པ་དང་༔ ཡབ་ཡུམ་བདེ་བས་བསྐུལ་བའི་སྦྱོར་མཚམས་ནས་དངས་མ་དཀར་དམར་དུ་ན་ར་ར་བབས་པས༔ རང་གི་སྤྱི་གཙུག་དང་ཁའི་ནང་གཉིས་ཀ་ནས་མར་བྱུང་བར་བསམས་ལ༔ ཁས་ཧུབ་ཧུབ་ཅེས་བཏུང་ལ་མཆིལ་མ་མིད་པས་ལྟེ་སྙིང་མགྲིན་པ་ཁེངས་སྤྱི་བོར་ཆིལ་གྱིས་ལུད་པ་དང་༔ ལུས་ཕྱི་ནང་ཡར་མར་དཀར་ཤམ་


CMR008_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བྱུང་བར་བསམ་ཞིང་རླུང་བཟུང་༔ བདུད་རྩི་བབས་པ་ལ་ཤེས་པ་གཏད་ལ༔ ཨོཾ་གུ་རུ་ཨཱ་ཡུ་ཛྷཱ་ན་ཧཱུཾ་ཧཱུཾ༔ནཾ་ཛསིདྡྷི་ཕ་ལ་ཧཱུྃ༔ ཞེས་པ་སྒྲུབ་པའོ༔ དེ་ནས་རང་གི་སྤྱི་བོར་རྣམ་སྣང་ཚེ་དཔག་མེད་ཡབ་ཡུམ་དཀར་པོ་མགྲིན་པར་རིན་འབྱུང་ཚེ་དཔག་མེད་ཡབ་ཡུམ་སེར་པོ༔ ཐུགསཾ་ཀར་མི་བསྐྱོད་ཚེ་དཔག་མེད་ཡབ་ཡུམ་མཐིང་ག༔ ལྟེ་བར་དོན་གྲུབ་ཚེ་དཔག་མེད་ཡབ་ཡུམ་ལྗང་གུ་ཐམས་ཅད་མཉམ་གཞག་ཚེ་བུམ་འཛིན་པ་དམ་ཡེ་དབྱེར་མེད་པར་བསྐྱེད༔ དེ་རྣམས་ཀྱི་སྦྱོར་མཚམས་དང་ཐུགས་ཀའི་ས་བོན་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ འབྱུང་བ་བཞིའི་བཅུད་ཐམས་ཅད་བསྡུས་ཏེ༔ ནམ་མཁའི་བཅུད་ཐམས་ཅད་རྣམ་སྣང་གི་བུམ་པར༔ ས་བཅུད་ཐམས་ཅད་རིན་འབྱུང་གི་བུམ་པར༔ ཆུ་བཅུད་ཐམས་ཅད་མི་བསྐྱོད་པའི་བུམ་པར༔ རླུང་བཅུད་ཐམས་ཅད་དོན་གྲུབ་ཀྱི་བུམ་པར་བསྡུས༔ མེ་བཅུད་ཐམས་ཅད་བདག་གཙོ་བོའི་བུམ་པར་བསྡུས་ཏེ༔ ཚེ་བདག་རིགས་ལྔའི་བུམ་པ་རྣམས་ཚེ་ཡི་བདུད་རྩིས་གང་ཞིང་ཆི་ལི་ལི་ཁོལ་བར་བསྒོམས་ལ༔ ཀྱེ་མ་འགྲོ་མགོན་ཐུགས་རྗེ་ཅན༔ སྨོན་ལམ་ལས་གྲུབ་རྒྱལ་བའི་སྐུ༔ དུས་མིན་འཆི་བ་སྐྱོབ་པའི་དཔལ༔ རྒྱལ་བ་རིགས་


CMR008_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ཚེ་དཔག་མེད༔ བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ དུས་མིན་འཆི་བ་བཟློག་ཏུ་གསོལ༔ ཅེས་གསོལ་བ་བཏབ་པའམ༔ བསྡུ་ན་ཡིད་ཀྱིས་གསོལ་བ་བཏབ་པས༔ རིགས་ལྔའི་བུམ་པ་ནས་འཆི་མེད་ཀྱི་བདུད་རྩི་ན་ར་ར་བབ་ཅིང་བདག་ལུས་དཀར་ལྟེམ་གྱིས་གང་བས༔ ནམ་མཁའི་བཅུད་ཀྱིས་སྐྱེ་ཤི་གཞོམ་གཞིག་མེད་པ་འཆི་མེད་རྡོ་རྗེའི་སྐུ་ཐོབ༔ ཆུ་བཅུད་ཀྱིས་ཚེ་རྒྱུན་རིང་༔ མེ་བཅུད་ཀྱིས་བཀྲག་མདངས་རྒྱས༔ ས་བཅུད་ཀྱིས་ཚེ་སྲ་བརྟན་ཤ་རྒྱས༔ རླུང་བཅུད་ཀྱིས་ཡང་རྩལ་བདེ་ཞིང་མི་འགྱུར་བར་བྱས་ཏེ༔ འཁོར་ལོ་ལྔ་བདུད་རྩིས་གང་ཕྱི་འབྱུང་བའི་བཅུད༔ ནང་འབྱུང་བའི་སྟོབས་སུ་གྱུར་ནས་ཚེའི་རིག་འཛིན་ཐོབ་པར་བྱས༔ དེ་ནས་རྒྱལ་བ་ཡབ་ཡུམ་རྣམས་སྦྱོར་བ་མཛད་པའི་སྦྱོར་མཚམས་ནས་འོད་ཟེར་སྐར་མདའ་ལྟར་འཕྲོས་པས༔ བདག་གི་བླ་ཚེ་ཡར་བའམ༔ གདོན་བགེགས་ཀྱིས་ཁྱེར་བ་ལ་སོགས་པ་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་ལྟར་ཐམས་ཅད་བསྡུས་ནས༔ རང་གི་སྙིང་གའི་རྩྭ་ལ་ཐིམ་པས་སོར་ཆུད༔ སྦྱོར་མཚམས་ནས་བྱང་སེམས་བབས་པས་བདག་ལུས་འཁོར་ལོ་ལྔ་གང་༔ རིགས་བཞི་ཡབ་ཡུམ་ཡང་འོད་དུ་ཞུ་ནས་བདག་དང་དབྱེར་མེད་དུ་


CMR008_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་པར་བསམ༔ དེ་ལྟར་བསམ་ཞིང་སྔགས་བཟླས་པ་ལས་སྦྱོར་སྤོག་ཆོག་ལྟ་བུ་ཡིན་ལ༔ དེ་ནས་ཐུན་མཚམས་སུ་སྤྱི་བོའི་བླ་མ་ཚེ་དཔག་མེད་དེ་རང་གི་སྙིང་གར་བྱོན༔ དེའི་ཐུགས་ཀར་གསེར་གྱི་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་མཆོང་གི་བུམ་པ་ཞིག་བསམ༔ དེའི་ནང་དུ་བདག་གི་སྲོག་ནི་ལྗང་གུ་ཞིག་བསྒོམ༔ དེ་ལས་འོད་ཟེར་འཕྲོས་ཕྱོགས་བཅུའི་འཁོར་འདས་ཐམས་ཅད་སིབ་སིབ་འདུས་ནས་ལུས་ཀྱི་ནང་ཐམས་ཅད་དཀར་མེར་གྱིས་གང་ནས༔་ལུས་ཀྱི་ཕྱི་བ་སྤུའི་བུ་ག་ལའང་སྐྱ་ཕྲོམ་མེ་བྱུང་༔ བདག་གི་སྙིང་གའི་ཚེ་དཔག་མེད་ལ་ཐིམ༔ དེ་ཡང་རྡོ་རྗེ་རྒྱ་གྲམ་ལ༔ དེ་ཡང་བུམ་པ་ལ༔ བུམ་པ་ནི་ལ༔ ཧྲཱིཿ་དེ་སྐད་ཅིག་གིས་རྡོ་རྗེ་རྩེ་ལྔ་པ་འགྱུར་མེད་དུ་ཁྲོང་ངེ་བ་ཞིག་ཏུ་ང་རྒྱལ་དང་ལྡན་པར་བྱའོ༔ དེ་ནས་རང་སེམས་སྐྱེ་འཆི་མེད་པའི་རང་ཞལ་བལྟས་ཤིང་བླ་མ་ལོངས་སྐུའི་ཞིང་ཁམས་བདེ་བ་ཅན་དུ་སྐྱེ་བའི་བསྔོ་བ་སྨོན་ལམ་ཤོ་ལོ་ཀ་ཙམ་བྱའོ༔ དེ་ལྟར་ཐུན་རེ་ཙམ་ཀྱང་མ་ཚིག་པར་བྱའོ༔ ལོངས་སྐུ་སྤྲོས་མེད་ཉམས་ལེན་རྒྱུན་ཁྱེར་བྱ་ཚུལ་འདི་བཀོད་པ་ལ༔ ཉེས་པ་གང་མཆིས་ལྷ་དང་ཆོས་བདག་སྲུང་མ་རྣམས་ལ་བཤགས་སོ༔ ཚེ་འདིའི་རྐྱེན་དང་ཡུན་གྱི་སྒྲིབ་པར་མ་གྱུར་ཅིག༔ འདི་ལ་


CMR008_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ནས་སེམས་ཅན་ཐམས་ཅད་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་གྱུར་ཅིག༔ ༈ དེ་ནས་བླ་མ་ཆོས་སྐུར་སྒྲུབ་པ་ནི༔ སྐད་ཅིག་དྲན་རྫོགས་སུ་བདག་བསྐྱེད་ཐུགས་སྒྲུབ་དཀྱིལ་འཁོར་ཡོངས་རྫོགས་སམ༔ བསྡུ་ན་རྟ་ཕག་ཡབ་ཡུམ་གཙོ་རྐྱང་སྒོམ་པའི་སྤྱི་བོར་པདྨ་དང་ཟླ་བའི་གདན་ལ་ཨཱ་ལི་ཀཱ་ལིས་མཚན་པའི་སྟེང་དུ་བླ་མ་ཆོས་སྐུ་རྡོ་རྗེ་འཆང་ཡབ་ཡུམ་སྐུའི་གནས་བཞིར་ཡིག་འབྲུ་བཞི་དང་བཅས་པ༔ དམ་ཡེ་དབྱེར་མེད་དུ་བསྒོམ༔ ཡེ་ཤེས་པ་སྤྱན་འདྲེན་མི་དགོས་ཏེ་ཆོས་སྐུས་མ་ཁྱབ་པ་མེད་ལ༔ ཆུ་ཟླ་བཞིན་དུ་གར་དམིགས་དེར་སྣང་བ་གསུངས་པའི་ཕྱིར་རོ༔ དེ་ནས་བླ་མ་ཆོས་སྐུའི་གསོལ་འདེབས་དང་༔ ལེའུ་བདུན་མའི་དབུའི་ཤོ་ལོ་ཀ་གཅིག་གམ༔ མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས་སོ༔ ཞེས་རྒྱང་འབོད་ཚུལ་དུ་བྱས་ལ༔ བདག་གི་བླ་མ་རིན་པོ་ཆེ་བདག་ལ་ད་ལྟ་ཉིད་དུ་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ༔ དབང་བཞི་རྫོགས་པར་བསྐུར་དུ་གསོལ༔ ཅེས་གསོལ་བ་བཏབ་པས༔ བླ་མ་ཡབ་ཡུམ་སྦྱོར་བ་མཛད་པའི་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་དུ་ན་ར་ར་བབས་པས་ཚངས་


CMR008_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བུག་ནས་མར་བྱུང་༔ སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ཐམས་ཅད་གང་བས་ལུས་སྒྲིབ་ཐམས་ཅད་དག་བུམ་དབང་ཐོབ་པར་བསམ༔ དེ་ནས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ཐམས་ཅད་གང་ངག་སྒྲིབ་དག་གསང་དབང་ཐོབ༔ སྙིང་ག་ཆོས་ཀྱི་འཁོར་ལོ་ཐམས་ཅད་གང་ཡིད་སྒྲིབ་དག་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ ལྟེ་བ་སྤྲུལ་པའི་འཁོར་ལོ་གང་༔ སྒོ་གསུམ་སྡིག་སྒྲིབ་ཐམས་ཅད་དག་ཚིག་དབང་རིན་པོ་ཆེ་ཐོབ༔ དེ་ནས་བླ་མ་སྤྱི་བོ་ནས་མར་བྱོན་སྙིང་གི་དཀྱིལ་དུ་ཐིམ༔ འོད་དུ་ཡལ་རང་དང་གཉིས་མེད་དུ་ཕྲུག་གིས་འདྲེས་སྤྲོས་མེད་དོན་གྱི་བླ་མ་དང་མཇལ་བའི་ངང་དུ་མ་བཅོས་པར་བཞག༔ གཉིས་མེད་ཐུགས་རྒྱུད་འཕོས་པའི་ངང་དེ་ལ༔ སྟོན་སེར་ནམ་མཁའ་བཞིན་དུ་གསལ་དྭངས་བཞག༔ སྨྲར་མེད་ཡིད་ཆེས་འདི་ཞེས་བརྗོད་བྱ་བྲལ༔ འདི་འདྲའི་ཡིན་ལུགས་མ་མཐོང་མཐོང་རྒྱུ་ཞིག༔ ས་ལེ་རང་གསལ་རྟོག་མེད་རྗེན་ནེ་བ༔ དེ་ཚེ་རང་བྱུང་བླ་མའི་རང་ཞལ་མཇལ༔ འགྲོ་མགོན་བླ་མའི་བྱིན་རླབས་དེ་ཚེ་ཞུགས༔ དེ་ཡི་དོན་རྟོགས་རྒྱུན་དུ་དེ་ལྟར་བསྒོམ༔ གེགས་སེལ་བོགས་འདོན་གསོལ་འདེབས་ཁོ་ནས་སེལ༔ འདོད་པའི་དོན་ལ་གསོལ་བ་གང་བཏབ་འགྲུབ་༔ འདིའི་བསྙེན་


CMR008_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ཚོགས་བསགས་ཀྱི་རིམ་པ་དང་༔ ལས་སྦྱོར་ནི་ཉམས་ལེན་སྐྱོང་ཞིང་བོགས་ཅི་ཐོན་བྱེད་པས་འཐུས་སོ༔ ཐུན་མཚམས་བསྔོ་བ་སྨོན་ལམ་ཡང་བྱ་ཞིང་༔ རྒྱུན་དུ་དེ་ལྟར་སྐུ་གསུམ་ཁ་ཐུན་རེ་རེའམ༔ སྐུ་གསུམ་གང་འདོད་པའི་སྒོམ་བཟླས་ཐུན་རེ་མ་ཆག་པ་དང་༔ ལས་བྱང་གཞུང་བསྲང་རེ་གྲུབ་ན་ལེགས༔ མ་གྲུབ་ཀྱང་གཏོར་མ་སྔགས་བསྔོས་མ་ཆག་པར་བྱས་ལ༔ ཚེས་བཅུ་སོགས་དུས་ཁྱད་པར་ཅན་ལ་ལས་བྱང་གཞུང་བསྲང་༔ ཚོགས་བསྐང་གསོལ་བཀའ་སྲུང་མཆོད་པ་སོགས་རྒྱས་པར་བྱའོ༔ དུས་དང་རྣམ་པ་ཀུན་དུ་ཡང་བླ་མ་ཆོས་སྐུའི་ཉམས་ལེན་ངོ་བོ་སྐྱོང་བ་དེ་ཁོ་ན་ལ་ནན་ཏན་བྱའོ༔ དེ་དང་མ་བྲལ་བར་ཙུག་ཅི་ཐུབ༔ དེ་ལ་བོགས་ཅི་ཐོན༔ དེས་ཉོན་མོངས་རང་ཞིར་འགྲོ་ཅི་ཐུབ༔ དེ་སྤྱོད་ལམ་རྣམ་བཞི་དང་ཅི་འདྲེས་བྱེད༔ དེ་ན་ཚ་དང་སྡུག་བསྔལ་འདྲེས་ཅི་ཐུབ་བྱེད་པ་ཡིན་ལགས་སོ༔ ཞེས་པ་སྐུ་གསུམ་སྒྲུབ་པ་རྒྱུན་ཁྱེར་རང་གི་ཉམས་ལེན་བརྗེད་ཐོ་འདི་ནི༔ ཤིང་ཕོ་རྟ་ལོ་ཆུ་སྟོད་ཅན་གྱི་གནམ་གང་ཉིན་ཁོ་ན་ཉིད་ལ་རྫོགས་པར་བཀོད་པའོ༔ འདི་བྲིས་ཉེས་པ་གང་མཆིས་རྩ་གསུམ་ཌཱཀི་གཏེར་སྲུང་རྣམས་ལ་བཤགས་སོ༔ འདི་ཕྱིའི་སྒྲིབ་པར་མ་གྱུར་


CMR008_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག༔ འདི་བྲིས་དགེ་བས་བདག་དང་བདག་ལ་འབྲེལ་ཚད་བདེ་བ་ཅན་དུ་སྐྱེས་ནས་བླ་མ་ལོངས་སྐུ་བླ་མར་དངོས་སུ་བསྟེན་པའི་སྐལ་པ་ཅན་དུ་གྱུར་ཅིག༔ ཅེས་རྣལ་འབྱོར་པ་༧༔ ཨ་རཱ་གས་སོ༔ ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

བླ་མ་སྐུ་གསུམ་སྒྲུབ་པའི་ཟིན་བྲིས་རིན་ཆེན་ཤོག་འདྲ་ལས༔ རྗེས་ཆོག་གི་ཟིན་བྲིས།


CMR008_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་སྐུ་གསུམ་སྒྲུབ་པའི་ཟིན་བྲིས་རིན་ཆེན་ཤོག་འདྲ་ལས༔ རྗེས་ཆོག་གི་ཟིན་བྲིས་བཞུགས་སོ༔


CMR008_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུམ་སྒྲུབ་པའི་ཟིན་བྲིས་རིན་ཆེན་ཤོག་འདྲ་ལས༔ རྗེས་ཆོག་གི་ཟིན་བྲིས་ནི༔ སྒྲུབ་ཆེན་ཡིན་ན་གཅིག་གིས་སྒྲུབ་ཆེན་ལྟར་སྒྲུབ་པའམ༔ སྒྲུབ་ཕྲན་ལྟར་སྟ་གོན་མེད་པར་བསྒྲུབས་སམ༔ སྐུ་གསུམ་སྦྲེལ་མའི་སོ་སོར་སྒྲུབ་བམ༔ ལོ་སྒྲུབ་ཟླ་སྒྲུབ་གང་བྱེད་ཀྱང་དུས་གྲངས་ཀྱི་བསྙེན་སྒྲུབ་ལས་སྦྱོར་གསུམ་ཐེམ་ནས༔ གཏང་རག་གི་ཚོགས་འཁོར་རྒྱས་པར་བྱས༔ ཐུགས་སྒྲུབ་དང་ཆོས་སྐྱོང་མ་ནིང་གི་བསྐང་གསོལ་བྱའོ༔ དྲི་མེད་བཤགས་རྒྱུད་དམ་ཡང་ན་ཀློང་བཤགས་ཚར་གཅིག་འདོན་པས་ཆད་ལྷག་བཀང་༔ དངོས་གྲུབ་ལེན་ཆོག་སྒྲུབ་ཆེན་རྟགས་ཡིག་མཇུག་ནས་བྱུང་བ་


CMR008_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་དངོས་གྲུབ་བླང་སྟེ་བདུད་རྩི་བཏུང་༔ དངོས་གྲུབ་རྫས་དང་པོ་ནས་བཤམས་པ་དེ༔ ལས་བྱང་ནས་གསུངས་པའི་དངོས་གྲུབ་ལེན་ཆོག་བླངས་ལ་ཅུང་ཟད་བཟ༢༔ དབང་སྐུར་ན་སྐབས་འདིར་རོ༔ རང་གཅིག་པུ་ལ་ཡང་ལས་བྱང་ལྟར་གཏོར་མ་བུམ་པ་གནས་བཞིར་གཏུག་དབང་བླང་གཏོར་མ་ནས་ཅུང་ཟད་བཟའ་འོ༔ བཀའ་སྲུང་ལ་གཏོར་མ་གཅིག་བསྔོས་ལ་སྒོའི་དམ་ཡིག་བླངས་བཅོལ༔ དེ་ནས་དཀར་གཏོར་ལྔ་ནི་གཅིག་གཞི་བདག་ལ་གཏང་རག་ཏུ་བསྔོས་ལ་སྒོ་རྩའི་ཐོ་བསྐྱེལ༔ བཞི་རྒྱལ་ཆེན་བཞི་ལ་སོ་སོར་བསྔོ་སྟེ་སྒྲུབ་ཆེན་མཇུག་ནས་གསུངས་པ་ལྟར་བྱ༔ ཁྲོ་བོ་


CMR008_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལ་ཡང་དམར་གཏོར་བསྔོས་ཏེ་སྒོ་བྱང་བསྡུའོ༔ དེ་ནས་གཏེར་སྦ་བ་ནི་རྡུལ་ཚོན་ཡིན་ན་གཞུང་ལྟར་སྦྲའི་རས་བྲིས་ལ་ནི་མི་དགོས་ཀྱང་གཏེར་རྗེས་སུ་སྦ་ཡང་རུང་ངོ་༔ ཡང་དལ་གྱི་དྲུང་དུ་སྦས་མེད་ན༔ སྒྲུབ་གནས་དེའི་ཉེ་ལོགས་ཀྱི་རི་བྲག་ས་བཀྲ་ལེགས་སར་སྦས་ན༔ སྙིང་གཏེར་གྱི་གོ་ཆོད་དོ༔ དེ་ནས་དམར་གཏོར་ཆོས་སྐྱོང་གི་གྲངས་རྗེས་སུ་དམ་བརྡར་ལ་ཆེ་བ་ཞིག་དང་སྤྲོ་ན་ཟོར་ཡང་བཤམ༔ མེད་ན་གཏོར་མས་ཆོག༔ དེ་ཡང་སྒྲུབ་ཆེན་མང་པོ་འཚོགས་ནས་སྤྲོས་བཅས་བྱས་པ་ཡིན་ན་ཕྱི་རོལ་དུ་འགྲོ་ནས་གཏོར་རྒྱག་བཞེས་འབོད་དགུ་གཏོར་ཆེན་པོ་ལྟར་བྱེད་རྒྱུ་ཡིན་ནའང་༔ རྣལ་འབྱོར་པས་རང་དོན་གཅིག་པུ་ལ་དེ་རྣམས་མི་དགོས་རང་མདུན་སླ་ངའམ་ལྕགས་སྡེར་དུ་ལིངྒ་བཤམས་བཀུག་གཞུག་བསྒྲལ་ཆོག་རྒྱས་བསྡུས་གང་འོས་བྱས༔ ཕྱོགས་དང་མཁའ་འགྲོ་རྒྱུ་ལྡོག་ལེགས་པར་བརྩིས་ལ་དེར་ཁ་གྱུ་བས་གསེར་སྐྱེམས་གཏོར༔ གཏོར་མ་རྣམས་ཕྱུར་ནག་སྟེང་དུ་ཕྲེང་བྱས་བཤམས༔ གཏོར་མ་ཆེ་བའི་ནང་དུ་སྒྲུབ་གཏོར་ཅུང་ཟད་བཅུག༔ དཀར་གཏོར་སྤྱིའི་དེ་ཕུལ༔ མཁའ་རི་ལ་གཏོར་མ་ཞིག་ཕུལ༔ ཆད་མདོ་བརྟན་སྐྱོང་ཕུལ༔ ཆོས་སྐྱོང་སྤུ་གྲི་སོགས་སྤྱི་ལ་དམར་གཏོར་


CMR008_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གམ་གང་ལྕོགས་ཙམ་ཕུལ༔ དེ་ནས་མ་ནིང་དམ་བརྡར་བཏོན་ལ་གཏོར་མ་དེ་ཕྱར་ནག་གི་མར་སྣེ་སླ་ང་ནང་གི་ལིངྒ་ལ་བརྒྱབ༔ དེ་ནས་ཟ་ལམ་བཀའ་བརྒྱུད་ནས་ཁ་སབ་ལ་དམར་གཏོར་དེ་ལ་བཏོན་ལ་ཕྱིར་བསྒྱུར༔ དེ་ནས་ཐུགས་སྒྲུབ་བསྐུལ་བྱང་བཏོན་ལ་ཟོར་ཡོད་ན་དང་ཟོར་མེད་ན་གཏོར་མ་དེ་ལིང་ལ་བརྒྱབ་བོ༔ གཏོར་སྣོད་རྣམས་ཆང་དང་ཁྲག་ཆུས་བཤལ་ལ༔ སླར་བརྟེན་མ་ཚར་གཅིག་འདོན་ལ་མཆོད༔ དེ་ནས་གཏོར་སྣོད་ཐམས་ཅད་ཁ་སྦུབ་ལ་རྟ་བྲོ་བརྡུང་༔ སླར་ཚེ་གཏོར་ཚེ་ཆང་སོགས་གཞུང་ལྟར་བཤམས་ལ༔ སྒྲུབ་ཆེན་ལྟར་ཚེ་འགུགས་རྒྱས་པར་བྱ༔ དེ་ནས་མཆོད་པ་དང་བསྒྲུབ་རྫས་རྣམས་སོ་སོར་བསྡུས་ལ༔ མདུན་བསྐྱེད་ཡེ་ཤེས་པ་ཐམས་ཅད་སྐུ་འབག་ལ་བསྟིམས་ལ་བརྟན་བཞུག་བྱ༔ འཇིག་རྟེན་པ་གཤེགས༔ ཧཱུྃ་ཧཱུྃ་བརྗོད་པས་སྣང་སྲིད་འོད་དུ་ཞུ་ཞེས་སོགས་སྒྲུབ་ཆེན་ནས་གསུངས་པ་ལྟར་དང་༔ ལས་བྱང་ནས་ཆོས་སྐུ་སྐྱེ་མེད་བྱ་བ་བརྗོད་ལ༔ དཀྱིལ་འཁོར་རྡུལ་ཚོན་ཡིན་ན་མཐའ་ནས་དབུས་སུ་བསྡུ༔ རས་བྲིས་ཡིན་ན་དྲིལ་ཅིང་ཨཱ་ལི་ཀཱ་ལི་བཟླས༔ ལྷར་ལྡང་བ་ནི་བདག་ཉིད་ཀྱང་སྟོང་པའི་ངང་ལས་རྟ་མགྲིན་ཕྱག་གཉིས་རྒྱུན་མེད་པར་མོས་ལ་


CMR008_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

རྡོར་དྲིལ་ཐུགས་ཀར་བསྣོལ་ལ༔ ཧཱུྃ༔ རང་ལུས་འབྱུང་བ་ལྔ་དང་ཞེས་སོགས་སྒྲུབ་ཆེན་དང་༔ ལས་བྱང་ནས༔ ཧཱུྃ༔ སྣང་སྟོང་ཟུང་འཇུག་ཅེས་སོགས་བརྗོད༔ ཡོན་འབུལ་བ་ནི་རང་གི་སྒྲུབ་པ་ལ་མི་དགོས་ཏེ་སློབ་མ་ལ་དབང་བསྐུར་བའི་དོན་དུ་སྒྲུབ་ཆེན་བྱས་ན་སློབ་མས་ཡོན་འབུལ༔ ཡོན་བདག་གི་སྦྱིན་བདག་བྱས་ན་སྒྲུབ་ཆེན་བཙུགས་ན་ཡོན་བདག་དེས་དེ་སྐད་ཞུ་ཞིང་ཡོན་འབུལ་བ་ཡིན་ནོ༔ དེ་ནས་མར་མེ་སྨོན་ལམ་མཆེད་ལྕམ་མང་པོ་ཡོད་ན་ཐམས་ཅད་ཀྱིས་མར་མེ་སོགས་ཐོགས་ལ༔ མེད་ན་རང་ཉིད་མར་མེ་ཐོགས་ལ་སྨོན་ལམ་སྒྲུབ་ཆེན་ནང་གི་དང་༔ ན་མོ་བདག་གིས་བླ་མ་བསྒྲུབས་ལགས་ཀྱི༔ ཞེས་སོགས་བརྗོད་མར་མེ་སྨོན་ལམ་འདི་དཀྱིལ་འཁོར་མ་བསྡུས་གོང་བསྐང་བཤགས་ཀྱི་མཇུག་ཏུ་བྱས་ན་ཡང་ལེགས་སོ༔ དེ་ནས་བཀྲ་ཤིས་ནི་སྒྲུབ་ཆེན་དང་ལས་བྱང་གཉིས་ཀ་ནས་བཤད་པ་ལྟར་བརྗོད་དོ༔ རང་ལུས་སྲུང་བ་ཆོས་སྐུ་སྐྱེ་མེད་སོགས་བརྗོད༔་ཡང་ཕྱི་རོལ་དུ་གཏོར་རྒྱག་སོགས་སྤྲོས་བཅས་མི་བྱ་ཞིང་ཐམས་ཅད་ཀྱིས་མཐོང་བར་མི་བྱེད་ན༔ རྒྱལ་ཐོ་འདི་ནས་བསྡུ་ན་ཐམས་ཅད་མཚམས་ཁུངས་ནས་གྲུབ་པར་བྱའོ༔ ཕྱིར་གཏོར་རྒྱག་བྱེད་ན་སྔོན་དུ་རྒྱལ་ཐོ་བསྡུ་ནས་


CMR008_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་མ་རལ་བ་བྱའོ༔ དེ་ནས་ཕུགས་གཏོར་ད་རུང་ཡོད་པས་ལས་བྱང་ཚར་གཅིག་བཏང་ཞག་གཉིས་གསུམ་ཐག་རིང་དུ་མི་འགྲོ་གྲིབ་ཆེན་ལ་འཛེམ༔ རོལ་མོ་དང་བཅས་རྡུལ་ཚོན་ཡོད་ན་ཆུ་བོར་བསྐྱལ་ལ་རོལ་མོ་སོགས་བྱེད་ཅིང་༔ སྣོད་ཆུས་བཀང་ལ་ཁྱིམ་དུ་འོང་དེ་ནས་ནང་དུ་སྒྲུབ་ཆེན་ནས་གསུངས་པ་དང་རང་གི་འདོད་པ་ལྟར་དགེ་བའི་རྩ་བ་བསྔོ་བས་རྒྱས་བཏབ་བོ༔ འདིའི་གོ་རིམ་ཅུང་ཟད་གཞུང་དང་མི་མཐུན་པ་ནི༔ གཞུང་གི་དེ་སྒྲུབ་ཆེན་སྤྲོས་བཅས་དང་༔ རྣལ་འབྱོར་གཅིག་གིས་བྱ་ཚུལ་གཉིས་སྤྱི་སོ་སོར་གསུངས་པ་ཡིན་པོས༔ སྐབས་སུ་གང་བབ་དཔྱད་ཤེས་པར་བྱ་ཡི་གཅིག་ཏུ་ངེས་པ་མེད་དོ༔ དེ་ཡང་སྐུ་གསུམ་སྒྲུབ་པ་མི་གཅིག་གིས་བསྒྲུབ་ན༔ དང་པོ་ཐམས་ཅད་ཚང་བར་བྱས་ལ་ཕྱིའི་རྒྱལ་ཐོ་སོགས་བསྡུ་བ་ལེགས་སོ༔ མདོར་ན་མཚམས་གྲོལ་ནས་ཀྱང་ཁད་ཀྱིས་ཇེ་ལྷོད་དུ་བྱ་བ་གལ་ཆེའོ༔ སྒྲུབ་ཤུལ་གྱི་རྫས་སོགས་ཐམས་ཅད་ཀྱང་བསྡུས་ལ་མི་མངོན་པར་བྱའོ༔ རྩ་གསུམ་འཁོར་ལོ་དང་ཐོག་ཕུབ་སྐུ་གསུམ་སྐུ་འབག་བྷནྡྷ་རྡོ་རྗེ་མེ་ལོང་སོགས་ནང་རྟེན་ཚུལ་དུ་འཆང་༔ རྩ་གསུམ་འཁོར་ལོ་ལུས་ལ་འཆང་ཐོན་ན་ལེགས༔ རྒྱུན་དུ་ཡང་སྒོམ་བཟླས་དང་


CMR008_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་རྣལ་འབྱོར་སོགས་མ་ཆག་པར་ཐུགས་དམ་དུ་བྱ༔ རྗེས་ནས་ཀྱང་སྒྲུབ་པའི་ཁ་གསོའམ་སྒྲུབ་པ་སྤོག་ཆོག་ཐོན་ན་ཤིན་ཏུ་བཟང་བས་བློ་ཕུགས་སྒྲུབ་པ་འདི་ལ་གཏད་ནས་སྙིང་ཕུགས་སུ་འཆང་བར་བྱའོ༔ དམ་ཚིག་རྣམས་པྲ་ཁྲིད་མཇུག་དང་ལང་གྲོའི་ཞུས་ལེན་ལ་ཡང་ཡང་ལྟ་ཞིང་སྤང་བླང་ལ་འབད་པ་གལ་ཆེའོ༔ འདི་ལྟར་སྐུ་གསུམ་སྒྲུབ་པའི་ཟིན་བྲིས་རིན་ཆེན་ཤོག་འདྲ་སྟེ་འདི་ལྟར་གཞུང་ཞལ་ཤེས་གསལ་པོ་བཀོད་ཅིང་དགོས་འདོད་འབྱུང་བས་ནི་རིན་ཆེན༔ ཟབ་ཅིང་ཤོག་སེར་དངོས་དང་འདྲ་བས་ཤོག་འདྲ་ཞེས་བྱ་བ༔ ཤིན་ཏུ་གོ་བདེ་བ་དཔེ་འདི་མཐོང་དབང་ལུང་ཐོབ་པོད་གཞུང་ཡོད་ན་སློབ་དཔོན་གཞན་བསྟེན་མི་དགོས་པར་བྱས་ཏེ༔ བདག་གིས་མ་འོངས་པའི་སེམས་ཅན་སྔགས་འཆང་གསར་བུ་འགའ་ལ་ཕན་ཕྱིར་སེམས་བསྐྱེད་ཁོ་ནས་བྲིས་ཏེ༔ དེ་ཡང་ཧ་ཅང་བསམ་གཞིག་མ་བྱས་པར་ཅི་མྱུར་དུ་བྲིས་པ་ལ་འགལ་འཁྲུལ་བྱུང་ན༔ བླ་མ་སྐུ་གསུམ་སྒྲུབ་པའི་བཀའ་སྲུང་རྣམས་ལ་བཤགས་ཤིང་༔ དགེ་བས་བདག་དང་བདག་ལ་འབྲེལ་བ་ཐོགས་ཚད་བདེ་ཆེན་དག་པའི་ཞིང་དུ་སྐྱེ་བར་གྱུར་ཅིག༔ ཅེས་པ་སྔགས་འཆང་ཨ་རཱ་ག་ཞེས་བྱ་བས་སྦྱར་བ༔ བཀྲ་ཤིས་དཔལ་འབར་ཆོས་འདི་དར་རྒྱས་


CMR008_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གྱུར་ཅིག༔ མངྒ་ལཾ༔ ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། གསང་ཁྲིད་རིམ་པ་ལྔའི་ནང་ནས་བོགས་འདོན་གཅོད་ཁྲིད་ཀྱི་ཟིན་བྲིས།


CMR008_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། གསང་ཁྲིད་རིམ་པ་ལྔའི་ནང་ནས་བོགས་འདོན་གཅོད་ཁྲིད་ཀྱི་ཟིན་བྲིས་བཞུགས་པའི་དབུའོ།།


CMR008_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་བཞི་འདུལ་མཛད་དཔལ་ཆེན་ཧེ་རུ་ཀ །ཀརྨ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ནས། །བདག་དང་བདག་འདྲ་གཞན་ལའང་ཕན་པའི་ཕྱིར། །ཟབ་ཆོས་ཐུགས་སྒྲུབ་ཡང་སྙིང་འདུས་པ་ཡི། །བོགས་འདོན་གཅོད་ཁྲིད་ལྷན་ཐབས་འདིར་བཀོད་བྱ། །ཆོས་བདག་གཏེར་སྲུང་ཌཱ་ཀིས་བཀའ་གནང་ཞིང་། །བརྩེ་བའི་ཐུགས་རྗེས་བྱིན་རླབས་དངོས་གྲུབ་སྩོལ། །དེ་ལ་རྣལ་འབྱོར་པ་ཐུགས་སྒྲུབ་ཀྱི་དབང་རྒྱས་བསྡུས་གང་རུང་ཐོབ་ཅིང་། སྐུ་གསུམ་སྒྲུབ་པ་གསུམ་ཀའམ་རེ་རེ། ཡང་ན་ཀུན་དྲིལ་ཡིད་བཞིན་ནོར་བུའི་བསྙེན་པ་ཐེམ་པ། གསང་ཁྲིད་རིམ་ལྔའམ།


CMR008_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་སྒྲུབ་ཀྱི་བསྐྱེད་རྫོགས་ལ་ངེས་ཤེས་ཐོབ་པའི་རྣལ་འབྱོར་པས། རང་གི་རྟོགས་པ་བོགས་འདོན་པའམ། གདུལ་བྱ་གཞན་ལ་ཕན་པའི་ཕྱིར་དུ་གཉན་ཐོག་བཅད་པར་བྱ་སྟེ། དང་པོ་གང་དུ་འགྲོ་བསམ་པའི་གནས་དེ་གསང་བ་གལ་ཆེ། ང་འདི་ན་འགྲོ་རྒྱུ་ཡིན་མི་སྨྲ། གལ་ཏེ་རིགས་ཀྱང་ཟིལ་གནོན་འཕངས་མ་ཚར་བར་དུ་གསང་བར་བྱའོ། །ཟིལ་གནོན་ནི། ཕཊ༔ རང་ཉིད་རྣལ་འབྱོར་མ་མཐིང་ནག་འཇིགས་སུ་རུང་བའི་ཐུགས་ཀ་ནས་གནམ་ལྕགས་ཀྱི་རྡོ་རྗེ་རི་བོ་ཙམ་ཞིག་འཕྲོས་ནས། མདའ་འཕངས་བ་ལྟར་སོང་། གཉན་ས་དེ་ལ་ཕོག་པས་ས་གཞི་ཐམས་ཅད་རྩམ་


CMR008_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

གཞོང་བསིགས་པ་ལྟར་གྱུར། རི་ཉིལ་མཚོ་དཀྲུགས་ཤིང་ཐམས་ཅད་བཅག་ལམ་བསྣོགས་བྲག་དང་ཕ་ཝང་ཐམས་ཅད་ཆག་ནས་རྡུལ་དུ་བརླག །དེ་ནས་རྡོ་རྗེ་དེ་ཡོངས་སུ་གྱུར་པ་ལྟར་ཁྲོས་མ་མཐིང་ནག་དགུར་གྱུར་ཏེ། ཕྱོགས་མཚམས་བརྒྱད་དབུས་དང་དགུ་ནས་བསྲུངས་པས་ལྷ་འདྲེ་ཐམས་ཅད་གར་ཡང་འགྲོ་དབང་མེད་པར་བསྒོམ། ཡང་ས་ཆ་རྒྱུས་མེད་པ་ལ་ཟིལ་གནོན་འཕེན་པ་ནི། རང་ཕག་མོ་མཐིང་ནག་གི་ཐུགས་ཀ་ནས། གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་འཕྲོས་པས་ས་ཆ་དེ་རྩམ་གཞོང་བསིགས་པ་ལྟར་གྱུར། ཕཊ༔ དེ་ཡོངས་སུ་གྱུར་པ་ལས་དཔའ་བོ་ཌཱ་ཀིར་གྱུར། དེ་རྒྱབ་མི་ནག་ལག་སྦྲེལ་གྱི་གུར། དེ་རྒྱབ་མུན་ནག་གི་གུར་ཁང་དུ་གྱུར་ནས། ལྷ་འདྲེ་ཐམས་ཅད་གར་ཡང་འགྲོ་དབང་མེད་པར་བསྒོམ། །ཁྱིམ་ནས་སྒོར་འགྲོ་ཚེ། ཕཊ༔ རང་གི་སྤྱི་བོར་བླ་མ་དང་ཀརྨ་ཐོད་ཕྲེང་རྩལ་བསྒོམས་ལ། ལུས་གདོན་གནས་གདོན་གྱིས་གཙོར་བྱས། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཕྱིར་གཉན་ས་རི་ཁྲོད་དུ་འགྲོ་སྙམ་དུ་སེམས་བསྐྱེད་ལ། ལུས་ལོངས་སྤྱོད་ཁ་རྗེ་དབང་ཐང་དང་བཅས་པ་ཀརྨ་ཐོད་ཕྲེང་རྩལ་ལ་ཕུལ་བར་བསྒོམ། གསོལ་


CMR008_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་ཀྱང་བྱ། དེ་ནས་ལུས་འདི་རོའི་ཚུལ། རིག་པ་འདི་རོ་ཁུར་མི། གཉན་ས་དེ་དུར་ཁྲོད། ལྷ་འདྲེ་རྣམས་བྱ་དང་གཅན་གཟན་གྱི་ཚུལ་དུ་དམིགས་ལ་གཉན་སའི་ས་མགོ་མ་མཐོང་བར་དུ་འགྲོ། ས་མགོ་མཐོང་ནས། ཕཊ༔ རང་ཉིད་རྗེ་བཙུན་མ་དམར་མོ་གཅིག་ཏུ་གྱུར། མི་རྐང་གི་གླིང་བུ་ཚག་ཚག་འབུད་པས་ལྷ་འདྲེ་ཐམས་ཅད་འདར་ཆོམ་ཚོམ་བྱེད་ཅིང་། ལམ་དེའི་ལྷ་འདྲེ་ཐམས་ཅད་རང་དབང་མེད་པར་འདུས་ནས་རང་ལ་བསྐོར་ནས་འགྲོ་བར་བསྒོམ། མ་ཡེངས་པར་འགྲོ། ལམ་དུ་ཆུ་གཅིག་ཤིང་གཅིག་བྲག་ཟུར་ཕ་ཝང་རྟགས་ཅན་འདུག་ན། ཕཊ༔ བརྗོད་ཅིང་། གཉེན་སར་མ་ཕྱིན་བར་དུ་འགྲོ། དེ་ནི་ལམ་གྱི་དབང་སྡུད་དང་སོ་པ་གཟིར་པ་གཉིས་ཀ་ཡིན་ནོ། །དེ་ནས་གཉན་ས་དེར་ཕྱིན་ནས་། ད་ཅིའི་ཟིལ་གནོན་དུས་ཀྱི་ཁྲོས་མ་དབུས་མ་དེ་རང་ལ་བསྟིམ། ཕཊ༔ ཕྱོགས་མཚམས་ཀྱི་མཁའ་འགྲོ་ནག་མོ་བརྒྱད་དེས་སྔར་ལྟར་བསྲུང་བས་གནས་དེའི་ལྷ་འདྲེ་དང་ལམ་ནས་ཁྲིད་པའི་ལྷ་འདྲེ་ཐམས་ཅད་གར་ཡང་འགྲོ་དབང་མེད་པར་བསྒོམས་ལ། ཕཊ༔ བརྗོད་ཅིང་རྐང་དུང་འབུད་དོ། ༈ །དེ་ནས་གཉན་མིག་གསལ་བ་ནི། ཆུ་མིག་མགོ་གཅིག་པའི་


CMR008_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

མགོ །གཉིས་པའི་བར། མགོ་གསུམ་པ་ཡན་གྱི་འདུས་མདོ། དགུ་ཡན་གྲངས་མེད་ཀྱི་དཀྱིལ་སྐམ་པ་ས་ཆ་གདུགས་རྒྱལ་མཚན་རིན་པོ་ཆེ་མཆོད་རྟེན་འདྲ་བའི་རྩེ། པདྨ་དཔལ་བེའུ་དུང་ཕུག་པ་འདྲ་བའི་དཀྱིལ། གསས་མཁར་མང་པོ་དང་སྨན་ལམ་གྱི་དཀྱིལ། ལུང་གསུམ་དང་སྒང་གསུམ་གྱི་འདུས་མདོ། ཁང་པ་འདྲེ་ཅན་ལྷ་ཁང་དཀོར་ཁང་གི་སྒོ་ཐེམ། །ཁང་རལ་གྱི་མཛོད་སྒོ། མཁར་གྱི་ཞོལ་ར། །ཆུ་བོའི་འཁུག་སོ་དང་ཆུ་འདུས་སྣ། མཚོའི་དཀྱིལ་སྣ། སྒང་པོའི་སྣ། ཐང་ཆེན་ལམ་རྒྱ་གྲམ་ཚོང་འདུས་རྣམས་ཀྱི་དཀྱིལ། བྱ་དང་མི་དང་སྦལ་པ་གྱེན་དུ་བརྒྱུག་འདྲའི་སྙིང་ཁ། གླང་ཆེན་གྱི་གཙུག །སེང་གེའི་གཡུ་རལ། དུད་འགྲོའི་རྭ་བར། ནགས་འཐུག་པོའི་སྲབ་ས། སྲབ་པའི་འཐུག་ས། མདོར་ན་གནས་དེའི་གནད་ཆེ་ཞིང་ཕར་ཞེན་པས། དཔེར་ན་མིའི་སྙིང་ལྟ་བུ་ལ་རང་འདུག་གོ །དུད་འགྲོའི་རྭ་རྩེ་གཅན་གཟན་མཆེ་བ་ལྟ་བུ་ལ་འདུག་མི་རུང་ངོ་། །དེ་ཡང་གཉན་ས་ཆེན་པོ་ཡིན་ན། གཅོད་དཔོན་རང་གང་གཉན་སར་བསྡད། དེ་མཚན་གཉན་ས་གཅིག་ན་ནད་པ་བཞག །དེ་མཆན་གཉན་ས་གཅིག་ལ་ཐབ་ཀ་བཅའོ། །ནད་པ་དང་གཅོད་དཔོན་ཐག་ཉེ་


CMR008_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

བ་གལ་ཆེའོ། །གཉན་ས་ཆུང་ན་གཉན་སར་ནད་པ་བཞག །དེ་མཆན་གཉན་སར་གཅོད་པ། དེ་མཆན་ཐབ་ཀ་བཅའོ། །ཡང་གཉན་སའི་ས་མིག་མ་རྙེད་པའམ། །ན་བུན་གྱིས་བཏུམས་ནས་མ་རྙེད་ན། ཕཊ༔ རང་ཉིད་ཕག་མོ་མཐིང་ནག་སྐུ་ལ་མི་ལྤགས་གསོལ་བར་བསམ། དྷ་དྲིལ་འཁྲོལ་ཞིང་ཕཊསྒྲ་དང་བཅས་པས་གར་སྟབས་འཆམ་ཞིང་ས་ཆ་དེར་བསྐོར་བ་བྱས་ལ། ལྗིད་ཟིང་ངེ་བའམ། སྐྱི་ཤ་ཟ་བའམ། སྐྱག་ཛབ་པའམ། འཇིགས་རུབ་རུབ་བའམ། བག་དྲོ་བ་ཉམས་དགའ་ཡ་ལེ་བ། དེ་འདྲ་གར་བྱུང་ས་དེར་བསྡད། དེ་ནས་གུར་རམ་ཁྲ་ཐེར་ཅོག་པུའམ། གཡབ་དེར་ཕུབ་ལ། གུར་དེ་རྡོ་རྗེ་ཕག་མོ་སྐུ་མདོག་དཀར་མོ། ཆོན་ཐག་འཇའ་ཚོན་གྱི་དྲྭ་བ། ཆོན་ཕུར་རྣམས་རིགས་བཞི་མཁའ་འགྲོར་བསྒོམ། ཕུར་པ་རྣམས་ཤར་ནས་རིམ་པར། ཧོ་བཛྲ་ཌཱ་ཀི་ནཱི་ཧཱུྃ༔ རི་རཏྣ་ཊཱ་ཀི་ནཱི་ཧཱུྃ༔ ནི་པདྨ་ཊཱ་ཀི་ནཱི་ཧཱུྃ༔ ས་ཀརྨ་ཊཱ་ཀི་ནཱི་ཧཱུྃ༔ ཞེས་དང་གུར་ལ། ཨོཾ་བྷུདྡྷ་ཌཱ་ཀི་ནི་ཧཱུྃ༔ དེ་ལྟར་བྱིན་གྱིས་བརླབས་ནས་མི་འགོང་བ་དམ་ཚིག་གོ །དེ་ནས་དེའི་ནང་དུ་ཉལ་ས་བདེ་མོ་ཞིག་བཅས། ས་དེའི་ཤིང་ལོ་སྣ་ཚོགས་བཏིང་། ཕཊ༔ ཉལ་ཞབས་དེར་


CMR008_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཁང་གྲུ་གསུམ་ཁ་རུབ་ལ་གཏིང་ཟབ་པ། རྒྱ་ཆེ་ལ་རྔམ་འཐུག་པ་ཞིག་ཏུ་གྱུར། སྟན་མཆན་ཁུང་དུ་བཅུག་ལ། ཕཊ༔ རང་རྗེ་བཙུན་མ་དམར་མོ་ཕྱག་གཡས་གཡང་གཞི་གཡབ་ཅིང་། གཡོན་རྐང་གླིང་ཚག་ཚག་འབུད་པ་ཞིག་ཏུ་བསྒོམ། ཅོག་བུའི་ཕྱོགས་བཞིར་རྐང་དུང་འབུད། རང་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུར་འཕྲོས་པས་ལྷ་འདྲེ་ཐམས་ཅད་རང་དབང་མེད་པར་བཀུག་པར་བསྒོམ། ཕཊབརྗོད། ལྷ་འདྲེ་འདུས་རབ་གཉན་འབོད་བྱེད། ནད་པ་ཡོད་ན། ནད་པ་འདིའི་དང་པོ་ནད་ཀྱི་སྣ་འདྲེན་པ། བར་དུ་ནད་ཀྱི་ཚང་བཅའ་བ། ཐ་མ་ནད་ལ་མི་ཕན་པར་བྱེད་པ། ཚེ་ལ་རྐུ་བ་སྲོག་ལ་འཇབ་པ་ཐམས་ཅད་ཚུར་འདུས་ཤིག །ཅེས་འབོད་པ་བྱ། ལྷ་འདྲེ་ཐམས་ཅད་རང་གི་དྲུང་དུ་འཁོད་། ཕྱི་ནས་མཁའ་འགྲོ་བརྒྱད་པོས་བསྲུངས་པས་འགྲོ་དབང་མེད་པར་བསམ། གནས་གདོན་ལུས་གདོན་གཉིས་ཞབས་ལྕགས་ཁང་དུ་ཚུད་པར་བསྒོམས་ལ་འགུགས་གཞུག་ལན་གསུམ་བྱེད། གཉན་སར་ཇག་རྐུན་འོང་དོགས་ན། ཕཊ༔ ལྕགས་ཁང་ཁ་ལྕགས་སྲེག་གི་དྲྭ་བས་བཀབ་པའི་དྲྭ་མིག་ཏུ་ཚྭ་མགོ་མཐུར་བསྟན་གྲངས་མེད་ལས་བྱུང་བའི་ཇག་རྐུན་


CMR008_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མགོ་མཐུར་དུ་རྐང་པ་དྲྭ་བ་ལ་འཐོགས་པར་བསྒོམས་ལ་འགུགས་གཞུག་སྐབས་སུ་བྱའོ། །དེ་ནས་སྟན་དེ་མི་ལྤགས་ཀྱི་གཡང་གཞིར་གྱུར་པས་ལྕགས་ཁང་དེའི་ཁ་བཀབ་པར་བསམས་ལ་སྟན་བཏིང་། དེ་ནས་རྐང་དུང་བུས་ལ། ནད་པ་ཡོད་ན་ལྷ་འདྲེ་ཐམས་ཅད་ལ་འབོད་པ་ཆེན་པོ་བྱས་ལ། ༈ འོ་ལྷ་འདྲེ་ཁྱེད་རྣམས་ཉོན་ཅིག །མི་འདིའི་ལུས་ལ་ནད་བྱུང་ནས་འོང་བ་ཡིན་པས། མི་འདི་ད་ལྟ་ཉིད་ལ་སྐད་ཅིག་ཉིད་དུ་མནར་མེད་པའི་དམྱལ་བར་བསྐྱུར་ནས་གཏན་དུ་ཐར་དུས་མེད་པ་ཞིག་གྱིས། ལུས་འདི་ད་ལྟ་ཉིད་དུ་ཟོ་ལ་ལྷག་མ་ཏིལ་འབྲུ་ཙམ་ཡང་མེད་པ་ཞིག་ད་ལྟ་ཉིད་དུ་སྐད་ཅིག་ཉིད་དུ་གྱིས། ནད་རིགས་བཞི་བརྒྱ་རྩ་བཞི། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། བྱིས་པའི་གདོན་ཆེན་བཅོ་ལྔ། གློ་བུར་ཉི་ཁྲི་ཆིག་སྟོང་ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་ཐམས་ཅད་ད་ལྟ་སྐད་ཅིག་ཉིད་ལ་ཐོངས། ན་མི་ཐུབ་ཤི་མི་ཐུབ་དབུགས་ཕྱི་ནང་དུ་རྒྱུ་མི་ཐུབ་པ་ཞིག་ད་ལྟ་ཉིད་ལ་བྱེད་པ་ན་ར་ཀན། ད་ལྟ་ཉིད་དུ་དེ་མི་བྱེད་ན་ནད་འདི་དང་གདོན་འདི་ལོང་། ལུས་དང་ལུས་གདོན་སྲོལ། གལ་ཏེ་དེ་གཉིས་གཅིག་མི་བྱེད་ན། ངོ་གནས་འདིར་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་


CMR008_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

འདུག །མཛེ་ཤ་དམེ་ཤ་ནལ་ཤའི་ཐང་མ་བརྡལ། མཛེ་ཁྲག་དམེ་ཁྲག་གཡུགས་ས་མའི་མངལ་ཁྲག་དུག་ཁྲག་གི་རྒྱ་མཚོ་བསྐྱིལ། དཀར་ཐབ་དམར་ཐབ་སྔོ་ཐབ་སྣ་ཚོགས་བཏང་། རྫས་རྒོད་ཀྱི་དུ་བས་ཡུལ་ཁམས་བཀང་། བྲག་བཤིགས་ཤིང་གཅོད་མཚོ་དང་ཆུ་མིག་དཀྲུག །རི་བསྙིལ་གསས་མཁར་བརྫོགས། གནམ་ས་ཁ་ཞབས་ལྡོག །ནམ་མཁའ་འདི་མ་ཞིག་གི་བར་དུ་ཁྱོད་ལྷ་འདྲེ་རྣམས་དང་འབྲལ་བ་མེད་པར་སྐད་ཅིག་ཀྱང་གཡོ་འགུལ་མི་བྱེད་དོ། །ཞེས་བརྗོད། དེ་བསམ་ཡང་བསམ། དེ་བས་ད་ལྟ་ཉིད་དུ་ཕྲིན་ལས་སྒྲུབས་ཤིག༔ ཕཊ༔ ཅེས་ལན་གསུམ་བརྗོད། ནད་པ་མེད་ན་ལྷ་འདྲེ་ལ་འབོད་པ་བྱས་ལ། ཁྱོད་རྣམས་ཉོན་ཅིག །ཁྱོད་རྣམས་ལ་བདག་གིས་དམ་པའི་ཆོས་བཤད། བྱང་ཆུབ་ཏུ་སེམས་བསྐྱེད་ནས་སངས་རྒྱས་ཀྱི་ས་ལ་འགོད་པའི་ཕྱིར་འོང་བ་ཡིན་པས། བདག་གི་ཕྲིན་ལས་སྒྲུབས་ཤིག །ཆར་འབོད་ཡིན་ན། སེམས་ཅན་ཐམས་ཅད་མུ་གེའི་འཇིགས་པ་ལས་སྐྱོབ་པའི་དོན་དུ་ཆར་འབེབས་པའི་ཕྱིར་དུ་འོང་བ་ཡིན་པས། འཛམ་གླིང་ཁྱབ་པའི་ཆར་ཆེན་པོ་ཕོབ། གལ་ཏེ་དེ་ཙམ་མེད་ན་ཡུལ་ཆེ་གེ་རྣམས་སུ་ཆར་ཆེན་པོ་ཕོབ། དེ་ལྟར་མི་བྱེད་ན། ཞེས་


CMR008_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་གོང་ལྟར་བརྗོད། དེ་ནས་སྟན་ཐོག་ཏུ་འདུག་པ་དང་མཉམ་དུ། རང་ཉིད་ཁྲོས་མ་མཐིང་ནག་འཇིགས་སུ་རུང་བ་ཐོ་བ་དང་ལྕགས་ཀྱུ་བསྣམས་པར་བསྒོམ། ཧཱུྃ་ལན་བདུན་བརྗོད་པས་སྐུ་ལས་ཁྲོ་མོ་རང་འདྲ་བ་གྲངས་མེད་པ་འཕྲོས་པས། ཕྱི་རོལ་ཐམས་ཅད་ཁྲོ་མོའི་གུར་དུ་གྱུར་ནས་ལྷ་འདྲེ་གང་ཡང་འགྲོ་དབང་མེད་པར་གྱུར་པས། ཟིལ་གྱིས་གནོན་ནས་རང་ལ་ཐལ་མོ་སྦྱར་ནས་བཀའ་ཉན་པར་བསྒོམ། ཕཊ༔ མདུན་གྱི་ནམ་མཁར་སྐྱབས་ཡུལ་དཀོན་མཆོག་གསུམ་དང་ཐུགས་སྒྲུབ་ཀྱི་ལྷ་ཚོགས་ཐམས་ཅད་ནམ་མཁའ་ལ་སྤྲིན་ཕུང་ལྟར་བཞུགས་པར་བསྒོམ། ཕཊ༔ རང་ཉིད་ཐ་མལ་པར་གྱུར་ཏེ་ལྷ་འདྲེ་རྣམས་ཀྱང་རང་གི་རམ་བུ་བཀྱག་ནས་སྐྱབས་འགྲོ་སེམས་བསྐྱེད་མཉམ་དུ་བྱེད་པར་བསྒོམས་ལ། ཀྱེ་མ་ཀྱེ་མ་མི་རྟག་འཁོར་བའི་ཆོས༔ ཞེས་སོགས་བརྗོད་ཅིང་ལྷ་འདྲེ་ལ་སྙིང་རྗེ་བསྐྱེད་ཅིང་། ན་མོ་འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔་ཞེས་སོགས་གཞུང་ལྟར་སྐྱབས་སེམས། རྡོར་སེམས་སྒོམ་བཟླས། མཎྜལ་བླ་མའི་རྣལ་འབྱོར་རྣམས་བྱ། དེ་ནས་གཉན་མིག་ཏུ་ཐབ་བཅས་ལ། འོ་ཇི་སྲིད་སངས་མ་རྒྱས། བྱང་མ་ཆུབ། བྱམས་པ་མགོན་པོ་མ་བྱོན་བར་


CMR008_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

དུ། ལྷ་འདྲེ་ཁྱེད་རྣམས་དང་འབྲལ་བ་མེད་པར་གནས་འདི་ན་ཕོ་བྲང་བཏབ་པ་ཡིན་ནོ། །བརྗོད། ཐབ་གསུར་ཤོར་དོགས་ན་ཐབ་འཕྲུག་ཡང་བྱེད་ཐབས། དང་པོ་ནས་སྣོད་གཅིག་ཏུ་འོ་མ་ཆང་ཇ་སོགས་བླུགས་ལ་དེའི་ནང་དུ་མེ་ཞིག་བཅུག་ལ། གཅིག་གིས་ཐབ་ཐལ་ཞེས་འབོད་དོ། །གལ་ཏེ་ཐབ་གསུར་ཤོར་ན། གཅོད་པ་དཔོན་སློབ་ཐམས་ཅད་ཁྲོས་མ་དམར་མོ་བསྒོམས་ལ། ཀུན་གྱི་ཐབ་འདུལ་བརྗོད་ཅིང་ཕུཊ༔ མང་དུ་བརྗོད་པས་ཐུགས་ཀ་ནས་གསེར་གྱི་རྡོ་རྗེ་གཉིས་རེས་མོས་སུ་འཕྲོས་ནས། ཁོའི་གནས་ཁང་བཤིགས་ནས་ཁོ་ལ་རྒྱབ་བསྡིག་བྱས་པས་གར་ཡང་འགྲོ་དབང་མེད་པར་བསྒོམ། ཡང་ན་ཐབ་འདུལ་དམིགས་པ་ནི། རང་གི་ཤ་ཁྲག་ཉིལ་གྱིས་སོང་བ་ལྷ་འདྲེ་ཐབ་བདག་ཐམས་ཅད་ཀྱིས་ཟོས་འཐུང་ཚིམ་ཞིང་རྒྱས། ཐབ་བདག་དེའི་ནད་དང་ཐབ་ཀྱི་རླངས་པ་ཐམས་ཅད་ལ་ཐིམ་པར་བསམ། ཐབ་ཀྱི་ནད་དང་ཐབ་རླངས་ཐམས་ཅད་བདག་ལ་ཐིམ་པར་གྱུར། ཕཊ༔ ཅེས་བརྗོད་དེ། །དམིགས་མེད་དུ་བཞག །འདི་ཚོའི་དམིགས་པ་ཀུན་གྱིས་བཟུང་བ་གལ་ཆེའོ། །དེ་མིན་ཐབ་གསུར་ཤོར་ན་ཤུ་ཐོར་འོང་བས་ཇ་ཧུབ་ནམ་འཕུར་ཤོར་ཡང་དམིགས་པ་བྱ་དགོས། དེ་


CMR008_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྔོན་འགྲོ་ཡིན་ནོ། །སྤྱི། ས་མཱ་ཡ། དངོས་གཞི་ལ། དཀར་བགེགས་ནི་མི་བྱེད། དེ་མིན་མཆོད་གཏོར་ཡང་བསྡུས་པ་གཅིག་བཤམ། ལྷ་འདྲེ་དེ་རྣམས་སངས་རྒྱས་ཀྱི་ས་ལ་འགོད་པའི་ཆེད་དུ་བསྐྱེད་རྫོགས་ཉམས་སུ་ལེན་པར་བྱ་སྙམ་དུ་སེམས་བསྐྱེད་ལ། རང་གིས་རྒྱུན་ཁྱེར་གྱི་ཐུགས་སྒྲུབ་མང་ཉུང་གང་རུང་ངམ། ཉུང་བ་ཙམ་བྱ། དེ་ཡང་མཚམས་གཅོད་ནི་མི་བྱེད། ཐུན་མཚམས་ཡིན་པས་ཐུན་རེ་མ་རྫོགས་པར་སྲུང་འཁོར་ལྕགས་ཁང་གི་ཁ་དེར་བསྒོམ་ཆོག །གཏོར་བསྔོས་སོགས་ཚང་བར་བྱས། ཐུན་བསྡུས་མི་དམིགས་པར་བྱས། དེ་ནི་སྔ་ཕྱི་ནམ་བྱེད་ཀྱང་ཐུན་ལ་མི་བརྩི། དེ་མིན་པའི་ཐུན་རི་བོས་གསེར་ཞུ་གྱོན་དུས། ཉིན་ཕྱེད་དང་པོ། གྲིབ་ཆེན་འདུས་དུས། སྲོད་སྐར་མ་ཤར་དུས་མཚན་ཕྱེད་དང་དུས་དྲུག་ལ་ཐུན་བཟུང་། ཐུན་དྲུག་ཀ་ལ་དང་པོ། ཕཊ༔ རང་ཉིད་རྗེ་བཙུན་མར་གསལ་བའི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས། གནོད་བྱེད་ཐམས་ཅད་དང་སྣང་སྲིད་ཀྱི་ལྷ་འདྲེ་ཁྱད་པར་དུ་གནས་གདོན་དང་ལུས་གདོན་ཐམས་ཅད་རང་དབང་མེད་པར་བཀུག་ལ། ཐམས་ཅད་ཁྲོམ་ཚོགས་པ་ལྟར་རང་གི་མཐར་བསྐོར་དུ་སྤྱང་ངེ་


CMR008_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད། གནོད་བྱེད་རྣམས་འོག་གི་ལྕགས་ཁང་དུ་ཚུད་པར་དམིགས། ཀྱེ་མ་འདི་ཐམས་ཅད་འཁོར་བ་མཐའ་མེད་དུ་འཁྱམས་ཤིང་ད་རུང་ཡང་ངན་སོང་དུ་ཡང་ནས་ཡང་དུ་འཁོར་བ་འདི་སྙིང་རེ་རྗེ། ཞེས་ཞེ་ཐག་པ་ནས་བསྒོམས་ལ། ༈ ཀྱེ་མ་ཀྱེ་མ་མི་རྟག་འཁོར་བའི་ཆོས། །ཞེས་རྒྱང་འབོད་བྱེད། མདུན་གྱི་ནམ་མཁར་རྩ་གསུམ་གྱི་ལྷ་ཚོགས་དམིགས་ལ། །ལྷ་འདྲེ་དང་རིགས་དྲུག་ཐམས་ཅད་ཀྱིས་རམ་བུ་བྱེད་པར་བསམས་ལ། སྐྱབས་འགྲོ་སེམས་བསྐྱེད་གཞུང་ལྟར་བྱེད། རྡོར་སེམས་མཎྜལ་བླ་མའི་རྣལ་འབྱོར་བྱས་ལ། བླ་མ་སྤྲུལ་སྐུའི་གསོལ་འདེབས་སོགས་དང་། ཐུགས་སྒྲུབ་གསོལ་འདེབས་སོགས་བྱས། དེ་ཡང་རང་དང་ནད་པའི་ནད་གདོན་ཞི་བའི་ཕྱིར་སྐྱབས་འགྲོ་སོགས་བྱས་ན་མི་རུང་བས། ལྷ་འདྲེ་འཁོར་བའི་སྡུག་བསྔལ་ལས་སྐྱོབ་པའི་ཕྱིར་སྐྱབས་འགྲོ། ལྷ་འདྲེ་བྱང་ཆུབ་ཐོབ་པའི་ཕྱིར་དུ་སེམས་བསྐྱེད། ལྷ་འདྲེ་ཚོགས་རྫོགས་ཕྱིར་མཎྜལ། ལྷ་འདྲེའི་རྒྱུད་བྱིན་གྱིས་བརླབ་ཕྱིར་བླ་མའི་རྣལ་འབྱོར་དང་གསོལ་འདེབས་བྱེད་པ་ཡིན། བྱེད་ལུགས་འདྲ་སྟེ་བསམ་ལུགས་མི་འདྲའོ། །དེ་ཡང་སྐྱབས་ཡུལ་རྣམས་མཁའ་ལ་མི་བསྡུ་བར་བཞག །དེ་ཟིལ་གནོན་ཡང་ཡིན།


CMR008_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་དེ་ལ་འབུལ། རྡོར་སེམས་དུས་ལྷ་འདྲེ་ཐམས་ཅད་དང་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོར་རྡོར་སེམས་བསྒོམས་ལ་བདུད་རྩིའི་རྒྱུན་གྱིས་བཀྲུ་བར་བྱེད། རྡོར་སེམས་ཐམས་ཅད་རང་གི་རྡོར་སེམས་ལ་བསྟིམས་ནས་རང་ལ་བསྟིམ་པ་སོགས་བྱ། བླ་མའི་རྣལ་འབྱོར་དུས་ཀྱང་བླ་མའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས༔ ལྷ་འདྲེའི་གནས་གསུམ་ལ་ཐིམ་པས་རྒྱུད་སྨིན་ཅིང་གྲོལ་བར་བསྒོམ། དེ་ནས་རང་ལ་བྱང་སེམས་ཀྱི་དབང་བསྐུར་སོགས་གཞུང་ལྟར་བྱས། དེ་ནས་རང་ཉིད་སྐད་ཅིག་ཐུགས་རྗེ་ཆེན་པོར་བསྒོམས་ལ། གནོད་བྱེད་ལྷ་འདྲེས་གཙོར་བྱས་སེམས་ཅན་ཐམས་ཅད་ཕ་མ་དྲིན་ཆེན་ཁོ་ན་ཡིན། འདི་ཐམས་ཅད་བདེ་བ་ཐམས་ཅད་དང་ལྡན། བདེ་བའི་རྒྱུ་དགེ་བའི་རྩ་བ་ཕུན་སུམ་ཚོགས་པ་དང་ལྡན་ན་ཅི་མ་རུང་། ཞེ་ཐག་པ་ནས་བསྒོམས་ལ། དབུགས་ཕར་བཏང་བ་དང་མཉམ་དུ་རང་གི་དགེ་བ་དང་བདེ་བ་ཐམས་ཅད་གདོན་དང་གཞི་བདག་གིས་གཙོས་པའི་སེམས་ཅན་ཐམས་ཅད་ལ་གཅིག་ཀྱང་མ་ལུས་པར་སིབ་ཀྱིས་ཐིམ་པས། ཁོང་རྣམས་གནས་སྐབས་སུ་བདེ་སྐྱིད་ཕུན་སུམ་ཚོགས་ནས། མྱུར་དུ་སངས་རྒྱས་པའི་སྐལ་བ་ཅན་


CMR008_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གྱུར་པར་བསྒོམས་ལ། བདག་གི་བདེ་དགེ་མ་ལུས་སེམས་ཅན་ཐམས་ཅད་ཀྱིས་ཐོབ་གྱུར་ཅིག །ཅེས་བརྗོད། ལྷ་འདྲེ་དང་གནོད་བྱེད་ཀྱིས་གཙོར་བྱས་སེམས་ཅན་ཐམས་ཅད་སྔར་ཡང་འཁོར་བ་མཐའ་མེད་དུ་འཁྱམས། ད་རུང་ཡང་གནོད་སེམས་དང་གདུག་རྩུབ་ཀྱིས་ངན་སོང་མཐའ་མེད་དུ་འཁྱམས་དགོས་པ་སྙིང་རེ་རྗེ། འདི་རྣམས་འཁོར་བའི་སྡུག་བསྔལ་ཐམས་ཅད་དང་བྲལ། སྡུག་བསྔལ་གྱི་རྒྱུ་སྡིག་པ་མི་དགེ་བའི་བསམ་སྦྱོར་དང་བྲལ་ན་ཅི་མ་རུང་། ཞེ་ཐག་པ་ནས་བསྒོམ། རླུང་ཚུར་རྔུབ་པ་དང་བསྟུན། ལྷ་འདྲེ་གཞི་བདག་གནོད་བྱེད་ཀྱིས་གཙོར་བྱས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སྡིག་སྒྲིབ་ཐམས་ཅད་གཅིག་ཀྱང་མ་ལུས་ཚུར་སིབ་ཀྱིས་རང་གི་ཐུགས་ཀའི་ཧྲཱིཿཡིག་ལ་ཐིམ་པས། མེ་ལྕེ་ལ་ཤིང་བསྣན་པ་ལྟར་སྒྲིབ་པ་དང་སྡུག་བསྔལ་ཐམས་ཅད་སང་གིས་བསྲེགས་ནས། རང་དང་གྷིཡིག་སྔར་བས་བཀྲག་མདངས་རྒྱས་པར་བསྒོམ། ལྷ་འདྲེ་སེམས་ཅན་ཐམས་ཅད་ཟག་མེད་ཀྱི་བདེ་བ་དམ་པ་དང་མ་བྲལ་ན་དགའ་བ་ལ་སྙམ་པ་དང་། ལྷ་འདྲེ་སེམས་ཅན་ཐམས་ཅད་ཕ་མ་ཡིན་པར་མཉམ་པས་ཐམས་ཅད་ཁྱད་མེད་པའི་བཏང་སྙོམས་བསྒོམ། རྒྱས་པར་སྤྲོ་ན་ལུས་སྦྱིན་མང་ཉུང་གང་


CMR008_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཤིག་ཁ་སབ་རུང་ལ། མ་བྱས་ཀྱང་རང་གཞུང་འདིས་ཆོག་པས། ཉམས་ལེན་རྩ་བ་ཆོས་སྤྱོད་ལམ་རིམ་ནས་གསུངས་པའི་ཀུ་སུ་ལུ་པའི་ཚོགས་གསོག་དང་། གསང་ཁྲིད་གཞུང་གི་ཐོད་ཞལ་མའི་དམིགས་པ་འདི་གཉིས་ཡིན་པས། ཐུན་རེ་ལ་དམིགས་པ་བརྒྱ་རྩའམ། ལོ་གྲངས་སམ་ཉེར་གཅིག་གམ། ཟིན་དཀའ་ན་ཚར་བདུན་རེ་ཙམ་བྱེད་། དེ་ཡང་ནམ་མཁའ་སྒོ་འབྱེད་དུས་བསྲེ་བ་གལ་ཆེ། རང་གི་ལུས་ཀྱི་ནང་དུ་རྩ་དབུ་མ་གསང་གནས་ནས་སྤྱི་གཙུག་བར་དུ་སྦ་ལྕག་ཙམ་ཟང་ཐལ་དུ་ཡོད་པར་བསྒོམས་ལ། ལྟེ་འོག་སོར་བཞི་ན་རང་གི་རྣམ་ཤེས་བླ་ཚེའི་ངོ་བོ་ཐིག་ལེ་དཀར་དམར་མདངས་ཅན། བྱ་མ་སར་གྱི་སྒོ་ངའམ་རྒྱ་སྲན་རློན་པ་ཙམ་ཞིག་བསྒོམ། དེ་ནས་ནད་པ་དང་འཁོར་དང་རྟ་ཁལ་རྣམས་ཀྱི་རྣམ་ཤེས་ཐིག་ལེ་སྦར་བ། གསང་གནས་ནས་ལྟེ་འོག་རང་གི་ཐིག་ལེ་ལ་བསྟིམ། །དེ་ནས་ཕཊཅེས་ཐིག་ལེ་སྤྱི་བོ་ནས་རྒྱངས་སེ་ཐོན་ནས། སྤྱི་བོའི་ནམ་མཁའ་ལ་རྡོ་རྗེ་ཕག་མོ་གཞུང་ལྟར་གསལ་བའི་ཐུགས་ཀར་བསྟིམ། རྣལ་འབྱོར་མ་ཡང་རྩ་བ་གསུམ་གྱི་ལྷ་ཚོགས་ལ་ཐིམ། དེ་ཡང་འཇའ་ཡལ་བ་ལྟར་དམིགས་མེད་དུ་དར་གཅིག་བཞག་ལ་དབྱིངས་རིག་


CMR008_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེ༔ སླར་ཡང་རང་སེམས་རྗེ་བཙུན་མ་ཆུ་ལས་ཉ་ལྡང་བ་ལྟར་བྱོན། འཁོར་དང་རྟ་ཁལ་ནད་པའི་རོ་རྣམས་རང་གི་རོ་ལ་བསྟིམ། དེ་ནི་རོ་བསྲེའོ།། ༈ དེ་ནས་བདག་གི་ལུས་ཚོགས་མཆོད་ཀྱི་དམིགས་པ་ནི་ཁྲིད་གཞུང་ལྟར་ཡིན་ལ། ཕཊ༔ དཀར་འགྱེད་ནི་རོ་དེ་བདུད་རྩི་འོ་མའི་རྐྱལ་པ་ལྟ་བུ་དཀར་གསུམ་མངར་གསུམ་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་ལ་སོགས་གྱུར་ནས་དཀོན་མཆོག་མཆོད། ཕཊ༔ རྟེན་རྫས་སྒྲུབ་རྫས་སུ་གྱུར་ནས་ཆོས་སྐྱོང་བསྐང་། ཕཊ༔ རང་གི་ཙིཏྟ་འདོད་པའི་བཟའ་བཏུང་ལོངས་སྤྱོད་དུ་གྱུར་ནས་རིགས་དྲུག་ཚིམ། ཕཊ༔ ལན་ཆགས་བུ་ལོན་བྱང་། ཕཊ༔ འབྲུ་སྨན་རིན་ཆེན་དར་ཟབ་གོ་ཁྲབ་ཏུ་གྱུར་ནས་གཞི་བདག་མཉེས། ཕཊ༔ བདུད་རྩི་ཀླུ་སྨན་སྣ་ཚོགས་སུ་གྱུར་ནས་ཀླུ་ནད་སེལ་བར་བསྒོམ། ཕཊ༔ དབང་ཆུང་བ་རྣམས་རང་རང་གི་ལོངས་སྤྱོད་ཅི་འདོད་པའི་ལྷག་མ་ཐོབ་པར་དམིགས། ༈ དམར་འགྱེད་ནི། ཕཊ༔ རང་ཉིད་རྗེ་བཙུན་མས་གྲི་ཁུག་གིས་ལྤགས་པ་བཤུས་ནས་བཏིང་བས་སྟོང་གསུམ་ཁྱབ། དེའི་སྟེང་དུ་བམ་རོ་ལ་གྲི་གུག་ཚད་ཙམ་གྱིས་ཤ་རི་ཁྲག་མཚོ་བཙོས་སྲེག་རློན་གསུམ་ཅི་འདོད་པར་གྱུར་པ་ལ། ལྷ་འདྲེ་ཤ་ཁྲག་


CMR008_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དགའ་བ་ཐམས་ཅད་ཀྱིས་ལྷག་མེད་དུ་ཟོས་པས་དགའ་མགུ་ཡི་རང་བར་བསྒོམ། དེ་ནས་ཐུན་མཚམས་ཐམས་ཅད་དུ་ནད་པའི་དོན་ཡིན་ན་ནད་སོ་སོའི་དམིགས་པ་གཞན་ནས་འབྱུང་བས་རྒྱས་བཏབ་པའམ། རང་གཞུང་གེགས་སེལ་ནས་བྱུང་བའི་དམིགས་པ་གནད་དུ་བསྣུན། བོགས་འདོན་ཡིན་ན། བྱམས་སྙིང་རྗེ་སྒྱུ་ལུས་བསྐྱེད་རིམ་སྟོང་ཉིད་གང་ལ་བོགས་འདོན་པ་དེའི་དམིགས་པ་གཞུང་ན་ཡོད་པ་ལྟར་འབད། དེ་ལྟར་བྱས་པས་སློང་རྟགས་མ་བྱུང་ན། རང་ཉིད་རྗེ་བཙུན་མ་ནག་མོ་འཇིགས་སུ་རུང་བར་བསྐྱེད་ལ་བརྟུལ་ཞུགས་བྱ་སྟེ། མཚོ་ཡིན་ན་ཕྱག་གཡས་གསེར་གྱི་རྡོ་རྗེས་མཚོ་དེ་དང་ཀླུའི་ཕོ་བྲང་ཐམས་ཅད་དཀྲུག་པར་བསྒོམ། ན་བ་ལ་ཕྱག་ན་འཇོར་བསྣམས་པས་ཁོའི་གནས་ཁང་དང་བཅས་པ་རྨོངས་ནས་རློག་པར་བསྒོམ། བྲག་ལ་ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་ཁོའི་གནས་ཁང་ལ་བརྒྱབ་པས་ཤིག་ཤིག་བྱེད་པར་བསྒོམ། ཤིང་ལ་ཕྱག་ན་གསེར་གྱི་ཟོར་བ་བསྣམས་པས་ཁོའི་བ་སྤུ་སྨྲ་ར་ཨག་ཚོམ་ཅོ་ཐོ་ཐམས་ཅད་བྲག་པར་བསྒོམ། རི་ལ་རྡོ་རྗེ་བརྒྱབ་པས་ཐལ་ཕུང་ལ་སྤྱོད་བརྒྱབ་པ་ལྟར་བསྒོམ། དེ་རྣམས་དངོས་སུ་གཞུང་ནས་བྱེད་པ་ལྟར་གསུངས་


CMR008_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། དངོས་སུ་བྱེད་ན་ཤན་པ་ལག་དམར་དང་འདྲ་བར་གསུངས་པས། ཡིད་ཀྱིས་བྱེད་རྒྱུ་ཡིན་ནོ། །ཐབ་བཏད་གསུངས་པ་ཡང་དངོས་སུ་མི་རུང་བས། དམིགས་པ་དཀར་ཐབ་དམར་ཐབ་ཆེན་པོ་གཉན་ས་དེར་བཏང་རྒྱུ་འུར་རི་ཉིལ་པ་ཙམ་དུ་བསྒོམ་མོ། །གཞུང་ལྟར་ཕུར་པ་ཐོགས་ལ་སྟངས་སྟབས་འཆམ་མོ། །དེ་ཡང་མགར་བ་དང་སོལ་ཁང་མགར་བྱེད་པ་རྨི་བ་ཉམས་ལ་ལྕགས་རྡུང་བའི་སྒྲ་དང་། ས་འོག་ནས་སྒྲ་གྲག་པ་རྐང་པ་སྦྲིད་ཆིལ་ཆིལ་བྱེད་ན་སྟེང་འོག་གི་ཐོག་ཡོད་ལ། ཚྭ་ཚྭ་དང་ཟེར་སྒྲ་ཙིར་སྒྲ་གྲག་ན་ད་ལྟ་ཉིད་དུ་འོང་། ཐོག་སྲུང་སྟེང་གི་ནམ་མཁར་གསེར་གྱི་འཁོར་ལོའི་ལྟེ་བར་ཤཱཀྱ་ཐུབ་པ། རྩིབས་སྟོང་ལ་སངས་རྒྱས་སྟོང་། རང་ཉིད་རྗེ་བཙུན་མ་རིགས་ལྔས་དབུ་བརྒྱན་པའི་ཐུགས་ཀར་ཉི་ཟླ་ཁ་སྦྱོར་ནང་དུ་ནད་པ་རྟ་ཁལ་བསྲུང་བྱ་ཐམས་ཅད་བཙུད། རང་གི་ཕྱོགས་མཚམས་མཁའ་འགྲོ་མའི་རྭ་གུར། རྐང་ཞབས་སུ་གཡུའི་གྲོད་པ་ཆེན་པོ་ཞིག་བསྒོམ་པ་ཐོག་སྲུང་ཡིན། རང་གི་ཐུགས་ཀ་ནས་གསེར་གྱི་རྡོ་རྗེ་འཕྲོས་ཐོག་སེར་བདག་པོ་དང་བཅས་པ་མཐའི་རྒྱ་མཚོའི་ཕར་འགྲམས་སུ་རྒྱང་བཏང་བར་བསྒོམས་ལ་ཕཊོདྲག་ཏུ་བརྗོད་སྡིགས་མཛུབ་བྱའོ། །དེ་ན་དགེ་སྦྱོར་ཐུན་དུ་བཅད་


CMR008_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

པས་སློང་ཚད་ནི་དངོས་སུ་ཡང་རང་ལ་མ་ཉེས་ཁ་ཡོག་དང་འབར་ཤ་སྐུར་འདེབས་བྱེད་པ། བཀྱིག་བརྡུང་གསོད་གྲབ་བྱེད་པ། སློབ་དཔོན་མཆེད་གྲོགས་སྔར་མཐུན་པ་རྣམས་བྱེ་བ་འགྲས་པ། འབྲུག་གློག་ཐོག་སེར་རླུང་ཐོག་རྦབ་འོང་བ། འབོད་པ་འགྲམ་ལྕག་རྡེག་པ། སྐགས་བྱིང་བ་སྤུ་ལོང་བ་ལུས་བསྔངས་ཤིང་རྔུལ་བའོ། །རྨི་ལམ་དུ་ཡང་ཆོ་འཕྲུལ་སྣ་ཚོགས་བརྗོད་ཀྱིས་མི་ལང་ངོ་། །ནང་སློང་ནད་སྣ་ཚོགས་དང་གློ་བུར་སྐྲག་སྔངས་འབྱུང་ངོ་། །གསང་སློང་ཐེ་ཚོམ་འཁུ་འཕྲིགས་དང་ཉོན་མོངས་ཀྱི་རྣམ་རྟོག་སྣ་ཚོགས་སྔར་བས་ཆེ་བར་འབྱུང་ངོ་། །ཁྱད་པར་དུ་གཟུགས་མཛེས་མར་སྤྲུལ་ནས་བསླུ་བ་དང་། མི་སྡུག་པ་སྤྲུལ་ནས་མ་སྡོད་ཟེར་བ་དང་། འཆི་དུས་འདེབས་པ་དང་། ལྷ་དང་བླ་མར་སྤྲུལ་ནས་ཆོས་དང་འགལ་བའི་ལུང་སྟོན་པ་རྣམས་སློང་ཚད་དོ། །དེ་ནས་ཉམས་ལེན་ངང་ལ་བསྡད་པས། ཆོད་ཚད་དམ་ཚར་ཚད་ནི། ནད་པ་ཡོད་ན། རུ་བ་སྐྱེས་པ་ཚོང་བའི་སྒར་བཀྱག་པ། དམག་འུར་བྲོས་ཞོག་དང་། སྐྱེ་ཤིང་ཆག་པ། ཆུ་མིག་སྐམ་པ། བཅིངས་ཐག་བཅད་པ། བུད་མེད་དུ་བ་དང་། བུད་མེད་ཤི་བ་བསྲེགས་པ། དུད་འགྲོ་བཏགས་པ་གྲོལ་བ།


CMR008_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་ནོར་མི་ལ་ཤོར་བ། གོས་ཕུད་པ། གཅེར་བུར་བུད་པ། གྲོང་ཞིག་པ། ཁོང་ཁྲག་ཤད་པ། ཁྲུས་བྱེད་པ། ངོ་ཤེས་པའི་སེམས་ཅན་ཤི་བ་དང་བསྲེགས་པ་དང་། ཤ་ཉེ་ཤི་བ་དང་། ནོར་ཤོར་བ་ཆུ་སྐམ་པ། ཤིང་སྐམ་པ་རི་མེ་ཤོར་བ། སྲོ་ཤིག་འབུ་སྲིན་སེམས་ཅན་བུད་པ། གོས་རུལ་ཕུད་པ། སྐྱུག་སྦྱངས་དྲི་ཆེན་དྲི་ཆུ་འདོར་བ། ལུད་སྙིགས་ཕྱགས་པ། ལྷ་ཁང་འགྱེལ་པ། ཁྲག་རྣག་ཆུ་སེར་འཛག་པ། ན་ཚ་སྔར་བས་ཆུང་ཞིང་ལུས་ཡང་ཟ་མ་འདོད་པ་རྣམས་ནད་ཆོད་རྟགས་སོ།། ༈ ནད་མེད་ན་འཐབ་པ་དུམ་བྱས་པ། །ཕོ་བྲང་བསྟན་པ། གློ་སྙིང་སོགས་སྲོག་འཕྲོག་པ། ཚུར་གཏད་པ། མེ་ཏོག་དཀར་སེར་ཐུ་བ་དང་། ཆོ་འཕྲུལ་ཞི་བ་སོགས་བཟང་རྟགས་སྤྱི་དང་མཐུན་ཞིང་། ཕྱག་འཚལ་ཞིང་རྫས་ཁྱད་པར་ཅན་སྟེར་ན་ཚར་ཚད་ཡིན་ནོ། །དེ་ཡང་དངོས་སུ་འབུལ་བ་སོགས་སྙད་སྙོད་མེད་པར་བྱུང་ན་ཆོད་རྟགས། ཟས་ནོར་སྙད་སྙོད་མེད་པར་བྱུང་ན་མ་ཆོད་པའོ། །རྨི་རྟགས་བཟང་ཡང་ཡིད་མི་བདེ་ན་མ་ཆོད། རྨི་ལྟས་ཚར་ཚད་བརྡའ་ཅི་བྱུང་བས་ཡིད་བདེ་ན་ཆོད་རྟགས་སོ། །དད་པ་དག་སྣང་སྐྱེ་བ། ཏིང་འཛིན་གསལ་བ། རྟོགས་པ་ལ་བོགས་བྱུང་ན་


CMR008_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཆོད་རྟགས་སོ། །དེ་ཡང་ངོ་ཤེས་པ་རྣམས་ལུས་གདོན། ངོ་མི་ཤེས་པ་རྨི་བ་གནས་གདོན། དང་པོ་ངོ་ཤེས་པ་རྒྱབ་ནས་ངོ་མི་ཤེས་པར་འགྱུར་ན། གནས་གདོན་ལུས་གདོན་དུ་བརྫུས་པ་ཡིན། དང་པོ་ངོ་མི་ཤེས་པ་དེ་ནས་ཤེས་པར་འགྱུར་ན། ལུས་གདོན་གནས་གདོན་དུ་བརྫུས་པ་ཡིན། སྔར་ནས་རྒྱུན་དུ་རྨི་བའི་གདོན་རྨི་རྣམས་ལུས་གདོན། ངོ་མི་སྟོན་ཞིང་འགྱུར་ལྡོག་ཆེ་ན་གནས་གདོན་ཡིན་ནོ། །དེ་ཡང་དང་པོ་ལུས་གདོན་ཆོ་འཕྲུལ་བྱུང་དེ་ནས་གནས་གདོན་ཆོ་འཕྲུལ་བྱུང་ན་གཉན་ས་ཞན་པ་ཡིན་ནོ། །སྔོན་དུ་གཉན་སའི་ཆོ་འཕྲུལ་རྗེས་ནས་ལུས་གདོན་གྱི་རྟགས་བྱུང་ན་གཉན་ས་འབྲིང་ཡིན། གཉན་སའི་ཆོ་འཕྲུལ་རྟག་པར་བྱུང་ལུས་གདོན་འོང་རྒྱུ་མ་རྙེད་ན་གཉན་ས་ཆེན་པོ་ཡིན་ནོ། །ཆོ་འཕྲུལ་འདྲ་བའི་ཚར་ཚད་ནི། ཚུར་ལ་མཚོན་བརྒྱབ་པའི་རྭ་ཅོས་བརྡུང་བ་མཆེ་བས་རྨས་པ། རང་བཤས་པ། ཉེ་དུ་གང་དམར་ཤི་བ། རང་གི་ཁང་པ་འགྱེལ་བ། མེ་ལ་ཤོར་བ། ཟོག་རྩིས་གང་ཆེ་བོར་བ། དགྲ་ལ་ཤོར་བ། དུག་ཟོས་པ། རང་གིས་རང་ཟོས་པ། ཁྱུང་སྤྲུལ་ཉ་ཡིས་རང་མིད་པ། རང་ལུས་རྡུལ་བཞིན་གཏོར་བ། རང་གི་སྙིང་རང་གིས་ཟོས་པ། །


CMR008_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱི་གློ་སྙིང་རང་ལ་བྱིན་བ་རྣམས་ཆོ་འཕྲུལ་འདྲ་ཡང་ཚར་ཚད། ཚར་ཚད་འདྲ་བའི་ཆོ་འཕྲུལ་ནི། བུད་མེད་རིགས་མི་འདྲ་བ་མང་པོས་བཀུར་སྟི་བྱེད་པ་དང་། གཤིན་པོ་མང་པོས་བཀུར་སྟི་བྱེད་པ་དང་། ཞྭ་ནག་པོ་དང་སྔོན་པོ་གྱོན་པ། གདན་སྔོན་པོ་དང་ནག་པོ་བཏིང་བ། གོས་སྔོ་ཁྲ་གོས་ནག་བལ་ནག༔ སྦང་མ་ཚྭ་གཡེར་ཤ་ཁྲག་རློན་པ་དང་ཤ་བཙོས་པ་རྣམས་ཕུལ་བ་དང་། སྒོག་པ་དང་སྔོ་ཚད་ཟོས་པ། གྲོ་མ་དང་རམ་པ་མོན་བུ་མར་ནག་ལྕགས་སྤྱད་བུ་རམ་ནག་འདུར་བྱེད་པ། མེ་ཏོག་སེར་པོའི་གླིང་དུ་ཕྱིན་པ་རྣམས་མགོ་གཡོགས་ཡིན་པས་ད་རུང་འདུག་གོ །སེམས་ཅན་རང་རྒྱུད་པ་དང་ཆོ་འཕྲུལ་གཉིས་ཀྱི་དབྱེ་བ་ནི། རང་གི་ཉལ་ས་སོགས་སུ་སྦྲུལ་དང་སྦལ་པ་སོགས་སེམས་ཅན་གདའ་ན། ཕཊ༔ རང་ཉིད་རྗེ་བཙུན་མ་མཐིང་ནག་གི་ཐུགས་ཀ་ནས་མདའ་རྒོད་སྒྲོ་མ་ཉེར་གཅིག་གནམ་ལྕགས་ཀྱི་མདེའུ་ཚྭ་ཚྭ་ཁོལ་བ་འཕྲོས། སེམས་ཅན་དེའི་སྙིང་དཀར་ནག་མཚམས་སུ་བརྒྱབ་པས་ཐལ་བ་བུན་ནེ་སོང་བར་བསྒོམ། ཕཊ༔ ཤར་དྲག་པོ་ཉེར་གཅིག་བྱའོ། །དེས་སེམས་ཅན་དེ་ཆེར་སོང་ངམ་ཆུང་དུ་སོང་ངམ་སྟེང་དུ་མཆོང་བྱུང་ན་ཆོ་འཕྲུལ་ཡིན་པས། ཕཊ༔ སེམས་ཅན་དེ་


CMR008_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་སུ་རུང་བ་ཞིག་ཏུ་གྱུར་པའི་ཁའི་ནང་དུ་རང་འཛུལ་བས་ཁོས་ཟོས་པར་བསྒོམས་ལ། རང་གི་ཁོག་སྨད་རྗེས་ལ་ཁོའི་ཐོག་ཏུ་འདུག་ལ་ཕུག་པར་བྱའོ། །ཡང་གོང་དུ་དམིགས་པ་དང་ཕཊཤར་བྱས་པས་སེམས་ཅན་དེ་བྲོས་ནས་ཐལ་ན་སེམས་ཅན་རང་ག་ཡིན་གར་འགྲོར་བཏང་ལ་རྗེས་སུ་ཐེ་ཚོམ་མི་བྱེད་པ་གལ་ཆེའོ། །སེམས་ཅན་རང་གི་སྟེང་དུ་བསྡད་ན་བསད་པས་སྡིག་ཆེའོ། །ཆོ་འཕྲུལ་གྱི་སེམས་ཅན་ལ་རྣམ་རྟོག་གིས་འཇིགས་པར་བྱས་ན་རང་ལ་ནད་སོགས་བར་ཆད་འོང་བས་སྙེམས་ཐག་ཆོད་པར་བྱའོ། །ནུབ་མོ་ལྷ་འདྲེ་དང་ཇག་རྐུན་མ་འབྱེད་ན། ཕཊ༔ རང་ཉིད་ཁོའི་ཁ་ནང་དུ་ཞུགས་པས་ཁོས་རང་ལུས་ཟོས་པར་བསྒོམས་ལ། ཕཊ༔ དྲག་ཏུ་བརྗོད་པས་ལྷ་འདྲེ་ཡན་ན་མེད་ནས་འགྲོ། དེ་ནས་སྟོང་ཉིད་ངང་ལ་བཞག་པར་བྱའོ། །གལ་ཏེ་གཉན་སའམ་དུས་གཞན་དུ་མིའི་དགྲ་བྱུང་ནས་ཆས་ཀ་ཤོར་ན། བྱམས་སྙིང་རྗེ་བསྒོམས་ནས་བསྔོ་བ་བྱས་ཏེ་གནོད་ལན་དུ་ཕན་བྱས་ན་གཅོད་པ་རབ་ཡིན་ནོ། །དེ་མ་ཐུབ་ན་རྗེས་ས་བཟུང་ལ་གཉན་ས་དེའམ་གཞན་དུ་ཚར་ཚད་མ་བྱུང་བར་དུ་མཐའ་གཏད་བྱེད། ཚར་ཚད་བྱུང་ནས་མནན་པ་སོགས་ཞལ་ལས་ཤེས་སོ། གཅོད་ཀྱི་


CMR008_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

གེགས་སེལ་བ་ནི། གཉན་སར་སློང་ཆོ་འཕྲུལ་བྱུང་ནས་བྲོས་པ་དང་སློང་གིས་ནད་སོགས་བྱུར་བ་དང་། སློང་གིས་ནད་པ་ཐུ་བ་ལ་སྐྲག་ནས་ཁྱིམ་དུ་ཁྲིད་ནས་གཏོ་དགེ་རིམ་གྲོ་བྱས་ན། །གཅོད་ལོག་པ་ཡིན་པས་རང་ལ་ཡང་མི་དགེ་བ་དུ་མ་འབྱུང་།་ནད་པ་མྱུར་དུ་འཆི་བས་སླར་གཉན་ས་དེ་ཉིད་དུ་སོང་ལ་ཚར་ཚད་མ་བྱུང་བར་དུ་བསྡད། ཁྱད་པར་དུ་རང་ཉིད་མཁའ་འགྲོ་ཁམ་ནག་གཟི་བརྗིད་དང་ལྡན་པར་བསྒོམ། ཕྱག་གཡས་གནམ་དང་གཡོན་ས་བཟུང་ནས་གནམ་ས་ཆ་ལང་ལྟར་བརྡབ་པས། ལྷ་འདྲེ་རྣམས་བཅར་ཞིང་སྐྱབས་ནས་སྐད་ངན་ཙེར་ཙེར་ཁས་བླངས་དམ་བཅས་པར་བསྒོམ་ཞིང་ཚར་ཚད་མ་བྱུང་བར་དུ་གཟིར་བར་བྱའོ། །ཡུན་རིང་དུ་བསྡད་ཀྱང་རྟགས་ཅི་ཡང་མེད་ན་གཅོད་རྡུགས་པ་ཡིན་པས་མཐའ་གཏད་གང་རུང་ཞིག་བྱའོ་།ཡང་རྨི་ལམ་དུ་བུ་ལོན་སོད་སྟེང་བོདས་པ་དང་། ཁ་མཆུ་དུམ་སྟེང་ཟློག་ཟེར་བ་དང་གྱེན་ལ་འགྲོ་བ་དེ་ཐུར་ལ་འགྲོ་རྩིས་བྱེད། གོས་ཕུད་ནས་གྱོན་ཆས། ཁྲལ་སོད་རྒྱབ་དེད་པ། སྤྱད་པ་ཁྱེར་རྒྱབ་གཏད་པ། སེམས་ཅན་གྲོལ་བ་བཏག་ཆིས། གོས་ནག་བསྐོན་ཆིས། མི་རྣམས་ངོ་འཛུམ་ནག་པ། ཞིང་རྨོ་ཆེས་བྱེད་པ་རྣམས་བསྡད་ཡུན་རིང་ནས་


CMR008_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་བྱེད་པའི་རྟགས་ཡིན་པས་མྱུར་དུ་སྤོའོ། །གལ་ཏེ་མ་སྤོས་ན་ནད་པ་ལ་ནད་སྣ་ཚོགས་ནི་འོང་ངོ་། །གཉན་ས་ནས་ཉིན་སྐོར་ལ་སོང་ཞག་པོ་ཐོག་ན་གཅོད་བུག་པ་ཡིན་པས་གཉན་ས་དེར་རང་ཉིད་ཡོད་པར་བསྒོམས་ལ་ཉམས་ལེན་བྱ་སྟེ། གཅོད་བུག་ན་དམིགས་པའི་རྒྱང་ཞགས་གཅེས། ཞེས་གསུངས་སོ། །གཉན་ས་མ་ཆོད་པར་འགྲོ་དགོས་བྱུང་ན། གཅོད་རལ་བ་ཡིན་པས། རང་ཉིད་རྗེ་བཙུན་མར་བསྐྱེད་ལ་འོད་ཟེར་ལྕགས་ཀྱུ་ལྟ་བུས་ལྷ་འདྲེ་ཐམས་ཅད་བསྡུས་ཏེ། རང་གི་མལ་ཞབས་རྡེའུ་གཅིག་ལ་ཧཱུྃ་བྲིས་པ་ལ་བསྟིམ། སོར་མཛུབ་ཌཱ་ཀི་སྡེ་ལྔས་གནས་པོ་དེ་ཙེར་གྱིས་བཟུང་བར་བསྒོམས་ལ་སྣོད་ལྕགས་ཀྱི་པར་བུར་བསྒོམས་པའི་ནང་དུ་བཅུག །ཁ་སྦྲུལ་ནག་གིས་བཅིངས་ལ་ལུས་ལ་འཆང་ཞིང་ཞབས་སུ་བཅུག་ལ། རང་གར་འདུག་ཀྱང་གཉན་ས་དེ་ཡིན་པར་བསྒོམས་ལ་ཉམས་ལེན་བྱ། གཅོད་པ་མང་པོ་གཉན་ས་གཅིག་ལ་འགྲོ་ན། དཔོན་དེས་འགྲོ་མི་བྱས་ཐལ་ནས། །རང་ཉིད་རྗེ་བཙུན་མའི་ཐུགས་ཀ་ནས་གནམ་ལྕགས་ཀྱི་རྡོ་རྗེ་དཔག་མེད་འཕྲོས་པས། རྡོ་རྗེའི་གུར་དུ་གྱུར་པའི་ནང་དུ་གཅོད་སྒར་ཚུད་པར་བསྒོམ། གཅོད་རབ་རྡོ་རྗེའི་གོར་ཞེས་པའི་


CMR008_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ནོ། །ཡང་འདུག་ས་དེ་གཉན་མིག་མ་ནོན་ནས་དེའི་གཉན་ས་གཞན་དུ་གདའ་ན་གཅོད་འཁྱམས་པ་ཡིན་པས། ས་དེའི་གཉན་མིག་གར་གདའ་ནས་ས་རྡོ་ཤིང་གསུམ་བླངས་ལ་རང་གི་ཞབས་སུ་བཅུག་གོ །དེ་ནས་ཚར་ཚད་བྱུང་ཡང་ཞག་གཅིག་བསྡད་ལ་མགོ་སྐོར་དང་རྗེས་བསྙེག་ཨེ་འདུག་བརྟག་།དེ་ནས་ཕྱིར་ནངས་ལུས་སྦྱིན་ཚར་གཅིག་བྱས། ནམ་མཁའི་སྐྱབས་ཡུལ་གཤེགས་པའམ་རང་ལ་བསྡུ། བྷུདྡྷ་ཌཱ་ཀི་ནི་ཧཱུྃ། ཞེས་སོགས་བརྗོད་ཅིང་ཕུར་པ་རྣམས་ཕྱུངས་ལ། ཟིལ་གནོན་གྱི་མཁའ་འགྲོ་མ་རྣམས་རང་གི་ཐུགས་ཀར་བསྡུ། སྟན་བཀྱག་རྡོ་རྡེལ་ཡོད་ན་སྐུད་པ་བཀྲོལ། ལྕགས་ཁང་ནང་གི་གནས་གདོན་ལུས་གདོན་རྣམས་རྒྱ་གྲོག་ཚང་རློག་པ་ལྟར་ཡར་བུད་པར་བསྒོམ། དེ་ནས་དཀར་ནག་ཤན་འབྱེད། ལྷ་འདྲེ་རལ་ཁྲིད་ནི་མདུན་དུ་རྡེའུ་གཅིག་བཞག་ལ་རང་ཁྲོས་མར་བསྒོམས། བདེན་སྟོབས་བརྗོད་ལ། ལྷ་འདྲེ་ཁྱེད་རྣམས་ཀྱི་ནང་ནས་བདག་གི་བཀའ་ལ་མི་ཉན་གསུང་མི་སྡོད་ཕྲིན་ལས་མི་བསྒྲུབ་དངོས་གྲུབ་མི་སྟེར། མགོ་སྐོར་རྗེས་བསྙག་ཕྱི་འབྲང་བྱེད་པའི་ལྷ་འདྲེ་གང་ཡིན་པ་ཐམས་ཅད་རྡེའུ་འདི་ལ་ཁུག་ཅིག །ཨོཾ་བཛྲ་ཨཾ་ཀུ་ཤ་ཛ༔ ཅེས་རྡོ་དྲིལ་བཟུང་བའི་དམིགས་པ་


CMR008_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཁྱེར། དེ་ནས་ཁ་ཆར་བབ་ནས་འགྲོ་དཀའ་ན། མལ་སྟན་ཐམས་ཅད་སྲེག་ཅིང་། རང་གཞན་ཀུན་རྗེ་བཙུན་མ་དམར་མོར་བསྒོམ། ཀུན་གྱིས་ཚེར་ལྕག་བྲ་མས་གོ་ཁ་བཤད་ཅིང་། ངེད་རྣམས་གནས་སྤོ་བ་ཡིན་པས། གནས་སུ་མ་སླེབ་བར་ཁ་ཆར་མ་བཏང་ཞིག །བརྗོད། གནས་དེའི་ལྷ་ཀླུ་ས་བདག་བྲ་མའི་ལྕག་ཚན་གྱིས་བཤད་པས་ཁ་ཆར་མི་བཏང་བར་ཁས་བླངས། དབང་པོ་སྒོ་ལྔ་ནས་མེ་འུ་རུ་རུ་འབར་ནས་ལྷ་ཀླུ་སྣང་སྲིད་ཚིག་ལ་ཁད་དུ་བསྒོམ་ཞིང་། ཕཊ༔ བརྒྱ་བརྗོད་ཅིང་ནམ་མཁའ་དྭངས་ཤིང་ཉི་མ་ཚ་བར་བསྒོམ༔ དེ་ནས་ཁལ་མ་ཡང་བཀལ་ལ། ཕཊ༔ སྔར་གྱི་ལྕགས་ཁང་རིན་པོ་ཆེའི་ས་གཞིའི་དབུས་ན་རང་དང་ལྷ་འདྲེ་སློབ་དཔོན་དང་མིའི་ཚུལ་དུ་བསྒོམས་ལ་སྐྱབས་སེམས་དང་། །རང་ཉིད་ཐུགས་རྗེ་ཆེན་པོ་ཁ་སར་པཱ་ཎིར་བསྒོམས་ལ་ཡིག་དྲུག་བརྒྱ་བཟླས། ཐུགས་ཀའི་ཧྲཱིཿདང་ཡིག་འབྲུ་ལས་བདུད་རྩི་འདོད་ཡོན་ཕུན་སུམ་ཚོགས་པ་སྤྲོས། ལྷ་འདྲེའི་སྡིག་སྒྲིབ་སྡུག་བསྔལ་སྣང་བ་སྨྲས་འགྲམ་གནས་ཁང་ཞིག་རལ་ལོངས་སྤྱོད་ཤོར་གོད་བཀྲག་མདངས་ཉམས་པ་ཐམས་ཅད་སོས། སྔར་བས་ཀྱང་དར་ཞིང་རྒྱས་ནས་ལྷ་འདྲེ་གཞན་རྣམས་ཟིལ་གྱིས་ནོན་


CMR008_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྒོམ། ཕཊ༔ རང་ཉིད་མཁའ་འགྲོ་མ་དཀར་མོ་དང་མདུན་དུ་ཡུམ་ཆེན་མོ་སེར་མོ་བསྒོམས་པའི་བར་དུ་ལྷ་འདྲེ་ཐམས་ཅད་འཁོད་པ་ལ། རང་མདུན་བསྐྱེད་ཐུགས་ཀར་ཨཱཿདཀར་སེར་ལས་བདུད་རྩི་བབ་པས་ལྷ་འདྲེ་ཐམས་ཅད་སྔར་ལྟར་སོས་ཤིང་གཟི་བརྗིད་རྒྱས་པར་བསྒོམས་ལ། ག་ཏེ་བཟླས། ཕཊ༔ ལྷ་འདྲེ་ཐམས་ཅད་རབ་ཏུ་དགའ་ནས་བྱིས་པ་དཀར་པོ་མཛེས་ཤིང་ཡིད་དུ་འོང་བའི་རོ་གཅིག་འཆི་མེད་ཚེའི་དངོས་གྲུབ་ཏུ་ཕུལ། ཕཊ༔ རང་ཉིད་རྗེ་བཙུན་མའི་གྲི་གུག་གིས་བླངས་ཐོད་པར་བཙུག་གྲི་གུག་བརྒྱབ་པས་དམར་ལྟེམས་སེ་སོང་བ། རཾ་ཡཾ་ཁཾ༔ ཐུགས་ཀ་ནས་མེ་ཆུ་རླུང་གསུམ་འཕྲོས་བསྲེགས་སྦྱངས་བཀྲུས་ཨོཾ་ཨཱཿཧཱུྃ། དྭངས་མ་ཟག་མེད་ཀྱི་བདུད་རྩིར་གྱུར་པ་རང་གིས་འཐུང་བས་གཟི་བརྗིད་ཕུན་སུམ་ཚོགས་ཏེ་ཚེའི་དངོས་གྲུབ་ཐོབ་པར་བསྒོམ། སྔར་གྱི་རྡོ་རྡེལ་ཁྲིད་པ་ཡོད་ན་ཡིག་བརྒྱ་བཟླས་ཤིང་རྡོ་ལ་ཕུ་བྱ། རྡོ་ཐུགས་རྗེ་ཆེན་པོར་བྱིན་གྱིས་བརླབས་ལ། སྔར་གྱི་གཉན་ས་ལ་རང་ཉིད་རྒྱབ་བརྟེན་ལ་འཕང་། ལྷ་འདྲེ་གནས་སུ་སོང་བར་བསྒོམ། ཡིག་བརྒྱ་དང་ཀཾ་ཀ་ནི་བརྗོད་ཅིང་མལ་ས་ཐབ་ཀ་བཤིགས། འགྲུབ་ན་རྡོ་ལ་ཡིག་དྲུག་བརྐོས་ལ་རབ་གནས་བྱ། །


CMR008_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་འདྲེའི་ཕྱག་དང་མཆོད་གནས་སུ་བྱིན་གྱིས་བརླབས་ལ་བཞག །ཕཊ༔ རང་གི་ཤ་ཁྲག་གི་གཉན་ས་དེ་ལྟེམ་མེ་གང་བ་ལ་ལྷ་འདྲེས་བགོ་བཤའ་བྱེད་པར་བསྒོམས་ལ། །འོ་ང་ཡི་གནས་པོ་གནས་བདག་ཆེན་པོ་འདི་ལ། ཁྱོད་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་ཀྱིས་གནོད་འཚེ་མ་བྱེད། གལ་ཏེ་བྱས་ན་ཡེ་ཤེས་ལྷའི་དམག་འདྲེན། གནམ་ལྕགས་རྡོ་རྗེའི་སྐྱོགས་རྒྱོབ། ཡུངས་ཀར་གྱི་ཐུན་བྲབ། འཁོར་ལོའི་རྩིབས་ལ་བསྐྱོན། དེ་བས་ལུས་ཤ་ཁྲག་གི་སྦྱིན་པ་འདིས་ཚིམ་པར་གྱིས་ལ། སྤྱིའི་ལྷ་འདྲེ་ཐམས་ཅད་ཀྱིས་གནས་བདག་འདི་ལ་གནོད་པ་མ་བྱེད་པར། དགའ་མགུ་བྱང་ཆུབ་ཀྱི་སེམས་དང་ལྡན་ནས་སོ་སོར་རང་རང་གནས་སུ་བྱེར་ཤིག །གྱེས་ཤིག་སོངས་ཤིག །བརྗོད། དེ་ནས་རང་འགྲོ་དུས། ཕཊ༔ རང་ཉིད་ཀེང་རུས་ཀྱི་མཁའ་འགྲོ་མ་ཤ་ཁྲག་དང་རྐང་དང་ཆུ་རྒྱུས་མེད་པ། ངང་སིང་ངེ་བ། རྐང་དང་ལྷུ་ཚིགས་ནས་མེ་འབར་ཞིང་དུ་བ་འཐུལ་བ་ཞལ་ནས། ཧ་ཧ་ཧི་ཧི་ཧུ་ཧུ་ཧེ་ཧེ་ཧོ་ཧོ་ཧོ་ཧ༔ གད་རྒྱངས་བཅུ་གཉིས་སྒྲོག་ཅིང་ནམ་མཁའ་ལ་ཇེ་མཐོ་འགྲོ་བར་བསྒོམ། ཕྱི་ལྟས་མི་བྱེད། གཉན་ས་དང་གནས་ཁང་གཉིས་ཀ་མི་མཐོང་སར་ཐོ་བརྩིག་ཁྲོ་བྲིས་ལ་


CMR008_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཕར་བསྟན། ཁྲོ་ཁྲོ་ཁྲོ་ཁྱུང་ནག་མེ་གཤོག་ཅན་གསུམ་ལག་སྦྲེལ་ནས་ཁ་ཕྱིར་གྲུ་ནས་ཡོད་པར་བསྒོམ། ཕཊ༔ རང་དང་གནས་ཁང་འོད་ཀྱི་སྣམ་བུས་འབྲེལ་པ་ལ། རང་ཉིད་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཞིག་འོད་ཀྱི་ལམ་ནས་ཁྱིམ་དུ་ཕྱིན་པར་བསྒོམས་ལ་འོང་ངོ་། །གཅོད་མགོ་གཟབ་གཙང་རྒྱལ་ཡུར་ཆུད་ཡིན་ཞེས་གསུངས་པས། དང་པོ་གཉན་ས་གང་དུ་གཅོད་པ་དེ་ཆོད་ངེས་བྱས་པས་དེ་ཕྱིན་ཆད་ལམ་དུ་འགྲོ། གཅོད་འཕྲོ་གཟབ་པ་རྣལ་འབྱོར་དམ་ཚིག་ཡིན་གསུངས་པས། གཉན་ས་གང་དུ་བཅད་ནས་ཁྱིམ་དུ་འོང་བའི་ས་དེ་ཆོད་ངེས་བྱས་པས་བཀྲ་ཤིས་སོ། །དེ་ཡང་ཨོ་རྒྱན་པདྨའི་གཏེར་གཅོད་ལས། འདུས་བྱས་ཀྱི་ཟས་ནོར་དཔག་མེད་དངོས་སུ་བཏང་བ་བས། ཞེན་འཛིན་དང་བྲལ་བའི་དམིགས་པས་ལུས་སྦྱིན་པར་བཏང་ཞིང་དགེ་སྦྱོར་ཐུན་རེས་བསོད་ནམས་ཆེའོ། །ཕལ་པའི་གནས་སུ་ལོ་གཅིག་བསྒོམས་པ་ལས། གཉན་ས་རི་ཁྲོད་དུ་ཞག་གཅིག་ཉམས་ལེན་བྱེད་པ་འགྱུར་ཆེ། ཆོས་སྤྱིའི་ཉམས་ལེན་རྒྱུད་དང་ཟླ་བ་གཅིག་བྱས་པ་བས། བདུད་གཅོད་པའི་སྒོ་གདམ་པ་ཐུན་གཅིག་ཉམས་སུ་བླངས་པས་ལམ་རྟགས་མྱུར། ལོར་ཆོ་འཕྲུལ་དང་། བར་ཆད་ཅི་བྱུང་ཡང་། བདག་བསྲུང་


CMR008_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསོལ་བརྒྱ་ཐམ་པ་བས། སོད་ཅིག་ཟོ་ཞིག །ཁྱེར་ཅིག་ཅེས་པའི་ཚིག་གིས་དགའ་བ་ཡིན། ལྷ་སྲུང་བརྒྱ་ར་མདའ་བཟློག་པ་བྱས། ལྷ་འདྲེ་སྟོང་ལ་ཟ་རྒྱུ་བཅོལ་བས་དགའ་བ་ཡིན། ལུས་སྲུང་བརྒྱ་བཏག་པ་བས། ན་དགའ་ཤི་སྐྱིད་ལན་གཅིག་དགའ་བ་ཡིན། ཅེས་གསུངས་སོ། །ཞེས་པ་འདི་ནི་གསང་ཁྲིད་རིམ་ལྔ་ཡི། །བོགས་འདོན་གཅོད་ཀྱི་ཁྲིད་ཀྱི་ལྷན་ཐབས་སུ། །པདྨའི་གཏེར་གཅོད་ལ་སོགས་གཅོད་གཞུང་དང་། །ཤེས་རབ་བླ་མ་ལ་སོགས་བཀའ་ཐོག་གི །ཚིག་ཉུང་དོན་འདུས་གོ་བདེ་གསལ་བར་བཀོད། །འདི་བྲིས་ཉེས་པ་ཆོས་བདག་ཌཱ་ཀི་དང་། །གཏེར་སྲུང་དམ་ཅན་རྣམས་ལ་རབ་ཏུ་བཤགས། །འདི་བྲིས་དགེ་བས་ཉམས་ལེན་རྟོགས་པའི་བོགས། །ཡར་ངོའི་ཟླ་བ་བཞིན་དུ་རབ་འཕེལ་ནས། །པདྨ་འབྱུང་གནས་ཚེ་འདིར་འགྲུབ་གྱུར་ཅིག །དེ་སྐད་སྨྲས་གང་རཱ་གའི་མིང་ཅན་དེས། །དབེན་པའི་ཁང་བུར་ཕན་པའི་བསམ་པས་བཀོད། །བྷ་ཝནྟ༔ ས་མཱ་ཡ། ཨཱི། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

མཁའ་རིའི་གསོལ་འདེབས།


CMR008_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་དུ་མཁའ་རི་སྐུ་མདོག་དཀར། །བེར་དཀར་ཤེལ་ཁྲབ་རྨོག་ཞུ་གསོལ། །སྦ་ལྕག་རལ་གྲི་ཐུན་དོང་བསྣམས། །འཕྲུལ་གྱི་རྟ་དཀར་ཆིབས་པའི་གཡོན། །ལྷ་མོ་ཤེལ་བཟའ་རིན་ཆེན་བརྒྱན། །རབ་མཛེས་མཛོ་མོ་འཕུར་ཤེས་ཆིབས། །འཁོར་ནི་ཞུབ་ཆེན་འབུམ་དང་བཅས། །ཐུགས་རྗེའི་འོད་ཀྱིས་སྤྱན་དྲངས་གྱུར། །ཧཱུཾ། འདི་ནས་ཉི་མ་ནུབ་ཀྱི་ཕྱོགས། །སིང་ག་ལ་ཡི་ཡུལ་གྱི་རྒྱུད། །འཕགས་ཡུལ་དེ་ཝི་ཀོ་ཏྲའི་གནས། །ལྷོ་བྲག་གྲུབ་པའི་གནས་བདག་སྟེ། །དྲག་པོའི་མཚོ་ཆེན་དུག་སྦྲུལ་གཟུགས། །ཨོ་རྒྱན་ཆེན་པོའི་ཕྱག་རྗེས་གསལ། །གངས་དཀར་ཤེལ་འདྲ་གནམ་དུ་བསྙེགས། །དེ་ནང་ཤེལ་མཁར་གཞལ་ཡས་སུ། །བཞུགས་པའི་དགེ་བསྙེན་ཆེན་པོ་ནི། །ཤེའུ་མཁའ་རི་དམ་ཚིག་ཅན། །ལྕམ་དྲལ་འཁོར་དང་བཅས་པ་རྣམས། །མ་ཐོགས་མྱུར་དུ་གནས་འདིར་བྱོན། །སྒྲུབ་ཅིང་མཆོད་པའི་གནས་འདིར་བྱོན། །བསྟན་པ་བསྲུང་ཕྱིར་བཞུགས་སུ་གསོལ། །བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཧཱུྃ། མཁའ་རི་ལྕམ་དྲལ་འཁོར་བཅས་ལ། །གཡག་ལུག་དཀར་པོ་རྒྱན་ལྡན་པ། །གཡུ་ཤུག་སྨྱུག་རྒོད་བལ་ཚོན་བརྒྱན། །


CMR008_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

མདའ་རྒོད་དར་དཀར་མེ་ལོང་སྤྱས། །སྦ་ལྕག་དར་སྣ་རིན་ཆེན་བརྒྱན། །གཡག་དཀར་ཐོད་པ་སྐུ་གཟུགས་བཅས། །དར་པན་མཛོ་མོ་དཀར་མོ་སོགས། །མཐུན་རྗེས་དུ་མས་ཐུགས་དམ་བསྐང་། །གཞན་ཡང་མཆོད་པའི་དམ་རྫས་ནི། །བཤོས་བུ་མཁར་ཐབས་བཤོས་ཕྲན་བཅས། །ཟན་གཡག་བསང་ལུག་མར་གྱིས་བརྒྱན། །སྨན་ལེབ་འབྲང་རྒྱས་གསུར་དང་སྤྲོས། །ཆོས་སྨན་བདུད་རྩི་ཕུད་རྒོད་སོགས། །དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་འབུལ། །འཁོར་དང་བཅས་པས་བཞེས་ནས་ཀྱང་། ཐམས་ཅད་མཉེས་ཤིང་ཚིམས་གྱུར་ཅིག །ཨོཾ་བཛྲ་ཏྲིག་ན་ཏྲིག་པ༔ ཏྲིག་སྨན་རུ་རུ་ཙ་ཙ་ཛ༔ མ་ཧཱ་བྷ་ལིང་ཏ་ཛྷི་ར་ས་མ་ཡ། པུ་ཙ་རུ་པ་བྷ་ཧུ་ཏ་ཕ་ལ་ང་། །ཤྲཱི་ཧ་ན་ཧཱུཾ་ཁཱ་ཧི་ཁཱ་ཧི། ཧཱུྃ། །སྲུང་མ་མཁའ་རི་ལྕམ་དྲལ་དམ་ཚིག་ཅན། །སྔོན་ཚེ་ཆེ་མཆོག་པདྨ་ཐོད་ཕྲེང་རྩལ། །སྲོག་སྙིང་ཕུལ་ནས་བཟློག་མེད་དད་པ་ཐོབ། །དབང་བསྐུར་དམ་ཚིག་བདུད་རྩི་ལྕེ་ལ་བཞག །བོད་ཡུལ་ཞིང་སྐྱོང་གཏེར་སྲུང་ཆེན་པོར་བསྐོས། །རྫུ་འཕྲུལ་སྟོབས་ཀྱིས་ཟངས་མདོག་དཔལ་རིའི་རྩེར། །རྒྱུན་དུ་གཤེགས་ཤིང་པདྨའི་བཀའ་སྡོད་བྱེད། །དམ་ཚིག་


CMR008_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གིས་རིག་འཛིན་པདྨ་འབྱུང་། །རྟག་ཏུ་འབྲལ་མེད་ཁྱོད་ཀྱི་སྤྱི་གཙུག་རྒྱན། །བདག་ནི་བཟོད་མེད་གདུང་ཤུགས་དྲག་པོ་ཡི། །ཨོ་རྒྱན་རྗེ་ལ་རྩེ་གཅིག་གསོལ་འདེབས་ན། །སྔོན་གྱི་དམ་བཅའ་ཐུགས་དམ་བརྩེར་དགོངས་ལ། །བདག་ལ་ཨོ་རྒྱན་པདྨ་སྤྱད་དུ་གསོལ། །དམ་ཚིག་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད། །ཅེས་དང་། སྤྲོ་ན་གཞུང་ལས་བསྟོད་བསྐུལ་གཉིས་པོ་གང་རུང་ཡང་བྱའོ། །ཞེས་པ་པདྨ་རིག་འཛིན་གྱིས་བསྐུལ་བ་ལྟར་བསྟན་པ། ཨ་རཱ་གས་བྲིས་པའོ། །འདི་བྲིས་ཉེས་པ་དགེ་བསྙེན་ཉིད་ལ་བཤགས། །དགེ་བས་པདྨ་འབྱུང་གནས་ཞལ་མཐོང་ཤོག །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

གུ་རུ་ཞི་དྲག་གི་གཏེར་སྲུང་ཤེའུ་མཁའ་རི་དང་ཀླུ་བདུད་དགེ་བསྙེན་སྨྱོ་ཁའི་ལས་བྱང་གསོལ་མཆོད།


CMR008_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་ཞི་དྲག་གི་གཏེར་སྲུང་ཤེའུ་མཁའ་རི་དང་ཀླུ་བདུད་དགེ་བསྙེན་སྨྱོ་ཁའི་ལས་བྱང་གསོལ་མཆོད་བཞུགས་སོ༔


CMR008_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ མདུན་དུ་མཁའ་རི་མི་དཀར་རྟ་དཀར་ཅན༔ ཤེལ་གྱི་ཞུབ་ཅན་སྦ་ལྕག་ཐུན་དོང་བསྣམས༔ ལྕམ་མོ་ཤེལ་བཟའ་མཛོ་མོ་འཕུར་ཤེས་ཆིབས༔ དམག་ཚོགས་འབུམ་གྱིས་བསྐོར་བ་སྤྱན་དྲངས་གྱུར༔ ཧཱུྃ༔ དྲག་པོའི་མཚོ་ཆེན་ཨོ་རྒྱན་ཕྱག་རྗེས་བཀྲ༔ གངས་དཀར་ཤེལ་འདྲ་རྩེ་མོ་དགུང་དུ་བསྙེགས༔ དེ་དབུས་རིན་ཆེན་ཤེལ་གྱི་སྐུ་མཁར་ནས༔ དགེ་བསྙེན་མཁའ་རི་ལྕམ་དྲལ་གཤེགས་སུ་གསོལ༔ ལེགས་བཤམས་རིན་ཆེན་ཁྲི་ལ་བཞུགས་ནས་ཀྱང་༔ རྣལ་འབྱོར་བདག་གི་བཀའ་སྲུང་ཕོ་ཉི་མཛོད༔ བཛྲ་ས་མ་ཡ་ཛ༔ ཛཧཱུྃ་བཾ་ཧོ༔ ཧཱུྃ༔


CMR008_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་སུ་འབྱོར་དང་ཡིད་ལས་སྤྲུལ་པ་ཡི༔ གཡག་དཀར་ཐོད་པ་སྐུ་གཟུགས་མེ་ལོང་དང་༔ མདའ་དར་སྦ་སྨྱུག་ཚིགས་གསུམ་ཤེལ་དང་དུང་༔ ཟན་གཡག་གསང་ལུག་མཛོ་མོ་དཀར་མོ་དང་༔ ཆང་ཕུད་ཆོས་སྨན་འབྲང་རྒྱས་ལུག་གི་ཤ༔ གསུར་དང་སྤོས་དུད་གཏོར་མས་ཐུགས་དམ་བསྐང་༔ ཨོ་བཛྲ་ཏྲིག་ན་ཏྲིག་པ༔ ཏྲིག་སྨན་རུ་རུ་ཙ་ཙ་ཛ༔ མ་ཧཱ་བྷ་ལིང་ཏ་ཛ་ཧི་ཧ་རཿ༔ ས་མ་ཡ་པུ་ཛ་རུ་པ་བྷ་ཧུ་ཏ་ཕ་ལ་ང་༔ ཤྲཱི་ཧ་ན༔ ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ མཁའ་རི་ཁྱོད་ནི་དམ་ཚིག་མཆོག་ཏུ་གཙང་༔ དེ་ཕྱིར་རིག་འཛིན་པདྨ་འབྱུང་གནས་ནི༔ ཁྱོད་དང་


CMR008_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

འབྲལ་མེད་རྟག་ཏུ་སྤྱི་གཙུག་རྒྱན༔ རྣལ་འབྱོར་བདག་གིས་ཁྱོད་ལ་མཆོད་ཅིང་བསྟོད༔ སྔོན་གྱི་དམ་བཅའ་ཐུགས་དམ་བརྩེར་དགོངས་ལ༔ བདག་ལ་ཨོ་རྒྱན་པདྨ་སྤྱད་དུ་གསོལ༔་མཁའ་རི་བྱི་སྦ་མཛེས་པར་སྤྲུལ༔ བདག་དང་འགྲོགས་པར་རྨིས་ཕྱིར་བྲིས༔ མཁའ་རིའི་གསོལ་མཆོད་བསྡུས་པར་ཧཱུྃ་སྒྲ་བཞི་པའོ༔་ཨ་རཱ་གས་སོ༔ ཧཱུྃ༔ མདུན་དུ་མཚོ་དབུས་ཀླུ་བདུད་དགེ་བསྙེན་ནི༔ དུད་མདོག་མིག་མང་གདེངས་ཀ་སྦྲུལ་མཇུག་འཁྱིལ༔ འཁོར་ལོ་ཞགས་འཛིན་བྲ་ནག་རྟིང་དཀར་ཆིབས༔ འཁོར་དང་སྤྲུལ་པའི་ཚོགས་བཅས་སྤྱན་དྲངས་གྱུར༔ ཧཱུྃ༔ རོལ་མཚོ་བདུན་དང་བོད་ཡུལ་གནས་ཆེན་བརྒྱད༔ ཆུ་བོ་ཀུན་དང་ཆུ་ཡི་མདོ་རྣམས་ནས༔ དགེ་བསྙེན་སྨྱོ་ཁ་འཁོར་དང་སྤྲུལ་པ་བཅས༔ ཞི་ཞིང་བྱམས་པའི་ཐུགས་ཀྱིས་གཤེགས་སུ་གསོལ༔ ཡིད་སྤྲུལ་རྒྱ་མཚོ་པད་ཟླའི་གདན་ལ་བཞུགས༔ གསང་སྔགས་བསྟན་པ་གཉན་པོ་བསྲུང་བ་དང་༔ རྣལ་འབྱོར་བདག་གི་ཁ་འཛིན་སྡོང་གྲོགས་མཛོད། བཛྲ་ས་མ་ཡ་ཛ༔ ཛཧཱུྃ་བཾ་ཧོ༔ ཧཱུྃ༔ སྙུག་རྒོད་རྨ་བྱའི་མདོངས་དང་དར་ཚོན་ལྔ༔ དཀར་གསུམ་མངར་གསུམ་ཀླུ་སྨན་སྣ་ཚོགས་དང་༔ དམར་གཏོར་བྱ་ནག་ལྡིང་ཞིང་སྦྲུལ་


CMR008_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ནག་དཀྲིས༔ ཟན་གྱི་གཡག་ནག་དགྲ་བོའི་ལིང་ག་བཀལ༔ དགྲ་བོའི་ཤ་ཁྲག་ལ་སོགས་མཆོད་པའི་སྤྲིན༔ ཀླུ་ཡི་དགེ་བསྙེན་འཁོར་བཅས་ཐུགས་དམ་བསྐང༔ ནཱ་ག་རཱ་ཙ་ཀྲོ་ཏ་པ་ཙ་ལ་ཏི༔ དགྲ་བགེགས་ཀྱི་ཤ་ཁྲག་ལ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ ས་བརྒྱད་གནོན་པའི་སེམས་དཔའ་ཆེན་པོ་ཁྱོད༔ སྨོན་ལམ་དབང་གིས་ཀླུ་བདུད་རྗེ་བོར་གྱུར༔ རྫུ་འཕྲུལ་སྟོབས་ཀྱིས་དབུས་གཙང་ཁམས་སུ་ཁྱབ༔ དམ་ཚིག་དབང་གིས་ཟབ་གཏེར་སྲུང་མ་མཛད༔ སྤྲུལ་བའི་དགེ་བསྙེན་མཆོད་ཅིང་བསྟོད་ལགས་ན༔ ཁྱོད་ཀྱི་འཁོར་དུ་གཏོགས་པའི་ཀླུ་གཉན་དང་། རྒྱལ་འགོང་དམ་སྲིའི་གནོད་པ་བཟློག་ཏུ་གསོལ༔ གག་ལྷོག་གྲི་དམེ་ནང་འཁྲུག་དགྲ་ལ་ཐོངསཿ་ཧཱུྃ༔་དགེ་བསྙེན་འཁོར་བཅས་ཐུགས་དང་འགལ་བའི་ལས༔ ཐབ་གཞོབ་མནའ་དང་ཤིང་གཉན་བཅད་ལ་སོགས༔ ཉེས་འགལ་གང་མཆིས་རབ་ཏུ་འགྱོད་པས་བཤགས༔ རྟག་ཏུ་སྤུན་དང་གྲོགས་ལྟར་བརྩེར་དགོངས་ལ༔ ལོངས་སྤྱོད་ནོར་གྱི་དངོས་གྲུབ་བདག་ལ་སྩོལ༔ བཙན་ཕྱུགས་འཕེན་དར་འཛོམས་པའི་སྡོང་གྲོགས་མཛོད༔ པདྨ་འབྱུང་གནས་བཀའ་ལས་མ་འདའ་བར༔ རྣལ་འབྱོར་


CMR008_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ སྨྱོ་ཁའི་གསོལ་མཆོད་ཧཱུྃ་སྒྲ་ལྔ་པའོ༔ རྒྱས་པར་འདོད་ན་གཏེར་གཞུང་དེ་ཉིད་ཐོན༔ བསྡུས་པར་འདོད་ན་སྨྱོ་ཁར་སྔགས་བསྔོས་བྱ༔ འབྲིང་པོ་འདོད་ན་འདི་ཉིད་འདོན་པས་འཐུས༔ གངས་བཙན་སྐུ་ལྷ་ཤེའུ་མཁའ་རི་དང་༔ ཀླུ་བདུད་ནག་པོ་དགེ་བསྙེན་སྨྱོ་ཁ་ཡི༔ གསོལ་མཆོད་བསྡུས་པ་ཚང་བ་འདི་ཉིད་ནི༔ རྒྱུན་ཏུ་ཞི་དྲག་གཏེར་སྲུང་མཁོ་ཆེ་ཕྱི་ར༔ རཱ་གའི་མིང་ཅན་རྣལ་འབྱོར་པ་དེས་སྦྱར༔ འདི་ལུ་ཉེས་འགལ་འཁྲུགས་པ་ཅི་མཆིས་པ༔ གཏེར་སྲུང་གཉིས་པོ་འཁོར་དང་བཅས་ལ་བཤགས༔ དགེ་བས་སངས་རྒྱས་བསྟན་པ་འཕེལ་ཤིང་རྒྱས༔ གསང་སྔགས་བསྟན་པ་དགུང་ལ་རེག་གྱུར་ཅིག༔ སརྦ་མངྒ་ལཾ༔ ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

ཐུགས་སྒྲུབ་ལས་དགེ་བསྙེན་ནོར་བདག་གི་ལས་བྱང་།


CMR008_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་སྒྲུབ་ལས་དགེ་བསྙེན་ནོར་བདག་གི་ལས་བྱང་བཞུགས་སོ༔


CMR008_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་དུ་ཏྲི་ལས་ཡེ་ཤེས་གྲགས༔ དམར་གསལ་རབ་མཛེས་བྱིས་སྦའི་གཟུགས༔ དར་དང་རིན་ཆེན་དུ་མས་སྤྲས་ཕྱག་གཡས་ཡིད་བཞིན་ནོར་བུ་དང་༔ གཡོན་པས་གཏེར་གྱི་ནེའུ་བསྣམས༔ པད་ཟླའི་སྟེང་ན་ཕྱེད་སྐྱིལ་བཞུགས༔ ས་བོན་ཁྲི་ལས་འོད་འཕྲོས་པས༔ རང་བཞིན་གནས་ནས་སྤྱན་དྲངས་གྱུར༔ ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཆེ་མཆོག་ཧེ་རུ་ཀ་དཔལ་དང་༔ སློབ་དཔོན་པདྨ་འབྱུང་གནས་ཀྱི༔ སྤྱན་སྔར་ཁས་བླངས་དམ་བཅས་པའི༔ དགེ་བསྙེན་ནོར་བདག་ཡེ་ཤེས་གྲགས༔ མཆོད་པའི་གནས་འདིར་གཤེགས་སུ་


CMR008_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ༔ མཆོད་པའི་གནས་འདིར་གཤེགས་ནས་ཀྱང་༔ རང་ཉིད་དགྱེས་པའི་གདན་སྟེང་ལ༔ ཅི་བདེ་བར་ནི་བཞུགས་སུ་གསོལ༔ ཨོཾ་ཏྲིའུ་ཏྲིའུ་བཛྲ་ས་མཱ་ཛ༔ ཛཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ ཧཱུྃ༔ ནོར་བདག་དགེ་བསྙེན་ཆེན་པོ་ལ༔ མཆོད་ཡོན་ཞབས་བསིལ་མེ་ཏོག་དང་མར་མེ་དྲི་ཆབ་ཞལ་ཟས་དང་༔ རོལ་མོ་བསྟོད་དབྱངས་དཔག་མེད་འབུལ༔ མཛེས་པའི་གཟུགས་དང་སྙན་པའི་སྒྲ༔ ཞིམ་པའི་དྲི་དང་མངར་བའི་རོ༔ འཇམ་པའི་ན་བཟའ་སྣ་ཚོགས་འབུལ༔ སྐུ་གཟུགས་སྲོག་འཁོར་བླ་རྡོ་དང་༔ མདའ་དར་གསུར་དུད་ལ་སོགས་པ༔


CMR008_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པའི་དམ་རྫས་སྣ་ཚོགས་འབུལ༔ ཨོ་ཏྲིའུ་ཏྲིའུ་ཨགྷཾ་སོགས། ཧཱུཾ་ལས་རིན་པོ་ཆེའི་སྣོད་དུ་གཏོར་མ་དཀར་གསུམ་མངར་གསུམ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར༔ ན་མསརྦ་ཏ་ཐཱ་ག་ཏ་བྷྱོ་བྷི་ཤྭ་སོགས། ཨོ་ཏྲིའུ་ཏྲིའུ་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ གསུམ་མམ་བདུན་གྱིས་ཕུལ༔ ཧཱུྃ༔ གནོད་སྦྱིན་ནོར་ལྷའི་ཚོགས་རྣམས་ཐམས་ཅད་ཀྱིས༔ ནོར་གྱི་ལས་མཁན་ཁོལ་པོ་ཆེན་པོ་སྟེ༔ ནོར་དང་ཚེ་དང་དབང་ཐང་འཕེལ་བྱེད་པའི་ནོར་བདག་ཡེ་ཤེས་གྲགས་ལ་བདག་བསྟོད་དོ༔ སྙིང་ཉེ་དམ་གཙང་བཀྲ་ཤིས་འགྲུབ་ཐག་ཉེ༔ ལོངས་སྤྱོད་ཆར་འབེབས་འགྲོ་བ་དབང་དུ་སྡུད༔ ཐོགས་མེད་མངོན་ཤེས་མངོན་སུམ་སྟོན་མཛད་པ༔ སྒྲུབ་པའི་གྲོགས་མཛད་ཁྱོད་ལ་བདག་བསྟོད་དོ༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ལོངས་སྤྱོད་ཕུན་སུམ་ཚོགས་པའི་དངོས་གྲུབ་སྩོལ༔ ཞེས་པ་རྒྱུན་ཁྱེར་དང་༔ བཅོ་ལྔའི་དུས་སོགས་ལ་དཀར་གཏོར་བཤམས་ལ་གསོལ་ཁ་བྱ་བ་ནི༔ ཨ་ཀཱ་རོས་བྱིན་གྱིས་བརླབས་ལ༔ ཧཱུྃ་ཏྲི་ལས་བྱུང་བའི་ནོར་བདག་ནི༔ དམར་གསལ་མཛེས་འཛུམ་ཡིད་འཕྲོག་པ༔ ལོ་བརྒྱད་ལོན་པའི་ལང་ཚོ་ཅན༔ དར་དང་རིན་ཆེན་དུ་མས་བརྒྱན༔ ཕྱག་གཡས་ཡིད་བཞིན་


CMR008_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུ་བསྣམས༔ རྣལ་འབྱོར་བསམ་པ་ཡིད་བཞིན་སྒྲུབས༔ ཕྱག་གཡོན་གཏེར་གྱི་ནེའུ་ལེ་བསྣམས༔ རིན་ཆེན་སྣ་ཚོགས་ཆར་དུ་འབེབས༔ ནོར་ལྷ་ཀུན་གྱི་ལས་མཁན་ཏེ༔ གནོད་སྦྱིན་ཀུན་གྱི་ཕོ་ཉ་བ༔ མཚན་ནི་ནོར་བདག་ཡེ་ཤེས་གྲགས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ དཀར་གསུམ་མངར་གསུམ་ཕུད་ཀྱིས་མཆོད༔ སྔར་བྱས་ལས་ཀྱི་གཏང་རག་འབུལ༔ ཕྱིས་བྱེད་ལས་ཀྱི་ཞུ་སྐྱེམས་འབུལ༔ ད་ལྟའི་ལས་ཀྱི་གཉེར་ཟས་མཛོད༔ རྒྱ་མཚོ་ལུད་པ་ལྟ་བུ་ཡི༔ ལོངས་སྤྱོད་དཔལ་འབྱོར་བདག་ལ་སྩོལ༔ འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟར༔ ཅི་བསམ་འགྲུབ་པའི་བཀྲ་ཤིས་ཤོག༔ ཧཱུྃ༔ ཕྱི་ལྟར་སྤྲུལ་པ་འགྱེད་ཙ་ན༔ རབ་མཛེས་བྱིས་སྦ་ཟུར་ཕུད་ཅན༔ སྣང་སྲིད་གསལ་བའི་མངོན་ཤེས་ཅན༔ སྲིད་གསུམ་མ་ལུས་ས་ལེར་གཟིགས༔ མངོན་ཤེས་ཐོགས་མེད་ཤར་ཤར་སྟོན༔ ལེགས་ཉེས་ཅི་འོང་ལྷང་ལྷང་མ༔ བདེན་རྫུན་རྣོ་གཏོང་རྦད་རྦད་གཅོད༔ སྐྱེས་བུ་དོན་གསལ་ཞེས་སུ་གྲགས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ དཀར་གསུམ་མངར་གསུམ་ཕུད་ཀྱིས་མཆོད༔ སྔར་བྱས་ལས་


CMR008_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཏང་རག་འབུལ༔ ཕྱིས་བྱེད་ལས་ཀྱི་ཞུ་སྐྱེམས་འབུལ༔ ད་ལྟའི་ལས་ཀྱི་གཉེར་ཟས་མཛོད༔ ལེགས་ཉེས་ཅི་འོང་བདག་ལ་སྨོས༔ སྣང་གསལ་པྲ་ཡི་དངོས་གྲུབ་སྩོལ༔ ཆོས་མཛད་སྐྱེས་བུའི་དབུ་འཕང་བསྟོད༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ནང་ལྟར་སྤྲུལ་པ་འགྱེད་ཙ་ན༔ མཛེས་པའི་མི་དཀར་ཟངས་མ་གཅིག༔ དབུ་ལ་དར་ཐོད་གཡུ་ཡིས་བརྒྱན༔ སྐུ་ལ་དར་དཀར་ན་བཟའ་ལ༔ མེ་ཏོག་སྣ་ཚོགས་རི་མོ་བཀྲ༔ ཕྱག་གཡས་སྙན་གྲགས་དུང་དཀར་འབུད༔ ཕྱག་གཡོན་སྨྲ་མཁས་པི་ཝཾ་འཛིན༔ ཆིབས་སུ་ལྷ་གཡག་ཁམ་པ་ཆིབས༔ དཀར་པོ་ལྷ་རྒྱལ་ཞེས་སུ་གྲགས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ དཀར་གསུམ་མངར་གསུམ་ཕུད་ཀྱིས་མཆོད༔ སྔར་བྱས་ལས་ཀྱི་གཏང་རག་འབུལ༔ ཕྱིས་བྱེད་ལས་ཀྱི་ཞུ་སྐྱེམས་འབུལ༔ ད་ལྟའི་ལས་ཀྱི་གཉེར་བྲས་མཛོད༔ སྣང་སྲིད་བདག་ལ་ས་ལེར་སྟོན༔ ཐུན་མོང་མངོན་ཤེས་དངོས་གྲུབ་སྩོལ༔ བསམ་པ་སྒྲུབས་ལ་རེ་བ་སྐོངས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔་ཧཱུྃ༔ གསང་བའི་སྤྲུལ་པ་འགྱེད་ཙ་ན༔ ཡིད་འཕྲོག་མཛེས་སྡུག་བྱིས་པ་ཞིག་


CMR008_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ལ་ན་བཟའ་ཁྲེ་ཚེ་གསོལ༔ རྒྱབ་ཏུ་རིན་ཆེན་ཁྲེས་པོ་ཁུར༔ དབུ་སྐྲ་སིལ་བུ་ཁམ་སིལ་ལ༔ འཛུམ་ཞིང་ཐལ་སྦྱར་བཀའ་ལ་ཉན༔ ལོ་སྟེ་བསམ་འགྲུབ་ཅེས་སུ་གྲགས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ དཀར་གསུམ་མངར་གསུམ་ཕུད་ཀྱིས་མཆོད༔ སྔར་བྱས་ལས་ཀྱི་གཏང་རག་འབུལ༔ ཕྱིས་བྱེད་ལས་ཀྱི་ཞུ་སྐྱེམས་འབུལ༔ ད་ལྟའི་ལས་ཀྱི་གཉེར་ཟས་མཛོད༔ བདག་དང་ཡོན་བདག་འཁོར་བཅས་ལ༔ རྐྱེན་དང་བར་ཆད་ཅི་མཆིས་དང་༔ དེ་ལ་གང་ཕན་ལ་སོགས་པ༔ ཐམས་ཅད་བདག་ལ་གསལ་བར་སྟོན༔ སྣང་གསལ་པྲ་ཡི་དངོས་གྲུབ་སྩོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བཤགས་པ་ནི་ཁོ་མ་དགའ་བའི་ལྟས་བྱུང་ན་སྐུ་གཟུགས་མེ་ལོང་ལ་ཁྲུས་བྱ༔ ཤུག་དུད་བདུག་གཏོར་མ་བཟང་དུ་བཏང་༔ ཧཱུྃ༔ ཆེ་མཆོག་ཧེ་རུ་ཀ་དང་པད་འབྱུང་གི༔ བཀའ་དང་དམ་ལ་བཏགས་བའི་དམ་ཚིག་ཅན༔ སངས་རྒྱས་བསྟན་པ་བསྲུང་བའི་དགེ་བསྙེན་མཆོག༔ ནོར་ལྷ་ཀུན་གྱི་ལས་མཁན་མཐུ་རྩལ་ཅན༔ གསང་བའི་མཚན་ནི་དགེ་བསྙེན་ཡེ་ཤེས་གྲགས༔ ནོར་ལྷ་ཆེན་པོ་བདག་ལ་དགོངས་སུ་གསོལ༔ ཁྱོད་ནི་མངོན་ཤེས་


CMR008_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་ལྡན་སྣང་སྲིད་གཟིགས༔ བདག་ནི་མ་རིག་གཏི་མུག་མུན་པས་བསྒྲིབ༔ བག་མེད་ཉོན་མོངས་ནད་ཀྱིས་མནར་བའི་མཐུས༔ དགེ་བསྙེན་ཁྱོད་ཀྱི་ཐུགས་དང་འགལ་བའི་ལས༔ དམེ་ཕོ་ཡུགས་ཟ་དམ་ཉམས་མཛེ་ཅན་དང་༔ ཤན་པ་སྡིག་ཅན་རྣམས་དང་ཟས་གོས་འདྲེས༔ ལག་ཟས་ཟོས་དང་རོ་ཡི་ཟས་གོས་སྤྱད༔་གཙང་སྦྲ་མ་བྱས་མཆོད་པ་གཏོར་མ་ཆག༔ སྔགས་སྒྲ་མ་དག་ཏིང་འཛིན་མ་གསལ་དང་༔ རྟེན་རྫས་སྒྲུབ་རྫས་མཆོད་པའི་རྫ་ས་མ་འཛོམ༔ གནས་ཀྱི་དམ་ཚིག་སྒྲུབ་པའི་དམ་ཚིག་དང་༔ རྒྱུན་གྱི་དམ་ཚིག་གསང་བའི་དམ་ཚིག་རྣམས༔ ཤེས་བཞིན་མི་ལྡན་རིང་གར་བབ་འཆོར་སྤྱོད༔ དེ་སོགས་ཐུགས་དང་འགལ་བ་ཅི་མཆིས་པ༔ རབ་ཏུ་གནོང་ཞིང་འགྱོད་པས་མཐོལ་ལོ་བཤགས༔ བཟོད་པར་བཞེས་ནས་ཅི་འདོད་དངོས་གྲུབ་སྩོལ༔ ཅེས་ཡིག་བརྒྱ་བཟླའོ༔ ཞེས་པ་འདི་ནི་ཐུགས་སྒྲུབ་ལས་ཚོགས་ཀྱི༔ ཁ་བསྐང་འདོན་བྱ་དགོས་ཞེས་ཡང་ཡང་དུ༔ ཨོ་རྒྱན་རིག་འཛིན་ཞེས་བྱས་བསྐུལ་བའི་ངོར༔ ཡོས་ལོ་ཁྲུམས་ཟླའི་ཚེས་གསུམ་གུང་ལ་བྲིས༔ ཉེས་པ་མཆིས་ན་བཤགས་ཤིང་དགེ་མཆིས་ན༔ ཟབ་གཏེར་བསྟན་པ་རྒྱས་པའི་ཕྱིར་དུ་བསྔོ༔ དེ་སྐད་སྨྲས་པ་སྙིགས་དུས་སྔགས་འཆང་བ༔ རཱ་གའི་མིང་ཅན་དེ་ཡིས་


CMR008_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བའོ༔ སརྦ་སིདྡྷི་མངྒ་ལཾ༔ ༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱ་གས་སོ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

གུ་རུ་ཞི་བའི་སྐོར་ལ། མཇའ་མཚོན་གསོལ་འདེབས།


CMR008_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཧཱུྃ་ཀཱ་ལ་ཛྭ་ལ་རཾ། །སྣང་བ་མཐའ་ཡས་ཐུགས་རྗེའི་མཁའ་ཀློང་ནས། །པདྨ་འབྱུང་གནས་མཁྱེན་བརྩེའི་དཀྱིལ་འཁོར་རྒྱས། །སྤྲུལ་པའི་འོད་ཟེར་འགྲོ་བའི་མུན་སེལ་བ། །ལས་འཕྲོ་གླིང་པའི་ཞབས་ལ་གསོལ་བ་འདེབས། །ཧཱུྃ་ནག་མེ་འབར་སྣང་སྲིད་འདུལ་བའི་གཉེན། །རྫུ་འཕྲུལ་མཐུ་སྟོབས་ཐོགས་མེད་གློག་ལྟར་འཁྱུག །གང་འདུལ་དེར་སྟོན་སྤྲུལ་པའི་རིག་འཛིན་མཆོག །འཇའ་ཚོན་སྙིང་པོའི་ཞབ་ལ་གསོལ་བ་འདེབས། །ཁྱེད་ལ་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བར་ཆད་རྐྱེན་ངན་ཐམས་ཅད་ཞི་བ་དང་། །སྤྲོས་བྲལ་རྫོགས་ཆེན་རྟོགས་པ་མངོན་གྱུར་ནས། །ཚེ་གཅིག་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས། །ཞེས་པ་ཞི་ཁྲོའི་དབང་ཁྲིད་དུས་ནུབ་གཅིག་རིག་འཛིན་འཇའ་ཚོན་སྙིང་པོ་པཎ་ཞྭ་ཆོས་གོས་རབ་བྱུང་ཆ་ལུགས་རྟ་ལ་ཆིབས་ནས་རྫུ་འཕྲུལ་ཉ་ལྟར་འཕྱོ་བ་ཞིག་རྨི་ལམ་ལ་མཇལ་བས་གསོལ་བ་བཏབ་བོ། །རིན་པོ་ཆེ་ཨ་རཱ་གའི་བཀའ་འབུམ་ནང་ནས་བྱུང་།

བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཕྲིན་ལས་རང་གཞུང་ལས་བསྒྲིགས་ཅན།


CMR008_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཕྲིན་ལས་རང་གཞུང་ལས་བསྒྲིགས་ཅན་བཞུགས་སོ།།


CMR008_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཱིཿ མ་བཅོས་ལྷུན་གྲུབ་ཀ་དག་རང་མདངས་ལས། །ཅི་ཡང་ཤར་བའི་རིག་རྩལ་སྒྱུ་འཕྲུལ་ནི། །གསང་སྔགས་རྙིང་མའི་བསྟན་འཛིན་བང་རི་བ། །ཨོ་རྒྱན་ལས་འཕྲོ་གླིང་པར་གསོལ་བ་འདེབས། །དང་པོ་མདོ་རྒྱུད་མན་ངག་ལེགས་པར་སྦྱངས། །བར་དུ་བསྐྱེད་རྫོགས་དབྱེར་མེད་སྒྲུབ་པ་བཙུགས། །ཡང་དག་དོན་གྱི་རབ་འབྱམས་བང་རི་བ། །རིག་འཛིན་འཇའ་ཚོན་སྙིང་པོར་གསོལ་བ་འདེབས། རྒྱལ་དབང་པདྨའི་ཡང་སྤྲུལ་དགེ་སྦྱོང་ཚུལ། །བསྐལ་དུས་སྙིགས་མའི་འགྲོ་བའི་དཔལ་དུ་ཤར། །བདག་འཛིན་རུ་ཏྲ་འཇོམས་པའི་བང་རི་བ། །


CMR008_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་འཆང་ཧཱུྃ་ནག་མེ་འབར་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །གནས་སྐབས་མཐར་ཐུག་དངོས་གྲུབ་ཆར་འབེབས་ཤིང་། །མཁྱེན་བརྩེ་ནུས་ལྡན་འཇའ་ལུས་འོད་ཕུང་གྱུར། །བདག་གཞན་དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཅེས་རིག་འཛིན་འཇའ་ཚོན་སྙིང་པོའི་གསོལ་འདེབས་འདི་ལ་ཉིན་རེ་ཚར་དྲུག་གམ་ལྔའམ་གསུམ་མམ་ཚར་རེ་མ་བཅད་པར་ཉིན་རེ་འདོན་ན་ངན་སོང་གསུམ་དུ་མི་འགྲོ། ཀོང་པོའི་གཙང་སྦུག་ཏུ་རིག་འཛིན་འཇའ་ཚོན་སྙིང་པོས་སྦྱར་བའོ།། ༄༅། པདྨ་འོད་འབར་གྱི་སྔོན་འགྲོ་བསྡུས་པ་བཞུགས་སོ། །ན་མོ་བདག་དང་འགྲོ་དྲུག་སེམས་ཅན་མ་ལུས་


CMR008_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

པ། །བླ་མ་སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བསླུ་མེད་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །རྩ་བརྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་ལྷ། །མཁའ་འགྲོ་ཆོས་སྐྱོང་རྣམས་ལ་སྐྱབས་སུ་མཆི། །གདོད་ནས་རྣམ་དག་བདེ་ཆེན་ཀུན་ཏུ་བཟང་། །རང་སེམས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆི། །ཡེ་ནས་རང་སེམས་ཆོས་སྐུ་ཡིན་པ་ལ། །དེ་ལྟར་མ་རྟོགས་སེམས་ཅན་སྙིང་རེ་རྗེ། །དེ་རྣམས་སངས་རྒྱས་ས་ལ་འགོད་པའི་ཕྱིར་། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །འགྲོ་དྲུག་སེམས་ཅན་བདེ་དང་ལྡན་གྱུར་ཅིག །དུས་རྣམས་རྟག་ཏུ་སྡུག་བསྔལ་མེད་པར་ཤོག །བདེ་སྐྱིད་ཕུན་སུམ་ཚོགས་དང་མི་འབྲལ་ཞིང་། །ཉེ་རིང་ཆགས་སྡང་རྟོག་པ་མེད་གྱུར་ཅིག །ལྕོག་རྡོག་བྲན་ལ། བྷཾ་ལས་རིན་ཆེན་སྣོད་དུ་གཏོར་མ་ནི། །དཀར་གསུམ་མངར་གསུམ་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུྃ་གིས་ཟག་མེད་བདུད་རྩིར་གྱུར། །ཡུལ་འདིར་གནས་པའི་གནས་བདག་གཞི་བདག་རྣམས། །དཀར་གསུམ་ཕུད་ཀྱི་གཏོར་མ་འདི་བཞེས་ལ། །བདག་གིས་བསྐྱེད་རྫོགས་སྒོམ་བཟླས་བྱེད་པ་ལ། །ཀོ་ལོང་རུ་ང་ཕྲག་དོག་མ་མཛད་པར། །བདག་གི་མཐུན་རྐྱེན་རོགས་དན་


CMR008_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་དུ་གསོལ། །བགེགས་དང་ལོག་འདྲེན་དམ་སྲི་འབྱུང་པོ་རྣམས། །གཏོར་མའི་ལྷག་རོལ་ཆངས་བུ་འདི་ཁྱེར་ལ། །གནས་འདིར་མ་འདུག་མྱུར་བར་གཞན་དུ་དེངས། །རང་གི་ལུས་ལ་གནོད་པའི་དཔེ་ལོངས་ལ། །སེམས་ཅན་གཞན་ལ་གནོད་པ་མ་བྱེད་ཅིག །ཨོཾ་བྷུ་མི་པ་ཏི། བྷ་ལིང་ཏ་ཁཱ་ཧི་ཁཱ་ཧི། སརྦ་བྷུ་ཏ་གཙྪ། ཅེས་ཕྱི་རོལ་ཕུལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝ་སོགས། རླུང་མེ་ཐོད་སྐྱེད་སྟེང་དུ་ཀ་པཱ་ལར། །བདུད་རྩི་གཏོར་མ་ཤ་ལྔ་བདུད་རྩི་ལྔ། །ཁོལ་ཞིང་ཞུ་བ་ཟག་མེད་བདུད་རྩིའི་མཚོ་། །རྒྱུད་དྲུག་འཁོར་བ་སྟོང་ཕྱིར་རཀྟའི་མཚོ། ཕྱི་ནང་གསང་བའི་མཆོད་སྤྲིན་དཔག་མེད་པ། །ཟག་མེད་ཀུན་བཟང་མཆོད་སྤྲིན་ལྟ་བུར་གྱུར། །ཨོ་པཉྩ་ཨ་མྲྀ་ཏ། མ་ཧཱ་བ་ལི་ཏ། མ་ཧཱ་རཀྟ་སརྦ་པཱུ་ཙ་ཨཱཧཱུྃ། སྔོན་འགྲོ་འདི་མཚམས་དུས་དང་པོ་གལ་ཆེ། དེ་ནས་མ་བྱས་ཀྱང་ཆོག །ནངས་རེ་གཏོར་མ་རེ་ཕུལ་ན་ཡང་བཟང་། མཚམས་བྱེད་ན་སྒོ་རྩར་ཐོ་དཀར་པོ་བརྩེགས། མཚམས་གྲོལ་དུས་བསྐྱེལ། སྔོན་འགྲོ་འབུལ་ས་ཕྱོགས་གཙང་སའམ། རང་གི་ལོ་བདུད་སྟེང་དུ་ཕུལ། གླང་གི་ལོ་བདུད་ནི་ལྷོ་ནུབ་ཡིན་པས་རྒྱུན་དུ་ཕུལ་ཆོག །ཅེས་བླ་མ་སྲུང་གི་དོན་དུ། ཨ་རཱ་གས་སོ།། །།སྲུང་འཁོར་ནི། ཧཱུྃ༔


CMR008_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་འགྱུར་མེད་ཡེ་ནས་རྡོ་རྗེའི་སྐུ༔ ཕྱི་ནང་སྣོད་བཅུད་གཞལ་ཡས་སྐྱེ་འགྲོ་ལྷ༔ ཕྱོགས་དང་ཕྱོགས་མཚམས་འཇའ་འོད་མཚོན་ཆས་གཏམས༔ རྡོ་རྗེའི་ས་རིས་བསྐོར༔ ཨོཾ་བཛྲ་རཀྟ་ཛྭ་ལ་རཾ༔ སྐྱབས་སེམས་ནི། ཨོཾ་ཨཱཿཧཱུྃ༔ སྐྱབས་གནས་དམ་པ་རྣམས་ལ་སྐྱབས་སུ་མཆི༔ རྒྱུད་དྲུག་འཁོར་བར་འཁྱམས་པའི་ཕ་མ་རྣམས༔ བཟོད་མེད་གདུང་བས་སངས་རྒྱས་ཐོབ་བྱའི་ཕྱིར༔ ཀུན་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ལན་གསུམ། ཨོཾ་ཨཱཿཧཱུྃ༔ ཆོས་རྣམས་ཐམས་ཅད་སྐུ་གསུམ་རང་བཞིན་ལ༔ གཉིས་མེད་ཀློང་ཡངས་ཆེན་པོར་ཕྱག་འཚལ་ལོ༔ མ་བཅོས་མཐའ་བྲལ་མཉམ་པ་ཉིད་ཀྱིས་མཆོད༔ རང་སེམས་སངས་རྒྱས་མ་རྟོགས་མཐོལ་ལོ་བཤགས༔ གནས་ལུགས་རང་རིག་ངང་དུ་ཡི་རང་ངོ་༔ འཛིན་མེད་ཁྱབ་བརྡལ་རོལ་པའི་ཆོས་འཁོར་བསྐོར༔ འཁོར་འདས་དབྱེར་མེད་བཞུགས་པར་གསོལ་བ་འདེབས༔ ཆོས་དབྱིངས་ལྷུན་གྲུབ་ཆེན་པོར་བསྔོ་བར་བྱ༔ ཟུང་འཇུག་ཀུན་ཁྱབ་བདེ་ཆེན་མཆོག་ཐོབ་ཤོག༔ ཅེས་ཡན་ལག་བདུན་པ་དང་།། མཆོད་པ་བྱིན་རླབས་ནི། རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ རང་གི་གནས་གསུམ་ཡིག་འབྲུ་གསུམ་གྱིས་


CMR008_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

མཚན༔ དེ་ལས་ཟེར་མ་ཕྱོགས་བཅུར་རབ་འཕྲོས་པས༔ མཆོད་རྫས་དངོས་འཛིན་རྣམ་རྟོག་བར་ཆགས་དང་ཉེས་སྐྱོན་བསྲེགས་གཏོར་སྦྱངས་བཀྲུས་བདུད་རྩིར་གྱུར༔ སྨན་རཀ་གཏོར་མཆོད་འོད་ཕུང་ལྡེམས་སེ་ལྡེམ༔ བླ་མེད་མཆོད་པ་དཔག་ཡས་བསམ་མི་ཁྱབ༔ ཨོཾ་ཧཱུཾ་ཏུཾ་ཧཱིསཿ དང་པོ་ཕྱི་ཞི་བ་ལྟར་སྒྲུབ་པ་ལ་ཏིང་ངེ་འཛིན་རྣམ་པ་གསུམ་ནི༔ ཨོཾ་ཨཱཿཧཱུྃ༔ འདི་ལྟར་སྣང་སྲིད་གཉིས་བསྡུས་ཆོས་རྣམས་ཀུན༔ ཡེ་ནས་སྟོང་ཞིང་ནམ་མཁའ་ལྟ་བུ་ལ༔ གཟུང་འཛིན་སྤང་བླང་བྱ་བྱེད་མཐའ་ལས་འདས༔ པདྨ་སཾ་བྷ་བདག་ནི་དེ་ལྟར་སྨྲ༔ དྷརྨཱ་དྷ་ཏུ་སྭ་བྷཱ་ཝ་ཨཱཧཱུྃ༔ ཧཱུྃ༔ བདག་ཉིད་ཐ་མལ་རང་སེམས་བཟོ་མེད་འདི༔ དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་སྐུ་དཀར་གསལ་མདངས་ལྔ་མཛེས་འཛུམ་རྒྱན་གྱིས་སྤྲས༔ རྡོ་རྗེ་ཐོད་པ་ཚེ་བུམ་རིན་ཆེན་བརྒྱན༔ པད་ཞྭ་རྒོད་ལྡེམ་ཁ་ཊཾ་གཡོན་ན་འཁྲིལ༔ ཕོད་ཀ་ཆོས་གོས་ཟ་འོག་བེར་ཕྱམ་ཅན༔ མཚན་དཔེས་རབ་བརྒྱན་འོད་ཀྱི་དཀྱིལ་འཁོར་མཛེས༔ མཉམ་ཉིད་བདེ་ཆེན་འཁྱིལ་པའི་སྐྱིལ་ཀྲུང་བཞུགས༔ འོད་ཀྱི་ལུས་ལ་ཡེ་ཤེས་སྙིང་པོ་ཅན༔ གསལ་སྟོང་ཐུགས་རྗེའི་འོད་ཟེར་


CMR008_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ་སྙོམས༔ མཁའ་འགྲོ་འཇའ་སྤྲིན་རྣམ་མང་འཁྲིགས་པའི་དབུས༔ སྐུ་ཡི་སྤྲུལ་པས་ཞིང་ཁམས་ཡོངས་ལ་ཁྱབ༔ ནམ་མཁའི་ལུས་ཅན་གར་ཡང་ཐོགས་པ་མེད༔ བདེ་གཤེགས་ཀུན་གྱི་བཀོད་པ་སྐུ་ལ་རྫོགས༔ ཀུན་ཀྱང་རྒྱལ་བའི་དཀྱིལ་འཁོར་ཟང་ཐལ་ལ༔ བགེགས་དང་བར་ཆད་ཞེས་བྱའི་མིང་ཡང་མེད༔ སྣང་སྟོང་སྒྱུ་མ་ཙམ་དུ་གསལ་བར་བསྐྱེད༔ དེ་ལྟར་དུ་གསལ་བའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དེ་ལས་འོད་ཟེར་འཕྲོས་པས་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་གཞལ་ཡས་ནས༔ ཨོ་རྒྱན་གྱི་གུ་རུ་པདྨ་འབྱུང་གནས་ལ༔ འཁོར་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་ཏིལ་གྱི་གོང་བུ་ཁ་བྱེ་བ་ལྟར་དཔག་ཏུ་མེད་པ་སྤྱན་དྲངས༔ ཡེ་ཤེས་པ་སྤྱན་འདྲེན་པ་ནི༔ ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིསཾ་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་


CMR008_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ༔ སིདྡྷི་ཕ་ལ་ཧཱུྃ་ཨཱ༔ དམ་ཡེ་གཉིས་མེད་དུ་གྱུར་པ་ལ་ཕྱག་འཚལ་བ་ནི༔ ན་མོ༔ སྐྱེ་འགགས་འགྱུར་མེད་ཕྲིན་ལས་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ༔ ཡིད་བཞིན་དངོས་གྲུབ་ཆར་འབེབས་པའི༔ པདྨ་འོད་འབར་སྐུ་ལ་ཕྱག་འཚལ་ལོ༔ མཆོད་པ་འབུལ་བ་ནི༔ ཨོཾ་ཨཱཧཱུྃ༔ མཆོད་འོས་ཕྱི་ནང་སྣོད་བཅུད་ཀུན༔ བློ་ཡིས་སྤྲུལ་ལམ་ལྷུན་གྱིས་གྲུབ༔ ཏིང་འཛིན་མཉམ་ཉིད་ཆེན་པོ་རུ༔ དཀོན་མཆོག་སྤྱི་འདུས་རྒྱལ་བར་འབུལ༔ གཞན་ཡང་མཆོད་རྫས་བྱེ་བྲག་ནི༔ མཛེས་པའི་མེ་ཏོག་དབུ་ལ་འབུལ༔ དྲི་ཞིམ་བདུག་སྤོས་ཤངས་ལ་འབུལ༔ སྣང་གསལ་མར་མེ་སྤྱན་ལ་འབུལ༔ མཆོད་ཡོན་དྲི་ཆབ་སྐུ་ལ་འབུལ༔ རོ་ལྡན་ཞལ་ཟས་ལྗགས་ལ་འབུལ༔ སྙན་པའི་རོལ་མོ་ཐུགས་ལ་འབུལ༔ ཕྱག་རྒྱ་གར་གྱི་མཆོད་པ་འབུལ༔ བསྟོད་དབྱངས་གླུ་ཡི་མཆོད་པ་འབུལ༔ འདོད་ཡོན་མ་སྤངས་ཕྱི་མཆོད་འབུལ༔ ཉོན་མོངས་མ་སྤངས་ནང་མཆོད་འབུལ༔ འདུ་


CMR008_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

འབྲལ་མེད་པའི་གསང་མཆོད་འབུལ༔ རྩ་བརྒྱད་སྟོང་སྦྱར་སྨན་མཆོད་འབུལ༔ དུག་ལྔ་བསྒྲལ་བའི་རཀྟ་འབུལ༔ བ་ལི་གཏོར་མའི་མཆོད་པ་འབུལ་དམ་རྫས་བདུད་རྩིའི་མཆོད་པ་འབུལ༔ བླང་དོར་མེད་པའི་མཆོད་པ་འབུལ༔ ཨོ་བཛྲ་ཨརྒྱུ་པཱདཾ་པུཊྚེ་དྷུ་པེ་ཨ་ལོ་ཀེ་གནྡྷེ་ནེ་ཝིདྱ་ཤརྡ་པྲ་ཏིཙྪ་ཨཱཿཧཱུྃ། མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ བསྟོད་པ་ནི། ཧཱུྃ༔ རྒྱལ་བ་ཐམས་ཅད་ཡེ་ཤེས་ཀློང་དུ་གཅིག༔ ཆོས་ཉིད་དོན་ལ་ཆ་ལུགས་མི་མངའ་ཡོང་༔་ཐབས་མཁས་གང་འདུལ་སོ་སོའི་སྐུར་སྟོན་པ༔ ཐུགས་རྗེས་སྤྲུལ་བསྒྱུར་འགྱེད་ལ་ཕྱག་འཚལ་བསྟོད༔ བདེ་གཤེགས་ཀུན་འདུས་གཞོན་ནུ་ལོ་བརྒྱད་ཚུལ༔ འགྲོ་བ་ཡོངས་ཀྱི་སྐྱབས་མགོན་པདྨ་འབྱུང་༔ འགྱུར་མེད་སྐུ་མདོག་གངས་ལ་ཉི་ཤར་ལྟར༔ དམར་མདངས་ཅུང་ཟད་འཚེར་ལ་ཕྱག་འཚལ་བསྟོད༔་ཐབས་ཤེས་དབྱེར་མེད་རྡོ་རྗེ་ཐོད་པ་དང་༔ ཟུང་འཇུག་ཚེ་དང་ཡེ་ཤེས་བུམ་པ་འཛིན༔ དུས་གསུམ་རྩད་གཅོད་ཁ་ཊཾ་ཡུམ་གྱི་ཚུལ༔ ཁྲོ་འཛུམ་འགྲོ་འདུལ་མཛད་ལ་ཕྱག་འཚལ་བསྟོད༔ ཆོས་གོས་དམར་པོ་གསེར་གྱི་ཧ་རིས་ཅན༔ ཤེའུའི་སྙན་ཞུ་རྒོད་ལྡེམ་དར་སྣ་འཕྱང་༔ པདྨའི་གདན་ལ་མཚན་དང་


CMR008_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་བྱད་འབར་༔ ཕྱི་ནང་ཡོན་ཏན་རྫོགས་ལ་ཕྱག་འཚལ་བསྟོད༔ སྐུ་དང་ཞིང་ཁམས་ཡེ་ནས་འདུ་འབྲལ་མེད༔ ཕྱོགས་བཅུ་ཀུན་ཀྱང་རྒྱལ་བའི་ཆོ་འཕྲུལ་ལས༔ ཆེ་ཆུང་མ་ངེས་སྐུ་གསུམ་ངང་དུ་བཞུགས༔ སྤྲུལ་པའི་གློག་སྟོང་འཁྱུག་ལ་ཕྱག་འཚལ་བསྟོད༔ གཟི་བརྗིད་ཉི་མ་འབུམ་གྱི་འོད་ཟེར་གྱིས༔ ཚེ་ཡི་དངོས་གྲུབ་རང་བཞིན་གནས་ནས་འགུགས༔ དགོས་འདོད་རེ་སྐོང་ཡིད་བཞིན་མཆོག་གི་ངང་༔ འཆི་མེད་རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ དེ་ལྟར་མཆོད་དང་བསྟོད་བྱ་མི་དམིགས་ཀྱང་༔ གློ་བུར་དྲི་མའི་རྣམ་རྟོག་བསལ་ཕྱིར་དུ༔ ཐབས་ཤེས་དབྱེར་མེད་ཆུ་ལ་ཆུ་བཞག་ཚུལ༔ གཉིས་མེད་རོལ་པ་ཆེན་པོར་ཕྱག་འཚལ་བསྟོད༔ གཉིས་པ་བསྙེན་དམིགས་ནི༔ ཧཱུྃ༔ བདག་ཉིད་པདྨ་འོད་འབར་ཐུགས་ཀ་རུ༔ གསེར་གྱི་རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧྲཱིཿ མཐའ་མར་བཛྲ་གུ་རུའི་སྔགས་ཕྲེང་ནི༔ གཡོན་དུ་བཀོད་ནས་གཡས་སུ་འཁོར་བ་ལས༔ འོད་ཀྱིས་པདྨ་འོད་ཞིང་ལ་སོགས་པའི༔ ཕྱོགས་བཅུའི་ཞིང་ནས་དཀོན་མཆོག་རྩ་གསུམ་རྣམས༔ གུ་རུ་པདྨ་འོད་འབར་རྣམ་པ་རུ༔ ཆར་ལྟར་བབས་ནས་བདག་ལ་ཐིམ་པ་ཡིས༔ དབང་


CMR008_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ༔ སླར་ཡང་འོད་འཕྲོས་སེམས་ཅན་ཀུན་ལ་ཕོག༔ སྡིག་སྒྲིབ་ཀུན་དག་གུ་རུའི་སྐུར་གྱུར་ནས༔ ཀུན་གྱིས་སྔགས་སྒྲ་འུར་འུར་སྒྲོག་པར་གྱུར༔ ཨོཾ་ཨཱཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཐོང་ཕྲེང་རྩལ་དང་བཛྲ་གུ་རུ་ཅི་ནུས་བཟླའོ༔ དེའི་ཡན་ལག་ཏུ་ཚེ་སྒྲུབ་ཉམས་སུ་ལེན་པར་སྤྲོ་ན། བདག་མདུན་སྐད་ཅིག་གིས་རིག་འཛིན་ཚེ་དཔག་མེད་པདྨ་འོད་འབར་དུ་གསལ་བར་གྱུར༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ འགྲོ་རྣམས་མ་ལུས་སྒྲོལ་བའི་དེད་དཔོན་མཆོག༔ ཨོ་རྒྱན་པདྨ་རིག་འཛིན་ཚེ་དཔག་མེད༔ བདག་གི་ལུས་ངག་ཡིད་གསུམ་བྱིན་རློབས་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ གསོལ་བ་འདེབས་པ་ལན་གསུམ་བྱ། བདག་མདུན་གྱི་ཐུགས་ཀར་པདྨ་དཀར་པོ་འདབ་མ་བརྒྱད་པའི་ཟེའུ་འབྲུར་ཕ་ལམ་གྱི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཉི་ཟླའི་གའུ་ཁ་སྦྱོར་གྱི་དབུས་སུ་ཧྲཱིཿ དཀར་པོ་ཧཱུྃ་དང་ཨཱས་མཚན་པ། དེའི་མཐར་སྔགས་ཕྲེང་འོད་ལྔའི་མདངས་དང་ལྡན་པ་གཡས་སྐོར་དུ་འཁོར་བ་དང་། གནས་ལྔར་ཕྱག་མཚན་ལྔར་ཡིག་འབྲུ་ལྔས་མཚན་པ་ལས་འོད་ཟེར་སྤྲོ་བསྡུས་ཕྱི་ནང་སྣོད་བཅུད་ཐམས་ཅད་ལྷ་སྔགས་སུ་གསལ་


CMR008_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གཟི་བརྗིད་ཀྱིས་སངས་རྒྱས་བྱང་སེམས་རྩ་བ་གསུམ་དང་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱི་ཚེ་ཡི་བྱིན་རླབས་དང་། འབྱུང་བའི་བཅུད་ཀྱི་དྭངས་མ་ཐམས་ཅད་དང་དྲང་སྲོང་རིག་འཛིན་ཚེ་ལ་དབང་བ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས། མདོར་ན་སེམས་ཅན་བསོད་ནམས་ཅན་དཀར་པོ་དགེ་བའི་ལས་སྒྲུབ་ཅིང་དབང་ཆེ་བ་རྩལ་དྲག་པ་འཁོར་མང་བ་ཡོན་ཏན་ཆེ་བ་སྟོབས་དང་སྙན་གྲགས་ལྡན་པ་གདུལ་བྱ་ཕྲིན་ལས་ཅན་རྣམས་ཀྱི་ཚེ་དང་བསོད་ནམས་ཐམས་ཅད་ཡི་གེ་དྲིའི་རྣམ་པ་དང་འོད་ཟེར་ཁ་དོག་སྣ་ཚོགས་ཀྱི་ལི་ལི་བདག་མདུན་བུམ་པའི་ལྷ་ལ་ཐིམ་པར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱཡུ་ཥེ་ཧཱུྃ་ཧཱུྃ་ཛ༔ ཞེས་ཚེ་བསྙེན་གང་འགྲུབ་བཟླ༔ མཐར་སྨོན་ལམ་གདབ་པ་ནི། ནད་རིགས་བཞི་བརྒྱ་རྩ་བཞི་དང་༔ རྐྱེན་ངན་ཉི་ཁྲི་ཆིག་སྟོང་དང་༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དང་༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས༔ ཚེ་ཡི་བར་ཆད་མི་མཐུན་ཕྱོགས༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ ཚེ་འགུགས་ནི་མདའ་དར་གཡབ་ལ། ཧཱུྃ༔ ཕྱི་ནི་བུམ་པ་ནང་ནི་བདུད་རྩིས་གང་༔ གསང་བའི་དོན་ནི་པདྨ་ཚེ་དཔག་མེད༔ གནས་ལྔར་ཕྱག་མཚན་ལྔ་དང་ཡིག་


CMR008_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་ལྔ༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ ཧཱུྃ༔ ཤར་ཕྱོགས་དྲི་ཟའི་ལག་ནས་ལྕགས་ཀྱུས་ཁུག༔ ལྷོ་ཕྱོགས་གཤིན་རྗེའི་ལག་ནས་ཞགས་པས་ཁུག༔ ནུབ་ཕྱོགས་ཀླུ་བདུད་ལག་ནས་ལྕགས་སྒྲོག་ཁུག༔ བྱང་ཕྱོགས་གནོད་སྦྱིན་ལག་ནས་དྲིལ་བུས་ཁུག༔ སྟེང་ཕྱོགས་ཚངས་པ་བརྒྱ་བྱིན་ལག་ནས་ཁུག༔ འོག་ཕྱོགས་དགའ་བོ་འཇོག་པོའི་ལག་ནས་ཁུག༔ ཚེ་སྲོག་ཆད་པ་མཐུད་ལ་ཡར་བ་ཁུག༔ གས་པ་སྦྱོར་ལ་ཉམས་པ་ཐམས་ཅད་གསོས༔ འོད་ཟེར་དཀར་ལ་འཚེར་ཞིང་སྣུམ་ལ་འདྲིལ༔ སྤྱི་བོའི་གཙུག་ནས་ལུས་ལ་སིབ་སིབ་ཐིམ༔ འོད་འབར་འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་སིདྡྷི་ཨཱཡུ་ཥ་ཧཱུཾ་ནི་ཛ༔ འདིར་རྒྱུན་བཟླས་ལྟ་བུ་ལ་མདུན་རྟེན་ཚེ་རྫ་ས་དམིགས་བསལ་བཤམས་པ་མེད་ཀྱང་གངས་བྲག་ནགས་རི་ཉི་ཟླ་གཟའ་སྐར་མཚོ་སོགས་ལ་དམིགས་པའི་རྟེན་བྱ་བ་རྡོ་རྗེའི་གསུང་གི་ངེས་དོན་ཡིན་ནོ། །དེ་ནས་བཞི་པ་གསང་བ་གུ་རུ་དྲག་པོ་སྒྲུབ་པ་ནི༔ རང་ཉིད་པདྨ་འོད་འབར་གནས་འགྱུར་ནས༔ གུ་རུ་དྲག་པོ་དམར་ནག་ཞལ་གཅིག་པ༔ ཁྲོ་གཏུམ་ཕྱག་གཉིས་རྡོ་རྗེ་སྡིག་པ་བསྣམས༔ ཁྲོ་ཆས་ཡོངས་རྫོགས་ཞབས་གཉིས་འདོར་སྟབས་ཀྱིས༔ པད་ཉི་དགྲ་


CMR008_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་བསྣོལ་བའི་ཁྲི་ལ་འགྱིང་༔ སྤྱི་བོར་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་དབུས༔ པདྨ་འོད་འབར་རིགས་བདག་ཚུལ་དུ་གསལ༔ སྤྱན་འདྲེན་ནི། ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་༔ གཟུགས་སྐུ་པདྨ་འོད་འབར་སྐད་ཅིག་ལ༔ རྔམ་བརྗིད་ཁྲོས་པའི་ངར་སྐད་ཕྱོགས་བཅུར་སྒྲོག༔ སྤྲུལ་པ་ཡང་སྤྲུལ་དཔག་ཡས་འཇིགས་ཚུལ་སྟོན༔ ཆེ་མཆོག་དམར་ནག་མེ་ཡི་ཕྲེང་བ་ཅན༔ དེང་འདིར་རྣལ་འབྱོར་བདག་གི་གྲོགས་ལ་བྱོན༔ ཛ༔ ཆོས་ཀྱི་དབྱིངས་ནས་སྒྱུ་མའི་སྐུར་བཞེངས་པ༔ དུག་གསུམ་འབར་བའི་ཁྲོ་གཏུམ་འཇིགས་གཟུགས་ཅན༔ དྲེགས་པ་སྡེ་བརྒྱད་འདུལ་ཕྱིར་གཤེགས་སུ་གསོལ༔ རྒྱལ་བསེན་དམ་སྲི་འདུལ་ཕྱིར་གཤེགས་སུ་གསོལ༔ གཉན་ལྷོག་སྨྱོ་འབོག་འདུལ་ཕྱིར་གཤེགས་སུ་གསོལ༔ མཐའ་ཡི་དམག་དཔུང་བཟློག་ཕྱིར་གཤེགས་སུ་གསོལ༔ སྣང་སྲིད་བྲན་དུ་བཀོལ་ཕྱིར་གཤེགས་སུ་གསོལ༔ དབང་དང་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ མཆོད་པ་ནི༔ ཧཱུྃ༔ སྲིད་གསུམ་ཡེ་ནས་གཏོར་གཞོང་དུ༔ སྣང་སྲིད་ཐམས་ཅད་གཏོར་མར་སྦྱར༔ འཁོར་འདས་ཡོངས་སྒྲོལ་ཆེན་པོའི་ཚོགས༔ དབང་


CMR008_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་འབར་བ་ཁྱེད་ལ་འབུལ༔ སྟོང་གསུམ་སྟོང་གི་གཏོར་གཞོང་དུ༔ རི་རབ་འབར་བའི་དཔལ་བཤོས་བཙུགས༔ སྐྱེ་འགྲོ་སེམས་ཅན་གྲངས་ལས་འདས༔ དབང་དྲག་འབར་བ་ཁྱེད་ལ་འབུལ༔ བྷནྡྷ་འབར་བའི་གཏོར་གཞོང་དུ༔ དགྲ་བགེགས་ཤ་ཁྲག་ཐོད་ཚིལ་སྤུངས༔ ཞག་དང་རླངས་པ་ཆི་ལི་ལི༔ དབང་དྲག་འབར་བའི་ཐུགས་དམ་བསྐང་༔ བདུད་རྩི་གཏོར་ཆེན་རཀྟའི་མཚོ༔ སྦྱོར་སྒྲོལ་ཏིང་འཛིན་ཚོགས་མཆོད་དང་༔ ཕྱི་ནང་གསང་བའི་མཆོད་སྤྲིན་གཏིབས༔ དབང་དྲག་འབར་བའི་ཐུགས་དམ་བསྐང་༔ བསྟོད་པ་ནི༔ ཧཱུྃ༔ བདེ་ཆེན་རང་བཞིན་ཁྲོས་པའི་དཀྱིལ་འཁོར་ནས༔ དཀོན་མཆོག་སྤྱི་འདུས་དམར་ནག་འབར་བའི་སྐུ༔ ཟུར་ཞལ་གཡོན་གཟིགས་ཞབས་གཉིས་འདོར་ཐབས་བསྒྲད༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བར་གཙིགས༔ དགྲ་བགེགས་ཤ་ཁྲག་རུས་པ་ཀྲུམ་ཀྲུམ་གསོལ༔ སྤྱན་གསུམ་དམར་ཟླུམ་སྡང་མིག་ཕྱོགས་བཅུར་འཁྱིལ༔ དྲེགས་པ་ཕོ་མོ་འདར་ཞིང་སྔངས་བར་བྱེད༔ ཤངས་ནས་རླུང་འཚུབ་འབྲུག་སྒྲ་ལྡིར་བ་ཡིས༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན༔ རལ་པ་ཁམ་ནག་མཁའི་


CMR008_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་སུ་སྒྲེང་༔ ཁྲོ་ཆུང་མང་པོས་དགྲ་བགེགས་ཐལ་བར་བརླག༔ ཕྱག་གཡས་གསེར་གྱི་རྡོ་རྗེས་མཐའ་དམག་བཟློག༔ གཡོན་པས་ལྕགས་སྡིག་ནག་པོའི་སྤྲུལ་པ་འགྱེད༔ ཀླུ་རྣམས་འདུལ་ཕྱིར་སྦྲུལ་རིགས་ལྔ་ཡིས་བརྒྱན༔ འཁོར་བ་སྟོང་མཛད་མགོ་ཕྲེང་ལྔ་བཅུས་བརྒྱན༔ གླང་ཆེན་ཀོ་རློན་སྟོབས་བཅུ་ལྷུན་གྱིས་རྫོགས༔ སྟག་ཤམ་ང་རྒྱལ་དྲེགས་པ་དབང་དུ་སྡུད༔ རིན་ཆེན་རུས་རྒྱན་མཁའ་འགྲོ་རོལ་དུ་ཁྲིད༔ བ་སྤུའི་རྩེ་ནས་ཁྲོ་ཆུང་ཚྭ་ཚྭ་འཕྲོ༔ མེ་དུད་ཟེར་གྱིས་སྲིད་གསུམ་སྐར་ལྟར་འཁྲུགས༔ གུ་རུ་དྲག་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ དབང་དྲག་འབར་བའི་ཐུགས་དམ་དུས་ལ་བབ༔ རྣལ་འབྱོར་བདག་གི་སྔོན་གྱི་དམ་ཚིག་གིས༔ ལྷ་མཆོག་ཁྱེད་ལ་གདུང་བས་འབོད་ལགས་ན། ཁྱེད་ཀྱི་ཐུགས་དམ་གནད་ནས་ད་བསྐུལ་ཅིག༔ གདུག་པའི་དགྲ་བགེགས་འདུལ་བའི་དུས་ལ་བབ༔ ནག་པོ་ཀླུ་གཉན་འདུལ་བའི་དུས་ལ་བབ༔ དྲེགས་པ་གཟའ་རྒོད་འདུལ་བའི་དུས་ལ་བབ༔ སྡེ་བརྒྱད་ལྷ་སྲིན་འདུལ་བའི་དུས་ལ་བབ༔ པེ་ཧར་སྲོག་བདག་འདུལ་བའི་དུས་ལ་བབ༔ མཐའ་ཡི་དམག་དཔུང་བཟློག་པའི་དུས་ལ་


CMR008_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

བབ༔ མི་ནད་ཕྱུགས་ནད་བཟློག་པའི་དུས་ལ་བབ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔་རང་ཉིད་ཐུགས་ཀར་ཉི་མའི་སྟེང་༔ ཧཱུྃ་ཡིག་བྱི་རུའི་མདོག་ཅན་མཐར༔ རྩ་སྔགས་བཅུ་དྲུག་གཡོན་དུ་བཀོད༔་གཡས་སུ་དྲག་ཏུ་འཁོར་བ་ལས༔ འོད་ཟེར་དཔག་མེད་འཕྲོས་པ་ཡིས༔ ཁྲོ་བོ་ཀུན་གྱི་མཐུ་སྟོབས་དང་༔ ལྷ་སྲིན་དྲེགས་པའི་སྟོབས་ནུས་རྣམས༔ འོད་ཟེར་ཚུལ་བསྡུས་རང་ལ་ཐིམ༔ ཨོཾ་ཨཱཙྪཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཅེས་ཕྲེང་སྐོར་བཟླས་སོ།། མཐར་སྡེ་བརྒྱད་ཤམ་བུ་ནི། ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་བྷྱོ་སྦྱོ་ཟློག་ཟློག་བྷྱོ་བཟློག་ཅིག༔ བཅུ་ཆ་བཟླའོ། །ལྔ་པ་ཡང་གསང་ཕྲིན་ལས་སྒྲུབ་པ་ནི། རང་ཉིད་གུ་རུ་དྲག་པོ་གནས་འགྱུར་ནས། །མཁའ་འགྲོ་སེང་གདོང་སེང་ཞལ་ཟླ་ལྟར་དཀར། །ནམ་མཁའི་མདོག་ཅན་གྲི་གུག་ཐོད་ཁྲག་བསྣམས། །གཅེར་བུ་རུས་པའི་རྒྱན་དྲུག་དག་གིས་བརྒྱན། །གཡོན་བརྐྱང་པད་ཉི་བམ་རོའི་གདན་ལ་འགྱིང་། །གཡོན་གྱི་གྲུ་མོར་ཁ་ཊཾ་ག་བརྟེན་ཅིང་། །སྤྱི་བོར་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་དབུས། །རིགས་བདག་ཚུལ་དུ་པདྨ་འོད་འབར་གསལ། །ཐུགས་ཀར་ཡེ་ཤེས་


CMR008_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའི་ཚུལ་དུ་ནི། །པད་ཉིའི་གདན་ལ་གུ་རུ་དྲག་པོ་གསལ།། སྤྱན་འདྲེན་ནི། ཧཱུྃ་བྷྱོ༔ མ་སྐྱེས་རྫོགས་པ་ཆོས་ཀྱི་དབྱིངས་ཉིད་ལས༔ སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུར་སྟོན་པ༔ འགྲོ་བའི་དོན་མཛད་ཡེ་ཤེས་མཁའ་འགྲོ་མ༔ ནམ་མཁའི་མདོག་ཅན་དབུ་ནི་སེང་གེའི་གདོང་༔ གཅེར་བུ་ལོངས་སྤྱོད་རྫོགས་པའི་སྐུ་མངའ་བ༔ ཕྱག་གཡས་གྲི་གུག་གཡོན་པས་ཐོད་ཁྲག་འཛིན༔ དུག་ལྔ་གཅོད་ཅིང་སྐྱེ་མེད་དབྱིངས་སུ་རོལ༔ རྩེ་གསུམ་མཆན་དུ་བཟུང་ནས་དུག་གསུམ་སྒྲོལ༔ རུས་རྒྱན་མེ་ལོང་རྒྱན་གྱིས་ཌཱ་ཀི་དབང་དུ་སྡུད༔ ཡེ་ཤེས་མེ་རིས་མ་རིག་མུན་པ་འཇོམས༔ གཡས་བསྐུམ་གཡོན་བརྐྱང་ཐབས་ཤེས་དབྱེར་མེད་ངང་༔ པདྨ་ཉི་ཟླ་བམ་རོའི་གདན་ལ་བཞུགས༔ རང་བཞིན་གནས་ནས་སྤྱན་འདྲེན་གཤེགས་སུ་གསོལ༔ བྷྱོ༔ སྐུ་གསུང་ཐུགས་སྤྲུལ་མཁའ་འགྲོའི་ཚོགས༔ ཕྲིན་ལས་སྤྲུལ་པ་མ་མོའི་ཚོགས༔ ཀུན་ཀྱང་ཡང་སྤྲུལ་བསམ་མི་ཁྱབ༔ གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ༔ ན་མོ་ལྕང་ལོ་བཅས་པའི་བྷནྡྷ་རུ༔ དམར་གཏོར་ཁྲག་དང་ཞག་གིས་བརྒྱན༔ ཤ་སྣ་སྙིང་སྣའི་རྒྱལ་མཚན་བཙུགས༔ མཁའ་


CMR008_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་འཁོར་བཅས་ཐུགས་དམ་བསྐང་༔ རཀྟའི་རྦ་ཀློང་ཕྱ་ར་ར༔ འོ་མཚོ་དཀར་དྭངས་ཀྱི་ལི་ལི༔ ཞག་གི་རྒྱ་མཚོ་མེ་རེ་རེ༔ ཞུན་ཆེན་གསུར་དུད་ཆི་ལི་ལི༔ རྔ་དུང་རོ་མོ་དེ་རི་རི༔ རྐང་གླིང་ཐོད་རྔ་ཁྲོ་ལོ་ལོ༔ དགྲ་བོའི་ཤ་ཁྲག་དམར་ཉི་ལི་ལི༔ མཁའ་འགྲོ་འཁོར་བཅས་ཐུགས་དམ་བསྐང་༔ དམ་ཉམས་དགྲ་བགེགས་མྱུར་དུ་སྒོལ༔ ཌཱ་ཀི་ནཱི་སེང་ཧ་མུ་ཁ་ཨགྷཾ་པཱདྱ་པུངྒེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནི་ཝིདྱ་ཤརྡ་པྲ་ཏིཙྪ་ཨཱཿཧཱུྃ༔ མ་ཧ་མཱ་ས་ཙིཏྟ་རཀྟ་གོ་རོ་ཙ་ན་བ་སུ་ཏ་བ་ལིཾ་ཏ་ཁཱ་ཧི༔ ཐུགས་ཀར་ཉི་མའི་དཀྱིལ་འཁོར་རྒྱས་པའི་སྟེང་། །ཧཱུྃ་ཡིག་མཐིང་ཀའི་མཐའ་མར་སྔགས་ཕྲེང་ནི། །གཡས་སུ་བཀོད་དེ་གཡོན་དུ་འཁོར་བ་ཡི། །འོད་ཀྱི་ཕྱོགས་བཅུའི་ཞིང་དང་རྩ་གསུམ་རྣམས། །སེང་གདོང་མཁའ་འགྲོའི་སྐུར་གྱུར་ཆར་ལྟར་བབ། །བདག་ལ་ཐིམ་པས་མཐུ་སྟོབས་ཕུན་ཚོགས་གྱུར། །ཨཀཿསཿམརཤདརཿསཿམཿརཿཡཿཕཊ༔ ཕྲེང་སྐོར་ལྔ་བཟླས། དུས་གཉན་ལྟ་བུར༔ མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་སོགས། ཐལ་མོ་ལན་གསུམ་རྡེབ། ཁྲོ་མོ་འབར་བའི་ཚོགས་རྣམས་སོགས་ནས་བཤད་སྒྲུབ་བསྟན་པ་རྒྱས་པར་མཛོད། །བར་བརྗོད། ༈ དེ་ནས་ཚོགས་མཆོད་ནི། དང་


CMR008_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཚོགས་ལ་སྤྱན་འདྲེན་པ་འདི་སྐད་དོ། ཧཱུྃ༔ བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཡི་གེ་རཾ་ཡཾ་ཁཾ་གསུམ་འཕྲོས༔ དངོས་འཛིན་རྣམ་རྟོག་བག་ཆགས་ཀུན༔ བསྲེགས་གཏོར་བཀྲུས་ནས་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ༔ སླར་ཡང་སྙིང་པོ་འབྲུ་གསུམ་འཕྲོས༔ འདོད་ཡོན་ཟག་མེད་སྣང་སྲིད་གང་༔ ཨོཾ་ཨཱཧཱུྃ༔ རང་བཞིན་སྐུ་གསུམ་ཞིང་ཁམས་ནས་༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ ཆོས་སྐྱོང་དམ་ཅན་གཏེར་བདག་རྣམས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཧྲཱིཿ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས༔ ཆོས་སྐུ་སྣང་བ་མཐའ་ཡས་ལ༔ ཆོས་སྐུ་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཤར་ཕྱོགས་པོ་ཏ་ལ་ཡི་ཕོ་བྲང་ནས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ༔ ལོངས་སྐུ་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ལྷོ་ནུབ་པདྨ་འོད་ཀྱི་གཞལ་ཡས་ནས༔ སྤྲུལ་སྐུ་པདྨ་འབྱུང་གནས་ལ༔ སྤྲུལ་སྐུ་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གནས་མཆོག་གསང་སྔགས་འོད་འབར་ཕོ་བྲང་ནས༔ རིག་འཛིན་འཇའ་ཚོན་སྙིང་པོ་


CMR008_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ལ༔ ཆོས་བདག་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ངོམ་ཡུལ་དཔལ་རིའི་སྒྲུབ་གནས་ནས༔ མཚུངས་མེད་ཀརྨ་ཆགས་མེད་ལ༔ བརྒྱུད་པའི་བླ་མའི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་དུ༔ དྲིན་ཆེན་རྩ་བའི་བླ་མ་ལོ༔ རྩ་བརྒྱུད་བླ་མའི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གཞུང་ལྟར་ན། གུ་རུ་པདྨ་འབྱུང་གནས་ལ༔ འཁོར་དུ་དཔའ་བོ་མཁའ་འགྲོས་བསྐོར༔ དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམ༔ རིན་ཆེན་རྒྱན་ཆ་སི་ལི་ལི༔ གླུ་ལེན་གར་སྟབས་ཁྱུགས་སེ་ཁྱུག༔ ནམ་མཁའ་བར་སྣང་ས་གཞི་གང་༔ གནས་ཁང་འདི་ལ་བྱིན་ཅིག་ཕོབ༔ ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ༔ དུར་ཁྲོད་གནས་མཆོག་ཉམས་རེ་དགལ༔ རྣལ་འབྱོར་ཕོ་མོ་དམ་ཚིག་གཙང་༔ ཚོགས་དང་མཆོད་རྫས་དང་རེ་སྤྲོ༔ ལྷུན་གྲུབ་འོད་ཁྱིམ་བཀྲག་མདངས་མཛེས༔ འདི་ནས་ཚོགས་ཕུད་འབུལ་ཨོཾ་ཨཱཿཧཱུྃ༔ ཚོགས་མཆོད་འོད་ཕུང་འབར་བ་འདི་མཆོད་འོས་སྐྱེས་མཆོག་རྣམས་ལ་འབུལ༔ ཉམས་ཆག་འགལ་འཁྲུལ་ཐམས་ཅད་


CMR008_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས༔ གཉིས་འཛིན་འཁྲུལ་སྣང་རུ་ཏྲ་འདི༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ ཨོཾ་ཨཱཿཧཱུྃ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཀཾ་ནི་རི་ཏི་ག་ན་ཙཀྲ་པཱུ་ཛ་ཁཱ་ཧི༔ པདྨ་འོད་འབར་ཚོགས་ལ་སྦྱར་རྒྱུའི་སུན་ཟློག་ནི།ཧྲཱིཿམཁའ་འགྲོའི་དབང་ཕྱུག་པདྨ་འོད་འབར་སྐུ༔ ཌཀྐི་རྒྱ་མཚོའི་འཁོར་ཚོགས་སྤྲིན་ལྟར་གཏིབས༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་བཞེས་ལ༔ མ་ཚོགས་མཁའ་འགྲོ་ཡོངས་ཀྱི་སུན་མ་ཟློག༔ ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ༔ རྡོ་རྗེ་མཁའ་འགྲོ་འབུམ་གྱི་འཁོར་དང་བཅས༔ ཞལ་ཟས་ཚོགས་ཀྱི་མཆོད་འདི་བཞེས་ལ༔ ཤར་ཕྱོགས་རྡོ་རྗེ་མཁའ་འགྲོའི་སུན་མ་ཟློག༔ རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ༔ རིན་ཆེན་མཁའ་འགྲོ་འབུམ་གྱི་འཁོར་དང་བཅས༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་བཞེས་ལ༔ ལྷོ་ཕྱོགས་རིན་ཆེན་མཁའ་འགྲོའི་སུན་མ་ཟློག༔ དབང་གི་ལས་མཛད་པདྨ་ཐོད་ཕྲེང་རྩལ༔ པདྨ་མཁའ་འགྲོ་འབུམ་གྱི་འཁོར་དང་བཅས༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་བཞེས་ལ༔ ནུབ་ཕྱོགས་པདྨ་མཁའ་འགྲོའི་སུན་མ་ཟློག༔ དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ༔ ལས་ཀྱི་མཁའ་འགྲོ་འབུམ་གྱི་འཁོར་དང་


CMR008_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

བཅས༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་བཞེས་ལ༔ བྱང་ཕྱོགས་ལས་ཀྱི་མཁའ་འགྲོའི་སུན་མ་ཟློག༔ རིག་འཛིན་དཔའ་བོ་ཡོངས་རྗེ་པདྨ་འབྱུང་༔ གིང་ཆེན་དཔའ་བོ་འབུམ་གྱི་འཁོར་དང་བཅས༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་བཞེས་ལ་རིག་འཛིན་དཔའ་བོ་ཡོངས་ཀྱི་སུན་མ་ཟློག༔ མ་མོ་ཡོངས་ཀྱི་དེད་དཔོན་པདྨ་འབྱུང་༔ སྣང་སྲིད་མ་མོ་འབུམ་གྱི་འཁོར་དང་བཅས༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་བཞེས་ལ༔ སྣང་སྲིད་མ་མོ་ཡོངས་ཀྱི་སུན་མ་ཟློག༔ བརྟན་མ་ཡོངས་ཀྱི་སྤྱི་རྗེ་པདྨ་འབྱུང་༔ བརྟན་སྐྱོང་སྨན་ཕྲན་མང་པོའི་འཁོར་དང་བཅས༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་བཞེས་ལ༔ བརྟན་མ་བཅུ་གཉིས་རྣམས་ཀྱི་སུན་མ་ཟློག༔ སྣང་སྲིད་དྲེགས་པ་ཀུན་འདུལ་པདྨོ་འབྱུང་༔ སྡེ་དཔོན་སྡེ་བརྒྱད་ཡུལ་ལྷའི་བྲན་དང་བཅས༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་བཞེས་ལ༔ ལྷ་སྲིན་སྡེ་བརྒྱད་རྣམས་ཀྱི་སུན་མ་ཟློག༔ ཆེ་མཆོག་པདྨའི་བཀའ་ལས་མ་འདའ་བར༔ ཚེ་དང་སྲོག་གི་བར་ཆད་ད་ཟློག་ཅིག༔ རྣལ་འབྱོར་བདག་དང་བསྲུང་བྱ་འཁོར་བཅས་རྣམས༔ ཨོ་རྒྱན་ཚེ་དཔག་མེད་ལ་སྐྱབས་གསོལ་གྱིས༔ ཐུགས་རྗེ་


CMR008_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཆུང་སྔོན་གྱི་དམ་བཅའ་དགོངས༔ དུས་མིན་འཆི་བའི་རྐྱེན་རྣམས་བཟློག་ནས་ཀྱང་༔ ཚེ་དང་སྒྲུབ་པ་མཐའ་རུ་ཕྱིན་པ་དང་༔ བྱང་ཆུབ་སྒྲུབ་ལ་བར་ཆད་མེད་པར་མཛོད༔ དམ་ལྡན་བདག་ནི་རྡོ་རྗེའི་དམ་ཚིག་ཅན༔ ལུས་རྟེན་འདི་ལ་སངས་རྒྱས་མ་ཐོབ་པར༔ སྐྱེ་འཆི་འཕོ་འགྱུར་མེད་པར་དམ་བཅའ་འོ༔ ཡེ་ཤེས་ལས་དང་འཇིག་རྟེན་སར་གནས་པའི༔ མ་མོ་འཁའ་འགྲོ་ལྷ་སྲིན་ཐམས་ཅད་ཀྱང་༔ བདག་གིས་བྱང་ཆུབ་བསྒྲུབ་ལ་གེགས་མ་བྱེད༔ གལ་ཏེ་བྱང་ཆུབ་སྒྲུབ་ལ་གེགས་བྱེད་པ༔ ལྕང་ལོ་ཅན་དུ་ཁྲོ་བོའི་ཆད་པས་བསྡིགས༔ དམ་ཚིག་ཉམས་ནས་རྡོ་རྗེ་དམྱལ་བར་ལྟུང་༔ དེ་བས་དུས་མིན་འཆི་བའི་རྐྱེན་སོལ་ལ༔ སྒྲུབ་མཆོག་རྣལ་འབྱོར་སྐུ་ཚེ་བསྲིང་བར་མཛོད༔ ཨོ་དྷཱ་ཀི་ནཱི་ས་ར་ན་མུ་ཁུ་ས་དུ་ན་ཟློག༔ ཅེས་བརྗོད་ཨོ་རྒྱན་རིག་འཛིན་དོན་དུ་ཨ་རཱ་གས་འཕྲལ་དུ་བྲིས་པ་མངྒ་ལཾ༔ པདྨ་འོད་འབར་གྱི་གཏོར་བསྔོས་བསྡུས་པ་བཞུགས་སོ།། རླུང་མེ་ཐོད་སྐྱེད་སྟེང་དུ་ཀ་པཱ་ལ། །ཡངས་ཤིང་རྒྱ་ཆེ་སྟོང་གསུམ་མཉམ་པའི་ནང་། །གཏོར་མ་ཟག་མེད་བདུད་རྩིའི་རྒྱ་མཚོ་ལས། །རླངས་པ་མཆོད་པའི་ལྷ་མོ་དཔག་མེད་སྤྲོས། །ཐམས་ཅད་ཕྱག་ན་བྷནྡྲ་


CMR008_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

རེ་རེ་བསྣམས། །བདུད་རྩིའི་རྒྱ་མཚོ་བཅུས་ཤིང་ལྷ་ལ་མཆོད། །ལྷ་ཚོགས་ཐམས་ཅད་མཉེས་ཤིང་ཚིམ་པར་གྱུར། །ཨོཾ་སརྦ་གུ་རུ་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི། །ༀ་གུ་རུ་ཨ་ཡུསིདྡྷི་ཧཱུྃ་ཧི༔ ཨ་མཱ་ར་ཎི་ཛཱི་ཝན་ཏི་ཡེ་སྭཱ་ཧཱ། ཨི་དམ༔ ཨོཾ་ཨཱཧཱུྃ་ཧི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨི་དཾ༴ ཨོཾ་ཨཱཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨི་དམ༔ ཨོཾ་ཨཱཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨི་དམ༴ ཨོཾ་ཤྲཱི་བཛྲ་ཌཱ་ཀི་ནཱི་སེང་ཧ་མུ་ཁ་ཨི་དམ༔ ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཕཊ༔ ཨི་དམ༔ ཨོཾ་ཛམ་བྷ་ལ་ཛ་ལནྡྲ་ཡེ། ཨི་དམ་ཧི༔ སྣང་བ་མཐའ་ཡས་ཐུགས་རྗེ་ཆེན་པོ་དང་། །པདྨ་འབྱུང་གནས་རྗེ་འབངས་ཉེར་ལྔ་ལ། །རྣམ་དག་དམ་རྫས་བདུད་རྩིའི་གཏོར་མ་འབུལ། །གྲུབ་ཆེན་བརྒྱད་ཅུ་གཏེར་སྟོན་བརྒྱ་རྩ་བརྒྱད། །རྒྱ་བོད་རིག་འཛིན་གྲུབ་ཐོབ་ཐམས་ཅད་ལ། །རྣམ་དག་དམ་རྫས་བདུད་རྩིའི་གཏོར་མ་འབུལ། །རྡོ་རྗེ་འཆང་ཆེན་ཏེ་ལོ་ནཱ་རོ་དང་། །མར་མི་དྭགས་པོ་ཕག་གྲུ་ཐང་པ་དང་། །སངས་རྒྱས་དབོན་པོ་ཨོ་རྒྱན་མགོན་པོ་དང་། །དྲིན་ཆེན་ཆོས་རྗེ་བཀྲ་ཤིས་དཔལ་གྲུབ་ལ། །རྣམ་དག་དམ་རྫས་བདུད་རྩིའི་གཏོར་མ་འབུལ། །གཞན་


CMR008_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དབང་ལུང་མན་ངག་ཐོབ་པ་ཡི། །དྲིན་ཆེན་རྩ་བརྒྱུད་བླ་མ་ཐམས་ཅད་ལ། །རྣམ་དག་དམ་རྫས་བདུད་རྩིའི་གཏོར་མ་འབུལ། །བླ་མ་སྐུ་གསུམ་སྐུ་ལྔ་མཚན་བརྒྱད་དང་། །ཞི་བ་པདྨ་འོད་འབར་ལྷ་ཚོགས་ལ། །རྣམ་དག་དམ་རྫས་བདུད་རྩིའི་གཏོར་མ་འབུལ། །ཡི་དམ་ཚེ་དཔག་མེད་དང་སྤྱན་རས་གཟིགས། །གུ་རུ་དྲག་པོའི་ལྷ་ཚོགས་ཐམས་ཅད་ལ། །རྣམ་དག་དམ་རྫས་བདུད་རྩིའི་གཏོར་མ་འབུལ། །།སེང་གདོང་ཌཱ་ཀི་མཁའ་འགྲོ་བྱེ་བ་འབུམ། །བསྟན་སྲུང་ཕྱག་བཞི་པ་དང་ཛཾ་བྷ་ལྷ། །མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་ཐམས་ཅད་ལ། །རྣམ་དག་དམ་རྫ་ས་བདུད་རྩིའི་གཏོར་མ་འབུལ། །བདག་ཅག་མི་ནོར་འཁོར་དང་བཅས་པ་ལ། །ཐུགས་རྗེས་གཟིགས་ལ་བསྲུང་ཞིང་སྐྱབས་པ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །བླ་མ་གསུང་གི་གཏོར་བསྔོས་ཨ་རཱ་གས་བྲིས་པའོ། །ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་བསྐང་བའི་ཆོ་ག་ལྟ་སྒོམ་ལྡན་པས་འདི་སྐད་དོ།། ཨོ་ཨཱཧཱུྃ༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརྨཱ་སྭ་བྷ་ཝ་ཤུདྡྷོཉཧཾ༔ སྟོང་པའི་ངང་ལས་ཡཾ་ལས་རླུང་༔ རཾ་ལས་མེ༔ ཀཾ་ལས་ཐོད་པའི་སྐྱེད་


CMR008_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

པུ་གསུམ་གྱི་སྟེང་དུ༔ ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ༔ བསྐང་བའི་རྫས༔ མཆོད་པའི་རྫས༔ རྟེན་པའི་རྫས༔་བསྒྲུབ་པའི་རྫས༔ ནམ་མཁའ་ལ་སྤྲིན་བཞིན་གཏིབས་པ༔ བར་སྣང་ལ་ཆར་བཞིན་དུ་བབས་པ༔ ས་གཞི་ལ་གཅལ་དུ་བཀྲམ་པ༔ འཕགས་པ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་དུ་གྱུར་པ་འདི་དག་བཀའ་བརྒྱུད་བླ་མ༔ ཡི་དམ་ལྷ་ཚོགས༔ དཔའ་བོ་མཁའ་འགྲོ༔ ཆོས་སྐྱོང་སྲུང་མ་རྣམས་ཀྱི་བསྐལ་པ་དང་བསྐལ་པའི་བར་དུ༔ ཐུགས་དམ་གཉན་པོ་ཡོངས་སུ་བསྐང་བར་གྱུར་ཅིག་ཞིང་ཁམས་ཐམས་ཅད་ཡོངས་སུ་གང་བར་གྱུར་ཅིག༔ མངའ་རིས་ཐམས་ཅད་རྒྱས་པར་གྱུར་ཅིག༔ དེ་དག་གི་ཐུགས་རྗེ་དང་བྱིན་རླབས་ལ་བརྟེན་ནས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི༔ རྒྱུ་ཚོགས་གཉིས་རྫོགས༔ ལམ་སྒྲིབ་གཉིས་བྱང་ནས༔ སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ༔ ཞེས་ལན་གསུམ་བརྗོད། ཅེས་པ་འདི་རྙིང་མའི་བསྐང་བ་ཐམས་ཅད་ལ་བྱིན་རླབས་ཆོག་པའི་རྒྱུར། རཱ་ག་ཨ་སྱས་རྒྱལ་སྟག་ཟླ་བའི་ཡར་ཚེས་བཅུ་ལ་བྲིས་པའོ།། རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་པ་གང་ཞིག་ཚོགས་གཉིས་མཆོག་ཏུ་གྱུར་པ་ལ་ཞི་ཁྲོ་བཀའ་བརྒྱད་ཀྱི་


CMR008_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པའམ༔ བསྙེན་སྒྲུབ་དབང་དུས་ཚོགས་མཆོད་བགྱིས་སྐབས་སུ༔ ཚོགས་གཏོར་ཅི་འབྱོར་སྟོབས་བསྐྱེད་ལ་བཤམས་ཤིང་སྐབས་སུ་བབ་པ་དང་༔ བསང་སྦྱང་སྤེལ་བ་བྱིན་རླབས་རྣམས་ཆོ་ག་གཞན་ནས་འབྱུང་བ་ལྟར་བྱས་ལ༔ བསྐང་བའི་ཆོ་ག་ཤིན་ཏུ་རྒྱས་པའམ༔ སྤྲོས་པ་ཉུང་ལ་དགའ་བ་རྣམས་ཀྱིས་འདི་ཙམ་ཞིག་ལྟ་སྒོམ་དང་ལྡན་པས་གྱེར་རོ༔ དཀོན་སྤྱིའི་རྒྱལ་བ་སྤྱི་བསྐང་བཞུགས་སོ། ཧྲཱི༔ མ་བཅོས་སྤྲོས་བྲལ་གནས་ལུགས་མངོན་གྱུར་པའི༔ རྒྱལ་བ་དགོངས་པ་བརྒྱུད་པའི་ཐུགས་དམ་བསྐང་༔ ཏིང་འཛིན་མཆོག་བརྙེས་བརྡ་ཡི་བརྒྱུད་པ་སྟེ༔ རིག་འཛིན་རིག་པ་བརྒྱུད་པའི་ཐུགས་དམ་བསྐང་༔ བཀའ་ལུང་ལྷག་ཆད་མེད་པའི་དཀྱིལ་འཁོར་ནས༔ སྙན་ཁུང་བརྒྱུད་པའི་བླ་མའི་ཐུགས་དམ་བསྐང་༔ བཀའ་བརྒྱུད་གཏེར་དུ་སྦས་པའི་བྱ་ར་མཛད༔ མཁའ་འགྲོ་གཏད་རྒྱ་བརྒྱུད་པའི་ཐུགས་དམ་བསྐང་༔ མ་འོངས་ལས་འཕྲོ་ལྡན་པ་ལུང་དུ་བསྟན༔ སྨོན་ལམ་དབང་བསྐུར་བརྒྱུད་པའི་ཐུགས་དམ་བསྐང་༔ ཤེས་བྱ་ཐམས་ཅད་རྣམ་པ་ཀུན་མཁྱེན་པའི༔ དུས་གསུམ་སངས་རྒྱས་རྣམས་ཀྱི་ཐུགས་དམ་བསྐང་༔ འགྲོ་ཀུན་ཞི་བདེའི་གནས་སུ་འདྲེན་མཛད་པའི༔ གསུང་རབ་དམ་ཆོས་རྣམས་ཀྱི་ཐུགས་དམ་བསྐང་༔ ས་


CMR008_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལམ་ལ་གནས་ནས་བསྟན་པ་སྐྱོང་༔ འཕགས་པའི་དགེ་འདུན་རྣམས་ཀྱི་ཐུགས་དམ་བསྐང་༔ ལྟ་སྒོམ་མཁྱེན་པ་མཆོག་ལ་མངའ་བརྙེས་པའི༔ སྐྱེས་མཆོག་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་༔ དངོས་གྲུབ་ཐོགས་པ་མེད་པར་སྩོལ་མཛད་པའི༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང་༔ ཕྱི་དང་ནང་གི་བར་ཆད་ཀུན་སེལ་བའི༔ མཁའ་འགྲོ་དམ་ཅན་རྣམས་ཀྱི་ཐུགས་དམ་བསྐང་༔ མ་སྐྱེས་གདོད་ནས་རང་བཞིན་རྣམ་པར་དག༔ སྐྱེ་མེད་མངོན་འགྱུར་ཆོས་སྐུའི་ཐུགས་དམ་བསྐང་༔ དུག་ལྔ་ཡེ་ཤེས་ལྔ་ཡི་ངོ་བོར་སྨིན༔ ཞི་ཁྲོ་ལོངས་སྤྱོད་རྫོགས་སྐུའི་ཐུགས་དམ་བསྐང་༔ རང་སྣང་མ་འགགས་གཞན་སྣང་དེར་སྟོན་པའི༔ སྤྲུལ་སྐུའི་འགྲོ་དོན་མཛད་པའི་ཐུགས་དམ་བསྐང་༔ རྒྱས་པར་འདོད་ན། ཧི༔ ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ བཞི་བཅུ་རྩ་གཉིས་རྒྱལ་བའི་ཐུགས་དམ་བསྐང་༔ ཁྲག་འཐུང་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ལྔ་བཅུ་རྩ་བརྒྱད་ཁྲོ་བོའི་ཐུགས་དམ་བསྐང་༔ བཀའ་བརྒྱད་ལྟར་བྱེད་ན། ཧཱུྃ༔ སྐུ་མཆོག་འགྱུར་བ་མེད་པའི་དཀྱིལ་འཁོར་ནས༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་ཐུགས་དམ་བསྐང་༔ གསུང་མཆོག་


CMR008_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

འགགས་པ་མེད་པའི་དཀྱིལ་འཁོར་ནས༔ པདྨ་གསུང་གི་ལྷ་ཚོགས་ཐུགས་དམ་བསྐང་༔ ཐུགས་མཆོག་གཡོ་བ་མེད་པའི་དཀྱིལ་འཁོར་ནས༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་ཐུགས་དམ་བསྐང་༔ ཡོན་ཏན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ བདུད་རྩི་ཡོན་ཏན་ལྷ་ཚོགས་ཐུགས་དམ་བསྐང་༔ ཕྲིན་ལས་དྲག་པོས་བསྒྲལ་བའི་དཀྱིལ་འཁོར་ནས༔ ཕུར་པ་ཕྲིན་ལས་ལྷ་ཚོགས་ཐུགས་དམ་བསྐང་༔ ཤ་ཁྲག་རྒྱ་མཚོར་འཁྱིལ་བའི་དཀྱིལ་འཁོར་ནས༔ མ་མོ་རྦོད་གཏོང་ལྷ་ཚོགས་ཐུགས་དམ་བསྐང་༔ ཐུགས་རྗེའི་གདུང་འཚོབ་སྐུ་ཡི་དཀྱིལ་འཁོར་ནས༔ རིག་འཛིན་སློབ་དཔོན་ལྷ་ཚོགས་ཐུགས་དམ་བསྐང༔ དམ་རྫས་རྫ་ལྟར་ལྷགས་པའི་དཀྱིལ་འཁོར་ནས་འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་ཐུགས་དམ་བསྐང་༔ དགྲ་བགེགས་གདུག་པ་འདུལ་བའི་དཀྱིལ་འཁོར་ནས༔ དམོད་པ་དྲག་སྔགས་ལྷ་ཚོགས་ཐུགས་དམ་བསྐང་༔ བསྡུ་ན་འདི་མན་ཆད་ཀྱིས་འཐུས། ཧྲཱིཿ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ བླ་མེད་དཀོན་མཆོག་སྤྱི་འདུས་ཐུགས་དམ་བསྐང་༔ ལྷ་སྲིན་སྡེ་བརྒྱད་འདུལ་བའི་དཀྱིལ་འཁོར་ནས༔ གུ་རུ་དྲག་པོའི་ལྷ་


CMR008_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཐུགས་དམ་བསྐང་༔ ཨ་ཏི་བླ་མེད་བཀའ་ཡི་བྱ་ར་མ༔ མཁའ་འགྲོ་སེང་གེའི་གདོང་ཅན་ཐུགས་དམ་བསྐང་༔ སངས་རྒྱས་ཀུན་གྱི་བསྟན་པ་སྲུང་མཛད་པ༔ ཆོས་སྐྱོང་མ་མགོན་ལྕམ་དྲལ་ཐུགས་དམ་བསྐང་༔ དཔལ་གྱི་སྤྱན་སྔར་རང་རྟགས་སྲོག་སྙིང་ཕུལ༔ དམ་ཅན་རྒྱ་མཚོ་ཡོངས་ཀྱི་ཐུགས་དམ་བསྐང་༔ སྒྲུབ་པ་པོ་ལ་དངོས་གྲུབ་ཆར་འབེབས་པའི༔ རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་ཐུགས་དམ་བསྐང་༔་སྟོང་ཁམས་འདི་ལ་དྲག་རྩལ་ལྡན་པ་ཡི༔ གཟའ་བདུད་རཱ་ཧུ་ལ་ཡི་ཐུགས་དམ་བསྐང་༔ གསང་སྔགས་རྒྱུད་སྡེ་ཀུན་གྱི་གཉེར་ཁ་གཏད༔ དམ་ཅན་རྡོ་རྗེ་ལེགས་པའི་ཐུགས་དམ་བསྐང་༔ ཨོ་རྒྱན་པདྨས་བཀའ་ཡི་གཉེར་དུ་བསྐོས༔ གཏེར་བདག་གཏེར་སྲུང་རྣམས་ཀྱི་ཐུགས་དམ་བསྐང་༔ ཚུལ་བཞིན་སྒྲུབ་པ་བྱེད་པའི་གྲོགས་མཛད་མ༔ གཞི་བདག་གཞིའི་སྲུང་རྣམས་ཀྱི་ཐུགས་དམ་བསྐང་༔ ཧཱུྃ༔ གཞན་ཡང་ཐུགས་དམ་བསྐང་བའི་དམ་རྫས་ནི༔ རྩ་བརྒྱད་སྟོང་ལ་སྦྱར་བའི་བདུད་རྩི་དང་༔ པདྨ་ཚྭ་སར་སྦྱར་བའི་རཀྟ་དང་༔ ཁྱད་པར་རྨད་དུ་བྱུང་བའི་གཏོར་མ་དང་༔ ཚོགས་ཀྱི་ཡོ་བྱད་ལོངས་སྤྱོད་རྒྱ་ཆེན་འདིས་ཁྱེད་རྣམས་ཐུགས་དམ་


CMR008_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་པོ་བསྐང་གྱུར་ཅིག༔ ཁྱེད་རྣམས་ཐུགས་དམ་གཉན་པོ་བསྐངས་གྱུར་ནས༔ བདག་གི་གཡར་དམ་གཉན་པོ་སོར་སྩོལ་ཅིག༔ བསྐང་གྱུར་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ༔ བསྐང་དུ་མེད་དེ་སྐྱེ་མེད་ངང་དུ་བསྐང་༔ མཆོད་དུ་མེད་དེ་གཉིས་མེད་རོལ་པས་མཆོད༔ སྦྱོར་དུ་མེད་དེ་ཟུང་འཇུག་ཆེན་པོར་སྦྱོར༔ སྒྲོལ་དུ་མེད་དེ་མཉམ་ཉིད་དབྱིངས་སུ་བསྒྲལ༔ ཡེ་སྦྱོར་ཡེ་སྒོལ་ཆེན་པོའི་ཐུགས་དམ་བསྐང་༔ ཚོགས་བཤགས་ནི། ཧོ༔ དཀོན་མཆོག་སྤྱི་འདུས་དགོངས་སུ་གསོལ༔ པདྨ་འོད་འབར་ལ་ཕྱག་འཚལ༔ རྒྱལ་བའི་བཀའ་དང་བླ་མའི་ལུང་༔ ཇི་བཞིན་མ་སྤྱད་སློབ་དཔོན་སྨད༔ རྡོ་རྗེའི་མཆེད་དང་ལྕམ་དྲལ་ལ༔ ལྟ་ལོག་གནོད་སེམས་ངན་དུ་སྨྲས༔ སྡིག་བཙོག་གནོད་པ་དངོས་སུ་བགྱིས༔ ལྷ་དང་དཀྱིལ་འཁོར་ཉམས་མ་གསལ༔ ཛབ་བཟླས་མ་དག་ཟུར་ཆག་གཡེལ༔ གསང་བར་འོས་དང་གཉེར་གཏད་སྨྲས༔ གསང་བཅུ་བསྒྲགས་ཤིང་བླ་མ་བསླུས༔ རྩ་བའི་དམ་ཉམས་མཐོལ་ཞིང་བཤགས༔ གཞན་ཡང་སྤྱད་བྱའི་དམ་ཚིག་ལྔ༔ མི་སྤང་ལྔ་དང་དངས་ལེན་ལྔ༔ ཤེས་བྱ་ལྔ་དང་བསྒྲུབ་བྱ་


CMR008_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ༔ ཡན་ལག་དམ་ཉམས་མཐོལ་ཞིང་བཤགས༔ བསྙེན་སྒྲུབ་ཏིང་འཛིན་དམ་གཡེལ་ཞིང་༔ ཉ་ཤི་དུས་དྲུག་དུས་མཆོད་ཆག༔ ལེ་ལོ་གསོག་འཇོག་ཚོགས་སྤྱད་བྱས་ཕུད་ལྷག་ཉམས་ཤིང་ཁ་ཚར་ཤོར༔ ཚོར་དང་མ་ཚོར་རྐྱེན་དབང་གིས༔ སྒོ་གསུམ་བག་མེད་དམ་འགལ་བཤགས༔ དམ་ཚིག་ཉམས་དང་ཚོགས་འདྲེས་དང་༔ བསྐངས་ཤིང་ཆོས་བཤད་འགྲོགས་ལ་སོགས༔ ཉམས་ཆག་སྐྱོན་གྱིས་གོས་པ་རྣམས༔ འགྱོད་པས་བཤགས་སོ་དག་གྱུར་ཅིག༔ ཡིད་ཀྱི་དམ་ཉམས་ལྟ་བས་བཤགས༔ དེ་ཡང་ཀུན་གཞི་བྱང་ཆུབ་སེམས༔ ཡིན་པ་མེད་པའི་ལྟ་བ་རྟོགས༔ མིན་པ་མེད་པས་སྒོམ་ཉམས་ལན༔ ཡིན་མིན་མེད་པའི་སྤྱོད་པ་རྟོགས༔ རེ་དོགས་མེད་པར་བྱང་ཆུབ་ནས༔ རྩ་བ་ཡན་ལག་ཐམས་ཅད་ཀྱི༔ ཉམས་ཆག་མ་བྱུང་མ་སྐྱེས་པ༔ བཤག་བྱ་བཤགས་བྱེད་གཉིས་མེད་གྲོལ༔ ཨོཾ་བཛྲ་སཏྭ་མ་ཡ༔ སོགས་ནས་སཏཱ་ཨཱ༔ འདིའི་ཚིག་རྐང་དང་པོ་གཉིས་གསུང་རྒྱུན་དང་འཕྲོས་གསང་བ་ཡོངས་རྫོགས་ཀྱི་རྒྱུད་ཚིག་གོ། བདག་ཅག་གིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་ངན་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་ནས་ཀུན་བཟང་


CMR008_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཡངས་པ་ཆེན་པོའི་ཀློང་དུ་ཁ་བསྐང་ཞིང་བདེ་ཆེན་ཆོས་ཉིད་ཀྱི་དབྱིངས་སུ་སོར་ཆུད་པར་གྱུར་ཅིག༔ བསྐང་བ་གཞན་དང་ན་རཀ་ལ་སོགས་ཟུང་བཞིའི་བཤགས་པ་རྣམས་འདིར་བྱའོ། །གནམ་ཕུད་འཐོར་ལ། ཨོཾ་ཨཱཿཧཱུྃ༔ བླ་མ་རྒྱ་མཚོ་ཚོགས་ལ་རོལ༔ ཡི་དམ་རྒྱ་མཚོ་ཚོགས་ལ་རོལ༔ མཁའ་འགྲོ་རྒྱ་མཚོ་ཚོགས་ལ་རོལ༔ ཆོས་སྐྱོང་སྲུང་མ་ཚོགས་ལ་རོལ༔ ནོར་ལྷ་གཏེར་བདག་ཚོགས་ལ་རོལ༔ སྣང་སྲིད་ལྷ་འདྲེ་ཚོགས་ལ་རོལ༔ ཡུལ་ལྷ་གཞི་བདག་ཚོགས་ལ་རོལ༔ རིགས་དྲུག་ཕ་མ་ཚོགས་ལ་རོལ༔ ལན་ཆགས་བགེགས་རིགས་ཚོགས་ལ་རོལ༔ ལ་ལ་ཕྱི་ཡི་ཚོགས་ལ་རོལ༔ ལ་ལ་ནང་གི་ཚོགས་ལ་རོལ༔ ལ་ལ་གསང་བའི་ཚོགས་ལ་རོལ༔ དེ་ཁོ་ན་ཉིད་ཀྱི་ཚོགས་བདེ་བ་ཆེན་པོ་ལ་རོལ༔ ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ དེ་ནས་རྡོ་རྗེ་སློབ་དཔོན་སོགས་ལ་རིམ་པ་བཞིན་ཚོགས་དྲངས་བ་ནི། ཀྱེ་རྡོ་རྗེ་སློབ་དཔོན་སོགས་ལེན་པ་པོས། ཧོ་སྣང་བའི་ཆོས་ལ་སོགས་ལས་རྡོར་གྱིས། ཧོ༔ ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ༔ ཞེས་སྟོབ་ལེན་པ་པོས། ཨ་ལ་ལ་ཧོ༔ ཞེས་བླངས་ལ་ནང་གི་སྲེག་བླུགས་ཀྱིས་རོལ༔ ལྷག་མ་ནི། ཨོཾ་ཨཱཿཧཱུྃ༔ ལྷག་ལ་དབང་བ་དྲེགས་པའི་ཚོགས༔ སྤྲིན་ལྟར་གཏིགས་ཤིང་


CMR008_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཧབ་ཤ་རྒྱུག༔ ཤ་ཁྲག་བརྒྱན་པའི་ཚོགས་ལྷག་བཞེས༔ སྔོན་གྱི་དམ་ཚིག་ཇི་བཞིན་དུ༔ བསྟན་དགྲ་དམ་ཉམས་ཟས་སུ་ཟོ༔ རྟགས་དང་མཚན་མ་མྱུར་དུ་སྟོན༔ སྒྲུབ་པའི་བར་ཆད་བཟློག་པ་དང་༔ ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད༔ ཨུཙྪིཥྛ་བ་ལི་ཏ་ཁཱ་ཧི༔ དེ་ནས་དཀར་གཏོར་སོགས་གཏོར་འབུལ་རྣམས་རིམ་བཞིན་བཤམས་ལ། དཀོན་མཆོག་སྤྱི་འདུས་ཀྱི་གཏེར་སྲུང་ལ་གཏོར་འབུལ་ནི། ཧཱུྃ༔ ཤར་ཕྱོགས་ཀོང་པོ་ཞེས་བྱ་བ། །བདུད་དང་སྲིན་པོ་གནས་པའི་ཡུལ། །བྲག་རི་རྡོ་རྗེ་གནམ་བསླང་འདྲ། །ཧམ་འཕྲང་ཞེས་བྱའི་མཚོ་གཉན་ནི། །མཐོང་དང་བལྟ་བར་མི་བཟོད་པ། །ཤིན་ཏུ་འཇིགས་པའི་གནས་མཆོག་ནས། །གཏེར་སྲུང་ཀླུ་བདུད་མཚོ་སྨན་གཉིས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །སློབ་དཔོན་པདྨའི་བཀའ་བཞིན་དུ། །ཡང་ཟབ་སྒྲུབ་པའི་རྣལ་འབྱོར་གྱི། །འགལ་རྐྱེན་སོལ་ལ་མཐུན་རྐྱེན་སྒྲུབས། །སྒྲུབ་པའི་བར་ཆད་ཞི་བ་དང་། །བསམ་པ་འགྲུབ་པའི་སྡོང་གྲོགས་མཛོད། །ཨོཾ་ནཱ་ག་རུ་ཏྲ་ནཱ་ག་ནི་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བསྔོས་ནས། ནཱ་ག་རུ་ཏྲ་ནཱ་ག་ནི་གཙྪ། ཞེས་གཤེགས་སུ་གསོལ། ཞེས་རྣལ་འབྱོར་པ་ཨོ་རྒྱན་རིག་འཛིན་གྱིས་བསྐུལ་


CMR008_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། ༧ ཨ་རཱ་གས་འཕྲལ་དུ་བྲིས་པའོ། །གུ་རུ་དྲག་པོའི་བསྐུལ་ནི། ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ་གྱི་བདེན་པས་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་ཐམས་ཅད་གཏོར་མ་འདིའི་ནང་དུ་ཁུག་ཅིག༔ ཛཧཱུྃ་བཾ་ཧོ༔ དགྲ་བགེགས་ཀྱི་ཤ་ཁྲག་བདུད་རྩིའི་རང་བཞིན་དུ་གྱུར༔ ཨོཾ་ཨཱཧཱུྃ༔ སརྦ་དྷརྨཱ་པ་ལ་དགྲ་བགེགས་ཀྱི་ཤ་ཁྲག་ལ་ཁཱ་ཧི༔ ཧཱུྃ༔ ལྷོ་ནུབ་སྲིན་པོའི་གྲོང་ཁྱེར་ནས༔ དམར་ནག་མེ་ཕྲེང་འཁོར་དང་བཅས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ གནོད་བྱེད་དགྲ་བགེགས་བཟློག་ཏུ་གསོལ༔ རབ་འབར་འཁྲིགས་པའི་དུར་ཁྲོད་ནས༔ སེང་གདོང་ལྷ་མོ་འཁོར་དང་བཅས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ གནོད་བྱེད་དགྲ་བགེགས་བཟློག་ཏུ་གསོལ༔ བསིལ་བ་ཚལ་གྱི་དུར་ཁྲོད་ནས༔ བྱ་རོག་མཚན་ཅན་འཁོར་དང་བཅས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ གནོད་བྱེད་དགྲ་བགེགས་བཟློག་ཏུ་གསོལ༔ བཀའ་དང་དམ་ཚིག་གཞལ་ཡས་ནས༔ ཕྱི་ནང་གསང་བའི་སྡེ་བརྒྱད་ཚོགས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ གནོད་བྱེད་དགྲ་བགེགས་བཟློག་ཏུ་


CMR008_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ༔ ཧཱུྃ། དམར་ནག་ཟུར་གསུམ་འབར་བའི་དཀྱིལ་འཁོར་ནས། །ལས་ཀྱི་དབང་དྲག་སྲིན་པོའི་གཟུགས་ཅན་གྱི། །སྐུ་ལས་མེ་འོད་མཚོན་ཆ་ཡ་ལ་ལ། །ཁྲོ་ཚོགས་རབ་འཇིགས་གཡས་ནས་ཧཱུྃ་སྒྲ་ལྡིར། །མཁའ་འགྲོ་རབ་འཇིགས་གཡོན་ནས་ཕཊསྒྲ་སྒྲོག །ཕྱོགས་དང་ཕྱོགས་མཚམས་ལྕགས་སྡིག་ཟིང་ཟིང་འགུལ། །ལྷ་སྲིན་སྡེ་བརྒྱད་བྲན་བཞིན་རོལ་དུ་ཁྲིད། །གནོད་བྱེད་མ་ལུས་ཧབ་ཧབ་ཟས་སུ་ཟོ། །ཧོར་སོགས་འཇིགས་པའི་དམག་དཔུང་མྱུར་དུ་ཟློག །རང་རང་གནས་སུ་བྱང་ཆུབ་སྒྲུབ་པ་ཡི། །ཕྲིན་ལས་དུས་ལ་བབ་བོ་ས་མ་ཡ། །དྲག་པོའི་ལས་དང་འབྲེལ་བའི་བསྐུལ་དགོས་ན་སྐབས་འདིར་སྦྱར་བར་བྱ་སྟེ་གཞན་དུ་ཤེས་སོ། །སེང་གདོང་མའི་བསྐུལ་ནི༔ ཧཱུྃ༔ ང་ནི་དབང་དྲག་ཆེ་མཆོག་བདག༔ བྷྱོ་བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས༔ ཁྲག་མཚོ་ཁོལ་མའི་དབུས་ནས་བཞེངས༔ སྲུང་མ་འཁོར་དུ་རོལ་ཞིང་བཞེངས༔ བདག་ལ་གནོད་པའི་དགྲ་བོ་འདི༔ བླ་མ་དམ་པའི་སྐུ་ལ་བསྡོས༔ སངས་རྒྱས་བསྟན་པའི་རྨིང་རྡོ་བཤིག༔ དཀོན་མཆོག་གསུམ་གྱི་དབུ་འཕང་སྨད༔ ཆོས་མཛད་ཡོངས་ལ་བརྙས་སུ་བཅུག༔ དགེ་བ་བཅུ་ཡི་བསོད་


CMR008_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་བཅག༔ མི་དགེ་བཅུ་པོ་དང་དུ་བླངས༔ རྣལ་འབྱོར་བདག་ལ་བསྡོས་སུ་བཙུགས༔ སྔགས་སྲུང་ཁྱེད་ལ་མཐུ་མེད་ཟེར༔ བསྐུལ་ལོ་མཁའ་འགྲོ་ལས་ལ་བསྐུལ༔ འདི་ལ་ཁྱེད་ཀྱི་མཐུ་མེད་ན༔ ཁྲག་འཐུང་ཆེན་པོའི་བཀའ་ཡང་བཅག༔ ཁྱོད་ཀྱང་དམ་ཚིག་ཉམས་པ་སྟེ༔ རྣལ་འབྱོར་ཡི་ཡང་མི་ཆད་དམ༔ རྒྱུ་འབྲས་བདེན་པས་མི་བསླུ་འམ༔ དགྲ་བོ་ཚེ་ཟད་དུས་ཐེབས་ན༔ ཁྱོད་ཀྱི་མཐུ་རྩལ་ཅི་ཞིག་བྱ༔ གློ་བུར་ཧུར་ཐུམ་དུས་ལ་བབ༔ སྲོག་རྩ་ཆོད་ལ་སྙིང་ཁྲག་འཐུང་༔ ལོ་དང་ཟླ་བར་བཞག་ཐབས་མེད༔ བསད་རྟགས་དོན་སྙིང་ད་ལྟ་ལོངས༔ དུས་ལ་བབ་བོ་ས་མ་ཡ༔ ཆད་མདོ་ནི། ཧཱུྃ༔ སྔོན་ཚེ་བར་དང་ཐ་མའི་བསྐལ་པ་ལ༔ སོགས། བརྟན་སྐྱོང་ནི། ཁྱད་པར་སློབ་དཔོན་པདྨའི་བཀའ་སྒྲུབ་པ༔ སོགས། ཆེད་བརྟན་དང་། བརྒྱན་པའི་གཏོར་མ་འདི་བཞེས༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཟློག༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག༔ ནད་རིགས་བཞི་བརྒྱ་རྩ་བཞི་ཟློག༔ རྐྱེན་ངན་ཉི་ཁྲི་ཆིག་སྟོང་ཟློག༔ གློ་བུར་དགུ་བཅུ་རྩ་གཅིག་ཟློག༔ དུས་མིན་འཆི་བ་རྣམ་བརྒྱད་


CMR008_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག༔ དགྲ་སྣ་དམག་སྣ་ཇག་སྣ་ཟློག༔ མི་ཡི་ན་ཚ་ཐམས་ཅད་ཟློག༔ ནོར་གྱི་གོད་ཀ་ཐམས་ཅད་ཟློག༔ ཞིང་གི་བཙའ་སད་སེར་གསུམ་ཟློག༔ བཟློག་པའི་རྒྱལ་པོས་བཟློག་ཏུ་གསོལ༔ བསྒྱུར་བའི་རྒྱལ་པོས་བསྒྱུར་དུ་གསོལ༔ བཟློག་བསྒྱུར་ཕྲིན་ལས་དུས་ལ་བབ༔ དུས་ལ་བབ་བོ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་དུས་ལ་བབ༔ དུས་ལ་བབ་བོ་ས་མ་ཡ༔ དྷོ་བློ་ཟློག་ཟློག༔ ཨཀཿསཿམཿརཿཙཤདརསམར༅ཡཕཊ༔ ཨོཾ་ཨཱཿ ཧཱུྃ་ཨརྩིག་སོགས། ཨཡམཐདུརུཙཤནསམ༔ བློ་བློ་ཟློག་ཟློག༔ བློ་ཟློག་ཅིག༔ ཅེས་ཕུལ་ལོ།། ཧཱུྃ༔ ང་ནི་དབང་དྲག་ཆེ་མཆོག་བདག༔ གནོད་བྱེད་འབྱུང་པོ་དམ་སྲི་རྣམས༔ གཏོར་གཞོང་རི་རབ་འོག་ཏུ་མནན༔ དྲག་པོ་ཡབ་ཡུམ་བྲོ་ར་བཙུགས༔ བྱམས་མགོན་བསྟན་པ་མ་བྱུང་བར༔ སྟེང་གི་ཕྱོགས་སུ་མ་ལྡངས་ཤིག༔ ཨོ་ལཾ་ཨཱལཾ་ཧཱུཾ་ལཾ་སམྦྷ་ཡ་ནན༔ ཨ་རཱ་གས་སོ།། ༈ ཆད་མདོ་བྱ་བ་ནི། གཏོར་མ་ལ་དགྲ་བགེགས་བཀུག་བསྟིམ་བྱས་ཏེ་བདུད་རྩིར་དམིགས་ལ། ཧཱུྃ༔ སྔོན་ཚེ་བར་དང་ཐ་མའི་བསྐལ་པ་ལ༔ སྙིགས་མ་རྩོད་ལྡན་དུས་དང་ལྷ་མིའི་གནས༔ ཀུན་བཟང་སྣང་བ་མཐའ་ཡས་པདྨ་འབྱུང་༔


CMR008_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་གསུང་གཏེར་དུ་སྦས་དང་བཏོན་པའི་ཚེ༔ སྣང་སྲིད་སོ་སོའི་ཁས་བླངས་དམ་བཅས་བཞིན༔ མཆོད་གཏོར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད༔ འགོང་པོ་སྤུན་དགུ་རྒྱ་འདྲེའི་གནོད་པ་དང་༔ ཧོར་སོག་འཇིགས་པའི་དམག་དཔུང་བཟློག་ཏུ་གསོལ༔ བཤལ་ཆུས་བརྟན་མ་སྐྱོང་བ་ནི། ཁྱད་པར་སློབ་དཔོན་པདྨའི་བཀའ་སྒྲུབ་པ༔ བོད་ཁམས་སྐྱོང་བའི་བརྟན་མ་ཆེན་མོ་ནི༔ བདུད་མོ་བཞི་དང་གནོད་སྦྱིན་སྨན་མོ་བཞི༔ འཁོར་དང་ལྷབ་ལྷུབ་སིལ་སྙན་དགྲ་དང་བཅས༔ འདིར་གཤེགས་བཀའ་ཡི་གཏོར་མའི་བཤལ་ཆུ་བཞེས༔ བོད་ཁམས་དཀར་པོའི་ཆོས་ལ་འགོད་པ་དང་༔ ཡང་ཟབ་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་༔ མཐོང་ཐོས་དྲན་རེག་སྨིན་ཅིང་གྲོལ་བར་མཛོད༔ དཀྱུས་ལ་ཕྱག་ལེན་དུ་མི་མཛད་ཀྱང་དྲག་ལས་སོགས་ཀྱི་མཇུག་ཏུ་རྟ་བྲོ་བྱ་བ་ནི། གཏོར་གཞོང་སྒྲུབ་ལ་འགུགས་གཞུག་ནི། ན་མོ། དཀོན་མཆོག་གསུམ་དང་རྩ་བ་གསུམ་གྱི་བདེན་པས༔ གནོད་བྱེད་དམ་སྲི་སྒབ་འདྲེ་ཐམས་ཅད་གཏོར་གཞོང་རི་རབ་འབར་བའི་འོག་ཏུ་ཁུག་ཅིག༔ ཛཿཧཱུྃ་བཾ་ཧོ༔ གཏོར་བྲོ་ནི། ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཞིང་བཅུ་བསྒྲལ་བའི་གདན་སྟེང་


CMR008_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

དུ། །དབང་དྲག་ལྷ་ཚོགས་བྲོ་བརྡུང་བས། །དགྲ་ནི་ཐལ་བར་བརླག་པའི་བྲོ། །བགེགས་ནི་ཕྱེ་མར་འཐག་པའི་བློ། །རྣལ་འབྱོར་དམ་སྲི་འདུལ་བའི་བྲོ། །བར་ཆད་མེད་པར་བརྡུང་བར་བྱ། །ཨོཾ་སུམྦྷ་ནི་སོགས༔ ཧཱུྃ་བཞིའི་སྔགས་མཐར། ཧཱུཾ་ཧཱུཾ་ལཾ་ལཾ། ༀ་ལཾ་ཨཱལཾ་ཧཱུཾ་ལཾ་སམྦྷ་ཡ་ནན། དེ་ནས་གཏོར་གཞོང་ཁ་ཡར་བཏེག་ལ། སརྦ་སིདྡྷི་ཕ་ལ་ཨ་ལ་ལ་ཧོ། མདུན་བསྐྱེད་ལ་རྗེས་གཏང་རག་མཆོད་པ་དང་བསྟོད་པར་འདོད་ན། མཆོད་པ་ཁ་གསོས་ལ། མཆོད་པ་ནི། ཨོཾ་ཨཱཿཧཱུྃ༔ མཆོད་འོས་ཕྱི་ནང་སྣོད་བཅུད་ཀུན༔ བློ་ཡིས་སྤྲུལ་ལམ་ལྷུན་གྱིས་གྲུབ༔ ཏིང་འཛིན་མཉམ་ཉིད་ཆེན་པོ་རུ༔ དཀོན་མཆོག་སྤྱི་འདུས་རྒྱལ་བར་འབུལ་ཨོཾ་བཛྲ་ཨགྷཾ་པཱཏྱཾ་པུཊྚེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནེ་ཝིདྱ་ཤརྡ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ བསྟོད་པ་ནི༔ཧྲཱིཿརྒྱལ་བ་ཐམས་ཅད་ཡེ་ཤེས་ཀློང་དུ་གཅིག༔ ཆོས་ཉིད་དོན་ལ་ཆ་ལུགས་མི་མངའ་ཡང་༔ ཐབས་མཁས་གང་འདུལ་སོ་སོའི་སྐུར་སྟོན་པ༔ ཐུགས་རྗེས་སྤྲུལ་བསྒྱུར་འགྱེད་ལ་ཕྱག་འཚལ་བསྟོད༔ དངོས་གྲུབ་བླངས་བ་ནི། ཨེ་མ་ཧོ༔ བདག་གཞན་བླ་མེད་ཚོགས་མཆོད་འདི་དག་གིས༔ སྡིག་སྒྲིབ་ཉམས་ཆག་མ་ལུས་ཀུན་བྱང་ནས༔ ཚེ་འདི་


CMR008_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་རིག་འཛིན་མཆོག་གྲུབ་ཅིང་༔ བྱིན་རླབས་རྩལ་དབང་གཟི་བྱིན་ནུས་མཐུ་ལྡན༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཀཱ་ཡ་ཝཱཀ་ཙིཏྟ་སིདྡྷི་ཧཱུྃ༔ ནོངས་བཤགས་བཟོད་གསོལ་ནི།། མ་འབྱོར་པ་དང་ཉམས་པ་དང་༔ .སོགས་ཡིག་བརྒྱ་དབྱངས་གསལ་བརྟན་བཞུགས་སྤྱི་ལྟར་བྱའོ། །རྗེས་བསྔོ་སྨོན་ནི། ཨོཾ་ཨཱཿཧཱུྃ༔ སྐྱབས་མེད་མགོན་མེད་སྐྱེ་འགྲོ་འདི་དག་ཀུན༔ འཁོར་བའི་འཁྲུལ་འཁོར་ཀུན་གྱི་གཞི་རྟེན་ལ༔ རྟེན་འབྲེལ་བཅུ་གཉིས་ཤིང་རྟ་ལྟ་བུ་ཡི༔ འཕང་ལོ་འདྲ་བ་མྱུར་དུ་ཞིག་གྱུར་ཅིག༔ བླ་མེད་རྫོགས་པའི་བྱང་ཆུབ་མྱུར་ཐོབ་ཤོག༔ ཤིས་བརྗོད་ནི། ཨེ་མ་ཧོ༔ ཤེས་བྱའི་དོན་ལ་མ་རྨོངས་པའི༔ བླ་མ་དམ་པའི་བཀྲ་ཤིས་ཤོག༔ གང་ལ་བསམ་པ་དེ་ཡིས་འགྲུབ༔ ཡི་དམ་ལྷ་ཡི་བཀྲ་ཤིས་ཤོག༔ སྐུ་གསུང་ཐུགས་ཀྱི་བྷ་ག་ལ༔ ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག༔ མདུན་བསྐྱེད་ཡེ་ཤེས་པ་རྟེན་ལ་བཞུགས་པ་དང་། གཤེགས་གསོལ་ནི། ལྷ་རྣམས་ནོངས་པ་གང་མཆིས་བཟོད་པར་གསོལ། །རང་གནས་གཤེགས་སམ་རྟེན་ལ་ཅི་བདེར་བཞུགས། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཚོགས། །གོང་ནས་གོང་དུ་འཕེལ་བའི་བཀྲ་ཤིས་


CMR008_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །དཀྱིལ་འཁོར་གཞལ་ཡས་འདིར་ཡང་བཀྲ་ཤིས་ཤིང་། །ཉིན་ཡང་བཀྲ་ཤིས་དཔལ་འབར་ཏ་ལ་ལ། །མཚན་ཡང་བཀྲ་ཤིས་དཔལ་འབར་ཀྱི་ལི་ལི། །ཉིན་མཚན་རྟག་ཏུ་བཀྲ་ཤིས་བདེ་ལེགས་ཤོག །མངྒ་ལཾ་སིདྡྷི་ཛ་ཡ་ཨ་ལ་ལ་ཧོ༔ བསྐྱེད་རིམ་བསྡུ་ལྡང་རྫོགས་རིམ་ནི། ཨོཾ་ཨཱཿཧཱུྃ༔ སྣོད་བཅུད་སྣང་སྲིད་ཐམས་ཅད་ཀུན༔ རྒྱུ་ལུས་གཞལ་ཡས་ཁང་དུ་བསྡུ༔ དེ་ཡང་ཡས་མར་འོད་དུ་ཞུ༔ སྔགས་ཕྲེང་གསེར་གྱི་རྡོ་རྗེར་བསྡུ༔ དེ་ཡང་འཇའ་འམ་ཆུ་བུར་ལྟར༔ དམིགས་མེད་རྒྱ་ཡན་ལྷུག་པར་བཞག༔ རང་བཞིན་དབྱིངས་རིག་མ་བུ་འདྲེས༔ གདོད་མའི་ཀུན་བཟང་མཇལ་བར་གྱུར༔ མྱང་བན་ཏིང་འཛིན་བཟང་པོའི་སྐྱེས་མཐའ་རིག་འཛིན་འཇའ་ཚོན་སྙིང་པོས་བྲག་ལུང་ཧོ་འཕྲང་མཚོ་ནས་གདན་དྲངས་པའོ། །རྒྱུན་སྤྱོད་ནི། །ཨོཾ་ཨཱཧཱུྃ༔ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔་གཟུགས་སྣང་ཐམས་ཅད་གསལ་སྟོང་ལྷ་ཡི་སྐུ༔ སྒྲ་གྲག་ཐམས་ཅད་བརྗོད་བྲལ་སྔགས་ཀྱི་སྒྲ༔ དྲན་རྟོག་ཐམས་ཅད་རང་གྲོལ་ངོས་བཟུང་བྲལ༔ དམིགས་མེད་ཁྱབ་བརྡལ་ལྷུན་གྲུབ་ཆེན་པོར་ཤོག༔ ཅེས་བརྗོད་ལ་ཁྱེར་སོ་གསུམ་གྱིས་མཐའ་བརྒྱན་པར་བྱའོ། །ཞེས་དཀོན་མཆོག་སྤྱི་འདུས་ལས་བསྒྲིགས་འདི་ཡང་ཨོ་རྒྱན་རིག་འཛིན་སོགས་ཀྱིས་ཚེས་


CMR008_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་བྱེད་དུས་༧རཱ་ག་ཨ་སྱས་བསྒྲིགས་པའོ། །བསྙེན་དམིགས་གསུམ་དང་དྲག་སེང་བསྐྱེད་ཆོག་ཨ་རཱ་གའི་ཟིན་བྲིས་ལྟར་ཚིགས་སུ་བཅད་པ་ཉིད་དོ། ༈་།དཀོན་སྤྱིའི་བཀྲ་ཤིས་ནི། བཀྲ་ཤིས་ཉི་མས་སྟོང་ཁམས་གདལ་བ་ལ༔ འདོད་དགུ་དཔལ་འབར་ཡོན་ཏན་རྫོགས་པའི་གཙོ༔ ཆོས་སྐུ་སྣང་བ་མཐའ་ཡས་བཀྲ་ཤིས་གང་༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་ཟླ་བ་ནམ་མཁའི་དབྱིངས་ཁྱབ་པས༔ ལུས་ཅན་ཀུན་གྱི་རེ་བ་རྫོགས་མཛད་པའི༔ ལོངས་སྐུ་ཐུགས་རྗེ་ཆེན་པོའི་བཀྲ་ཤིས་གང་༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་སྐར་ཚོགས་འབུམ་ཕྲག་ཡངས་པ་ལ༔ གང་ལ་གང་འདུལ་དེ་ལ་དེར་སྟོན་པའི༔ སྤྲུལ་སྐུ་པདྨ་འབྱུང་གནས་བཀྲ་ཤིས་གང་༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་རི་རབ་གླིང་བཞིའི་བསྐོར་བ་ལ༔ ཕྱོགས་བཅུ་ཀུན་ཏུ་འཇའ་ཚོན་སྤྲིན་ཕུང་འཁྲིགས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་བཀྲ་ཤིས་གང་༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་ཆར་འབེབས་སྙན་པའི་འབྲུག་སྒྲ་སྒྲོག༔ གདུལ་བྱའི་ལོ་ཏོག་མེ་ཏོག་འབྲས་བུ་སྨིན༔ མྱང་བན་ཏིང་འཛིན་


CMR008_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོའི་བཀྲ་ཤིས་གང་༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་གངས་ཅན་ཀོང་ཡུལ་ཤར་ཕྱོགས་སུ༔ ལྷ་སྲིན་བཏུལ་ཞིང་ཟབ་གཏེར་བསྟན་པ་རྒྱས༔ གཏེར་སྟོན་སྤྲུལ་པའི་སྐྱེས་མཆོག་བཀྲ་ཤིས་གང་༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་གངས་ཅན་རི་བོ་ཤིན་རུ༔ བི་མའི་རྣམ་འཕྲུལ་གདམས་པའི་མཛོད་འཆང་བ༔ འཛམ་གླིང་ནོར་བུ་བརྒྱན་པའི་བཀྲ་ཤིས་གང་༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་ཐུབ་བསྟན་ཐེག་མཆོག་ཁང་བཟང་རྩིར༔ རྣམ་མང་རོལ་གར་སྒྲུབ་པའི་རྒྱལ་མཚན་བསྒྲེང་༔ སྐྱབས་མཆོག་སྣ་ཚོགས་རང་གྲོལ་བཀྲ་ཤིས་གང་༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་སྒྲུབ་བརྒྱུད་ཀླུ་དབང་གདེངས་ཀའི་རྩེར༔ བསོད་ནམས་ཡེ་ཤེས་རིན་ཆེན་དཔལ་འབར་བ༔ ཁྱབ་བདག་བཟང་པོ་རྡོ་རྗེའི་བཀྲ་ཤིས་གང་༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྒམ་པོའི་པར་བུ་ལས་ཀྱང་བཤུས། བཀྲ་ཤིས་གང་ཞིག་ངོམ་ཡུལ་དཔལ་རིའི་རྩེར༔ བཀའ་གཏེར་མདོ་རྒྱུད་མན་ངག་མཛོད་འཆང་བ༔་མཁས་གྲུབ་ཀརྨ་ཆགས་མེད་བཀྲ་ཤིས་


CMR008_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

གང་༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་གང་ཞིག་རིགས་བརྒྱའི་ཁྱབ་བདག་ཆེ༔ སྨིན་གྲོལ་གདམས་པའི་བུམ་བཟང་འཛིན་མཁས་པ༔ དྲིན་ཆེན་རྩ་བའི་བླ་མའི་བཀྲ་ཤིས་གང་༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་གང་ཞིག་ཐེག་དགུ་རྒྱུད་སྡེ་བཞིས༔ མཆོག་ཐུན་དངོས་གྲུབ་ཆར་ལྟར་འབེབས་མཛད་པ༔ ཡི་དམ་དཀྱིལ་འཁོར་ལྷ་ཡི་བཀྲ་ཤིས་གང་༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་གང་ཞིག་གནས་ཡུལ་ཀུན་གྱི་བདག༔ རྩ་ཐིག་རླུང་གསུམ་རྟེན་འབྲེལ་འཆར་བའི་སྒོ༔ དམ་ལྡན་བརྩེ་སྐྱོང་མཁའ་འགྲོའི་བཀྲ་ཤིས་གང་༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་གང་ཞིག་ཕྲིན་ལས་སྒྲུབ་པའི་དཔལ༔ དྲག་རྩལ་ཐོགས་མེད་དགྲ་བགེགས་ཚར་གཅོད་པ༔ བསྟན་པ་གཉེར་སྐྱོང་ཆོས་སྐྱོང་བཀྲ་ཤིས་གང་༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་གང་ཞིག་འདོད་དགུའི་གཏེར་འཆང་བ༔ ཡིད་བཞིན་རེ་བསྐང་དབང་གི་རྒྱལ་པོ་ལྟར༔ འབད་མེད་ལྷུན་གྲུབ་ནོར་ལྷའི་བཀྲ་ཤིས་གང་༔ བཀྲ་ཤིས་


CMR008_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་གང་ཞིག་ནོར་འཛིན་ཁྱོན་ཡངས་པར༔ བསྟན་པ་སྐྱོང་ཞིང་འགྲོ་ལ་བདེ་སྐྱིད་སྤེལ༔ དམ་ཚིག་རྗེས་གཅོད་ལེགས་ཉེས་སྟངས་འཛིན་པ༔ དཀར་ཕྱོགས་གཞི་བདག་གཏེར་སྲུང་བཀྲ་ཤིས་གང་༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་གང་ཞིག་སྨོན་ལམ་རྟེན་འབྲེལ་ཀུན༔ སྨིན་གྲོལ་ལམ་གྱི་དམ་ཚིག་གཅིག་འབྲེལ་བ༔ མཆེད་ལྕམ་མི་འབྲལ་འགྲོགས་པའི་བཀྲ་ཤིས་གང་༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་གང་ཞིག་མི་ཤིགས་རྡོ་རྗེའི་ཚེ༔ མི་འགྱུར་གཡུང་དྲུང་མི་ནུབ་རྒྱལ་མཚན་ལྟར༔ རྟག་བརྟན་འཆི་མེད་ཚེ་ཡི་བཀྲ་ཤིས་གང་༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་གང་ཞིག་བསོད་ནམས་དཔག་བསམ་ཤིང་༔ དཔལ་འབྱོར་མངའ་ཐང་འབྲས་བུ་རབ་སྨིན་པ༔ ཕུན་ཚོགས་ལོ་འདབ་རྒྱས་པའི་བཀྲ་ཤིས་གང་༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་གང་ཞིག་སྒྲུབ་པའི་གནས་མཆོག་འདིར༔ བསྟན་པ་དར་རྒྱས་ཕུན་སུམ་ཚོགས་པ་ཡི༔ བསམ་དོན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་གང་༔ བཀྲ་


CMR008_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་ཀྱི་ཁ་བཀང་༔ ཡང་ཚོགས་མཆོད་བརྒྱ་རྩའི་སྐབས་ཉམས་ལ་ཤར་ནས་བྱུང་རྒྱལ་དུ་ཚེས་བཅུ་དགེ་བར་རྒྱལ་ཁམས་ཤ་ས་རྡ་རས་བྲིས་པ་དགེ༔ ༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ཨ་རཱ་གས་སོ།། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ལས་བྱང་གི་གཞུང་ལས་ཚེ་སྒྲུབ་ཚེ་ཡི་ལས་བྱང་བསྡུས་པ་ཐུགས་རྗེའི་ལྕགས་ཀྱུ་ཚེ་ཡི་རང་བཞིན་འོད་འབར།


CMR008_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ལས་བྱང་གི་གཞུང་ལས་ཚེ་སྒྲུབ་ཚེ་ཡི་ལས་བྱང་བསྡུས་པ་ཐུགས་རྗེའི་ལྕགས་ཀྱུ་ཚེ་ཡི་རང་བཞིན་འོད་འབར་ཞེས་བྱ་བ་བཞུགས་སོ།།


CMR008_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་སྟོང་པའི་ངང་ཉིད་ལས༔ རང་སེམས་ཡི་གེ་ཧིཡིག་ལས༔ འོད་འཕྲོས་བདེ་གཤེགས་མཆོད་པས་མཉེས༔ ཕྱོགས་བཅུའི་སངས་རྒྱས་ཐུགས་དམ་བསྐུལ༔ ཚུར་འདུས་རིགས་དྲུག་སྡུག་བསྔལ་ཞི༔ ཧཱུྃཡིག་ཡོངས་སུ་གྱུར་པ་ལས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ གོས་དཀར་ཡུམ་དང་གཉིས་མེད་སྦྱོར༔ སྐུ་མདོག་དམར་གསལ་འོད་ཟེར་འབར༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ མཉམ་གཞག་ཚེ་ཡི་བུམ་པ་འཛིན༔ འཆི་མེད་ཚེ་ཡི་བཅུད་བསྡུས་ལ༔ དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ བསྐལ་བཟང་སངས་རྒྱས་སྟོང་གིས་


CMR008_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར༔ སྣང་ལ་རང་བཞིན་མེད་པར་གསལ༔ གཡས་སུ་རྡོར་སེམས་ཚེ་དཔག་མེད༔ སྤྱན་མ་ཡུམ་དང་གཉིས་མེད་སྦྱོར༔ གཡོན་དུ་རིན་འབྱུང་ཚེ་དཔག་མེད༔ མཱ་ཀི་ཡུམ་དང་གཉིས་མེད་སྦྱོར༔ མདུན་དུ་སྣང་མཐའ་ཚེ་དཔག་མེད༔ གོས་དཀར་ཡུམ་དང་གཉིས་མེད་སྦྱོར༔ རྒྱབ་ཏུ་དོན་གྲུབ་ཚེ་དཔག་མེད༔ སྒྲོལ་མ་ཡུམ་དང་གཉིས་མེད་སྦྱོར༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ མཉམ་གཞག་ཚེ་བུམ་མདའ་དར་གཡབ༔ རྒྱན་དང་ཆ་ལུགས་གཙོ་དང་མཐུན༔ འཇའ་འོད་སྣ་ལྔའི་ཀློང་དུ་བསྐྱེད༔ གཞན་ཡང་ཀུན་བཟང་རིགས་ལྔ་དང་༔


CMR008_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང་ཆེན་ཤཱཀྱ་ཐུབ༔ རྡོར་སེམས་དགའ་རབ་རྡོ་རྗེ་དང་ཤྲཱི་སེང་རིག་འཛིན་པད་མ་འབྱུང་༔ བརྒྱུད་པའི་བླ་མས་བསྐོར་བར་དམིགས༔ ཞི་ཁྲོ་རབ་འབྱམས་རྒྱུད་སྡེ་བཞི༔ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས༔ རྒྱལ་བ་པདྨ་འོད་འབར་སྐུ༔ རིག་འཛིན་འཆི་མེད་པདྨ་འབྱུང་༔ ཡེ་ཤེས་མཚོ་རྒྱལ་ལ་སོགས་པ༔ རྩ་བ་བརྒྱུད་པའིབླ་མ་རྣམས༔ ཆར་སྤྲིན་ལྟ་བུར་གཏིབས་པར་གྱུར༔ ཧཱུྃ༔ རིགས་བདག་མགོན་པོ་ཚེ་དཔག་མེད༔ པདྨ་འོད་འབར་ཨོ་རྒྱན་རྗེ༔ ཕྱོགས་བཅུའི་ནམ་མཁའི་མཐར་ཐུག་ནས༔ སྣོད་བཅུད་ཐམས་ཅད་ཚེ་རུ་བསྡུས༔ བཀྲ་ཤིས་བུམ་པའི་ནང་དུ་བསྐྱིལ༔ དངོས་གྲུབ་ཐམས་ཅད་བདག་གིས་ཐོབ༔ བྱང་སེམས་དཀར་དམར་བདུད་རྩིས་གང་༔ ནད་གདོན་སྡིག་སྒྲིབ་བག་ཆགས་སྦྱངས༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཨཱ་ཡུཛྙཱ་ན་སིདྡྷི་ཧཱུྃ༔ ཨ་མཱ་ར་ཎི་ཛཱི་ཝན་ཏི་སྭཱ་ཧཱ༔ བརྒྱ་རྩ་ལ་སོགས་ཅི་འགྲུབ་བཟླས། དམིགས་པ་ནི། བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ དཀོན་མཆོག་སྤྱི་འདུས་རིགས་གསུམ་བདག༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ བྱིན་རླབས་ཀློང་ཡངས་རང་བཞིན་འབར༔ སྐུ་


CMR008_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས༔ སྐལ་ལྡན་ལུས་ངག་ཡིད་གསུམ་ཐིམ༔ ཉོན་མོངས་སྒྲིབ་དག་དབང་བཞི་ཐོབ༔ པད་འབྱུང་སྐུ་གསུང་ཐུགས་ཀྱི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱཀྐ་ཙིཏྟ་སིདྡྷི་ཧཱུྃ༔ ཨ་བྷི་ཥིཉྩ་མཱི༔ བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ ཕྱི་སྣོད་ནང་བཅུད་ཐམས་ཅད་ལྷ་སྔགས་སུ་གསལ་བའི་གཟི་བརྗིད་ཀྱིས་སངས་རྒྱས་བྱང་སེམས་ཞི་ཁྲོ་རྩ་བ་གསུམ་དང་༔ མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱི་ཚེ་ཡི་བྱིན་རླབས་ཐམས་ཅད་དང་༔ དྲང་སྲོང་རིག་འཛིན་ཚེ་ལ་དབང་བ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་མདོར་ན་སེམས་ཅན་བསོད་ནམས་ཅན༔ དཀར་པོ་དགེ་བའི་ལས་སྒྲུབ་པའི་དབང་ཆེ་བ་རྩལ་དྲག་པ་འཁོར་མང་ཤིང་ཡོན་ཏན་ཆེ་བ༔ སྟོབས་སྙན་གྲགས་དང་༔ བཙན་ཕྱུག་དར་རྒྱས་འཛོམ་པ༔ བླ་མ་དང་དགེ་སློང་དགྲ་བཅོམ༔ འཕགས་པ་ཉན་ཐོས་རང་རྒྱལ་སོགས༔ གདུལ་བྱ་ཕྲིན་ལས་རྣམས་ཀྱི་ཚེ་དང་བསོད་ནམས་ཐམས་ཅད་ཡི་གེ་ནིཡི་རྣམ་པར་འོད་ཟེར་ཁ་དོག་སྣ་ཚོགས་འོད་ཀྱི་ལི་ལི་བྱུང་


CMR008_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བུམ་པའི་ནང་དུ་འཁྱིལ་བར་གྱུར༔ བསྙེན་པ་ནི། ཨོཾ་ཨཱཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨ་ཡུཥ་ཧཱུྃ་ཤྲཱི་ནཱི༔ཛ༔ བརྒྱ་སྟོང་ལ་སོགས་བཟླས། ཚེ་འགུགས་པ་ནི། ཧཱུྃ༔ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ འགྲོ་རྣམས་མ་ལུས་འདྲེན་པའི་དེད་དཔོན་མཆོག༔ ཨོ་རྒྱན་པདྨ་རིག་འཛིན་ཚེ་དཔག་མེད༔ བདག་གི་ལུས་ངག་ཡིད་གསུམ་བྱིན་རློབས་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ལན་གསུམ་སྨོན་ལམ་བཏབ་ལ། ནད་རིགས་བཞི་བརྒྱ་རྩ་བཞི་དང་༔ རྐྱེན་ངན་ཉི་ཁྲི་ཆིག་སྟོང་དང་༔ ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་དང་། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས༔ ཚེ་ཡི་བར་ཆད་མི་མཐུན་ཕྱོགས༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ མདའ་དར་གྱིས་གཡབ་ལ། ཧཱི་ཕྱི་ནི་བུམ་པ་ནང་ནི་བདུད་རྩིས་གང་༔ གསང་བའི་དོན་ནི་པདྨ་ཚེ་དཔག་མེད༔ གནས་ལྔར་ཕྱག་མཚན་ལྔ་དང་ཡིག་འབྲུ་ལྔ༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ ཧཱུྃ༔ ཤར་ཕྱོགས་དྲི་ཟའི་ལག་ནས་ལྕགས་ཀྱུས་ཁུག༔ ལྷོ་ཕྱོགས་གཤིན་རྗེའི་ལག་ནས་ཞགས་པས་ཁུག༔ ནུབ་ཕྱོགས་ཀླུ་བདུད་ལག་ནས་ལྕགས་སྒྲོག་ཁུག༔ བྱང་ཕྱོགས་གནོད་སྦྱིན་ལག་ནས་དྲིལ་བུས་


CMR008_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཁུག༔ སྟེང་ཕྱོགས་ཚངས་པ་བརྒྱ་བྱིན་ལག་ནས་ཁུག༔ འོག་ཕྱོགས་དགའ་བོ་འཇོག་པོའི་ལག་ནས་ཁུག༔ ཚེ་སྲོག་ཆད་པ་མཐུད་ལ་ཡར་བ་ཁུག༔ གས་པ་སྦྱོར་ལ་ཉམས་པ་ཐམས་ཅད་གསོས་འོད་ཟེར་དཀར་ལ་འཚེར་ཞིང་སྣུམ་ལ་འདྲིལ༔ སྤྱི་བོའི་གཙུག་ནས་ལུས་ལ་སིབ་སིབ་ཐིམ༔ འོད་འབར་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུསྶཁེ་ཧཱུྃ་ཧྲཱིཿལ༔ ཞེས་པ་ཅི་ནུས་བཟླས་ལ་དམིགས་པ་ཡང་ཡང་བསྒོམ་ཞིང་། རང་ལུས་ཚེ་དཔག་མེད་ལྕགས་ཀྱི་རི་བོ་མི་ཤིགས་རྡོ་རྗེ་ཕ་ལམ་ལྟར་གྱུར་པར་བསྒོམ། དམིགས་མེད་སྟོང་པའི་ངང་ལ་བཞག་གོ །ཨཱ་ལི་ཀཱ་ལི་རྟེན་སྙིང་བཟླའོ། །ཞེས་པ་གཏེར་གཞུང་དང་ཅུང་གསལ་བར་ཀརྨ་རཱ་ག་ཨ་སྱས་བྲིས་པའོ། །འོད་འབར་འཆི་མེད་ཚེ་ཡི་བཀྲ་ཤིས་ཤོག །ཨཱ་ཡུ་མངྒ་ལཾ།། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་གྱི་དབང་གི་རིམ་པ་ལས༔ ཐོག་མར་སྟ་གོན་དང་དབང་བཤད།


CMR008_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་གྱི་དབང་གི་རིམ་པ་ལས༔ ཐོག་མར་སྟ་གོན་དང་དབང་བཤད་ཡོད་ལགས་སོ༔


CMR008_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པྲ་ཝ་ཀ་ར་ཡེ། ཨོ་རྒྱན་རྗེ་ལ་ཕྱག་འཚལ་སྐྱབས་སུ་མཆི། །འདི་བྲིས་བཀའ་ཡི་གནང་བ་བསྩལ་དུ་གསོལ། །དེ་ལ་པདྨ་འོད་འབར་གྱི་དབང་རྫས། བུམ་པ་རྫས་ལྡན། བྷནྡྷ་བདུད་རྩིས་བཀང་བ། ཁཊོ་ཤེལ་རྡོ། བཀའ་སྲུང་སེང་གདོང་མའི་དམར་གཏོར་བཤམས། ཚེ་དབང་བྱེད་ན། ཚེ་གཏོར་བུམ་པའི་དབྱིབས། བུམ་པ་རྫས་ལྡན། ཚེ་རིལ་ཚེ་ཆང་། ཚེ་ནས། མདའ་དར་ཁ་དོག་ལྔའམ་གཅིག་བཤམ། གཞན་ཡང་བླ་མ་གཏོར་མ། སྔོན་འགྲོ་སོགས་དང་། དྲག་པོར་དམར་གཏོར་གཅིག་དང་། ཚད་མདོར་དམར་གཏོར་གཅིག །གཞི་བདག་གཏོར་མ་སྤྱི་ལྟར་བཤམ། དང་པོ་བདག་བསྐྱེད་ཚར་གཅིག །དེ་ནས། དབང་རྫས་ངོ་བོ་པདྨ་འོད་འབར་སྐུ༔


CMR008_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་མན་ཆད་མདུན་བསྐྱེད་ཚར་གཅིག །དེ་ནས་དབང་བསྙེན་བརྒྱའམ་སྟོང་བྱ། ༈ སླར་བདག་འཇུག་བླངས་ལ། དེ་ནས་དབང་བསྐུར་རོ།། ༈ བསྡུ་ན་རྙིང་མ་སྤྱི་ལྟར་ཆོ་ག་ཚར་གཅིག་གིས། བདག་མདུན་བུམ་གསུམ་དུས་གཅིག་ལ་བསྐྱེད་བསྙེན་པ་བརྒྱ་སྟོང་སོགས་གང་འགྲུབ་བྱས་ལ། ཏིང་འཛིན་གྱི་དབང་བླང་ན་ཆོག ། ༈ དེ་ནས་སློབ་མ་འཚོགས་ནས། ཇི་ལྟར་བལྟམས་པ་ཙམ་སོགས་ཁྲུས་བྱས། མེ་ཏོག་ལག་ཏུ་བཀྲམ་ནས། བགེགས་གཏོར་སྔོན་འགྲོ་བྲན་ལ་མཆོད་གཡོག་པས་བཟུང་ལ་རོལ་མོ་དང་བཅས་པས། ཨོ་ཨཱཧཱུྃ༔ བགེགས་དང་ལོག་འདྲེན་ལན་ཆགས་འབྱུང་པོའི་ཚོགས༔ བགེགས་འདུལ་ཁྲོ་ཆེན་འབར་བའི་བཀའི་བྱུང་གིས༔ གླུད་གཏོར་ཁྱེར་ལ་


CMR008_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

རང་རང་གནས་སུ་དེངས༔ བཀའ་ལས་འདས་ན་བརླག་པར་གདོན་མི་ཟ༔ གཏོར་མ་དོར། ཨོཾ་སརྦ་བིགྷཱན་ཨུ་ཙ་ཏ་ཡ་ཕཊ༔ ཧཱུྃ༔ བདག་ཉིད་འགྱུར་མེད་ཡེ་ནས་རྡོ་རྗེའི་སྐུ་སོགས་ནས། ཨོཾ་བཛྲ་རཀྟ་ཛྭ་ལ་རཾ༔ རོལ་མོ་བྱ། ༈ འོ་ན་ད་ལམ་ཁྱེད་རྣམས་ཀྱིས་བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་དབང་ཞུ་བའི་ཐོག་མར་ཡིད་ཆེས་པའི་དོན་དུ་ལོ་རྒྱུས་ཅུང་ཟད་ཅིག་ཞུ་ན། གུ་རུ་རིན་པོ་ཆེ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་འདི་ནི་སྤྱིར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ་ཡིན་ཏེ། གསེར་འོད་དམ་པའི་མདོ་ལས་ཀྱང་པདྨ་འབྱུང་གནས་འདི། འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་དོ། །ཞེས་པ་དང་། ཡང་རྒྱལ་བསྟོད་པདྨ་འབྱུང་གནས་འདི་འདྲ་བ། །ཚེ་རབས་དེ་དང་དེར་ནི་རྙེད་གྱུར་ཅིག །ཅེས་དང་། མཚན་བརྗོད་ལས། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡ་ཤེས་མཛོད་འཛིན་པ། །སངས་རྒྱས་ཀུན་གྱི་རང་བཞིན་ཅན། །ཞེས་གསུངས་སོ། །དོན་ལ་སྟོན་པ་ཤཱཀྱ་ཐུབ་པ་དངོས་ཡིན་ཏེ། སྟོན་པ་ཉིད་ཀྱིས་ལུང་བསྟན་པ་ནི། ཨེ་མ་


CMR008_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཧོ༔ ང་ནི་མྱ་ངན་འདས་འོག་ཏུ། །བདག་བས་རྟགས་བཞིས་ཁྱད་འཕགས་པ། །པདྨ་འབྱུང་གནས་ཞེས་བྱ་ཞིག །ལོ་ནི་བཅུ་གཉིས་དུས་སུ་འབྱུང་། །ང་ཉིད་དངོས་ཡིན་དེ་གཞན་མིན། །སངས་རྒྱས་བསྟན་པ་འཛིན་སྐྱོངས་དེ་ཡིས་བྱེད། །འཁོར་རྣམས་མྱ་ངན་མ་བྱེད་ཅིག །ནམ་མཁའི་དབྱིངས་ནས་ཉི་ཟླ་བཞིན། །ང་བས་ལྷག་པའི་པདྨ་འབྱུང་། །རྒྱ་མཚོའི་གླིང་ནས་ནོར་བུ་བཞིན། །ང་བས་ལྷག་པའི་པདྨ་འབྱུང་། །སྨན་མཆོག་གླིང་ནས་རྣམ་རྒྱལ་བཞིན། །ང་བས་ལྷག་པའི་པདྨ་འབྱུང་། །བསྟན་པ་རྣམ་གསུམ་འཛིན་སྐྱོངས་དེ་ཡིས་བྱེད། །འཁོར་རྣམས་མྱ་ངན་མ་བྱེད་ཅིག །ཅེས་གསུངས་ཏེ་བགྲེས་རྒུད་དང་འདས་གྲོངས་མི་མངའ་བ་དང་། བདུད་ཐམས་ཅད་སྟོབས་ཀྱིས་བཅོམ་པ་དང་། སྙིང་པོ་སྔགས་ལ་སྤྱོད་པ་སོགས་བཞིའི་ཁྱད་པར་འཕགས་གསུངས་སོ། །དེ་ཡང་རྒྱུ་མཚན་ཉིད་ཐེག་པ། སྡེ་སྣོད་གསུམ་པོ་བཅོམ་ལྡན་འདས་ཉིད་མཆོག་གི་སྤྲུལ་སྐུའི་ཚུལ་གྱིས་གསུངས་ནས། འབྲས་བུ་གསང་སྔགས་བླ་ན་མེད་པ་སྟོན་པའི་ཕྱིར་དུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སུ་སྤྲུལ་པ་ཡིན་ཏེ། དབུས་འགྱུར་ཚལ་ལུང་བསྟན་


CMR008_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མདོ་ལས། ང་ནི་འདས་ནས་བཅུ་གཉིས་སུ། །དྷ་ན་ཀོ་ཤའི་མཚོ་གླིང་དུ། །པདྨའི་སྟེང་དུ་རང་འཁྲུངས་པའི། །གསང་སྔགས་བསྟན་པའི་བདག་པོ་འབྱུང་། །ཞེས་སོགས་མདོ་རྒྱུད་དུ་མ་ནས་ལུང་བསྟན་པ་དང་མཐུན་པར། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས། སངས་རྒྱས་ཀྱི་བསྟན་པ་ཉམས་དམའ་བར་གྱུར་ཏེ། བདུད་དང་མུ་སྟེགས་རྣམས་དར་ནས་ནང་པའི་བསྟན་པ་ལ་གནོད་པ་མང་དུ་བྱུང་། ཀུན་དགའ་བོ་སོགས་ཉན་ཐོས་རྣམས་ཀྱིས་བཏུལ་ཡང་མ་ཐུལ་ནས། མུ་སྟེགས་པའི་བསྟན་པ་ཤིན་ཏུ་དར། ནཱ་ལེནྡྲ་སོགས་གཙུག་ལག་ཁང་རྣམས་ལའང་གནོད་པ་ཆེན་པོ་བྱས། ཡམས་ནད་དང་མུ་གེ་ཆེན་པོ་བྱུང་ནས་ཐམས་ཅད་སྡུག་བསྔལ་བར་གྱུར་ཏེ༔ དགྲ་བཅོམ་པ་རྣམས་ཀྱིས་ཐུབ་པ་ཉིད་ལ་འབོད་ཅིང་མྱ་ངན་གྱི་ངུ་སྒྲ་ཆེན་པོ་བསྒྲགས་པས། །དེའི་ཚེ་ལེགས་ཉེས་སྟངས་འཛིན་གྱི་དཔའ་བོ་མཁའ་འགྲོ་ཐམས་ཅད་དག་པའི་ཞིང་ཁམས་ཐམས་ཅད་དུ་སོང་ནས། སངས་རྒྱས་ཐམས་ཅད་ལ་ཚབ་ཅིག་ཞུས་པས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཟེར་གོང་བུ་གཅིག་ཏུ་དྲིལ་ནས།


CMR008_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ལྷོ་ནུབ་འོ་མ་ཅན་གྱི་མཚོར་ཐིམ་པས་བཀྲ་ཤིས་པའི་ལྟས་མང་པོ་དང་བཅས་ཏེ་མེ་ཏོག་པདྨའི་སྙིང་པོ་ལ་ཁྱེའུ་ལོ་བརྒྱད་པའི་ན་ཚོད་དུ་བྱོན་པ་ལྷ་དང་ཀླུ་དང་དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱིས་ཕྱག་འཚལ་ཞིང་མཆོད་པ་དཔག་ཏུ་མེད་པས་མཆོད། དེར་གསང་སྔགས་ཀྱི་ཆོས་དཔག་ཏུ་མེད་པ་གསུངས། དེ་ནས་ཨོ་རྒྱན་ཡུལ་གྱི་རྒྱལ་པོ་མཛད་ནས་ཐམས་ཅད་ཆོས་ལ་བཀོད་པས། མཚན་པདྨ་རྒྱལ་པོ་ཞེས་བྱ་བ་བྱུང་། དེ་ནས་རབ་ཏུ་བྱུང་ཞིང་དབུ་ལ་གཙུག་ཏོར་བྱུང་། མཚན་ཤཱཀྱ་སེང་གེ་གསོལ། དེ་ནས་བསིལ་བའི་ཚལ་དུ་བྱོན་ནས་བཀའ་སྲུང་ཐམས་ཅད་དམ་ལ་བཏགས། རྡོ་རྗེ་གདན་དུ་བདུད་དང་མུ་སྟེགས་ཐམས་ཅད་ཚར་བཅད་པས་མཚན་སེང་གེ་སྒྲ་སྒྲོག་ཏུ་གྲགས་། དེ་ནས་འཛམ་བུའི་གླིང་གི་ཡུལ་གྲུ་ཐམས་ཅད་དུ་བྱོན་ནས། གྲུབ་ཆེན་བརྒྱད་ཅུ་དང་མཇལ་ཏེ་ཆོས་དང་མན་ངག་མང་པོ་ཞུ་རེས་མཛད། དུར་ཁྲོད་ཆེན་པོ་བརྒྱད་དུ་བཞུགས་ནས་དཔའ་བོ་ཌཱཀི་རྣམས་ལ་ཆོས་གསུངས། གཏེར་ཁ་མང་དུ་སྦས། དེ་ནས་དགུང་ལོ་སུམ་སྟོང་བཞེས་དུས་བོད་ཡུལ་དུ་འཇམ་དབྱངས་ཀྱི་སྤྲུལ་པ་ཁྲི་སྲོང་ལྡེའུ་བཙན་


CMR008_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གདན་དྲངས། དགེ་བསྙེན་ཉི་ཤུ་རྩ་གཅིག་མ་སྲིང་བརྟན་མ་བཅུ་གཉིས། གཟའ་ཆེན་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་སོགས་ལྷ་སྲིན་གདུག་པ་ཅན་ཐམས་ཅད་དམ་ལ་བཏགས། དཔལ་གྱི་བསམ་ཡས་ལ་སོགས་པའི་གཙུག་ལག་ཁང་མང་དུ་བཞེངས། གསང་སྔགས་ཀྱི་ཆོས་དཔག་ཏུ་མེད་པ་གསུངས་ནས་གྲུབ་ཐོབ་ཀྱིས་ལུང་པ་བཀང་། སྒྲུབ་གནས་ཐམས་ཅད་བྱིན་གྱིས་བརླབས་ཤིང་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟ་བུ་མཛད། དེའི་དུས་སུ་མྱང་བན་ཏིང་འཛིན་བཟང་པོ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོའི་སྤྲུལ་པ་བྱུང་སྟེ། ལོ་ཉེར་གཅིག་ནས་ཨོ་རྒྱན་དང་མཇལ། ལོ་ཙཱ་མཁས་པར་གྱུར་ནས་རྒྱ་གར་དུ་བྱོན་ནས་ཆོས་མང་དུ་བསྒྱུར། སློབ་དཔོན་བི་མ་ལ་མི་ཏྲ་དང་མཇལ་ནས། རྫོགས་ཆེན་ལ་བཀའ་བབས་པས། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བླ་མར་ཡང་གྱུར་ཏེ། ལོ་བརྒྱད་ཅུ་གྱ་བཞིའི་བར་དུ་ཨོ་རྒྱན་རིན་པོ་ཆེའི་ཆག་ཕྱི་ཤས་ཆེར་མཛད། དེའི་དུས་སུ་སྤྱིར་ཆོས་དང་གདམས་ངག་དཔག་ཏུ་མེད་པ་གནང་བའི་ནང་ནས་ཟབ་ཅིང་ཆེར་ཟབ་པ། ཡང་ཟབ་དཀོན་མཆོག་སྤྱི་འདུས་གནང་བས། ཚེ་ལོ་བཞི་བཅུ་ཁ་


CMR008_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

རལ་གྱི་དུས་སུ་མྱང་བན་གྱི་སྤྲུལ་པ་ཞིག་གིས་འདོན་ནས་སེམས་ཅན་ལ་ཕན་པར་ལུང་བསྟན་སྨོན་ལམ་དང་བཅས་ཏེ། ཤར་ཀོང་པོའི་ཡུལ་ཀླུ་གནས་པའི་མཚོ་འགྲམ་བྲག་རི་རྡོ་རྗེ་འདྲ་བ་ལ་གཏེར་དུ་སྦས་སོ། །བོད་ཀྱི་ས་རྟ་རྨིག་ཙམ་ཡང་མ་ལུས་པ་ཞབས་ཀྱིས་བཅགས། གཏེར་ཁ་བྱེ་བ་ཙམ་སྦས། མ་འོངས་ལུང་བསྟན་དཔག་ཏུ་མེད་པ་གསུངས་ནས། ཤཱཀ་ཐུབ་མྱ་ངན་འདས་འོག་ཏུ༔ ལོ་ཡང་སུམ་སྟོང་ཉེ་བ་ན༔ འཛམ་གླིང་སྲིན་གྱིས་ཕུང་འགྱུར་ཞེས༔ དབུས་འགྱུར་ལུང་བསྟན་མདོ་ལས་གསུངས༔ དེ་རྣམས་འདུལ་བར་བདག་ལུང་བསྟན༔ ད་ནི་དེ་ཡི་དུས་ལ་བབ༔ དེ་ཕྱིར་སྲིན་པོ་འདུལ་དུ་འགྲོ༔ ཞེས་གསུངས་ནས་བོད་ཀྱི་རྒྱལ་བློན་ལྷ་འདྲེ་ཐམས་ཅད་ཀྱིས་བཤོལ་ཡང་མ་གནང་ནས། ད་སྐུ་དངོས་ཀྱི་གདུལ་བྱ་རྫོགས་ཐུགས་རྗེའི་སྤྲུལ་པ་ནི་འཁོར་བ་མ་སྟོངས་ཀྱི་བར་དུ་འབྱུང་ཞིང་༔ ཁྱད་པར་དུ་པད་འབྱུང་ལ་དད་ཅིང་མོས་པའི་མི་དང་པདྨ་བདག་ལ་འདུ་འབྲལ་སྐད་ཅིག་ཀྱང་མེད་དོ་གསུངས་ནས་ལྷ་དང་དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱིས་ནམ་མཁའ་ནས་རོལ་མོའི་སྒྲ་དང་མཆོད་པའི་སྤྲིན་གྱིས་བསུས་ཏེ༔ རྟ་མཆོག་དང་དར་


CMR008_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་འོད་དཀྱིལ་ལ་སྤྱན་དྲངས་ཏེ༔ འཇའ་འོད་དུ་མེ་རེ་འཁྱིལ་ཞིང་ལྷོ་ནུབ་རྔ་ཡབ་གླིང་དུ་བྱོན་ནས་སྲིན་པོ་རྣམས་ཆོས་ལ་བཀོད་ཅིང་བཞུགས་སོ༔ དེ་ནས་དུས་སྙིགས་མའི་ཚེ་དུས་ལ་བབ་ནས་མྱང་བན་ཏིང་འཛིན་བཟང་པོའི་ཐུགས་སྤྲུལ་གཏེར་སྟོན་ཆེན་པོ་འཇའ་ཚོན་སྙིང་པོ་ཞེས་ཀྱང་བྱ༔ ཧཱུྃ་ནག་མེ་འབར་ཞེས་ཀྱང་བྱ༔ ལས་འཕྲོ་གླིང་པ་ཞེས་ཀྱང་བྱ༔ པདྨ་བཀའ་ཡི་ཐང་ཡིག་ལས༔ ལྷོ་ཀོང་བྱང་ཀོང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ གཏེར་སྟོན་འཇའ་ཚོན་སྙིང་པོ་ཞེས་བྱ་འབྱུང་༔ ཞེས་གསུངས་ནས་ལུང་བསྟན་པ་ལྟར༔ སྐུ་འཁྲུངས་དུས་ཀྱང་སྒྲ་འོད་ཟེར་གསུམ་སོགས་ལྟས་བཟང་པོ་དང་༔ སྐུ་ཆུང་ངུ་ནས་དུས་བཟང་ཐམས་ཅད་དུ་ཨོ་རྒྱན་རིན་པོ་ཆེ་དང་རྒྱུན་དུ་མཇལ༔ ལོ་བཅུ་གསུམ་སྐུ་མཚམས་ལ་བཞུགས་པར༔ རྨང་ལམ་དུ་རྗེ་དབང་ཕྱུག་རྡོ་རྗེ་ཡང་ཡང་བྱོན་ནས་གེགས་སེལ་བོགས་འདོན་གནང་༔ མཁའ་འགྲོ་མ་རྣམས་དང་གུ་རུ་རིན་པོ་ཆེས་གནས་སྒོ་འབྱེད་པ་དང་གཏེར་འདོན་པའི་ལུང་བསྟན་ཡང་ཡང་དུ་བྱུང་ཞིང་༔ ཕྱག་རྡོར་བསྙེན་པ་དུང་ཕྱུར་ཐོན་དུས་སྤྱན་གཉིས་ལས་འོད་ཟེར་ཆེན་པོ་བྱུང་བ་གཏེར་གང་


CMR008_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དུ་ཟུག་ནས་གསལ་བར་གཟིགས་ནས༔ གཏེར་ཁ་མང་དུ་བཏོན་པ་དང་གནས་སྒོ་ཕྱེ་བ་དང་རྡོ་ལ་ཕྱག་ཞབས་ཀྱི་རྗེས་མང་དུ་བཞག་པ་དང་༔ མངོན་ཤེས་པ་ལ་ཐོགས་པ་མེད་པ་ལ་སོགས་རྫུ་འཕྲུལ་དུ་མ་བསྟན༔ ཁྱད་པར་དཀོན་མཆོག་སྤྱི་འདུས་འདི་ཉིད་ཞལ་ཕྱེས་ཏེ༔ སློབ་མའི་གཙོ་བོ་ཨོ་རྒྱན་རིན་པོ་ཆེས་ལུང་བསྟན་པ་ལྟར་ཆོས་ཀྱི་བདག་པོ་རྗེ་ཆོས་དབྱིངས་རྡོ་རྗེ་དང་༔ འབྲུག་པ་དཔག་བསམ་དབང་པོ་དང་༔ བི་མ་ལའི་སྤྲུལ་པ་དྭགས་པོ་ནོར་བུའི་བརྒྱན་པ༔ འབྲི་ཁུང་ཞབས་དྲུང་ཆོས་ཀྱི་གྲགས་པ་བཀྲ་ཤིས་དང་༔ དུང་དཀར་རས་ཆེན་སོགས་སྐྱེས་བུ་དམ་པ་འགྲན་ཟླ་མེད་པ་རྣམས་ཀྱིས་ཀྱང་༔ ཐུགས་དད་གུས་ཀྱི་སྒོ་ནས་གཏེར་ཆོས་རྣམས་གསན༔ ལས་ལྡན་གྱི་སློབ་མ་རྣམས་ལས་འཕྲོས་ཏེ༔ དེང་སང་གཏེར་ཆོས་ཀྱིས་བོད་ཡུལ་ཁྱབ་པར་གྱུར་པ་འདི་ཡིན་ལ༔ དེ་ཨོ་རྒྱན་རིན་པོ་ཆེའི་བཀའ་མ་འོངས་ལུང་བསྟན་ལས༔ ཁྱད་པར་དུ་ཡང་ཟབ་གཏེར་འདི་རྣམས་ཀྱིས་ཕན་ཐོགས་པའི་དུས༔ ཚེ་ལོ་ཡང་བཞི་བཅུ་ཁ་རལ་སུམ་ཅུ་ལ་ཉེ་བར་སོང་ནས༔ ནམ་མཁའ་ལ་ཆར་མེད་དེ་མེ་འབར༔ ས་གཞིའི་ལོ་ཐོག་ཐམས་


CMR008_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལོ་ནད་སྣ་ཚོགས་ཀྱིས་སྐམ༔ ནད་རྟགས་མེ་ཆུ་གོ་ལོག་ཏུ་འབྱུང་བས་རྩི་སྨན་གྱིས་མི་ཕན་དུག་ཏུ་འགྲོ༔ ས་གཡོས་དང་ཐོག་སེར་དང་འཁྱུགས་དང་གནམ་རྡོ་མང་དུ་ལྷུང་སྐྱེས་པ་ཚེ་ཐུང་བས་མོ་རིགས་མའི་ཁྱུ་ཆེ༔ མིང་སྲིང་དང་ཕུ་ནུ་ཉེ་དྲུང་དམེ་འཁྲུག་འདྲེན༔ ཁྲིམས་ལྡན་གྱི་ཆོས་པ་ནི་ཉིན་སྐར་ལས་ཉུང་༔ ཟབ་པོ་དང་བསྟན་བཤིག་ནི་དབྱར་གྱི་ཆུ་བཞིན་དུ་རྒྱས༔ སྟེང་འོག་བར་གསུམ་འཁྲུག༔ མཐའ་དམག་དབུས་སུ་ཤོར༔ མི་མ་ཡིན་གྱིས་ཉིན་མོ་ཡང་ཅ་ཅོ་སྒྲོག༔ རི་བྱ་མང་པོ་ཤོད་དུ་འབབ༔ སྔར་མེད་ཀྱི་གཅན་གཟན་མང་པོ་འུར་རྒྱུག་བྱེད༔ རྒན་དང་བྱི་སྦ་ལྟོགས་ནད་ཀྱིས་འགུམ༔ དར་མ་ཀུན་དབང་མེད་དུ་ཁོལ་པོར་འགྲོ༔ བྱོལ་སོང་རྣམས་ཧབ་ཐོབ་ལ་སྤྱོད་ཅིང་ལུང་པ་ཐམས་ཅད་ཁྲག་གིས་གང་བར་འོང་བར་འདུག་གསུངས༔ སྡུག་བསྔལ་དེ་རྣམས་ལས་སྐྱོབ་པའི་ཐབས་ནི༔ ཁོ་བོ་པདྨའི་ཐུགས་རྗེ་བྱིན་རླབས་ཐམས་ཅད་དེའི་ཚེ་ཤུགས་ཆེ་བས་ས་སྟེང་ཆོས་ཀྱིས་བཀང་ནས་ཡོད་པ་ཡང་དེ་རྣམས་ལ་དགོངས་པ་ཡིན༔ ཁྱད་པར་ཐུགས་སྒྲུབ་ཀུན་གྱི་ནང་ནས༔ ཡང་ཟབ་དཀོན་མཆོག་སྤྱི་འདུས་འདི་མྱང་བན་ཏིང་འཛིན་བཟང་པོའི་སྤྲུལ་པ་


CMR008_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་གིས་རྙེད་ནས༔ དུས་ངན་སེམས་ཅན་འགའ་ཞིག་ལ་ཕན་པ་འོང་༔ ཆོས་འདི་ཞལ་ཕྱེས་པ་ཐམས་ཅད་ཀྱི་མཐའ་དམག་ཕྱིར་བསྲིང་ནུས༔ ས་ཕྱོགས་དེར་ཡང་ལོ་ཕྱུགས་ལེགས་པ་དང་རླུང་འཚུབ་ཆུང་༔ དད་འདུན་བྱེད་པའི་དུད་འགྲོ་ཡན་ཆད་བདེ་ཆེན་དག་པའི་ཞིང་ཁམས་སུ་འགྲོའོ༔ གཞན་ཡང་ཟབ་གཏེར་འདི་ཉིད་བྱིན་རླབས་ཀྱི་སོ་མ་ཉམས་པར་དད་ལྡན་རྣམས་ལ་དབང་ལུང་བཏོན་པ་ན༔ དུས་མཐའི་སྐྱེ་འགྲོ་རྣམས་ཡིད་བཞིན་ནོར་བུ་རྙེད་པ་ལས་འཚིང་ཆེའོ༔ དེར་མ་ཟད་འདི་ཉིད་འཆང་བ་དང་༔ མཆོད་བསྟོད་བསྔགས་པ་བརྗོད་ཅིང་བསྙེན་པ་ཐོན་པ་ཅི་ཡང་བདེ་བར་གཤེགས་པའི་སྲས་དམ་པར་འགྱུར་རོ༔ ལས་སྒྲིབ་ཐམས་ཅད་དུང་དཀར་ཕྱིས་པ་ལྟར་འགྱུར་རོ༔ ཚོགས་གཉིས་ཀྱི་བྱ་བ་དཀར་ཚོགས་རྒྱས་པ་ལྟར་འགྱུར་རོ༔ རྒྱལ་པོའི་ཆད་པ་ལ་སོགས་འཇིགས་པ་བརྒྱད་ལས་གྲོལ་བར་འགྱུར་རོ༔ མཛེ་ལ་སོགས་པའི་རྣམ་སྨིན་གྱི་ནད་ཐམས་ཅད་སྲབ་ཅིང་བྱང་བ་དང་༔ གཅོང་ནད་ཞ་གྲུམ་དང་༔ མིག་ནད་ལ་སོགས་པ་ཐམས་ཅད་ལས་གྲོལ་བར་འགྱུར་རོ༔ ཚེ་དང་བསོད་ནམས་ལ་སོགས་པ་འབྱོར་པ་དྲུག་ཏུ་འབྱོར་ཞིང་བུ་འདོད་


CMR008_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཡང་རིགས་རྒྱུད་འཕྲལ་དུ་འཕེལ་བར་འགྱུར་རོ༔ མོས་ཚུལ་བཞིའི་དབང་དང་ལྡན་ཞིང་༔ ལྷ་སྲིན་སྡེ་བརྒྱད་དཔུང་དང་བཅས་པ་ཡང་ཕྱི་བཞིན་དུ་འབྲང་བ་དང་བཀའ་ཉན་པར་འགྱུར་རོ༔ ཚེ་ཟད་པ་དང་ཉམས་པ་ཡང་གསོ་ནུས་སོ༔ བློ་གྲོས་མི་ཟད་པ་དང་ཤེས་རབ་ཕྱོགས་མེད་དུ་འབར་བར་འགྱུར་རོ༔ དྲག་པོའི་ལས་རྣམས་འཕྲལ་དུ་འགྲུབ་ཅིང་དུས་ཀྱི་འཆི་བ་ཡང་བར་མ་དོར་རང་ངོ་ཤེས་ཤིང་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ༔ ཆོས་འདི་ལ་ཐེ་ཚོམ་ཡོན་ཏན་འབྱུང་བར་མི་རིགས་པར་ལྟ་བ་ཀུན་ཀྱང་ཐུན་མོང་ཟིན་ཏེ༔ ལས་ངན་མྱོང་རྗེས་སུ་ལམ་སྣ་ཐར་པ་ལ་སྦྱོར་བར་འགྱུར་རོ༔ དེ་བས་སྒྲུབ་མཆོད་བསྒོམ་པ་ལྟ་ཅི་སྨོས་ཞེས་གསུངས༔ འདིའི་དབང་ཐོབ་ན་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ༔ སྨོན་ལམ་དང་ལྡན་པའི་ཆོས་བདག་ཉེར་ལྔ་ལས་མཆེད་དེ༔ འབྲེལ་ཐོགས་བྱེ་བ་འབུམ་དང་འབུམ་ཕྲག་འབྱུང་བར་ལུང་བསྟན་ཅིང་དེ་ཚང་ནས་ཆོས་འདི་ཡང་ཆོས་བདག་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་མས༔ ཆོས་འདི་བོད་དུ་མི་བཞག་ཨོ་རྒྱན་མཁའ་འགྲོའི་གནས་སུ་གདན་འདྲེན་པར་གསུངས༔ དེས་ན་ད་རེས་ཁྱེད་རྣམས་དབང་འདི་ཐོབ་ནས༔


CMR008_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་ཐོགས་བྱེ་བ་གསུམ་དང་འབུམ་ཕྲག་གི་ནང་དུ་ཚུད་པས་ཁྱེད་རྣམས་ཀྱང་ཨོ་རྒྱན་རིན་པོ་ཆེའི་ལུང་བསྟན་དུ་ཚུད༔ ཐུགས་རྗེས་ཟིན་པ་ཡིན་པས་སྐལ་བ་ཤིན་ཏུ་བཟང་ཞིང་ཕན་ཡོན་ཆེ༔ འོན་ཀྱང་ཆོས་འདིའི་བཀའ་སྲུང་ནི་ཡེ་ཤེས་ཀྱི་མཁའ་འགྲོ་སེང་གེའི་གདོང་ཅན་མ་དང་༔ འཇིག་རྟེན་གྱི་ཀླུ་བདུད་དང་མཚོ་སྨན་གཉིས་བཀའ་སྲུང་ཡིན་པའི་ཕྱིར་བཀའ་ཤིན་ཏུ་གཉན་པས༔ འདིའི་དབང་ཞུས་ནས་བཛྲ་གུ་རུ་ལ་བྱེ་བ་གཅིག་བས་མི་ཉུང་བའི་ཁས་ལེན་དགོས། དེ་མ་བྱས་ན་མཁའ་འགྲོ་དང་བདུད་ཀྱིས་ཀོ་ལོང་བྱེད་ཉན་ཡོད་པས༔ དབང་ཚར་བ་དང་མཉམ་དུ་བཛྲ་གུ་རུ་ཁས་ལེན་མཛད་དགོས༔ དེ་ལྟ་བུའི་ཟབ་ཅིང་བཀའ་གཉན་པའི་དབང་ཟབ་མོ་འདི་ཞུ་བའི་ཕྱིར་མཎྜལ་ཕུལ། ས་གཞི་སྤོས་ཆུས་བྱུགས་སོགས། ཞེས་པ་རཱ་ག་ཨ་སྱས་བསྒྲིགས་པའོ།། ཨོཾ༔ བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་གྱི་དབང་ཆོག་བཞུགས་སོ། །དེ་ཡང་དབང་བསྐུར་གྱི་ལེའུ་ནས༔ དབང་བཞི་སྟན་ཐོག་གཅིག་ཏུ་བསྐུར་སོགས་གསུངས་པ་ནི༔ ཐོག་མར་བགེགས་བསྐྲད་པ༔ སྲུང་འཁོར་བསྒོམ་པ༔ མཎྜལ་འབུལ་བ༔ གསོལ་བ་གདབ་པ༔ དམ་ལ་བཞག་པ༔ བྱིན་རླབས་སྦྱར་བའོ༔ གོང་མ་གསུམ་གོང་དུ་གསལ་


CMR008_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ལ༔ གསོལ་བ་འདེབས་པ་ནི༔ ཨེ་མ་ཧོ༔ དཀོན་མཆོག་སྤྱི་འདུས་བླ་མ་ནི༔ རིགས་རྣམས་ཀུན་བདག་ཆེ་བའི་མཆོག༔ དཔའ་བོ་ཆེན་པོས་རྗེས་སུ་བཟུང་༔ དབང་གི་སྨིན་གྲོལ་དངོས་གྲུབ་སྩོལ༔ ལན་གསུངས་པ་ནི། དེ་ལྟར་ཡིན་ན་ཧེ་རུ་ཀའི༔ དམ་དུ་བཞག་ཅིང་སྨིན་པར་བྱ༔ བླ་མེད་ཡང་གསང་བྱིན་རླབས་འདི༔ གནས་ཁང་འདི་ཡི་ཕྱི་རོལ་དུ༔ དམ་མེད་པ་ལ་སྨྲ་མི་རུང་༔ དེ་ཕྱིར་སྙིང་ནས་བྲོ་བོར་ཅིག༔ བཛྲ་རཀ་སི་ཧཱུྃ༔ ས་མ་ཡ་ཨི་དན་ན་ར་ཀ༔ སློབ་མ་སྐད་ཅིག་གིས་པདྨ་འོད་འབར་དུ་བསྐྱེད་ལ་ཞེས་པས། སློབ་མའི་ངོ་བོ་པདྨ་འོད་འབར་སྐུ༔ དཀར་གསལ་མདངས་ལྡན་མཛེས་འཛུམ་རྒྱན་གྱིས་སྤྲས༔ སོགས་ནས། ཏིལ་གྱི་གོང་བུ་ཁ་བྱེ་བ་ལྟར་དཔག་ཏུ་མེད་པ་སྤྱན་དྲངས༔ ཧྲཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ སོགས་ནས། ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ སྤྱན་འདྲེན་བྱིན་འབེབས་ཡེ་ཤེས་སེམས་དཔའ་བསྟིམ༔ བུམ་པ་ཐོགས་ལ། ཧཱི༔ དཀོན་མཆོག་སྤྱི་འདུས་རིགས་ཀྱི་བདག༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་མཆོག་རིན་པོ་ཆེ༔ བྱིན་རླབས་ཀློང་ཡངས་རང་བཞིན་འབར༔ ཨོཾ་ཨཱཿཧཱུྃ༔ སྐུ་


CMR008_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་སྨིན་མཚམས་ཨོ་དཀར་ལས་འོད་ཟེར་སྐར་མདའ་ཆད་པ་ལྟར༔ སྐལ་ལྡན་ལུས་ལ་གཉིས་མེད་ཐིམ༔ བུམ་དབང་ཐོབ་ནས་སྣང་སྟོང་བསྒོམ༔ པདྨ་འབྱུང་གནས་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་སྤྱི་བོར་བསྐུར༔ བདུད་རྩི་ཐོགས་ལ༔ ཧཱུྃ༔ དཀོན་མཆོག་སྤྱི་འདུས་རིགས་ཀྱི་བདག༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་མཆོག་རིན་པོ་ཆེ༔ བྱིན་རླབས་ཀློང་ཡངས་རང་བཞིན་འབར༔ ཨོྃ་ཨཱ༔ཧཱུྃ༔ གསུང་གི་ལྗགས་སྟེང་ཨཱདམར་ལས༔ འོད་ཟེར་མར་མེའི་རྩེ་མོ་ལྟར༔ སྐལ་ལྡན་ལྕེ་ལ་གཉིས་མེད་ཐིམ༔ གསང་དབང་ཐོབ་ནས་སྔགས་རླུང་བསྒོམ༔ པདྨ་འབྱུང་གནས་གསུང་གི་དབང་ཐོབ་ཤོག༔ ཨོྃ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཝཀྐ་ཨ་བྷི་ཥིཉྩ་ཨཱ༔ ཞེས་མགྲིན་པར་བསྐུར༔ ཁཊ་ཐོགས་ལ༔ ཧྲཱི༔ དཀོན་མཆོག་སྤྱི་འདུས་རིགས་ཀྱི་བདག༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་མཆོག་རིན་པོ་ཆེ༔ བྱིན་རླབས་ཀློང་ཡངས་རང་བཞིན་འབར༔ ཨོ་ཨཱཧཱུྃ༔ ཐུགས་ཀའི་ཧཱུྃ་མཐིང་འོད་འབར་ལས༔ འོད་ཟེར་སྤོས་རེངས་


CMR008_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

དུད་པ་ལྟར༔ སྐལ་ལྡན་སེམས་ལ་གཉིས་མེད་ཐིམ༔ ཤེར་ཡེའི་དབང་ཐོབ་གསལ་སྟོང་བསྒོམ༔ པདྨ་འབྱུང་གནས་ཐུགས་ཀྱི་དབང་ཐོབ་ཤོག༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྙིང་གར་བསྐུར། ཤེལ་རྡོ་ཐོགས་ལ། ཧཱུྃ༔ དཀོན་མཆོག་སྤྱི་འདུས་རིགས་ཀྱི་བདག༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྣམས༔ འདུས་པའི་འོད་ཟེར་སྣ་ཚོགས་ནི༔ མཁའ་དང་ཆུ་ལ་འཇའ་ཤར་ལྟར༔ སྐལ་ལྡན་གནས་ལྔར་གཉིས་མེད་ཐིམ༔ དབང་བཞི་ཡོངས་ཐོབ་རྫོགས་ཆེན་བསྒོམ༔ པདྨ་འབྱུང་གནས་རང་བཞིན་དབང་ཐོབ་ཤོག༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སརྦ་དྷརྨཱ་ཨ་བྷི་ཥིཉྩ་ཧོ༔ ཞེས་གནས་ལྔར་བསྐུར༔ བུམ་པ་ཐོད་པ་བཀྲྀ་ཤེལ་རྡོའི་དབང་བསྐུར༔ སྲོག་ཕུར་གྱི་ལེའུ་འདོན་གསུངས་པ་ནི༔ དེ་ནས་པདྨའི་སྲོག་ཕུར་བསྟན༔ སེམས་ཉིད་པདྨ་འབྱུང་གནས་དེ༔ ལོགས་ན་བསྒོམ་དང་བསྒྲུབ་ཏུ་མེད༔ རང་སེམས་གསལ་ལ་མ་འགགས་པ༔ རང་བྱུང་རང་ཤར་ཅིར་ཡང་སྣང་༔ ཞི་བ་ཚེ་དཔག་མེད་དུ་སྣང་༔ འཕགས་པ་སྤྱན་རས་གཟིགས་སུ་སྣང་༔ ཁྲོ་རྒྱལ་དབང་ཆེན་རྟ་མགྲིན་སྣང་༔ ཞལ་དང་ཕྱག་ནི་ཅིར་


CMR008_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྣང་༔ དེ་དག་སེམས་ཀྱི་ཆོ་འཕྲུལ་ཡིན༔ རང་བྱུང་རང་ཤར་རང་སར་གྲོལ༔ ངོ་བོ་སྟོང་པ་ཆོས་ཀྱི་སྐུ༔ མ་འགགས་རང་གསལ་ལོངས་སྤྱོད་རྫོགས༔ རིག་རྩལ་འགགས་མེད་སྤྲུལ་པའི་སྐུ༔ སྐུ་གསུམ་རང་ཆས་མ་བསྒྲུབ་འགྲུབ༔ རང་ཉིད་ཡེ་ནས་པད་འབྱུང་ཡིན༔ སྲོག་ཕུར་གྱི་ལེའུ་སྟེ་ལྔ་པའོ༔ ཤོག་སེར་གྱི་བུ་དཔེ་ལག་ཏུ་གཏད་ནས་འདི་སྐད་དོ༔ ཨོཾ་ཨཱཿཧཱུྃ༔ སངས་རྒྱས་ཀུན་གྱི་ངོ་བོ་པདྨ་འབྱུང་༔ ཟབ་གཏེར་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་འདི༔ ལས་ཅན་རྣམས་ལ་སྒྲུབ་བཤད་བསྟན་ནས་ཀྱང་༔ མ་འོངས་དོན་ལྡན་འགྲོ་ཀུན་གྲོལ་བར་ཤོག༔ ཨོཾ་བཛྲ་སཏཱ་ས་མ་ཡ་སོགས་ནས། སཏཱ་ཨཱཿ་ཨ་ཨཱ༔ ཨི་ཨཱི༔ སོགས་ནས། ཨོཾ་ཨ༔ ཀ་ཁ་ག་གྷ་ང་སོགས་ནས། ཧ་ཀྵ༔ ཅེས་ཡིག་བརྒྱ་དང་ཨཱ་ལི་ཀཱ་ལི་ཚར་གཅིག་དང་བཅས་སློབ་མའི་ལག་ཏུ་གཏད༔ དུང་འབུད་པ་དང་༔ དར་ཕྱར་བ་བྱའོ།། དེ་ནས་གཏེར་བདག་གཏོར་མ་ལག་ཏུ་གཏོད་ནས། ཧཱུཾ་བྷྱོ༔ དུས་གསུམ་རྒྱལ་བའི་ཡུམ་གཅིག་སེང་གདོང་མ༔ ནམ་མཁའི་མདོག་ཅན་འོད་ཟེར་སྤྲུལ་པ་འགྱེད༔ མཐོང་དང་དྲན་པ་ཙམ་གྱིས་ཡེ་ཤེས་སྐྱེ༔ སྐལ་ལྡན་བུ་ལ་ལུས་དང་གྲིབ་མའི་ཚུལ༔ མི་འབྲལ་བྱིན་རླབས་ཕྲིན་ལས་


CMR008_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཌཱཀྐི་སེང་ཧ་མུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ གཞན་ཡང་ཕྱི་ནང་གི་གཏེར་སྲུང་ཀུན་གྱིས་སྐལ་ལྡན་འདི་ལ༔ སྲུང་བ་དང་༔ བསྐྱབ་པ་དང་༔ སྦ་བར་མཛད་དུ་གསོལ༔ ཞེས་སོ། གུད་དུ་སྦས་པ། སླར་ཡང་ཚིག་དབང་རིན་པོ་ཆེའི་དོན་གྱི་ངོ་བོ་བསྟན་པ་ནི་སློབ་མས་གསེར་གྱི་མཎྜལ་ཕུལ་ནས། ཡེ་ཤེས་པ་དབབ་པ་ནི། ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ སོགས་ནས། སིདྡྷི་ཕ་ལ་ཧཱུྃ་ཨཱ༔ བུ་ཡི་སྙིང་གར་ཨཱདཀར་པོ་སྲན་མ་ཙམ༔ ཡེ་ཤེས་ཀྱི་འོད་ལྔ་འཕྲོ་བའི་སྟོབས་ཀྱིས་ལུས་ནམ་མཁར་ཡོད་པར་བསྒོམ༔ བླ་མས་ཐོད་རྔ་སྒྲོག་ཅིང་། ཨཱཿནི་སྐྱེ་བ་མེད་པ་ལ༔ ལུས་ནི་ཡེ་ཤེས་ལྔ་ཡི་ལུས༔ ནམ་མཁའི་ངང་ནས་རང་གསལ་འབར༔ ལུས་མེད་ཉམས་ཀྱི་ངོ་བོ་ལྟོས༔ ཞེས་བརྗོད་པས་ཉམས་སྐྱེའོ། །དེ་ནས་སློབ་བུ་ལ་རྣམ་སྣང་ཆོས་བདུན་བྱེད་དུ་བཅུག་སྟེ། ལྟ་སྟངས་དང་རིག་པ་ནམ་མཁར་ལྟོས་ཤིག༔ བྱས་ལ། བུ་ཁྱོད་སེམས་ཀྱི་ངོ་བོར་ལྟོས༔ བལྟས་པས་མི་མཐོང་ངང་ལ་ཞོག༔ ཁྱོད་ཀྱི་རིག་པ་ཕྱོགས་བཞིར་ཐོངས༔ བཏང་ཚེ་ཕྱི་ནང་འགྲོ་འོང་མེད༔ འགྲོ་བར་སྙམ་ཡང་རང་གི་སེམས༔ སེམས་ནི་ངོས་བཟུང་འཛིན་པ་བྲལ༔ ངོ་བོ་སྟོང་ལ་རང་བཞིན་གསལ༔ བུ་ཁྱོད་འདི་ཡི་རང་


CMR008_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ལྟོས༔ འདི་ཞེས་མཚན་མར་མ་གྲུབ་ཀྱང་༔ དེ་དོན་རྟོགས་ན་རྩལ་དབང་ས༔ ཚེ་གཅིག་ཐར་ལམ་བགྲོད་པར་འགྱུར༔ རྒྱས་པར་འདོད་ན་སྲོག་ཕུར་དང་ཨ་ཏིའི་ལེའུ་བཤད་པར་བྱ་བ་ནི། དེ་ནས་པདྨའི་སྲོག་ཕུར་བསྟན༔ སེམས་ཉིད་པདྨ་འབྱུང་གནས་དེ༔ ལོགས་ན་བསྒོམ་དང་བསྒྲུབ་ཏུ་མེད༔ རང་སེམས་གསལ་ལ་མ་འགགས་པ༔ རང་བྱུང་རང་ཤར་ཅིར་ཡང་སྣང་༔ ཞི་བ་ཚེ་དཔག་མེད་དུ་སྣང་༔ འཕགས་པ་སྤྱན་རས་གཟིགས་སུ་སྣང་༔ ཁྲོ་རྒྱལ་དབང་ཆེན་རྟ་མགྲིན་སྣང་༔ ཞལ་དང་ཕྱག་ནི་ཅིར་ཡང་སྣང་༔ དེ་དག་སེམས་ཀྱི་ཆོ་འཕྲུལ་ཡིན༔ རང་བྱུང་རང་ཤར་རང་སར་གྲོལ༔ ངོ་བོ་སྟོང་པ་ཆོས་ཀྱི་སྐུ༔ མ་འགགས་རང་གསལ་ལོངས་སྤྱོད་རྫོགས༔ རིག་རྩལ་འགགས་མེད་སྤྲུལ་པའི་སྐུ༔ སྐུ་གསུམ་རང་ཆས་མ་བསྒྲུབ་འགྲུབ༔ རང་ཉིད་ཡེ་ནས་པད་འབྱུང་ཡིན༔ ཨོཾ༔ ཨ་ཏི་ཁྱབ་གདལ་ཆེན་པོ་ནི༔ གུ་རུ་པདྨ་འོད་འབར་དེ༔ ལོགས་ན་ཡོད་པ་མ་ཡིན་ནོ༔ རང་ཉིད་ལྷ་རུ་སྣང་བ་དེ༔ ལྷ་འདི་རང་ལ་རང་ཉིད་ལྷ༔ སེམས་ཉིད་རྟོགས་ན་ཕྱག་རྒྱ་ཆེ༔ སེམས་ལས་སངས་རྒྱས་གཞན་མ་ཚོལ༔ སྐུ་མདོག་ཕྱག་


CMR008_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཆ་ལུགས་ཀྱང་༔ སེམས་ཉིད་སྣང་བ་དེ་ལྟར་ཡིན༔ སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས༔ གང་ལྟར་སྣང་བ་དེ་ལྟར་སྣང་༔ མ་སྒྲུབ་ཡེ་ནས་རང་བྱུང་གནས༔ མ་བཙལ་བཞག་པས་རང་ས་ཟིན༔ དེ་ལྟར་རྟོགས་ན་ཨོ་རྒྱན་མཁན༔ ཆོས་ཉིད་དོན་གྱི་པད་འབྱུང་ཡིན༔ གཟུང་འཛིན་སྐུ་རུ་ཞེན་པ་དེ་གྲོལ་བར་འདོད་ཀྱང་འཁོར་བར་འཆིང་༔ བསྒྲུབ་པར་འདོད་ཀྱང་འགྲུབ་མི་སྲིད༔ དེ་བས་ལྷུན་གྲུབ་ངང་ལ་ཞོག༔ ཅེས་སོ༔ གཏོར་དབང་ནི། དེ་ལྟར་དངོས་གཞི་རྩ་བའི་དབང་རྣམས་སོང་ནས། ད་ནི་གཏོར་མ་ལ་བརྟེན་ནས་བཀའ་བསྒོ་བའི་དབང་བྱེད་པ་ནི། གཏོར་མ་འདི་ཉིད་འདི་ལྟ་བུ་མ་ཡིན་པར། རྒྱལ་བ་དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་དུ་གསལ་ཐོབ་ལ། དེའི་སྟེང་གི་ཆ་ལ་བཀའ་བརྒྱུད་བླ་མ། བར་གྱི་ཆ་ལ་ཡི་དམ་ལྷ་ཚོགས། འོག་གི་ཆ་ལ་ཆོས་སྐྱོང་སྲུང་མ་རྣམས། ཁྱེད་རང་གི་སྤྱི་བོར་བྱོན་ཏེ། ངེད་ཀྱི་གསོལ་བ་ཇི་ལྟར་བཏབ་པའི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཐོབ་བྱུང་སྙམ་པ་གྱིས་ཤིག །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ སྐུ་གསུང་ཐུགས་ཀྱི་བྱིན་བརླབས་ཤིང་༔ དངོས་གྲུབ་རྣམ་གཉིས་


CMR008_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བའི་གནས༔ གཏོར་མའི་དབང་བསྐུར་ཆེན་པོ་སྦྱིན༔ ཛཧཱུྃ་བཾ་ཧོ༔ ཆོས་སྐུ་ཀུན་ཏུ་བཟང་པོ། དྲུག་པ་རྡོ་རྗེ་འཆང་ཆེན། སྟོན་པ་རྡོ་རྗེ་སེམས་དཔའ། རིག་འཛིན་དགའ་རབ་རྡོ་རྗེ། གུ་རུ་ཤྲཱི་སེང་ཧ། འཆི་མེད་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ཉང་བན་ཏིང་འཛིན་བཟང་པོ། སྔགས་འཆང་ཧཱུྃ་ནག་མེ་འབར། ཆོས་བདག་བྷི་མའི་སྤྲུལ་པ། སྡོང་པོ་ཞྭ་དམར་ནག་།འབྲས་བུ་ལྔ། མེ་ཏོག་ལྟ་བུ་བཅུ། ལས་ཅན་ཆོས་བདག་ཉེར་གཅིག །གྲུབ་ཐོབ་རྟོགས་ལྡན་བརྒྱ་ཕྲག་ལ་སོགས་པ་རིག་འཛིན་བརྒྱུད་པའི་བླ་མ་དམ་པ་རྣམས་དང་། ཡི་དམ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པས་བྱིན་གྱིས་རློབས་ཤིག །འདི་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་སྟེང་གདོན་གཟའ་རྒྱུ་སྐར། འོག་གདོན་ཀླུ་ས་བདག །བར་གདོན་གཉན་ཐེའུ་རང་། ཕྱོགས་མཚམས་ཀྱི་སྡེ་བརྒྱད་དྲེགས་པ། དུག་གསུམ་གྱི་འདྲེ་གདོན་འབྱུང་པོ། ན་འཆིའི་སྐག་དང་སྲི་ལང་ལ་སོགས་པའི་གནོད་པ་ཐམས་ཅད་ཉེ་བར་ཞི་བར་མཛོད་ཅིག །ཞི་རྒྱས་དབང་དྲག་གི་ཕྲིན་ལས་ཐམས་ཅད་ཐོགས་པ་མེད་པར་མཛོད་ཅིག །


CMR008_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྩོལ་ཅིག །ཨོཾ་ཨཱ༔ཧཱུྃ། ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །གུ་རུ་པདྨ་འབྱུང་གནས་བྱིན་རླབས་ཀྱིས། །འགྲོ་བ་འདི་དག་བདག་གིས་སྲུངས་སོགས་དང་། བསྔོ་སྨོན་བཀྲ་ཤིས་དགེ་བསྐུལ་སོགས་བྱའོ། །འདི་ནི་གུད་དུ་སྦས་པས། སྒྲུབ་པ་ངེས་པར་བྱེད་པ་མ་གཏོགས་པ་གཞན་ལ་མི་བསྐུར་དམ་པར་བྱའོ། །དེ་ལྟར་རང་གིས་དབང་ལེན་པ་དང་། གཞན་ལ་སྦྱིན་པ་སོགས་ལ། མཚམས་གཅོད་སྲུང་འཁོར་སྐྱབས་འགྲོ་ནས་བཟུང་། ལས་གཞུང་ཚོགས་དང་བཅས། བཟླས་པ་སྒྲུབ་བསྐུལ་ལ་བརྩོན་པར་བྱའོ། །གཏེར་གཞུང་ཉིད་ལས༔ ༧ རཱ་ག་ཨ་སྱས་བསྒྲིགས།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

གུ་རུ་པདྨ་འོད་འབར་གྱི་ཚེ་དབང་ལྕགས་ཀྱི་རི་བོ་ཞེས་བྱ་བ་ཇི་ལྟར་བསྐུར་བའི་ཕྱག་ལེན་རྒྱས་པར་བཀོད་པ།


CMR008_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་པདྨ་འོད་འབར་གྱི་ཚེ་དབང་ལྕགས་ཀྱི་རི་བོ་ཞེས་བྱ་བ་ཇི་ལྟར་བསྐུར་བའི་ཕྱག་ལེན་རྒྱས་པར་བཀོད་པ་བཞུགས་སོ༔


CMR008_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་གཞུང་ནས་ཚེ་སྒྲུབ་རྒྱས་པ་དང་༔ རྒྱུན་ཁྱེར་བསྡུས་པ་དང་༔ དབང་བཞི་ཡོངས་རྫོགས་མཇུག་ཏུ་ཚེ་དབང་འདི་མཐའ་རྟེན་དུ་བྱ་ཚུལ་གསུངས་པ་དེ་གསར་བུ་རྣམས་ཀྱིས་དབྱེ་ཤེས་པར་དཀའ་བ་ཙམ་དུ་འདུག་པས༔ གཞིའི་སྟེང་དུ་པདྨ་འདབ་བརྒྱད་དམ༔ འབྲུ་ཡི་ཚོམ་བུ་བྱ༔ བུམ་པ་ཚེ་གཏོར་ཚེ་ཆང་ཚེ་རིལ་ཚེ་ནས༔ ཚེ་འགུགས་མདའ་དར་དམར་པོ༔ རྒྱས་འདེབས་ཁ་བཏག་གམ་མན་ཙི་ལ་རྡོ་རྗེ་རྒྱ་གྲམ་མདུད་པ་བྱས་པ་མདའ་ལ་བཏགས་པ་ཞིག༔ དེ་རྣམས་འདུ་བྱ༔ དེ་ནས་དབང་སྒྲུབ་ནི་པདྨ་འོད་འབར་ཚར་གཅིག་གིས་བདག་ལྷར་བསྐྱེད་པ་དང་༔ བུམ་པ་དང་༔ ཚེ་གཏོར་དང་༔ གསུམ་ཀ་པདྨ་འོད་འབར་དུ་བསྐྱེད་ལ༔ བཟླས་པ་བྱ་བ་ནི༔ རང་གི་ཐུགས་ཀར་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་


CMR008_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཱིཿ དཀར་པོ༔ དེའི་མཐར་སྔགས་ཕྲེང་འོད་ལྔའི་མདངས་དང་ལྡན་པ་འཁོར་བ༔ བུམ་པ་དང་གཏོར་མ་ལྟར་གསལ་བའི་དཔྲལ་བར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ༔ མགྲིན་པར་པདྨ་དམར་པོ་ཨཱས་མཚན་པ༔ ཐུགས་ཀར་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ༔ ལྟེ་བར་རིན་པོ་ཆེ་སེར་པོ་སས་མཚན་པ༔ གསང་བར་སྣ་ཚོགས་རྡོ་རྗེ་ཧས་མཚན་པར་བསྒོམ༔ བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ མདུན་བསྐྱེད་དང་བུམ་བསྐྱེད་ལ་ཕོག༔ དེའི་གནས་ལྔར་ཕྱག་མཚན་དང་ཡིག་འབྲུ་ལྔ་ལས་འོད་ཟེར་དཔག་ཏུ་མེད་པ་ནམ་མཁའ་ཁྱབ་པར་འཕྲོས༔ ཕྱི་


CMR008_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་ཀྱི་འཇིག་རྟེན་བདེ་བ་ཅན་གྱི་ཞིང་ཁམས༔ ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་གུ་རུ་པདྨ་འོད་འབར་གྱི་སྐུ་ཤ་སྟག་ཏུ་གྱུར༔ དེ་ཐམས་ཅད་ཀྱིས་རམ་བུ་བཀྱག་པའི་ཚུལ་ཏུ་སྔགས་འུ་རུ་རུ་བཟླས་པའི་ནུས་པ་དང་གཟི་བརྗིད་ཀྱིས༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྩ་གསུམ་ཆོས་སྐྱོང་ཐམས་ཅད་ཚེའི་བྱིན་རླབས་དང་༔ འབྱུང་བའི་བཅུད་ཀྱི་དྭངས་མ་ཐམས་ཅད་དང་༔ དྲང་སྲོང་རིག་འཛིན་ཚེ་ལ་དབང་བ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས༔ མདོར་ན་སེམས་ཅན་བསོད་ནམས་ཅན་དཀར་པོ་དགེ་བའི་ལས་བསྒྲུབ་ཅིང་དབང་ཆེ་ལ་རྩལ་དྲག་པ༔ འཁོར་མང་བ་ཡོན་ཏན་ཆེ་བ༔ སྟོབས་དང་སྙན་གྲགས་ཅན༔ གདུལ་བྱ་ཕྲིན་ལས་ཅན་རྣམས་ཀྱི་ཚེ་དང་བསོད་ནམས་ཐམས་ཅད༔ ཡི་གེ་ཀྲྀ་ཡི་རྣམ་པར་འོད་ཟེར་ཁ་དོག་སྣ་ཚོགས་ཀྱི་ལི་ལི་བུམ་པའི་ནང་དང་༔ ཚེ་གཏོར་དང་ཚེ་རིལ་ཚེ་ཆང་ལ་སིབ་སིབ་ཐིམ་པར་བསྒོམ་ཞིང་༔ སྔགས་འདི་སྟོང་ངམ་བརྒྱ་ལས་མི་ཉུང་བར་བཟླའོ༔ དེ་ནས་སྤྲོ་ན་བདག་འཇུག་བླངས༔ མ་བླངས་ཀྱང་རུང་༔ དེ་ནས་མདུན་དུ་དབང་ཞུ་བ་པོ་རྣམས་འདུས་ལ་སྔོན་འགྲོ་སྤྱི་ལྟར་རམ་ཡང་ན༔ བགེགས་གཏོར་མི་དམིགས་སྟོང་པའི་ངང་ཉིད་ལས༔ རིན་


CMR008_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་སྣོད་དུ་བདུད་རྩིའི་རྒྱ་མཚོར་གྱུར༔ བསྲེག་སྦྱངས་གཏོར་མ་རཾ་ཡཾ་ཁཾ་གསུམ་འཕྲོས༔ ཨོཾ་ཨཱཿཧཱུྃ་གིས་འདོད་ཡོན་དཔག་མེད་གྱུར༔ དེང་འདིར་དཀྱིལ་འཁོར་མཆོད་པའི་འབྱུང་པོ་ཀུན༔ གནས་འདིར་མ་འདུག་གཏོར་མས་ཚིམ་གྱིས་ལ༔ རང་རང་སོ་སོའི་གནས་སུ་ཕྱིར་དེངས་ཤིག༔ གལ་ཏེ་མི་འགྲོ་བར་ཆད་བྱེད་པ་རྣམས༔ ང་ཉིད་དབང་ཆེན་པདྨས་རྟ་སྐད་འཚེར༔ ཁམས་གསུམ་སྲིད་གསུམ་ཀུན་ཀྱང་འདར་ཞིང་སྔངས༔ གནོད་བྱེད་འབྱུང་པོ་མ་ལུས་རྡུལ་དུ་རློགས༔ ཨོཾ་པདྨ་ཏ་ཀྲྀཏ་ཧཱུྃ་ཕཊ༔ གནོད་བྱེད་སརྦ་ཤ་ཏུཾ་མཱ་ར་ཡ་རྦད་ནན་ཟློག་ཅིག༔ ཅེས་སྔགས་ལན་གསུམ་བརྗོད་ཅིང་འཐོར་ནས་ཀྱིས་བྲབ་ལ་བགེགས་བསྐྲད་གཏོར་མ་ཕྱིར་དོར༔ དེ་ནས་སྲུང་འཁོར་ནི༔ རོལ་མོ་དབྱངས་དང་བཅས་པས༔ཧྲཱིཿབདག་ཉིད་འགྱུར་མེད་ཡེ་ནས་རྡོ་རྗེའི་སྐུ༔ ཕྱི་ནང་སྣོད་བཅུད་གཞལ་ཡས་སྐྱེ་འགྲོ་ཝཱི༔ ཕྱོགས་དང་ཕྱོགས་མཚམས་འཇའ་འོད་མཚོན་ཆས་གཏམ༔ རྡོ་རྗེའི་ས་གཞི་རྭ་གུར་མེ་རིས་བསྐོར༔ ཨོཾ་བཛྲ་རཀྟ་ཛྭ་ལ་རཾ༔ སྔགས་མང་དུ་བརྗོད་ཅིང་རོལ་མོ་བྱའོ༔ དེ་ནས་མེ་ཏོག་བཀྲམ༔ ཆབ་བླངས་ཏེ༔ གཞུང་ལས༔ གཞན་བྱིན་རླབས་པ་ལ་ཡང་ཁྲུས་བགེགས་བསྐྲད་མཎྜལ་སྐྱབས་སེམས་གསོལ་གདབ་


CMR008_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

གོང་དང་མཚུངས༔ ཞེས་པའི་དོན་ནོ༔ དེ་ཡང་ཨོ་རྒྱན་རིན་པོ་ཆེ་གུ་རུ་པདྨ་དུས་གསུམ་མཁྱེན་པའི་ཞལ་ནས༔ ཀྱེ་ཧོ༔ ཁྱེད་ཅག་རྗེ་འབངས་གྲོགས་དང་བཅས་པ་ཐམས་ཅད་མ་ཡེངས་པར་གསན་འཚལ༔ སྐལ་དུས་སྙིགས་མའི་སེམས་ཅན་རྣམས༔ ཚེ་མཐར་ཕྱིན་པ་ཤིན་ཏུ་དཀོན༔ དམ་ཆོས་ཤ་སྟག་བྱེད་པ་ནི༔ ཉིན་མོའི་སྐར་མ་ཙམ་དུ་ཟད༔ དུས་མ་ཡིན་པར་རྐྱེན་དུ་འཆི་བ་ནི་ཕལ་ཆེར་ཡིན་ཏེ༔ སྡུག་བསྔལ་མཚོ་རྡོལ་བས་བདེ་བའི་གོ་སྐབས་མེད་པ༔ སངས་རྒྱས་སྒྲུབ་པའི་ཐབས་མི་ཤེས་ཤིང་༔ དུ་རུ་ཀས་རྒྱུ་ལ་ཧབ་ཐོབ་བྱེད་པའི་དུས་སུ༔ དཀོན་མཆོག་ཐུགས་རྗེ་ཡང་རྣོ་མྱུར་རྡུགས་པ་ལྟ་བུ་ཞིག་འོང་༔ རང་རང་གི་ལས་ལ་གཙོ་བོའི་རྒྱུ་འབྲས་བསླུ་མེད་དུ་སྨིན་པ་ནི་མ་རིག༔ ད་དུང་འཁོར་བ་གཏན་འཁྱིལ་ཁ་སྦྱབ་འཁོར་མོ་ཡུག་ཏུ་འཁོར་དགོས་པ་ནི་མ་གོ༔ ཚེ་གཅིག་ལ་སྐད་ཅིག་གིས་རང་གྲོལ་དུ་འགྲོ་རྒྱུ་ཡིན་པ་ལ༔ ད་རེས་ཉམས་ལེན་སྒྲུབ་པ་མི་བྱེད་པ་འདི་ལྟ་བུ་ནི་ཤིན་ཏུ་འཁྲུལ་ཚབས་ཆེ༔ དམ་པའི་ཆོས་མ་བྱས་པ་ལ་བདེ་བའི་བསྟན་པ་འཛིན་འདོད་པ༔ རྒྱུ་ལས་མ་བྱུང་བ་རེ་འཁྲུལ་རེ་འཁྲུལ༔ སྡུག་བསྔལ་མི་འདོད་བཞིན་སྡིག་ལས་ལ་


CMR008_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཚེ་ཟད་པ་ཡང་༔ རེ་འཁྲུལ་རེ་འཁྲུལ༔ འཆི་བ་མ་དྲན་བཞིན་དུ་ཡང་ལུས་ལེན་ཅིང་ཡང་ཡང་འཆི་བ་རེ་སྡུག་རེ་སྡུག༔ དེ་ཡང་འཆི་མེད་ཚེ་ཡི་གདམས་པ་ཟབ་མོ་གནམ་ལྕགས་ཀྱི་རི་བོའི་དབང་ལ་སོགས་པ་ད་ལྟ་མ་སྤེལ༔ མ་འོངས་པ་ན་འགྲོ་དོན་ཆེ་བར་འོང་གསུངས་དེ་ནས་ཧཾ་ཕྲང་ལྕགས་ཀྱི་སྒོ་མོ་དང་༔ ཀོང་ལྗོན་པ་ལུང་གི་གནས་སྒོ་རྣམས་སུ་ཚེ་སྒྲུབ་ཚེ་དབང་གཏེར་དུ་སྦས་སོ༔ ཟབ་གཏེར་འདི་དང་དུས་མཚུངས་འགྲོ་དོན་ནི༔ བཞི་བཅུ་ཁ་རལ་ཡང་མཐའི་དུས་དང་མཉམ༔ དེའི་རྒྱུ་མཚན་ཡུད་ཙམ་དེང་འདི་བཤད༔ མ་འོངས་རྩུབ་འགྱུར་བཞི་བཅུའི་དུས་ཤར་ཚེ༔ ཚེ་ལ་ལོངས་མེད་སྦྲང་བུ་ཉི་ཚེ་འདྲ༔ ནོར་ལ་བདག་མེད་སུས་བསགས་སུས་ཐོབ་བྱེད༔ ཡུལ་ལ་གཏད་མེད་དྲི་ཟའི་ཡུལ་གྲོང་འདྲ༔ མཐའ་ནོར་མཐའ་མི་དབུས་སུ་དར་བ་དང་༔ དབུས་གཙང་མི་རྣམས་ལྷོ་མོན་ཕྱོགས་སུ་བྲོས༔ ཕྱོགས་བཞི་མཚམས་ནས་དུ་རུ་ཁ་མང་འཐིབ༔ མ་མོ་འཁྲུག་པས་འགོས་ཡམས་མི་ཐོག་འབུད༔ དེ་ནས་དུག་མཚོན་རིམ་པ་བཞིན་དུ་དར༔ ཡང་ཅིག་སྐྱེ་འགྲོ་སྡུག་པའི་སྔ་ལྟས་སུ༔ ལྟས་ངན་མཁའ་ལ་ཤར་ཏེ་ཡ་མཚན་བྱེད༔ ཉི་


CMR008_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

མ་གསུམ་དང་ཟླ་བ་གཉིས་ཤར་འབྱུང་༔ ནམ་མཁའི་ཁྲག་མདོག་སྐར་མ་མཇུག་རིང་ཤར༔ གནམ་ལ་ལྕགས་སྐད་སིང་སྒྲ་དངོས་སུ་ཐོན༔ འབྲུག་དང་ལྷན་ཅིག་སྤྲིན་གསེབ་ལྟས་ངན་རྒྱུག༔ སེང་གེའི་མགོ་ལ་སྦྲུལ་གྱི་འཇུག་མ་འཁྱིལ༔ ཁ་ནས་མེ་འབར་ཚ་བས་འུར་ཆོམ་ལྡིར༔ ཉི་མ་གཟས་འཛིན་མུན་ནག་རུབ༔ ཉིན་མོ་སྐར་མ་བཀྲ་བ་དང་༔ བྱང་ནས་སྐར་ཆེན་ཐོད་དཀར་འཆར༔ ཤར་ནས་དུ་བ་མཇུག་རིང་འབྱུང་༔ གཡག་མགོ་རླུང་འཚུབ་ལྷོ་ནས་འཆར༔ ཆུ་ཏི་སྔོན་མོ་ནུབ་ནས་འོང་༔ ཆོས་བྱེད་ཆགས་སྡང་ཟིང་ཟིང་ཡོང་༔ བླ་མའི་ཚུལ་བཟུང་དམག་ལས་བྱེད༔ སྡོམ་པ་དམ་ཚིག་རྩྭ་བཞིན་དོར༔ དགོན་གསར་བུ་ཆུང་ངུ་སྐད་ལྡང་༔ གཙུག་ལག་འཁྲུག་ཁང་བྱེད་པ་འབྱུང་༔ ལྷ་རུ་སྡུག་འདྲེ་འགོང་པོ་མཆོད༔ མ་ཎི་པདྨེར་ཆོས་མི་རྩི་སྐད་གསར་ཆས་གསར་རྩིས་སུ་ཆེ༔ རང་གི་རང་ལ་ཡིད་གཉིས་ཟ༔ ཕ་བུ་ཡིན་ཀྱང་བློ་གཏད་དཀོན༔ ནད་མཚོན་མུ་གེ་སྤྲིན་ལྟར་གཏིབསཿ་བཀའ་བསྟན་ལུང་ལ་མ་གྲགས་པའི༔ འགོས་ཡམས་སྣ་ཚོགས་མི་ཐོག་འབུད༔ མཐའ་དམག་རིམ་བཞིན་དབུས་སུ་འོང་༔ མཐར་ནི་དབུས་གཙང་བལ་


CMR008_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

པོར་བྲོས༔ སྐྱིད་མེད་སེམས་ཅན་སྡུག་ལ་འཁོར་ལོ་རེ་སོག་དམག་འུར་སྐད་ཆེ༔ ཀོང་ཡུལ་སྟོད་དུ་ཧོར་འཁྲུག་འཐོར༔ ཆར་ཆུ་མི་སྙོམ་སྒང་གཤོང་ཆེ༔ ཉི་ཟླ་དམར་ནག་རླུང་འཚུབ་ཆེ༔ ས་གཡོས་ཆུ་སྨྱོན་རི་བྲག་ཉིལ༔ སྙིགས་མ་ལྔ་པོ་དུས་གཅིག་འཁྲུག༔ བསོད་ནམས་སྙིགས་མ་འཁྲུག་རྩོད་དར༔ དུས་ཀྱི་སྙིགས་མ་ལོ་ཉེས་མང་ཚེ་ཡི་སྙིགས་མ་དུས་མིན་འཆི༔ གང་ཟག་སྙིགས་མ་ངོ་ཚ་ཤོར༔ ཆོས་ཀྱི་སྙིགས་མ་བྱིན་རླབས་ཡལ༔ རྒྱལ་ཁྲིམས་ཞིག་དང་ཆོས་ཁྲིམས་ཉམས༔ བློན་ཁྲིམས་རལ་དང་མི་ཆོས་འཐོར༔ དཔོན་ལས་གཡོག་པོ་དབང་རྩལ་ཆེ༔ བླ་མ་མཚན་ལྡན་ཁྱི་ལྟར་འཁྱམས༔ སློབ་མ་དམ་ཉམས་སེང་ལྟར་འགྱིང་༔ ལྗང་ལས་ཕུ་རྣམས་ལོ་ལེགས་རྒྱས༔ མཐའ་མིས་དབུས་འཇོམས་རིམ་གྱིས་འདོད༔ ཧོར་སོག་དམག་སྐད་ཆེ་ཆེར་བསྒྲགས༔ ལོ་རེ་བཞིན་དུ་འུར་སྐད་ལྡིར༔ མུ་གེ་བཏུད་མར་ཡང་ཡང་འབྱུང་༔ མི་ནད་ནོར་ནད་ཆུ་ལྟར་ཁོལ༔ བདེ་བའི་གོ་སྐབས་སྤུ་ཙམ་མེད༔ སྐྱབས་དང་སྐྱེལ་མ་འདྲེ་ལ་བཅོལ༔ ཕྱག་དང་ཞེ་ས་དམག་ལ་ཕུལ༔ བློ་གཏད་ཧོར་གྱི་དཔོན་ལ་འཇུ༔ རང་ནོར་


CMR008_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱིས་ཧབ་ཐོབ་བྱེད༔ རྟ་དྲེལ་བོང་བུ་ཁལ་རྣམས་ཀུན༔ དབང་མེད་ལས་ལ་ཁུར་བཀལ་ནས༔ བུད་མེད་སྤྱོད་ཅིང་བྱི་སྦ་རྡུང་༔ འདི་འདྲའི་དུས་སྲིད་སླེབས་ཙ་ན༔ ཟབ་ཆོས་སྤྱོད་པ་སྐལ་པ་བཟང་༔ དབང་ལུང་ཐོབ་པ་ཙམ་གྱིས་ཀྱང་༔ ཕལ་ཆེར་རང་བཞིན་གྲོལ་བར་འགྱུར༔ ཞེས་སོགས་ལུང་བསྟན་མཐའ་ཡས་པར་གསུངས་ཏེ༔ བསྡུ་ན་འདི་མན་གྱིས་ཆོག༔ དུས་ངན་འདིའི་ཚེ་ལྷ་གཞན་གྱི་ཐུགས་རྗེ་རྡུགས༔ ཆོས་གཞན་གྱི་བྱིན་རླབས་ཡལ༔ མཁའ་འགྲོ་ཆོས་སྐྱོང་རི་རབ་ལ་ཞལ་ཕར་གཟིགས༔ བདུད་དང་ལྷ་སྲིན་སྡེ་བརྒྱད་ཁ་འཕྱུར་བའི་དུས་ལ༔ ཨོ་རྒྱན་རིན་པོ་ཆེ་ཐུགས་རྗེ་ཆེ་ལ་བྱིན་རླབས་མྱུར་བར་གསུངས་པའི་ཕྱིར༔ གུ་རུ་པདྨ་འོད་འབར་གྱི་ཚེ་དབང་ལྕགས་ཀྱི་རི་བོ་ཞེས་བྱ་བ་བསྐུར་བ་ཡིན་ཏེ་ཚེ་ཟད་པ་དང་ཉམས་པ་ཡང་གསོ་ནུས༔ ཚེ་དང་བསོད་ནམས་འབྱོར་པ་དྲུག་ཏུ་འགྱུར་གསུངས་ཤིང་༔ ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི༔ ཚེ་སྒྲུབ་ལྕགས་ཀྱི་རི་བོ་ཞེས་བྱ་བ༔ ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ཀྱིས༔ ཤར་ཕྱོགས་མ་ར་ཏི་ཀའི་བྲག་ཕུག་ཏུ་མགོན་པོ་ཚེ་དཔག་མེད་པ་ལ༔ ཚེའི་རྒྱུད་དང་སྒྲུབ་ཐབས་བྱེ་བ་ཕྲག་བརྒྱ་ཞུས་


CMR008_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་བརྟེན་ནས༔ ཁ་བ་ཅན་དུ་ཚེ་སྒྲུབ་ལྔ་བརྒྱ་རྩ་གཅིག་སྦས་པའི་ནང་ནས་འདི་སྙིང་ཁུ་ལྟ་བུ་ཡིན༔ སྐལ་ལྡན་ཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལྟར་བུམ་པ་གཏོར་མ་དང་༔ ཚེ་རིལ་ཚེ་ཆང་ཉི་ཟླ་གཟའ་སྐར་དང་༔ རྡོ་རྗེའི་བྲག་གམ་རི་བོ་ལྷུན་ཆགས་དང་༔ གངས་རི་འགྱུར་མེད་གཡུ་མཚོ་གཏན་འཁྱིལ་དང་༔ དེ་སོགས་གང་ལ་བརྟེན་ནས་སྒྲུབ་ཀྱང་རུང་༔ རེ་རེའི་ཕན་ཡོན་བརྗོད་པར་མི་ནུས་ཏེ༔ ཀུན་དྲིལ་རང་ལུས་ལྕགས་ཀྱི་ཕོ་བྲང་ཆེ༔ ཨེ་མ་ཧོ༔ དེ་ལྟར་སྒྲུབས་པའི་ཕན་ཡོན་ནི༔ རྐྱེན་ངན་བར་ཆད་ཐམས་ཅད་བཟློག༔ དུས་ཟད་པ་ཡི་མི་ཡིན་ཀྱང་༔ ཚངས་པའི་ཚེ་དང་མཉམ་པར་འགྱུར༔ འཆི་བ་རྣམ་པ་བརྒྱད་མི་འབྱུང་༔ ལས་འཕྲོ་ལྡན་རྣམས་ཉི་ཟླའི་ཚེ༔ རྡོ་རྗེ་གཡུང་དྲུང་ལྟ་བུ་ཡི༔ ཚེ་ཡི་རིག་འཛིན་ཨེ་མ་ཧོ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མཱ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་གསུངས་སོ༔ དེ་ལྟ་བུའི་ཚེ་དབང་ཟབ་མོ་ཞུ་བའི་དོན་དུ་མཎྜལ་ཕུལ༔ ས་བཞི་སྤོས་ཆུས་བྱུག་ཅིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དེར་དམིགས་ཏེ་ཕུལ་བ་


CMR008_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་། །འགྲོ་ཀུན་རྣམས་དག་ཞིང་དེར་སྐྱེ་བར་ཤོག །མངྒ་ལཾ། ཨོཾ༔ གུ་རུ་པདྨ་འོད་འབར་གྱི་ཚེ་སྒྲུབ་ལྕགས་ཀྱི་རི་བོའི་དབང་བཞུགས་སོ༔ ད་ཚེ་དབང་ཞུ་བའི་ཐོག་མར་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གལ་ཆེ་བས༔ དུས་ད་ནས་བཟུང་སྟེ་ཁ་ཙམ་མ་ཡིན་པར༔ སྙིང་ཁུངས་རུས་པའི་གཏིང་ནས༔ དཀོན་མཆོག་སྤྱི་འདུས་ཀྱི་ངོ་བོ་པདྨ་འོད་འབར་ཀྱི་གོ་འཕང་དམ་པ་ཚེ་གཅིག་ལུས་གཅིག་ལ་ཐོབ་པར་བྱ་སྙམ་པས་མདུན་གྱི་དབང་རྫས་རྣམས་གུ་རུ་པདྨ་འོད་འབར་དུ་གསལ་བའི་དྲུང་དུ༔ སེམས་བསྐྱེད་ཞུ་བ་འདིའི་རྗེས་ཟློས་མཛོད༔ ཨོཾ་ཨཱཿཧཱུྃ༔ སྐྱབས་གནས་དམ་པ་རྣམས་ལ་སྐྱབས་སུ་མཆི༔ རྒྱུད་དྲུག་འཁོར་བར་འཁྱམས་པའི་ཕ་མ་ཀུན༔ བཟོད་མེད་གདུང་བས་སངས་རྒྱས་ཐོབ་བྱའི་ཕྱིརཿ་ཀུན་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ལན་གསུམ། ད་དབང་ཞུ་བའི་ཕྱིར་འདིའི་རྗེས་ཟློས་མཛོད་ཨེ་མ་ཧོ༔ དཀོན་མཆོག་སྤྱི་འདུས་བླ་མ་ནི༔ རིགས་རྣམས་ཀུན་བདག་ཆེ་བའི་མཆོག༔ དཔའ་བོ་ཆེན་པོས་རྗེས་སུ་བཟུང་༔ དབང་གི་སྨིན་གྲོལ་དངོས་བ་སྩོལ༔ ཅེས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པས༔ གུ་རུ་པདྨ་འོད་


CMR008_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

འབར་གྱི་བཀའ་ཡི་གནང་བ་འདི་ལྟར་བྱིན་པའི་མོས་པ་མཛོད༔ དེ་ལྟར་ཡིན་ན་ཧེ་རུ་ཀའི༔ དལ་དུ་གཞུག་ཅིང་སྨིན་པར་བྱའོ༔ བླ་མེད་ཡང་གསང་བྱིན་རླབས་འདི༔ གནས་ཁང་འདི་ཡི་ཕྱི་རོལ་དུ༔ དམ་ཉམས་རྣམས་ལ་སྨྲ་མི་རུང་༔ དེ་ཕྱིར་སྙིང་ནས་བྲོ་བོར་ཅིག༔ དེང་ཕྱིན་ཆད་དམ་ཚིག་ཚུལ་བཞིན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད༔ ཨོཾ་བཛྲ་རཀྵ་སི་ཧཱུྃ༔ ས་མ་ཡ་ཨི་དན་ན་ར་ཀན༔ དམ་ཆུ་སྦྱིན༔ དེ་ནས་ལས་བུམ་གྱི་ཀུ་ཤས་སློབ་མ་བྲན་ལ༔ ད་ཁྱེད་རང་རྣམས་གུ་རུ་པདྨ་འོད་འབར་གྱི་སྐུ་འདི་ལྟར་སྒོམས་ཤིག༔ ཧཱུྃ༔ སློབ་མའི་ངོ་བོ་པདྨ་འོད་འབར་སྐུ༔ དཀར་གསལ་མདངས་ལྡན་མཛེས་འཛུམ་རྒྱན་གྱིས་སྤྲས༔ རྡོ་རྗེ་ཐོད་པ་ཚེ་བུམ་རིན་ཆེན་བརྒྱན༔ པད་ཞྭ་རྒོད་ལྡེམ་ཁ་ཊཾ་གཡོན་ན་འཁྲིལ༔ ཕོད་ཁ་ཆོས་གོས་ཟ་འོག་བེར་ཕྱམ་ཅན༔ མཚན་དཔེས་རབ་བརྒྱན་འོད་ཀྱི་དཀྱིལ་འཁོར་མཛེས༔ མཉམ་ཉིད་བདེ་ཆེན་འཁྱིལ་བའི་སྐྱིལ་ཀྲུང་བཞུགས༔ འོད་ཀྱི་ལུས་ལ་ཡེ་ཤེས་སྙིང་པོ་ཅན༔ གསལ་སྟོང་ཐུགས་རྗེའི་འོད་ཟེར་ཀུན་ལ་སྙོམས༔ མཁའ་འགྲོ་འཇའ་སྤྲིན་རྣམ་མང་འཁྲིགས་པའི་དབུས༔ སྐུ་ཡི་སྤྲུལ་པས་ཞིང་ཁམས་ཡོངས་


CMR008_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁྱབ༔ ནམ་མཁའི་ལུས་ཅན་གར་ཡང་ཐོགས་པ་མེད༔ བདེ་གཤེགས་ཀུན་གྱི་བཀོད་པ་སྐུ་ལ་རྫོགས༔ ཀུན་ཀྱང་རྒྱལ་བའི་དཀྱིལ་འཁོར་ཟང་ཐལ་ལ༔ བགེགས་དང་བར་ཆད་ཞེས་བྱའི་མིང་ཡང་མེད༔ སྣང་སྟོང་སྒྱུ་མ་ཙམ་དུ་གསལ་བར་བསྐྱེད༔ དེ་ལྟར་དུ་གསལ་བའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ༔ དེ་ལས་འོད་ཟེར་འཕྲོས་པས་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་གཞལ་ཡས་ནས༔ ཨོ་རྒྱན་གྱི་གུ་རུ་པདྨ་འབྱུང་གནས་ལ་འཁོར་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་ཏིལ་གྱི་གོང་བུ་ཁ་བྱེ་བ་ལྟ་བུ་དཔག་ཏུ་མེད་པ་སྤྱན་དྲངས༔ ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལཿ་གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱ༔ཧཱུྃ༔ བཛྲ་གུ་རུ་པདྨ་


CMR008_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ སྔགས་ལན་གསུམ་བརྗོད༔ ཡེ་ཤེས་པ་དེ་བརྟན་པར་གྱུར་པའི་མོས་པ་མཛོད༔ ཏིཥྛ་བཛྲ༔ རྡོ་རྗེ་སྤྱི་བོར་བཞག་དེ་ཡན་དང་པོ་གཅིག་སོང་ནས་རྒྱུན་དུ་མི་དགོས༔ ད་ཚེའི་དབང་ཞུ་བའི་ཕྱིར་འདིའི་རྗེས་ཟློས་མཛོད༔ ཧྲཱིཿ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ འགྲོ་རྣམས་མ་ལུས་འདྲེན་པའི་དེད་དཔོན་མཆོག༔ ཨོ་རྒྱན་པདྨ་རིག་འཛིན་ཚེ་དཔག་མེད༔ བདག་གི་ལུས་ངག་ཡིད་གསུམ་བྱིན་རློབས་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ད་མོས་གུས་ཀྱིས་སྨོན་ལམ་འདེབས་པ་འདིའི་རྗེས་ཟློས་མཛོད༔ ནད་རིགས་བཞི་བརྒྱ་རྩ་བཞི་དང་༔ རྐྱེན་ངན་ཉི་ཁྲི་ཆིག་སྟོང་དང་༔ ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་དང་༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས༔ ཚེ་ཡི་བར་ཆད་མི་མཐུན་ཕྱོགས༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ ལན་གསུམ་མམ་གཅིག་བྱའོ༔ ད་བུམ་པ་འདི་ཕྱི་རིན་པོ་ཆེའི་བུམ་པ་ལ་ནང་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པའི་དབུས་སུ༔ པདྨ་དང་ཟླ་བའི་གདན་ལ༔ ཨོ་རྒྱན་པདྨ་རིག་འཛིན་ཚེ་དཔག་ཏུ་མེད་པ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པའི་


CMR008_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཡོན་བྷནྡྷའི་ནང་དུ་ཚེ་བུམ་འཛིན་པ༔ དེའི་དཔྲལ་བར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ༔ མགྲིན་པར་པདྨ་དམར་པོ་ཨཱས་མཚན་པ༔ ཐུགས་ཀར་རྡོ་རྗེ་སྔོན་པོ་ཧཱུཾ་གིས་མཚན་པ༔ ལྟེ་བར་རིན་པོ་ཆེ་སེར་པོ་སཱས་མཚན་པ༔ གསང་བར་སྣ་ཚོགས་རྡོ་རྗེ་ཧཱས་མཚན་པ༔ དེ་རྣམས་ལས་འོད་ཟེར་ཁ་དོག་སྣ་ཚོགས་ནམ་མཁའ་གང་བར་འཕྲོས༔་འཁོར་འདས་སྣོད་བཅུད་ཀྱི་ཚེ་དང་བསོད་ནམས་ཐམས་ཅད་བསྡུས་ཁྱད་པར་དུ་འོད་ཟེར་དཀར་པོ་ལྕགས་ཀྱུ་ལྟ་བུ་ཤར་ཕྱོགས་སུ་འཕྲོས་པས༔ ཤར་ཕྱོགས་དྲི་ཟའི་ལག་ཏུ་ཚེ་འཁྱམས་པ༔ ཡར་བ༔ བརྐུས་པ༔ འཕྲོག་པ་ཐམས་ཅད་འོད་ཀྱི་ཐིག་ལེ་དཀར་ལ་འཚེར་བ༔ སྣུམ་ལ་འདྲིལ་བ་ནི་ཡིག་ལྗང་གུས་མཚན་པ་དཔག་ཏུ་མེད་པ་བསྡུས་ཏེ༔ སྤྱི་བོ་ཚངས་པའི་བུ་ག་ནས་ལུས་ལ་སིབ་སིབ་ཐིམ༔ དེ་བཞིན་དུ་འོད་ཟེར་སེར་པོ་ཞགས་པ་ལྟ་བུ་ལྷོ་ཕྱོགས་སུ་འཕྲོས་པས༔ ལྷོ་ཕྱོགས་གཤིན་རྗེའི་ལག་ཏུ་ཚེ་འཁྱམས་པ༔ ཡར་བ༔ བརྐུས་པ༔ འཕྲོག་པ་ཐམས་ཅད་བསྡུས༔ འོད་ཟེར་དམར་པོ་ལྕགས་སྒྲོག་ལྟ་བུ་ནུབ་ཕྱོགས་སུ་འཕྲོས་པས༔ ནུབ་ཕྱོགས་ཀླུ་བདུད་ཀྱི་ལག་ཏུ་ཚེ་འཁྱམས་པ༔ ཡར་


CMR008_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

བ༔ བརྐུས་པ༔ འཕྲོག་པ་ཐམས་ཅད་བསྡུས༔ འོད་ཟེར་ལྗང་གུ་དྲིལ་བུའི་དབྱིབས་ཅན་བྱང་ཕྱོགས་སུ་འཕྲོས་པས༔ བྱང་ཕྱོགས་གནོད་སྦྱིན་གྱི་ལག་ཏུ་ཚེ་འཁྱམས་པ༔ ཡར་བ༔ བརྐུས་པ༔ འཕྲོག་པ་ཐམས་ཅད་བསྡུས༔ འོད་ཟེར་མཐིང་ག་སྟེང་ཕྱོགས་སུ་འཕྲོས་པས། ཚངས་པ་ལ་སོགས་གཟུགས་ཁམས་ཀྱི་ལྷ་དང་༔ སྟེང་ཕྱོགས་ལྷའི་བུའི་བདུད༔ གཟའ་རྒྱུ་སྐར་གྱི་ལག་ཏུ་ཚེ་འཁྱམས་པ༔ ཡར་བ༔ བརྐུས་པ༔ འཕྲོག་པ་ཐམས་ཅད་བསྡུས༔ ཡང་འོད་ཟེར་ཁ་དོག་སྣ་ཚོགས་འོག་ཕྱོགས་སུ་འཕྲོས་པས༔ དགའ་བོ་འཇོག་པོ་ལ་སོགས་ཀླུ་གཉན་ས་བདག་ཐམས་ཅད་ཀྱི་ལག་ཏུ་ཚེ་འཁྱམས་པ༔ ཡར་བ༔ བརྐུས་པ༔ འཕྲོག་པ་ཐམས་ཅད་འོད་ཀྱི་ཐིག་ལེ་དཀར་ལ་འཚེར་བ༔ སྣུམ་ལ་འདྲིལ་བ༔ རྗེ་ཡིག་ལྗང་གུས་མཚན་པ༔ དཔག་ཏུ་མེད་པ་བསྡུས་ཏེ། སྤྱི་བོ་ཚངས་པའི་བུ་ག་ནས་ལུས་ལ་སིབ་སིབ་ཐིམ་པས༔ བླ་ཚེ་སྲོག་དབུགས་ཉམས་པ་ཐམས་ཅད་སོར་ཆུད་དེ༔ འཆི་བ་མེད་པའི་ཚེ་དང་རྡོ་རྗེ་ལྟ་བུའི་སྲོག་ཐོབ་སྟེ༔ བཀྲག་མདངས་འོད་དུ་འབར་བར་སྒོམས་ཤིག༔ཧྲཱིཿཕྱི་ནི་བུམ་པ་ནང་ནི་བདུད་རྩིས་


CMR008_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

གང་༔ གསང་བའི་དོན་ནི་པདྨ་ཚེ་དཔག་མེད༔ གནས་ལྔར་ཕྱག་མཚན་ལྔ་དང་ཡིག་འབྲུ་ལ༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ ཧཱུྃ༔ ཤར་ཕྱོགས་དྲི་ཟའི་ལག་ནས་ལྕགས་ཀྱུས་ཁུག༔ ལྷོ་ཕྱོགས་གཤིན་རྗེའི་ལག་ནས་ཞགས་པས་ཁུག༔ ནུབ་ཕྱོགས་ཀླུ་གདོན་ལག་ནས་ལྕགས་སྒྲོག་ཁུག༔ བྱང་ཕྱོགས་གནོད་སྦྱིན་ལག་ནས་དྲིལ་བུས་ཁུག༔ སྟེང་ཕྱོགས་ཚངས་པ་བརྒྱ་བྱིན་ལག་ནས་ཁུག༔ འོག་ཕྱོགས་དགའ་བོ་འཇོག་པོའི་ལག་ནས་ཁུག༔ ཚེ་སྲོག་ཆད་པ་མཐུད་ལ་ཡརི་བ་ཁུག་གས་པ་སྦྱོར་ལ་ཉམས་པ་ཐམས་ཅད་གསོས༔ འོད་ཟེར་དཀར་ལ་འཚེར་ཞིང་སྣུམ་ལ་འདྲིལ༔ སྤྱི་བོའི་གཙུག་ནས་ལུས་ལ་སིབ་སིབ་ཐིམ༔ འོད་འབར་འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུཥ་ཧཱུྃ་ཧཱུྃ་ཛ༔ མདའ་དར་གཡུག་ཅིང་དམིགས་པ་དང་བཅས་པས་སྟབས་བསྒྱུར་ལ་གཡབ་བོ༔ འོ་དེས་ཚེ་ཡར་བ་འགུགས་པ་སོང་ནས༔ མདུན་བསྐྱེད་ཚེ་གཏོར་ལ་བརྟེན་ནས་དབང་བསྐུར་བའི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད༔ ཚེ་གཏོར་འདི་ཉིད་གུ་རུ་པདྨ་འོད་འབར་དུ་གསལ་བའི་ཐུགས་ཀའི་ཧྲཱིཿལ་ཚེའི་སྔགས་ཀྱི་གཡས་སུ་བསྐོར་བ་ལས་འོད་


CMR008_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་དཀར་སེར་དམར་ལྗང་དཔག་ཏུ་མེད་པ་ནམ་མཁའ་གང་བར་འཕྲོས་པས༔ ས་ཡི་བཅུད་ཐམས་ཅད་སེར་པོ་གསེར་ལྟ་བུ༔ ཆུ་ཡི་བཅུད་ཐམས་ཅད་དཀར་པོ་ཤེལ་ལྟ་བུ༔ མེ་ཡི་བཅུད་ཐམས་ཅད་དམར་པོ་པདྨ་རཱ་ག་ལྟ་བུ༔ རླུང་གི་བཅུད་ཐམས་ཅད་ལྗང་ཁུ་ཨིནྡྲ་ནི་ལ་ལྟ་བུ༔ ནམ་མཁའི་བཅུད་ཐམས་ཅད་སྔོན་པོ་བེཌུརྱ་ལྟ་བུ་བསྡུས༔ ཕྱག་གི་བུམ་པ་དང་བྷནྡྷར་ཞུགས༔ འཆི་བ་མེད་པ་ཚེའི་བདུད་རྩིར་གྱུར༔ ཚེ་གཏོར་སྤྱི་བོར་བཞག་པས་བྷནྡྷ་དང་བུམ་པ་ནས་བདུད་རྩིའི་རྒྱུན་བབ༔ སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས་པས༔ རྩ་དབུ་མའི་ནང་བརྒྱུད་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ༔ མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ༔ སྙིང་ག་ཆོས་ཀྱི་འཁོར་ལོ༔ ལྟེ་བ་སྤྲུལ་པའི་འཁོར་ལོ༔ གསང་གནས་བདེ་སྐྱོང་གི་འཁོར་ལོ༔ སྤྱི་གཙུག་མན་ཆད༔ རྐང་མཐིལ་ཡན་ཆད༔ འཆི་མེད་ཚེའི་བདུད་རྩིས་ལྟེམ་གྱིས་གང་ནས༔ ནད་གདོན་དང་ཚེ་ཡི་བར་ཆད་ཐམས་ཅད་འོག་སྒོ་དང་རྐང་མཐིལ་དང་༔ བ་སྤུའི་བུ་ག་ནས་ནག་ཉིལ་ཕྱིར་ཐོན༔ ཤ་དང་ཁྲག་དང་དྲོད་དང་དབུགས་དང་སེམས་ཀྱི་ཚེ་ཉམས་པ་ཐམས་ཅད་སོར་ཆུད་དེ༔ ས་ཡི་


CMR008_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་ཐམས་ཅད་རྫོགས་པས་ལུས་སྲ་ཞིང་བརྟན་པ་རྡོ་རྗེ་ཕ་ལམ་ལྟ་བུ༔ ཆུའི་ཡོན་ཏན་རྫོགས་པས་ལུས་སྣུམ་ཞིང་བག་དྲོ་བ་མར་སར་ཉི་མས་དྲོས་པ་ལྟ་བུ༔ མེའི་ཡོན་ཏན་རྫོགས་པས་ལུས་གསལ་ཞིང་བཀྲག་མདངས་དང་ལྡན་པ་སྤྲིན་མེད་པའི་ཉི་མ་ལྟ་བུ༔ རླུང་གི་ཡོན་ཏན་རྫོགས་པས་ལུས་ཡང་ཞིང་དཔའ་རྩལ་དང་ལྡན་པ་ནམ་མཁའ་ལྡིང་གི་རྒྱལ་པོ་ལྟ་བུ༔ སེམས་ཀྱི་ཡོན་ཏན་རྫོགས་པས་སེམས་ལ་ཟུག་རྔུ་མེད་པ་དགེ་སློང་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་པ་ལྟ་བུར་གྱུར་ཏེ༔ ཚེ་དང་བསོད་ནམས་ཐམས་ཅད་ཟླ་བ་ཡར་གྱི་ངོ་ལྟར་འཕེལ་ལུས་ཀྱི་སྟོབས་དང་རྩལ་དང་ཡོན་ཏན་ཐམས་ཅད་རྒྱས་ཏེ་འཆི་མེད་རྡོ་རྗེའི་ཚེ་ཐོབ་པའི་མོས་པ་མཛོད༔ ཧྲཱི༔ བུམ་པའི་ངོ་བོ་པདྨ་འོད་འབར་བཞུགས༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ ས་ཆུ་མེ་རླུང་བཅུད་རྣམས་རང་མདོག་གསལ༔ ཤ་ཁྲག་དྲོད་དབུགས་ཉམས་པ་སོར་ཆུད་ནས༔ སླར་ཡང་ཟླ་བ་ཡར་ངོ་ཇི་བཞིན་ཏུ༔ སྟོབས་རྩལ་ཡོན་ཏན་ཚེ་ཡི་དབང་ཐོབ་ཤོག༔ ཚེ་གཏོར་མགོར་བཞག་ལ༔ ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས།


CMR008_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ཉང་བན་ཏིང་འཛིན་བཟང་པོ། སྔགས་འཆང་ཧཱུྃ་ནག་མེ་འབར། ལས་ཅན་ཆོས་ཀྱི་བདག་པོ། རྩ་བ་ནོར་བུའི་བརྒྱན་པ། སྡོང་པོ་ཞྭ་དམར་ནག །ཡལ་ག་སེམས་དཔའ་མི་བརྒྱད། མེ་ཏོག་ལྟ་བུ་ལྔ། གྲུབ་ཐོབ་སུམ་ཅུ་རྩ་བརྒྱད། ཕྱིར་མི་ལྡོག་པའི་ས་ཐོབ་པ་བརྒྱ་དང་རྩ་བརྒྱད་ལ་སོགས་པ། རྩ་བ་དང་བརྒྱུད་པའི་བླ་མ་དམ་པ་རྣམས་དང་། ཁྱད་པར་དུ་དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་ལ་འཁོར་དཔའ་བོ་མཁའ་འགྲོ་རིག་འཛིན་བྱེ་བ་འབུམ་དང་བཅས་པ་ཐམས་ཅད་ཀྱིས་། རྡོ་རྗེའི་སློབ་མ་འདི་རྣམས་ལ། འཆི་བ་མེད་པ་ཚེ་ཡི་དབང་བསྐུར་བར་མཛད་དུ་གསོལ། ཚེ་མི་ཤིགས་པ་རྡོ་རྗེ་ལྟ་བུར་མཛོད་ཅིག །ཚེ་མི་འགྱུར་བ་གཡུང་དྲུང་ལྟར་མཛོད་ཅིག །ཚེ་མི་ནུབ་པ་རྒྱལ་མཚན་ལྟ་བུར་མཛོད་ཅིག །འཆི་བ་མེད་པ་ཚེ་ཡི་རིག་འཛིན་ཐོབ་པར་བྱིན་གྱིས་རློབས་ཤིག །ཅེས་སྔགས་ལན་གསུམ་བརྗོད། ད་བུམ་པ་ལ་བརྟེན་ནས་ཚེ་བསྲིང་བ་ནི། བུམ་པའི་དབུས་སུ་གུ་རུ་པདྨ་འོད་འབར་བཞུགས་པའི་སྐུ་ལས་འོད་ཟེར་ཁ་དོག་སྣ་ཚོགས་ནམ་མཁའ་གང་བར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་རབ་


CMR008_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

འབྱམས་རྣམས་དང་། རིགས་གསུམ་མགོན་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། འཇིག་རྟེན་ན་ཡང་མངའ་ཐང་བསོད་ནམས་ལོངས་སྤྱོད་ཅན། ཚངས་པ་དང་དབང་ཕྱུག་ལ་སོགས་ལྷ་ཚེ་རིང་པོ་རྣམས་དང་། སྟོབས་ཀྱི་རྒྱུ་དང་ནོར་རྒྱས་ལ་སོགས་ཀླུ་ཚེ་རིང་པོ་རྣམས་དང་། གསེར་གྱི་འཁོར་ལོས་སྒྱུར་བ་ལ་སོགས་མི་ཚེ་རིང་པོ་རྣམས་དང་། རྣམ་ཐོས་ཀྱི་བུ་ལ་སོགས་མངའ་ཐང་བསོད་ནམས་ལོངས་སྤྱོད་ཅན་རྣམས་ཀྱི་ཚེ་དང་བསོད་ནམས། ཟག་བཅས་འཇིག་རྟེན་ཚེ་དང་བསོད་ནམས། ཟག་མེད་འཕགས་པ་བཞིའི་སྐུ་དང་ཚེ་དང་བསོད་ནམས། མཁའ་འགྲོ་ཆོས་སྐྱོང་བ་རྣམས་ཀྱི་མཐུ་སྟོབས་ནུས་པ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་བུམ་པར་ཞུགས། འཆི་མེད་ཀྱི་བདུད་རྩིར་གྱུར༔ བུམ་པ་སྤྱི་བོར་བཞག་པའི་ཚེ་བུམ་པའི་ཁ་ནས་བདུད་རྩི་ལུད༔ སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས༔ ལུས་འཆི་མེད་ཚེའི་བདུད་རྩིས་ལྟེམ་གྱིས་གང་༔ ལྕགས་ལ་གསེར་འགྱུར་གྱི་རྩིས་རེག་པ་ལྟར་སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་ཐོབ་པར་སྒོམས་ཤིག༔ ཧཱུྃ༔ བུམ་པའི་བདུད་རྩི་པདྨ་འོད་འབར་ཞུ༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་


CMR008_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས༔ རྒྱལ་བ་རབ་འབྱམས་རིགས་གསུམ་མགོན་པོ་དང་༔ འཇིག་རྟེན་ལོངས་སྤྱོད་བསོད་ནམས་མངའ་ཐང་ཅན༔ ཟག་བཅས་ཟག་མེད་མཐུ་སྟོབས་ནུས་པ་ཀུན༔ དེང་འདིར་བུ་ལ་ཚེ་ཡི་དབང་ཐོབ་ཤོག༔ སྔགས་བཟླ་ཞིང་བུམ་ཆུ་སྦྱིན་ནོ༔ ཆུ་ཡི་ལྷག་མ་ཡར་ལུད་པ་ལས༔ འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར༔ ཚེ་རིལ་སྦྱིན་པ་ནི། ད་ཚེ་རིལ་ལ་བརྟེན་ནས་ཚེ་བསྲིང་བ་ནི༔ སྔོན་རྒྱལ་པོ་གཙུག་ལག་འཛིན་དང་༔ ཡངས་པ་ཅན་གྱི་བུ་མོ་སོགས་ཀྱིས་བྲམ་ཟེའི་ཤའི་རིལ་བུ་ཟོས་པས༔ འཇའ་ལུས་རྡོ་རྗེའི་སྐུ་ཐོབ་པ་ལྟར༔ རིལ་བུ་འདི་ཉིད་ཨོ་རྒྱན་ཚེ་དཔག་ཏུ་མེད་པ་སྐུ་ཆུང་ལ་ཡན་ལག་དོད་པ༔ ཁ་ཤར་གྱི་སྒོ་ནས་བྱོན༔ སྙིང་པདྨ་འདབ་བརྒྱད་ཀྱི་སྟེང་དུ་རྟག་ཏུ་བཞུགས་པར་སྒོམས་ཤིག༔ ཧཱུྃ༔ སྔོན་བྱོན་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ སྒྲུབ་རྫས་རིལ་བུ་འདི་ལ་བརྟེན་ནས་མཛད༔ གུ་རུའི་བྱིན་རླབས་རིལ་བུར་འདུ་འབྲལ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་ཟས་སུ་སྦྱིན༔ དམ་རྫས་མ་སྤང་བཅུད་ལེན་སྙིང་པོ་སྤྱོད༔ ཟ་ཐང་ལོངས་སྤྱོད་ཚེ་ཡི་དབང་ཐོབ་ཤོག༔ ཅེས་སྔགས་བཟླ་ཞིང་ཚེ་རིལ་སྦྱིན་ནོ༔ ད་ཚེ་ཆང་ལ་བརྟེན་ནས་ཚེ་བསྲིང་བ་ནི༔ སྔོན་


CMR008_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཆེན་བྱ་རི་ཀ་པ་དང་༔ ཨརྱ་དེ་ཝ་སོགས་ཀྱིས་ཚེ་ཆང་ལ་བརྟེན་ནས་འཆི་མེད་ཚེ་འགྲུབ་པ་ལྟར༔ ཨོ་རྒྱན་ཚེ་དཔག་མེད་འོད་དུ་ཞུ་བ་ལས་བྱུང་བའི་བདུད་རྩི་འདི་འཐུང་བས་འཆི་མེད་ཚེ་ཡི་དངོས་གྲུབ་དང་༔ ནད་མེད་བདེ་བའི་ལང་ཚོ་རྒྱས༔ རྒས་མེད་བཅུ་དྲུག་གི་ན་ཚོད་གཞོན་ཤ་དང་ལྡན་པར་སྒོམས་ཤིག༔ ཧཱུྃ༔ སྔོན་བྱོན་དྲང་སྲོང་རིག་འཛིན་ཐམས་ཅད་ཀྱིས༔ ཚེ་སྒྲུབ་བདུད་རྩི་འདི་ལ་བརྟེན་ནས་མཛད༔ རྒྱལ་བའི་བྱིན་རླབས་བདུད་རྩི་འདུ་འབྲལ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་སྐོམ་དུ་སྦྱིན༔ ཕྱི་ནང་བྱང་སེམས་ཁམས་རྣམས་འཕེལ་ཞིང་རྒྱས༔ བདེ་དྲོད་རང་འབར་ཚེ་ཡི་དབང་ཐོབ་ཤོག༔ སྔགས་བཟླ་ཞིང་ཚེ་ཆང་སྦྱིན་ནོ༔ དེ་ལྟར་ཚེ་དབང་བསྐུར་ནས་དེ་མི་ཉམས་ཤིང་བར་ཆད་མི་འཇུག་པའི་ཕྱིར༔ སྲུང་བའི་གོ་བསྒོ་བ་ནི༔ མདུན་བསྐྱེད་པདྨ་འོད་འབར་གྱི་སྐུ་ལས་སྣ་ཚོགས་རྡོ་རྗེ་ཕྲ་མོའི་ཆར་བབས་པས༔ ཁྱེད་རང་གི་ལུས་ལ་རྡོ་རྗེའི་གོ་ཁྲབ་ཞུ་ལུབས་སུ་གྱོན་ནས༔ འོད་འཁྱིལ་ལི་ལི་བྱེད་པར་སྒོམས་ཤིག༔ ཚེ་ནས་འཐོར་ཞིང་༔ ཨོཾ་བཛྲ་རཀྵ་རཀྟ་ཧཱུྃ༔ ཞེས་བརྗོད༔ དེ་ནས་ཚེ་ཡི་དབང་བསྐུར་བ་དེ་མི་ཉམས་བརྟན་པའི་ཕྱིར་རྒྱས་འདེབས་


CMR008_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི༔ ཁྱེད་རང་གི་དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པས་རྒྱས་གདབ༔ ལྗགས་སྟེང་དུ་ཨཱཿལས་པདྨ་དམར་པོ་ཨཱཿཡིག་གིས་མཚན་པས་རྒྱས་གདབ༔ སྙིང་གི་དབུས་སུ་ཧཱུཾ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་ཡིག་གིས་མཚན་པས་རྒྱས་གདབ༔ ལྟེ་བའི་རྩ་མདུད་དུ་སཱ་ལས་རིན་པོ་ཆེ་སེར་པོ་སྭཱ་ཡིག་གིས་མཚན་པས་རྒྱས་གདབ༔ གསང་གནས་སུ་ཧཱ་ལས་སྣ་ཚོགས་རྡོ་རྗེ་ཧཱཡིག་གིས་མཚན་པས་རྒྱས་གདབ༔ ཐུགས་ཀར་ཧཱུཾ་གི་ནང་དུ་སྲོག་མི་འགྱུར་བའི་ངོ་བོ་ཨ་དཀར་པོ་དེའི་ནང་དུ་སྲོག་གི་ས་བོན་གྱི་ངོ་བོ་ནི་ཡིག་ལྗང་གུ་བཀྲག་མདངས་འོད་དུ་འབར་བ༔ དེ་ལ་ཚེ་ཡི་བཅུད་ཐམས་ཅད་འདུས་ནས་ཚེ་འགྱུར་མེད་དུ་རྒྱས་གདབ་པར་སྒོམས་ཤིག༔ ཧཱུྃ༔ དང་པོ་ཆོས་ཀྱི་དབྱིངས་ཀྱི་རྒྱ༔ གཉིས་པ་ཐབས་དང་ཤེས་རབ་རྒྱ༔ གསུམ་པ་སྐུ་གསུང་ཐུགས་ཀྱི་རྒྱ༔ བཞི་པ་ཡེ་ཤེས་བཞི་ཡི་རྒྱ༔ ལྔ་པ་རིགས་ལྔའི་སངས་རྒྱས་རྒྱ༔ དྲུག་པ་བཅོམ་ལྡན་ཐུབ་དྲུག་རྒྱ༔ བདུན་པ་སངས་རྒྱས་རབ་བདུན་རྒྱ༔ ཕྱག་རྒྱ་བདུན་གྱིས་རྒྱས་གདབ་བོ༔ ཞེས་རྒྱས་གདབ༔ ཨེ་མ་ཧོ༔ ཤེས་བྱའི་དོན་ལ་མ་རྨོངས་པའི༔ བླ་མ་དམ་པའི་བཀྲ་ཤིས་ཤོག༔ གང་ལ་


CMR008_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་དེ་ཡིས་འགྲུབ༔ ཡི་དམ་ལྷ་ཡི་བཀྲ་ཤིས་ཤོག༔ སྐུ་གསུང་ཐུགས་ཀྱི་བྷ་ག་ལ༔ ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག༔ འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད༔ དུས་མིན་འཆི་བ་མ་ལུས་སྐྱོབས་མཛད་པ༔ མགོན་མེད་སྡུག་བསྔལ་བྲལ་བ་རྣམས་ཀྱི་སྐྱབས༔ སངས་རྒྱས་ཚེ་དཔག་མེད་ཀྱི་བཀྲ་ཤིས་ཤོག༔ ཅེས་བཀྲ་ཤིས་པའི་ཚིག་རེས་ཅི་རིགས་པར་བརྗོད་ལ་མེ་ཏོག་དོར་བས་མཐའ་བརྒྱན་པར་བྱའོ༔ འོ་དེས་གུ་རུ་པདྨ་འོད་འབར་གྱི་ཚེ་སྒྲུབ་ལྕགས་ཀྱི་རི་བོའི་དབང་རྒྱས་པར་ཐོབ་པ་ཡིན་པས་ཨུ་རྒྱན་ཚེ་དཔག་མེད་ཡི་དམ་གྱི་ལྷར་འཛིན་སྙམ་པས་རྗེས་ཟློས་མཛོད༔ གཙོ་བོས་ཇི་ལྟར་བཀའ་སྩལ་པ༔ དེ་དག་ཐམས་ཅད་བདག་གིས་བགྱི༔ དེང་ནས་བརྩམས་ཏེ་བདག་དྲན་དུ༔ ཁྱེད་ལ་བདག་ནི་འབུལ་ལགས་ན། ཁྱེད་ཀྱི་སློབ་མར་བཟུང་ནས་ཀྱང་༔ ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ༔ སྐུ་དྲིན་གསོ་བའི་ཕྱིར་གཏང་རག་མཎྜལ་འབུལ་བར་བྱ༔ ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ༔ རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི༔ སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས༔ འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག༔ དེ་ལྟར་ཚེ་སྒྲུབ་དུས་བདག་འཇུག་ལེན་ནམ༔ གཞན་ལ་དབང་བསྐུར་བ་


CMR008_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལ་དམིགས་པ་དེ་ལྟར་རོ༔ ཞེས་པ་འདི་འབྲུག་ལོ་མགོ་ཟླ་བའི་དམར་པོའི་ཚེས་གཅིག་ནུབ་མོ་སྣང་གསལ་སྒྲོན་མེའི་ངོགས༔ རཱ་ག་ཨ་སྱས་སྦྱར༔ དགེ་ཚོགས་མཁའ་ཁྱབ་སེམས་ཅན་གྱི་དོན་དུ་བསྔོ་བ་འདི་ཡང་ཁྱབ་གཅིག་ཏུ་གནང་བར་ཞུ༔ བསོད་ནམས་འདི་ཡིས་སོགས་ཡི་གེ་པ་དང་ཞུ་བ་པོ་ཀརྨ་བིརྱ་སཱ་ག་རས་སོ༔ སརྦ་མངྒ་ལཾ། བརྒྱུད་འཛིན་རྣམས་འཆི་མེད་ཚེའི་རིག་འཛིན་ཐོབ་པར་གྱུར་ཅིག། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས་ཚེ་སྒྲུབ་ལྕགས་ཀྱི་རི་བོའི་དབང་ཟིན་བྲིས།


CMR008_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས་ཚེ་སྒྲུབ་ལྕགས་ཀྱི་རི་བོའི་དབང་ཟིན་བྲིས་བཞུགས་སོ། །པདྨ་འོད་འབར་གྱི་ཚེ་དབང་བསྐུར་ཐབས་ཟིན་བྲིས་གསལ་བ་བཞུགས་ཡོད།


CMR008_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་འོད་འབར་ཚེ་སྒྲུབ་ཀྱི། །དབང་གི་ཟིན་བྲིས་ཡིག་ཆུང་ནི། །གཞིའི་སྟེང་པདྨ་འདབ་བརྒྱད་སྟེང་། །ཚེ་བུམ་ཚེ་གཏོར་ཚེ་རིལ་དང་། །ཚེ་ཆང་ཚེ་ནས་ཚེ་མདའ་བཤམས། །ཚོགས་རྫས་མཆོད་གཏོར་སྤྱི་ལྟར་བྱ། །ལས་བྱང་བཟླས་པའི་བར་དུ་བཏང་། །བདག་མདུན་བུམ་གསུམ་དབང་རྫས་རྣམས། །སོ་སོར་འོད་འབར་བསྐྱེད་བསྟིམ་བྱ། །ཨོ་ཨཱཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུཾ་ནི་ཛ༔ ཚེ་སྒྲུབ་སྔགས་དེ་ཅི་ནུས་བཟླས། །བསྙེན་པ་བྱ་ཚུལ་གཞན་དུ་གསལ། །རྒྱས་པར་དབང་འདི་རང་གིས་བླངས། །བསྡུ་ན་ཏིང་འཛིན་དབང་བཞི་ལེན། །སློབ་མ་ཁྲུས་བྱས་མེ་ཏོག་བཀྱེ། །སྔོན་འགྲོ་བགེགས་གཏོར་བཤམས་བྲན་ལ། ཨོཾ་ཨཱཿཧཱུྃ། བགེགས་དང་ལོག་འདྲེན་ལན་ཆགས་འབྱུང་པོའི་


CMR008_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་། །བགེགས་འདུལ་ཁྲོ་རྒྱལ་འབར་བའི་བཀའ་བྱུང་གིས། །གླུད་གཏོར་ཁྱེར་ལ་རང་རང་གནས་སུ་དེངས། །བཀའ་ལས་འདས་ན་བརླག་པར་གདོན་མི་ཟ། །རོལ་མོ་དང་བཅས་གཏོར་མ་ཕྱིར་དོར་ལ། ཨོཾ་སརྦ་བིགྷཱན་ཨུ་ཙ་ཏ་ཡ་ཕཊ༔ ཧཱུྃ༔ བདག་ཉིད་འགྱུར་མེད་སོགས་ཨོཾ་བཛྲ་རཀྟ་ཛྭ་ལ་རཾ༔་རོལ་མོ་བྱ། དེ་ནས་ལོ་རྒྱུས་ནི༔ འོ་ན་ད་ལམ་ཁྱེད་རྣམས་ལ་བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས་ཚེ་སྒྲུབ་ལྕགས་ཀྱི་རི་བོའི་དབང་ཟབ་མོ་བསྐུར་བ་ཡིན་ལ༔ དེའི་ཐོག་མར་ལོ་རྒྱུས་ཅུང་ཟད་ཅིག་ཞུ་བ་ནི༔ སངས་རྒྱས་ཚེ་དཔག་མེད་ཉིད་ཀྱི་སྤྲུལ་


CMR008_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཨོ་རྒྱན་རིན་པོ་ཆེ་དེ་ཉིད་ཀྱིས་རི་བོ་པོ་ཊ་ལའི་ལྷོ་ནུབ་རིགས་གསུམ་མགོན་པོའི་ཕོ་བྲང་ཤེལ་གྱི་བྲག་ཕུག་དུས་བཟང་རྣམས་སུ༔ འཇའ་ཡི་གུར་དང་༔ མེ་ཏོག་གི་ཆར་འབེབས་པའི་གནས་སུ༔ འཆི་མེད་ཚེ་ཡི་རིག་འཛིན་བསྒྲུབས་པས༔ མགོན་པོ་ཚེ་དཔག་མེད་དངོས་སུ་བྱོན་ནས༔ ཚེ་ཡི་རྒྱུད་དང་སྒྲུབ་ཐབས་བྱེ་བ་ཕྲག་གཅིག་གནང་ནས་འཆི་མེད་ཚེའི་དངོས་གྲུབ་ཐོབ༔ སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་འགྲུབ་སྟེ༔ དུས་རྟག་ཏུ་ལོ་བཅུ་དྲུག་གི་ན་ཚོད་དུ་བཞུགས་པས༔ མཚན་ཨོ་རྒྱན་ཚེ་དཔག་མེད་ཅེས་བྱ་བ་ཡིན་ནོ༔་རིག་འཛིན་ཆེན་པོ་དེ་ཉིད་ཀྱིས་ཚེ་སྒྲུབ་ཀྱི་སྐོར་རྣམས་ཟ་ཧོར་ཡུལ་གྱི་རྒྱལ་པོ་གཙུག་ལག་འཛིན་གྱི་སྲས་མོ་ལྷ་ལྕམ་མནྡྷ་ར་བ་ལ་གནང་ནས༔ འཆི་མེད་ཚེ་ཡི་རིག་འཛིན་ཐོབ་སྟེ༔ ལོ་ལྔ་བརྒྱ་ལོན་དུས་ཡང་ལོ་བཅུ་དྲུག་གི་ན་ཚོད་དུ་བཞུགས་ཏེ༔ སྐྱེ་ཤི་བསྒྲེས་རྒུད་མི་མངའ་སྟེ༔ མཚན་ཡང་མ་གཅིག་གྲུབ་པའི་རྒྱལ་མོ་ཟེར་བ་ཡིན་ཏེ༔་ད་ལྟ་ཡང་ཀེའུ་རི་མཁའ་འགྲོ་འདུ་བའི་གནས༔ ཨོ་རྒྱན་གསང་བའི་བྲག་ཕུག་ན་དངོས་སུ་བཞུགས་སོ༔ དེ་ཡང་ཨོ་རྒྱན་རིན་པོ་ཆེ་བོད་དུ་བྱོན་ནས་གནུབས་ནམ་མཁའི་སྙིང་པོ་དང་༔ མཁའ་འགྲོ་ཤེལ་


CMR008_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་རྡོ་རྗེ་མཚོ་སོགས་ལ་ཚེ་སྒྲུབ་རྣམས་གནང་བས་ཚོའི་རིག་འཛིན་ཐོབ་གནུབས་སངས་རྒྱས་ཡེ་ཤེས་ལ་གནང་བས་ཚེ་ལོ་བརྒྱ་དང་ལྔ་བཅུ་ཐུབ༔ ཇོ་མོ་མཁར་ཆེན་བཟའ་ལ་ཚེ་སྒྲུབ་གནང་བས། ཚེ་ལོ་གཉིས་བརྒྱ་དང་བཅུ་གཉིས་ཐུབ་པར་གྲགས༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་ཚེ་དབང་བསྐུར་ཚེ་ཆུ་འདྲེན་ནས་ཚེ་ལོ་ལྔ་བརྒྱ་ཐུབ་པ་ཞིག་བྱེད་དགོངས་པ་ལ༔ བདུད་བློན་དབང་ཆེན་རྣམས་ཀྱིས་དབྱེན་བྱས་ནས་རྒྱལ་པོ་ཐེ་ཚོམ་སྐྱེས་ནས༔ དབང་མ་ཞུས་པས་རྟེན་འབྲེལ་འཆུག་སྟེ༔ ཨོ་རྒྱན་རིན་པོ་ཆེས་ཚེ་ཆུ་རྣམས་གཏེར་དུ་སྦས༔ སླར་ཡང་རྒྱལ་པོ་འགྱོད་པ་སྐྱེས་ནས་ཚེ་དབང་ཞུས་པས༔ རྒྱལ་པོ་ཚེ་ཟད་པ་ལས་ཚེ་ལོ་བཅུ་གཉིས་བསྲིང་༔ དེ་ནས་བོད་ཀྱི་གཏེར་གནས་ཐམས་ཅད་དུ་མ་འོངས་པའི་དོན་ལ་དགོངས་ནས༔ ཚེ་རིལ་དང་ཚེ་ཆུ་མང་པོ་གཏེར་དུ་སྦས༔ ཉི་ཟླ་གཟའ་སྐར་འཆར་སྔ་ཞིང་ཐལ་འཕྱི་བའི་ས་བསམ་ཡས་མཆིམས་ཕུ་དང་༔ སྒྲུབ་གནས་གཡའ་མ་ལུང་དང་༔ འབྲས་མོ་གཤོང་དང་༔ པདྨ་བཀོད་དང་༔ ཟམ་བུ་ལུང་སོགས་ཆེའི་སྒྲུབ་གནས་སུ་བྱིན་གྱིས་བརླབས༔ རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་འཁོར་ལོ་སོགས་འདྲ་བའི་


CMR008_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

བྲག༔ ཡར་ལུང་ཤེལ་བྲག༔ ཡང་རྫོང་ཤེལ་བྲག༔ མཁར་ཆུ་དཔལ་གྱི་ཕུག་རིང་༔ རྒྱ་གར་མཱ་ར་ཏི་ཀའི་བྲག་ཕུག་ལ་སོགས་པའི་སྒྲུབ་ཕུག་མང་པོར་བྱིན་གྱིས་བརླབས༔ རི་བོ་ལྷུན་ཆགས་པ་ཙཱ་རི༔ ཇོ་མོ་ཁ་རག༔ ཤམ་པོ་ལ་སོགས་ཚེ་ཡི་སྒྲུབ་གནས་སུ་བྱིན་གྱིས་བརླབས༔ གངས་རི་འགྱུར་མེད་༔ ཏི་སེ་གངས་རི༔ ཀམ་པོ་གངས་རི༔ ལ་ཕྱི་གངས་རི༔ རོང་བཙན་ཁ་བ་དཀར་པོ་ལ་སོགས་པ་བོད་ཀྱི་གངས་རི་ཐམས་ཅད་ཀྱང་ཚེ་ཡི་སྒྲུབ་གནས་སུ་བྱིན་གྱིས་བརླབས༔ གཡུ་མཚོ་གཏན་འཁྱིལ་ཏེ༔ ཙཱ་རི་གཡུ་མཚོ༔ མ་ཕམ་གཡུ་མཚོ༔ རྨ་རྐུང་ལུང་གི་གཡུ་མཚོ༔ ལ་སོགས་པ་ཚེ་ཡི་སྒྲུབ་ཆུར་བྱིན་གྱིས་རླབས་ཏེ༔ ཚེ་བསྲིང་བའི་ཐབས་ཀྱང་བདག་བསྐྱེད་ལ་བརྟེན་ནས་ཚེ་བསྲིང་ཐབས༔ མདུན་བསྐྱེད་ལ་བརྟེན་ནས་ཚེ་བསྲིང་ཐབས༔ བུམ་པ་ལ་བརྟེན་ནས་ཚེ་བསྲིང་ཐབས༔ ཚེ་གཏོར་ལ་བརྟེན་ནས་ཚེ་བསྲིང་ཐབས༔ ཚེ་རིལ་ལ་བརྟེན་ནས་ཚེ་བསྲིང་ཐབས༔ ཚེ་ཆང་ལ་བརྟེན་ནས་ཚེ་བསྲིང་ཐབས༔ དུ་མ་ཞིག་མཛད་དེ༔ དེ་འདྲ་རེ་རེ་ལ་ཡང་ཕན་ཡོན་དཔག་ཏུ་མེད་པ་ཡོད་ཅིང་༔ དེ་ཐམས་ཅད་ད་རེས་ཀྱི་ཚེ་དབང་འདི་ལ་


CMR008_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་བས༔ རང་ལུས་ལྕགས་མཁར་དུ་ཚུད་ཅིང་ལྕགས་སྲོག་སྒྲུབ་པ་ལྟ་བུ་ཡིན་ཏེ༔ དོན་དེ་རྣམས་ལ་དགོངས་ནས་ཚེ་དབང་འདི་ཡི་མཇུག་གི་ཡིག་ཆུང་ལས༔ ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ཚེ་སྒྲུབ་ལྕགས་ཀྱི་རི་བོ་ཞེས་བྱ་བ༔ ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ཀྱིས༔ ཤར་ཕྱོགས་མཱ་ར་ཏི་ཀའི་བྲག་ཕུག་ཏུ༔ མགོན་པོ་ཚེ་དཔག་མེད་ལ༔ ཚེ་ཡི་སྒྲུབ་ཐབས་བྱེ་བ་འབུམ་ཕྲག་ཞུས་པ་ལ་བརྟེན་ནས༔ ཁ་བ་ཅན་དུ་ཚེ་སྒྲུབ་ལྔ་བརྒྱ་རྩ་གཅིག་སྦས་པའི་ནང་ནས༔ འདི་སྙིང་པོ་ལྟ་བུ་ཡིན་ནོ༔་སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ དེ་ལྟར་བདག་མདུན་བུམ་པ་གཏོར་མ་དང་༔ ཚེ་རིལ་ཆང་ངམ་ཉི་ཟླ་གཟའ་སྐར་དང་༔ རྡོ་རྗེ་བྲག་གི་རི་བོ་ལྷུན་ཆགས་དང་༔ གངས་རི་འགྱུར་མེད་གཡུ་མཚོ་གཏན་འཁྱིལ་དང་༔ དེ་སོགས་གང་ལ་བརྟེན་ནས་སྒྲུབ་ཀྱང་རུང་༔ རེ་རེའི་ཕན་ཡོན་བརྗོད་པར་མི་ནུས་ཏེ༔ ཀུན་དྲིལ་རང་ལུས་ལྕགས་ཀྱི་ཕོ་བྲང་ཆེ༔ ཞེས་གསུངས་སོ༔ དེ་ཡང་ཨོ་རྒྱན་རིན་པོ་ཆེས་དུས་དེང་སང་ལུང་བསྟན་པའི་སྐབས་སུ༔ ཚེ་ལོ་བཞི་བཅུ་ཁ་རལ་སུམ་ཅུ་ལ་ཉེ་བའི་དུས་ཡན་པར་གསུངས་ཤིང་།


CMR008_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ནང་ནས་ཀྱང་སྐྱེས་པ་རྣམས་ཚེ་ཐུང་བར་ལུང་བསྟན་ཏེ༔ སྐྱེས་པ་རྣམས་ཚེ་ཐུང་བས་མོ་རིགས་མའི་ཁྱུ་ཆེ༔ ཞེས་དང་༔ རྟ་ཕག་གསང་བའི་ལུང་བསྟན་ནས༔ ཟབ་ཆོས་འདིའི་དུས་མཚུངས་འགྲོ་དོན་ནི༔ བཞི་བཅུ་ཁ་རལ་ཡང་མཐའི་དུས་དང་མཉམ༔ ཞེས་དང་༔ བསོད་ནམས་སྙིགས་མ་འཁྲུག་རྩོད་མང་༔ དུས་ཀྱི་སྙིགས་མ་ལོ་ཉེས་མང་ཚེ་ཡི་སྙིགས་མ་དུས་མིན་འཆི༔ ཞེས་དང་༔ མཐའ་མི་དབུས་འཇོམས་རིམ་གྱིས་དེད༔ ཧོར་སོགས་དམག་སྐད་ཇེ་ཆེར་དྲག༔ ལོ་རེ་བཞིན་དུ་འུར་སྐད་ལྡིར༔ མུ་སྟེགས་བདུད་དམག་ཡང་ཡང་བྱེད༔ མི་ནད་ནོར་ནད་ཆུ་ལྟར་ཁོལ༔ བདེ་བའི་གོ་སྐབས་ཡུད་ཙམ་མེད༔ ཅེས་དང་༔ ཕྱག་དང་ཞེ་ས་དམག་ལ་བྱེད༔ བློ་གཏད་ཧོར་གྱི་དམག་ལ་འཇུག༔ རང་ནོར་གཞན་གྱིས་ཧབ་ཐོབ་བྱེད༔ ཅེས་སོགས། ལུང་བསྟན་རྒྱས་པར་གསུངས་ནས༔ དུས་དེའི་དུས་སུ༔ ལྷ་གཞན་གྱི་ཐུགས་རྗེ་རྡུགས༔ ཆོས་གཞན་གྱི་བྱིན་རླབས་ཡལ༔ སངས་རྒྱས་ཀྱི་བསྟན་པ་ནི་འགྲིབ་མཁའ་འགྲོ་ཆོས་སྐྱོང་རི་རབ་ལ་ཞལ་ཕར་གཟིགས༔ བདུད་དང་ལྷ་སྲིན་སྡེ་བརྒྱད་ཁ་འཕྱུར་བའི་དུས་འདིར༔ ཨོ་རྒྱན་


CMR008_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་ཐུགས་རྗེ་ཆེ༔ གཏེར་ཆོས་ཟབ་མོ་འདི་རྣམས་བྱིན་རླབས་ཆེ་བར་ཡིན་ཏེ༔ ལུང་བསྟན་ལས༔ དེ་འདྲའི་དུས་ཀྱི་ཐ་མ་ལ༔ ཟབ་ཆོས་འདི་སྤྱོད་ངོ་མཚར་ཆེ༔ དབང་ལུང་ཐོབ་པ་ཙམ་གྱིས་ཀྱང་༔ ཕལ་ཆེར་རང་བཞིན་གྲོལ་བར་འགྱུར༔ ཞེས་གསུངས་སོ༔ ཚེ་འདི་ཡི་འགྲོ་དོན་འབྱུང་ལུགས་ལུང་བསྟན་ཡང་༔ ཆོས་བདག་གི་རྩ་བ་པཎ་ཆེན་བི་མ་ལའི་མི་ཏྲའི་སྤྲུལ་པ༔ དྭགས་པོ་ནོར་བུ་བརྒྱན་པ་དུང་དཀར་རས་ཆེན༔ ཆོས་བདག་སྡོང་པོ་ལྟ་བུའི་ཞྭ་དམར་ནག་གཉིས༔ ཡལ་ག་ལྟ་བུའི་ཆོས་བདག་བརྒྱད༔ མེ་ཏོག་ལྟ་བུའི་ཆོས་བདག་ལས་ཅན་ལྔ༔ འབྲས་བུ་ལྟ་བུའི་ལྔ་རྣམས་འབྱུང་སྟེ༔ ལུང་བསྟན་འོད་ཀྱི་མེ་ལོང་ལས༔ ཆོས་བདག་ནོར་མེད་མཁའ་འགྲོའི་ལུང་བསྟན་འགྱུར༔ རྩ་བ་གཅིག་ལ་སྡོང་པོ་གཉིས་ཡལ་ག་བརྒྱད༔ མེ་ཏོག་འབྲས་བུ་ལྔ་ལྡན་རྒྱས་པར་འགྱུར༔ ཞེས་སོགས་རྒྱས་པར་ལུང་བསྟན་ཏོ༔ དེ་ལས་བརྒྱུད་ནས་འགྲོ་དོན་འབྱུང་ཚུལ་ཡང་༔ ལུང་འཛིན་སྐྱེས་བུ་རྣམས་ཀྱིས་མང་དུ་འཕེལ༔ ཚེ་གཅིག་གྲུབ་ཐོབ་སུམ་ཅུ་རྩ་བརྒྱད་འབྱུང་༔ ཕྱིར་མི་ལྡོག་པ་བརྒྱད་དང་རྩ་བརྒྱད་འབྱུང་༔ ལམ་སྣ་


CMR008_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་པ་སྟོང་དང་ཁྲི་ཕྲག་ལ༔ འབྲེལ་ཐོགས་བྱེ་བ་གསུམ་དང་འབུམ་ཕྲག་འབྱུང་༔ དེ་ནས་མ་གཅིག་ལྗཀི་སེང་ཧ་ཡིས༔ བོད་ཡུལ་འདི་ན་ཆོས་འདིའི་དཔེ་མི་བཞག༔ ཨོ་རྒྱན་མཁའ་འགྲོའི་གླིང་དུ་གདན་འདྲེན་ནོ༔ ཞེས་གསུངས་སོ༔ དེས་ན་དེང་སང་ཚེ་ལོ་སུམ་ཅུ་ཁ་རལ་གྱི་དུས༔ ཚེ་ཤིན་ཏུ་ཐུང་བའི་དུས་འདིར༔ ཚེ་སྒྲུབ་ལྕགས་ཀྱི་རི་བོའི་དབང་འདི་ཐོབ་ན༔ ཚེའི་བར་ཆད་ཐམས་ཅད་སེལ་བར་གསུངས་ཏེ༔ ཚེ་དབང་འདི་ཡི་མཇུག་གི་ཡིག་ཆུང་ལས་ཨེ་མ་ཧོ༔ དེ་ལྟར་སྒྲུབ་པའི་ཕན་ཡོན་ནི༔ རྐྱེན་ངན་བར་ཆད་ཐམས་ཅད་བཟློག༔ ཚེ་དུས་ཟད་པའི་མི་ཡིན་ཀྱང་༔ ཚངས་པའི་ཚེ་དང་མཉམ་པར་འགྱུར༔ འཆི་བ་རྣམ་པ་བརྒྱད་མི་འབྱུང་༔ ལས་འཕྲོ་ལྡན་པར་ཉི་ཟླའི་ཚེ༔ རྡོ་རྗེ་གཡུང་དྲུང་ལྟ་བུ་ཡི༔ ཚེ་ཡི་རིག་འཛིན་ཨེ་མ་ཧོ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཅེས་གསུངས༔ ཉང་བན་ཞུས་ལེན་མཇུག་ནས་ཀྱང་༔ ཚེ་དང་བསོད་ནམས་ལ་སོགས་འབྱོར་པ་དྲུག་ཏུ་འགྱུར༔ ཞེས་དང་༔ ཚེ་ཟད་པ་དང་ཉམས་པ་ཡང་གསོ་ནུས༔ ཞེས་སོགས་རྒྱ་ཆེར་གསུངས་སོ༔ དེ་ལྟ་བུའི་བྱིན་རླབས་དང་ལྡན་པའི་ཚེ་དབང་ཟབ་


CMR008_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཞུ་བའི་ཐོག་མར་མཎྜལ་ཕུལ༔ ས་གཞི་སྤོས་སོགས། དེ་ལྟ་བུའི་དབང་ཟབ་མོ་ཞུ་བའི་དོན་དུ་གསོལ་བ་གདབ་པས༔ དེ་མདུན་གྱི་དབང་རྫས་རྣམས་གུ་རུ་པདྨ་འོད་འབར་དུ་གསལ་བའི་དྲུང་དུ་སྐྱབས་འགྲོ་སེམས་བསྐྱེད་ཞུ་སྙམ་པས་འདིའི་རྗེས་ཟློས་མཛོད༔ ཨོཾ་ཨཱཿཧཱུྃ༔ སྐྱབས་གནས་དམ་པ་རྣམས་ལ་སྐྱབས་སུ་མཆི༔་རྒྱུད་དྲུག་འཁོར་བར་འཁྱམས་པའི་ཕ་མ་རྣམས༔ བཟོད་མེད་གདུང་བས་སངས་རྒྱས་ཐོབ་བྱའི་ཕྱིར༔ ཀུན་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ གསུམ་མམ་གཅིག༔ ད་དབང་ཞུ་བའི་ཕྱིར་འདིའི་རྗེས་ཟློས༔ ཨེ་མ་ཧོ༔ དཀོན་མཆོག་སྤྱི་འདུས་བླ་མ་ནི༔ རིགས་རྣམས་ཀུན་བདག་ཆེ་བའི་མཆོག༔ དཔའ་བོ་ཆེན་པོས་རྗེས་སུ་བཟུང་༔ དབང་གི་སྨིན་གྲོལ་དངོས་གྲུབ་སྩོལ༔ གསུམ། དེ་ལྟར་གསོལ་བ་བཏབ་པས་གུ་རུ་པདྨ་འོད་འབར་གྱིས་བཀའ་ཡི་གནང་བ་འདི་ལྟར་བྱིན་པའི་མོས་པ་མཛོད༔ དེ་ལྟར་ཡིན་ན་ཧེ་རུ་ཀའི༔ དཀྱིལ་འཁོར་གཞུག་ཅིང་སྨིན་པར་བྱའོ༔ བླ་མེད་ཡང་གསང་བྱིན་རླབས་འདི༔ གནས་ཁང་འདི་ཡི་ཕྱི་རོལ་དུ༔ དམ་མེད་རྣམས་ལ་སྨྲ་མི་རུང་༔ དེ་ཕྱིར་སྙིང་ནས་བྲོ་བོར་ཅིག༔ དེང་


CMR008_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་ཆད་དམ་ཚིག་ཚུལ་བཞིན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས༔ ཨོཾ་བཛྲ་རཀྵ་སི་ཧཱུྃ༔ ས་མ་ཡ༔ ཨི་དན་ཏེ་ན་ར་ཀན༔ དེ་ནས་ལས་བུམ་གྱི་ཆུས་སློབ་མ་བྲན་ལ༔ ད་ཁྱེད་རང་རྣམས་གུ་རུ་པདྨ་འོད་འབར་གྱི་སྐུ་འདི་ལྟར་སྒོམས་ཤིག༔ ཧཱུྃ༔ སློབ་མའི་ངོ་བོ་པདྨ་འོད་འབར་སྐུ༔ དཀར་གསལ་མདངས་ལྡན་མཛེས་འཛུམ་རྒྱན་གྱིས་སྤྲས༔ རྡོ་རྗེ་ཐོད་པ་ཚེ་བུམ་རིན་ཆེན་བརྒྱན༔ པད་ཞྭ་རྒོད་ལྡེམ་ཁ་ཊཾ་གཡོན་ན་འཁྲིལ༔ ཕོད་ཁ་ཆོས་གོས་ཟ་འོག་བེར་ཕྱམ་ཅན༔ མཚན་དཔེས་རབ་བརྒྱན་འོད་ཀྱི་དཀྱིལ་འཁོར་མཛེས༔ མཉམ་ཉིད་བདེ་ཆེན་འཁྱིལ་པའི་སྐྱིལ་ཀྲུང་བཞུགས༔ འོད་ཀྱི་ལུས་ལ་ཡེ་ཤེས་སྙིང་པོ་ཅན༔་གསལ་སྟོང་ཐུགས་རྗེས་འོད་ཟེར་ཀུན་ལ་སྙོམས༔ མཁའ་འགྲོ་འཇའ་སྤྲིན་རྣམ་མང་འཁྲིགས་པའི་དབུས༔ སྐུ་ཡི་སྤྲུལ་པས་ཞིང་ཁམས་ཡོངས་ལ་ཁྱབ༔ ནམ་མཁའི་ལུས་ཅན་གར་ཡང་ཐོགས་པ་མེད༔ བདེ་གཤེགས་ཀུན་གྱི་བཀོད་པ་སྐུ་ལ་རྫོགས༔ ཀུན་ཀྱང་རྒྱལ་བའི་དཀྱིལ་འཁོར་ཟང་ཐལ་ལ༔ བགེགས་དང་བར་ཆད་ཞེས་བྱའི་མིང་ཡང་མེད༔ སྣང་སྟོང་སྒྱུ་མ་ཙམ་དུ་གསལ་བར་བསྐྱེད༔ དེ་ལྟར་དུ་གསལ་བའི་སྤྱི་བོར་ཨོཾ༔


CMR008_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་གཞལ་ཡས་ནས༔ ཨོ་རྒྱན་གྱི་གུ་རུ་པདྨ་འབྱུང་གནས་ལ་འཁོར་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་ཏིལ་གྱི་གང་བུ་ཁ་བྱེ་བ་ལྟ་བུ་དཔག་ཏུ་མེད་པ་སྤྱན་དྲངས༔ སློབ་མ་ལ་སིབ་སིབ་ཐིམ་པར་གྱུར་པར་སྒོམས༔ ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོངས་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་ཐོད་ཕྲེལ་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ བར་སྔགས་ལན་གསུམ་བརྗོད༔ སྤོས་དང་རོལ་མོ་བྱ༔ ཡེ་ཤེས་པ་དེ་བརྟན་པར་གྱུར་པའི་མོས་པ་མཛོད་ཅིག༔ ཏིཥྛ་བཛྲ༔ རྡོ་རྗེ་སྤྱི་བོར་བཞག་འདིའི་དབང་མང་དུ་བསྐུར་ན་དེ་ཡན་དང་པོ་གཅིག་


CMR008_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས་རྒྱུན་དུ་མི་དགོས༔ ད་ཚེ་དབང་ཞུ་བའི་ཕྱིར་འདིའི་རྗེས་ཟློས༔ ཧྲཱི༔ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ འགྲོ་རྣམས་མ་ལུས་འདྲེན་པའི་དེད་དཔོན་མཆོག༔ ཨོ་རྒྱན་པདྨ་རིག་འཛིན་ཚེ་དཔག་མེད༔ བདག་གི་ལུས་ངག་ཡིད་གསུམ་བྱིན་རློབས་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ལན་གསུམ་མམ་གཅིག༔ དེ་ནས་སྨོན་ལམ་འདིའི་རྗེས་ཟློས་མཛོད༔ ནད་རིགས་བཞི་བརྒྱ་རྩ་བཞི་དང་༔ རྐྱེན་ངན་ཉི་ཁྲི་ཆིག་སྟོང་དང་༔ ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་དང༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས༔ ཚེ་ཡི་བར་ཆད་མི་མཐུན་ཕྱོགས༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ ལན་གཅིག་གམ་གསུམ་བྱའོ༔ ད་བུམ་པ་འདི་ཉིད་ཕྱི་རིན་པོ་ཆེའི་བུམ་པ་ལ་ནང་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པའི་དབུས་སུ༔ པདྨ་དང་ཟླ་བའི་གདན་ལ་ཨོ་རྒྱན་པདྨ་རིག་འཛིན་ཚེ་དཔག་ཏུ་མེད་པ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པའི་ཕྱག་གཡོན་བྷནྡྷའི་ནང་དུ་ཚེའི་བདུད་རྩིས་གང་བའི་བུམ་པ་འཛིན་པ་དེའི་དཔྲལ་བར་ཨོ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ༔ མགྲིན་པར་ཨཱཡིག་ལས་པདྨ་དམར་པོ་ཨཱས་མཚན་པ༔ ཐུགས་


CMR008_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ༔ ལྟེ་བར་ཧཱུཾ་ལས་རིན་པོ་ཆེ་སེར་པོ་སཱུས་མཚན་པ༔ གསང་བར་ཧཱ་ལས་སྣ་ཚོགས་རྡོ་རྗེ་ཧཱས་མཚན་པ་དེ་རྣམས་ལས་འོད་ཟེར་ཁ་དོག་སྣ་ཚོགས་པ་ནམ་མཁའ་གང་བར་འཕྲོས༔ འཁོར་འདས་སྣོད་བཅུད་ཀྱི་ཚེ་དང་བསོད་ནམས་ཐམས་ཅད་བསྡུས་ཁྱད་པར་དུ་འོད་ཟེར་དཀར་པོ་ལྕགས་ཀྱུ་ལྟ་བུ་ཤར་ཕྱོགས་སུ་འཕྲོས་པས༔ ཤར་ཕྱོགས་དྲི་ཟའི་ལག་ཏུ་ཚེ་འཁྱམས་པ་ཡར་བ་བརྐུས་པ་འཕྲོག་པ་ཐམས་ཅད་འོད་ཀྱི་ཐིག་ལེ་དཀར་ལ་འཚེར་བ༔ སྣུམ་ལ་འདྲིལ་བ་ཡི་གེ་ནི་ཡིག་ལྗང་གུས་མཚན་པ་དཔག་ཏུ་མེད་པ་བསྡུས་ཏེ༔ སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས་ལུས་ལ་སིབ་སིབ་ཐིམ་དེ་བཞིན་དུ་འོད་ཟེར་སེར་པོ་ཞགས་པ་ལྟ་བུ་ལྷོ་ཕྱོགས་སུ་འཕྲོས་པས་ལྷོ་ཕྱོགས་གཤིན་རྗེའི་ལག་ཏུ་ཚེ་འཁྱམས་པ་ཡར་བ་བརྐུས་པ་འཕྲོག་པ་ཐམས་ཅད་བསྡུས། འོད་ཟེར་དམར་པོ་ལྕགས་སྒྲོག་ལྟ་བུ་ནུབ་ཕྱོགས་སུ་འཕྲོས་པས་ནུབ་ཕྱོགས་ཀླུ་བདུད་ཀྱི་ལག་ཏུ་ཚེ་འཁྱམས་པ་ཡར་བ་བརྐུས་པ་འཕྲོག་པ་ཐམས་ཅད་བསྡུས། འོད་ཟེར་ལྗང་གུ་དྲིལ་བུའི་དབྱིབས་ཅན་བྱང་ཕྱོགས་སུ་འཕྲོས་པས་བྱང་ཕྱོགས་གནོད་སྦྱིན་གྱི་ལག་ཏུ་ཚེ་འཁྱམས་པ་ཡར་


CMR008_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བ་བརྐུས་པ་འཕྲོག་པ་ཐམས་ཅད་བསྡུས། འོད་ཟེར་མཐིང་ག་སྟེང་ཕྱོགས་སུ་འཕྲོས་པས། ཚངས་པ་ལ་སོགས་གཟུགས་ཁམས་ཀྱི་ལྷ་དང་བརྒྱ་བྱིན་ལ་སོགས་པ་འདོད་ཁམས་ཀྱི་ལྷ་དེ་སྟེང་ཕྱོགས་ལྷའི་བུའི་བདུད་དང་གཟའ་དང་རྒྱུ་སྐར་གྱི་ལག་ཏུ་ཚེ་འཁྱམས་པ་ཡར་བ་བརྐུས་པ་འཕྲོག་པ་ཐམས་ཅད་བསྡུས། ཡང་འོད་ཟེར་ཁ་དོག་སྣ་ཚོགས་འོག་ཕྱོགས་སུ་འཕྲོས་པོས་དགའ་བོ་འཇོག་པོ་ཀླུ་གཉན་ས་བདག་ལ་སོགས་ཐམས་ཅད་ཀྱི་ལག་ཏུ་ཚེ་འཁྱམས་པ་ཡར་བ་བརྐུས་པ་འཕྲོག་པ་ཐམས་ཅད་འོད་ཀྱི་ཐིག་ལེ་དཀར་ལ་འཚེར་བ་སྣུམ་ལ་འདྲིལ་བ། ཚྭ་ཡིག་ལྗང་གུས་མཚན་པ་དཔག་ཏུ་མེད་པ་བསྡུས་ཏེ། སྤྱི་བོ་ཚངས་པའི་བུ་ག་ནས་ལུས་ལ་སིབ་སིབ་ཐིམ་པས། བླ་ཚེ་སྲོག་དབུགས་ཉམས་པ་ཐམས་ཅད་སོར་ཆུད་དེ་འཆི་བ་མེད་པའི་ཚེ་དང་རྡོ་རྗེ་ལྟ་བུའི་སྲོག་ཐོབ་སྟེ་བཀྲག་མདངས་འོད་དུ་འབར་བར་སྒོམས་ཤིག༔ ཧཱི༔ ཕྱི་ནི་བུམ་པ་ནང་ནི་བདུད་རྩིས་གང་༔ གསང་བའི་དོན་ནི་པདྨ་ཚེ་དཔག་མེད༔ གནས་ལྔར་ཕྱག་མཚན་ལྔ་དང་ཡིག་འབྲུ་ལ༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ ཧཱུྃ༔ ཤར་ཕྱོགས་དྲི་ཟའི་ལག་ནས་ལྕགས་ཀྱུས་ཁུག༔ ལྷོ་


CMR008_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་གཤིན་རྗེའི་ལག་ནས་ཞགས་པས་ཁུག༔ ནུབ་ཕྱོགས་ཀླུ་གདོན་ལག་ནས་ལྕགས་སྒྲོག་ཁུག༔ བྱང་ཕྱོགས་གནོད་སྦྱིན་ལག་ནས་དྲིལ་བུས་ཁུག༔ སྟེང་ཕྱོགས་ཚངས་པ་བརྒྱ་བྱིན་ལག་ནས་ཁུག༔ འོག་ཕྱོགས་དགའ་བོ་འཇོག་པོའི་ལག་ནས་ཁུག༔ ཚེ་སྲོག་ཆད་པ་མཐུད་ལ་ཡར་བ་ཁུག༔ གས་པ་སྦྱོར་ལ་ཉམས་པ་ཐམས་ཅད་གསོས༔ འོད་ཟེར་དཀར་ལ་འཚེར་ཞིང་སྣུམ་ལ་འདྲིལ༔ སྤྱི་བོའི་གཙུག་ནས་ལུས་ལ་སིབ་སིབ་ཐིམ༔ འོད་འབར་འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུཥ་ཧཱུཾ་ནི་ཛ༔ ཞེས་མདའ་དར་གཡུག་ཕྱོགས་དང་དམིགས་པ་བསྣུན་ཅིང་གཡབ་བོ༔ འོ་དེས་ཚེ་ཡར་བ་འགུགས་པ་སོང་ནས་མདུན་བསྐྱེད་ཚེ་གཏོར་ལ་བརྟེན་ནས་དབང་བསྐུར་བའི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད་ཅིག༔ ཚེ་གཏོར་འདི་ཉིད་གུ་རུ་པདྨ་འོད་འབར་དུ་གསལ་བའི་ཐུགས་ཀའི་ཧྲཱིཿལ་ཚེའི་སྔགས་ཀྱིས་གཡས་སུ་བསྐོར་བ་ལས་འོད་ཟེར་དཀར་སེར་དམར་ལྗང་དཔག་ཏུ་མེད་པ་ནམ་མཁའ་གང་བར་འཕྲོས་པས་ས་ཡི་བཅུད་ཐམས་ཅད་སེར་པོ་གསེར་ལྟ་བུ་ཆུའི་བཅུད་ཐམས་ཅད་དཀར་པོ་ཤེལ་ལྟ་བུ་མེ་ཡི་བཅུད་ཐམས་ཅད་པདྨ་རཱ་ག་


CMR008_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་རླུང་གི་བཅུད་ཐམས་ཅད་ལྗང་ཁུ་ཨིནྡྲ་ནཱི་ལ་ལྟ་བུ་ནམ་མཁའི་བཅུད་ཐམས་ཅད་བེཌཱུརྱ་ལྟ་བུ་བསྡུས་ཕྱག་གི་བུམ་པ་དང་བྷནྡྷར་ཞུགས་འཆི་བ་མེད་པའི་བདུད་རྩིར་གྱུར༔ ཚེ་གཏོར་སྤྱི་བོར་བཞག་པའི་ཚེ༔ བྷནྡྷ་དང་བུམ་པ་ནས་བདུད་རྩིས་རྒྱུན་བབས་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས་པས་རྩ་དབུ་མའི་ནང་བརྒྱུད་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་སྙིང་ག་ཆོས་ཀྱི་འཁོར་ལོ་ལྟེ་བ་སྤྲུལ་པའི་འཁོར་ལོ་གསང་གནས་བདེ་སྐྱོང་གི་འཁོར་ལོ་སྤྱི་གཙུག་མན་ཆད་རྐང་མཐིལ་ཡན་ཆད་འཆི་མེད་བདུད་རྩིས་ལྟེམ་གྱིས་གང་ནས་ནད་གདོན་ཆེ་ཡི་བར་ཆད་ཐམས་ཅད་འོག་སྒོ་དང་རྐང་མཐིལ་བ་སྤུའི་བུ་ག་ནས་ནག་ཉིལ་གྱིས་ཕྱིར་ཐོན་ཤ་དང་ཁྲག་དང་དྲོད་དང་དབུགས་དང་སེམས་ཀྱི་ཚེ་ཉམས་པ་ཐམས་ཅད་སོར་ཆུད་དེ༔ ས་ཡི་ཡོན་ཏན་ཐམས་ཅད་རྫོགས་པས་ལུས་སྲ་ཞིང་བརྟན་པ་རྡོ་རྗེ་ཕ་ལམ་ལྟ་བུ༔ ཆུའི་ཡོན་ཏན་རྫོགས་པས་ལུས་སྣུམ་ཞིང་བག་དྲོ་བ་མར་སར་ཉི་མས་དྲོས་པ་ལྟ་བུ༔ མེའི་ཡོན་ཏན་རྫོགས་པས་ལུས་གསལ་ཞིང་བཀྲག་མདངས་དང་ལྡན་པ་སྤྲིན་མེད་པའི་ཉི་མ་ལྟ་བུ༔ རླུང་གི་ཡོན་ཏན་རྫོགས་པས་ལུས་ཡངས་ཤིང་དཔའ་རྩལ་དང་ལྡན་པ་


CMR008_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་ལྡིང་གི་རྒྱལ་པོ་ལྟ་བུ༔ སེམས་ཀྱི་ཡོན་ཏན་རྫོགས་པས་སེམས་ལ་ཟུག་རྔུ་མེད་པ་དགེ་སློང་བསམ་གཏན་བཞི་ལ་སྙོམས་པར་ཞུགས་པ་ལྟ་བུར་གྱུར་ཏེ༔ ཚེ་དང་བསོད་ནམས་ཐམས་ཅད་ཟླ་བ་ཡར་གྱི་ངོ་ལྟར་འཕེལ༔ ལུས་ཀྱི་སྟོབས་དང་རྩལ་དང་ཡོན་ཏན་ཐམས་ཅད་རྒྱས་ཏེ་འཆི་མེད་རྡོ་རྗེའི་ཚེ་ཐོབ་པའི་མོས་པ་མཛོད༔ ཧྲཱི༔ བུམ་པའི་ངོ་བོ་པདྨ་འོད་འབར་བཞུགས༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ ས་ཆུ་མེ་རླུང་བཅུད་རྣམས་རང་མདོག་གསལ༔ ཤ་ཁྲག་དྲོད་དབུགས་ཉམས་པ་སོར་ཆུད་ནས༔ སླར་ཡང་ཟླ་བ་ཡར་ངོ་ཇི་བཞིན་ཏུ༔ སྟོབས་རྩལ་ཡོན་ཏན་ཚེ་ཡི་དབང་ཐོབ་ཤོག༔ ཚེ་གཏོར་མགོར་བཞག་ལ༔ ཨོཾ་ཨཱ༔ཧཱུྃ་ཧཱུྃ༔ ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ཉང་བན་ཏིང་འཛིན་བཟང་པོ། སྔགས་འཆང་ཧཱུྃ་ནག་མེ་འབར། ལས་ཅན་ཆོས་ཀྱི་བདག་པོ། རྩ་བ་ནོར་བུ་བརྒྱན་པ། སྡོང་པོ་ཞྭ་དམར་ནག །ཡལ་ག་སེམས་དཔའ་མི་བརྒྱད། མེ་ཏོག་ལྟ་བུ་ལྔ། འབྲས་བུ་ལྟ་བུ་ལྔ། གྲུབ་ཐོབ་སུམ་ཅུ་རྩ་བརྒྱད། ཕྱིར་


CMR008_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལྡོག་གི་ས་ཐོབ་པ་བརྒྱད་ལ་སོགས་པ་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་དང་ཁྱད་པར་དུ་དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་འཁོར་དཔའ་བོ་མཁའ་འགྲོ་རིག་འཛིན་བྱེ་བ་འབུམ་དང་བཅས་པ་ཐམས་ཅད་ཀྱིས། གུ་རུ་པདྨ་འབྱུང་གནས་ཚེ་དཔག་ཏུ་མེད་པའི་ལྷ་ཚོགས་རྣམས་ཀྱིས། རྡོ་རྗེའི་སློབ་མ་འདི་རྣམས་ལ། འཆི་བ་མེད་པ་ཚེ་ཡི་དབང་བསྐུར་བར་མཛད་དུ་གསོལ། ཚེ་མི་ཤིགས་པ་རྡོ་རྗེ་ལྟ་བུར་མཛོད་ཅིག༔་ཚེ་མི་འགྱུར་བ་གཡུང་དྲུང་ལྟ་བུར་མཛོད་ཅིག༔ ཚེ་མི་ནུབ་པ་རྒྱལ་མཚན་ལྟ་བུར་མཛོད་ཅིག །འཆི་བ་མེད་པ་ཚེ་ཡི་རིག་འཛིན་ཐོབ་པར་བྱིན་གྱིས་རློབས་ཤིག༔ ཨོཾ་ཨཱཿཧཱུྃ་བཛྲ་སོགས་སྙིང་པོ་གསུམ་མམ་གཅིག་བརྗོད༔ ད་བུམ་པ་ལ་བརྟེན་ནས་ཚེ་བསྲིང་བ་ནི། བུམ་པའི་དབུས་སུ་གུ་རུ་པདྨ་འོད་འབར་བཞུགས་པའི་སྐུ་ལས་འོད་ཟེར་ཁ་དོག་སྣ་ཚོགས་ནམ་མཁའ་གང་བར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་རབ་འབྱམས་རྣམས་དང་། རིགས་གསུམ་མགོན་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། འཇིག་རྟེན་ན་ཡང་མངའ་ཐང་བསོད་ནམས་ལོངས་སྤྱོད་ཅན་ཚངས་པ་དང་དབང་ཕྱུག་ལ་སོགས་པ་ལྷ་ཚེ་རིང་བ་རྣམས་དང་། །


CMR008_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཀྱི་རྒྱུ་དང་ནོར་རྒྱས་ལ་སོགས་ཀླུ་ཚེ་རིང་པོ་རྣམས་དང་། གསེར་གྱི་འཁོར་ལོས་འཇིག་རྟེན་ན་ཡང་བསྒྱུར་བ་ལ་སོགས་མི་ཚེ་རིང་པོ་རྣམས་དང་། རྣམ་ཐོས་ཀྱི་བུ་ལ་སོགས་མངའ་ཐང་བསོད་ནམས་ལོངས་སྤྱོད་ཅན་རྣམས་ཀྱི་ཚེ་དང་བསོད་ནམས། ཟག་བཅས་འཇིག་རྟེན་ཁམས་ཀྱི་ཚེ་བསོད་ནམས། ཟག་མེད་འཕགས་པ་བཞིའི་སྐུ་དང་ཚེ་དང་བསོད་ནམས། མཁའ་འགྲོ་ཆོས་སྐྱོང་འཇིག་རྟེན་སྐྱོང་བ་རྣམས་ཀྱི་མཐུ་སྟོབས་ནུས་པ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་བུམ་པར་ཞུགས། འཆི་མེད་ཀྱི་བདུད་རྩིར་གྱུར༔ བུམ་པ་སྤྱི་བོར་བཞག་པས་བདུད་རྩི་བུམ་པའི་ཁ་ནས་ལྷུད༔ སྤྱི་བོ་ཚངས་པའི་བུ་གར་ཞུགས༔ ལུས་འཆི་མེད་ཚེ་ཡི་བདུད་རྩིས་ལྟེམ་གྱིས་གང་༔ ལྕགས་ལ་གསེར་འགྱུར་གྱི་རྩིས་རེག་པ་ལྟར་སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་ཐོབ་པར་སྒོམས་ཤིག༔ ཧཱུྃ༔ བུམ་པའི་བདུད་རྩི་པདྨ་འོད་འབར་བཞུགས༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ རྒྱལ་བ་རབ་འབྱམས་རིགས་གསུམ་མགོན་པོ་དང་༔ འཇིག་རྟེན་ལོངས་སྤྱོད་བསོད་ནམས་མངའ་ཐང་ཅན༔ ཟག་བཅས་ཟག་མེད་མཐུ་སྟོབས་ནུས་པ་ཀུན༔


CMR008_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

དེང་འདིར་བུ་ལ་ཚེ་ཡི་དབང་ཐོབ་ཤོག༔ སྙིང་པོ་བརྗོད་ཅིང་བུམ་པ་མགོར་བཞག་བུམ་ཆུ་སྦྱིན༔ ཆུ་ཡི་ལྷག་མ་ཡར་ལུད་པ་ལས༔ འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར༔ ད་ཚེ་རིལ་ལ་བརྟེན་ནས་ཚེ་བསྲིང་བ་ནི༔ སྔོན་རྒྱལ་པོ་གཙུག་ལག་འཛིན་དང་༔ ཡངས་པ་ཅན་གྱི་བུ་མོ་སོགས་ཀྱིས་བྲམ་ཟེའི་ཤའི་རིལ་བུ་ཟོས་པས༔ འཇའ་ལུས་རྡོ་རྗེའི་སྐུ་ཐོབ་པ་ལྟར༔ རིལ་བུ་འདི་ཚེ་དཔག་ཏུ་མེད་པ་སྐུ་ཆུང་ལ་ཡན་ལག་དོད་པ༔ ཁ་ཤར་གྱི་སྒོ་ནས་ཐོན༔ སྙིང་པདྨ་འདབ་བརྒྱད་ཀྱི་སྟེང་དུ་དུས་རྟག་ཏུ་བཞུགས་པར་སྒོམས་ཤིག༔ ཧཱི༔ སྔོན་བྱོན་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ སྒྲུབ་རྫས་རིལ་བུ་འདི་ལ་བརྟེན་ནས་མཛད༔ གུ་རུའི་བྱིན་རླབས་རིལ་བུར་འདུ་འབྲལ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་ཟས་སུ་སྦྱིན༔ དམ་རྫས་མ་སྤང་བཅུད་ལེན་སྙིང་པོར་སྤྱོད༔ ཟ་ཐང་ལོངས་སྤྱོད་ཚེ་ཡི་དབང་ཐོབ་ཤོག༔ ཚེ་རིལ་སྦྱིན་སྙིང་པོ་བརྗོད༔ ད་ཚེ་ཆང་ལ་བརྟེན་ནས་ཚེ་བསྲིང་བ་ནི༔ སྔོན་གྲུབ་ཆེན་བྱ་རི་ཀ་པ་དང་༔ ཨརྱ་དེ་ཝ་སོགས་ཀྱིས་ཚེ་ཆུ་ལ་བརྟེན་ནས་འཆི་མེད་ཚེ་འགྲུབ་པ་ལྟར་ཨོ་རྒྱན་ཚེ་དཔག་ཏུ་མེད་འོད་དུ་ཞུ་བ་ལས་བྱུང་བའི་བདུད་རྩི་འདི་འཐུང་བས་འཆི་མེད་


CMR008_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཡི་དངོས་གྲུབ་དང་ནད་མེད་བདེ་བའི་ལང་ཚོ་རྒྱས་རྒས་མེད་བཅུ་དྲུག་གི་གཞོན་ཤ་དང་ལྡན་པར་སྒོམས་ཤིག༔ ཧྲཱི༔ སྔོན་བྱོན་དྲང་སྲོག་རིག་འཛིན་ཐམས་ཅད་ཀྱིས༔ ཚེ་སྒྲུབ་བདུད་རྩི་འདི་ལ་བརྟེན་ནས་མཛད༔ རྒྱལ་བའི་བྱིན་རླབས་བདུད་རྩིར་འདུ་འབྲལ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་སྒོམ་དུ་སྦྱིན༔ ཕྱི་ནང་བྱང་སེམས་ཁམས་རྣམས་འཕེལ་ཞིང་རྒྱས༔ བདེ་དྲོད་རང་འབར་ཚེ་ཡི་དབང་ཐོབ་ཤོག༔ སྙིང་པོ་བརྗོད༔ ཚེ་ཆང་སྦྱིན༔ དེ་ལྟར་ཚེ་དབང་བསྐུར་ནས་དེ་མི་ཉམས་ཤིང་བར་ཆད་མི་འཇུག་པའི་ཕྱིར་སླར་ཡང་བསྲུང་བའི་གོ་བསྒོ་བ་ནི༔ མདུན་བསྐྱེད་པདྨ་འོད་འབར་གྱི་སྐུ་ལས་སྣ་ཚོགས་རྡོ་རྗེ་ཕྲ་མོའི་ཆར་བབས་པས་ཁྱེད་རང་གི་ལུས་ལ་རྡོ་རྗེའི་གོ་ཁྲབ་ཞུ་ལུབས་སུ་གྱོན་ནས། འོད་འཁྱིལ་ལི་ལི་བྱེད་པར་སྒོམས་ཤིག༔ ཚེ་ནས་གཏོར་ཞིང་༔ ཨོཾ་བཛྲ་རཀྵ་རཀྟ་ཧཱུྃ༔ ཞེས་བརྗོད༔ དེ་ནས་ཚེ་ཡི་དབང་བསྐུར་བ་དེ་མི་ཉམས་ཤིང་བརྟན་པར་བྱ་བའི་ཕྱིར་རྒྱས་འདེབས་ནི༔ ཁྱེད་རང་གི་དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་ཡིག་གིས་མཚན་པས་རྒྱས་གདབ༔ ལྗགས་སྟེང་དུ་ཨཱཿལས་པདྨ་དམར་པོ་ཨཱཿཡིག་གིས་མཚན་པས་རྒྱས་


CMR008_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

གདབ༔ སྙིང་གའི་དབུས་སུ་ཧཱུཾ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་ཡིག་གིས་མཚན་པས་རྒྱས་གདབ། ལྟེ་བའི་རྩ་མདུད་དུ་སཱ་ལས་རིན་པོ་ཆེ་སེར་པོ་སྭཱ་ཡིག་གིས་མཚན་པས་རྒྱས་གདབ། གསང་གནས་སུ་ཧཱ་ལས་སྣ་ཚོགས་རྡོ་རྗེ་ཧཱཡིག་གིས་མཚན་པས་རྒྱས་གདབ། ཐུགས་ཀར་ཧཱུཾ་གི་ནང་དུ་སྲོག་མི་འགྱུར་བའི་ངོ་བོ་ཨ་དཀར་པོ་དེའི་ནང་དུ་སྲོག་གི་ས་བོན་གྱི་ངོ་བོ་ནི་ཡིག་ལྗང་གུ་བཀྲག་མདངས་འོད་དུ་འབར་བ་དེ་ལ་ཚེ་ཡི་བཅུད་ཐམས་ཅད་འདུས་ནས་ཚེ་འགྱུར་མེད་དུ་རྒྱས་གདབ་པར་སྒོམས་ཤིག༔ མདའ་དར་གཡབ་ཅིང་༔ ཧཱུྃ༔ དང་པོ་ཆོས་ཀྱི་དབྱིངས་ཀྱི་རྒྱ༔ གཉིས་པ་ཐབས་དང་ཤེས་རབ་རྒྱ༔ གསུམ་པ་སྐུ་གསུང་ཐུགས་ཀྱི་རྒྱ༔ བཞི་བ་ཡེ་ཤེས་བཞི་ཡི་རྒྱ༔ ལྔ་པ་རིགས་ལྔའི་སངས་རྒྱས་རྒྱ༔ དྲུག་པ་བཅོམ་ལྡན་ཐུབ་དྲུག་རྒྱ༔ བདུན་པ་སངས་རྒྱས་རབ་བདུན་རྒྱ༔ ཕྱག་རྒྱ་བདུན་གྱིས་རྒྱས་གདབ་བོ༔ ཞེས་རྒྱས་གདབ༔ སྤྲོ་ན་མེ་ཏོག་འཐོར་ཞིང་༔ ཨེ་མ་ཧོ༔ ཤེས་བྱའི་དོན་ལ་མ་རྨོངས་པའི༔ བླ་མ་དམ་པའི་བཀྲ་ཤིས་ཤོག༔ གང་ལ་བསམ་པ་དེ་ཡིས་འགྲུབ༔ ཡི་དམ་ལྷ་ཡི་བཀྲ་ཤིས་ཤོག༔ སྐུ་གསུང་ཐུགས་ཀྱི་བྷ་ག་ལ༔ ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག༔ ལས་བྱང་ལས་


CMR008_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

རྩའབྱུང་བ་ལྟར་བཀྲ་ཤིས་བརྗོད༔ འོ་དེས་གུ་རུ་པདྨ་འོད་འབར་གྱི་ཚེ་སྒྲུབ་ལྕགས་ཀྱི་རི་བོའི་དབང་རྒྱས་པར་ཐོབ་པ་ཡིན་པས་ཨུ་རྒྱན་ཚེ་དཔག་མེད་ཡི་དམ་གྱི་ལྷར་འཛི་པས་འདིའི་རྗེས་ཟློས་མཛོད༔ གཙོ་བོས་ཇི་ལྟར་བཀའ་བསྩལ་པ༔ སོགས། དེང་ནས་བརྩམས་ཏེ་སོགས། མཎྜལ་ཕུལ༔ དེ་ལྟ་བུར་ཚེ་སྒྲུབ་ཏུ་བདག་འཇུག་ལེན་ནམ༔ གཞན་ལ་དབང་བསྐུར་བ་སོགས་ལ་དམིགས་པ་ལྟར༔ ༧ ཅེས་པ་འདི་བླ་མ་བརྩོན་འགྲུས་རྒྱ་མཚོས་བསྐུལ་བ་ཤིང་ཕོ་འབྲུག་གི་ལོ་མགོ་ཟླ་བའི་དམར་པོའི་ཚེས་གཅིག་ནུབ༔ ༧ རཱ་ག་ཨ་སྱས་སྦྱར་བའི་ཡི་གེ་པ་ནི་ཀརྨ་བིརྱ་སཱ་ག་རའོ༔་སརྦ་མངྒ་ལཾ༔ ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

པདྨ་འོད་འབར་གྱི་ཚེ་སྒྲུབ་ལྕགས་ཀྱི་རི་བོ་གུད་དུ་ཕྱེས་ནས་བསྐུར་ཚུལ་བལྟས་ཆོག་བསྡུས་ཏེ་བྱས་པ།


CMR008_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་འོད་འབར་གྱི་ཚེ་སྒྲུབ་ལྕགས་ཀྱི་རི་བོ་གུད་དུ་ཕྱེས་ནས་བསྐུར་ཚུལ་བལྟས་ཆོག་བསྡུས་ཏེ་བྱས་པ་བཞུགས་སོ།།


CMR008_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་གཞིའི་སྟེང་དུ་ནས་ཀྱི་པདྨ་འདབ་བརྒྱད་བྲིས་པའི་སྟེང་། བུམ་པ་སྤྱི་ལྟར་དང་། ཚེ་གཏོར་ཟན་བུམ། ཚེ་རིལ། ཚེ་ཆང་། མདའ་དར། ཚེ་ནས་རྣམས་བཤམ། མཆོད་པ་སྣ་བདུན། སྔོན་འགྲོ་ཅོག་རྡོག །འཛོམས་ན་ཚོགས་གཏོར་འབུལ་བཤམ། མེད་ཀྱང་ཆོག །སྐྱབས་སེམས་སྤྱི་ལྟར་དང་། པདྨ་འོད་འབར་ལས་བྱང་ཚར་གཅིག་གིས་བདག་དང་། ཚེ་གཏོར་བུམ་ལྷ། རྒྱས་པ་བྱས་ན། དབང་རྫས་ངོ་བོ་པདྨ་འོད་འབར་སྐུ༔ ཞེས་མདུན་བུམ་བསྐྱེད་པ་སྤྱན་འདྲེན་མཆོད་བསྟོད་ཚར་གཅིག་བྱ། དམིགས་པ་བདག་མདུན་གྱི་འོད་ཟེར་སྤྲོ་བསྡུས་ཕྱི་ནང་སྣོད་བཅུད་ལྷར་གསལ་བའི་གཟི་བརྗིད་ཀྱིས། སངས་རྒྱས་བྱང་སེམས་རྩ་བ་གསུམ་དང་། ཆོས་སྐྱོང་ཐམས་ཅད་ཀྱི་


CMR008_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཚེའི་བྱིན་རླབས་དང་། འབྱུང་བའི་བཅུད་ཀྱི་དྭངས་མ་ཐམས་ཅད། དྲང་སོང་རིག་འཛིན་ཚེ་ལ་དབང་བ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས། མདོར་ན་ཚེ་བསོད་ནམས་དཀར་པོ་དགེ་བའི་ལས་སྒྲུབ་ཅིང་། དབང་ཆེ་བ། རྩལ་དྲག་པ། འཁོར་མང་བ། ཡོན་ཏན་ཆེ་བ། སྟོབས་དང་སྙན་གྲགས་དང་ལྡན་པ། གདུལ་བྱ་ཕྲིན་ལས་ཅན་རྣམས་ཀྱི་ཚེ་དང་བསོད་ནམས་ཐམས་ཅད་ཡི་གེ་ནིཡིག་རྣམ་པར་འོད་ཁ་དོག་སྣ་ཚོགས་ཀྱི་ལི་ལི་བུམ་པའི་ནང་དུ་འཁྱིལ་པར་བསམ་ཞིང་། སྔགས་འདི་བཟླས་པ་ལ་བརྩོན། རབ་འབུམ། འབྲིང་ཁྲི། ཐ་མ་སྟོང་ཕྲག་རེ་བཟླ་གསུངས་ཏེ། འཕྲལ་དུ་དབང་བསྐུར་ན་ཡང་བརྒྱ་རྩ་བརྒྱད་ལས་མི་ཉུང་བ་བཟླ་


CMR008_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ཧཱུྃ་ཛ༔ དེ་ལྟར་དབང་སྒྲུབ་ཚར་ནས། སློབ་མ་རྣམས་མདུན་དུ་འཚོགས་ནས། ཁྲུས་ཆབ་བླང་། མེ་ཏོག་ནས་བཀྱེ། སྔོན་འགྲོ་གཏོར་མ་ཀུན་རིག་ལྟར་རམ་གང་རུང་ཞིག་བཏང་། ཧཱུྃ༔ བདག་ཉིད་འགྱུར་མེད་སོགས་ནས། རཀྟ་ཛྭ་ལ་རཾ་གྱི་བར་བཏང་། སུམ་བྷ་སོགས་བརྗོད་ཅིང་ནས་ལྕག་བྲབ། ཌ་དྲིལ་རོལ་མོ་དྲག་ཏུ་བྱའོ། །དེ་ནི་སྔོན་དུ་ལན་གཅིག་གིས་ཆོག །རྒྱུན་དུ་མི་དགོས་སོ།། འོ་ན་ད་ལམ་ཁྱེད་རྣམས་ལ་དབང་བསྐུར་བ་ལ་རྒྱ་གར་གྱི་པཎྜི་ཏ་ངག་གི་དབང་ཕྱུག་གྲགས་པའི་ཞལ་ནས། འཁོར་བར་སྲོག་ལས་གཅེས་པ་ནི། །འགའ་ཡང་ཡོད་པ་མ་མཐོང་བས། །དེས་ན་མྱུར་དུ་ཐབས་མང་པོས། །འཆི་བ་བསླུ་བ་ཡང་དག་སྦྱོར། །ཞེས་དང་། ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྒྱུད་ལས། ལས་ཚོགས་རིམ་པར་བསྟན་པ་ནི༔ ཐོག་མར་རིག་འཛིན་ཚེ་ཉིད་བསྒྲུབ༔ ཅེས་གསུངས་པས། སྤྱིར་ཡང་ཚེ་བསྲིང་བའི་ཐབས་ལ་འབད་དགོས་ཤིང་། ཁྱད་པར་དེང་སང་ཚེ་ཚད་ཀྱང་བཞི་བཅུ་ཁ་རལ་སུམ་ཅུ་ལ་ཉེ་བའི་དུས་ཡིན་ཏེ། ལུང་བསྟན་རྣམས་ལས། བཞི་བཅུ་ཁ་རལ་སུམ་ཅུར་ཉེ༔ ངན་སྤྱོད་སྟེང་འོག་བར་གསུམ་འཁྲུགས༔ ཞེས་སོགས་གསུངས་ཏེ། དུས་


CMR008_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

སྙིགས་མ་ལྔའི་མཐའ་ལ་ཐུག་པས། ལྷ་གཞན་གྱི་ཐུགས་རྗེ་རྡུགས། ཆོས་གཞན་གྱི་བྱིན་རླབས་ཡལ། མཁའ་འགྲོ་ཆོས་སྐྱོང་རྣམས་རི་རབ་ལ་ཞལ་གཟིགས། །བདུད་དང་ལྷ་སྲིན་ཐམས་ཅད་ཁ་དར། མི་རྣམས་ཚེ་ཐུང་ནད་མང་། གློ་བུར་དུ་འཆི་བའི་དུས་འདིར། ཨོ་རྒྱན་རིན་པོ་ཆེ་ཐུགས་རྗེ་དང་བྱིན་རླབས་ཤུགས་ཆེ་བས་ཚེ་དབང་འདི་ཐོབ་ན་ཚེ་དང་བསོད་ནམས་འབྱོར་པ་དྲུག་རྒྱས་ཤིང་། ཚེ་ཟད་པ་དང་ཉམས་པ་ཡང་གསོ་ནུས། མཛེ་ལ་སོགས་རྣམ་སྨིན་གྱི་ལས་ཐམས་ཅད་སྲབ་ཅིང་བྱང་བ་དང་། གཅོང་ནད་ཞ་གྲུམ་དང་མིག་ནད་ལ་སོགས་པ་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ཚེ་སྒྲུབ་ལྕགས་ཀྱི་རི་བོ་ཞེས་བྱ་བ། ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ཀྱིས་ཤར་ཕྱོགས་མཱ་ར་ཏི་ཀའི་བྲག་ཕུག་ཏུ། མགོན་པོ་ཚེ་དཔག་མེད་ལ་ཚེའི་རྒྱུད་སྒྲུབ་ཐབས་བྱེ་བ་ཕྲག་ཞུས་པ་ལ་བརྟེན་ནས། ཁ་བ་ཅན་དུ་ཚེ་སྒྲུབ་ལྔ་བརྒྱ་དང་རྩ་གཅིག་སྦས་པའི་ནང་ནས་འདི་སྙིང་པོ་ལྟ་བུ་ཡིན་ནོ། །ཨེ་མ་ཧོ༔ དེ་ལྟར་བསྒྲུབས་པའི་ཕན་ཡོན་ནི༔ རྐྱེན་ངན་བར་ཆད་ཐམས་ཅད་བཟློག༔ དུས་ཟད་པ་ཡི་མི་ཡིན་ཀྱང་༔ ཚངས་


CMR008_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ་དང་ལྡན་པར་འགྱུར༔ འཆི་བ་རྣམ་པ་བརྒྱད་མི་འབྱུང་༔ ལས་འཕྲོ་ལྡན་རྣམས་ཉི་ཟླའི་ཚེ༔ རྡོ་རྗེ་གཡུང་དྲུང་ལྟ་བུ་ཡི༔ ཚེ་ཡི་རིག་འཛིན་ཨེ་མ་ཧོ༔ ཞེས་གསུངས་སོ། །དེ་ལྟ་བུའི་ཚེ་དབང་ཟབ་མོ་ཞུ་བའི་ཕྱིར་མཎྜལ། ས་གཞི་སྤོས་ཆུ་སོགས། གུ་རུ་པདྨ་འོད་འབར་དཀོན་མཆོག་གསུམ་པོ་གཅིག་ཏུ་འདུས་པའི་དྲུང་དུ། སྐྱབས་སུ་འགྲོ་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མོས་པས་རྗེས་ཟློས་ལན་གསུམ་མཛོད། ཨོཾ་ཨཱ༔ཧཱུྃ༔ སྐྱབས་གནས་དམ་པ་རྣམས་ལ་སྐྱབས་སུ་མཆི༔ སོགས་ནས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ གསུམ། ད་དབང་ཞུ་བའི་ཕྱིར་གསོལ་བ་བཏབ་པ་འདིའི་རྗེས་ཟློས་མཛོད། ཨེ་མ་ཧོ༔ དཀོན་མཆོག་སྤྱི་འདུས་བླ་མ་ནི༔ རིགས་རྣམས་ཀུན་བདག་ཆེ་བའི་མཆོག༔ དཔའ་བོ་ཆེན་པོས་རྗེས་སུ་བཟུང་༔ དབང་གི་སྨིན་གྲོལ་དངོས་གྲུབ་སྩོལ༔ ལན་གསུམ་ཞུས་པས་བླ་མས་ལན། ཀྱེ་མ༔ དེ་ལྟར་ཡིན་ན་ཧེ་རུ་ཀའི༔ དལ་དུ་གཞུག་ཅིང་སྨིན་པར་བྱའོ༔ བླ་མེད་ཡང་གསང་བྱིན་རླབས་འདི༔ གནས་ཁང་འདི་ཡི་ཕྱི་རོལ་དུ༔ དམ་མེད་པ་ལ་སྨྲ་མི་རུང་༔ དེ་ཕྱིར་སྙིང་ནས་བྲོ་བོར་ཅིག༔ དབང་ཐོབ་ནས་དམ་


CMR008_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་བསྲུང་སྙམ་པའི་མོས་པས་རྗེས་ཟློས་མཛོད། བཛྲ་རཀྟ་སི་ཧཱུྃ༔ ས་མ་ཡ༔ ཨི་དན་ན་ར་ཀན༔ ཀུ་ཤའི་ཡུ་བས་སློབ་མ་བྲན་པའི་ཚུལ་བྱས་ལ། ད་སློབ་མ་ཁྱེད་རང་རྣམས་སྐད་ཅིག་གིས་པདྨ་འོད་འབར་འདི་ལྟར་སྐྱེད་ཅིག༔ ཧཱུྃ༔ སློབ་མའི་ངོ་བོ་པདྨ་འོད་འབར་སྐུ༔ དཀར་གསལ་མདངས་ལྔ་མཛེས་འཛུམ་རྒྱན་གྱིས་སྤྲས༔ སོགས་ནས། ཏིལ་གྱི་གོང་བུ་ཁ་ཕྱེ་བ་ལྟ་བུ་དཔག་ཏུ་མེད་པ་སྤྱན་དྲངས༔ ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་སྒོམས་ཤིག །དབྱངས་རོལ་མོ་སྤོས་དུད་དང་བཅས། ཧཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ནས། སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་སྔགས་དེ་བདུན་ནམ་གསུམ་བརྗོད་ཅིང་རོལ་མོ་དྲག་ཏུ་བྱའོ། །དེ་ལྟར་བྱིན་འབེབས་བྱས་པའི་ཡེ་ཤེས་པ་དེ་མི་ཉམས་ཤིང་བརྟན་པའི་མོས་པ་མཛོད། རྡོ་རྗེ་མགོར་བཞག་ལ། ཏིཥྛ་བཛ྄༔ ཚེ་དབང་བརྒྱ་རྩ་སོགས་ལ་དེ་ཡན་དེ། ད་ནངས་དུས་དང་པོ་རེ་རེས་ཆོག་ལ། འདི་མན་དངོས་གཞི་འདི་ལ་གྲངས་བཟུང་ངོ་། །ད་དངོས་གཞི་ཚེའི་དབང་ཞུ་བའི་ཕྱིར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧྲཱི༔ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ འགྲོ་རྣམས་མ་ལུས་སྒྲོལ་བའི་དེད་དཔོན་མཆོག༔ ཨོ་རྒྱན་པདྨ་རིག་འཛིན་ཚེ་དཔག་


CMR008_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

མེད༔ བདག་གི་ལུས་ངག་ཡིད་གསུམ་བྱིན་རློབས་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ གསུམ་མམ་གཅིག༔ ད་མོས་གུས་ཀྱི་སྨོན་ལམ་འདིའི་རྗེས་ཟློས་མཛོད། །ནད་རིགས་བཞི་བརྒྱ་རྩ་བཞི་དང་༔ རྐྱེན་ངན་ཉི་ཁྲི་ཆིག་སྟོང་དང་༔ ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་དང་༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས༔ ཚེ་ཡི་བར་ཆད་མི་མཐུན་ཕྱོགས༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ ལན་གཅིག་གོ༔ ད་ཚེ་འགུགས་པ་ནི་བུམ་ལྷ་པདྨ་འོད་འབར་གྱི་དཔྲལ་མགྲིན་ཐུགས་ཀ་ལྟེ་བ་གསང་གནས་ལྔར་འཁོར་ལོ་པདྨ་རྡོ་རྗེ་རིན་ཆེན་རྒྱ་གྲམ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱས་མཚན་པ་ལས། འོད་ཟེར་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུའི་དབྱིབས་ཅན་ཕྱོགས་བཅུར་འཕྲོས་པས་ཚེ་ཡར་བ་དང་འཁྱམས་པ། གདོན་བགེགས་ཀྱིས་འཕྲོགས་པ་ཐམས་ཅད་འོད་ཀྱི་ཐིག་ལེ་དཀར་འཚེར་གྱི་རྣམ་པར་བསྡུས་ནས། སྤྱི་བོ་ནས་ཞུགས་ལུས་ལ་སིབ་སིབ་ཐིམ་པར་སྒོམས་ཤིག །ཅེས་མདའ་དམར་པོའམ་དཀར་པོའམ་སྨན་ཚེ་སོགས་སྣ་ལྔ་གཡབ་ཅིང་དབྱངས་དང་བཅས། ཧྲཱི༔ ཕྱི་ནི་བུམ་པ་ནང་དུ་བདུད་རྩིས་གང་༔ གསང་བའི་དོན་ནི་པདྨ་ཚེ་དཔག་མེད༔ གནས་ལྔར་ཕྱག་མཚན་ལྔ་དང་ཡིག་


CMR008_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་ལྔ༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ ཧཱུྃ༔ ཤར་ཕྱོགས་དྲི་ཟའི་ལག་ནས་ལྕགས་ཀྱུས་ཁུག༔ ལྷོ་ཕྱོགས་གཤིན་རྗེའི་ལག་ནས་ཞགས་པས་ཁུག༔ ནུབ་ཕྱོགས་ཀླུ་བདུད་ལག་ནས་ལྕགས་སྒྲོག་ཁུག༔ བྱང་ཕྱོགས་གནོད་སྦྱིན་ལག་ནས་དྲིལ་བུས་ཁུག༔ སྟེང་ཕྱོགས་ཚངས་པ་བརྒྱ་བྱིན་ལག་ནས་ཁུག༔ འོག་ཕྱོགས་དགའ་བོ་འཇོག་པའི་ལག་ནས་ཁུག༔ ཚེ་སྲོག་ཚད་པ་མཐུད་ལ་ཡར་བ་ཁུག༔ གས་པ་སྦྱོར་ལ་ཉམས་པ་ཐམས་ཅད་གསོས༔ འོད་ཟེར་དཀར་ལ་ཚེར་ཞིང་སྣུམ་ལ་འདྲིལ༔ སྤྱི་བོའི་གཙུག་ནས་ལུས་ལ་སིབ་སིབ་ཐིམ༔ འོད་འབར་འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ཧཱུྃ་ཛ༔ ཞེས་རོལ་མོ་བྱ། ཚེ་གཏོར་ཐོགས་ལ༔ ད་ཚེ་གཏོར་འདི་ཉིད་པདྨ་འོད་འབར་དུ་གསལ་བ་ལས་འོད་ཟེར་ནམ་མཁའ་གང་བར་འཕྲོས་པས། འབྱུང་བ་ས་ཆུ་མེ་རླུང་གི་བཅུད་ཐམས་ཅད་འོད་ཟེར་སེར་དཀར་དམར་ལྗང་གི་རྣམ་པར་བསྡུས་ནས། ཁྱེད་རང་རྣམས་ལ་ཐིམ་པས་ཤ་ཁྲག་དྲོད་དབུགས་ཀྱི་ཆེ་ཉམས་པ་ཐམས་ཅད་སོར་ཆུད་ནས་ལུས་བཀྲག་མདངས་དང་ལྡན་པར་སྒོམས་ཤིག །དབྱངས་དང་བཅས། །


CMR008_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པའི་ངོ་བོ་པདྨ་འོད་འབར་བཞུགས༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ ས་ཆུ་མེ་རླུང་བཅུད་རྣམས་རང་མདོག་གསལ༔ ཤ་ཁྲག་དྲོད་དབུགས་ཉམས་པ་སོར་ཆུད་ནས༔ སླར་ཡང་ཟློབ་ཡར་ངོ་ཅི་བཞིན་དུ༔ སྟོབས་རྩལ་ཡོན་ཏན་ཚེ་ཡི་དབང་ཐོབ་ཤོག༔ གཏོར་མ་མགོར་བཞག་ལ། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། གཏེར་སྟོན་ཧཱུྃ་ནག་མེ་འབར། རྒྱལ་བ་དགོངས་པ་བརྒྱུད་པ། རིག་འཛིན་བརྡའི་བརྒྱུད་པ། གང་ཟག་སྙན་ཁུང་བརྒྱུད་པ། མཁའ་འགྲོ་གཏད་རྒྱ་བརྒྱུད་པ། བཀའ་བབས་དོན་གྱི་བརྒྱུད་པ། གཏེར་ཆོས་སྨོན་ལམ་བརྒྱུད་པའི་བླ་མ་དམ་པ་རྣམས་དང་། ཁྱད་པར་དུ་གུ་རུ་པདྨ་འབྱུང་གནས། ཚེ་དཔག་ཏུ་མེད་པའི་ལྷ་ཚོགས་རྣམས་ཀྱིས། རྡོ་རྗེའི་སློབ་མ་འདི་རྣམས་ལ་འཆི་བ་མེད་པ་ཚེའི་དབང་བསྐུར་དུ་གསོལ། ཚེ་མི་ཤིགས་པ་རྡོ་རྗེ་ལྟ་བུར་མཛོད་ཅིག །ཚེ་མི་འགྱུར་བ་གཡུང་དྲུང་ལྟ་བུར་མཛོད་ཅིག །ཚེ་མི་ནུབ་པ་རྒྱལ་མཚན་ལྟ་བུར་མཛོད་ཅིག །འཆི་བ་མེད་པ་ཚེའི་དབང་དམ་པ་ཐོབ་པར་མཛད་དུ་


CMR008_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་། ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ཧཱུྃ་ཛ༔ ཞེས་སྔགས་ལན་གསུམ་བརྗོད། དེ་ནས་བུམ་པ་ལག་ཏུ་ཐོགས་ལ། ད་བུམ་པ་འདིའི་ནང་ན་གུ་རུ་པདྨ་འོད་འབར་བཞུགས་པའི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། འཁོར་འདས་ལམ་གསུམ་གྱི་ཚེ་དང་བསོད་ནམས་ཐམས་ཅད་བསྡུས་ཏེ་ཚེའི་བདུད་རྩིར་ཞུ་བ་དེ། ཁྱེད་རྣམས་ཀྱི་ཚངས་བུག་དང་ཁ་ནས་ཞུགས། ལུས་འཆི་མེད་བདུད་རྩིས་ལྟེམ་གྱིས་གང་བར་སྒོམས་ཤིག །ཧྲཱིཿ བུམ་པའི་བདུད་རྩི་པདྨ་འོད་འབར་ཞུ༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ རྒྱལ་བ་རབ་འབྱམས་རིགས་གསུམ་མགོན་པོ་དང་༔ འཇིག་རྟེན་ལོངས་སྤྱོད་མངའ་ཐང་བསོད་ནམས་ཅན༔ ཟག་བཅས་ཟག་མེད་མཐུ་སྟོབས་ནུས་པ་ཀུན་དེར་འདིར་བུ་ལ་ཚེ་ཡི་དབང་ཐོབ་ཤོག༔ བུམ་པ་སྤྱི་བོར་བཞག་ལ། ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་སོགས་སྔགས་བརྗོད། བུམ་ཆུ་བླུད་དོ། །དེ་ནས་ཚེ་རིལ་ལག་ཏུ་ཐོགས་ལ་དབྱངས་དང་བཅས། ཧཱུྃ༔ སྔོན་བྱོན་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ སྒྲུབ་རྫས་རིལ་བུ་འདི་ལ་བརྟེན་ནས་མཛད༔ གུ་རུའི་བྱིན་རླབས་རིལ་བུར་འདུ་འབྲལ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་ཟས་སུ་


CMR008_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན༔ དམ་རྫས་མ་སྤངས་བཅུད་ལེན་སྙིང་པོར་སྤྱོད༔ ཟ་ཐང་ལོངས་སྤྱོད་ཚེ་ཡི་དབང་ཐོབ་ཤོག༔ རིལ་བུ་སྦྱིན་ཅིང་། ཨོཾ་ཨཱ༔ཧཱུྃ་བཛྲ་སོགས་སྔགས་བརྗོད་ལ། དེ་ནས་ཚེ་ཆང་ལག་ཏུ་ཐོགས་ལ། དབྱངས་དང་བཅས།ཧྲཱིཿསྔོན་བྱོན་དྲང་སྲོང་རིག་འཛིན་ཐམས་ཅད་ཀྱིས༔ ཚེ་སྒྲུབ་བདུད་རྩི་འདི་ལ་བརྟེན་ནས་མཛད༔ རྒྱལ་བའི་བྱིན་རླབས་བདུད་རྩིར་འདུ་འབྲལ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་སྐོམ་དུ་སྦྱིན༔ ཕྱི་ནང་བྱང་སེམས་ཁམས་རྣམས་འཕེལ་ཞིང་རྒྱས༔ བདེ་དྲོད་རབ་འབར་ཚེ་ཡི་དབང་ཐོབ་ཤོག༔ བདུད་རྩི་སྦྱིན་ཅིང་། ཨོཾ་ཨཱཿཧཱུྃ་བཛྲ་སོགས་སྔགས་བརྗོད་དོ། །དེ་ནས་མེ་ཏོག་ནས་གཏོར་ཞིང་། ལུས་ལ་རྡོ་རྗེའི་གོ་ཁྲབ་གྱོན་ནས་འོད་ཀྱི་ལེར་སྒོམས། ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ། མདའ་དར་དཀར་པོའམ་དམར་པོ་ལ་རྡོ་རྗེ་རྒྱ་གྲམ་མདུད་པ་བྱས་པ་བཏགས་པ་ཡོད་ན་རབ། མེད་ན་སྔོན་གྱི་མདའ་དར་དེ་གཡབ་ཅིང་སྤྱི་བོར་བཞག་སྟེ་དབྱངས་རོལ་མོ་དང་བཅས། ཧྲཱི༔ དང་པོ་ཆོས་ཀྱི་དབྱིངས་ཀྱི་རྒྱ༔ གཉིས་པ་ཐབས་དང་ཤེས་རབ་རྒྱ༔ གསུམ་པ་སྐུ་གསུང་ཐུགས་ཀྱི་རྒྱ༔ བཞི་པ་ཡེ་ཤེས་བཞི་ཡི་རྒྱ༔ ལྔ་པ་རིགས་ལྔའི་སངས་རྒྱས་རྒྱ༔ དྲུག་པ་བཅོམ་ལྡན་ཐུབ་དྲུག་རྒྱ༔ བདུན་པ་སངས་རྒྱས་རབས་བདུན་རྒྱ༔ ཕྱག་


CMR008_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་བདུན་གྱིས་རྒྱས་བཏབ་བོ༔ ཞེས་མདའ་དར་སྤྱི་བོར་གཏུག་གོ །བརྒྱ་རྩ་ལ་དེ་ཡན་བར་སྐབས་དེ་དུས་རེ་རེ་ལ་བཅུ་གསུམ་ཙམ་མམ། བཅུ་རེ་ཙམ་བྱས་ལ་དེ་ནས་ཡང་དབང་སྒྲུབ་ཝིག་པར་བྱ། ལན་རེ་དུ་བསྐུར་གྱི་མཇུག་ཏུ། འོ་དེས་ཚེ་དབང་གཅིག་གམ་དུ་སོང་གྲངས་ཁ་འདི་ཙམ་སོགས། ཐོབ་པ་ཡིན་པས། དེའི་དམ་ཚིག་ཏུ་ཨོ་རྒྱན་རིན་པོ་ཆེ་ཡི་དམ་གྱི་ལྷར་བཟུང་ལ། སྔགས་བཛྲ་གུ་རུ་ལ་ཐུགས་དམ་བྱ་སྙམ་པས་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །ཞེས་སོགས་བརྗོད་ལ་གྲོལ་ལོ། །རང་གི་རིམ་གྲོ་ལ་ཡང་དེ་ལྟར་བརྒྱ་རྩ་བྱས་ན་ཚེ་དབང་བརྒྱ་རྩའི་གོ་ཆོད་ཅིང་། གཞན་ལ་བརྒྱ་རྩ་བསྐུར་བ་སོགས་ལ་རྗེས་རང་གི་བདག་འཇུག་དབང་བླངས་པས་བྱིན་རླབས་མི་ཉམས་པའི་གནད་དོ། །ཞེས་པ་གོ་འཇོ་རྟོགས་ལྡན་ལྷུན་གྲུབ་ཀྱིས་བསྐུལ་ནས་རཱ་ག་ཨ་སྱས་ཁྱེར་བདེ་བར་བྱས་པ་ལ་ཉེས་འགལ་ལྷ་དང་གཏེར་སྲུང་ལ་བཤགས་ཤིང་། དགེ་བས་བློ་དམན་རྣམས་ལ་ཕན་པ་རྒྱ་ཆེན་པོར་གྱུར་ཅིག །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

དཀོན་མཆོག་སྤྱི་འདུས་ཀྱི་ཚེ་དབང་བསྐུར་བའི་དབང་བཤད་རྩེ་ལེས་མཛད་པ།


CMR008_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་སྤྱི་འདུས་ཀྱི་ཚེ་དབང་བསྐུར་བའི་དབང་བཤད་རྩེ་ལེས་མཛད་པ་བཞུགས་སོ།།


CMR008_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དབང་རྐྱང་པ་བསྐུར་བ་ནི། དབང་རྫས་བུམ་པ། ཚེ་ཆང་།་ཐོད་པ། ཚེ་རིལ། མདའ་དར་རྣམས་མ་གཏོགས་དབང་རྫས་གཞན་རྣམས་མི་དགོས་ལ། དཀྱིལ་འཁོར་གྱི་དབུས་སུ་ཚེའི་དབང་རྫས་རྣམས་དང་མཐའ་སྐོར་དུ་གཏོར་མཆོད་སོགས་བཤམས་ནས། ལས་གཞུང་བསྲང་ཞིང་འཛབ་ཀྱི་སྐབས་སུའམ། ཚེ་འཛབ་ཁོ་ན་བཟླ་བར་བྱ། དེ་ནས་དབང་གྲལ་ཚོགས་པ་རྣམས་ལ་བགེགས་བསྐྲད། སྲུང་འཁོར་ཁྲུས་ཆོག་སོགས་ནི་སྤྱི་དང་མཐུན་པར་རྒྱས་བསྡུས་གང་འོས་དང་། ཆོས་བཤད་ནི། ཚེའི་དམིགས་པ་བཞིན་སྤྱད་པ་དང་། ཤིན་ཏུ་བསྡུས་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་ནས་གསན་འཚལ། དེའང་འོ་སྐོལ་འགྲོ་བ་སེམས་ཅན་ཐམས་ཅད་


CMR008_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པའི་ཐ་མ་འཆི་བ་ལས་མ་འདས་ཤིང་། གླིང་གཞན་གྱི་མི་རྣམས་དང་འདོད་ཁམས་གཟུགས་ཁམས་ཀྱི་ལྷ་སོགས་ལ་ཚེ་ཚད་ངེས་ཅན་དུ་ཡོད་ཀྱང་། རང་ཅག་འཛམ་བུ་གླིང་པ་རྣམས་ནི་ཚེ་ཚད་ལ་ངེས་པ་མེད་པ་དང་། སོ་སོ་ལ་ཚེ་ཡི་དབང་སྐལ་ཇི་ཙམ་ཡོད་པ་དེ་ཉིད་གློ་བུར་གྱི་རྐྱེན་གྱིས་བསྐྱོད་པའི་ཆེ་ཉམས་པ། གུད་པ། ཡར་བ། འཐོར་བ། འཁྱེར་བ་ལ་སོགས་པའི་དབང་དུ་སོང་ན། དུས་མིན་གློ་བུར་དུ་འཆི་བར་འགྱུར་ཕྱིར། ཚེ་བསྲིང་བའི་ཐབས་གལ་ཆེ་བ་དང་། དེའི་ཐབས་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཡོད་མོད་ཀྱང་། མདོར་བསྡུ་ན་རྒྱུ་


CMR008_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་གཉིས་ལ་འདུས་ཏེ། རྒྱུ་ནི་སྐྱེ་འགྲོ་གཞན་གྱི་སྲོག་བཅད་པའི་འབྲས་བུ་ཡང་རང་ཉིད་ཚེ་ཐུང་བར་འགྱུར་བ་ནི་བསླུ་མེད་ཀྱི་རྒྱུ་འབྲས་ཡིན་ཕྱིར། དེའི་གཉེན་པོར་སྲོག་གཅོད་སྤང་ཞིང་ཚེ་ཐར་སྲོག་བསླུ་སོགས་དཀར་ཕྱོགས་དགེ་བའི་ལས་ལ་བརྩོན་དགོས་པ་དང་། རྐྱེན་གྱི་སྒོ་ནས་ཚེ་བསྲིང་བའི་ཐབས་ནི་ལྷ་དང་བླ་མའི་བྱིན་རླབས་ལ་བརྟེན་པ་ཁོ་ན་ཐབས་ཟབ་ཅིང་ཁྱད་པར་དུ་འཕགས་པ་ཡིན་པ་དང་། དེ་ལྟ་བུའི་བྱིན་རླབས་དང་ལྡན་པ་ནི་ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཚེ་དཔག་མེད་པ། སྤྲུལ་སྐུ་པདྨ་འབྱུང་གནས་ངོ་བོ་གཅིག་ལ་རྣམ་པ་ཐ་དད་དུ་བསྟན་ནས། འགྲོ་བ་སེམས་ཅན་ལས་ངན་འཆི་རྐྱེན་དྲག་པོས་གཟིར་བ་རྣམས་སྡུག་བསྔལ་དེ་ལས་སྐྱོབ་པའི་ཐུགས་རྗེ་ནུས་སྟོབས་དང་ལྡན་པ་ལགས་པས་། དེས་ན་སྐབས་འདིར་འཆི་མེད་ཚེ་དབང་སྒྲུབ་པའི་དཀྱིལ་འཁོར་བདག་མདུན་ཟུང་འབྲེལ་གྱི་ལྷའི་ངོ་བོ་ཚེ་བདག་པདྨ་འབྱུང་གནས་འཁོར་བཅས་རྣམས་བྱིན་རླབས་ཀྱི་སྤྲིན་འཐིབས་། དངོས་གྲུབ་ཀྱི་མཚོ་འཁྱིལ། འཆི་མེད་ཚེའི་ཆུ་རྒྱུན་འབེབས་ཤིང་བཞུགས་པའི་དྲུང་དུ་དད་པ་མོས་གུས་རྩེ་གཅིག་བསྐྱེད་ནས་ཚེ་དབང་དངོས་གྲུབ་ཞུ་བའི་ཕྱིར།


CMR008_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་འགྲོ་སེམས་བསྐྱེད་ཀྱི་འདུན་པ་གསལ་བཏབ་་་འདི་ཡིན་རྩེ་ལེས་གསུང་ཡིན། །པས། མདུན་གྱི་དབང་རྫས་རྣམས་གུ་རུ་པདྨ་འོད་འབར་དུ་གསལ་བའི་དྲུང་དུ་སེམས་བསྐྱེད་ཞུ་བ་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ༔ སྐྱབས་གནས་དམ་པ་རྣམས་ལ་སྐྱབས་སུ་མཆི༔ རྒྱུད་དྲུག་འཁོར་བར་འཁྱམས་པའི་ཕ་མ་ཀུན༔ བཟོད་མེད་གདུང་བས་སངས་རྒྱས་ཐོབ་བྱའི་ཕྱིར༔ ཀུན་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ལན་གསུམ་བྱ། ད་དབང་ཞུ་བའི་ཕྱིར་འདིའི་རྗེས་ཟློས་མཛོད། ཨེ་མ་ཧོ༔ དཀོན་མཆོག་སྤྱི་འདུས་བླ་མ་ནི༔ རིགས་རྣམས་ཀུན་བདག་ཆེ་བའི་མཆོག༔ དཔའ་བོ་ཆེན་པོས་རྗེས་སུ་བཟུང་༔ དབང་གི་སྨིན་གྲོལ་དངོས་གྲུབ་སྩོལ༔ གསུམ། དེ་ལྟར་གསོལ་བ་བཏབ་པས༔ གུ་རུ་པདྨ་འོད་འབར་གྱིས་བཀའ་ཡི་གནང་བ་འདི་ལྟར་བྱིན་པའི་མོས་པ་མཛོད། དེ་ལྟར་ཡིན་ན་ཧེ་རུ་ཀའི༔ དལ་དུ་གཞུག་ཅིང་སྨིན་པར་བྱའོ༔ བླ་མེད་ཡང་གསང་བྱིན་རླབས་འདི༔ གནས་ཁང་འདི་ཡི་ཕྱི་རོལ་དུ༔ དམ་མེད་རྣམས་ལ་སྨྲ་མི་རུང་༔ དེ་ཕྱིར་སྙིང་ནས་བྲོ་བོར་ཅིག༔ དེང་ཕྱིན་ཆད་དམ་ཚིག་ཚུལ་བཞིན་དུ་བསྲུང་སྙམ་པས་


CMR008_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་རྗེས་ཟློས་མཛོད༔ ཨོཾ་བཛྲ་རཀྵ་སི་ཧཱུྃ༔ ཨི་དན་ན་ར་ཀན༔ ལས་བུམ་གྱི་ཆུས་སློབ་མ་བྲན་ལ། ད་ཁྱེད་རང་རྣམས་གུ་རུ་པདྨ་འོད་འབར་གྱི་སྐུ་འདི་ལྟར་སྒོམས་ཤིག །ཧྲཱི༔ སློབ་མའི་ངོ་བོ་པདྨ་འོད་འབར་སྐུ༔ དཀར་གསལ་མདངས་ལྔ་མཛེས་འཛུམ་རྒྱན་གྱིས་སྤྲས༔ རྡོ་རྗེ་ཐོད་པ་ཚེ་བུམ་རིན་ཆེན་བརྒྱན༔ པད་ཞྭ་རྒོད་ལྡེམ་ཁ་ཊཾ་གཡོན་ན་འཁྲིལ༔ ཕོད་ཀ་ཆོས་གོས་ཟ་འོག་བེར་ཕྱམ་ཅན༔ མཚན་དཔེས་རབ་བརྒྱན་འོད་ཀྱི་དཀྱིལ་འཁོར་མཛེས༔ མཉམ་ཉིད་བདེ་ཆེན་འཁྱིལ་བའི་སྐྱིལ་ཀྲུང་བཞུགས༔ འོད་ཀྱི་ལུས་ལ་ཡེ་ཤེས་སྙིང་པོ་ཅན༔ གསལ་སྟོང་ཐུགས་རྗེའི་འོད་ཟེར་ཀུན་ལ་སྙོམས༔ མཁའ་འགྲོ་འཇའ་སྤྲིན་རྣམ་མང་འཁྲིགས་པའི་དབུས༔ སྐུ་ཡི་སྤྲུལ་པས་ཞིང་ཁམས་ཡོངས་ལ་ཁྱབ༔ ནམ་མཁའི་ལུས་ཅན་གར་ཡང་ཐོགས་པ་མེད༔ བདེ་གཤེགས་ཀུན་གྱི་བཀོད་པ་སྐུ་ལ་རྫོགས༔ ཀུན་ཀྱང་རྒྱལ་བའི་དཀྱིལ་འཁོར་ཟང་ཐལ་ལ༔ བགེགས་དང་བར་ཆད་ཞེས་བྱའི་མིང་ཡང་མེད༔ སྣང་སྟོང་སྒྱུ་མ་ཙམ་དུ་གསལ་བར་བསྐྱེད༔ དེ་ལྟར་དུ་གསལ་བའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ༔ ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་


CMR008_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

པས༔ ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་གཞལ་ཡས་ནས༔ ཨོ་རྒྱན་གྱི་གུ་རུ་པདྨ་འབྱུང་གནས་ལ༔ འཁོར་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་ཏིལ་གྱི་གོང་བུ་ཁ་བྱེ་བ་ལྟར་དཔག་ཏུ་མེད་པ་སྤྱན་དྲངས༔ སློབ་མ་རྣམས་ལ་སིབ་སིབ་ཐིམ་པར་བསྒོམ༔ ཧཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ་སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛསིདྡྷི་ཕ་ལ་ཧཱུྃ་ཨཱཿ སྔགས་ལན་གསུམ། ཡེ་ཤེས་པ་བརྟན་པར་གྱུར་པའི་མོས་པ་མཛོད༔ ཏིཥྛ༔ བཛྲ༔ རྡོ་རྗེ་སྤྱི་བོར་བཞག༔ འདིའི་དབང་མང་དུ་བསྐུར་ན་དེ་ཡན་དང་པོ་གཅིག་བྱས་ན་རྒྱུན་དུ་མི་དགོས། ད་ཚེ་དབང་ཞུ་བའི་ཕྱིར་འདིའི་རྗེས་ཟློས་མཛོད༔ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་


CMR008_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཉིད༔ འགྲོ་རྣམས་མ་ལུས་སྒྲོལ་བའི་དེད་དཔོན་མཆོག༔ ཨོ་རྒྱན་པདྨ་རིག་འཛིན་ཚེ་དཔག་མེད༔ བདག་གི་ལུས་ངག་ཡིད་གསུམ་བྱིན་རློབས་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ལན་གསུམ། ད་སྨོན་ལམ་འདེབས་པ་འདིའི་རྗེས་ཟློས་མཛོད༔ ནད་རིགས་བཞི་བརྒྱ་རྩ་བཞི་དང་༔ རྐྱེན་ངན་ཉི་ཁྲི་ཆིག་སྟོང་དང་༔ ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་དང་༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས༔ ཚེ་ཡི་བར་ཆད་མི་མཐུན་ཕྱོགས༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ ལན་གཅིག་གམ་གསུམ་བྱའོ། །ད་བུམ་པ་འདི་ཕྱི་རིན་པོ་ཆེའི་བུམ་པ་ལ་ནང་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི། རྒྱན་རྟ་བབས་དང་བཅས་པའི་དབུས་སུ། པདྨ་དང་ཟླ་བའི་གདན་ལ། ཨོ་རྒྱན་པདྨ་ཚེ་དཔག་ཏུ་མེད་པ། །རྒྱན་ཆ་ལུགས་ཡོངས་སུ་རྫོགས་པའི། ཕྱག་གཡོན་བྷནྡྷའི་ནང་དུ་ཚེ་བུམ་འཛིན་པ། དེའི་དཔྲལ་བར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་པདྨ་དམར་པོ་ཨཱས་མཚན་པ། ཐུགས་ཀར་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ། ལྟེ་བར་རིན་པོ་ཆེ་སེར་པོ་སཱུས་མཚན་པ། གསང་བར་སྣ་ཚོགས་རྡོ་རྗེ་ཧཱས་མཚན་པ། དེ་རྣམས་ལས་འོད་ཟེར་ཁ་དོག་


CMR008_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་ནམ་མཁའ་གང་བར་འཕྲོས། འཁོར་འདས་སྣོད་བཅུད་ཀྱི་ཚེ་དང་བསོད་ནམས་ཐམས་ཅད་བསྡུས། ཁྱད་པར་དུ་འོད་ཟེར་དཀར་པོ་ལྕགས་ཀྱུ་ལྟ་བུ་ཤར་ཕྱོགས་སུ་འཕྲོས་པས། ཤར་ཕྱོགས་དྲི་ཟའི་ལག་ཏུ་ཚེ་འཁྱམས་པ་ཡར་བ། བརྐུས་པ་འཕྲོག་པ་ཐམས་ཅད་འོད་ཀྱི་ཐིག་ལེ་དཀར་ལ་འཚེར་བ་སྣུམ་ལ་འདྲིལ་བ། ཀྲྀ་ཡིག་ལྗང་གུས་མཚན་པ་དཔག་ཏུ་མེད་པ་བསྡུས་ཏེ་སྤྱི་བོ་ཚངས་པའི་བུ་ག་ནས་ལུས་ལ་སིབ་སིབ་ཐིམ། དེ་བཞིན་དུ་འོད་ཟེར་སེར་པོ་ཞགས་པ་ལྟ་བུ་ལྷོ་ཕྱོགས་སུ་འཕྲོས་པས། ལྷོ་ཕྱོགས་གཤིན་རྗེའི་ལག་ཏུ་ཚེ་འཁྱམས་པ་ཡར་བ། བརྐུས་པ། འཕྲོག་པ་ཐམས་ཅད་བསྡུས། འོད་ཟེར་དམར་པོ་ལྕགས་སྒྲོག་ལྟ་བུ་ནུབ་ཕྱོགས་སུ་འཕྲོས་པས། ནུབ་ཕྱོགས་ཀླུ་བདུད་ཀྱི་ལག་ཏུ་ཚེ་འཁྱམས་པ་ཡར་བ། བརྐུས་པ་འཕྲོག་པ་ཐམས་ཅད་བསྡུས། ཡང་འོད་ཟེར་ལྗང་གུ་དྲིལ་བུ་དབྱིབས་ཅན་བྱང་ཕྱོགས་སུ་འཕྲོས་པས༔ བྱང་ཕྱོགས་གནོད་སྦྱིན་གྱི་ལག་ཏུ་ཚེ་འཁྱམས་པ་ཡར་བ་བརྐུས་པ་འཕྲོག་པ་ཐམས་ཅད་བསྡུས༔ འོད་ཟེར་མཐིང་ཁ་སྟེང་ཕྱོགས་སུ་འཕྲོས་པས། ཚངས་པ་ལ་སོགས་གཟུགས་ཁམས་ཀྱི་ལྷ་དང་། །


CMR008_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་བྱིན་ལ་སོགས་འདོད་ཁམས་ཀྱི་ལྷ་སྟེ། སྟེང་ཕྱོགས་ལྷའི་བུའི་བདུད་དང་། གཟའ་དང་རྒྱུ་སྐར་གྱི་ལག་ཏུ་ཚེ་འཁྱམས་པ། ཡར་བ། བརྐུས་པ། འཕྲོག་པ་ཐམས་ཅད་བསྡུས་། ཡང་འོད་ཟེར་ཁ་དོག་སྣ་ཚོགས་འོག་ཕྱོགས་སུ་འཕྲོས་པས༔ དགའ་བོ་འཇོག་པོ་ལ་སོགས་ཀླུ་གཉན་ས་བདག་ཐམས་ཅད་ཀྱི་ལག་ཏུ་ཚེ་འཁྱམས་པ། ཡར་བ་བརྐུས་པ་འཕྲོག་པ་ཐམས་ཅད་འོད་ཀྱི་ཐིག་ལེ་དཀར་ལ་འཚེར་བ། སྣུམ་ལ་འདྲིལ་བ། ཏྲཾ་ཡིག་ལྗང་གུས་མཚན་པ། དཔག་ཏུ་མེད་པ་བསྡུས་ཏེ། སྤྱི་བོ་ཚངས་པའི་བུ་ག་ནས་ལུས་ལ་སིབ་སིབ་ཐིམ་པས། བླ་ཚེ་སྲོག་དབུགས་ཉམས་པ་ཐམས་ཅད་སོར་ཆུད་དེ། འཆི་བ་མེད་པའི་ཚེ་དང་། རྡོ་རྗེ་ལྟ་བུའི་སྲོག་ཐོབ་སྟེ། བཀྲག་མདངས་འོད་འབར་བར་སྒོམས་ཤིག༔ གྷི༔ ཕྱི་ནི་བུམ་པ་ནང་ནི་བདུད་རྩིས་གང་༔ གསང་བའི་དོན་ནི་པདྨ་ཚེ་དཔག་མེད༔ གནས་ལྔར་ཕྱག་མཚན་ལྔ་དང་ཡིག་འབྲུ་ལྔ༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ ཧྲཱིཿ ཤར་ཕྱོགས་དྲི་ཟའི་ལག་ནས་ལྕགས་ཀྱུས་ཁུག༔ ལྷོ་ཕྱོགས་གཤིན་རྗེའི་ལག་ནས་ཞགས་པས་ཁུག༔ ནུབ་ཕྱོགས་ཀླུ་བདུད་ལག་ནས་ལྕགས་


CMR008_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོག་ཁུག༔ བྱང་ཕྱོགས་གནོད་སྦྱིན་ལག་ནས་དྲིལ་བུས་ཁུག༔ སྟེང་ཕྱོགས་ཚངས་པ་བརྒྱ་བྱིན་ལག་ནས་ཁུག༔ འོག་ཕྱོགས་དགའ་བོ་འཇོག་པོའི་ལག་ནས་ཁུག༔ ཚེ་སྲོག་ཆད་པ་མཐུད་ལ་ཡར་བ་ཁུག༔ གས་པ་སྦྱོར་ལ་ཉམས་པ་ཐམས་ཅད་གསོས༔ འོད་ཟེར་དཀར་ལ་འཚེར་ཞིང་སྣུམ་ལ་འདྲིལ༔ སྤྱི་བོའི་གཙུག་ནས་ལུས་ལ་སིབ་སིབ་ཐིབ༔ འོད་འབར་འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུའེ་ཧཱུྃ་ཧཱུྃ་ཛ༔ ཞེས་མདའ་དར་གཡུག་ཕྱོགས་དང་དམིགས་པ་བསྣུན་ཅིང་གཡབ་བོ། །འོ་དེས་ཚེ་ཡར་བ་འགུགས་པ་སོང་ནས། མདུན་བསྐྱེད་ཚེ་གཏོར་ལ་དམིགས་ནས། དབང་བསྐུར་བའི་དོན་དུ་དམིགས་པ་མཛོད། ཚེ་གཏོར་འདི་ཉིད་གུ་རུ་པདྨ་འོད་འབར་དུ་གསལ་བའི་ཐུགས་ཀའི་ཧྲཱིཿལ། ཚེའི་སྔགས་ཀྱིས་གཡས་སུ་བསྐོར་བ་ལས། འོད་ཟེར་དཀར་སེར་དམར་ལྗང་དཔག་ཏུ་མེད་པ་ནམ་མཁའ་གང་བར་འཕྲོས་པས། ས་ཡི་བཅུད་ཐམས་ཅད་སེར་པོ་གསེར་ལྟ་བུ། ཆུའི་བཅུད་ཐམས་ཅད་དཀར་པོ་ཤེལ་ལྟ་བུ། མེའི་བཅུད་ཐམས་ཅད་དམར་པོ་པདྨ་རཱ་ག་ལྟ་བུ། རླུང་གི་བཅུད་ཐམས་ཅད་ལྗང་ཀུ་ཨིནྡྲ་ནི་ལ་ལྟ་བུ། ནམ་


CMR008_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

མཁའི་བཅུད་ཐམས་ཅད་བེཌཱུརྱ་ལྟ་བུར་བསྡུས། ཕྱུག་གི་བུམ་པ་དང་། བྷནྡྷར་ཞུགས། འཆི་བ་མེད་པ་ཚེའི་བདུད་རྩིར་གྱུར། །ཚེ་གཏོར་སྤྱི་བོར་བཞག་པའི་ཚེ། བྷནྡྷ་དང་བུམ་པ་ནས་བདུད་རྩིའི་རྒྱུན་བབ། སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། རྩ་དབུ་མའི་ནང་བརྒྱུད། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ། སྙིང་ག་ཆོས་ཀྱི་འཁོར་ལོ། ལྟེ་བ་སྤྲུལ་པའི་འཁོར་ལོ། གསང་གནས་བདེ་སྐྱོང་གི་འཁོར་ལོ། སྤྱི་གཙུག་མན་ཆད། རྐང་མཐིལ་ཡན་ཆད། འཆི་མེད་བདུད་རྩིས་ལྟེམ་གྱིས་གང་ནས། ནད་གདོན་ཚེའི་བར་ཆད་ཐམས་ཅད་འོག་སྒོ་དང་། རྐང་མཐིལ་བ་སྤུའི་བུ་ག་ནས་ནག་ཉིལ་གྱིས་ཕྱིར་ཐོན། ཤ་ཁྲག་དྲོད་དབུགས་སེམས་ཀྱི་ཚེ་ཉམས་པ་ཐམས་ཅད་སོར་ཆུད་དེ།་སའི་ཡོན་ཏན་ཐམས་ཅད་རྫོགས་པས་ལུས་སྲ་ཞིང་བརྟན་པ་རྡོ་རྗེ་ཕ་ལམ་ལྟ་བུ། ཆུའི་ཡོན་ཏན་རྫོགས་པས་ལུས་སྣུམ་ཞིང་བག་དྲོ་བ་མར་སར་ཉི་མས་དྲོས་པ་ལྟ་བུ། །མེའི་ཡོན་ཏན་རྫོགས་པས་ལུས་གསལ་ཞིང་བཀྲག་མདངས་དང་ལྡན་པ་སྤྲིན་མེད་པའི་ཉི་མ་ལྟ་བུ། རླུང་གི་ཡོན་ཏན་རྫོགས་པས་ལུས་ཡང་ཞིང་དཔའ་རྩལ་དང་ལྡན་པ་ནམ་མཁའ་


CMR008_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ལྡིང་ལྟ་བུ། སེམས་ཀྱི་ཡོན་ཏན་རྫོགས་པས་སེམས་ལ་ཟུག་རྔུ་མེད་པ་དགེ་སློང་བསམ་གཏན་བཞི་ལ་སྙོམས་པར་ཞུགས་པ་ལྟ་བུ་སྟེ། ཚེ་དང་བསོད་ནམས་ཐམས་ཅད་ཟླ་བ་ཡར་གྱི་ངོ་ལྟ་བུར་འཕེལ། ལུས་ཀྱི་སྟོབས་དང་རྩལ་དང་ཡོན་ཏན་ཐམས་ཅད་རྒྱས་ཏེ། འཆི་མེད་རྡོ་རྗེའི་ཚེ་ཐོབ་པའི་མོས་པ་མཛོད། ཧྲཱི༔ བུམ་པའི་ངོ་བོ་པདྨ་འོད་འབར་བཞུགས༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ ས་ཆུ་མེ་རླུང་བཅུད་རྣམས་རང་མདོག་གསལ༔ ཤ་ཁྲག་དྲོད་དབུགས་ཉམས་པ་སོར་ཆུད་དེ༔ སླར་ཡང་ཟླ་བ་ཡར་ངོ་ཇི་བཞིན་དུ༔ སྟོབས་རྩལ་ཡོན་ཏན་ཚེ་ཡི་དབང་ཐོབ་ཤོག༔ ཅེས་ཚེ་གཏོར་མགོར་བཞག་ལ། ཨོཾ་ཨཱ༔ཧཱུྃ་ཧཱུྃ༔ ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ཉང་བན་ཏིང་འཛིན་བཟང་པོ། སྔགས་འཆང་ཧཱུྃ་ནག་མེ་འབར། ལས་ཅན་ཆོས་ཀྱི་བདག་པོ། རྩ་བ་ནོར་བུས་བརྒྱན་པ། སྡོང་པོ་ཞྭ་དམར་ནག །ཡལ་ག་སེམས་དཔའ་མི་བརྒྱད། མེ་ཏོག་ལྟ་བུ་ལྔ། འབྲས་བུ་ལྟ་བུ་ལྔ། གྲུབ་ཐོབ་སུམ་ཅུ་རྩ་བརྒྱད། ཕྱིར་མི་ལྡོག་པའི་ས་


CMR008_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པ་བརྒྱ་རྩ་བརྒྱད་ལ་སོགས་པ། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་དང་། ཁྱད་པར་དུ་དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་འཁོར་དཔའ་བོ་མཁའ་འགྲོ་རིག་འཛིན་བྱེ་བ་འབུམ་དང་བཅས་པ་ཐམས་ཅད་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་ལ། འཆི་བ་མེད་པ་ཚེའི་དབང་བསྐུར་བར་མཛད་དུ་གསོལ། ཚེ་མི་ཤིགས་པ་རྡོ་རྗེ་ལྟ་བུར་མཛོད་ཅིག །ཚེ་མི་འགྱུར་བ་གཡུང་དྲུང་ལྟ་བུར་མཛོད་ཅིག །ཚེ་མི་ནུབ་པ་རྒྱལ་མཚན་ལྟ་བུར་མཛོད་ཅིག །འཆི་བ་མེད་པ་ཚེའི་རིག་འཛིན་ཐོབ་པར་བྱིན་གྱིས་རློབས་ཤིག །སྔགས་ལན་གསུམ་བརྗོད། ད་བུམ་པ་ལ་བརྟེན་ནས་ཚེ་བསྲིང་བ་ནི་བུམ་པའི་དབུས་སུ་གུ་རུ་པདྨ་འོད་འབར་བཞུགས་པའི་སྐུ་ལས་འོད་ཟེར་ཁ་དོག་སྣ་ཚོགས་ནམ་མཁའ་གང་བར་འཕྲོས་པས། ཕྱོགས་བཅུའི་རྒྱལ་བ་རབ་འབྱམས་རྣམས་དང་། རིགས་གསུམ་མགོན་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། འཇིག་རྟེན་ན་མངའ་ཐང་བསོད་ནམས་ལོངས་སྤྱོད་ཅན། ཚངས་པ་དང་དབང་ཕྱུག་ལ་སོགས་ལྷ་ཚེ་རིང་བ་རྣམས་དང་། སྟོབས་ཀྱི་རྒྱུ་དང་ནོར་རྒྱས་ལ་སོགས་ཀླུ་ཚེ་རིང་པོ་རྣམས་དང་། གསེར་གྱི་འཁོར་ལོས་སྒྱུར་བ་ལ་


CMR008_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་མི་ཚེ་རིང་བ་རྣམས་དང་། རྣམ་ཐོས་ཀྱི་བུ་ལ་སོགས་མངའ་ཐང་ལོངས་སྤྱོད་ཅན་རྣམས་ཀྱི་ཚེ་བསོད་ནམས། ཟག་བཅས་འཇིག་རྟེན་གྱི་བསོད་ནམས། ཟག་མེད་འཕགས་པ་བཞིའི་སྐུ་དང་ཚེ་བསོད་ནམས། མཁའ་འགྲོ་ཆོས་སྐྱོང་། འཇིག་རྟེན་སྐྱོང་བ་རྣམས་ཀྱི་མཐུ་སྟོབས་ནུས་པ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས། བུམ་པར་ཞུགས་འཆི་མེད་ཀྱི་བདུད་རྩིར་གྱུར། བུམ་པ་སྤྱི་བོར་བཞག་པའི་ཚེ་བུམ་པའི་ཁ་ནས་ལྷུད། སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། ལུས་འཆི་མེད་ཚེའི་བདུད་རྩིས་ལྟེམ་གྱིས་གང་། ལྕགས་ལ་གསེར་འགྱུར་གྱི་རྩིས་རེག་པ་ལྟར། སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་ཐོབ་པར་སྒོམས་ཤིག །ཧྲཱིཿ བུམ་པའི་བདུད་རྩི་པདྨ་འོད་འབར་ཞུ༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ རྒྱལ་བ་རབ་འབྱམས་རིགས་གསུམ་མགོན་པོ་དང་༔ འཇིག་རྟེན་ལོངས་སྤྱོད་མངའ་ཐང་བསོད་ནམས་ཅན༔ ཟག་བཅས་ཟག་མེད་མཐུ་སྟོབས་ནུས་པ་ཀུན༔ དེང་འདིར་བུ་ལ་ཚེ་ཡི་དབང་ཐོབ་ཤོག༔ སྔགས་བཟླས་ཤིང་བུམ་ཆུ་བླུད། ཆུའི་ལྷག་མ་ཡར་ལུད་པ་ལས། འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། ད་ཚེ་


CMR008_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

རིལ་ལ་བརྟེན་ནས་ཚེ་བསྲིང་བ་ནི། སྔོན་རྒྱལ་པོ་གཙུག་ལག་འཛིན་དང་། ཡངས་པ་ཅན་གྱི་བུ་མོ་སོགས་ཀྱིས་བྲམ་ཟེའི་ཤའི་རིལ་བུ་ཟོས་པས་འཇའ་ལུས་རྡོ་རྗེའི་སྐུ་ཐོབ་པ་ལྟར། །རིལ་བུ་འདི་ཨོ་རྒྱན་ཚེ་དཔག་ཏུ་མེད་པ་སྐུ་ཆུང་ལ་ཡན་ལག་དོད་པ། ཁ་ཤར་གྱི་སྒོ་ནས་བྱོན། སྙིང་པདྨ་འདབ་བརྒྱད་ཀྱི་སྟེང་དུ་བཞུགས་པར་སྒོམས་ཤིག །ཧཱི༔ སྔོན་བྱོན་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ སྒྲུབ་རྫས་རིལ་བུ་འདི་ལ་བརྟེན་ནས་མཛད༔ གུ་རུའི་བྱིན་རླབས་རིལ་བུར་འདུ་འབྲལ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་ཟས་སུ་སྦྱིན༔ དམ་རྫས་མ་སྤངས་བཅུད་ལེན་སྙིང་པོ་སྤྱོད༔ ཟ་ཐང་ལོངས་སྤྱོད་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུཥ་ཧཱུྃ་ཧཱུྃ་ཛ༔ དེ་བཞིན་ཏུ་སྔགས་བཟླས་ཤིང་ཚེ་རིལ་སྦྱིན་ད་ཚེ་ཆང་ལ་བརྟེན་ནས་ཚེ་བསྲིང་བ་ནི། སྔོན་གྲུབ་ཆེན་བྱ་རི་ཀ་པ་དང་། ཨཱརྱ་དེ་ཝ་སོགས་ཀྱིས་ཚེ་ཆུ་ལ་བརྟེན་ནས་འཆི་མེད་ཚེ་འགྲུབ་པ་ལྟར་ཨོ་རྒྱན་ཚེ་དཔག་མེད་འོད་དུ་ཞུ་བ་ལས་བྱུང་བའི། བདུད་རྩི་འདི་འཐུང་བས་འཆི་མེད་ཚེ་ཡི་དངོས་གྲུབ་དང་ནད་མེད་བདེ་བའི་ལང་ཚོ་རྒྱས། རྒས་མེད་བཅུ་དྲུག་གི་ན་ཚོད་གཞོན་ཤ་དང་ལྡན་པར་སྒོམས་


CMR008_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག །ཧྲཱི༔ སྔོན་བྱོན་དྲང་སྲོང་རིག་འཛིན་ཐམས་ཅད་ཀྱིས༔ ཚེ་སྒྲུབ་བདུད་རྩི་འདི་ལ་བརྟེན་ནས་མཛད༔ རྒྱལ་བའི་བྱིན་རླབས་བདུད་རྩིར་འདུ་འབྲལ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་སྐོམ་དུ་སྦྱིན༔ ཕྱི་ནང་བྱང་སེམས་ཁམས་རྣམས་འཕེལ་ཞིང་རྒྱས༔ བདེ་དྲོད་རབ་འབར་ཚེ་ཡི་དབང་ཐོབ་ཤོག༔ སྔགས་བཟླས་ཤིང་ཚེ་ཆུ་སྦྱིན། དེ་ལྟར་ཚེ་དབང་བསྐུར་བ་དེ་མི་ཉམས་ཤིང་བར་ཆད་མི་འཇུག་པའི་ཕྱིར། སླར་ཡང་སྲུང་བའི་གོ་བགོ་བ་ནི། མདུན་བསྐྱེད་པདྨ་འོད་འབར་གྱི་སྐུ་ལས་སྣ་ཚོགས་རྡོ་རྗེ་ཕྲ་མོའི་ཆར་བབ་པས་ཁྱེད་རང་གི་ལུས་ལ་རྡོ་རྗེའི་གོ་ཁྲབ་ཞུ་ལུབས་སུ་གྱོན་ནས། འོད་ཟེར་ཁྱི་ལེར་བསྒོམ། ཚེ་ནས་གཏོར་ཞིང་། ཨོཾ་བཛྲ་རཀྵ་ཧཱུྃ༔ ཞེས་བརྗོད། དེ་ནས་ཚེའི་དབང་བསྐུར་བ་དེ་མི་ཉམས་ཤིང་བརྟན་པར་བྱ་བའི་ཕྱིར་རྒྱས་འདེབས་པ་ནི། ཁྱེད་རང་གི་དཔྲལ་བ་ལ། ཨོཾ་ལས་འཁོར་ལོ་དཀར་པོ་ཨོ་ཡིག་གིས་མཚན་པས་རྒྱས་གདབ། ལྗགས་སྟེང་དུ་ཨཱལས་པདྨ་དམར་པོ་ཨཱ༔ཡིག་གིས་མཚན་པས་རྒྱས་གདབ། སྙིང་གའི་དབུས་སུ་ཧཱུཾ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་ཡིག་གིས་མཚན་པས་རྒྱས་གདབ། ལྟེ་བའི་རྩ་མདུད་དུ་སྲ་ལས་རིན་པོ་ཆེ་


CMR008_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

སེར་པོ་སཱ་ཡིག་གིས་མཚན་པས་རྒྱས་གདབ། གསང་གནས་སུ་ཧཱ་ལས་སྣ་ཚོགས་རྡོ་རྗེ་ཧཱ་ཡིག་གིས་མཚན་པས་རྒྱས་གདབ། ཐུགས་ཀར་ཧཱུཾ་གི་ནང་དུ་སྲོག་མི་འགྱུར་བའི་ངོ་བོ་ཨ་དཀར་པོ། དེའི་ནང་དུ་སྲོག་གི་ས་བོན་དང་ངོ་བོ་ནི་ཡིག་ལྗང་གུ་བཀྲག་མདངས་འོད་ཟེར་འབར་བ་དེ་ལ། ཚེ་ཡི་བཅུད་ཐམས་ཅད་འདུས་ནས་ཚེ་དབྱེར་མེད་དུ་རྒྱས་གདབ་པར་སོམས་ཤིག །ཧྲཱི༔ དང་པོ་ཆོས་ཀྱི་དབྱིངས་ཀྱི་རྒྱ༔ གཉིས་པ་ཐབས་དང་ཤེས་རབ་རྒྱ༔ གསུམ་པ་སྐུ་གསུང་ཐུགས་ཀྱི་རྒྱ༔ བཞི་པ་ཡེ་ཤེས་བཞི་ཡི་རྒྱ༔ ལྔ་པ་རིགས་ལྔའི་སངས་རྒྱས་རྒྱ༔ དྲུག་པ་བཅོམ་ལྡན་ཐུབ་དྲུག་རྒྱ༔ བདུན་པ་སངས་རྒྱས་རབ་བདུན་རྒྱ༔ ཕྱག་རྒྱ་བདུན་གྱིས་རྒྱས་བཏབ་བོ༔ བཀྲ་ཤིས་ནི། ཨེ་མ་ཧོ༔ ཤེས་བྱའི་དོན་ལ་མ་རྨོངས་པའི༔ བླ་མ་དམ་པའི་བཀྲ་ཤིས་ཤོག༔ གང་ལ་བསམ་པ་དེ་ཡིས་འགྲུབ༔ ཡི་དམ་ལྷ་ཡི་བཀྲ་ཤིས་ཤོག༔ སྐུ་གསུང་ཐུགས་ཀྱི་བྷ་ག་ལ༔ ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག༔ ཅེས་བཀྲ་ཤིས་བརྗོད། འོ་དེས་གུ་རུ་པདྨ་འོད་འབར་གྱི་ཚེ་སྒྲུབ་ལྕགས་ཀྱི་རི་བོའི་དབང་རྒྱས་པར་ཐོབ་པ་ཡིན་པས་ཨོ་རྒྱན་ཚེ་དཔག་མེད་ཡི་དམ་གྱི་ལྷར་འཛིན་སྙམ་


CMR008_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

པས། འདིའི་རྗེས་ཟློས་མཛོད།་གཙོ་བོས་ཇི་ལྟར་བཀའ་སྩལ་པ། སོགས་བརྗོད། དེ་ལྟར་ཚེ་སྒྲུབ་དུས་བདག་འཇུག་ལེན་ནོ། །གཞན་ལ་བསྐུར་དུས་སོགས་ལ་དམིགས་པ་དེ་ལྟར་རོ། །ཞེས་པ་འདི་འབྲུག་ལོ་མགོ་ཟླ་བའི་དམར་པོའི་ཚེས་ལྔ་ནུབ་སྣང་གསལ་སྒྲོན་མེའི་ངོགས་ལ༔ ༧ རཱ་ག་ཨ་སྱས་སྦྱར་བའི་ཡི་གེ་པ་དང་ཞུ་བ་པོ་ནི་ཀརྨ་བིརྱ་སཱ་ག་རའོ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས༔ ཚེ་སྒྲུབ་ཀྱི་རྒྱུན་ཁྱེར་དམིགས་རིམ་ཞལ་ཤེས་བཀོད་པ་ཨ་རཱ་གས་སྦྱར་བ།།


CMR008_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས༔ ཚེ་སྒྲུབ་ཀྱི་རྒྱུན་ཁྱེར་དམིགས་རིམ་ཞལ་ཤེས་བཀོད་པ་ཨ་རཱ་གས་སྦྱར་བ་བཞུགས།།


CMR008_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་གཞུང་ནས་ཚེ་སྒྲུབ་རྒྱས་པ་དང་། རྒྱུན་ཁྱེར་བསྡུས་པ་དང་དབང་བཞི་ཡོངས་རྫོགས་མཇུག་ཏུ་ཚེ་དབང་གི་མཐའ་བརྟེན་བྱ་ཚུལ་གསུངས་པ་དེ། གསར་བུ་རྣམས་ཀྱིས་དབྱེ་ཤེས་པར་དཀའ་བ་ཙམ་དུ་འདུག་པས། གཞི་ཡི་སྟེང་དུ་པདྨ་འདབ་མ་བརྒྱད་དམ་འབྲུ་ཡི་ཚོམ་བུ་བྱ། བུམ་པ་ཚེ་གཏོར་ཚེ་ཆང་ཚེ་ནས་ཚེ་རིལ། འཛོམས་ན་ཚེ་འགུགས་མདའ་དར་དམར་པོའམ་དཀར་པོ་གཅིག །རྒྱས་འདེབས་ཁ་བཏགས་གམ་མོན་ཙི་རྡོ་རྗེ་རྒྱ་གྲམ་མདུད་བྱས་ལ་མདའ་དར་ལ་བཏགས། མེད་ན་མདའ་དར་གཅིག་དེས་ཆོག །དེ་ནས་ཚེ་སྒྲུབ་ནི་པདྨ་འོད་འབར་ཚར་གཅིག་གིས་ཆོག་སྟེ། བདག་བསྐྱེད་ལྷར་བསྐྱེད་པ་དང་། བུམ་པའི་ནང་དུ་ཚེ་གཏོར་དང་གསུམ་ཀ་པདྨ་འོད་འབར་དུ་བསྐྱེད་ལ། དང་པོ་སྔོན་འགྲོ་ནི། བགེགས་གཏོར་མི་


CMR008_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་སྟོང་པའི་ངང་ཉིད་ལས། །རིན་ཆེན་སྣོད་དུ་བདུད་རྩིའི་རྒྱ་མཚོར་གྱུར། །བསྲེག་སྦྱངས་གཏོར་བྱེད་རཾ་ཡཾ་ཁཾ་གསུམ་འཕྲོས། །ཨོཾ་ཨཱཿཧཱུྃ་གིས་འདོད་དོན་དཔག་མེད་གྱུར། །དེང་འདིར་དཀྱིལ་འཁོར་མཆོད་པས་འབྱུང་པོ་ཀུན། །གནས་འདིར་མ་འདུག་གཏོར་མས་ཚིམ་གྱིས་ལ། །རང་རང་སོ་སོའི་གནས་སུ་ཕྱིར་དེངས་ཤིག །གལ་ཏེ་མི་འགྲོ་བར་ཆད་བྱེད་པ་ན། །ང་ཉིད་དབང་ཆེན་པདྨ་རྟ་སྐད་འཚེར། །ཁམས་གསུམ་སྲིད་པ་གསུམ་ཀུན་འདར་ཞིང་སྔངས། །གདོན་བགེགས་འབྱུང་པོ་མ་ལུས་རྡུལ་དུ་རློགས། །ཨོཾ་པདྨནྟ་ཀྲྀཏ་ཧཱུྃ་ཕཊ།


CMR008_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་བྱེད་སརྦ་ཤ་ཏྲ་མཱ་ར་ཡ་སྲིད་ན་ཟློག་ཅིག །ཅེས་སྔགས་ལན་གསུམ་བཟླ་ཞིང་ནས་ལྕག་རྒྱབས། གཏོར་མ་ཕྱི་རོལ་དུ་དོར། དེ་ནས་སྲུང་འཁོར་ནི་དབྱངས་རོལ་མོ་དང་བཅས། ཧྲཱི༔ བདག་ཉིད་འགྱུར་མེད་ཡེ་ནས་རྡོ་རྗེའི་སྐུ༔ ཞེས་སོགས་ནས། ཨོཾ་བཛྲ་རཀྟ་ཛྭ་ལ་རཾ། སྔགས་མང་དུ་བརྗོད་ཅིང་རོལ་མོ་བྱའོ། །སྐྱབས་སེམས་ནས་གཞུང་བསྲང་། བདག་མདུན་ཚེ་སྒྲུབ་ནི།ཧྲཱིཿསྒྲུབ་རྫ་ས་ངོ་བོ་པདྨ་འོད་འབར་སྐུ༔ དཀར་གསལ་མདངས་ལྡན་སོགས་ནས། གཉིས་མེད་རོལ་པ་ཆེན་པོར་ཕྱག་འཚལ་བསྟོད༔ རང་གི་ཐུགས་ཀར་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཧྲཱིཿདཀར་པོ་དེའི་མཐར་སྔགས་ཕྲེང་འོད་ལྔའི་མདངས་དང་ལྡན་པ་འཁོར་བ༔ བུམ་བསྐྱེད་དང་གཏོར་མ་ལྷར་གསལ་བའི་དཔྲལ་བར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ༔ མགྲིན་པར་པདྨ་དམར་པོ་ཨཱས་མཚན་པ༔ ཐུགས་ཀར་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ༔ ལྟེ་བར་རིན་ཆེན་སེར་པོ་སྲས་མཚན་པ༔ གསང་བར་སྣ་ཚོགས་རྡོ་རྗེའི་ཧས་མཚན་པར་བསྒོམ། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་བསྐྱེད་བུམ་བསྐྱེད་ལ་ཕོག༔ དེ་ཡི་གནས་ལྔ་ཕྱག་མཚན་ཡིག་འབྲུ་ལྔ་ལས་འོད་ཟེར་དཔག་ཏུ་མེད་པ་ནམ་མཁའ་ཁྱབ་པར་


CMR008_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས༔ ཕྱི་སྣོད་ཀྱི་འཇིག་རྟེན་བདེ་བ་ཅན་གྱི་ཞིང་ཁམས༔ ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་པདྨ་འོད་འབར་གྱི་སྐུ་ཤ་སྟག་ཏུ་གྱུར་ཏེ༔ དེ་ཐམས་ཅད་ཀྱིས་རམ་བུ་བཀྱག་པའི་ཚུལ་དུ་སྔགས་འུ་རུ་རུ་བཟླས་པའི་ནུས་པ་དང་གཟི་བརྗིད་ཀྱིས་སངས་རྒྱས་བྱང་སེམས་རྩ་བ་གསུམ་དང་༔ ཆོས་སྐྱོང་ཐམས་ཅད་ཀྱི་ཚེ་ཡི་བྱིན་རླབས་དང་༔ འབྱུང་བའི་བཅུད་ཀྱི་དྭངས་མ་ཐམས་ཅད་དང་དྲང་སྲོང་རིག་འཛིན་ཚེ་ལ་དབང་བ་ཐམས་ཅད་ཀྱི་བྱིན་རླབས༔ མདོར་ན་སེམས་ཅན་བསོད་ནམས་ཅན༔ དཀར་པོ་དགེ་བའི་ལས་སྒྲུབ་ཅིང་དབང་ཆེ་བ་རྩལ་དྲག་པ་འཁོར་མང་ལ་ཡོན་ཏན་ཆེ་བ༔ སྟོབས་དང་སྙན་གྲགས་ཅན་གདུལ་བྱ་ཕྲིན་ལས་ཀྱི་ཚེ་བསོད་ནམས་ཐམས་ཅད་ཡི་གེ་ནི་ཡི་རྣམ་པར་འོད་ཟེར་ཁ་དོག་སྣ་ཚོགས་ཀྱི་ལི་ལི་བུམ་པའི་ནང་དང་ཚེ་གཏོར་དང་༔ ཚེ་རིལ་ཚེ་ཚང་ལ་སིབ་སིབ་ཐིམ་པར་བསྒོམ་ཞིང་༔ སྔགས་འདི་སྟོང་ངམ་བརྒྱ་རྩ་བརྒྱད་ལས་མི་ཉུང་བར་བཟླ། ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུཥ་ཧཱུཾ་ཏྲཾ་ཛ༔ དེ་ནས་བདག་འཇུག་ཀྱང་བླང་། མ་བླངས་ཀྱང་རུང་། ཐུན་མཚམས་སུ་ཚེ་འགུགས་དམིགས་པ་ནི། བུམ་པ་འདི་ཕྱི་རིན་པོ་ཆེའི་བུམ་པ་ནང་གཞལ་ཡས་གྲུ་བཞི་སྒོ་བཞི་རྒྱན་


CMR008_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་བབས་བང་རིམ་དང་བཅས་པའི་དབུས་སུ་པདྨ་དང་ཟླ་བའི་གདན་ལ་ཨོ་རྒྱན་པདྨ་ཚེ་དཔག་མེད་པ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པའི་ཕྱག་གཉིས་གཡོན་བྷནྡྷའི་ནང་དུ་ཚེ་བུམ་འཛིན་པ། དཔྲལ་བར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ༔ མགྲིན་པར་པདྨ་དམར་པོ་ཨཱུས་མཚན་པ༔ ཐུགས་ཀར་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ༔ ལྟེ་བར་རིན་པོ་ཆེ་སེར་པོ་སཱུས་མཚན་པ། གསང་བར་སྣ་ཚོགས་རྡོ་རྗེ་ཧཱས་མཚན་པ། དེ་རྣམས་ལས་འོད་ཟེར་ཁ་དོག་སྣ་ཚོགས་ནམ་མཁའ་གང་བ་སྤྲོས་པས་འཁོར་འདས་སྣོད་བཅུད་ཀྱི་ཚེ་དང་བསོད་ནམས་ཐམས་ཅད་བསྡུས༔ ཁྱད་པར་དུ་འོད་ཟེར་དཀར་པོ་ལྕགས་ཀྱུ་ལྟ་བུ་ཤར་ཕྱོགས་སུ་འཕྲོས་པས༔ ཤར་ཕྱོགས་དྲི་ཟའི་ལག་ཏུ་ཚེ་འཁྱམས་པ་ཡར་བ་བརྐུས་པ་འཕྲོག་པ་ཐམས་ཅད་འོད་ཀྱི་ཐིག་ལེ་དཀར་ལ་འཚེར་བ་སྣུམ་ལ་འདྲིལ་བ་ནི་ཡིག་ལྗང་གུས་མཚན་པ་དཔག་ཏུ་མེད་པར་བསྡུས་ཏེ་སྤྱི་བོ་ཚངས་པའི་བུ་ག་ནས་ལུས་ལ་སིབ་སིབ་ཐིམ༔ དེ་བཞིན་དུ་འོད་ཟེར་སེར་པོ་ཞགས་པ་ལྟ་བུ་ལྷོ་ཕྱོགས་སུ་འཕྲོས་པས༔ ལྷོ་ཕྱོགས་གཤིན་རྗེའི་ལག་ཏུ་ཚེ་འཁྱམས་པ་ཡར་བ་བརྐུས་པ་འཕྲོག་པ་ཐམས་ཅད་བསྡུས༔ འོད་ཟེར་དམར་པོ་


CMR008_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་སྒྲོག་ལྟ་བུ་ནུབ་ཕྱོགས་སུ་འཕྲོས་པས༔ ནུབ་ཕྱོགས་ཀླུ་བདུད་ཀྱི་ལག་ཏུ་ཚེ་འཁྱམས་པ་ཡར་བ་བརྐུས་པ་འཕྲོག་པ་ཐམས་ཅད་བསྡུས༔ ཡང་འོད་ཟེར་ལྗང་གུ་དྲིལ་བུ་དབྱིབས་ཅན་བྱང་ཕྱོགས་སུ་འཕྲོས་པས༔ བྱང་ཕྱོགས་གནོད་སྦྱིན་གྱི་ལག་ཏུ་ཚེ་འཁྱམས་པ་ཡར་བ་བརྐུས་པ་འཕྲོག་པ་ཐམས་ཅད་བསྡུས༔ ཡང་འོད་ཟེར་མཐིང་ཀ་སྟེང་ཕྱོགས་སུ་འཕྲོས་པས༔ ཚངས་པ་ལ་སོགས་གཟུགས་ཁམས་ཀྱི་ལྷ་དང་༔ བརྒྱ་བྱིན་ལ་སོགས་འདོད་ཁམས་ཀྱི་ལྷ་སྟེ༔ སྟེང་ཕྱོགས་ལྷའི་བུ་ཡི་བདུད༔ གཟའ་རྒྱུ་སྐར་གྱི་ལག་ཏུ་ཚེ་འཁྱམས་པ་ཡར་བ་བརྐུས་པ་འཕྲོག་པ་ཐམས་ཅད་བསྡུས། ཡང་འོད་ཟེར་ཁ་དོག་སྣ་ཚོགས་འོག་ཕྱོགས་སུ་འཕྲོས་པས་དགའ་བོ་འཇོག་པོ་ལ་སོགས་ཀླུ་གཉན་ས་བདག་ཐམས་ཅད་ཀྱི་ལག་ཏུ་ཚེ་འཁྱམས་པ་ཡར་བ་བརྐུས་པ་འཕྲོག་པ་ཐམས་ཅད་བསྡུས༔ ཐིག་ལེ་དཀར་ལ་འཚེར་བ་སྣུམ་ལ་འདྲིལ་བ་ནི་ཡིག་ལྗང་གུས་མཚན་པ་དཔག་ཏུ་མེད་པ་བསྡུས་ཏེ་སྤྱི་བོ་ཚངས་པའི་བུ་ག་ནས་ལུས་ལ་སིབ་སིབ་ཐིམ་པས་བླ་ཚེ་སྲོག་དབུགས་ཀྱི་ཉམས་པ་ཐམས་ཅད་སོར་ཆུད་དེ༔ འཆི་བ་མེད་པའི་ཚེ་དང་རྡོ་རྗེའི་ལྟ་བུའི་སྲོག་ཐོབ་སྟེ༔ བཀྲག་


CMR008_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

མདངས་འོད་དུ་འབར་བར་བསྒོམ་ཞིང་༔ ཁྱད་པར་ཚེ་གཏོར་འདི་ཉིད་གུ་རུ་པདྨ་འོད་འབར་དུ་གསལ་བའི་ཐུགས་ཀའི་ཧྲཱིཿལ་ཚེ་ཡི་སྔགས་གཡས་སུ་འཁོར་བ་ལས་འོད་ཟེར་དཀར་སེར་དམར་ལྗང་དཔག་ཏུ་མེད་པ་ནམ་མཁའ་གང་བར་འཕྲོས་པས་ས་ཡི་བཅུད་ཐམས་ཅད་སེར་པོ་གསེར་ལྟ་བུ༔ ཆུ་ཡི་བཅུད་ཐམས་ཅད་དཀར་པོ་ཤེལ་ལྟ་བུ༔ མེ་ཡི་བཅུད་ཐམས་ཅད་དམར་པོ་པདྨ་རཱ་ག་ལྟ་བུ༔ རླུང་གི་བཅུད་ཐམས་ཅད་ལྗང་གུ་ཨིནྡྲ་ནཱི་ལ་ལྟ་བུ༔ ནམ་མཁའི་བཅུད་ཐམས་ཅད་སྔོན་པོ་བེཌུརྱ་ལྟ་བུར་བསྡུས་ཏེ་ཕྱག་གི་བུམ་པ་དང་ལྷའི་ཞལ་དུ་ཞུགས་འཆི་བ་མེད་པ་ཚེ་ཡི་བདུད་རྩིར་གྱུར༔ ཚེ་གཏོར་དང་བྷནྡྷ་བུམ་པའི་ནང་དུ་བདུད་རྩིའི་རྒྱུན་བབས༔ སྤྱི་བོ་ཚངས་པའི་བུ་གར་ཞུགས༔ རྩ་དབུ་མའི་ནང་དུ་བརྒྱུད་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་གང་༔ མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ༔ སྙིང་ག་ཆོས་ཀྱི་འཁོར་ལོ༔ ལྟེ་བ་སྤྲུལ་པའི་འཁོར་ལོ༔ གསང་གནས་བདེ་སྐྱོང་གི་འཁོར་ལོ༔ སྤྱི་གཙུག་མན་ཆད་རྐང་མཐིལ་ཡན་ཆད་འཆི་མེད་བདུད་རྩིས་ལྟེམ་གྱིས་གང་ནས༔ ནད་གདོན་ཚེ་ཡི་བར་ཆད་ཐམས་ཅད་འོག་སྒོ་དང་རྐང་མཐིལ༔ བ་སྤུའི་བུ་ག་ནས་ནག་ཉིལ་གྱིས་


CMR008_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཐོན་ཤ་དང་ཁྲག་དང་དྲོད་དང་དབུགས་སེམས་ཀྱི་ཚེ་ཉམས་པ་ཐམས་ཅད་སོར་ཆུད་དེ༔ ས་ཡི་ཡོན་ཏན་རྫོགས་པས་ལུས་སྲ་ཞིང་བརྟན་པ་རྡོ་རྗེ་ཕ་ལམ་ལྟ་བུ༔ ཆུ་ཡི་ཡོན་ཏན་རྫོགས་པས་ལུས་སྣུམ་ཞིང་བག་དྲོ་བ་མར་གསར་བ་ཉི་མས་དྲོས་པ་ལྟ་བུ༔ མེ་ཡི་ཡོན་ཏན་རྫོགས་པས་ལུས་གསལ་ཞིང་བཀྲག་མདངས་ལྡན་པ་སྤྲིན་མེད་པའི་ཉི་མ་ལྟ་བུ༔ རླུང་གི་ཡོན་ཏན་རྫོགས་པས་ལུས་ཡང་ཞིང་དཔའ་རྩལ་དང་ལྡན་པ་མཁའ་ལྡིང་གི་རྒྱལ་པོ་ལྟ་བུ༔ སེམས་ཀྱི་ཡོན་ཏན་རྫོགས་པས་ཟུག་རྔུ་མེད་པ་དགེ་སློང་བསམ་གཏན་བཞི་ལ་སྙོམས་པར་ཞུགས་པ་ལྟ་བུར་གྱུར་ཏེ༔ ཚེ་དང་བསོད་ནམས་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་འཕེལ༔ ལུས་ཀྱི་སྟོབས་དང་རྩལ་དང་ཡོན་ཏན་ཐམས་ཅད་རྒྱས་ཏེ་འཆི་མེད་རྡོ་རྗེའི་ཚེ་ཐོབ་པའི་མོས་པ་མཛོད༔ ཅེས་དང་༔ ཧཱུྃ༔ ཕྱི་ནི་བུམ་པ་ནང་ནི་བདུད་རྩིས་གང་༔ གསང་བའི་དོན་ནི་པདྨ་ཚེ་དཔག་མེད༔ གནས་ལྔར་ཕྱག་མཚན་ལྔ་དང་ཡིག་འབྲུ་ལྔ༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ བཱི༔ ཤར་ཕྱོགས་དྲི་ཟའི་ལག་ནས་ལྕགས་ཀྱུས་ཁུག༔ ལྷོ་ཕྱོགས་གཤིན་རྗེའི་ལག་ནས་ཞགས་པས་ཁུག༔ ནུབ་ཕྱོགས་ཀླུ་


CMR008_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ལག་ནས་ལྕགས་སྒྲོག་ཁུག༔ བྱང་ཕྱོགས་གནོད་སྦྱིན་ལག་ནས་དྲིལ་བུས་ཁུག༔ སྟེང་ཕྱོགས་ཚངས་པ་བརྒྱ་བྱིན་ལག་ནས་ཁུག༔ འོག་ཕྱོགས་དགའ་བོ་འཇོག་པོའི་ལག་ནས་ཁུག༔ ཚེ་སྲོག་ཆད་པ་མཐུད་ལ་ཡར་བ་ཁུག༔ གས་པ་སྦྱོར་ལ་ཉམས་པ་ཐམས་ཅད་གསོས༔ འོད་ཟེར་དཀར་ལ་འཚེར་ཞིང་སྣུམ་ལ་འདྲིལ༔ སྤྱི་བོའི་གཙུག་ནས་ལུས་ལ་སིབ་སིབ་ཐིམ༔ འོད་འབར་འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུཥ་ཧཱུྃ་ཧཱུྃ་ཛ༔ བསྙེན་པ་གྲུབ་ནས་བདག་འཇུག་བླང་བ་ནི༔ གསོལ་འདེབས་མཎྜལ་འབུལ་བ་སོགས་སྤྱི་ལྟར་བྱ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ འགྲོ་རྣམས་མ་ལུས་སྒྲོལ་བའི་དེད་དཔོན་མཆོག༔ ཨོ་རྒྱན་པདྨ་རིག་འཛིན་ཚེ་དཔག་མེད༔ བདག་གི་ལུས་ངག་ཡིད་གསུམ་བྱིན་རློབས་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ནད་རིགས་བཞི་བརྒྱ་རྩ་བཞི་དང་༔ རྐྱེན་ངན་ཉི་ཁྲི་ཆིག་སྟོང་དང་༔ ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་དང་༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས༔ ཚེ་ཡི་བར་ཆད་མི་མཐུན་ཕྱོགས༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ ལན་གཅིག་གམ་གསུམ་བྱའོ༔ སྒྲུབ་གཏོར་རང་གི་


CMR008_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་བོར་བཞག་ལ་མདུན་བསྐྱེད་ཀྱི་གནས་ལྔ་ནས་འོད་ཟེར་དཀར་དམར་མཐིང་གསུམ་གོང་ལྟར་གྱི་དམིགས་པ་སྦྱར་ལ་ཚིགས་བཅད་འདི་སྐད་བརྗོད༔ ཧྲཱི༔ བུམ་པའི་ངོ་བོ་པདྨ་འོད་འབར་བཞུགས༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ རྒྱལ་བ་རབ་འབྱམས་རིགས་གསུམ་མགོན་པོ་དང་༔ ས་ཆུ་མེ་རླུང་བཅུད་རྣམས་རང་མདོག་གསལ༔ ཤ་ཁྲག་དྲོད་དབུགས་ཉམས་པ་སོར་ཆུད་ནས༔ སླར་ཡང་ཟླ་བ་ཡར་ངོ་ཇི་བཞིན་དུ༔ སྟོབས་རྩལ་ཡོན་ཏན་ཚེ་ཡི་དབང་ཐོབ་ཤོག༔ ཀཱ་ཡ་ཝཀྲ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གཟུངས་བཟླ་ཞིང་གཏོར་མ་མགོར་བཞག༔ དེ་ནས་བུམ་པ་ཐོགས་ལ༔ཧྲཱིཿབུམ་པའི་བདུད་རྩི་པདྨ་འོད་འབར་ཞུ༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ རྒྱལ་བ་རབ་འབྱམས་རིགས་གསུམ་མགོན་པོ་དང་༔ འཇིག་རྟེན་ལོངས་སྤྱོད་མངའ་ཐང་བསོད་ནམས་ཅན༔ ཟབ་བཅས་ཟག་མེད་མཐུ་སྟོབས་ནུས་པ་ཀུན༔ དེངས་འདིར་བུ་ལ་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱ༔ཧཱུྃ་བཛྲ༴ སྔགས་བརྗོད་ཅིང་བུམ་པ་མགོར་བཞག་བུམ་ཆུ་བླུད༔ དེ་ནས་ཚེ་རིལ་ཚེ་ཆང་ལ་བརྟེན་ནས་ཚེ་བསྲིང་བའི་དམིགས་པ་ནི། སྔོན་རྒྱལ་པོ་གཙུག་ལག་འཛིན་དང་༔ ཡངས་པ་ཅན་གྱི་བུ་མོ་སོགས་ཀྱིས་བྲམ་ཟེའི་


CMR008_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཤའི་རིལ་བུ་ཟོས་པས་འཇའ་ལུས་རྡོ་རྗེའི་སྐུ་ཐོབ་པ་ལྟར༔ རིལ་བུ་ཨོ་རྒྱན་ཚེ་དཔག་མེད་སྐུ་ཆུང་ལ་ཡན་ལག་དོད་པ་ཁ་ཤར་གྱི་སྒོ་ནས་བྱོན་སྙིང་པདྨ་འདབ་བརྒྱད་ཀྱི་སྟེང་དུ་རྟག་ཏུ་བཞུགས་པར་བསྒོམ༔ ཧཱུྃ༔ སྔོན་བྱོན་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ སྒྲུབ་རྫས་རིལ་བུ་འདི་ལ་བརྟེན་ནས་མཛད༔ གུ་རུའི་བྱིན་རླབས་རིལ་བུར་འདུ་འབྲལ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་ཟས་སུ་སྦྱིན༔ དམ་རྫས་མ་སྤངས་བཅུད་ལེན་སྙིང་པོར་སྤྱོད༔ ཟ་ཐང་ལོངས་སྤྱོད་ཚེ་ཡི་དབང་ཐོབ་ཤོག༔ ཚེ་གཟུངས་སྔགས་བཟླས་ལ་ལྗགས་ཐོག་ཏུ་བཞག༔ ཚེ་ཆང་ལ་བརྟན་ནས་ཚེ་བསྲིང་བ་ནི༔ སྔོན་གྲུབ་ཆེན་བྱ་རི་ཀ་པ་དང་༔ ཨརྱ་དེ་ཝ་ལ་སོགས་ཀྱིས་ཚེ་ཆང་ལ་བརྟེན་ནས་འཆི་མེད་འགྲུབ་པ་ལྟར་ཨོ་རྒྱན་ཚེ་དཔག་མེད་འོད་དུ་ཞུ་བ་ལས་བྱུང་བའི་བདུད་རྩི་འདི་འཐུང་བས་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་ནད་མེད་བདེ་བའི་ལང་ཚོ་རྒྱས༔ རྒས་མེད་བཅུ་དྲུག་གི་ན་ཚོད་གཞོན་ཤ་དང་ལྡན་པར་བསྒོམ༔ ཧཱུྃ༔ སྔོན་བྱོན་དྲང་སྲོང་རིག་འཛིན་ཐམས་ཅད་ཀྱིས༔ ཚེ་སྒྲུབ་བདུད་རྩི་འདི་ལ་བརྟེན་ནས་མཛད༔ རྒྱལ་བས་བྱིན་རླབས་བདུད་རྩིར་འདུ་འབྲལ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་སྐོམ་དུ་


CMR008_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན༔ ཕྱི་ནང་བྱང་སེམས་ཁམས་རྣམས་འཕེལ་ཞིང་རྒྱས༔ བདེ་དྲོད་རང་འབར་ཚེ་ཡི་དབང་ཐོབ་ཤོག༔ སྲུང་བའི་གོ་བསྒོ་བ་ནི༔ མདུན་བསྐྱེད་པདྨ་འོད་འབར་གྱི་སྐུ་ལས་སྣ་ཚོགས་རྡོ་རྗེའི་ཕྲེང་བའི་ཆར་བབས་པས་ཁྱེད་རང་གི་ལུས་ལ་རྡོ་རྗེའི་གོ་ཁྲབ་ཞུ་ལུབས་སུ་གྱོན་ནས་འོད་ཟེར་ཆི་ལི་ལི་སྒོམ༔ ཚེ་ནས་རང་གི་ལག་ཏུ་ཐོགས་ལ༔ ཨོཾ་བཛྲ་རཀྵ་རཀ་ཧཱུྃ༔ ཞེས་བརྗོད༔ མི་ཉམས་པའི་ཕྱིར་རྒྱས་འདེབས་པ་ནི༔ སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པས་རྒྱས་བཏབ༔ ལྗགས་ཀྱི་སྟེང་དུ་ཨཱལས་པདྨ་དམར་པོ་ཨཱཡིག་གིས་མཚན་པས་རྒྱས་བཏབ༔ སྙིང་གའི་དབུས་སུ་ཧཱུཾ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་ཡིག་གིས་མཚན་པས་རྒྱས་བཏབ༔ ཐུགས་ཀའི་ཧིཡིག་གི་ནང་དུ་སྲོག་མི་འགྱུར་བའི་ངོ་བོ་ཧཱུྃ་ཡིག་ལྗང་གུ་བཀྲག་མདངས་འོད་ཟེར་འབར་བ༔ དེ་ལ་ཚེ་ཡི་བཅུད་ཐམས་ཅད་འདུས་ནས་ཚེ་འགྱུར་མེད་དུ་རྒྱས་གདབ་པར་བསྒོམ༔ཧྲཱིཿདང་པོ་ཆོས་ཀྱི་དབྱིངས་ཀྱི་རྒྱ༔ གཉིས་པ་ཐབས་དང་ཤེས་རབ་རྒྱ༔ གསུམ་པ་སྐུ་གསང་ཐུགས་ཀྱི་རྒྱ༔ བཞི་པ་ཡེ་ཤེས་བཞི་ཡི་རྒྱ༔ ལྔ་པ་སངས་རྒྱས་རིགས་ལྔའི་རྒྱ༔ དྲུག་པ་བཅོམ་ལྡན་ཐུབ་དྲུག་རྒྱ༔ བདུན་པ་སངས་


CMR008_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་རབས་བདུན་རྒྱ༔ ཕྱག་རྒྱ་བདུན་གྱིས་རྒྱས་གདབ་བོ༔ ཨེ་མ་ཧོ༔ ཤེས་བྱའི་དོན་ལ་མ་རྨོངས་པའི༔ བླ་མ་དམ་པའི་བཀྲ་ཤིས་ཤོག༔ གང་ལ་བསམ་པ་དེ་ཡིས་འགྲུབ༔ ཡི་དམ་ལྷ་ཡི་བཀྲ་ཤིས་ཤོག༔ སྐུ་གསུང་ཐུགས་ཀྱི་བྷ་ག་ལ༔ ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག༔ བཀྲ་ཤིས་བརྗོད༔ ཚོགས་ཆད་མདོ་སོགས་བྱས་ནས་དཀྱིལ་འཁོར་བསྡུ༔ ཆོ་ག་སོགས་གཞུང་ནས་གསལ་ལྟར་བྱ༔ སྒྲུབ་པ་ལོ་སྒྲུབ་ཟླ་སྒྲུབ་ཞག་ལྔ་བདུན་གྱི་སྒྲུབ་པ་གང་བྱེད་ཀྱང་ཞལ་ཤེས་དམིགས་རིམ་གསལ་བཀོད༔ ༈ ཨ་རཱ་གས་སྦྱར་བའོ༔ མངྒ་ལཾ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་གྱི་ཟིན་བྲིས།།


CMR008_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་གྱི་ཟིན་བྲིས་བཞུགས་སོ།།


CMR008_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྷེ་ཝ་ཌཱཀི་ནཱི། པདྨ་འོད་འབར་རྒྱས་པར་འདོད་ན། དཀྱིལ་འཁོར་པདྨ་འདབ་བཞིའི་དབུས་སུ། བུམ་པ་རྫས་ལྡན་ཁ་རྒྱན་མགུལ་ཆིངས་དང་ཙཀྐི་བཙུགས་པ། ཚེ་གཏོར་ཚེ་ཆང་ཚེ་རིལ་དང་། གཡས་སུ་སྨན་མཆོད། གཡོན་དུ་བདུད་རྩི། མདུན་དུ་རཀྟ། གཏོར་མ་རིན་ཆེན་འབར་བ་ལ་མཐར་མཆོད་པ་སྐོར་བཤམ་འགྲུབ་ན་ལེགས། མེད་ན་མདུན་བསྐྱེད་ཀྱི་རྟེན་ཨོ་རྒྱན་སྐུ་འདྲའམ་ཐང་སྐུ། དེ་ཡང་མེད་ན་བླ་མ་གཏོར་མའི་རྩེར་མདུན་བསྐྱེད་འོད་འབར་བསྐྱེད་ལ། གཏོར་མ་དེ་ཉིད་བདུད་རྩི་རྒྱ་མཚོ་འདོད་ཡོན་མཆོད་སྤྲིན་འཕྲོ་བར་བསྒོམས་པས་ཆོག །སྔོན་འགྲོ་དཀར་བགེགས་ནི་དང་པོ་གཅིག་བཏང་བས། རྒྱུན་དུ་མི་དགོས་སོ། །སྐྱབས་


CMR008_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་སེམས་བསྐྱེད་རྒྱས་པར་ཡོད་ན་ལེགས། མེད་ཀྱང་གཞུང་དེ་ཉིད་དུ་ཚང་ཡོད།། ༈ ཧྲཱི༔ བདག་ཉིད་འགྱུར་མེད་ཡེ་ནས་རྡོ་རྗེའི་སྐུ༔ ཞེས་སོགས་མཚམས་གཅོད་དུས། བདག་ཉིད་སྐད་ཅིག་གིས་པདྨ་འོད་འབར་གསལ་བཏབ་ནས། སྣོད་ཀྱི་འཇིག་རྟེན་པདྨ་འོད་འབར་གྱི་ཞིང་ཁམས་བདག་དང་སེམས་ཅན་ཐམས་ཅད་ཡེ་ནས་ཡི་དམ་པདྨ་འོད་འབར་ཡིན་པའི་དོན་དྲན་པ་ཙམ་བྱས་ལ། རང་ལས་སྤྲོས་པའི་འཇའ་འོད་དང་མཚོན་ཆ་སྣ་ཚོགས་ཀྱིས་ནམ་མཁའ་དང་བར་སྣང་ཁྱབ་པར་སྤྲོས་པས། བགེགས་དང་གནོད་བྱེད་ཐམས་ཅད་རྒྱ་མཚོའི་ཕར་འགྲམ་དུ་བསྐྲད་ལ། འོད་ཟེར་ཚུར་འདུས་མཚོན་ཆ་སྣ་ཚོགས་དང་རྡོ་རྗེའི་ས་གཞི་ར་བ་དང་གུར་གྱི་ཕྱི་རོལ་


CMR008_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མེ་ཁ་དོག་སྣ་ལྔ་འུ་རུ་རུ་འབར་བར་བསྒོམས་ལ། ཨོཾ་བཛྲ་རཀྟ་ཛྭ་ལ་སོགས་བརྗོད་དོ། །དམིགས་པ་མ་ཟིན་ན་སྔགས་དེ་མང་དུ་བརྗོད། ༈ དེ་ནས། ཨོཾ་ཨཱ༔ཧཱུྃ༔ སྐྱབས་གནས་དམ་པ་ཞེས་སོགས་བརྗོད་པ་ཙམ་གྱིས་མདུན་གྱི་ནམ་མཁར་པདྨ་འོད་འབར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་སྤྲིན་གྱི་ཕུང་པོ་ལྟ་བུར་བཞུགས་པར་བྷྱོ་ལ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དྲག་པོར་བསྒོམས་ལ། རྒྱུད་དྲུག་འཁོར་བར་སོགས་བརྗོད་ཅིང་། གཏོང་ལེན་དམིགས་པ་ཐུན་གཅིག་བསྒོམ། དམིགས་པ་མ་ཟིན་ན་སྐྱབས་སེམས་ཚིགས་བཅད་དེ་གཉིས་དབྱངས་དང་བཅས་པས་ཚར་མང་དུ་འདོན་ནོ། ༈ །དེ་ནས་ཡན་ལག་བདུན་པ་ནི། འདི་སྤྲོས་མེད་དོན་གྱི་ཡན་ལག་བདུན་པ་ཡིན་པས་དམིགས་པ་བསྒོམ་མི་དགོས་ཏེ། མ་ཡེངས་སེམས་ངོ་སྐྱོངས་ནས་འདོན་པས་ཆོག་དོན་ཐམས་ཅད་ཚང་བའོ། ༈ །དེ་ནས་གཞུང་ལྟར་རང་གི་སྤྱི་བོར་ངོ་བོ་ཨོ་རྒྱན་ཡིན་པ་ལ་རྣམ་པ་རྡོར་སེམས་བསྒོམས་ལ་དམིགས་པ་གཞུང་ལྟར་བྱ་ཞིང་། ཡིག་བརྒྱ་རབ་བརྒྱ་ཚར། འབྲིང་ཉེར་གཅིག །ཐ་མ་ཚར་བདུན་བརྗོད་ལ། སྐུ་ལས་བདུད་རྩིའི་རྒྱུན་བབས་ནས་ནད་གདོན་སྡིག་གྲིབ་ཐམས་ཅད་དག །ནད་ཐམས་ཅད་རྣག་ཁྲག་དུད་ཁུའི་རྣམ་པར་ཕྱིར་ཐོན། གདོན་ཐམས་ཅད་འབུ་སྲིན་གྱི་རྣམ་པར་ཐོན་ནས་འཇའ་ཡལ་བ་


CMR008_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བསྒོམ། རྡོ་རྗེ་སེམས་དཔའ་ཡང་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསྒོམ། ༈ དེ་ནས་སྔར་ལྟར་སྐྱབས་ཡུལ་ནམ་མཁར་ཨོ་རྒྱན་ལ་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ཡོད་པ་དེ་གསལ་འདེབས་བྱས་ལ། རང་གི་ལུས་སེམས་ལོངས་སྤྱོད་དགེ་རྩ་དང་བཅས་པ་མཎྜལ་དུ་དམིགས་ཏེ་ཕུལ་བའི་མོས་པས་མཎྜལ་དེ་ལན་གསུམ་མམ་བདུན་ནམ་ཕུལ། དེ་ནས་ནམ་མཁའི་ཨོ་རྒྱན་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ལ་གསོལ་བ་བཏབ་པས། གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་ནས་རང་གི་གནས་གསུམ་དུ་ཐིམ། ལྷ་ཚོགས་འོད་དུ་ཞུ་ནས་རང་ལ་ཐིམ་པས་དབང་བཞི་ཐོབ་པར་བསྒོམ། ༈ མཆོད་པ་བྱིན་རླབས་དུས་རང་པདྨ་འོད་འབར་གྱི་དཔྲལ་བ་མགྲིན་པ་ཐུགས་ཀ་གསུམ་དུ་ཡི་གེ་ཨོཾ་ཨཱ༔ཧཱུྃ་གསུམ་གསལ་བ་ལས་འོད་ཟེར་འཕྲོས་པས། མཆོད་རྫས་མ་དག་པ་ཐམས་ཅད་རཾ་ཡཾ་ཁཾ་ལས་འོད་ཟེར་མེ་ཆུ་རླུང་གསུམ་གྱི་རྣམ་པས་བསྲེགས་བཀྲུས་གཏོར་ནས་དག་པའི་མཆོད་རྫས་ཕྱི་མཆོད་མེ་ཏོག་བདུག་སྤོས་སོགས། ནང་མཆོད་སྨན་རཀ་གཏོར་གསུམ་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་རྣམ་པ་ལྷ་མིའི་ལོངས་སྤྱོད་ཟད་པ་མེད་པས་འཇིག་རྟེན་ཁེངས་པར་མོས་ལ། ཨོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲི་ཏ་སོགས་བརྗོད། ༈ དེ་ནས་ཆོས་རྣམས་ཐམས་ཅད་སྟོང་ཉིད་ནམ་མཁའ་ལྟ་བུར་མོས་པའམ། ཡང་ན་རང་གི་ཉམས་ལེན་སེམས་ངོ་ལ་


CMR008_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཡུད་ཙམ་བལྟ་ཞིང་། ཨོཾ་ཨཱཿཧཱུྃ༔ འདི་ལྟར་སྣང་སྲིད་ཅེས་སོགས་བརྗོད། སྟོང་ཉིད་དེའི་ངང་ལས་རང་སེམས་པདྨ་འོད་འབར་མངོན་རྟོགས་ལྟར་བསྐྱེད། རྙིང་མའི་ལུགས་འདི་ལ་མངོན་རྟོགས་ཚར་གཅིག་གིས་བདག་བསྐྱེད། མདུན་བསྐྱེད། བུམ་བསྐྱེད། དབང་དུས་ཡིན་ན་གཏོར་མ་ལྷར་བསྐྱེད་པ་ཐམས་ཅད་དུས་གཅིག་བསྒོམ། རྒྱུན་དུ་བདག་མདུན་དུས་གཅིག་ལ་བསྒོམ་མོ། །དེ་ལྟར་དམིགས་པ་ཟིན་དཀའ་བའི་ཕྱིར། རང་གིས་གང་ཤེས་དབྱངས་དང་བཅས་པས། ༈ ཧྲཱིཿ བདག་ཉིད་ཐ་མལ་རང་སེམས་ཞེས་སོགས་འདོན་སྒོམ་བྱས་པས་དམིགས་པ་ཟིན་འོང་ལ། དེ་ནས་བདག་མདུན་ཐམས་ཅད་ཀྱི་ཐུགས་ཀའི་ཧཱི༔ལས་འོད་ཟེར་ཁ་དོག་སྣ་ཚོགས་པ་དམར་པོ་ཤས་ཆེ་བ་ལྷོ་ནུབ་རྔ་ཡབ་གླིང་དུ་འཕྲོས་པས། ཨོ་རྒྱན་རིན་པོ་ཆེའི་ཐུགས་ཀར་འོད་ཟེར་དེས་རེག་པས་ཐུགས་རྗེས་དགོངས་ནས། བསྒོམ་པ་ལྟ་བུའི་ཨོ་རྒྱན་དཔག་ཏུ་མེད་པ་ཁ་བ་བུ་ཡུག་འཚུབ་པ་ལྟར་རོལ་མོའི་སྒྲ་དང་བཅས་ཏེ་བྱོན་ནས། བདག་མདུན་རྣམས་ལ་སིབ་སིབ་ཐིམ་པར་བསྒོམ་ཞིང་སྤོས་དང་རོལ་མོ་བྱའོ། །མེད་ཀྱང་དད་གུས་བྱས་ལ་དབྱངས་སྙན་པོས་བྱའོ། །བག་དྲོ་ཐེབ་ཐེབ།་ཉམས་དགའ་ཡལ་ཡལ་དང་། ཉམས་རྟོགས་གློ་བུར་དུ་སྐྱེ་བ་དང་། དད་པའི་དབང་གིས་མཆི་མ་འཁྲུགས་པ་བྱུང་ན་ཨོ་རྒྱན་བྱོན་པའི་རྟགས་སོ། །དེ་ཚེ་དགའ་སྤྲོ་གྱིས་


CMR008_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བདུད་མ་ཞུགས་པ་གལ་ཆེ། ༈ ཧྲཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཞེས་སོགས་དེར་སྤྱན་དྲངས་ཤིང་། དམིགས་པ་མ་ཟིན་བར་དུ་མ་བཅོས་ངང་ནས་ཚར་གསུམ་བྱ། འདི་ལ་བཞུགས་གསོལ་མི་དགོས་སོ། །སྐད་ཅིག་གིས་དམ་ཚིག་པ་ལ་བསྟིམ་སྟེ། བདག་མདུན་དུས་གཅིག་ལ་བསྟིམ་པར་བྱའོ། ༈ །དེ་ནས་མཆོད་པ། ཨོཾ་ཨཱ༔ཧཱུྃ༔ མཆོད་འོས་ཕྱི་ནང་སྣོད་བཅུད་ཀུན༔ སོགས་ཀྱི་སྐབས་སུ་རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲུལ་ནས། མེ་ཏོག་མ་མེ་ཏོག་ཐོགས་པ་གྲངས་མེད་པ་འཕྲོས་ཏེ། བདག་མདུན་ཐམས་ཅད་ཀྱི་སྤྱན་ལ་མཆོད་ནས་ལྷ་མོ་རྣམས་ཀྱང་སྤྱན་ལ་ཐིམ་པ་སོགས། བདུག་སྤོས༔ མར་མེ་མ༔ དྲི་ཆབ་མ༔ ཞལ་ཟས་མ༔ རོལ་མོ་མ་རྣམས་ཀྱང་གཞུང་ཚིག་ལྟར་སོ་སོར་མཆོད། སླར་ཡང་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་ཕྱག་ན་ཀ་པཱ་ལ་རེ་རེ་ཐོགས་ནས། སྨན་མཆོད་བདུད་རྩི་རྒྱ་མཚོ་རྣམས་དང་། གཏོར་མ་བདུད་རྩི་རྒྱ་མཚོ་རྣམས་བཅུས་ཏེ་བདག་མདུན་སོ་སོ་ལ་མཆོད། ལྷ་མོ་དམར་མོའི་ཚོགས་སྤྲོས་ཏེ་རཀྟ་བདུད་རྩི་དམར་པོ་ནས་བཅུས་ཏེ་མཆོད་པར་བསྒོམས་ལ། པཉྩ་ར་བྷ་ལིང་ཏ་ཁཱ་ཧི༔ བརྗོད། དེ་ནས་གཏོར་བསྔོས་སྐབས་འདིར་སྦྱར་ཀྱང་ལེགས། ལོགས་སུ་བྱས་ཀྱང་རུང་། དེ་ནས་མཆོད་པའི་ལྷ་མོ་རྣམས་ཀྱིས་མགྲིན་གཅིག་ཏུ་


CMR008_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་སྙན་པོས། བདག་མདུན་ཐམས་ཅད་ལ་དུས་གཅིག་ལ་བསྟོད་པ་བྱེད་པར་བསྒོམ་ལ། ༈ ཧྲཱི༔ རྒྱལ་བ་ཐམས་ཅད་ཡེ་ཤེས་སོགས་བསྟོད་པ་བྱའོ། །བསྟོད་པ་ཚར་ནས་ལྷ་མོ་རྣམས་རང་ལ་བསྟིམ། ༈ དེ་ནས་བསྙེན་སྒྲུབ་ནི། སྒྲུབ་ཁང་བྱི་དོར་བྱས་ལ། གོང་ལྟར་མཆོད་གཏོར་ལ་སོགས་བཤམས་ནས། བསང་ཆུས་ཁྱིམ་ལ་ཆག་ཆག་བཏབ་ནས། གུ་གུལ་ལམ་སྤོས་སམ་མེད་ན་ཤུག་དུད་ཀྱིས་ཁང་པ་གོས་ལྷམ་གདན་ལ་སོགས་བསང་བར་བྱའོ། །རང་ཉིད་ཀྱང་ཡན་ལག་ལྔ་ཁྲུས་བྱས་ནས། །ཨོ་རྒྱན་གྱི་ཞལ་ཐང་ཡོད་ན་བཤམ། ཕུགས་གཏོར་མདུན་དུ་མཆོད་པ་རྣམ་ལྔ་སོགས་དང་། སྔོན་འགྲོ་དཀར་བགེགས་ཚོགས་གཏོར་འབུལ་སོགས། གཏོར་གསོས་མཐེབ་སྐྱུ་མང་པོ་བཟོ། དང་པོ་རང་གི་མལ་ས་བཟོས་ནས་གདན་མི་སྤྲུག །མི་དང་ངོ་མི་གཏུག །དེ་ནས་སྐྱབས་སེམས་མཆོད་པ་བྱིན་རླབས་རྔ་བྱིན་རླབས་སོགས་བྱ། སྔོན་འགྲོ་དཀར་གཏོར་དང་བགེགས་གཏོར་ཕུལ། དེ་དག་འདོན་ལུགས་དང་སྔོན་འགྲོའི་འཆའ་དེ་རྣམས་ཇི་ལྟར་བསྒོམ། གབ་འཁྲུགས་མེད། དེ་མཚམས་ཁྱིམ་ཐམས་ཅད་དུ་ཐུན་ནམ་ཡུངས་ཀར་རམ་ནས་ལྕག་བྲབས་ཤིང་དྲག་སྔགས་སུམ་བྷ་ནི་སོགས་གང་ཤེས་བརྗོད། ༈ དེ་ནས་རྔ་བསྐུལ་ཞིང་འོད་འབར་མགོ་ནས་བཛྲ་གུ་རུ་བསྙེན་པའི་བར་འདོན། དེ་ནས་བསྙེན་པ་བྱེད། དང་པོ་དཀར་


CMR008_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་ཕུལ་ནས། དེ་ནས་མཚམས་མ་གྲོལ་བར་དུ་དཀར་བགེགས་མི་དགོས། སྐྱབས་འགྲོ་སེམས་བསྐྱེད་སོགས་ནངས་རེ་ཚར་རེ་ཆོག་པས་ཐུན་མཚམས་ལ་མི་དགོས། འོད་འབར་གཞུང་དེ་རབ་ཐུན་དྲུག་ལ་འདོན་ཏེ། ནམ་ལངས། ཉི་མ་རྩེ་ཤར། ཉིན་ཕྱེད། ཉི་མྱུར། དགོང་ཁ། སྲོད་ནི་དྲུག་གོ །དེ་ཙམ་མ་འཕྲོད་ན་ཞོགས་པ། ཉིན་ཕྱེད། དགོང་ཁ། སྲོད་དང་ཐུན་བཞི་བྱེད། ཐུན་ཟེར་བའི་དོན་ནི། འོད་འབར་དབུ་བཙུགས་ནས་བསྙེན་པ་སྟོང་ཚོ་ལྔ་དྲུག་གམ་མང་ཉུང་དེ་ཙམ་མ་ཐོན་བར་དམིགས་པའི་ངང་ལ་མ་ཡེངས་མ་བཅོས་པར་བྱེད་པ་ཐུན་ཡིན། ཐུན་མཚམས་ཟེར་བའི་དོན་ནི། དེ་ནས་བསྐྱེད་རིམ་དམིགས་པས་པདྨ་འོད་འབར་དུ་བསྒོམ། དེ་སྟོང་ཉིད་དུ་བསྡུས་ནས། སྨོན་ལམ་གྱིས་རྒྱས་བཏབ་ཚར་ན་ཐུན་མཚམས་ཟེར། ངག་རྒྱུན་དུ་བཅད་ཐུབ་ན་བྱིན་རླབས་ཆེ་སྟེ། ངག་བཅད་ན་འབུམ་འགྱུར་དུ་བཤད། གལ་ཏེ་ངག་བཏང་དགོས་བྱུང་ན། ཐུན་མཚམས་སུ་བཏང་རུང་། ཐུན་གྱི་དཀྱིལ་དུ་བཏང་ན་བྱིན་རླབས་ཉམས་པ་ཡིན། ཚོགས་གཏོར་འབུལ་རྣམས་ནུབ་དང་པོ་དང་། ཚེས་བཅུ། དགུ་༧གཏོར་ཡིན་པའི་ཉི་ཤུ་དགུ་དང་། མཚམས་གྲོལ་ནུབ་ལ་བྱའོ། །རྒྱུན་དུ་མི་དགོས། དགོང་ཁའི་འོད་འབར་མཇུག་ཏུ་དྲག་པོ་སེང་གདོང་མ་གཉིས་བྱ། ཐུན་ཐམས་ཅད་ལ་མི་དགོས་སོ། །གཞན་ཡི་དམ་གང་


CMR008_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་དྲག་པོའི་འོག་ཏུ་འདོན། ཡང་ཆོས་སྐྱོང་གང་ཡོད་སེང་གདོང་མའི་འོག་ཏུ་འདོན། ཕུགས་གཏོར་མཐའི་དཀར་གཏོར་དེ་ཕྱི་ཡུལ་ལྷ་བཟང་དབྱ་མཛད་རོག །གཏོར་འབུལ་གྲལ་དཀར་གཏོར་གཅིག་སླར་གཞི་བདག་ལ་བསྔོ་བ་གལ་ཆེ། ནུབ་ཉལ་ཁར་སྔགས་ཕྲེང་གསེར་གྱི་རྡོ་རྗེར་བསྡུ། བསྔོ་བ་སྨོན་ལམ་བཀྲ་ཤིས་རྣམས་བརྗོད་ནས་གཉིད་ལོག །ནངས་སྔ་དང་ཐོ་རངས་གཉིད་སད་ནས་སྐད་ཅིག་ལ་རིང་པདྨ་འོད་འབར་བསྒོམས་ལ་བསྙེན་པ་བྱེད་ཀྱང་རུང་། གཏོར་མ་གསོ་ནས། འཕྲོད་ན་ནམ་ལངས་ཀྱི་ཐུན་དེ་ཐོ་རངས་ནས་བཟུང་ཡང་ལེགས་པས་རྔ་རྡུང་ནས་འདོན་པར་བྱའོ། །དམིགས་པ་རྒྱས་པ་ཟིན་དཀའ་ནའང་དྲན་རྫོགས་སུ་མཚམས་གཅོད་བཛྲ་རཀྟ་ཛྭ་ལ་རཾ་ཟེར་དུས་རྡོ་རྗེའི་ར་བ་དྲྭ་བ་གུར་ས་གཞི་ཕྱི་རོལ་དུ་མེའི་ཕུང་པོ་འབར་བའི་ནང་དུ་རང་དང་བསྲུང་བྱ་ཚུད་པར་བསྒོམས་ལ། ཨོཾ་ཧཱུཾ་ཏྲཾ་ཧྲཱིཿ ཨཱཿ ལྔ་ཟེར་དུས་མཆོད་གཏོར་དེ་དག་བསམ་གྱིས་མི་ཁྱབ་པའི་བདུད་རྩིའི་རང་བཞིན་ལྷ་མིའི་ལོངས་སྤྱོད་ལྟ་བུར་གྱུར་པར་བསྒོམ་པ་དང་། ལྷ་བསྐྱེད་དུས་རང་ཉིད་ཨོ་རྒྱན་པདྨ་འོད་འབར་དུ་བསྒོམ་པ་དང་། དུས་གཅིག་ལ་མདུན་གྱི་སྒྲུབ་རྟེན་གཏོར་མ་རིན་ཆེན་འབར་བའམ་ཚེ་གཏོར་ཚེ་རིལ་ཐམས་ཅད་པདྨ་འོད་འབར་གྱི་སྐུར་བསྒོམ། ༈ ཧྲཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ་སོགས་སྤྱན་འདྲེན་དུས་ཟངས་མདོག་དཔལ་རི་ནས་ཨོ་རྒྱན་རིན་པོ་ཆེ་སྐུ་


CMR008_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་ཆུང་དཔག་ཏུ་མེད་པ་འཕྲོས་ནས་ཁ་བ་བུ་ཡུག་འཚུབ་པ་ལྟ་བུར་བྱོན་ནས་རང་ཉིད་དང་མདུན་བསྐྱེད་ལ་སིབ་སིབ་ཐིམ་པར་བསྒོམ། མཆོད་པ་བསྟོད་པ་དུས། རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་འཕྲོས་ནས་མཆོད་པ་སྣ་ཚོགས་ཀྱིས། བདག་པདྨ་འོད་འབར་དང་། མདུན་བསྐྱེད་གཉིས་ཀ་མཆོད། བདུད་རྩི་གཏོར་མ་རཀྟ་བདུད་རྩི་རྒྱ་མཚོ་ཆེན་པོ་ནས་ཀ་པཱ་ལར་བཅུས་ནས་བདག་དང་མདུན་བསྐྱེད་གཉིས་ཀ་ལ་དུས་གཅིག་མཆོད། ལྷ་མོ་རྣམས་ཀྱིས་གླུ་དབྱངས་སྙན་པོས་རང་དང་མདུན་བསྐྱེད་ལ་བསྟོད་པ་ཕུལ་ནས། མཐར་ལྷ་མོ་རྣམས་བདག་མདུན་ལྷ་འདིའི་དབང་པོ་ལ་ཐིམ་པས་ཟག་མེད་བདེ་བའི་ཐུགས་དགྱེས་པར་བསྒོམ་པར་བྱའོ། །གཏོར་བསྔོས་དུས་མདུན་གྱི་ཨོ་རྒྱན་དེ་བཞིན་ལ་སྐུ་ཆེ་ཞིང་གཟི་བརྗིད་འབར་བ་ལས། འཁོར་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་མ་ལུས་པ་ཐམས་ཅད་ཀྱིས་བསྐོར་བ་ལ། མཆོད་པའི་ལྷ་མོ་རྣམས་ཀྱིས་གཏོར་མ་བདུད་རྩིའི་རྒྱ་མཚོའི་ནས་བྷནྡས་བཅུས་ཏེ་སོ་སོར་མཆོད་པར་བསྒོམ། བྷན་རེ་རེ་སོ་སོར་ཕྱག་ཏུ་ཕུལ་ནས་མཆོད་པར་བསྒོམ་ཡང་རུང་ངོ་། །ཡང་ལྗགས་ལས་འོད་ཟེར་གྱི་སྦུ་གུས་གཏོར་མ་གསོལ་བར་བསྒོམ། རྒྱལ་བ་རྣམས་མཆོད་པས་མཉེས་ནས་བྱིན་རླབས་མ་ལུས་སྩོལ། ཡི་དམ་ལྷ་ཚོགས་མཉེས་ནས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ། མཁའ་འགྲོ་ཆོས་


CMR008_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་རྣམས་ཐུགས་དམ་བསྐངས་ནས་ཕྲིན་ལས་རྣམ་བཞི་ཐོབ་པར་བསྒོམ། སླར་ཡང་དམ་ཚིག་ཡེ་ཤེས་པ་རྣམས་རང་ལ་ཐིམ། འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས་པར་བསམ། ༈ བསྙེན་སྒྲུབ་རང་གི་དམིགས་པ་ནི། བདག་དམ་ཚིག་ཡེ་ཤེས་པ་གཉིས་མེད་དུ་བསྒོམས་པའི་ཐུགས་ཀར་པད་ཟླའི་སྟེང་དུ་གསེར་གྱི་རྡོ་རྗེ་ཧཱུཾ་ངམ་ཧཱིཡིག་གིས་མཚན་པ་ལ་སྔགས་ཀྱི་ཕྲེང་བ་གཡས་སུ་འཁོར་བ་ལས་འོད་ཟེར་ཁ་དོག་སྣ་ཚོགས་ཕྱོགས་བཅུར་འཕྲོས་པས། རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་འོད་ཟེར་ཚུར་འདུས་རང་ལ་ཐིམ། མཆོག་ཐུན་མོང་གི་དངོས་གྲུབ་ཐོབ། ཡང་སེམས་ཅན་ཐམས་ཅད་ལ་ཕོག་ནས་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག་ནས། པདྨ་འོད་འབར་གྱི་སྐུར་གྱུར་ནས་སྔགས་སྒྲ་འུ་རུ་རུ་སྒྲོག་པར་བསྒོམ། བསྐྱེད་རིམ་དྲན་རྫོགས་སུ་བསྒོམ་པས་ཆོག །དྲན་པ་ཙམ་གྱིས་རྫོགས་པ་ཉིད། །ལྟ་བ་གྱད་ཀྱི་ལྷ་ཞེས་བྱ། །རྡོ་རྗེ་ལྟ་བུའི་ཏིང་འཛིན་ཡན། །རྫོགས་རིམ་མ་བཅོས་ངང་ནས་བཟླས་པ་མཆོག །སེམས་ཉིད་མ་བཅོས་པདྨ་འབྱུང་གནས་ཡིན། །ལོགས་ནས་བསྒོམ་ཞིང་བསྒྲུབ་ཏུ་མེད། །པདྨ་མ་བསྒྲུབ་སྲོག་ཐོབ་འགྲུབ། །ཅེས་གསུངས། བསྐྱེད་རིམ་རྫོགས་རིམ་བསྲེ་ཞིང་སྙིང་པོ་བཟླ། འདོན་ལུགས་ཀྱི་དམིགས་པ་རྣམས་ཁྱད་མེད་ཅིང་། ནངས་སྔའམ། ནུབ་རེ་ལ་སྔགས་ཐུན་རེ་ལ་སྟོང་རེ་ཙམ་བྱ། དུས་ནམ་ཡང་


CMR008_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཉལ་ཁ། ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན་ཞེས་སོགས་བསྡུ་རིམ་ཚང་མ་ནི་དགོས་སོ། །མཚམས་གྲོལ་དུས་མདུན་བསྐྱེད་ཐང་སྐུ་སོགས་ལ་བསྟིམ། མེད་ན་གཤེགས་པའམ་རང་ལ་བསྡུ། བདག་བསྐྱེད་ཡེ་ཤེས་པ་ནམ་ཡང་མི་གཤེགས་རང་ལ་བསྟིམ་པར་བྱ། ཞེས་པ་འདིའང་སློབ་མ་རྣམས་ལ་ཕན་ཕྱིར་༧ ཨ་རཱ་གས་སྦྱར་བ་དགེ་བར་གྱུར་ཅིག །སརྦ་མངྒ་ལཾ།། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

པདྨ་འོད་འབར་བསྙེན་ཐབས།


CMR008_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་འོད་འབར་བསྙེན་ཐབས་ནི༔ ན་མོ་པྲ་ཝཱ་ཀ་ར་ཡེ༔ པདྨ་འོད་འབར་ཉམས་སུ་ལེན་ཚུལ་ལ༔ ཁྲིད་ལྟར་ཉམས་སུ་ལེན་པ༔ སྒྲུབ་ཆེན་ལྟར་ཉམས་སུ་ལེན་ཚུལ་མང་ན་ཡང་༔ འདི་ནི་ཤིན་ཏུ་བསྡུས་པ་ཉམས་སུ་ལེན་ཚུལ་ལ༔ ཕུགས་གཏོར་ཆ་ཚང་ཡོད་དམ༔ མེད་ནའང་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གཏོར་མ་བཤམ༔ མདུན་ན་ཨོ་རྒྱན་གྱི་སྐུ་འབུར་དོད་དམ༔ ཞལ་ཐང་ཡོད་ན་བཤམ༔ དང་པོ་སྔོན་འགྲོ་ལ་དཀར་གཏོར་བགེགས་གཏོར་ཕུལ༔ ཀུན་རིག་ལྟར་ཆ་གསུམ་བཏང་ན་ཡང་ཆོག༔ དེ་ནས་མཚམས་བསྡམ༔ སྒོ་རྩར་ཐོ་དཀར་པོ་བརྩེགས་པའི་རྩ་བར་གཞི་བདག་གཏོར་མ་ཕུལ༔ ཕྱིའི་བར་ཆད་ནང་དུ་མ་བཏང་༔ ནང་གི་དངོས་གྲུབ་ཕྱི་རུ་མ་བཏང་༔ ཞེས་བཀའ་བསྒོ༔ དེ་ནས་འོད་འབར་བསྙེན་པའི་བར་ཚར་གཅིག་འདོན་ལ༔ དེ་ཡང་མངོན་རྟོགས་ཚར་གཅིག་གིས་བདག་མདུན་གཉིས་དུས་གཅིག་བསྐྱེད༔ སྤྱན་འདྲེན་དུས་ཀྱང་དུས་གཅིག་སྤྱན་འདྲེན་རང་ལ་བསྟིམ༔ རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་ལ༔ དེ་རྣམས་ཀྱིས་བདག་མདུན་གཉིས་ཀར་མཆོད་པ་འབུལ་ཞིང་བསྟོད་པ་བྱེད་པར་བསྒོམས་ལ་མཆོད་བསྟོད་


CMR008_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

འདོན༔ དེ་ནས་རང་གི་སྙིང་དབུས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་སྟེང་དུ་ཧཱུྃཡིག་ལངས་ཏེ་གནས་པའི་མཐར༔ བཛྲ་གུ་རུའི་སྔགས་ཀྱིས་བསྐོར་བར་བསྒོམ༔ དང་པོ་ཡིག་འབྲུ་མི་འཁོར་བར་འོད་ཟེར་ཁ་དོག་སྣ་ཚོགས་གཡས་སུ་འཁོར་བར་བསྒོམས་ལོ་སྟོང་ཙམ་འདོན༔ དེ་ནས་ཡི་གེ་གཡས་སུ་འཁོར་བར་བསྒོམ༔ ཧཱུྃཡིག་གཡོ་འགུལ་མེད་པ་གལ་ཆེ༔ དེ་ནས་ཡིག་འབྲུ་འཁོར་བཞིན་དེ་ཇེ་མགྱོགས་སུ་འཁོར་བ་ལས༔ འོད་ཟེར་ཁ་དོག་སྣ་ཚོགས་ཕྱོགས་བཅུར་འཕྲོས་པས༔ སངས་རྒྱས་བྱང་སེམས་ཐམས་ཅད་འོད་ཟེར་དེས་མཆོད༔ དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འཆི་མེད་ཚེའི་དངོས་གྲུབ་ཐམས་ཅད་འོད་ཟེར་ཁ་དོག་སྣ་ཚོགས་ཀྱི་ཚུལ་དུ་བསྡུས་ལ་རང་ལ་བསྟིམ༔ ཡང་འོད་ཟེར་འཕྲོས་པས༔ ས་ཆུ་མེ་རླུང་ནམ་མཁའི་བཅུད་དང་ཡོན་ཏན་ཐམས་ཅད་འོད་ཟེར་སྣ་ལྔའི་རྣམ་པར་བསྡུས་ནས་རང་ལ་བསྟིམ༔ ཡང་འོད་ཟེར་འཕྲོས་པས༔ ནང་བཅུད་ཀྱི་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས༔ ལྷ་ཀླུ་མི་ལ་སོགས་པ་བསོད་ནམས་ཅན་རྣམས་ཀྱི་ཚེ་བསོད་ནམས་ཐམས་ཅད་འོད་ཟེར་དཀར་པོ་ཐིག་ལེའི་གཟུགས་དཀར་ལ་འཚེར་བ་སྣུམ་ལ་འདྲིལ་བ་དང་ཡི་གེ་ཧཱུྃ་ཡིག་ལྗང་གུ་བཀྲག་མདངས་


CMR008_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པའི་རྣམ་པར་བསྡུས་ནས་རང་ལ་ཐིམ་པས་ཚེའི་དངོས་གྲུབ་ཐོབ་པར་བསྒོམས་ལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥ་ཧཱུྃ་ཧཱུྃ་ཛ༔ ཞེས་སྟོང་ཕྲག་མན་ཆད་ཅི་འགྲུབ་བཟླས༔ དེ་ནས་ཐུན་མཚམས་སུ༔ སྐྱབས་མེད་མགོན་མེད་སྐྱེ་འགྲོ་འདི་དག་ཀུན༔ ཞེས་སོགས་བཀྲ་ཤིས་བར་ཚང་བར་འདོན༔ བདག་བསྐྱེད་སྟོང་པར་བསྡུས༔ མདུན་བསྐྱེད་མི་གཤེགས་པར་བཞག་ལ༔ ཐུན་མཚམས་དེར་ངག་བཏང་དགོས་བྱུང་ན་བཏང་བས་ཆོག༔ མེ་མགོ་ལ་སོགས་བྱ་བ་ཅི་དགོས་སྒྲུབ༔ དེ་ནས་སྔར་ལྟར་ཐུན་བཟུང་སྟེ་དེ་འདྲའི་ཐུན་སྔ་དྲོ་ཉིན་གུང་དགོང་ཀ་གསུམ་ལ་བྱའོ༔ ནུབ་མོ་ཡང་འོད་འབར་ཚར་གཅིག་དང་དྲག་པོ་སེང་གདོང་མ་མགོན་པོ་ལྷ་མོའི་གཏོར་བསྔོས་གང་ཤེས་བྱ༔ ཆོས་སྤྱོད་ལ་སོགས་ཆག་མེད་ཡོད་ན་ཐུན་མཚམས་སུ་བྱེད༔ རྨི་ལམ་དུ་ནམ་མཁའ་ལ་འཕུར་བ༔ རི་རྩེར་ཕྱིན་པ༔ ལུས་ལས་རྣག་ཁྲག་མི་གཙང་བ་ཐོན་པ༔ མེ་ཏོག་དཀར་པོ་ཐུ་བ༔ གོས་དཀར་དྲི་མེད་གྱོན་པ༔ དཀར་གསུམ་དང་བདུད་རྩིས་ངོམས་པ༔ དར་ཕྱར་རྔ་རྡུང་ལུང་བསྟན་ཞལ་མཇལ་ཆོས་གཏེར་དང་ནོར་གཏེར་ཐོབ་པ་ལ་སོགས་རྨི་ལམ་ལེགས་པོ་འབྱུང་སྟེ༔ དེ་ལ་ང་


CMR008_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་དང་རློམ་སེམས་སྤང་༔ ཚེ་རབས་ལས་སྒྲིབ་ལ་སློང་གི་ནད་ན་བ་དང་༔ བློ་མི་བདེ་བ་རྨིས་ལྟས་རྩུབ་པོ་བྱུང་ཡང་ལོག་ལྟ་དང་རྣམ་རྟོག་མི་བྱ༔ དང་པོ་ནུབ་དང་གྲོལ་ཁ་ནུབ་མོ་ཚེས་བཅུ་རྣམས་སུ་ཚོགས་དང་གཏོར་འབུལ་ཆད་མདོ་ཆོས་སྐྱོང་གང་ཤེས་གཏོར་མ་འབུལ༔ རྒྱུན་དུ་མི་དགོས༔ གྲོལ་ཁ་གཞི་བདག་དཀར་གཏོར་ཕུལ༔ ཐོ་བཤིག་དེ་ནས་མཚམས་གྲོལ་ནས་ཞག་གཉིས་གསུམ་དུ་ཐག་རིང་དུ་མི་འགྲོ༔ ༈ ཡང་མཚམས་མ་ཐོན་ན་རྒྱུན་དུ་འོད་འབར་ཚར་རེ་འདོན་ལ་དམིགས་པ་རྣམས་བྱེད་ཅིང་སྔགས་དེ་ཉིད་སྟོང་ཙམ་མམ་སུམ་བརྒྱ་ཙམ་བསྙེན༔ དེ་ཚེ་ངག་གཅོད༔ དེ་ནས་སྐྱབས་མེད་མགོན་མེད་སོགས་མན་ཆད་ཚང་བར་འདོན༔ ཐུན་བསྡུས་བཀྲ་ཤིས་བར་སྔ་དྲོ་བྱ༔ ནུབ་མོ་ཡང་འོད་འབར་ཚར་གཅིག་བཏོན་ལ་གཏོར་མ་གསོ་བྲན་བྱས་ལ༔ ཡི་དམ་ཆོས་སྐྱོང་གང་ཤེས་གཏོར་བསྔོས་བྱ༔ ཕུགས་གཏོར་དེ་རྣམས་ཀྱི་རྩེར་ལྷ་སོ་སོའི་ཕོ་བྲང་དང་བཅས་པ་བཞུགས་པ་ལ་གཏོར་མའི་རྐེད་པ་མན་ཆད་མཆོད་རྫས་དཔག་ཏུ་མེད་པར་བདུད་རྩིའི་རྒྱ་མཚོར་གྱུར་པར་བསྒོམས་ལ་རྒྱུན་དུ་གཤེགས་གསོལ་མི་དགོས༔ གཏོར་བསྔོས་དུས་རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་སྤྲུལ་


CMR008_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཕྱག་ན་བྷན་རེ་ཐོགས་ནས་བདུད་རྩིའི་རྒྱ་མཚོ་ལས་བཅུས་ཏེ་ལྷ་སོ་སོར་མཆོད་པར་བསྒོམ༔ ཐུན་མཚམས་སུ་བྱ་བ་གང་དགོས་བསྒྲུབ༔ ཅེས་༧ རཱ་ག་ཨ་སྱས་གསུངས་སོ༔ མངྒ་ལཾ། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

འོད་འབར་ཕྲིན་ལས་བཞི་སྒྲུབ།


CMR008_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

འོད་འབར་ཕྲིན་ལས་བཞི་སྒྲུབ་ལ་བྱེད་ལུགས་མང་ན་ཡང་། ད་ནངས་སྔ་མོ་ནས་འོད་འབར་ཚར་གཅིག་འདོན། ཐོ་རེངས་སམ་ནམ་ལངས་ནས་བཟུང་སྟེ་རང་ཁ་ཤར་དུ་གྱུས་ལ། རང་ཨོ་རྒྱན་དཀར་པོ་པད་ཞྭ་ན་བཟའ་ཐམས་ཅད་དཀར་པོར་བསྒོམ། དེའི་སྤྱི་བོ་ཀླད་པའི་ནང་དུ་ཟླ་བའི་སྟེང་དུ་ཨོཾ་དཀར་པོ་ལ་སྔགས་ཕྲེང་བསྐོར་བ་ལས་འོད་ཟེར་དཀར་པོ་འཕྲོས་པས་ནད་གདོན་སྡིག་སྒྲིབ་དང་གནོད་བྱེད་ཐམས་ཅད་བ་མོ་ལ་ཉི་ཟེར་ལྟར་སང་སང་དག་ཅིང་ཞི་བར་བསྒོམ། བཛྲ་གུ་རུའི་མཇུག་ཏུ། ཨོ་ཤཱནཾ་ཀུ་རུ་སྭཱ་ཧཱ༔ ཞེས་སྦྱར་བ་བཟླ་། བརྒྱ་རྩ་རེའི་མཚམས་སུ། ནད་གདོན་སྡིག་སྒྲིབ་བག་ཆགས་ངན༔ སྡང་དགྲ་གནོད་བྱེད་གདུག་པའི་དབལ༔ རྣོ་བའི་མཚོན་དང་སྦྱོར་བའི་དུག༔ སྟོང་ཕྲག་བརྒྱད་ཅུའི་བགེགས་ཀུན་དང་༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་དང་༔ རྨིས་ལྟས་མཚན་ངན་ཐམས་ཅད་ཀུན༔ མྱུར་བ་ཉིད་དུ་ཞི་གྱུར་ཅིག༔ ཅེས་བརྗོད་དོ། །ཉི་མ་ཤར་ཡག་བར་བསྙེན་པ་དེའི་ངང་ལ་ཝིག་ཅི་ཐོན་བྱའོ༔ ༈ ཉི་དྲོས་རེད་ཙ་ཁ་ལྷོར་གྱུས་ལ་འོད་འབར་ཚར་གཅིག་འདོན་ནས། རང་ཨོ་རྒྱན་སེར་པོ་དབུ་ཞྭ་ན་བཟའ་ཐམས་ཅད་སེར་པོར་བསྒོམ། ལྟེ་བར་


CMR008_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་སེར་པོའི་སྟེང་དུ་ཧཱུཾ་སེར་པོ་ལ་སྔགས་ཕྲེང་སེར་པོས་བསྐོར་བ་ལས་འོད་ཟེར་གསེར་གྱི་མདོག་ལྟར་འཕྲོས་ལུས་གང་ཡུལ་ཁམས་ཁྱབ་པས། ཚེ་དང་བསོད་ནམས་ཡེ་ཤེས་ཡོན་ཏན་ཐམས་ཅད་རྒྱས་པར་བསྒོམས་ལ། །བཛྲ་གུ་རུའི་མཇུག་ཏུ། བྷཾ་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ༔ སྦྱར་ལ་བསྙེན་པ་བརྒྱ་རེའི་མཚམས་སུ། ཚེ་དང་བསོད་ནམས་སྙན་གྲགས་སྟོབས༔ འཁོར་དང་བུ་སློབ་ཕྲིན་ལས་རྒྱས༔ མཐའ་ཐང་ལོངས་སྤྱོད་ཡོན་ཏན་ཀུན༔ མྱུར་བ་ཉིད་དུ་རྒྱས་གྱུར་ཅིག༔ ཅེས་བརྗོད་དོ། །དེ་ལྟར་སྔགས་དང་དམིགས་པ་དགོང་ཀ་བར་བྱའོ།། ༈ །དགོང་ཆེན་ཁ་རེད་ཙ་ལ་རང་ཁ་ནུབ་ཏུ་གྱུས་ལ་འོད་འབར་ཚར་གཅིག་འདོན་ནས། རང་ཨོ་རྒྱན་སྐུ་མདོག་ཞྭ་བེར་དམར་པོ་ཅན་བསྒོམ་པའི་མགྲིན་པར་པདྨ་དམར་པོའི་ལྟེ་བར་ཧྲཱིཿདམར་པོ་ལ་སྔགས་ཕྲེང་དམར་པོས་བསྐོར་བ་ལས་འོད་ཟེར་འཕྲོས་པས། སྣང་སྲིད་ཐམས་ཅད་རང་དབང་མེད་པར་རང་གི་དབང་དུ་སྡུད་པར་བསྒོམས་ལ། བཛྲ་གུ་རུའི་མཇུག་ཏུ།་ཧིཔ་ཤོ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་སྦྱར་ལ་བསྙེན། བརྒྱ་རེའི་མཚམས་སུ། རྒྱལ་བའི་ཐུགས་རྗེ་བྱིན་རླབས་དང་༔ འགྲོ་བའི་སྟོབས་དང་དཔལ་འབྱོར་བཅས༔ སྐྱེ་འགྲོ་མཐོང་ཐོས་དྲན་རེག་


CMR008_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

སོགས༔ ཁམས་གསུམ་དབང་དུ་འདུས་གྱུར་ཅིག༔ ཅེས་བརྗོད། མུན་རུབ་བར་དེ་ལྟར་བྱའོ།། ༈ མུན་རུབ་ནས་ཁ་བྱང་དུ་གྱུ་ལ་འོད་འབར་ཚར་གཅིག་འདོན། རང་ཨོ་རྒྱན་མཐིང་ནག་ཞྭ་དང་ཆོས་གོས་མཐིང་ཀ་ཅན་བསྒོམ་པའི་གསང་གནས་སུ་ཉི་མའི་གདན་ལ་ཧཱུཾ་མཐིང་ནག་ལ་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་མཐིང་ནག་ཚྭ་ཞིང་རྩུབ་པ་འཕྲོས་པས་དགྲ་བགེགས་ཐམས་ཅད་ཚར་བཅད་པར་བསྒོམ་ཞིང་། བཛྲ་གུ་རུའི་མཇུག་ཏུ། ཧཱུཾ་མཱ་ར་ཡ་ཕཊ༔ ཅེས་སྦྱར་ལ་བཟླས། བརྒྱ་རེའི་མཚམས་སུ། དམ་སྲི་འབྱུང་པོ་མ་རུངས་པ༔ བསྟན་དགྲ་སྒོས་དགྲ་ལ་སོགས་པའི༔ ཞིང་བཅུ་ལྡན་རྣམས་བརླག་གྱུར་ཅིག༔ ཅེས་བརྗོད། དེ་ལྟར་ཉལ་ཁའི་བར་དུ་བྱའོ། །དེ་དག་རེ་རེ་ལ། །སྔགས་སྟོང་ངམ། ལྔ་བརྒྱའམ། བརྒྱ་ཡན་ཆད་རང་གི་གང་འདོད་བྱ་ཆོག །དེ་དག་གི་ཐུན་མཚམས་སུ། ལུས་པདྨ་འོད་འབར་དུ་མོས་ཙམ་ལ། དོན་ཉམས་ལེན་ཕྱག་རྒྱ་ཆེན་པོའི་ངར་ཐོན་པས་སྣང་སྲིད་ཐམས་ཅད་སྒྱུ་མ་རྨི་ལམ་ལྟར་བདེན་མེད་སྟོང་ཉིད་དུ་ངེས་ཤེས་བསྐྱེད་ཅིང་། ལུས་འཆམ་སྟབས་ངང་ནས། ངག་དབྱངས་སུ་གྱེར་ཏེ། ཨོ་ཨཱ༔ཧཱུྃ་བཛྲ་གུ་རུ་


CMR008_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ཐོད་ཕྲེང་རྩལ༔ བཛྲ་ས་མ་ཡ་ཛསིདྡྷི་ཕ་ལ་ཧཱུྃ༔ ཞེས་ཛབ་བྲོ་བརྡུང་བ་ལྟར་བྱའོ། །གཞན་ཡང་ཐུན་མཚམས་སུ་ཕག་མོ་སོགས་དང་ཆོས་སྤྱོད་སོགས་ཆག་མེད་རིགས་གང་ཡོད་རྣམས་བྱའོ། །འོད་འབར་ཚར་བཞི་དང་སྔགས་དམིགས་ཐུན་བཞི་རེ་མ་ཆག་པར་བྱའོ། །དེ་ལྟར་སྔགས་རེ་རེ་ལ་འབུམ་ཕྲག་བཞི་རེའམ་རེ་རེའམ། ཟླ་དྲུག་གམ་གསུམ་མམ་གཅིག་སོགས་གང་ཐོན་རེ་བྱའོ། །དེས་དངོས་སུ་འཇའ་ཟུག་པ། དྲི་བཟང་འཐུལ་བ། ཉམས་རྟོགས་འཕེལ་བ། རྨི་ལམ་དུ་ཉི་ཟླ་ཤར་བ། ཁྲོམ་འདུ་བ། དར་ཕྱར་བ། དགྲ་བགེགས་བསྒྲལ་བ་སོགས་ཕྲིན་ལས་བཞི་འགྲུབ་རྟགས་སྣ་ཚོགས་པ་འབྱུང་ངོ་། །།འདིས་ནི་ཉམས་རྟོགས་ལ་བོགས་ཆེན་པོ་འབྱུང་ཞིང་བྱིན་རླབས་ཆེ་བས་ཐ་ནའང་ཟླ་བ་གསུམ་ཙམ་ལ་ཐུགས་དམ་རྩེ་གཅིག་ཏུ་མཛོད་ཅིག༔ ཨོཾ༔ དེ་ནས་གཏེར་གསར་གུར་དྲག་འདོན་ན། དང་པོ་འོད་འབར་ཚར་གཅིག་འདོན་ཏེ། བདག་མདུན་གཉིས་ཀ་འོད་འབར་དུ་བསྒོམ། བཛྲ་གུ་རུ་ཕྲེང་སྐོར་ཙམ་བསྙེན་ནས། སྐད་ཅིག་ལ་རང་གུ་རུ་དྲག་པོ་ཕྱག་གཉིས་པ་གཞུང་ལྟར། ཞི་བ་གནས་འགྱུར་ནས་དྲག་པོར་བསྒོམ་པ་ལ་དྲག་པོའི་བསྟོད་པ་ཡན་འདོན། ཐུགས་


CMR008_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་ཉི་མའི་གདན་ལ་ཧཱུྃ་དམར་པོ་ལ་ཨརྩིག་གིས་བསྐོར་བར་བསྒོམས་ལ་ཨརྩིག་རྐྱང་པ་འདོན། ཨ་ཡ་མ་མི་སྦྱར་རོ། །དེ་ནས་ཉིན་ཕྱེད་དྲག་པོ་ཚར་གཅིག་དགོང་ཀ་གཅིག་དང་ཚར་གསུམ་འདོན། གཏོར་འབུལ་ཡོད་ན་བཀུག་གཞུག་བྱས་ལ། དམར་ནག་གྲུ་གསུམ་འབར་བའི་ཞེས་སོགས་བསྐུལ་པ་དང་། སེང་གདོང་མ་ཆད་མདོ་གསུམ་འདོན་ལ་འབུལ། རྒྱུན་དུ་གཏོར་འབུལ་མི་དགོས་སོ། དྲག་པོ་ནམ་འདོན་ཡི་དམ་གཏོར་མ་གསོས་ལ་འདོན། དེ་ལྟར་ཟླ་གཅིག་སོགས་ཅི་འདོད་པར་དྲག་པོ་བསྙེན་པར་བྱའོ། །དྲག་པོ་འདི་ཉུང་ལ་གཏེར་ཁ་གསར་པས་བྱིན་རླབས་ཆེ། ཐུན་སྐབས་སུ་རང་དྲག་པོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཟངས་མདོག་དཔལ་རི་ནས་དྲག་པོ་མང་པོ་སྤྱན་དྲངས་ལ་རང་ཉིད་ལ་བསྟིམ་མོ།། ཨོཾ༔ དེ་ནས་སེང་གདོང་མ་བསྙེན་འདོད་ན། དང་པོ་འོད་འབར་འདོན། ཕྲེང་སྐོར་གཅིག་བསྙེན། དེ་གནས་འགྱུར་གུར་དྲག་ཏུ་བསྒོམས་ལ་ཨརྩིག་ཕྲེང་སྐོར་གཅིག་འདོན་༔ དེ་ནས་བདག་དང་མདུན་གྱི་གུ་རུ་དྲག་པོ་དེ་སྐད་ཅིག་ལ་གནས་འགྱུར་ནས་སེང་གདོང་མར་བསྒོམ་སྟེ། སྤྱི་བོར་པདྨ་འོད་འབར་སོར་བཞི་ཙམ་རིགས་བདག་གི་ཚུལ་དུ་བསྒོམ། །


CMR008_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་མོ་གཡོན་གྱི་ཁཊ་དེ་ཡབ་གུ་རུ་དྲག་པོའི་ངོ་བོ་ཡིན་པར་བསམས་ལ་སེང་གདོང་མའི་གཏོར་བསྔོས་ཡན་འདོན། བསྐུལ་པ་མི་འདོན། རང་གི་ཐུགས་ཀར་པདྨ་དམར་པོ་འདབ་མ་བཅུ་གཉིས་ལྟེ་བར་ཧཱུཾ། འདབ་མ་ལ་ཨཀསམསོགས་ཡི་གེ་བཅུ་བཞི་པ་བསྒོམས་ལ་སྔགས་ཕྲེང་ཧཱུྃ་གི་མཐར་གཡོན་དུ་འཁོར་བར་བསྒོམས་ལ། ཨཀསམའདོན། དེ་ཡང་དུས་གསུམ་སེང་གདོང་མའི་ལས་བྱང་ཚར་གསུམ་འདོན་ནོ། །གཏོར་འབུལ་ཡོད་ན་བྷྱོབཞེངས་ཤིག་བཞེངས་ཤིག་སོགས་བསྐུལ་ཚར་གཅིག་འདོན། རྒྱུན་དུ་མི་དགོས་སོ། །སེང་གདོང་མའི་སྔགས་འདི་རྩུབ་དྲགས་པས་བློ་མི་བདེ་ཉེན་ཡོད་པས། འབུམ་ཚོ་གཅིག་ཙམ་བཏོན་ན་ཡང་མཆོག །ཁྲི་ཚོ་གསུམ་གྱིས་ཀྱང་བསྙེན་པ་རྫོགས། རྩུབ་སློང་མ་བྱུང་ན་ཟླ་གཅིག་ལ་འདོན། ནུབ་རྒྱུན་དུ་རང་སེང་གདོང་མའི་ཕྱག་ཉི་ཟླ་གཉིས་བརྡབ་པའི་བར་དུ་དགྲ་བགེགས་ཐམས་ཅད་རྡུལ་དུ་བརླག་པར་བསམས་ལ། སྔགས་ཕྲེང་སྐོར་རེ་དང་ཐལ་རྡེབ་བདུད་ཟློག་ནི་མི་ཆག་པར་བྱས་པས་སྐུ་རིམ་གྱི་མཆོག་དམ་པའོ། །སེང་གདོང་མའི་རྟགས་སོགས་ནི། ཕག་མོ་དུས་དང་འདྲའོ།། ༈ དེ་ལྟར་གསར་རྙིང་སོ་སོར་གཏོར་འབུལ་བྱས་ནའང་ལེགས་


CMR008_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

མོད་ཀྱི། གཏོར་མ་མང་པོ་བཅའ་བ་ཡང་ཆོག་གོ །གྲོང་ཆོག་སོགས་འདོན་ལུགས་ནི། སྔ་མོ་ཚེ་སྒྲུབ་འདོན། དེ་ནས་བླ་མ་འོད་འབར། དེ་ནས་ཡི་དམ་རྒྱལ། བ་རྒྱ་མཚོ། དེ་ནས་མཁའ་འགྲོ་ཕག་མོ། དེ་ནས་དྲག་པོ། སེང་གདོང་མ། ཞིང་སྐྱོང་། ཚེ་རིང་མ། སོགས་འདོན། ཚོགས་ཕག་མོ་འདོན། དེ་ལ་འོད་འབར་ཚོགས་མཐུད་ནས་འདོན། དེ་ནས་ཚོགས་ཕུད་ལ། གསང་སྔགས་ནང་གཏོར། མཚལ་མའམ། མ་དག་མ། མཁའ་འགྲོ་སྤྱི་གཏོར་འདོན། ཕག་མོའི་བསྐང་བ་ཡང་འདོན། དེ་ནས་དཀར་གཏོར་བྲན་ལ་གཞི་བདག་གཏོར་མ་འདོན། དེ་ནས་དམར་གཏོར་གཅིག་ལ་བཀུག་གཞུག་བྱས་ལ། དྲག་པོའི་གཏོར་བསྔོས་ཚང་མ་འདོན། དེ་ནས་ཕག་མོའི་གཏོར་འབུལ་ཐམས་ཅད། སེང་གདོང་མ། མགོན་པོ། ལྷ་མོ། ཚེ་རིང་མའམ། དམ་ཅན་འདོན། ཆད་མདོ་བཟློག་བསྒྱུར་ཡོད་ན་འདོན། མེད་ཀྱང་གཏོར་མ་དཀར་གཏོར་དང་གཉིས་ཀ་དུས་གཅིག་ཕུལ་ལོ། །གསར་རྙིང་བསྲེས་པས་སྐྱོན་མེད། རྗེས་ཆོག་རྣམས་ཕག་མོས་བྱའོ། །ཞེས་རཱ་ག་ཨ་སྱས་འཕྲལ་དུ་བྲིས་པའོ། །སརྦ་མངྒ་ལཾ།། །།ཆགས་མེད་


CMR008_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེའི་ཕྱག་བྲིས་དངོས་ཀྱི་བུ་ལས་ཉི་མས་བཤུས་ཟེར་བ་ལས་ཚེ་དབང་རྒྱས་དེ་ནས་བདག་གིས་སོ།། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི༔ ཞི་དྲག་སེང་གསུམ་གྱི་ཟིན་བྲིས་བསྡུས་པ།


CMR008_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི༔ ཞི་དྲག་སེང་གསུམ་གྱི་ཟིན་བྲིས་བསྡུས་པ་བཞུགས་སོ༔


CMR008_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་སིདྡྷི་ཧཱུྃ༔ རྫོགས་ཆེན་དཀོན་མཆོག་སྤྱི་འདུས་ཀྱི༔ སྒྲུབ་པ་ལ་སོགས་བྱ་འདོད་ན༔ མ་ཧཱ་ཡོ་གའི་བསྐྱེད་རིམ་དང་༔ ལས་བྱང་གཉིས་པོ་གབ་སྤྲད་བྱ༔ རྗེས་ནས་ཕྲིན་ལས་བཞི་སྒྲུབ་དང་༔ ལས་བཞིའི་སྦྱིན་སྲེག་སྦྲགས་པར་བྱ༔ ཚེ་སྒྲུབ་བྱེད་ན་དབང་ཆོག་དང་༔ ལས་བྱང་གཉིས་པོ་གབ་སྤྱད་བྱ༔ དེ་ལྟར་སྒྲུབ་པའི་ཆོ་ག་དང་༔ རྒྱུན་བསྙེན་ལས་བྱང་རྒྱུན་ཁྱེར་བྱ༔ ཚེས་བཅུ་ལ་སོགས་བྱེད་པའི་དུས༔ པདྨ་འོད་འབར་ལས་བྱང་འདོན༔ གསར་མའི་ལུགས་དང་མི་གཅིག་པའི༔ ལས་བྱང་ཚར་གཅིག་འདོན་པ་དེས༔ བདག་མདུན་བུམ་པ་གཏོར་མ་


CMR008_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

སོགས༔ གསུམ་མམ་གཉིས་པོ་དུས་གཅིག་བསྐྱེད༔ ཡེ་ཤེས་མང་པོ་སྤྱན་འདྲེན་ནས༔ གཅིག་གིས་སོ་སོར་བསྟིམ་པ་དང་༔ སྤྲུལ་པའི་ལྷ་མོ་མང་པོ་ཡིས༔ སོ་སོར་མཆོད་བསྟོད་བྱེད་དམིགས་ནས༔ མཆོད་བསྟོད་ཚར་གཅིག་གིས་ཆོག་པ༔ རྙིང་མ་རང་གཞུང་ལུགས་སུ་ངེས༔ གསར་ཞེན་ཆེ་བ་ལ་ལ་ཡིས༔ དེ་ལ་ངེས་པ་མ་རྙེད་ནས༔ རྙིང་མར་བདག་མདུན་ནན་གྱིས་བཟོས༔ ཆོས་བསླད་བྱིན་རླབས་ཆུང་བ་དང་༔ གཏེར་སྲུང་མཁའ་འགྲོ་ཁྲོས་པ་ཡིས༔ མི་འཕྲུག་རྐྱེན་ངན་གཏོང་བར་གསུངས༔ རང་ཉིད་འོད་འབར་ཐུགས་ཀ་རུ༔ པདྨའི་སྟེང་དུ་ཡེ་


CMR008_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སེམས༔ གསེར་གྱི་རྡོ་རྗེ་རྩེ་ལྔ་པ༔ གྱེན་དུ་ལངས་བའི་ལྟེ་བའི་ནང་༔ ཟླ་སྟེང་ཧྲཱིཿལ་སྔགས་ཕྲེང་བསྐོར༔ དེ་ནི་གཏེ་ར་སྟོན་ཉིད་ཀྱིས་གསུངས༔ འོན་ཀྱང་ཐུགས་ཀར་པདྨ་དང་༔ ཟླ་སྟེང་ཧྲཱིཿལ་སྔགས་བསྐོར་ཆོག༔ སྔགས་ཕྲེང་ཧཱུྃཡིག་དང་བཅས་པ༔ དཀར་པོ་འོད་ལྔའི་མདངས་ཆགས་པའི༔ གཡས་སུ་སྔགས་ཕྲེང་འཁོར་བ་ལས༔ འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོས༔ སངས་རྒྱས་བྱང་སེམས་རྩ་བ་གསུམ༔ མཆོད་ཅིང་བྱིན་རླབས་དངོས་གྲུབ་ཀུན༔ བསྡུས་ནས་རང་ཐིམ་དངོས་གྲུབ་ཐོབ༔ མར་འཕྲོས་རིགས་དྲུག་སེམས་ཅན་གྱི༔ སྒྲིབ་སྦྱངས་ཐམས་ཅད་པད་འབྱུང་གྱུར༔ བར་དུ་ལྷ་སྲིན་སྡེ་བརྒྱད་ལ༔ ཕོག་པས་དམ་བཏགས་སྲོག་སྙིང་དང་༔ མཐུ་སྟོབས་བསྡུས་ནས་རང་ཐོབ་གྱུར༔ བདག་བསྐྱེད་ཁོ་ནས་དམིགས་པ་བྱ༔ མདུན་བསྐྱེད་མཆོད་བསྟོད་འབུལ་བ་ནི༔ ཚོགས་བསགས་ཞིང་ཙམ་ཡིན་པའོ༔ བཛྲ་གུ་རུ་ཅི་ནུས་བཟླས༔ དེ་ནི་བྱིན་རླབས་རྩ་བ་ས༔ བླ་མ་ཨོ་རྒྱན་སྒྲུབ་པའོ༔ ༈ དེ་ནས་དྲག་པོ་བཏོན་ཙམ་ནི༔ བདག་མདུན་ཞི་བ་གནས་འགྱུར་ནས༔ གུ་རུ་དྲག་པོའི་སྐུར་གྱུར་ཏེ༔ ཞི་བའི་སྐུ་ནི་ཆུང་ངུ་ཞིག༔ རིགས་བདག་ཚུལ་དུ་


CMR008_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་ལ་བརྒྱན༔ སྤྱན་འདྲེན་ཚིག་དེ་བརྗོད་པའི་ཚེ༔ སྲིན་ཡུལ་ཟངས་མདོག་དཔལ་རི་ནས༔ ཨོ་རྒྱན་དྲག་པོའི་སྐུར་གྱུར་ནས༔ མང་པོ་སྤྱན་དྲངས་བདག་མདུན་ཐིམ༔ དྲག་པོའི་མཆོད་བསྟོད་གཞུང་ལྟར་འདོན༔ རང་ཉིད་ཐུགས་ཀར་ཉི་མའི་སྟེང་༔ ཧཱུྃ་ཡིག་བྱི་རུའི་མདོག་ཅན་མཐར༔ རྩ་སྔགས་སྡེ་བརྒྱད་མི་སྦྱར་བ༔ གཡས་སུ་དྲག་ཏུ་འཁོར་བ་ལས༔ འོད་ཟེར་དཔག་མེད་འཕྲོས་པ་ཡིས༔ ཁྲོ་བོ་ཀུན་གྱི་མཐུ་སྟོབས་དང་༔ ལྷ་སྲིན་དྲེགས་པའི་སྟོབས་ནུས་རྣམས༔ འོད་ཟེར་ཚུར་བསྡུས་རང་ལ་ཐིམ༔ ཨརྩིག་རྩ་སྔགས་ཅི་ནུས་བཟླས༔ དངོས་གྲུབ་རྩ་བ་ཡི་དམ་ལྷ༔ གུ་རུ་དྲག་པོ་སྒྲུབ་པའོ༔ དེ་ནས་སྐུ་ལས་སྤྲུལ་པ་ཡི༔ ཁྲོ་ཆུང་དཔག་ཏུ་མེད་པ་དང་༔ གནམ་ལྕགས་སྡིག་པ་གྲངས་མེད་དང་༔ མེ་དཔུང་རླུང་འཚུབ་བཅས་པ་འཕྲོས༔ ཁྲོ་ཆུང་ཡཀཱ་མེ་དབལ་དེ༔ དམར་ནག་ཐོ་བ་ཞགས་པ་འཛིན༔ གནོད་བྱེད་གདོན་རིགས་ཐམས་ཅད་ནི༔ ཞགས་པས་བཅིངས་ཤིང་ཐོ་བས་བརྡུང་༔ སྡིག་པ་རྣམས་ཀྱིས་སྟོབ་ཅིང་ཟོས༔ ལྷག་མ་མེས་བསྲེགས་རླུང་གིས་གཏོར༔ སྡེ་བརྒྱད་ཤཾ་བུ་བློ་ཟློག་ཅན༔ སྔགས་བཟླས་གཤམ་བཅས་སྦྱར་བ་དེ༔ གོང་


CMR008_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཨརྩིག་ཅི་ཙམ་བཏོན༔ དེ་ཡི་བཅུ་ཆའི་ཆ་ཙམ་འདོན༔ ༈ དེ་ནས་བདག་མདུན་གུ་དྲག་དེ༔ སྐད་ཅིག་སེང་གདོང་ལྷ་མོར་གྱུར༔ ཡབ་ནི་གུ་རུ་དྲག་པོ་དངོས༔ ཁ་ཊཾ་དུ་བསྒྱུར་མཆན་དུ་སྦྱོར༔ ཞི་བ་པདྨ་འོད་འབར་ནི༔ ཆུང་ངུ་མཁའ་འགྲོའི་དབུ་རྒྱན་ཚུལ༔ ཨོ་རྒྱན་སྤྲུལ་སྐུའི་ཞིང་ཁམས་ནས༔ སེང་གདོང་ལྷ་མོ་སྤྱན་དྲངས་ལ༔ བདག་མདུན་ལ་ཐིམ་མཆོད་བསྟོད་བྱ༔ ཐུགས་ཀར་ཉི་མའི་དཀྱིལ་འཁོར་སྟེང་༔ ཧཱུྃ་ཡིག་མཐིང་གའི་མཐའ་སྐོར་ལ༔ སྔགས་ནི་གཡོན་དུ་འཁོར་བར་དམིགས༔ ཡི་གེ་བཅུ་བཞི་ཅི་ནུས་བཟླས༔ རང་ཉིད་སེང་གདོང་ལྷ་མོ་ཡི༔ ཕྱག་གཡོན་ཉི་མ་གཡས་ཟླ་བ༔ ཉི་མར་བསྐལ་པའི་མེ་དཔུང་འབར༔ ཟླ་བར་བསྐལ་པའི་ཆུ་ཆེན་འབྲུབ༔ སྟེང་ནས་རླུང་ནག་འཚུབ་མ་འཕྲོས༔ ནད་གདོན་གནོད་བྱེད་ཐམས་ཅད་ནི༔ ཕུར་མ་རླུང་གིས་བསྡུས་པ་ལྟར༔་ཕྱག་གཡོན་ཉི་མའི་མཐིལ་དུ་སྤྱངས༔ ཕྱག་གཉིས་ཉི་ཟླ་ཆ་ལང་བརྡབས༔ གནོད་བྱེད་སྒོ་ང་བྲག་བརྒྱབ་བཞིན༔ མེས་སྲེག་ཆུས་བཀྲུས་ཐལ་བ་ཡང་༔ ས་འོག་གཤིན་རྗེའི་ཁར་སོང་དམིགས༔ ཆོས་སྤྱོད་ནང་ནས་འབྱུང་བ་ལྟར༔ ཐལ་རྡེབ་དམོད་བཅོལ་ལ་སོགས་བྱ༔ ཕྲིན་ལས་རྩ་


CMR008_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

བ་མཁའ་འགྲོ་མའི༔ སྒྲུབ་པ་ལས་ཚོགས་རྐྱེན་ཟློག་ཟབ༔ ༈ དེ་ནས་ཚོགས་འཁོར་སོགས་ཡོད་ན༔ སྐད་ཅིག་བདག་ཉིད་སེང་གདོང་མ༔ པདྨ་འོད་འབར་ཞི་བར་བསྒྱུར༔ དེ་ནི་ཞི་དྲག་དབྱེར་མེད་དེ༔ སེང་གདོང་མ་ནི་ཁ་ཊཾ་དུ༔ བསྒྱུར་ནས་མཆན་དུ་བཅུག་པའོ༔ མདུན་གྱི་སེང་གདོང་ལྷ་མོ་ནི༔ དབུ་གཙུག་ཞི་བ་སྐུ་ཆེར་གྱུར༔ ནམ་མཁའི་ཁམས་གང་བླ་མས་བསྐོར༔ གཡོན་གྱི་ཁ་ཊཾ་གུ་དྲག་བསྒྱུར༔ བར་སྣང་ཁམས་བཞུགས་ཡི་དམ་བསྐོར༔ སེང་གདོང་མ་ནི་ས་ཡི་སྟེང་༔ མཁའ་འགྲོ་ཆོས་སྐྱོང་རྒྱ་མཚོས་བསྐོར༔ དེ་ལ་ཚོགས་མཆོད་ཕུལ་བར་དམིགས་ཚོགས་ཕུད་ཕུལ་ནས་གཏོར་བསྔོས་དང་༔ བསྐང་བ་ལ་སོགས་གང་འདོད་སྦྱར༔ གཏོར་བསྔོས་གསར་རྙིང་གང་འདོད་དེ༔ གསང་སྔགས་ནང་གཏོར་མ་དག་མ༔ མཁའ་འགྲོ་སྤྱི་གཏོར་དཀར་གཏོར་སོགས༔ ཐམས་ཅད་སྦྱར་བར་རུང་བའོ༔ ཚོགས་རོལ་ལྷག་མ་ཕུལ་ནས་ནི༔ དཀར་གཏོར་ཆུང་བ་གཅིག་དང་ནི༔ དམར་གཏོར་ཆེ་བ་གཅིག་བཤམས་ལ༔ དཀར་གཏོར་གཞི་བདག་སྤྱི་དང་ནི༔ ཆད་མདོ་ལ་ཡང་དགོས་པའོ༔ དམར་གཏོར་འགུགས་གཞུག་སྤྱི་ལྟར་བྱས༔ དྲག་པོའི་


CMR008_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་གི་བསྐུལ་པ་ནི༔ ཧཱུྃ༔ དམར་ནག་གྲུ་གསུམ་འབར་བའི་མན་ཆད་ནས༔ སེང་གདོང་མ་ཡི་སྨད་ཀྱི་བསྐུལ་བར་དེ༔ གོང་དུ་མི་འདོན་དམར་གཏོར་འདི་ལ་འདོན༔ དེ་ནས་ཆད་མདོ་བརྟན་སྐྱོང་འོད་འབར་གཞུང་༔ དམར་གཏོར་དཀར་གཏོར་ལག་གཉིས་གཡས་གཡོན་འཛིན༔ མཚན་མོ་ཡིན་ན་མེ་རི་བཙུགས་བྱས་ཏེ༔ མཆོད་གཡོག་པ་ཡིས་བཀྱགས་ནས་འདོན་བྱ་དགོས༔ ཞིང་སྐྱོང་དཔའ་རོམ་བསྐང་བའི་མཇུག་གི་ནི༔ བདག་ཅག་འཁོར་དང་བཅས་ལ་གནོད་པ་ཡི༔ ཞེས་ནས་བཟུང་སྟེ་མཇུག་གི་བར༔ ལྟས་ངན་ཆོ་འཕྲུལ་དགྲ་བོའི་སྟེང་དུ་ཟློག༔ ཅེས་པའི་བར་དུ་བཏོན་ན་ཤིན་ཏུ་ལེགས་པ་སྟེ༔ འདི་ནི་ཆོས་སྐྱོང་སྤྱི་ཡི་ཟློག་པ་ཡིན༔ ཡང་ན་མགོན་པོ་པར་བུའི་ནང་གི་ནི༔ རྡོ་རྗེ་གར་གྱི་སྐོག་བསྒྱུར་ཟློག་པ་འདོན༔ དེ་ཡང་སྤྱི་ཡི་ཟློག་པ་ཡིན་ཞེས་བྱ༔ ཟློག་པ་མ་བཏོན་ན་ཡང་མ་ཚང་མེད༔ གཏོར་མ་ཕྱི་རོལ་ཕྱོགས་ནི་གཙང་སར་ཕུལ༔ དེ་ནས་འོད་འབར་མཇུག་གི་རྗེས་ཆོག་འདོན་མདུན་བསྐྱེད་སྐུ་གསུང་ཐུགས་རྟེན་ལ་ཐིམ་དམིགས༔ བདག་བསྐྱེད་ཡེ་ནས་མི་གཤེགས་བསྡུ་རིམ་བསྒོམ༔ རྙིང་མའི་ལུགས་ལ་བདག་བསྐྱེད་ཡེ་ཤེས་པ༔ ནམ་ཡང་མི་གཤེགས་ཡང་


CMR008_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཚུར་བསྟིམ་པ༔ ཕྱག་རྒྱ་སྒོ་བཅད་སྒྲུབ་པ་བྱ་བ་སྟེ༔ བྱང་ཆུབ་ཐོབ་དུས་སྒྲུབ་པ་ཐེམ་པ་ཡིན༔ དེ་ལྟར་བདག་བསྐྱེད་སྒྲུབ་པ་རྫོགས་དུས་མེད༔ ཚོགས་འཁོར་མེད་ན་ཚོགས་ལས་སྐྱར་བར་བྱ༔ རྫོགས་རིམ་རང་སེམས་བལྟས་པས་ཆོག་པ་ཡིན༔ དེ་ནི་སྤྲོས་བཅས་རྒྱུན་ཁྱེར་དམིགས་རིམ་མོ༔ ༈ སྤྲོས་མེད་ལས་བྱང་འདོན་ཡང་མི་ལྕོགས་ལ༔ གཏོར་མ་ལ་སོགས་ཅི་ཡང་མ་འབྱོར་ན༔ མངོན་རྟོགས་ངག་གིས་འདོན་ཡང་མི་དགོས་པར༔ རང་ཉིད་པདྨ་འོད་འབར་སྐུར་བསྒོམ་པའི་༔ ཐུགས་ཀར་པདྨ་དཀར་པོ་འདབ་བརྒྱད་སྟེང་༔ ཧཱུྃཡིག་མཐའ་ལ་སྔགས་ཕྲེང་གཡས་སུ་འཁོར༔ དེ་ལས་འོད་འཕྲོས་རྔ་ཡབ་གླིང་ཕྲན་ནས༔ ཨོ་རྒྱན་གྲངས་མེད་ཁ་བ་བུ་ཡུག་ལྟར༔ བྱོན་ནས་དབྱེར་མེད་རང་ལ་སིབ་སིབ་ཐིམ༔ སྔགས་ཕྲེང་དེ་ལ་འོད་ཟེར་ཁ་དོག་ལྔ༔ ཕྱོགས་བཅུར་འཕྲོས་པས་འཁོར་འདས་སྣང་སྲིད་ཀྱི༔ ཚེ་ཡི་དངོས་གྲུབ་བསོད་ནམས་འབྱུང་བའི་བཅུད༔ ཐམས་ཅད་འོད་ཟེར་ལྔ་དང་ནི་ལྗང་གུ༔ ཐིམ་ནས་དམར་པོ་འོད་ཟེར་བཅས་པ་རུ༔ བསྡུས་ནས་རང་ཐིམ་ཚེ་ཡི་དངོས་གྲུབ་ཐོབ༔ དམིགས་པ་དེ་ཉིད་རྒྱུན་དུ་བསྒོམ་པ་དང་༔ དབང་ཆོག་ནང་གི་ཚེ་


CMR008_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་སྔགས་དེར་བཟླས༔ དེ་ནི་ཚེ་སྒྲུབ་རྒྱུན་ཁྱེར་ཟབ་ཅིང་བདེ༔ དེ་ཡན་མ་ཧཱ་ཡོ་གའི་བསྐྱེད་རིམ་ལུགས༔ ༈ རང་ཉིད་པདྨ་འོད་འབར་གསལ་བཏབ་པའི༔ སྙིང་ཁར་ཞི་བ་བཞི་བཅུ་རྩ་གཉིས་དང་༔ མགྲིན་པར་རིག་འཛིན་གཙོ་བོ་ཡབ་ཡུམ་བཅུའི༔ གཙོ་བོ་པདྨ་གར་དབང་སྤྱན་རས་གཟིགས༔ སྤྱི་བོར་ཆེ་མཆོག་ཁྲག་འཐུང་ཁྲོ་བོའི་ཚོགས༔ ལྟེ་བར་མཁའ་འགྲོ་སྡེ་ལྔ་གསང་གནས་སུ༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་བཀྲག་ལམ་མེ༔ བཟའ་བཏུང་བདུད་རྩིར་སྒྱུར་ལ་དེ་རྣམས་མཆོད༔ རླུང་ནི་ནང་དུ་འཇུག་པ་ཡི་གེ་ཨོཾ༔ ཁོང་དུ་གནས་པ་ཨཱལ་ཕྱིར་དབྱུང་ཧཱུྃ༔ ཡེ་ནས་ཡིན་ལ་ཡིན་བཞིན་གསལ་བཏབ་བྱ༔ དེ་ལ་ཡེ་ཤེས་བསྟིམ་སོགས་མི་དགོས་ཏེ༔ རང་ལུས་ཡེ་ནས་དམ་ཚིག་སེམས་དཔའ་སྟེ༔ ཕུང་ཁམས་སྐྱེ་མཆེད་ལྷ་ཡི་དཀྱིལ་འཁོར་ཉིད༔ རང་སེམས་ཡེ་ཤེས་སེམས་དཔའི་ངོ་བོ་ཉིད༔ ཡིན་ལ་ཡིན་ཞེས་དེ་དེར་གསལ་འདེབས་དགོས༔ དེ་ནི་ཨ་ནུ་ཡོ་གའི་དམིགས་རིམ་མོ༔ ༈ རང་སེམས་ཡེ་ནས་སྐུ་གསུམ་ལྷུན་གྱིས་གྲུབ༔ ངོ་བོ་སྟོང་པ་ཆོས་སྐུ་སྣང་མཐའ་ཡས༔ རང་བཞིན་གསལ་བ་ལོངས་སྐུ་སྤྱན་རས་གཟིགས༔ ཅི་ཡང་འཕྲོ་བ་སྤྲུལ་སྐུ་པདྨ་འབྱུང་༔ སྟོབས་


CMR008_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྟོང་ཉིད་མཁའ་འགྲོ་སེང་གདོང་ཅན༔ ཐབས་ཀྱི་གསལ་ཆ་རྡོ་རྗེ་དྲག་པོ་རྩལ༔ གཞན་དུ་མ་གྲུབ་རང་གི་སེམས་ཉིད་འདི༔ མ་ཡི་རང་ངོ་སངས་རྒྱས་ས་བཞིན་བཞག༔ དེ་ནི་ཁྲེགས་ཆོད་གཞི་ཡི་ལྟ་བ་ཡིན༔ ཉི་ཟླ་མར་མེ་སྐར་ཁུང་ལ་སོགས་ལ༔ ཙཀྵས་ཟིམ་བུར་ལྟས་པས་འཇའ་ཚོན་ཤར༔ ཐིག་ལེ་གཅིག་གྲགས་ལུག་རྒྱུད་གསལ་བར་འཆར༔ དེ་ཉིད་ངོ་བོ་སེམས་དང་དབྱེར་མེད་བལྟས༔ གསལ་སྟོང་མངོན་སུམ་རྗེན་པ་དངོས་སུ་མཐོང་༔ དེ་ནི་ཨ་ཏི་ཡོ་གའི་ཉམས་ལེན་ནོ༔ དེ་དག་རྣམས་ཀྱིས་པདྨ་འོད་འབར་གྱི༔ རྒྱུན་ཁྱེར་ཉམས་ལེན་ཁྱེར་བདེ་ཚང་བ་ལགས༔ དེ་སྐད་ཨོ་རྒྱན་རྗེ་ལ་མི་ཕྱེད་པའི༔ དད་པའི་རྗེས་འབྲང་རཱ་ག་ཨ་སྱ་ལ༔ བླ་མ་ཀརྨ་རྒྱ་མཚོས་བསྐུལ་བའི་ཕྱིར༔ འཕྲལ་དུ་ཡི་གེར་བྲིས་ལ་འགལ་མཆིས་ན༔ ཆོས་བདག་ཀླུ་ཀི་ཀླུ་བདུད་ཕོ་ཉར་བཤགས༔ དགེ་བས་མང་པོ་འགའ་ལ་ཕན་པར་ཤོག༔ མངྒ་ལཾ༔ ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

པདྨ་འོད་འབར་གྱི་ཚེ་སྒྲུབ་ཉུང་བ་བཞུགས་པའི་དབུ་ཕྱོགས།


CMR008_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་འོད་འབར་གྱི་ཚེ་སྒྲུབ་ཉུང་བ་བཞུགས་པའི་དབུ་ཕྱོགས་ལགས་སོ༔


CMR008_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དྷེ་ཝ་ཌཱཀི་ནཱི་ཡེ༔ པད་འབྱུང་ཧཱུྃ་ནག་མེ་འབར་སེང་གདོང་མ༔ རྩ་བ་གསུམ་ལ་གུས་པས་ཕྱག་འཚལ་ནས༔ པདྨ་འོད་འབར་སྒོ་ནས་ཅུང་ཟད་བྲི༔ ཆོས་བདག་སྲུང་མས་བཀའ་ཡི་གནང་བ་སྩོལ༔ དེ་ལ་པདྨ་འོད་འབར་གྱི་སྒོ་ནས་ཚེ་སྒྲུབ་པ་ལ༔ རྒྱས་པར་མདུན་བསྐྱེད་གཙོ་ཆེ་བས༔ དཀྱིལ་འཁོར་བུམ་པ་དང་བཅས་ཤིང་དམིགས་པའི་འཕྲོ་འདུ་ཟིན་དཀའ་བ་དང་༔ སྒྲུབ་པ་ཆེན་པོ་ཡིན་པས་བཀའ་གཉན་ཏེ་འདིར་མ་བརྗོད༔ བདག་བསྐྱེད་རྐྱང་སྒྲུབ་འདི་སྒྲུབ་རྫས་མི་དགོས་པས་སྟབས་བདེ༔ བདག་བསྐྱེད་གཙོ་ཆེ་སྟེ་བསྙེན་པ་ཡིན་པས་བཀའ་ཅུང་ཟད་


CMR008_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད༔ དམིགས་པ་ཉུང་བས་ཟིན་སླ་ཕྱིར་འདི་ཉིད་བཤད༔ དང་པོ་ཕུགས་གཏོར་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྤྱི་འདུས་གཅིག༔ ཕྱི་རྒྱུད་པའི་དཀར་གཏོར༔ ནོར་ལྷ་སྤུངས་བ་དང་ལྔ་བཤམས༔ རྒྱས་པར་འདོད་ན་ལྷ་གྲངས་བཅའ་འོ༔ སྒྲུབ་ཁང་ཕྱགས་བདར་བྱ༔ རྣམ་འཇོམས་གཟུངས་ཆུས་ཁྱིམ་ལ་ཆག་ཆག་བཏབ༔ གུ་གུལ་སྤོས་མེད་ན་ཤུག་དུད་ཀྱིས་ཁང་པ་དང་གོས་གདན་བསང་བར་བྱས༔ རང་ཉིད་ཀྱང་ཡན་ལག་ལྔ་ཁྲུས་བྱས༔ ཨོ་རྒྱན་གྱི་ཞལ་ཐང་ཡོད་ན་བཤམ༔ ཕུགས་གཏོར་མདུན་དུ་མཆོད་པ་རྣམ་ལྔ་ལྷ་བཤོས་སོགས༔ སྔོན་འགྲོ་ཅོག་རྡོག་


CMR008_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས༔ ཚོགས་གཏོར་འབུལ་མཐེབ་སྐྱ་མང་པོ་བཤམ༔ རང་གི་ཉལ་ས་དང་པོ་བཟོས་ནས་སྟན་མི་བསྒུལ་ལ༔ མི་དང་ངོ་མི་གཏུགས༔ དེ་ནས་སྐྱབས་འགྲོ་སེམས་བསྐྱེད་མཆོད་པ་བྱིན་རླབས་སོགས་བྱ༔ སྔོན་འགྲོ་དཀར་གཏོར་བགེགས་གཏོར་འབུལ༔ དེ་དག་འདོན་ལུགས་སྔོན་འགྲོའི་འདོན་ཆ་དེ་ཉིད་ཇི་ལྟ་བར་འདོན༔་གབ་འཁྲུགས་མེད་མཚམས་དེར་ཐུན་ཐམས་ཅད་དུ་ཐུན་ནམ་ཡུངས་ཀར་ནས་ལྕག་གིས་བྲབ་ཅིང་དྲག་སྔགས་སུཾ་བྷ་ནི་སོགས་གང་ཤེས་བརྗོད༔ དེ་ནས་རྔ་བརྡུང་ཞིང་འོད་འབར་མགོ་ནས་བཛྲ་གུ་རུའི་བསྙེན་པའི་བར་དུ་འདོན༔ དེ་ནས་བསྙེན་པ་བྱེད༔ དང་པོ་དཀར་བགེགས་ཕུལ་ནས༔ དེ་ནས་མཚམས་མ་གྲོལ་བར་དུ་དཀར་བགེགས་སྔོན་འགྲོ་གཉིས་ཕུལ་མི་དགོས༔ སྐྱབས་འགྲོ་སེམས་བསྐྱེད་སོགས་དེ་རྣམས་ནངས་མ་རེ་རེར་འདོན། ཐུན་ཐམས་ཅད་ལ་མི་དགོས༔ འོད་འབར་གཞུང་དེ་རབ་དུས་དྲུག་འདོན་ཏེ༔ ནམ་ལངས༔ ཉི་མ་རྩེ་ཤར༔ ཉིན་ཕྱེད༔ དགོང་ཁ༔ ཉི་ཐལ༔ སྲོད་དང་དྲུག༔ དེ་ཙམ་མ་འཕྲོད་ན༔ ཞོགས་པ༔ ཉིན་ཕྱེད༔ དགོང་ཁ༔ སྲོད་དང་ཐུན་བཞི་བྱེད༔ ཐུན་ཟེར་བའི་དོན་འོད་འབར་དབུ་བཙུགས་ནས་བསྙེན་པ་སྟོང་


CMR008_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཚོ་ལྔ་དྲུག༔ མང་ཉུང་ཅི་རིགས་ཤིག་མ་ཐོན་བར་དམིགས་པ་མ་ཡེངས་པར་བྱེད་པ་ཐུན་ཡིན༔ ཐུན་མཚམས་ཟེར་བའི་དོན་དེ་ནས་བསྐྱེད་རིམ་དམིགས་པ་རང་འོད་འབར་བསྒོམ་པ་དེ་སྟོང་ཉིད་དུ་བསྡུས་ནས༔ བསྔོ་བ་སྨོན་ལམ་རྒྱས་བཏབ་ཚརཿ༔ སྔགས་འདོན་པ་དང་དམིགས་པ་ལ་སེམས་རྩེ་གཅིག་མེད་པར་རང་ལྷ་དམ་ཚིག་པའི་མོས་པ་ཙམ་ཞིག་གི་ངང་ནས༔ གཞན་ལས་ཀ་སོགས་བྱ་བ་གཞན་སྒྲུབ་པ་ལ་ཐུན་མཚམས་ཟེར༔ ངག་རྒྱུན་དུ་བཅད་ཐུབ་ན་བྱིན་རླབས་ཆེ་སྟེ༔ ངག་བཅད་མ་བཅད་གཉིས་ལ་བྱིན་རླབས་ཆེ་ཆུང་བཅུ་འགྱུར་དུ་བཤད༔ གལ་ཏེ་ངག་བཏང་དགོས་བྱུང་ན་ཐུན་མཚམས་སུ་བཏང་རུང་༔ ཐུན་དཀྱིལ་དུ་བཏང་ན་མཚམས་རལ༔ བཟླས་པའི་དམ་ཚིག་ཉམས་པ་ཡིན༔ ཚོགས་གཏོར་འབུལ༔ དཀར་གཏོར་འབུལ་བ་རྣམས༔ དང་པོ་ནུབ་པར་དང་ཚེས་བཅུ་དང་༔ མར་ངོའི་ཚེས་བཅུ་སྟེ་ཉི་ཤུ་ལྔ་དང་༔ དགུ་གཏོར་ཡིན་པས་ཉི་ཤུ་དགུ་དང་༔ མཚམས་གྲོལ་ནུབ་བྱའི་རྒྱུན་དུ་མི་དགོས༔ གཏོར་བསྔོས་དགོང་ཁའི་འོད་འབར་གྱི་བསྟོད་པའི་གོང་༔ པཉྩ་རཀྟ་བྷ་ལིཾ་ཏ་ཁཱ་ཧི་ཟེར་བ་དེ་ན་ཅུང་ཟད༔ དེ་ནས་ཧཱིརྒྱལ་བ་ཐམས་ཅད་སོགས་བསྟོད་


CMR008_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱའི༔ ཐུན་ཐམས་ཅད་ལ་གཏོར་བསྔོས་མི་དགོས༔ དགོང་ཁའི་འོད་འབར་མཇུག་ཏུ་དྲག་པོ་སེང་གདོང་མ་གཉིས་འདོན་པར་བྱའི༔ ཐུན་ཐམས་ཅད་ལ་མི་དགོས༔ གཞན་ཡི་དམ་གང་ཡོད་དྲག་པོའི་འོག་ཏུ་འདོན༔ ཆོས་སྐྱོང་གང་ཡོད་སེང་གདོང་མའི་འོག་ཏུ་འདོན༔ བོན་ལུགས་ཀྱི་ལྷ་གཞུང་གཅིག་ཀྱང་འདོན་མི་རུང་༔ ལྷ་གཞུང་ཐམས་ཅད་རྫོགས་པ་དང་དཀར་གཏོར་ཕུགས་གཏོར་མཐའི་དེ་ལ་ཕྱི་རྒྱུད་པ་དང་གཞི་བདག་ལ་རྒྱུན་དུ་བསྔོས༔ གཏོར་འབུལ་ཡོད་ན་གཏོར་འབུལ་སྔོན་དུ་དཀར་གཏོར་ལ་ལ་སླར་གཞི་བདག་ལ་བསྔོ་བ་གལ་ཆེ། ནུབ་ཉལ་ཁ༔ སྔགས་ཕྲེང་གསེར་གྱི་རྡོ་རྗེར་བསྡུ༔ ཞེས་སོགས་མཇུག་གི་བསྔོ་བ་དང་༔ རྫོགས་རིམ་བཀྲ་ཤིས་རྣམས་འདོན་ལ་གཉིད་ལོག༔ ནངས་སྔ་ཐོ་རངས་གཉིད་སད་ནས་སྐད་ཅིག་ལ་རང་འོད་འབར་བསྒོམས་ལ་བསྙེན་པ་བྱེད་ཀྱང་རུང་༔ གཏོར་གསོ་མ་འཕྲོད་ན༔ ནམ་ལངས་ཀྱི་ཐུན་དེ་ཐོ་རངས་ནས་བཟུང་ཡང་ལེགས༔ སླར་རྔ་བརྡུངས་ནས་འདོན། དམིགས་པ་རྒྱས་པར་དཀའ་ནའང་༔ མཚམས་གཅོད༔ བཛྲ་རཀྟ་ཛྭ་ལ་རཾ་ཟེར་དུས༔ རྡོ་རྗེ་ར་བ་གུར་ས་གཞི་ཕྱི་རོལ་མེའི་ཕུང་པོ་འབར་བའི་ནང་དུ་རང་དང་བསྲུང་བྱ་ཚུད་པར་


CMR008_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པ་དང་༔ ཨོཾ་ཧཱུྃ་ཧཱུྃ་ཧཱུྃཨཱཟེར་དུས་མཆོད་གཏོར་དེ་དག་བསམ་གྱིས་མི་ཁྱབ་པ་བདུད་རྩིའི་རང་བཞིན༔ ལྷའི་ལོངས་སྤྱོད་ལྟ་བུར་གྱུར་པར་བསྒོམ་པ་དང་༔ ལྷ་བསྐྱེད་དུས་རང་ཉིད་ཨོ་རྒྱན་པདྨ་འོད་འབར་བསྒོམ་པ་དང་དུས་གཅིག་ཏུ་མདུན་གྱི་སྒྲུབ་རྟེན་གཏོར་མ་རིན་ཆེན་འབར་བའི་ཚེ་གཏོར་དེ་ཡང་༔ པདྨ་འོད་འབར་གྱི་སྐུར་བསྒོམ༔ ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་སོགས་སྤྱན་འདྲེན་དུས༔ ཟངས་མདོག་དཔལ་རི་ནས་ཨོ་རྒྱན་རིན་པོ་ཆེའི་སྐུ་ཆེ་ཆུང་ཁ་བ་བུ་ཡུག་ལྟར་བྱོན་ནས་རང་ཉིད་དང་མདུན་བསྐྱེད་ལ་སིབ་སིབ་ཐིམ་པར་བསྒོམ༔ མཆོད་པ་དང་བསྟོད་པ་དུས༔ རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་འཕྲོས་ནས༔ མཆོད་པ་སྣ་ཚོགས་ཀྱིས་བདག་པདྨ་འོད་འབར་དང་མདུན་བསྐྱེད་གཉིས་ཀ་མཆོད༔ བདུད་རྩི་དང་གཏོར་མ་ལྔའི་བདུད་རྩིའི་རྒྱ་མཚོ་ཆེན་པོ་ནས་ཀ་པཱ་ལས་བཅུས་ནས་བདག་དང་མདུན་བསྐྱེད་ལ་མཆོད༔ ལྷ་མོ་རྣམས་ཀྱིས་གླུ་དབྱངས་སྙན་པོས་རང་དང་མདུན་བསྐྱེད་ལ་བསྟོད་པ་ཕུལ་ནས་མཐར་ལྷ་མོ་རྣམས་བདག་མདུན་ལྷའི་དབང་པོ་ལྔ་ལ་ཐིམ་པས༔ ཟག་མེད་ཀྱི་བདེ་བས་ཐུགས་དགྱེས་པར་བསྒོམ་པར་བྱའོ༔ གཏོར་བསྔོས་དུས་


CMR008_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་གྱི་ཨོ་རྒྱན་དེ་གཞན་ལས་སྐུ་ཆེ་ཞིང་གཟི་བརྗིད་འབར་བ་དང་༔ འཁོར་བླ་མ་ཡི་དམ་ཆོས་སྐྱོང་ཐམས་ཅད་ཀྱིས་བསྐོར་བ་ལ༔ མཆོད་པའི་ལྷ་མོ་རྣམས་ཀྱིས་གཏོར་མ་བདུད་རྩིའི་རྒྱ་མཚོ་ལས་བྷནྡས་བཅུས་ཏེ་ལྷ་སོ་སོར་དྲངས་བར་བསྒོམ༔ བྷནྡྷ་རེ་རེ་སོ་སོའི་ཕྱག་ཏུ་ཕུལ་ནས་གསོལ་བར་བསྒོམ་ཡང་རུང་ངོ་༔ ཡང་ལྷ་སོ་སོའི་ལྗགས་ལས་འོད་ཀྱི་སྦུ་གུ་གཏོར་མ་ལ་ཟུག་ནས་གསོལ་བར་བསྒོམ་པ་ནི༔ གཏོར་མ་དེ་ནུབ་ནས་བཀྲོལ་ཞིང་རྒྱབ་རེས་བསྔོ་མི་དགོས་ན་བྱའི༔ གཏོར་མ་བཞག་རྒྱུ་ལ་དེ་ལྟར་བྱས་ན༔ འཁོར་གྱི་གསོལ་ལྷག་དེ་རྒྱབ་རེས་གཙོ་བོ་ལ་མཆོད་དགོས་པས་མི་ལེགས་སོ༔ ཧཱུྃ༔ བསྙེན་པའི་དམིགས་པ་དངོས་ནི༔ རང་ཨོ་རྒྱན་པདྨ་འོད་འབར་གྱི་ཐུགས་ཀར་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར༔ དེའི་སྟེང་དབུས་སུ་ཧཱུྃཡིག་དཀར་པོ་འགྲེང་སྟེ་གནས་པའི་མཐར༔ སྔགས་བཛྲ་གུ་རུ་ཚེ་སྒྲུབ་པའི་སྔགས་དེ་ཉིད་འགྲེང་ཐབས་སུ་ཡིག་ངོ་ཕྱིར་བསྟན་ནས་མདུན་ནས་གཡོན་ངོས་སུ་བསྐོར་ཏེ་སྔགས་མཇུག་མདུན་ངོས་ཨོ་གྱི་དྲུང་དུ་ཡོད་པར་བསྒོམ་སྟེ་ཁ་དོག་དཀར་པོ་འོད་ལྔའི་མདངས་ཅུང་ཟད་ཡོད་པར་བསྒོམ་སྟེ༔ དང་པོ་ཞག་གསུམ་ལ་སྔགས་དེ་ཡི་གེ་


CMR008_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཀློག་པའི་ཚུལ་དུ་འདོན༔ དེ་ནས་སྔགས་ཕྲེང་དེ་ལས་འོད་ཁ་དོག་སྣ་ལྔ་པ་སྟོང་སྐུད་ལྔ་སྒྲིམ་ལྟ་བུ་གཅིག་བྱུང་བ་ཡི་གེ་མི་འཁོར་བར་འོད་དེ་གཡས་སྐོར་དུ་ཀྱི་ལི་ལི་འཁོར་བ་ལ་དམིགས་པ་གཏད་ནས་ཞག་གསུམ་ཙམ་བསྙེན༔ དེ་ནས་ལྟེ་བའི་བྷིཡིག་མི་འཁོར་བར་སྟན་ལ་ཁབ་བཙུགས་པ་ལྟར་གཡོ་འགུལ་མེད་པར་བསྒོམ་པ་གལ་ཆེ༔ དེ་འཁོར་ན་སྨོའོ༔ མཐའི་བཛྲ་གུ་རུ་ཨཱ་ཡུ་ཟེར་བ་སྔགས་ཕྲེང་དེ་ཡིག་འབྲུ་རྣམས༔ མི་མང་པོས་བསྐོར་བ་བྱེད་པ་ལྟར་ཡི་གེ་ལངས་ཐབས་སུ་གཡས་སུ་དང་པོ་དལ་བུས་འཁོར༔ དེ་ནས་ཇེ་མགྱོགས་མཐར་ཤིན་ཏུ་མགྱོགས་པ་ཨེ་འཁོར་མི་རིག་པ་ཙམ་དུ་མགྱོགས་པར་འཁོར་བ་ཞག་གསུམ༔ དམིགས་པ་དེ་གསུམ་ནི་འདིའི་ལུགས་ཀྱི་བསྙེན་པ་དང་༔ ཉེ་བར་བསྙེན་པ་དང་༔ སྒྲུབ་པའི་དམིགས་པ་ཡིན་ནོ༔ དེ་ནས་སྒྲུབ་པ་ཆེན་པོ་ནི༔ རང་གི་ཐུགས་ཀའི་སྔགས་ཕྲེང་འཁོར་བཞིན་པ་ལས་འོད་ཟེར་ཁ་དོག་ལྔ་ལྡན་དཀར་པོ་ཤས་ཆེ་བ༔ འོད་ཟེར་གྱི་རྩེ་མོ་རྣོ་བ་འགུགས་པ་ལྕགས་ཀྱུའི་དབྱིབས་འདྲ་བ་དཔག་ཏུ་མེད་པ་ཤར་ཕྱོགས་སུ་འཕྲོས་པས༔ དྲི་ཟ་ལ་སོགས་པ་ཤར་ཕྱོགས་ཀྱི་གདོན་བགེགས་ལྷ་འདྲེ་ཐམས་ཅད་ཀྱིས་རང་གི་ཚེ་


CMR008_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོག་པ༔ བརྐུས་པ༔ ཡར་བ༔ འཁྱམས་པ་ཐམས་ཅད་འོད་ཟེར་དཀར་ལ་འཚེར་བ་སྣུམ་ལ་འདྲིལ་བ་ཐིག་ལེའི་རྣམ་པར་བཀུག་ནས་རང་གི་སྤྱི་བོའི་གཙུག་ནས་རང་ལ་མར་སིབ་སིབ་ཐིམ་པར་བསྒོམ༔ དམིགས་པ་དེ་མ་ཟིན་བར་དུ་སྔགས་མང་ཉུང་ཅི་རིགས་འདོན༔ དེ་བཞིན་དུ་རང་གི་ཐུགས་ཀ་ནས་འོད་ཟེར་ཁ་དོག་ལྔ་ལྡན་ལ་སེར་པོ་ཤས་ཆེ་བའི་རྩེ་མོ་མཉན་པ་ཕྲ་བ་འཁྱུགས་པ་ཞིགས་པའི་དབྱིབས་ཅན་དཔག་ཏུ་མེད་པ་ལྷོ་ཕྱོགས་སུ་འཕྲོས་པས༔ གཤིན་རྗེ་ལ་སོགས་པ་ལྷོ་ཕྱོགས་ཀྱི་གདོན་དང་འབྱུང་པོ་ལྷ་འདྲེ་དབང་ཆེ་བ་རྣམས་ཀྱིས་ཚེ་འཕྲོག་པ་ཆུང་བ་རྣམས་ཀྱིས་བརྐུས་པ་བླ་ཁྱེར་བ༔ ཚེ་ཡར་བ་ཐམས་ཅད་འོད་ཀྱི་ཐིག་ལེ་དཀར་པོ་སྣུམ་ལ་འདྲིལ་བའི་རྣམ་པར་བསྡུས་ཤིང་བཀུག་ནས་རང་གི་སྤྱི་བོ་ནས་མར་སིབ་སིབ་ཐིམ༔ ཡང་རང་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་ཤས་ཆེ་བའི་རྩེ་མོ་ལྕགས་སྒྲོག་གི་དབྱིབས་ལྟར་འགུགས་པ་ཅིག་ལ་འབྲེལ་བ་འཁྱུག་པ་ལུ་གུ་རྒྱུད་དམ་གློག་གི་ཕྲེང་བ་ལྟར་ནུབ་ཕྱོགས་སུ་འཕྲོས་པས༔ ཀླུ་བདུད་ལ་སོགས་པ་ནུབ་ཕྱོགས་ཀྱི་ལྷ་འདྲེ་གདོན་བགེགས་རྣམས་ཀྱིས་ཚེ་འཕྲོག་པ་བརྐུས་པ་བླ་སྲོག་ཁྱེར་བ་ཐམས་ཅད་འོད་ཟེར་དཀར་ལ་འཚེར་བ་སྣུམ་ལ་འདྲིལ་


CMR008_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འོད་ཟེར་གྱི་ཐིག་ལེའི་གཟུགས་སུ་བསྡུས་ཤིང་བཀུག་ནས་རང་གི་སྤྱི་བོ་ནས་སིབ་སིབ་ཐིམ་པར་བསྒོམ་མོ༔ ཡང་རང་གི་ཐུགས་ཀ་ནས་འོད་ཟེར་ཁ་དོག་ལྔ་ལྡན་ལྗང་གུ་ཤས་ཆེ་བ་རྩེ་མོ་དྲིལ་བུའི་དབྱིབས་སུ་ཡོད་པ་བྱང་ཕྱོགས་སུ་འཕྲོས་པས༔ གནོད་སྦྱིན་ལ་སོགས་པ་བྱང་གི་གདོན་བགེགས་འབྱུང་པོ་ལྷ་འདྲེ་ཐམས་ཅད་ཀྱིས༔ རང་གི་ཚེ་འཕྲོག་པ་བླ་ཁྱེར་བ་ཚེ་སྲོག་བརྐུས་པ་ཐམས་ཅད་འོད་ཟེར་དཀར་ལ་འཚེར་བ་སྣུམ་བག་དང་ལྡན་པའི་འོད་ཀྱི་ཐིག་ལེ་ཟླུམ་པོ་སྒོ་ངའམ་རིང་བསྲེལ་འདྲ་བ་བཀུག་ནས་རང་གི་སྤྱི་བོ་ནས་རང་ལ་སིབ་སིབ་ཐིམ་པར་བསྒོམ༔ ཡང་རང་གི་ཐུགས་ཀ་ནས་འོད་ཟེར་ཁ་དོག་ལྔ་ལྡན་སྔོན་པོ་ཤས་ཆེ་བ་སྟེང་ཕྱོགས་ཀྱི་ནམ་མཁའ་ཁྱབ་ཅིང་སྲིད་པའི་རྩེ་མོའི་བར་འཕྲོས་པས༔ ཚངས་པ་བརྒྱ་བྱིན་བདུད་སྡིག་ཏོ་ཅན་དགའ་རབ་དབང་ཕྱུག་ལ་སོགས་པ་ལྷ་གདོན་ཐམས་ཅད་དང་༔ བར་ཁམས་ཀྱི་གཟའ་དང་རྒྱུ་སྐར་ཐམས་ཅད་ཀྱི་ལག་ནས་རང་གི་ཚེ་སྲོག་ཁྱེར་བ་དང་འཕྲོག་པ་དང་བརྐུས་པ་ཐམས་ཅད་འོད་ཀྱི་ཐིག་ལེ་དཀར་པོའི་རྣམ་པར་བསྡུས་ཤིང་བཀུག་ནས་རང་ལ་ཐིམ་པར་བསམ་མོ༔ ཡང་རང་གི་ཐུགས་ཀ་ནས་འོད་ཟེར་ཁ་དོག་ལྔ་ལྡན་ལ་མཐིང་ཀ་ཤས་ཆེ་


CMR008_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

བ་འོག་ཕྱོགས་རྒྱ་མཚོ་ཆེན་པོའི་འོག་གི་ནང་དུ་འཕྲོས་པས་དགའ་བོ་འཇོག་པོ་ལ་སོགས་པ་ཀླུ་རིགས་ཐམས་ཅད་དང་ས་བདག་གཉན་ཆེན་པོ་སྡེ་བཞི་སོགས༔ ས་ལ་གནས་པའི་ལྷ་འདྲེ་བདུད་བགེགས་ཐམས་ཅད་རང་གི་ཚེ་སྲོག་འཕྲོག་བཅོམ་བརྐུས་ཁྱེར་གང་བྱས་ཐམས་ཅད་རང་དབང་མེད་པར་བསྡུས་ནས༔ འོད་ཀྱི་ཐིག་ལེ་དཀར་པོ་རང་གི་སྤྱི་བོ་ནས་མར་ཐིམ་པར་བསྒོམ་པ་རྣམས་ནི་ཚེ་འགུགས་ཀྱི་དམིགས་པ་འོད་འབར་རང་གི་ལུགས་ཡིན་ནོ༔ དེ་ནས་རང་གི་ཐུགས་ཀ་ནས་འོད་ཟེར་ཁ་དོག་ལྔ་ལྡན་ནམ་མཁའ་གང་བ་འཕྲོས་པས༔ འབྱུང་བ་སའི་བཅུད་ཐམས་ཅད་འོད་ཟེར་སེར་པོ་གསེར་བཙོ་མ་ལྟ་བུར་བསྡུས་ནས་རང་ལ་ཐིམ་པས༔ ཤའི་ཁམས་ནས་ཚེ་ཉམས་པ་སོར་ཆུད་པའི་སྟོབས་རྩལ་ཡོན་ཏན་གྱི་ཚེ་བརྟན་པ་དང་ལུས་སྲ་ཞིང་བརྟན་པ་རྡོ་རྗེ་ཕ་ལམ་ལྟ་བུར་གྱུར༔ ཡང་རང་གི་ཐུགས་ཀ་ནས་འོད་ཟེར་ཁ་དོག་ལྔ་ལྡན་འཕྲོས་པས༔ འཇིག་རྟེན་ཁམས་ཀྱི་ཆུའི་བཅུད་ཐམས་ཅད་འོད་ཟེར་དཀར་པོ་ཆུ་ཤེལ་ལྟ་བུར་བསྡུས་ནས་རང་ལ་ཐིམ་པས༔ ཁྲག་གི་ཁམས་ནས་ཚེ་ཉམས་པ་སོར་ཆུད་དེ༔ ལུས་ལ་ཆུའི་སྟོབས་རྩ་ལ་ཡོན་ཏན་རྫོགས་པས་ཚེ་རྒྱུད་རིང་བ་དང་ལུས་བག་ཅན་དུ་གྱུར༔ ཡང་རང་གི་


CMR008_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀ་ནས་འོད་ཟེར་སྣ་ལྔ་འཕྲོས་པས་འཇིག་རྟེན་བཀང་ནས༔ འབྱུང་བ་མེ་དང་ཉི་མ་ལ་སོགས་དྲོད་ཀྱི་བཅུད་ཐམས་ཅད་འོད་ཟེར་དམར་པོ་བྱུ་རུ་ལྟ་བུར་བསྡུས་ནས་རང་ལ་ཐིམ་པས༔ ལུས་ལ་མེའི་སྟོབས་རྩལ་རྫོགས་ནས༔ དྲོད་ཀྱི་ཁམས་ནས་ཚེ་ཉམས་པ་ཐམས་ཅད་སོར་ཆུད༔ ལུས་བཀྲག་མདངས་དང་ལྡན་པར་གྱུར༔ ཡང་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འཇིག་རྟེན་གྱི་ཁམས་གང་༔ འབྱུང་བ་རླུང་གི་བཅུད་ཐམས་ཅད་འོད་ཟེར་ལྗང་གུ་ཨིནྡྲ་ནི་ལའམ་གཡུའི་མདོག་ལྟ་བུར་བསྡུས་ཤིང་རང་ལ་ཐིམ་པས༔ རླུང་གི་སྟོབས་རྩལ་ཡོན་ཏན་རྫོགས་པས༔ དབུགས་ཀྱི་ཁམས་ནས་ཚེ་ཉམས་པ་ཐམས་ཅད་སོར་ཆུད༔ ལུས་ཡང་ཞིང་རྩལ་ཆེ་བར་གྱུར་པར་བསྒོམ་པ་ནི་འབྱུང་བའི་བཅུད་བསྡུས་པའོ༔ ཡང་རང་གི་ཐུགས་ཀ་ནས་འོད་ཟེར་ཁ་དོག་སྣ་ཚོགས་འཇིག་རྟེན་ཁྱབ་པར་འཕྲོས་པས་ལྷ་དང་ཀླུ་དང་མི་ལ་སོགས་པ་འཇིག་རྟེན་ལོངས་སྤྱོད་རྒྱ་ཆེ་བ་མངའ་ཐང་ཆེ་བ༔ བསོད་ནམས་ཀྱི་སྟོབས་དང་ལྡན་པ་རྣམས་ལ་ཕོག་པས་དེ་རྣམས་ཀྱི་ཚེ་དང་བསོད་ནམས་སྟོབས་དང་ཡོན་ཏན་ཐམས་ཅད་བསྡུས་ནས་རང་ལ་ཐིམ་པས༔ རང་གི་ཚེ་དང་བསོད་ནམས་ཉམས་པ་སོར་ཆུད༔ མཐུ་


CMR008_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཚེ་བསོད་རྒྱས་པར་བསྒོམ་པ་ཚེ་བསོད་ནམས་བསྡུས་པའོ༔ ཡང་རང་གི་ཐུགས་ཀ་ནས་འོད་ཟེར་སྣ་ཚོགས་ཀྱིས་ཞིང་ཁམས་ཐམས་ཅད་ཁྱབ་པར་འཕྲོས་པས༔ ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་རབ་འབྱམས་ཐམས་ཅད་དང་༔ རིགས་གསུམ་མགོན་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་རང་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་ཚེའི་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ནས་རང་ལ་ཐིམ་པས་འཆི་མེད་ཚེའི་དངོས་གྲུབ་སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་ཐོབ་པར་བསྒོམ་པ་རྒྱལ་བའི་བྱིན་རླབས་བསྡུ་བ་སྟེ༔ དམིགས་པ་འདི་རྣམས་པདྨ་འོད་འབར་རང་གཞུང་གི་དམིགས་པ་ཚེ་དབང་སྐབས་ནས་འབྱུང་བ་གོ་བདེ་བར་བཀྲོལ་བ་ཡིན་པས༔ བསྲེ་བསླད་རིག་བཟོ་ཡིན་པར་མི་དགོངས་འཚལ༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ནཾ་ཛ༔ ཞེས་པ་རིབ་འབུམ་ཕྲག་བཅུ་དྲུག་སྟེ་འབྲུ་འབུམ༔་འབྲིང་བྱེ་བའམ་བདུན་འབུམ༔ ཐམ་མ་སུམ་འབུམ༔ ཡང་ཐ་འབུམ་ཕྲག་གཅིག ། བསྙེན་པ་ནི་གྲངས་ཀྱི་བསྙེན་པ༔ རབ་ཟླ་དྲུག༔ འབྲིང་ཟླ་གསུམ༔ ཐ་མ་ཞག་ཉེར་གཅིག༔ ཡང་མཐའ་ཞག་བདུན༔ བསྙེན་པ་དུས་ཀྱི་བསྙེན་པའོ༔ རྟགས་རབ་ཞལ་མཐོང་བ༔ ལུང་


CMR008_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ༔ དྲི་བཟང་པོ་བྲོ་བ༔ རོལ་མོའི་སྒྲ་སྙན་པོ་ཐོས་པ༔ འཇའ་དང་འོད་འཁྱིལ་བ༔ གཏོར་མ་ཁོལ་ཞིང་ནུ༔ དབྱར་མི་རུལ༔ དགུན་མི་འཁྱག༔ བདུད་རྩི་འཕྱུར༔ མར་མེ་འཛིན༔ དད་པ་དག་སྣང་རྟོགས་པ་སྐྱེ༔ འབྲིང་ཉམས་སྣང་དུ་ཞལ་མཇལ༔ ཚེ་ཚད་ལུང་སྟོན་པ་འབྱུང་༔ ཐ་མ་རྨི་ལམ་དུ་ཆུ་བོ་ལས་བརྒལ་བ༔ གྱེན་ལ་འགྲོ་བ་དང་༔ ལུས་ལ་གོ་ཆ་གྱོན་པ་དང་༔ ཉི་ཟླ་ཤར་བ༔ འབྲས་བུ་ལ་ལོངས་སྤྱོད་པ་དང་༔ ལྕགས་ཀྱི་རྡོ་རྗེ་རྙེད་པའམ་མཐོང་བ༔ ཆང་དང་འོ་མ༔ བདུད་རྩི་འཐུང་བ༔ བུམ་པ་རྡོ་དྲིལ་རྙེད་པ༔ རོལ་མོ་ལ་སྐད་རིང་པོ་བྱུང་བ༔ མཆོད་རྟེན་ཚ་ཚ་མཐོང་བ༔ ལོ་ལེགས་པ༔ མེ་ཏོག་སྣ་ཚོགས་ཐུ་བ༔ རྫོང་བཙན་པོའམ༔ བྲག་བཙན་པོ་ན་འདུག༔ གཞན་གྱིས་ཕྱག་འཚལ་བ༔ གོས་གསར་གྱོན་པ་ལ་སོགས་པ་རྨི་ལྟས་བཟང་པོ་བྱུང་ན་ཚེ་བསྲིང་བའི་རྟགས་སོ༔ དེ་ནས་མཚམས་གྲོལ་དུས་ཚོགས་གཏོར་འབུལ་བྱའོ༔ ཕྱིར་ནངས་བསང་ཐོན་ན་ལེགས༔ ཞག་གཅིག་ཅུང་ཟད་ཀློད་ནས་ཁད་ཀྱིས་བཀྲོལ་རྒྱུ་བྱུང་ན་བཟང་༔ རྒྱུན་དུ་ཡང་འོད་འབར་བསྒོམ་ཞིང་བསྙེན་པ་བྱེད་ཚེ་དམིགས་པ་བསྡུས་པ་ནི༔ རང་


CMR008_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཐུགས་ཀའི་སྔགས་ཕྲེང་གི་འོད་ཟེར་གྱིས་སངས་རྒྱས་བྱང་སེམས་རྩ་བ་གསུམ་དང་༔ ཆོས་སྐྱོང་ཐམས་ཅད་ཀྱི་བྱིན་རླབས་དང་འབྱུང་བའི་བཅུད་དང་སྨན་ཐམས་ཅད༔ དྲང་སྲོང་རིག་འཛིན་ཚེ་ལ་དབང་བ་ཐམས་ཅད་ཀྱི་བྱིན་རླབས༔ མདོར་ན་སེམས་ཅན་དཀར་པོ་དགེ་བའི་ལས་སྒྲུབ་ཅིང་༔ དབང་ཆེ་བ་དང་རྩལ་དྲག་པ༔ འཁོར་མང་བ་ཡོན་ཏན་ཆེ་བ༔ སྟོབས་དང་སྙན་གྲགས་དང་ལྡན་པ༔ གདུལ་བྱ་ཕྲིན་ལས་ཅན་རྣམས་ཀྱི་ཚེ་དང་བསོད་ནམས་ཐམས་ཅད༔ འོད་ཟེར་ཁ་དོག་སྣ་ཚོགས་ཀྱི་རྣམ་པར་བསྡུས་ནས་རང་ལ་ཐིམ་པར་བསྒོམ༔ རྒྱུན་བསྙེན་བྱའོ༔ ཕན་ཡོན་ནི༔ ཨེ་མ་ཧོ༔ དེ་ལྟར་སྒྲུབས་པའི་ཕན་ཡོན་ནི༔ རྐྱེན་ངན་བར་ཆད་ཐམས་ཅད་བཟློག༔ དུས་ཟད་པ་ཡི་མི་ཡིན་ཀྱང་༔ ཚངས་པའི་ཚེ་དང་མཉམ་པར་འགྱུར༔ འཆི་བ་རྣམ་པ་བརྒྱད་མི་འབྱུང་༔ ལས་འཕྲོ་ཅན་རྣམས་ཉི་ཟླའི་ཚེ༔ རྡོ་རྗེ་གཡུང་དྲུང་ལྟ་བུ་ཡི༔ ཚེ་ཡི་རིག་འཛིན་ཨེ་མ་ཧོ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ཅེས་གསུངས་པས༔ ཉང་བན་གྱི་ཞུས་ལན་མཇུག་ནས་ཀྱང་༔ ཚེ་དང་བསོད་ནམས་ལ་སོགས་པ་འབྱོར་པ་དྲུག་ཏུ་འགྱུར་རོ༔ ཞེས་དང་༔ ཚེ་ཟད་པ་དང་ཉམས་པ་ཡང་གསོ་བར་


CMR008_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ནུས༔ ཞེས་གསུངས་སོ༔ ཚེ་སྒྲུབ་བསྡུས་པའི་ཟིན་བྲིས་གཡུང་དྲུང་གི་རིགས་ལས་འཁྲུངས་པའི་སྔགས་པ་ཞི་ཁྲོ་སྐྱབས་ཀྱིས་བསྐུལ་ནས་ཨ་རཱ་གས་འཕྲལ་དུ་བྲིས་པ་ལ་སྦ་འོས་གསལ་བཀོད་སོགས་ཉེས་པ་ལྷ་ལ་བཤགས་ཤིང་༔ དགེ་བས་སེམས་ཅན་ཐམས་ཅད་ཨོ་རྒྱན་ཚེ་དཔག་ཏུ་མེད་པ་འགྲུབ་པར་གྱུར་ཅིག༔ མངྒ་ལཾ། ། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས་ཚེ་སྒྲུབ་ལྕགས་ཀྱི་རི་བོའི་ཟིན་བྲིས།


CMR008_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས་ཚེ་སྒྲུབ་ལྕགས་ཀྱི་རི་བོའི་ཟིན་བྲིས་བཞུགས་པའི་དབུ་ཕྱོགས་སོ།།


CMR008_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་སྤྱི་འདུས་ཀྱི་ཚེ་སྒྲུབ་ཀྱིས་ཚེ་སྒྲུབ་པའི་ཟིན་བྲིས་ལྟར་བྱ༔ ཚེ་སྒྲུབ་རྒྱུན་ཁྱེར་རམ་སྤྲོས་མེད་བྱེད་ཀྱང་རུང་སྟེ༔ པདྨ་འོད་འབར་ཚར་གཅིག་འདོན༔ ཤིན་ཏུ་སྤྲོས་མེད་ནི༔ ལས་བྱང་མེད་ཀྱང་སྐད་ཅིག་དྲན་རྫོགས་ཀྱང་རུང་སྟེ༔ རང་ཉིད་པདྨ་འོད་འབར་གྱི་སྐུར་གསལ་བའི་ཐུགས་ཀར༔ པདྨ་དཀར་པོ་འདབ་མ་བརྒྱུད་པའི་ལྟེ་བར་ཧྲཱིཿདཀར་པོ༔ དེའི་མཐར་བཟླ་བྱའི་སྔགས་ཡིག་ངོ་ཕྱིར་བསྟན་མདུན་ནས་ལང་སྟེ་གཡོན་དུ་བཀོད༔ དང་པོ་ཀློག་པའི་ཚུལ་དུ་བཏོན༔ དེ་ནས་སྔགས་མི་འཁོར་བར་འོད་ཟེར་དཀར་པོ་ཕྲེང་བའི་ལུང་ལྟར་གཡས་སུ་འཁོར་


CMR008_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་འབྲུ་ཐམས་ཅད་དཀར་པོ་ལ་འོད་ལྔའི་མདངས་དང་ལྡན་པ་གཡས་སུ་ཀྱི་ལི་ལི་འཁོར༔ དེ་ནས་མགྱོགས་པར་འཁོར་བཞིན་པ་ལས༔ འོད་ཟེར་ཁ་དོག་སྣ་ཚོགས་ཕྱོགས་བཅུར་འཕྲོས་པས༔ ཕྱི་སྣོད་ཀྱི་འཇིག་རྟེན་ས་ཆུ་མེ་རླུང་འབྱུང་བ་ལྔའི་བཅུད༔ ནང་བཅུད་ཀྱི་སེམས་ཅན་ལྷ་ཀླུ་མིའི་ཚེའི་དངོས་གྲུབ༔ སངས་རྒྱས་བྱང་སེམས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་བྱིན་རླབས་དང་ཚེ་ཡི་དངོས་གྲུབ༔ རང་གི་ཚེ་བསོད་ནམས་ཡར་བ་འཁྱམས་པ་བརྐུས་པ་ཐམས་ཅད་ཐིག་ལེ་དཀར་པོ་གསལ་ལ་འཚེར་བ་སྣུམ་ལ་འདྲིལ་བ༔ ཡིག་གེ་ནི་ཡིག་གི་རྣམ་པར་བསྡུས་ནས་


CMR008_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལ་སིབ་སིབ་ཐིམ་པར་བསྒོམ་ཞིང་༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུཥ་ཧཱུཾ་ནི་ཛ༔ ཅི་ནུས་བཟླས་པར་བྱའོ༔ གོང་དུ་ལས་བྱང་བཏོན་ན་ཐུན་མཚམས་སུ༔ ཕྱི་རོལ་སྣོད་བཅུད་སོགས་བསྡུ་རིམ་དང་༔ བསྔོ་བ་སྨོན་ལམ་བྱ༔ སྤྲོས་མེད་དྲན་རྫོགས་ཡིན་ན་མི་དགོས༔ བདག་བསྐྱེད་ཡེ་ཤེས་པ་ནི་ནམ་ཡང་མི་གཤེགས༔ ཕྱག་རྒྱ་སྒོ་བཅད་ཀྱི་སྒྲུབ་པ་ཞེས་བྱ༔ དེ་ལྟར་ཉམས་སུ་བླང་བས་རྟགས་ནི་ཆུ་བོ་ལས་བརྒལ་བ༔ གྱེན་ལ་འགྲོ་བ་དང་༔ ལུས་ལ་གོ་གྱོན་པ་དང་༔ ཉི་ཟླ་ཤར་བ་དང་༔ འབྲས་བུ་ལ་ལོངས་སྤྱོད་པ་དང་༔ ལྕགས་ཀྱི་རྡོ་རྗེ་མཐོང་བ་སོགས་འགྲུབ་རྟགས་ཡིན་ནོ༔ གྲངས་ཀྱི་བསྙེན་པ་རབ་འབུམ༔ འབྲིང་ཁྲི༔ ཐ་མ་སྟོང་ཕྲག་རེ་ཟུང་༔ དེ་ལྟར་ཐོན་ན་ཚེའི་བར་ཆད་སེལ་ངེས་སོ༔ དེ་ནི་བསྡུས་པ་ཡིན་ལ༔ རྒྱས་པར་བྱེད་ན་མདུན་དུ་པདྨ་འདབ་བརྒྱད་ཀྱི་སྟེང་དུ༔་ཚེ་བུམ་ཚེ་གཏོར་ཚེ་རིལ་ཚེ་ཆང་རྣམས་བཤམས༔ མདའ་དར་ཚེ་ནས་སོགས་ཀྱང་བཤམ༔ དེ་ནས་རང་ཉིད་བདེ་བའི་གདན་ལ་འཁོད་ཅིང་༔ སྔོན་འགྲོ་དཀར་བགེགས་གང་རུང་ཞིག་དང་པོ་བཏོན་ནས༔ གཞུང་བཞིན་ལས་བྱང་བཏོན༔ མངོན་རྟོགས་ཚར་གཅིག་གིས་བདག་མདུན་


CMR008_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་གསུམ་གཏོར་བསྐྱེད་དང་བཞི༔ ཚེ་ཆང་གི་སྟེང་དང་ཚེ་རིལ་རེ་རེ་ཡང་ཨོ་རྒྱན་རེ་རེ༔ དེ་ནས་ཨོ་རྒྱན་མང་དུ་སྤྱན་དྲངས་ཤིང་སོ་སོར་བསྟིམ་མོ༔ རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་གྲངས་མེད་སྤྲོས་ཏེ༔ བདག་མདུན་སོ་སོ་ལ་མཆོད་བསྟོད་བྱས་པར་བསམས་ལ༔ མཆོད་བསྟོད་གཞུང་ལྟར་བྱས༔ དེ་ནས་བསྙེན་པ་བྱ་སྟེ་ལྷ་སོ་སོའི་ཐུགས་ཀར་པད་ཟླའི་སྟེང་དུ་ཧྲཱིཿལ་སྔགས་ཀྱི་ཕྲེང་བ་གཡས་སུ་འཁོར་བར་བསྒོམ༔ བདག་བསྐྱེད་ཀྱི་དམིགས་པ་ནི་གོང་དང་འདྲ་ལ༔ བུམ་བསྐྱེད་ཀྱི་དམིགས་པ་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་བུམ་བསྐྱེད་ཀྱི་ཐུགས་ཀར་ཕོག༔ བུམ་བསྐྱེད་ལས་འོད་ཟེར་འཕྲོས་འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་བསྡུས༔ བུམ་པའི་ནང་དུ་ཀྱི་ལི་ལི་འཁོར་འཆི་མེད་ཀྱི་བདུད་རྩིར་ཞུ༔ འོད་ཟེར་གྱི་རྣམ་པར་བདག་དང་བསྲུང་བྱ་ལ་ཐིམ༔ དེ་ལྟར་བསྒོམ་ཞིང་དམིགས་པ་ཅི་མང་བཟླས་པ་བུམ་བསྐྱེད་དོ༔ དེ་བཞིན་དུ་མདུན་བསྐྱེད་ཀྱི་རྟེན་ནི་ཚེ་བུམ་སྟེང་པདྨ་འོད་འབར་བསྒོམ༔ དེ་ཡི་ཐུགས་ཀ་ནས་འོད་ཟེར་འཕྲོ་འདུས་གོང་ལྟར་ལས༔ ཕྱག་གཡོན་བྷནྡྷའི་ནང་གི་ཚེ་བུམ་ལ་བསྡུ༔ ཚེ་བུམ་ནས་འཆི་མེད་བདུད་རྩི་རང་ལ་ཐིམ་པར་བསྒོམ་ཞིང་བསྙེན་པ་


CMR008_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

གོང་ལྟར་ཅི་མང་བྱ་ཚེ་རིལ་འབྲུ་རེ་རེ་ཡང་གོང་ལྟར་ཨོ་རྒྱན་ཚེ་དཔག་མེད་གསལ་བའི་འོད་ཟེར་སྤྲོ་བསྡུ་གོང་ལྟར་བྱ་ཞིང་ཚེ་རིལ་ལ་བསྟིམས་ནས་བསྙེན་པ་བྱ༔ དེ་བཞིན་དུ་ཚེ་ཆང་སྟེང་གི་ཨོ་རྒྱན་ཚེ་དཔག་མེད་ལས་འོད་ཟེར་སྤྲོ་བསྡུ་གོང་བཞིན་བྱ་ཞིང་བསྙེན་པ་ཅི་མང་བརྗོད་ནས་ཚེ་ཆང་ལ་བསྟིམ༔ དེ་ལྟར་སྒྲུབ་པ་བྱས་ནས་རྟགས་ཐོན་པར་བྱ༔ རྟགས་ཐོན་ལས་ལ་སྦྱར་བ་ནི༔ ཚེ་དབང་བདག་འཇུག་རྒྱས་པར་བླང་༔ དེ་ནི་སྤྲོས་བཅས་ཀྱི་སྒྲུབ་པ་ཡིན་ནོ༔ ཕན་ཡོན་ནི་ཚེ་དབང་མཇུག་གི་ཡིག་ཆུང་ལས༔ ཨེ་མ་ཧོ༔ དེ་ལྟར་སྒྲུབ་པའི་ཕན་ཡོན་ནི༔ རྐྱེན་ངན་བར་ཆད་ཐམས་ཅད་བཟློག༔ དུས་ཟད་པ་ཡི་མི་ཡིན་ཀྱང་༔ ཚངས་པའི་ཚེ་དང་མཉམ་པར་འགྱུར༔ འཆི་བ་རྣམ་པ་བརྒྱད་མི་འབྱུང་༔ ལས་འཕྲོ་ལྡན་པ་ཉི་ཟླའི་ཚེ༔ རྡོ་རྗེ་གཡུང་དྲུང་ལྟ་བུ་ཡི༔ ཚེ་ཡི་རིག་འཛིན་ཨེ་མ་ཧོ༔ ཞེས་གསུངས་སོ༔ ཞེས་པ་འདི་ནི་དགྲ་རྒྱལ་འབྲུག་གི་ལོ་དམར་པོའི་ཚེས་གསུམ་ནུབ་མོ། དགེ་སློང་རཱ་ག་ཨ་མྱས་སྦྱར་ཏེ་བསྐུལ་བ་པོ་དང་ཡི་གེ་པ་ནི་དགེ་བཤེས་བཱིརྱ་སཱ་ག་རའོ༔ མངྒ་ལཾ༔ གྲངས་ཡིག་ནི༔ བཅུ་ཚོ་བཅུ་ནི་བརྒྱ༔ བརྒྱ་ཚོ་བཅུ་ནི་སྟོང་༔ སྟོང་ཚོ་བཅུ་ནི་


CMR008_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་ཚོ༔ ཁྲི་ཚོ་བཅུ་ནི་འབུམ་ཚོ༔ འབུམ་ཚོ་བཅུ་ནི་བྱེ་བ༔ བྱེ་བ་བཅུ་ནི་ས་ཡ༔ ས་ཡ་བཅུ་ནི་དུང་ཕྱུར་དུ་འགྲོ་བ་ངེས་ཤེས་མཛོད།། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

འཇའ་ཚོན་ལུགས་ཀྱི་གུར་དྲག་གི་དབང་།


CMR008_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

འཇའ་ཚོན་ལུགས་ཀྱི་གུར་དྲག་གི་དབང་བཞུགས་སོ།།


CMR008_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་གཞུང་གི་འོད་འབར་གྱི་དབང་དེ་གུར་དྲག་ལ་མཁོ་བའི་ཕྱག་ལེན། འཇའ་ཚོན་པ་ཉིད་ཀྱིས་མཛད་པའི་མཐོང་བ་བརྒྱུད་པའི་ལུགས་ཡིན་ཏེ། དབང་གཏོར་ཟུར་གསུམ་པ་རིན་ཆེན་འབར་བ། མ་འཛོམ་ན་གང་རུང་གིས་ཆོག །གཞུང་ལྟར་འོད་འབར་དང་དྲག་པོ་འདོན་ཅིང་ཨར་ཅིག་བསྙེན་པ་བྱ། དེ་ནས་སློབ་མ་རྣམས་འཚོགས་ལ་ཁྲུས་དང་མེ་ཏོག་བཀྱེ། སྔོན་དུ་དབང་མ་བསྐུར་ན་བགེགས་གཏོར་བཏང་། སུམ་བྷ་ནིས་བགེགས་བསྐྲད་ནས། འོ་ན་ད་ལམ་ཁྱེད་རྣམས་ལ་གུ་རུ་དྲག་པོའི་དབང་བསྐུར་བ་ཡིན་པས། གུར་དྲག་འདི་ནི་རྟ་མགྲིན་གྱི་རིགས་གཅིག་ཡིན་ཏེ། གུར་དྲག་རྟ་དབུ་ཅན་ཡང་ཡོད་དེ། བསྐལ་པ་དཔག་ཏུ་མེད་པ་ནས་ཡོད་པས་ཞི་དྲག་གཉིས་གང་


CMR008_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

སྔའི་ས་མཚམས་བཟུང་དཀའ་བ་ཡིན་ཅིང་། སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་གསུངས་པའི་དྲག་པོ་ཕྲིན་ལས་ཀྱི་རྒྱུད་དང་ཆེ་མཆོག་ཧེ་རུ་ཀས་གསུངས་པའི་ཁྲག་འཐུང་རོལ་པའི་རྩ་རྒྱུད་སོགས་གུ་རུ་དྲག་པོའི་རྒྱུད་མང་པོ་དང་། དགོངས་འདུས་རྩ་བའི་རྒྱུད་དྲུག་ནས་ཀྱང་གུར་དྲག་གསུངས་སོ། །ཤཱཀྱའི་བསྟན་པ་འདི་ལ། ཨོ་རྒྱན་རིན་པོ་ཆེ་དྷ་ན་ཀོ་ཥའི་མཚོ་གླིང་དུ་འཁྲུངས་མ་ཐག །དྲག་པོ་མཐིང་གའི་སྐུར་བཞེངས་ནས་གཟའ་དང་ཀླུ་ཐམས་ཅད་དམ་ལ་བཏགས། གུ་རུ་སྤྲུལ་པའི་མཚན་བརྒྱད་དུ་སྤྲུལ་ནས་འགྲོ་བའི་དོན་རླབས་པོ་ཆེ་མཛད་པ་སྤྱི་དང་།


CMR008_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བྲག་མོན་སྤ་གྲོ་སྟག་ཚང་སེང་གེ་བསམ་འགྲུབ་ཏུ་རྡོ་རྗེ་གྲོ་བོ་ལོད་ཀྱི་སྐུར་བཞེངས་ནས།་གདུག་པ་ཅན་གྱི་མུ་སྟེགས་བདུད་དང་དམ་སྲི་ལ་སོགས་པ་ཚར་བཅད་རྗེས་སུ་བཟུང་ནས་གནས་ཆེན་རྣམས་ལ་དམ་པའི་ཆོས་གཏེར་དཔག་ཏུ་མེད་པ་སྦས་ནས། དུས་མ་འོངས་སྙིགས་མ་ལྔ་བདོའི་དུས་འདིར་རྒྱལ་བ་གཞན་ལས་ལྷག་པར་ཐུགས་རྗེ་ཆེ་ཞིང་། ཟབ་གཏེར་སྟོན་པའི་གཏེར་ཆེན་རྣམས་ཀྱི་གཏེར་ཁ་ལས་ཀྱང་གསལ་བར་བསྟན་པ་དང་། བོད་དུ་མ་ཕེབས་སྔོན་ལ་རྫུ་འཕྲུལ་གྱིས་ཁམས་ཀྱི་སེང་གེ་བྲག་ཏུ་བྱོན་ནས། གུ་རུ་དྲག་པོ་རིགས་ལྔའི་སྐུར་བཞེངས་ནས། ཁམས་ཕྱོགས་ཀྱི་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས། བསམ་ཡས་དབུ་རྩེ་བར་མར་གུ་རུ་དྲག་པོའི་སྐུར་བཞེངས་ནས་རྒྱལ་པོ་བེ་དཀར་དམ་ལ་བཏགས་ཡར་ལུང་ཤེལ་བྲག་ཏུ་གུ་རུ་དྲག་པོའི་སྐུར་བཞེངས་ནས་འགོང་པོ་སྤུན་དགུ་དམ་ལ་བཏགས། བསམ་ཡས་མཆིམས་ཕུར་གུ་རུ་དྲག་པོའི་སྐུར་བཞེངས་ནས་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས། འབྲི་གུང་ཏི་གྲོ་བྲག་ཏུ་གུ་རུ་དྲག་པོའི་སྐུར་བཞེངས་ནས་མ་འོངས་འབྱུང་འགྱུར་གྱི་འགོང་པོ་དམ་སྲི་རྣམས་ཀྱི་ཁ་གནོན་པར་མཛད། ཁྱད་པར་དུ་


CMR008_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

གུར་དྲག་ཤིན་ཏུ་ཁྲོས་པའི་སྐུར་བཞེངས་ནས་རྩིས་ལ་མཁས་པ་འཇམ་དཔལ་གྱིས་རྩིས་བྱེད། མཐུ་སྟོབས་ཆེ་བ་ཕྱག་ན་རྡོ་རྗེས་ཆད་པ་གཅོད། གནོད་སྦྱིན་མེ་དབལ་དང་གནམ་ལྕགས་ཀྱི་སྡིག་པ་ལས་ལ་བཀྱེས་ནས་ལྷ་འདྲེ་དམ་ལ་མི་གནས་པ་ཐམས་ཅད་བསྒྲལ་ཏེ་ཤ་ཁྲག་ཚོགས་སུ་རོལ། ཉིན་རེ་ལྷ་འདྲེ་གཉིས་གཉིས་རེ་བཟུང་ནས་གསོན་པོར་ཟ་བའི་རྫུ་འཕྲུལ་བསྟན་པས། དེ་ནས་ལྷ་འདྲེ་ཐམས་ཅད་ཀྱིས་སྲོག་སྙིང་ཕུལ་ཏེ། མ་འོངས་པ་ན་སློབ་དཔོན་པདྨ་འབྱུང་གནས་ཀྱི་མཚན་ཙམ་སུས་འཛིན་པ་དེ་ཐམས་ཅད་ལྷ་འདྲེ་རྣམས་ཀྱིས་ཞེ་ཐག་པ་ནས་དད་ཅིང་གུས་པས་སྤྱི་བོར་བཀུར་བ་དང་། དེའི་དགོངས་པ་དང་བཀའ་ལུང་སྒྲུབ་པར་ཁས་བླངས། དེ་མ་བྱས་ན་ལྷ་འདྲེ་དེའི་མགོ་ལུས་ཚལ་པར་གས་ནས། སྙིང་དང་ལུས་སྲོག་ཚིག་ཅིང་རུལ་ནས་ཤི་སྟེ། མནར་མེད་པའི་དམྱལ་བར་འགྲོ་བའི་ཐ་ཚིག་དང་དམ་བཅའ་ཕུལ་བ་ཡིན་པས། གུར་དྲག་འདིའི་དབང་ཐོབ་ཅིང་ཡི་དམ་གྱི་ལྷར་བཟུང་ན། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས། ལྷ་འདྲེའི་གནོད་པ་ཐམས་ཅད་ལ་མི་ཕན་མི་སྲིད་པ་ཡིན། ཁྱད་པར་སྔགས་ཨར་ཅིག་འདི་བརྒྱ་བཟླས་ན་


CMR008_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ལས་ངན་གྱི་སྒྲིབ་པ་བྱང་། སྟོང་ཙམ་བཟླས་ན་དམ་ཚིག་ཉམས་ཆག་ཐམས་ཅད་སྐོང་། ཁྲི་ཙམ་བཟླས་ན་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་དབང་དུ་འདུ། འབུམ་ཙམ་བཟླས་ན་དངོས་སམ་ཉམས་སམ་རྨི་ལམ་དུ་ཨོ་རྒྱན་དང་མཇལ། །འབུམ་ཕྲག་དྲུག་བཟླས་ན་མཆོག་གི་དངོས་གྲུབ་ཐོབ། ཐོས་པ་དང་དྲན་པ་ཙམ་གྱིས་ལྷ་འདྲེ་ཐམས་ཅད་ལས་ལ་ཁོལ། དྲེགས་པ་སྡེ་བརྒྱད་ལ་བཀའ་བཙན་པར་འགྱུར། ཡོན་ཏན་ཐམས་ཅད་འདི་ལ་ཚང་༔ སྐྱོན་རྣམས་ཐམས་ཅད་འདི་ཡིས་སེལ༔ དངོས་གྲུབ་ཐམས་ཅད་འདི་ལས་འབྱུང་༔ དཔེར་ན་ཡིད་བཞིན་ནོར་བུ་འདྲ༔ ལུས་ལ་བདེ་དྲོད་མེ་ལྟར་འབར༔ མི་ནོར་ཟས་གསུམ་ཆར་ལྟར་འབབ༔ དཔའ་བོ་མཁའ་འགྲོ་སྤྲིན་ལྟར་འདུ༔ ཕྱི་ནང་ཆོས་སྐྱོང་བྲན་ལྟར་ཉན༔ ཕྲིན་ལས་ཅི་བསྒྲུབ་ཐོགས་རྡུགས་མེད༔ ཅེས་སོགས་ཡོན་ཏན་མཐའ་ཡས་པར་གསུངས་སོ། །དེ་ལྟ་བུའི་དབང་ཞུ་བའི་ཕྱིར་མཎྜལ་ཕུལ། ས་གཞི་སྤོས་སོགས། དེ་དབང་གི་གཞི་སྐྱབས་འགྲོ་སེམས་བསྐྱེད་ཞུ་བའི་རྗེས་ཟློས་མཛོད། ཨོཾ་ཨཱཧཱུྃ༔ སྐྱབས་གནས་དམ་པ་རྣམས་ལ་སྐྱབས་སུ་མཆི༔ རྒྱུད་དྲུག་འཁོར་བར་འཁྱམས་པའི་ཕ་མ་


CMR008_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས༔ བཟོད་མེད་གདུང་བས་སངས་རྒྱས་ཐོབ་བྱའི་ཕྱིར༔ ཀུན་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་ཚིག་བཞི་པོ་ལན་གསུམ། ད་དབང་ཞུ་བའི་ཕྱིར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །ཨེ་མ་ཧོ༔ དབང་དྲག་འབར་བའི་བླ་མ་ནི༔ རིགས་རྣམས་ཀུན་བདག་ཆེ་བའི་མཆོག༔ དཔའ་བོ་ཆེན་པོས་རྗེས་སུ་ཟུང་༔ དབང་གི་སྨིན་གྲོལ་དངོས་གྲུབ་སྩོལ༔ གསུམ། བླ་མས་ལན་གསུངས་པ། དེ་ལྟར་ཡིན་ན་ཧེ་རུ་ཀའི༔ དལ་དུ་གཞུག་སྟེ་སྨིན་པར་བྱའོ༔ བླ་མེད་ཡང་གསང་བྱིན་རླབས་འདི༔ གནས་ཁང་འདི་ཡི་ཕྱི་རོལ་དུ༔ དམ་མེད་པ་ལ་སྨྲ་མི་རུང་༔ དེ་ཕྱིར་སྙིང་ནས་བྲོ་བོར་ཞིག༔ འདིའི་རྗེས་ཟློས་མཛོད། བཛྲ་རཀྵ་སི་ཧཱུྃ༔ ས་མ་ཡ༔ ཨི་དན་ན་ར་ཀན༔ དེ་ནས་མདུན་གྱི་གཏོར་མ་དང་། སློབ་དཔོན་པདྨ་འོད་འབར་སྐད་ཅིག་ལ་གུ་རུ་དྲག་པོའི་སྐུར་གནས་འགྱུར། ཁྱེད་རང་རྣམས་ཀྱང་སྐད་ཅིག་དྲན་རྫོགས་ལ། གུ་རུ་དྲག་པོ་སྐུ་མདོག་དམར་པོ་རྡོ་རྗེ་དང་སྡིག་པ་འཛིན་ཅིང་། དུར་ཁྲོད་ཆས་བརྒྱད་དང་། དཔལ་གྱི་ཆས་དགུས་བརྒྱན་ཅིང་། གར་དགུའི་ཉམས་དང་ལྡན་པ། བདག་མདུན་རྣམས་ཀྱི་


CMR008_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀའི་ཧཱུྃ་དམར་པོ་ལས་འོད་ཟེར་འཕྲོས་ཏེ། རྔ་ཡབ་གླིང་དུ་ཨོ་རྒྱན་རིན་པོ་ཆེའི་ཐུགས་ཀར་ཕོག་པས། སྐད་ཅིག་ལ་དྲག་པོའི་སྐུར་ཁྲོས་པས། སྐུ་ཆེ་ཕྲ་དཔག་ཏུ་མེད་པ། འུར་སྒྲ་ཆེམ་སྒྲ་དང་བཅས་ཏེ་བྱོན་ནས། གཏོར་མ་ལྷར་གསལ་བ་དང་། ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་སྒོམས་ཤིག །དབྱངས་རོལ་སྤོས་དུད་དང་བཅས། ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་༔ གཟུགས་སྐུ་པདྨ་འོད་འབར་སྐད་ཅིག་ལ༔ རྔམས་བརྗིད་ཁྲོས་པའི་ངར་སྐད་ཕྱོགས་བཅུར་སྒྲོགས༔ སྤྲུལ་པ་ཡང་སྤྲུལ་དཔག་ཡས་འཇིགས་ཚུལ་སྟོན༔ ཆེ་མཆོག་དམར་ནག་མེ་ཡི་ཕྲེང་བ་ཅན༔ དེང་འདིར་རྣལ་འབྱོར་བདག་གི་གྲོགས་ལ་བྱོན༔ ཛཿ ཆོས་ཀྱི་དབྱིངས་ནས་སྒྱུ་མའི་སྐུར་བཞེངས་པ༔ དུག་གསུམ་འབར་བའི་ཁྲོ་གཏུམ་འཇིགས་གཟུགས་ཅན༔ དྲེགས་པ་སྡེ་བརྒྱད་འདུལ་ཕྱིར་གཤེགས་སུ་གསོལ༔ རྒྱལ་བསེན་དམ་སྲི་འདུལ་ཕྱིར་གཤེགས་སུ་གསོལ༔ གཉན་ལྷོག་སྨྱོ་འབོགས་འདུལ་ཕྱིར་གཤེགས་སུ་གསོལ༔ མཐའ་ཡི་དམག་དཔུང་བཟློག་ཕྱིར་གཤེགས་སུ་གསོལ༔ སྣང་སྲིད་བྲན་དུ་བཀོལ་ཕྱིར་གཤེགས་སུ་གསོལ༔ དབང་དང་དངོས་གྲུབ་


CMR008_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

སྩོལ་ཕྱིར་གཤེགས་སུ་གསོལ༔ སྔགས་ཨར་ཙིག་ལ༔ བཛྲ་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་རོལ་མོ་དང་སྔགས་གསུམ་མམ་བདུན་བརྗོད། ད་ཡེ་ཤེས་པ་དེ་བརྟན་པའི་མོས་པ་མཛོད་། རྡོ་རྗེ་མགོར་བཞག་ལ། ཏིཥྛ་བཛ྄ཿ དེ་ནས་གཏོར་མ་ལག་ཏུ་ཐོགས་ལ། ད་གཏོར་མ་འདི་ཉིད་གུ་རུ་དྲག་པོ་དངོས་སུ་གསལ་བའི་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པར་སྒོམས་ཤིག ། དབང་དྲག་འབར་བའི་རིགས་ཀྱི་བདག༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་མཆོག་རིན་པོ་ཆེ༔ བྱིན་རླབས་ཀློང་ཡངས་རང་བཞིན་འབར༔ ཨོཾ་ཨཱཿཧཱུྃ༔ སྐུ་ཡི་སྨིན་མཚམས་ཨོ་དཀར་ལས༔ འོད་ཟེར་སྐར་མདའ་འཆད་པ་ལྟར༔ སྐལ་ལྡན་ལུས་ལ་གཉིས་མེད་ཐིམ༔ བུམ་དབང་ཐོབ་ནས་སྣང་སྟོང་བསྒོམ༔ དབང་དྲག་འབར་བ་སྐུ་ཡི་དབང་ཐོབ་ཤོག༔ ཨར་ཅིག་ལ་སྡེ་བརྒྱད་མི་སྦྱར། ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔་བརྗོད་ཅིང་དཔྲལ་བར་གཏུག་གོ །དེས་ལུས་ཀྱི་སྒྲིབ་པ་དག །ལུས་ལ་གནོད་པའི་ནད་གདོན་ཞི། སྐུའི་དབང་ཐོབ། འབྲས་བུ་སྤྲུལ་སྐུ་ཐོབ་པའི་ས་བོན་དང་བག་ཆགས་རྒྱུད་ལ་


CMR008_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་པ་ཡིན་ནོ། །ཡང་གཏོར་མ་གུ་རུ་དྲག་པོར་གསལ་བའི་མགྲིན་པའི་ཨཱཡིག་ལས་འོད་ཟེར་དམར་པོ་འཕྲོས་ནས། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པ་སྒོམས་ཤིག །གཏོར་མ་ཐོགས་ལ་དབྱངས་དང་བཅས། ཧཱི༔ དབང་དྲག་འབར་བའི་རིགས་ཀྱི་བདག༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ སྐུ་གསུང་ཐུགས་མཆོག་རིན་པོ་ཆེ༔ བྱིན་རླབས་ཀློང་ཡངས་རང་བཞིན་འབར༔ ཨོཾ་ཨཱཧཱུྃ༔ གསུང་གི་ལྗགས་སྟེང་ཨཱཝདམར་ལས་འོད་ཟེར་མར་མེའི་རྩེ་མོ་ལྟར༔ སྐལ་ལྡན་ལྕེ་ལ་གཉིས་མེད་ཐིམ༔ གསུང་དབང་ཐོབ་ནས་སྔགས་རླུང་བསྒོམ༔ དབང་དྲག་འབར་བའི་གསུང་གི་དབང་ཐོབ་ཤོག༔ སྔགས་ཨར་ཙིགཝཱཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་མགྲིན་པར་བསྐུར། དེས་ངག་གི་སྒྲིབ་པ་དག །ངག་གི་དིག་ལྐུགས་ཞི། གསུང་གི་དབང་ཐོབ། འབྲས་བུ་གསུང་དབྱངས་དྲུག་ཅུ་དང་ལྡན་པའི་ལོངས་སྐུའི་ས་བོན་བཞག་པ་ཡིན་ནོ། །ཡང་གཏོར་མ་གུ་རུ་དྲག་པོར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས་པས། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པར་སྒོམས་ཤིག །གཏོར་མ་ཐོགས་ནས་དབྱངས་དང་བཅས། ཧྲཱི༔ དབང་དྲག་འབར་བའི་རིགས་ཀྱི་བདག༔


CMR008_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་མཆོག་རིན་པོ་ཆེ༔ བྱིན་རླབས་ཀློང་ཡོངས་རང་བཞིན་འབར༔ ཨོཾ་ཨཱཿཧཱུྃ༔ ཐུགས་ཀའི་ཧཱུྃ་མཐིང་འོད་འབར་བས༔ འོད་ཟེར་སྤོས་རེངས་དུད་པ་ལྟར༔ སྐལ་ལྡན་སེམས་ལ་གཉིས་མེད་ཐིམ༔ ཤེས་རབ་ཡེ་ཤེས་དབང་ཐོབ་གསལ་སྟོང་བསྒོམ༔ དབང་དྲག་འབར་བའི་ཐུགས་ཀྱི་དབང་ཐོབ་ཤོག༔ ཨར་ཅིག་དང་། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྙིང་གར་གཏུག །དེས་སེམས་ཀྱི་སྒྲིབ་པ་དག །སེམས་ཀྱི་སྨྱོ་འབོག་ཞི། ཐུགས་ཀྱི་དབང་ཐོབ། འབྲས་བུ་ཆོས་སྐུ་ཐོབ་པའི་ས་བོན་བཞག་པའོ། །དེ་ནས་གཏོར་མ་དྲག་པོར་གསལ་བའི་དཔྲལ་མགྲིན་ཐུགས་ཀ་ལྟེ་བ་དང་གསང་གནས་ལྔ་ནས། འོད་ཟེར་དཀར་དམར་མཐིང་སེར་ལྗང་གུ་ལྔ་འཕྲོས་ནས་ཁྱེད་རང་རྣམས་ཀྱི་གནས་ལྔར་ཐིམ་པར་སྒོམས་ཤིག །གཏོར་མ་བཟུང་དབྱངས་དང་བཅས། ཧྲཱི༔ དབང་དྲག་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་འདུས་པའི་འོད་ཟེར་ནི༔ ནམ་མཁའི་ཆུ་ལ་འཇའ་ཤར་ལྟར༔ སྐལ་ལྡན་གནས་ལྔར་གཉིས་མེད་ཐིམ༔ དབང་བཞི་ཡེ་ཤེས་རྫོགས་ཆེན་བསྒོམ༔ དབང་དྲག་འབར་བའི་རང་བཞིན་དབང་ཐོབ་


CMR008_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག༔ ཨར་ཙིག་དང་། སརྦ་དྷརྨ་ཨ་བྷི་ཥིཉྩ་ཧོ༔ ཞེས་ལྟེ་བར་བསྐུར་རོ། །དེས་བསགས་པ་ཆ་སྙོམས་ཀྱི་སྒྲིབ་པ་དག །ཚེ་བསོད་ནམས་ལ་བར་དུ་གཅོད་པ་ཞི། དབང་བཞི་ཡོངས་སུ་རྫོགས་པ་ཐོབ། འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་འགྲུབ་པའི་སྐལ་བ་དང་ལྡན་པར་བྱས་པའོ། །དེ་ནས་གཏོར་མ་ཐོགས་ལ། གཏོར་མ་འདི་བཅོམ་ལྡན་འདས་གུ་རུ་དྲག་པོ་དབང་དྲག་འབར་བ་དངོས་སུ་གསལ་བའི་སྟེང་གི་ཆ་ལ་རིག་འཛིན་གྲུབ་ཐོབ་བརྒྱུད་པའི་བླ་མ། བར་གྱི་ཆ་ལ་ཡི་དམ་རྒྱུད་སྡེ་དྲུག་གི་ལྷ་ཚོགས། འོག་གི་ཆ་ལ་དམ་པ་ཡེ་ཤེས་ཀྱི་ཆོས་སྐྱོང་བའི་སྲུང་མའི་ཚོགས་ཐམས་ཅད་སྤྲིན་འཁྲིགས་པ་ལྟར་ཁྱེད་རང་གི་སྤྱི་བོར་བྱོན་ནས། ངེད་ཀྱིས་གསོལ་བ་ཇི་ལྟར་བཏབ་པའི་བྱིན་རླབས་དངོས་གྲུབ་ཐམས་ཅད་བསྩལ་ནས། འོད་དུ་ཞུ་ནས་ཁྱེད་རང་དང་དབྱེར་མེད་དུ་ཐིམ་པར་སྒོམས་ཤིག །ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ཉང་བན་ཏིང་འཛིན་བཟང་པོ། སྔགས་འཆང་ཧཱུྃ་ནག་མེ་འབར། ལས་ཅན་ཆོས་བདག་ཉེར་གཅིག །རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་


CMR008_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་སྙན་བརྒྱུད། གཏེར་ཆོས་སྨོན་ལམ་བརྒྱུད་པ། མཁའ་འགྲོ་གཏད་རྒྱ་བརྒྱུད་པ། བཀའ་བབ་དོན་གྱི་བརྒྱུད་པའི་བླ་མ་དམ་པ་རྣམས་དང་། བཅོམ་ལྡན་འདུས་གུ་རུ་དྲག་པོ་དབང་དྲག་འབར་བའི་ལྷ་ཚོགས་ཐམས་ཅད་ཀྱིས། རྡོ་རྗེའི་སློབ་མ་འདི་རྣམས་ལ་བྱིན་གྱིས་བརླབ་པ་དང་། དབང་བསྐུར་བར་མཛད་དུ་གསོལ། བཀའི་ལྷ་མ་སྲིན་སྡེ་བརྒྱད་ཀྱི་གནོད་པས་མི་ཚུགས་པར་སྲུངས་ཤིག །གཟའ་ཀླུ་དང་རྒྱལ་བསེན་དམ་སྲིའི་གནོད་པ་ཐམས་ཅད་ད་ལྟ་ཉིད་དུ་ཞི་བར་མཛོད་ཅིག །གག་ལྷོག་གཟེར་གསུམ་ཡམས་ནད་རིམས་ནད་ཀྱི་གནོད་པ་ཐམས་ཅད་ད་ལྟ་ཉིད་དུ་ཞི་བར་མཛོད་ཅིག །དུས་མ་ཡིན་པའི་འཆི་བ་རྐྱེན་ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་ད་ལྟ་ཉིད་དུ་བསལ་དུ་གསོལ། །སྐྱེ་བ་འདི་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ་ལྷག་པའི་ལྷར་མཛད་དུ་གསོལ། རྗེས་སུ་འཛིན་པར་མཛད་དུ་གསོལ། གཏོར་མ་སྤྱི་བོར་བཞག་ལ། ཨར་ཅིག་ཨ་ཡ་མ་དང་བཅས་པའི་སྔགས་གསུམ་མམ་བདུན་བརྗོད་དོ། །དེ་ནས་མེ་ཏོག་འཐོར་ཞིང་། ཨེ་མ་ཧོ༔ ཤེས་བྱའི་དོན་ལ་མ་རྨོངས་པའི༔ བླ་མ་དམ་པའི་བཀྲ་ཤིས་ཤོག༔ གང་ལ་བསམ་པ་དེ་ཡིས་འགྲུབ༔ ཡི་དམ་ལྷ་


CMR008_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་བཀྲ་ཤིས་ཤོག༔ སྐུ་གསུང་ཐུགས་ཀྱི་བྷ་ག་ལ༔ ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག༔ ཅེས་བཀྲ་ཤིས་བརྗོད་དོ། །འོ་དེས་གུ་རུ་དྲག་པོའི་དབང་ལེགས་པར་ཐོབ་པ་ཡིན་པས། དེ་ཡི་དམ་ཚིག་ཏུ་གུ་རུ་དྲག་པོ་ཡི་དམ་གྱི་ལྷར་བཟུང་སྙམ་པ་གྱིས་ལ་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་པ། སོགས། ས་གཞི་སྤོས་ཆུས་བྱུགས་ཤིང་སོགས་བྱའོ། །ཞེས་པ་གོ་འཇོ་བླ་མ་ལྷུན་གྲུབ་ཀྱི་དོན་དུ་རཱག་ཨ་སྱས་བྲིས་པ་སྟེ། འདིས་མང་པོ་འགའ་ལ་ཕན་པའི་རྟེན་འབྲེལ་ཡོད་སྙམ་པ་ཞིག་བྱུང་ངོ་། །སརྦ་མངྒ་ལཾ།། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

འཇའ་ཚོན་ལུགས་ཀྱི་སེང་གདོང་མའི་དབང་རཱ་ག་ཨ་སྱས་བྱས་པ།


CMR008_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

འཇའ་ཚོན་ལུགས་ཀྱི་སེང་གདོང་མའི་དབང་རཱ་ག་ཨ་སྱས་བྱས་པ་ཡོད། བཀའ་རྒྱ་དམ། །


CMR008_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཛྙཱ་ན་དྷ་ཀི་ནཱི་ཡེ། དཀོན་མཆོག་སྤྱི་འདུས་ཀྱི་འགྲེལ་བ་འཇའ་ཚོན་པ་ཉིད་ཀྱིས་མཛད་པ་ལས། གུ་རུ་དྲག་པོ་དང་། སེང་གདོང་མའི་དབང་། དབང་རྫས་གོང་དང་མཚུངས། སྙིང་པོ་དང་ཚིག་ཕྲན་བུ་ཅུང་ཟད་བསྒྱུར་ཤེས་པར་བྱའོ། །རྒྱས་པར་འདོད་ན་གཏེར་ཁ་གཞན་ནས་ཟུར་ཙམ་སབ་ཀྱང་འགལ་བ་མེད་གསུངས་པས་དབང་རྫས་བུམ་པ་གཏོར་མ་སོགས་བཤམ། དཀོན་མཆོག་སྤྱི་འདུས་ཞི་དྲག་རིམ་པར་གནས་འགྱུར་ནས་སེང་གདོང་མ་འདོན་པའི་ཚེ། བདག་མདུན་བུམ་པ་གཏོར་མ་སེང་གདོང་མར་གསལ་བཏབ་ནས་བསྙེན་པ་ཅི་མང་བཟླ། བུམ་ལྷ་འོད་དུ་ཞུ་བ་བུམ་ཆུར་བསམ། དེ་ནས་སློབ་མ་འདུས་ནས་ཁྲུས་བྱས་མཎྜལ་ཕུལ་ནས། འོ་ན་ད་ལམ་ཁྱེད་རྣམས་ལ་ཡེ་ཤེས་ཀྱི་མཁའ་འགྲོ་སེང་གདོང་


CMR008_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

མའི་དབང་བསྐུར་བ་ཡིན་ཏེ། དེའི་ལོ་རྒྱུས་གཏེར་གཞུང་ལས། འདི་ནི་གནམ་ལྕགས་ཐོག་གི་རྒྱུད་ཅེས་བྱ་བ་རྡོ་རྗེ་ཕག་མོས་གསང་བའི་བདག་པོ་ལ་གསུངས་ཏེ༔ གསང་བདག་གིས་མཆོད་རྟེན་བུམ་པ་ཅན་དུ་སྦས༔ དེའི་ཚེ་ཨོ་རྒྱན་བདག་ལོ་བདུན་བརྒྱ་ལོན་པའི་ཚེ་གཏེར་ནས་གདན་དྲངས་ཏེ༔ མུ་སྟེགས་སྟོན་པ་ལྔ་བརྒྱ་ལང་ཀའི་རྒྱལ་པོ་དང་བཅས་པ་རང་མཐུ་རང་ལ་ཟུག་སྟེ༔ ཡུལ་དེར་མུ་སྟེགས་ཀྱི་མིང་མེད་པར་ནང་པའི་བསྟན་པ་ལ་བཙུད་པའོ༔ ཡི་གེ་བཅུ་བཞི་པོ་ཡུངས་ཀར་ལ་སྔགས་ན་རང་གཞན་སྲུང་བའི་མཆོག་ཏུ་འགྱུར་རོ༔ མདོར་ན་སྲུང་


CMR008_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག་བསད་གསུམ་གྱི་མཐར་ཐུག་ཡིན་ནོ༔ ཞེས་དང་༔ ཆེ་བའི་ཡོན་ཏན་འདི་ལྟར་རོ༔ འདི་ཡིས་ཡིད་བཞིན་བསྒྲུབས་པས་ནོར་བུ་ཡིན༔ བྱད་མས་གཅོད་མེད་ནམ་མཁའ་སྟོང་པ་ཡིན༔ གར་བརྒྱབ་ཐོགས་མེད་རྡོ་རྗེ་ཕ་ལམ་ཡིན༔ གར་ཕོག་རྡོ་རྗེའི་སྒྱོགས་དང་འདྲ༔ ལུས་བཏགས་རྡོ་རྗེ་ཕ་ལམ་ཡིན༔ ཟློག་པ་ཀུན་གྱི་ཡང་སྙིང་ཡིན༔ མཐུ་བྱད་༧འཇིག་རྟེན་པ་རྣམས་དང་༔ ཡེ་ཤེས་པ་ཡི་ཡང་ཟློག་ཡིན༔ ངན་སྔགས་གང་གིས་ཀྱང་མི་ཚུགས༔ འདི་འོག་ལན་གཅིག་འཛུལ་བ་ན༔ ཕྲ་མེན་མ་ཡི་ངན་སྔགས་ཟློག༔ སྡེ་བརྒྱད་མ་མོ་སྨོས་ཅི་དགོས༔ ཕྲ་མེན་ཕུར་ཐོགས་སྟོང་དང་འགྲས་ཀྱང་ཁོ་རང་ཕུང་༔ སྤྱི་བོ་མགུལ་ལམ་ལུས་ལ་ནི༔ ཡོད་ན་རྡོ་རྗེ་ཕ་ལམ་འདྲ༔ ཞེས་དང་༔ ཟློག་པའི་ནང་ནས་ཡང་ཟློག་ཡིན༔ མཐུ་དང་རྦོད་གཏོང་ངན་སྔགས་རིགས༔ གང་གིས་ཀྱང་ནི་མི་ཚུགས་སོ༔ འདིའི་འོག་ཏུ་ལན་གཅིག་འཛུལ་བས་ཀྱང་༔ ཕྲ་མེན་མ་སྟོང་ལ་གཏད་ཀྱང་ཉེས་པ་མི་འོང་༔ པདྨ་བདག་གིས་སྙིང་ཐིག་འདི༔ ལུས་ལ་བཏགས་པས་གང་དང་འགྲས་ཀྱང་གནོད་མི་ཚུགས༔ མཐུ་བྱེད་པ་ཡི་བྱུར་དུ་དབབ༔ པདྨ་འབྱུང་གནས་བདག་ལ་


CMR008_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་༔ ཟློག་པ་འདི་ལས་ཟབ་པ་མེ༔ སྔགས་ནག་སྟོང་གིས་ཆོད་གཏོང་བྱས་ཀྱང་གང་གིས་མི་ཚུགས་པ་རྡོ་རྗེའི་གུར་དུ་འགྱུར་རོ༔ འདི་ནི་མཁའ་འགྲོ་མ་འབུམ་གྱི་སྲོག་སྤུ་གྲིའི་འཁོར་ལོ་དང་འདྲ་སྟེ་ནུས་པ་གསང་བའི་བདག་པོར་མཚུངས་སོ༔ མཁའ་འགྲོ་འབུམ་གྱི་སྲོག་ཐིག་གོ༔ བྱད་ཁ་ཐམས་ཅད་བཟློག་པ་དང་༔ ཟས་ནོར་ལོངས་སྤྱོད་འཕེལ་བ་ཡིན༔ ཟློག་པ་གཞན་ལས་ཁྱད་པར་འཕགས༔ བདག་འདྲ་ཨོ་རྒྱན་པདྨ་ལ༔ སྲུང་ཟློག་ཁྲི་དང་སྟོང་ཡོད་ཀྱང་༔ འདི་ལས་ཟབ་པ་ཡོད་མ་ཡིན༔ བདག་གི་ལུས་ངག་བསྲུང་བ་དང་༔ དགྲ་ཡི་ནུས་པ་བཤིག་པ་དང་༔ སྡེ་བརྒྱད་ལས་ལ་འགྱེད་པ་ཡི༔ རང་གཤེད་གནད་ཀྱི་མན་ངག་གོ༔ འདི་ནི་བན་བོན་མཆུ་ཆིངས་ཏེ༔ བརྒྱ་ཡིས་བདེ་བར་གཤེགས་པ་སྟོང་གི་ནུས་པ་ཟློག༔ ཉི་ཤུ་རྩ་གཅིག་གིས་གང་ཟག་བརྒྱ་ཡི་ནུས་པ་ཟློག༔ ཕ་ཐ་ནུས་པ་ཆེ་ན་ཤིན་ཏུ་རྣོ༔ འདི་ནི་མཁའ་འགྲོ་མའི་ཟློག་པ་གནམ་ལྕགས་སྤུ་གྲི་བྱ་བ་ཡིན༔ ཡང་ན་ཟློག་པའི་སྲོག་ཡིག་འདི༔ གསེར་གྱིས་བྲིས་ནས་ལུས་ལ་འཆང་༔ ཞག་རེར་ཚར་བདུན་རེ་བཟླས་ན༔ སྔགས་བོན་སྟོང་གིས་སྲིད་ན་ཡང་༔


CMR008_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་བཞིན་དུ་གནོད་མི་སྲིད༔ ཟློག་པ་སྤུ་གྲིའི་སོ་དང་འདྲ༔ ནམ་མཁའ་བཞིན་དུ་འགྱུར་བ་དཀོན༔ ཐུགས་ཀྱི་གསང་གཏེར་ཨ་ཐམ་རྒྱ༔ ཞེས་གསུངས་སོ། །དེས་ན་དབང་འདི་ནི་ཤིན་ཏུ་བཀའ་གཉན་ཏེ། བན་བོན་གྱི་མཆུ་ཆིངས་ཡིན་པས་མང་ན་བསྟན་པ་ལ་གནོད། མཁའ་འགྲོ་སྟོང་གི་སྲོག་སྔགས་ཡིན་པས་མང་དུ་སྤེལ་མི་རུང་། དེ་ལྟ་བུའི་དབང་ཞུ་བའི་ཕྱིར་མཎྜལ་ཕུལ། ད་སྐྱབས་འགྲོ་སེམས་བསྐྱེད་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ༔ སྐྱབས་གནས་དམ་པ་རྣམས་ལ་སྐྱབས་སུ་མཆི༔ རྒྱུད་དྲུག་འཁོར་བར་འཁྱམས་པའི་ཕ་མ་རྣམས༔ བཟོད་མེད་གདུང་བས་སངས་རྒྱས་ཐོབ་བྱའི་ཕྱིར༔ ཀུན་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ དེ་ལན་གསུམ་དང་། ད་དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད། ཨེ་མ་ཧོ༔ ཌཱ་ཀི་སྤྱི་འདུས་སཾ་ཧ་ནི༔ རིགས་རྣམས་ཀུན་བདག་རྣལ་འབྱོར་མ༔ དཔའ་མོ་ཆེན་མོས་རྗེས་སུ་ཟུངས༔ དབང་གི་སྨིན་གྲོལ་དངོས་གྲུབ་སྩོལ༔ ལན་གསུམ། དེ་ལྟར་ཡིན་ན་ཧེ་རུ་ཀའི༔ དལ་དུ་སུ་ཞུགས་སྨིན་པར་བྱའོ༔ བླ་མེད་ཡང་གསང་བྱིན་རླབས་འདི༔ གནས་ཁང་འདི་ཡི་ཕྱི་རོལ་དུ༔ དམ་མེད་པ་ལ་སྨྲ་


CMR008_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

མི་རུང་༔ དེ་ཕྱིར་སྙིང་ནས་བྲོ་བོར་ཅིག༔ བཛྲ་རཀྵ་སི་ཧཱུྃ༔ ས་མ་ཡ༔ ཨི་དན་ན་ར་ཀན༔ སློབ་མ་ལྷར་བསྐྱེད་པ་ནི་ལས་བུམ་ཀུ་ཤས་སློབ་མ་བྲན་ལ། ད་ཁྱེད་རང་རྣམས་སྐད་ཅིག་གིས་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན། སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་ནམ་མཁར་ཕྱར་ཞིང་གཡོན་ཐོད་ཁྲག་ཐུགས་ཀར་བསྣམས་པ། གྲུ་མོ་ན་སྐུའི་ཚད་དང་མཉམ་པའི་ཁ་ཊཾ་ཀ་ལ་དྲིལ་བུ་འཕན་རྩེ་གསུམ་པ་འཕྱང་བ། སེང་ཞལ་གནམ་དུ་གདངས་པའི་ཁ་ནས་དུག་གི་ཁ་རླངས་འཐུལ་བས་གདུག་པ་ཅན་ཐམས་ཅད་མྱོས་པར་བྱེད་པ། མི་མགོ་སྐམ་པོ་ལྔས་དབུ་བརྒྱན་པ། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ཆ་ལྔས་བརྒྱན་པ། ལྗགས་འདྲིལ་བ། །མཆེ་བ་གཙིགས་པ། སྨིན་མ་དང་དབུ་སྐྲ་དམར་སེར་གྱེན་དུ་འབར་ཞིང་མཐུར་དུ་འཕྱང་བ། སྤྱན་གསུམ་དམར་ལ་ཟླུམ་པ། ཞབས་གཡོན་བརྐྱང་བའི་བརླ་ལ་གཡས་བསྐུམ་པའི་སོར་མོ་རྣམས་གཏད་དེ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ་དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ། དེ་ལས་འོད་འཕྲོས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་


CMR008_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་ཡུལ་ཉི་ཤུ་རྩ་བཞི་ནས་མཁའ་འགྲོ་སེང་གདོང་མའི་སྐུ་ཆེ་ཕྲ་སྣ་ཚོགས་པ་ཁ་བ་བུ་ཡུག་ལྟར་སྤྱན་དྲངས་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་བསྒོམ། སྤོས་རོལ་མོ་དབྱངས་དང་བཅས། ཧཱུྃ༔ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ ཉི་ཤུ་རྩ་བཞིའི་གནས་མཆོག་ནས༔ བར་ཆད་སེལ་ཞིང་ཕྲིན་ལས་སྒྲུབ༔ མ་མོ་མཁའ་འགྲོས་བྱིན་ཕོབ་ཅིག༔ ཨོ་ཨཱཧཱུཾ་ཌཱཀི་སི་ཧ་མུ་ཁ་བཛྲ་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་ཅི་མང་བརྗོད༔ རྡོ་རྗེ་མེ་ཏོག་སྤྱི་བོར་བཞག །ཏིཥྛ་བཛྲ༔ དབང་རྫས་ནི་དཀོན་མཆོག་སྤྱི་འདུས་ལྟར་ཏེ། སྔགས་བཛྲ་གུ་རུའི་མལ་དུ་ཨོཾ་ཨཱཧཱུཾ་ཌཱ་ཀི་སི་ཧ་མུ་ཁ་སྦྱར་བ་མ་གཏོགས་འདྲ། བུམ་པ་སྤྱི་བོར་བཞག་ལ། ཧཱུྃ༔ ཡེ་ཤེས་ཌཱ་ཀི་རིགས་ཀྱི་བདག༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་མཆོག་རིན་པོ་ཆེ༔ བྱིན་རླབས་ཀློང་ཡངས་རང་བཞིན་འབར༔ ཨོཾ་ཨཱཿཧཱུྃ༔ སྐུ་ཡི་སྨིན་མཚམས་ཨོཾ་དཀར་ལས༔ འོད་ཟེར་སྐར་མདའ་ཆད་པ་ལྟར༔ སྐལ་ལྡན་ལུས་ལ་གཉིས་མེད་ཐིམ༔ བུམ་དབང་ཐོབ་ནས་སྣང་སྟོང་བསྒོམ༔ སེང་གེའི་གདོང་ཅན་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱ༔ཧཱུྃ་ཌཱ་ཀི་སི་ཧ་མུ་ཁ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཁྱེད་རང་རྣམས་ཀྱི་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་


CMR008_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་དག །ལུས་ལ་གནོད་ཅིང་འཚེ་བའི་གདོན་བགེགས་ཐམས་ཅད་ཞི། སྐུའི་དབང་ཐོབ། ལུས་ལྷ་ཡི་སྐུར་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པའོ། །དེ་ནས་བྷནྡྷ་མགྲིན་པར་བཞག་ལ། ཧཱུྃ༔ ཡེ་ཤེས་ཌཱ་ཀི་རིགས་ཀྱི་བདག༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་མཆོག་རིན་པོ་ཆེ༔ བྱིན་རླབས་ཀློང་ཡངས་རིང་བཞིན་འབར༔ ཨོཾ་ཨཱ༔ཧཱུྃ༔ གསུང་གི་ལྗགས་སྟེང་ཨཱདམར་ལས༔ འོད་ཟེར་མར་མེའི་རྩེ་མོ་ལྟར༔ སྐལ་ལྡན་ལྕེ་ལ་གཉིས་མེད་ཐིམ༔ གསང་དབང་ཐོབ་ནས་སྔགས་རླུང་བསྒོམ༔ སེང་གེའི་གདོང་ཅན་གསུང་གི་དབང་ཐོབ་ཤོག༔ ཨོཾ་ཨཱ༔ཧཱུྃ་ཌཱ་ཀི་སི་ཧ་མུ་ཁ་ཝཱཀ་ཨ་བྷི་ཥིཉྩ་ཧཱུྃ༔ མགྲིན་པར་བསྐུར། དེས་ཁྱེད་རང་རྣམས་ཀྱི་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག །ངག་ལ་གནོད་ཅིང་འཚེ་བའི་འགལ་རྐྱེན་ཞི། གསུང་གི་དབང་ཐོབ། ངག་སྔགས་བཟླ་བར་དབང་། འབྲས་བུ་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །དེ་ནས་ཁ་ཊཾ་སྙིང་གར་བཞག་ལ། ཧཱུྃ༔ ཡེ་ཤེས་ཌཱ་ཀི་རིགས་ཀྱི་བདག༔


CMR008_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་མཆོག་རིན་པོ་ཆེ༔ བྱིན་རླབས་ཀློང་ཡངས་རང་བཞིན་འབར༔ ཨོཾ་ཨཱཿཧཱུྃ༔ ཐུགས་ཀྱི་ཧཱུཾ་སྔོན་འོད་འབར་ལས། འོད་ཟེར་སྤྲོས་རེངས་དུད་པ་ལྟར༔ སྐལ་ལྡན་སེམས་ལ་གཉིས་མེད་ཐིམ༔ ཤེས་རབ་ཡེ་ཤེས་དབང་ཐོབ་གསལ་སྟོང་བསྒོམ༔ སེང་གེའི་གདོང་ཅན་ཐུགས་ཀྱི་དབང་ཐོབ་ཤོག༔ ཨོཾ་ཨཱཧཱུཾ་ཌཱ་ཀི་སི་ཧ་མུ་ཁ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དཀར་ནག་མཚམས་སུ་བསྐུར། དེས་ཁྱེད་རང་རྣམས་ཀྱིས་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག །ཡིད་ལ་གནོད་ཅིང་འཚེ་བའི་འགལ་རྐྱེན་ཞི། ཐུགས་ཀྱི་དབང་ཐོབ། ཡིད་ཏིང་འཛིན་བསྒོམ་པ་ལ་དབང་། འབྲས་བུ་ཆོས་ཀྱི་སྐུའི་ས་བོན་རྒྱུད་ལ་བཞག་པའོ། །དེ་ནས་གནས་ལྔར་ཐོད་པ་ཤེལ་རྡོ་རྡོ་རྗེ་བཞག་ལ༔ ཧཱུྃ༔ ཡེ་ཤེས་ཌཱ་ཀིའི་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་འདུས་པའི་འོད་ཟེར་ནི༔ ནམ་མཁའ་ཆུ་ལ་འཇའ་ཤར་ལྟར༔ སྐལ་ལྡན་གནས་ལྔར་གཉིས་མེད་ཐིམ༔ དབང་བཞི་ཡེ་ཤེས་རྫོགས་ཆེན་བསྒོམ་སེང་གེའི་གདོང་ཅན་རང་བཞིན་དབང་ཐོབ་ཤོག༔ ཨོཾ་ཨཱཧཱུཾ་ཌཱ་ཀི་སི་ཧ་མུ་ཁ་སརྦ་དྷརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གནས་ལྔའམ་ལྟེ་བར་བསྐུར། དེས་


CMR008_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་པ་ཆ་མཉམ་གྱི་སྒྲིབ་པ་དག །ཚེ་བསོད་ནམས་ལ་བར་དུ་གཅོད་པ་ཞི། དབང་བཞི་ཡོངས་སུ་རྫོགས་པ་ཐོབ། འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པར་བྱས་པའོ། །དེ་ནས་སེང་གདོང་མ་རིགས་ལྔའི་ཙཀ་ལི་ཡོད་ན་གནས་སོ་སོར་བཞག །མེད་ན་གཏོར་མ་བཞག་ལ། ད་མདུན་བསྐྱེད་སེང་གདོང་མའི་དཔྲལ་བ་ནས་སེང་གདོང་དཀར་མོ་སྐུ་ཆུང་ལ་ཡན་ལག་དོད་པའི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པར་སྒོམས་ཤིག །ཧཱུཾ་བྷྱོ༔ དུས་གསུམ་རྒྱལ་བའི་ཡུམ་གཅིག་སེང་གདོང་མ༔ སྟོན་ཟླའི་མདོག་ཅན་འོད་ཟེར་སྤྲུལ་པ་འགྱེད༔ མཐོང་དང་དྲན་པ་ཙམ་གྱིས་ཡེ་ཤེས་སྐྱེད༔ སྐལ་ལྡན་བུ་ལ་ལུས་དང་གྲིབ་མའི་ཚུལ༔ མི་འབྲལ་བྱིན་རླབས་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱ༔ཧཱུྃ་ཏྲཱ་ཀི་སི་ཧ་མུ་ཁོ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ སྤྱི་བོར་བསྐུར། ཡང་མདུན་བསྐྱེད་སེང་གདོང་མའི་མགྲིན་པ་ནས་སེང་གདོང་མ་དམར་མོ་སྐུ་ཆུང་ལ་ཡན་ལག་དོད་པའི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པར་སྒོམས་ཤིག༔ ཧཱུྃ་བྷྱོ༔ དུས་གསུམ་རྒྱལ་བའི་ཡུམ་གཅིག་སེང་གདོང་མ༔ རཱ་གའི་མདོག་ཅན་འོད་


CMR008_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་སྤྲུལ་པ་འགྱེད༔ མཐོང་དང་དྲན་པ་ཙམ་གྱིས་ཡེ་ཤེས་སྐྱེད༔ སྐལ་ལྡན་བུ་ལ་ལུས་དང་གྲིབ་མའི་ཚུལ༔ མི་འབྲལ་བྱིན་རླབས་གསུང་གི་དབང་ཐོབ་ཤོག༔ ཨོཾ་ཨཱ༔ཧཱུྃ་ཌཱ་ཀི་སི་ཧ་མུ་ཁ་ཝཱཀ་ཨ་བྷི་ཥིཉྩ་ཧཱུྃ༔ མགྲིན་པར་བསྐུར། ཡང་མདུན་བསྐྱེད་སེང་གདོང་མའི་ཐུགས་ཀ་ནས་སེང་གདོང་མ་མཐིང་ག་སྐུ་ཆུང་ལ་ཡན་ལག་དོད་པའི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པར་སྒོམས་ཤིག །ཧཱུྃ་བྷྱོ༔ དུས་གསུམ་རྒྱལ་བའི་ཡུམ་གཅིག་སེང་གདོང་མ༔ ནམ་མཁའི་མདོག་ཅན་འོད་ཟེར་སྤྲུལ་པ་འགྱེད༔ མཐོང་དང་དྲན་པ་ཙམ་གྱིས་ཡེ་ཤེས་སྐྱེད༔ སྐལ་ལྡན་བུ་ལ་ལུས་དང་གྲིབ་མའི་ཚུལ༔ མི་འབྲལ་བྱིན་རླབས་ཐུགས་ཀྱི་དབང་ཐོབ་ཤོག་ཨོ་ཨཱཧུཾ་ཌཱ་ཀི་སི་ཧ་མུ་ཁ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྙིང་གར་བསྐུར། ཡང་མདུན་བསྐྱེད་སེང་གདོང་མའི་ལྟེ་བ་ནས་སེང་གདོང་མ་སེར་མོ་སྐུ་ཆུང་ལ་ཡན་ལག་དོད་པའི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་ལྟེ་བར་ཐིམ་པར་སྒོམས་ཤིག །ཧཱུྃ་བྷྱོ༔ དུས་གསུམ་རྒྱལ་བའི་ཡུམ་གཅིག་སེང་གདོང་མ༔ གསེར་གྱི་མདོག་ཅན་འོད་ཟེར་སྤྲུལ་པ་འགྱེད༔ མཐོང་དང་དྲན་པ་ཙམ་གྱིས་ཡེ་ཤེས་


CMR008_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད༔ སྐལ་ལྡན་བུ་ལ་ལུས་དང་གྲིབ་མའི་ཚུལ༔ མི་འབྲལ་བྱིན་རླབས་ཡོན་ཏན་དབང་ཐོབ་ཤོག༔ ཨོཾ་ཨཱ༔ཧཱུྃ་ཌཱ་ཀི་སི་ཧ་མུ་ཁ་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ ལྟེ་བར་བསྐུར། ཡང་མདུན་བསྐྱེད་སེང་གདོང་མའི་གསང་བ་ནས་སེང་གདོང་མ་མར་གད་ཀྱི་མདོག་ཅན་སྐུ་ཆུང་ལ་ཡན་ལག་དོད་པའི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་གསང་བར་ཐིམ་པར་སྒོམས་ཤིག །ཧཱུྃ་བྷྱོ༔ དུས་གསུམ་རྒྱལ་བའི་ཡུམ་གཅིག་སེང་གདོང་མ༔ མར་གད་མདོག་ཅན་འོད་ཟེར་སྤྲུལ་པ་འགྱེད༔ མཐོང་དང་དྲན་པ་ཙམ་གྱིས་ཡེ་ཤེས་སྐྱེད༔ སྐལ་ལྡན་བུ་ལ་ལུས་དང་གྲིབ་མའི་ཚུལ༔ མི་འབྲལ་བྱིན་རླབས་ཕྲིན་ལས་དབང་ཐོབ་ཤོག༔ ཨོཾ་ཨཱ༔ཧཱུྃ་ཌ་ཀི་སི་ཧ་མུ་ཁ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ གསང་གནས་སུ་བསྐུར་རོ། །གཏོར་མ་འདི་ཉིད་སྔར་སྨོས་མ་ཐག་པའི་མཚན་ཉིད་ཅན་གྱི་མཁའ་འགྲོ་སེང་གདོང་མ་འཁོར་ཌཱ་ཀི་བྱེ་བ་འབུམ་དང་བཅས་པ་སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་དང་བཅས་པ་སྤྱི་བོར་བྱོན་ནས་བྱིན་གྱིས་རློབ་ཅིང་དབང་བསྐུར་བར་སྒོམས་ཤིག །བཅོམ་ལྡན་འདས་དྲུག་པ་རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ། མཁའ་


CMR008_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བདུད་འདུལ་མ། གུ་རུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ཉང་བན་ཏིང་འཛིན་བཟང་པོ། སྔགས་འཆང་ཧཱུྃ་ནག་མེ་འབར་ལ་སོགས་པ་བརྒྱུད་པའི་བླ་མ་རྣམས་དང་། མ་ཡེ་ཤེས་ཀྱི་མཁའ་འགྲོ་སེང་གེའི་གདོང་པ་ཅན། སྟག་གི་གདོང་པ་ཅན། དོམ་གྱི་གདོང་པ་ཅན། རིགས་བཞིའི་མཁའ་འགྲོ་སེང་གེའི་གདོང་ཅན། ཕྲ་མེན་སེང་གདོང་བཅུ་བཞི་རི་རབ་སུམ་ཅུ་སོ་གཉིས་ཀྱི་གྲངས་དང་མཉམ་པའི་མཁའ་འགྲོ་མ་རྣམས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། བྱད་ཁ་ཕུར་ཁ་ཟོར་ཁ་གཏད་མནན་རླུང་འཁོར་ཕྲ་མེན་ངག་མནན་སོལ་ནག་བན་བྱེད་བོན་བྱད་དམོད་བྱེད་ཐམས་ཅད་ཕྱིར་བཟློག་པ་དང་བསྲུང་བར་མཛད་དུ་གསོལ། བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བར་མཛད་དུ་གསོལ། ཨོ་ཨཱཧཱུཾ་ཌཱ་ཀི་སིཾ་ཧ་མུ་ཁ་ཀཱ་ཡ་ཝཱཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཁྱེད་རང་རྣམས་ཀྱིས་མེ་ཏོག་གི་ཕྲེང་བ་ཞིག་ཕུལ་བའི་མོས་པས་རྗེས་ཟློས་མཛོད། ལྷ་མོ་བདག་གིས་བཟུང་ལགས་ཀྱིས༔ བདག་ལ་འགོ་བར་མཛད་དུ་གསོལ༔ ལན་གསུམ། ད་མདུན་བསྐྱེད་དང་སློབ་དཔོན་ཐ་མི་དད་པའི་ཐུགས་ཀ་ནས་སྔགས་ཕྲེང་འཕྲོས། ལུས་ལ་སྔགས་ཀྱི་


CMR008_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

གོ་ཆར་གྱུར་ཏེ། སྤྱི་བོར་ཨཿཀཿ མགྲིན་པར་སཿམཿ སྙིང་གར་རཿཙཿ ལྟེ་བར་ཤད༔དཿ གསང་གནས་སུ་རསཿ བརླ་གཉིས་ལ་མཿརཿཡཿཕཊ༔ དེ་རྣམས་ལས་འོད་ཟེར་དང་མཚོན་ཆ་འཁྲུགས་ཏེ་ཆད་པས་བར་ཆད་ཐམས་ཅད་རྡུལ་ཕྲན་བཞིན་དུ་སོང་བར་བསྒོམས་ལ། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ རྗེས་ཟློས་ལན་གསུམ་བྱ། རྡོ་རྗེ་མེ་ཏོག་མགོར་བཞག་ལ། ལྷ་མོ་འདི་ལ་སྩལ་ལགས་ཀྱིས༔ འདི་ལ་འགོ་བར་མཛད་དུ་གསོལ༔ སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་མེ་ཏོག་འཐོར་ཞིང་། དེས་སེང་གདོང་མའི་དབང་ལེགས་པར་གྲུབ་པ་ཡིན་པས། འདི་ཉིད་ཡི་དམ་དུ་བཟུང་བའི་མོས་པས་རྗེས་ཟློས་མཛོད༔ གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །གཏང་རག་གི་མཎྜལ་ཕུལ། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །གུ་རུ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་པ་འདི་ནི་ཆོས་འདིའི་བཀའ་བབ་བླ་མ་རིན་པོ་ཆེ་བསྟན་


CMR008_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

པ་དར་རྒྱས་ཀྱི་དབོན་པོ་བླ་མ་ཨོ་རྒྱན་བློ་གྲོས་ཀྱིས་སྔ་ཕྱིར་ཡང་ཡང་བསྐུལ་བ་ལ་བརྟེན་ནས་འཇའ་ཚོན་པ་ཉིད་ཀྱིས་མཛད་པའི་རྒྱ་ནག་སྤྲུལ་སྐུའི་ཞུས་ལེན་ཡང་འགྲེལ་སྙིང་པོ་གསལ་བྱེད་ལས་གསུངས་པ་བཞིན། ཨ་རཱ་གས་བསྒྲིགས་པ་ལས་བྱད་ཟློག་སྲུང་ཟློག་སོགས་ཀྱི་ཟིན་བྲིས་ལོགས་སུ་གསལ། འདི་གཉན་པས་མང་དུ་སྤེལ་མི་རུང་བའི་ལྟས་བྱུང་བས་དམ་པར་བྱ། འདི་བྲིས་ཉེས་འགལ་མཁའ་འགྲོའི་ཚོགས་ལ་བཤགས། །དགེ་བས་བསྟན་འཛིན་སྐུ་ཚེ་བརྟན་གྱུར་ཅིག །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས༔ དྲག་པོའི་ཟོར་ཟློག་བཅའ་ཐབས་ཀྱི་ཟིན་བྲིས་རབ་ཏུ་གསལ་བ།


CMR008_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས༔ དྲག་པོའི་ཟོར་ཟློག་བཅའ་ཐབས་ཀྱི་ཟིན་བྲིས་རབ་ཏུ་གསལ་བ་བཞུགས་སོ།།


CMR008_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་པདྨ་ཀྲོ་དྷ་ན་མ་ཡེ༔ པདྨ་འོད་འབར་གྱི་བསྙེན་པ་ཐེམ་པའི་རྣལ་འབྱོར་པས༔ དྲག་པོའི་ཟོར་ཟློག་བྱེད་པར་འདོད་ན༔ དང་པོ་ཕུགས་གཏོར་ཆ་ཚང་བཅའ༔ སྔར་ནས་བཅས་པ་ཡོད་ན་དེས་ཆོག༔ དེ་ནས་ཟངས་ལྕགས་ཀྱི་སྣོད་ཆེན་པོའམ༔ ཐོད་པའི་སྣོད་དུ་དམར་གཏོར་གྲུ་གང་ལ༔ མཐོ་གང་ལས་མི་ཆུང་བ་བཞི་ཡིས་བསྐོར་ཏེ༔ འཁོར་ཁྲོ་བོ་དང་༔ ཁྲོ་མོ་དང་༔ ཁྱུང་དང་༔ སྡིག་པ་བཞི་ཡིན་ནོ༔ གཙོ་བོ་ལ་རྩང་ཉེར་གཅིག་གམ་བདུན་བཙུགས༔ འཁོར་བཞི་ལ་གསུམ་རེའམ་རེ་རེ་བཙུགས༔ ཡང་ལྕགས་སྡེར་རམ་ཐོད་སྣོད་དུ་སེང་གདོང་མའི་གཏོར་མ་དམར་གཏོར་གུར་དྲག་དེ་ལས་སོར་བཞི་བས་ཆུང་བ་གཅིག་ལ༔ འཁོར་མཁའ་འགྲོ་སྡེ་བཞི་དམར་གཏོར་ཆུང་བ་བཞིས་བསྐོར༔ རྩང་བཙུགས་ལུགས་


CMR008_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོ་དང་འདྲ༔ དེ་གཉིས་ཀའི་དམར་གཏོར་གྱི་ལོགས་གསུམ་དུ་ལིངྒ་མགོ་ཐུར་དུ་བསྟན་པ་གསུམ་བཙུགས༔ ཤ་དང་ཁྲག་གིས་བརྒྱན༔ རྩེ་ལ་མར་གྱི་མེ་རི་རེ་རེ་བཏགས༔ ཡོད་ན་ཙཀྲི་བཙུགས༔ ཡང་ཁ་གཅིག་ཏུ་བཅའ་ན་ཡབ་ཡུམ་གཉིས་དབུས་སུ་བཞག༔ འཁོར་བརྒྱད་ཀྱིས་བསྐོར༔ མཐར་རྩང་བཙུགས༔ རྒྱུན་དུ་གསོ་བའི་ཟན་ལིང་ཆུང་ངུ་དང་༔ གཏོར་ཆུང་ཁྲག་བྱུག་པ་ཤ་དུམ་དང་བཅས་པ་མང་དུ་བཅ༔ ཚོགས་དང་གཏོར་འབུལ་དཀར་གཏོར་ལྷ་བཤོས་མང་བ་བཅ༔ མཆོད་པ་རྣམ་ལྔ་སྤྱི་ལྟར་བཤམས༔ གཏོར་ཟློག་གཉིས་བྱས་ན་བསྒྲིགས་ནས་བཞག༔ རང་གི་མདུན་དུ་གཡས་སུ་དྲག་པོ་དང་༔ གཡོན་དུ་སེང་གདོང་མའོ༔ དེ་ནས་དང་པོ་པདྨ་འོད་འབར་ཚར་གཅིག་འདོན༔ བསྙེན་པ་བཛྲ་གུ་རུ་ཕྲེང་སྐོར་འདོན་ཚེ༔


CMR008_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

རང་པདྨ་འོད་འབར་ཐུགས་ཀར་པདྨ་དཀར་པོ་དང་ཟླ་བའི་གདན་ལ་ཡི་གེ་ཧཱི༔དཀར་པོའི་མཐར་བཛྲ་གུ་རུ་གཡས་སུ་འཁོར་བས༔ དེ་ལས་འོད་ཟེར་འཕྲོས་པས་ལྷོ་ནུབ་རྔ་ཡབ་གླིང་དུ་ཨོ་རྒྱན་རིན་པོ་ཆེ་བཞུགས་པའི་ཐུགས་ཀར་ཕོག་པ་དང་༔ ཨོ་རྒྱན་དེའི་ཐུགས་ཀ་ནས་པདྨ་འོད་འབར་གྲངས་མེད་པ་ཆར་དང་ན་བུན་བཞིན་དུ་བྱོན་ནས༔ རང་ལ་རྒྱུན་ཆད་མེད་པར་ཐིམ་པར་བསྒོམ༔ དེ་ནས༔ ༀ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོ་ཤཱནྟི་ཀུ་རུ་སྭཱ་ཧཱ༔ འདི་ཕྲེང་སྐོར་གཅིག་འདོན་ཚེ༔ རང་གི་ཐུགས་ཀ་ནས་འོད་ཟེར་དཀར་པོ་ཟླ་བའི་འོད་ལྟ་བུ་འཕྲོས་ནས་རང་དང་བསྲུང་བྱ་མི་ནོར་ཐམས་ཅད་ཀྱི་ནད་གདོན་བར་ཆད་ཐམས་ཅད་སང་སང་དག་པར་བསྒོམ༔ དེ་ནས། ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ནད་གདོན་སྡིག་སྒྲིབ་བག་ཆགས་ངན༔ སྡང་དགྲ་གནོད་བྱེད་གདུག་པའི་དབལ༔ རྣོ་བའི་མཚོན་དང་སྦྱོར་བའི་དུག༔ སྟོང་ཕྲག་བརྒྱད་ཅུའི་བགེགས་ཚོགས་དང་༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་དང་༔ རྨིས་ལྟས་མཚན་ངན་ཐམས་ཅད་ཀུན༔ མྱུར་བ་ཉིད་དུ་ཞི་གྱུར་ཅིག༔ ཨོ་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ཚར་ཉེར་གཅིག་འདོན༔ ༈ དེ་ནས་དྲག་པོ་ནི༔ རང་ཉིད་པདྨ་འོད་འབར་སྐད་ཅིག་ལ་ཐུགས་ཁྲོས་ནས་གུ་རུ་དྲག་པོའི་སྐུར་གྱུར་ཏེ༔ སྐུ་མདོག་དམར་ནག་ཕྱག་གཡས་གསེར་གྱི་རྡོ་རྗེ་ཕྱར་ཞིང་༔ གཡོན་པས་


CMR008_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཀྱི་སྡིག་པ་འཛིན་པ༔ ཁྲོ་བོའི་ཆ་ལུགས་ཐམས་ཅད་དང་ལྡན་ཞིང་༔ མེ་འབར་བའི་ཀློང་ན་བཞུགས་པའི་ཐུགས་ཀར་ཧཱུྃ་དམར་པོ་ལ་སྔགས་ཀྱི་ཕྲེང་བ་།གཡས་སུ་འཁོར་བར་གྱུར༔ ཨོཾ་ཨཱ༔ཧཱུྃ༔ ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཅེས་ཕྲེང་སྐོར་བཞི་འདོན་ཚེ་རང་གི་སྤྱི་གཙུག་ཏུ་པདྨ་འོད་འབར་ཆུང་ངུ་ཞིག་དབུ་རྒྱན་གྱི་ཚུལ་དུ་བཞུགས་ཤིང་༔ རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཟངས་མདོག་དཔལ་གྱི་རི་བོར་ཨོ་རྒྱན་གྱི་ཐུགས་ཀར་ཕོག་པས༔ ཐུགས་ཀ་ནས་སྤྲུལ་པའི་གུ་རུ་དྲག་པོ་ཞལ་གཅིག་ཕྱག་གཉིས་པ་མང་པོ་བྱོན་ནས་རང་ལ་ཐིམ་པར་བསམ༔ ༈ དེ་ནས་ལིངྒ་དང་གཏོར་ཆུང་གིས་དྲག་པོའི་གཏོར་ཆེན་གསོ་བྲན་བྱས་ལ༔ སྨན་དང་རཀྟས་བྲན་ལ༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ་གྱི་བདེན་པས༔ བདག་ཅག་དཔོན་སློབ་བསྲུང་བྱ་མི་ནོར་འཁོར་དང་བཅས་པ་ལ༔ གནོད་ཅིང་འཚེ་བར་བྱེད་པའི་གཟུགས་ཅན་གྱི་དགྲ༔ གཟུགས་མེད་ཀྱི་བགེགས༔ བྱད་ཁ་སྟོན་པའི་བྱད་མ༔ ཚེ་དང་བསོད་ནམས་ལ་བར་དུ་གཅོད་པ༔ ཁ་རྗེ་དབང་ཐང་ལ་བར་དུ་གཅོད་པ་ཐམས་ཅད༔ གཟུགས་ལིངྒ་དང་གཏོར་མ་འདི་ཡི་ནང་དུ་ཁུག་ཅིག༔ ཛཧཱུྃ་བཾ་ཧོ༔ ལན་གསུམ་བརྗོད༔ གཏོར་མ་དགྲ་བགེགས་ཀྱི་ཤ་ཁྲག་བདུད་


CMR008_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

རྩིའི་རྒྱ་མཚོ་ཆེན་པོར་གྱུར༔ ཨོཾ་ཨཱཧཱུྃ༔ རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ ལྷོ་ནུབ་སྲིན་པོའི་ཡུལ་དུ་ཨོ་རྒྱན་པདྨ་འོད་འབར་གྱི་ཐུགས་ཀར་ཕོག་པས༔ སྐད་ཅིག་ལ་གུ་རུ་དྲག་པོའི་སྐུར་གྱུར་ནས༔ འཁོར་ཁྲོ་བོ་དང་ཁྲོ་མོ་དམག་དཔུང་ཆེན་པོ་དང་བཅས་པས་འུར་འུར་ཆེམ་ཆེམ་མདུན་དུ་བྱོན་ནས༔ གཏོར་མ་དགྲ་བགེགས་ཀྱི་ཤ་ཁྲག་ཧབ་ཧབ་གསོལ་བར་གྱུར༔ ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་༔ སོགས་ནས། རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བར་འདོན། གུ་རུ་དྲག་པོའི་ཟོར་ཟློག་ནི༔ ཧཱུྃ༔ དབང་དྲག་འབར་བ་དྲག་པོ་ཐོད་ཕྲེང་རྩལ༔ སྐུ་མདོག་དམར་ནག་དུས་མཐའི་མེ་ལྟར་འབར༔ འཁོར་འདས་དགྲ་ལྡང་གནོད་པ་བཟློག་ཏུ་གསོལ༔ དམར་ལ་ཟླུམ་པའི་སྤྱན་གསུམ་ཕྱོགས་བཅུར་གཟིགས༔ དུག་གསུམ་མི་དགེ་བཅུ་རྣམས་བཟློག་ཏུ་གསོལ༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན་པ་ཡིས་དུག་ལྔ་ལས་གྱུར་ནད་གདོན་བཟློག་ཏུ་གསོལ༔ དབུ་སྐྲ་རལ་པས་ནམ་མཁར་ཁྱབ་པ་ཡིས༔ སྟེང་གདོན་གཟའ་སྐར་ལྷ་གདོན་བཟློག་ཏུ་གསོལ༔ ཤངས་ནས་རླུང་ནག་འབྲུག་སྒྲ་སྒྲོག་པ་ཡིས༔ ཐོག་སེར་ལོ་ཉེས་མུ་


CMR008_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

གེ་བཟློག་ཏུ་གསོལ༔ ཞལ་གདངས་ལྗགས་འདྲིལ་མཆེ་བཞི་གཙིགས་པ་ཡིས༔ ཟ་འདྲེ་བདུད་བཞིའི་གནོད་པ་བཟློག་ཏུ་གསོལ༔ ཕྱག་གཡས་གསེར་གྱི་རྡོ་རྗེ་ཕྱར་བ་ཡིས༔ མཐའ་དམག་དུས་འཁྲུག་རོ་ལངས་བཟློག་ཏུ་གསོལ༔ གཡོན་པས་སྤྲུལ་པའི་སྡིག་རྒོད་འགྱེད་པ་ཡིས༔ རྒྱལ་འགོང་དམ་སྲིའི་སྨྱོ་འདྲེ་བཟློག་ཏུ་གསོལཿ་སྦྲུལ་རིགས་ལྔ་ཡིས་དབུ་ལ་བརྒྱན་པ་ཡིས༔ ཀླུ་རིགས་ལྔ་ཡི་གནོད་པ་བཟློག་ཏུ་གསོལ༔ མི་མགོ་རློན་པས་དོ་ཤལ་བྱས་པ་ཡིས༔ འཆི་བདག་གཤིན་རྗེའི་ཕོ་ཉ་བཟློག་ཏུ་གསོལ༔ གླང་ཆེན་ཀོ་རློན་སྟོད་གཡོགས་བྱས་པ་ཡིས༔ བགེགས་དང་བདུད་ཀྱི་སྟོབས་ནུས་བཟློག་ཏུ་གསོལ༔ ཞབ་གཉིས་བརྐྱངས་བསྐུམ་དྲེགས་པ་མནན་པ་ཡིས༔ སྲིད་དང་ཞི་བའི་མཐའ་གཉིས་བཟློག་ཏུ་གསོལ༔ སྟག་གི་པགས་པས་སྨད་དཀྲིས་བྱས་པ་ཡི༔ ཤ་ཟ་སྡེ་བརྒྱད་གནོད་པ་བཟློག་ཏུ་གསོལ༔ རུས་པའི་རྒྱན་དྲུག་སྐུ་ལ་གསོལ་བ་ཡིས༔ དུར་སྲི་དུར་འདྲེའི་ཟ་ཁ་བཟློག་ཏུ་གསོལ༔ སྐུ་ལ་ཁྲོ་ཆུང་ཚྭ་ཚྭ་འཕྲོ་བ་ཡིས༔ ཁྲོ་བོ་ཁྲོ་མོས་བཀའ་ཆད་བཟློག་ཏུ་གསོལ༔ བསྐལ་པའི་མེ་དཔུང་ཀློང་ན་བཞུགས་པ་ཡིས༔ མ་རིག་


CMR008_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བའི་སྡུག་བསྔལ་བཟློག་ཏུ་གསོལ༔ མཁའ་འགྲོ་མ་ཚོགས་རོལ་དུ་ཁྲིད་པ་ཡིས༔ ཡེ་ཤེས་འཇིག་རྟེན་སུན་མ་བཟློག་ཏུ་གསོལ༔་མེ་དབལ་ཁྲོ་ཚོགས་གཡས་ན་ཧཱུཾ་སྒྲ་ཡིས༔ སྲིད་པ་ཕོ་རྒྱུད་གནོད་པ་བཟློག་ཏུ་གསོལ། མཁའ་འགྲོ་མ་ཚོགས་གཡོན་ན་ཕཊ་སྒྲ་ཡིས༔ སྲིད་པ་མོ་རྒྱུད་གནོད་པ་བཟློག་ཏུ་གསོལ༔ ཡེ་ཤེས་ཁྱུང་ཆེན་ནམ་མཁར་ལྡིང་བ་ཡིས༔ ཀླུ་གཉན་ས་བདག་གནོད་པ་བཟློག་ཏུ་གསོལ༔ ཕྱོགས་མཚམས་སྤྲུལ་པའི་ལྕགས་སྡིག་ཤིག་ཤིག་ཟིང་༔ འབྱུང་པོ་དམ་སྲི་འགོང་པོ་བཟློག་ཏུ་གསོལ༔ སྡེ་བརྒྱད་དམག་དཔུང་བྲན་དུ་བཀོལ་བ་ཡིས༔ དགྲ་སྣ་དམག་སྣ་ཇག་རྐུན་བཟློག་ཏུ་གསོལ༔ བྷྱོ༔ མདོས་ཟོར་ཤ་ཁྲག་གཏོར་མ་འདིས༔ ད་ལྟ་རྣལ་འབྱོར་བདག་ཅག་ལ༔ སྡེ་བརྒྱད་ཆད་པ་བྱུང་བ་ཟློག༔་བྱད་ཟོར་ཕུར་ཁ་ཐམས་ཅད་ཟློག༔ བརྗེའི་སྔགས་ཟོར་འདུས་པ་ཟློག༔ མུ་སྟེགས་བོན་པོའི་ཛོ་དམར་ཟློག༔ ལྷ་འདྲེའི་ཟ་ཁ་ཟུག་པ་ཟློག༔ རྒྱལ་པོ་ལོ་ཡི་བདུན་ཟུར་ཟློག༔ བློན་པོ་ཟླ་བའི་དབང་བཙན་ཟློག༔ དམག་མའི་ཞག་གི་དཔུང་དགྲ་ཟློག༔ མཚོན་ཆ་དུས་ཀྱི་རྣོ་ངར་ཟློག༔ སྤར་ཁའི་སྐྱ་མདའ་ཟུག་པ་ཟློག༔


CMR008_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

སྨེ་བ་དུར་དུ་ཚུད་པ་ཟློག༔ ས་བདག་ཀོ་ལོང་གདུག་རྩུབ་ཟློག༔ འབྱུང་བའི་དགྲ་གཤེད་འཐབ་པ་ཟློག༔ གཟའ་སྐར་དུས་ཚོད་ངན་པ་ཟློག༔ ལོ་ཟླ་ཞིག་དུས་བབ་པ་ཟློག༔ ཁྲམ་དང་བྱད་དུ་བཅུག་པ་ཟློག༔ ཧོམ་དང་པར་བུ་བསྐོར་བ་ཟློག༔ དགྲ་ཆག་བདུད་དུ་ལང་པ་ཟློག༔ ལྟས་ངན་གློ་བུར་ཡེ་འདྲོགས་ཟློག༔ དུས་མིན་འཆི་བ་རྣམ་བརྒྱད་ཟློག །མི་ཁ་བྲ་མཆུ་ཐམས་ཅད་ཟློག༔ ཆག་ཆེན་ཉམ་ང་ཐམས་ཅད་ཟློག༔ སྔོན་བསྒུག་ཕྱི་ནས་དེད་པ་ཟློག༔ དགྲ་སྣ་ཕུང་སྣ་གྱོད་སྣ་ཟློག༔ ནད་སྣ་ཡམས་སྣ་རིམས་སྣ་ཟློག༔ དགྲ་སྲི་རྨི་ངན་ཐམས་ཅད་ཟློག༔ ཆེ་སྲི་ཆུང་སྲི་རྒན་སྲི་ཟློག༔ གཞོན་སྲི་དར་སྲི་གོད་སྲི་ཟློག༔ དགྲ་སྲི་མཚོན་སྲི་ནད་སྲི་ཟློག༔ མདོར་ན་སྲིད་པའི་ཆག་སྒོ་དང་༔ བདག་ལ་གནོད་པའི་དགྲ་འདྲེ་རྣམས༔ སྡང་བྱེད་དགྲ་ཡི་སྟེང་དུ་ཟློག༔ གནོད་བྱེད་བགེགས་ཀྱི་སྟེང་དུ་བྷྱོ༔ བར་ཆད་བདུད་ཀྱི་སྟེང་དུ་བྷྱོ༔ ཟ་འདྲེ་ཕུང་འདྲེའི་སྟེང་བྷྱོ༔ དམ་ཉམས་བྱད་མའི་སྟེང་དུ་བྷྱོ༔ ཧཱུྃ༔ དམར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ ལས་ཀྱི་དབང་དྲག་སྲིན་པོའི་གཟུགས་ཅན་ནི༔ སྐུ་ལ་མེ་འོད་


CMR008_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་ཆ་ཡ་ལ་ལ༔ ཁྲོ་ཚོགས་རབ་འཇིགས་གཡས་ན་ཧཱུཾ་སྒྲ་ལྡིར༔ མཁའ་འགྲོ་རབ་འཇིགས་གཡོན་ན་ཕཊ་སྒྲ་སྒྲོག༔ ཕྱོགས་དང་ཕྱོགས་མཚམས་ལྕགས་སྡིག་ཤིག་ཤིག་ཟིང་ལྷ་སྲིན་སྡེ་བརྒྱད་བྲན་དང་རོལ་དུ་ཁྲིད༔ གནོད་བྱེད་མ་ལུས་ཧབ་ཧབ་ཟས་སུ་ཟ༔ ཧོར་སོགས་འཇིགས་པའི་དམག་དཔུང་བཟློག་ཏུ་གསོལ༔ རང་རང་གནས་སུ་བྱང་ཆུབ་སྒྲུབ་པ་ལ༔ ཕྲིན་ལས་དུས་ལ་བབ་བོ་ས་མ་ཡཱ༔ འདོན༔ མདུན་དུ་གུ་རུ་དྲག་པོའི་སྐུ་ལས་མེ་དཔུང་དང་མཚོན་ཆའི་ཚོགས་འཕྲོས༔ གནོད་བྱེད་ཐམས་ཅད་བསྲེག་ཅིང་གཏུབ་གཡས་ན་ཁྲོ་བོའི་དམག་ཚོགས༔ གཡོན་ན་ཁྲོ་མོའི་དམག་ཚོགས༔ རྒྱབ་ན་ལྷ་སྲིན་གྱི་དམག་ཚོགས༔ སྟེང་ན་ཁྱུང་གི་དམག་ཚོགས༔ འོག་གི་ས་གཞི་ཐམས་ཅད་ལྕགས་སྡིག་གི་དམག་ཚོགས་ཀྱིས་གང་ནས་རང་དང་བསྲུང་བྱ་ལ་གནོད་པའི་དགྲ་བགེགས་ཐམས་ཅད་ཧབ་ཧབ་ཟོས་ནས་རྗེས་མེད་དུ་སོང་བར་གྱུར༔ ཅེས་བསྒོམས་ལ༔ ཨོཾ་ཨཱཿཧཱུྃ༔ ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཅེས་དང་ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་བྷྱོ་བྷྱོ་ཟློག་ཟློག་བྷྱོ་བཟློག་ཅིག༔ ཅེས་ཕྲེང་སྐོར་ཅིག་འདོན་ཐལ་མོ་ལན་གསུམ་བརྡབ་བོ༔ ཁྱི་དང་


CMR008_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ལི་ལི་བནྡྷེ་བུད་མེད་བརྡུང་བ་དང་༔ གོ་གྱོན་མཚོན་དང་མཁར་བཙན་བཟུང་བ་དང་༔ སེར་བ་ཟློག་པ་རང་དངོས་སུ་དཔའ་སེམས་བསྐྱེད་པ་བྱུང་ན་བར་ཆད་ཟློག་པའི་རྟགས་སོ༔ དེ་ལྟར་དྲག་པོ་ཚར་ནས༔ རང་ཉིད་གུ་རུ་དྲག་པོ་སྐད་ཅིག་ལ་གནས་འགྱུར་ནས༔ མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་སྐུ་མདོག་མཐིང་ནག་གྲི་གུག་དང་ཐོ་ཁྲག་འཛིན་ཅིང་གར་བྱེད་པ༔ ཡབ་གུ་རུ་དྲག་པོའི་ངོ་བོ་ཁཊཾ་ག་ལ་འཁྱུད་པ༔ སྤྱི་གཙུག་ན་གུ་རུ་པདྨ་འོད་འབར་སོར་བཞི་ཙམ་ཞིག་གིས་དབུ་བརྒྱན་པ༔ ཐུགས་ཀར་ཧཱུཾ་མཐིང་ནག་གི་མཐར་སྔགས་ཕྲེང་གཡོན་དུ་འཁོར་བ་ལས་འོད་ཟེར་འཕྲོས་པས་ནུབ་ཕྱོགས་ཨོ་རྒྱན་གྱི་གནས་ནས་སེང་གདོང་མ་ཁ་བ་བུ་ཡུག་ལྟར་བྱོན་ནས་རང་ལ་ཐིམ་པར་གྱུར༔ ཨཀཿསཿམརཿཙཤདརསམརཿཡཕཊ༔ ཕྲེང་སྐོར་བཞི་འདོན༔ དེ་ནས་སེང་གདོང་མའི་གཏོར་ཆེན་ལིང་ག་དང་གཏོར་ཆུང་གིས་གསོ་བྲན་བྱས་ལ༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ་གྱི་བདེན་པས༔ བདག་ཅག་དཔོན་སློབ་བསྲུང་བྱ་མི་ནོར་འཁོར་དང་བཅས་པ་ལ༔ གནོད་ཅིང་འཚེ་བར་བྱེད་པའི་གཟུགས་ཅན་གྱི་དགྲ༔ གཟུགས་མེད་ཀྱི་བགེགས༔ བྱད་ཁ་སྟོན་པའི་བྱད་མ༔ ཚེ་དང་བསོད་ནམས་ལ་བར་དུ་


CMR008_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་པ༔ ཁ་རྗེ་དབང་ཐང་ལ་བར་དུ་གཅོད་པ་ཐམས་ཅད༔ གཟུགས་ལིངྒ་དང་གཏོར་མ་འདི་ཡི་ནང་དུ་ཁུག་ཅིག༔ ཛཧཱུྃ་བཾ་ཧོ༔ ལན་གསུམ། གཏོར་མ་དགྲ་བགེགས་ཀྱི་ཤ་ཁྲག་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ༔ རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ ནུབ་ཕྱོགས་ཨོ་རྒྱན་གྱི་གནས་ནས་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན༔ འཁོར་སྐུ་སྤྲུལ་སེང་གདོང་མ༔ གསུང་སྤྲུལ་སྟག་གདོང་མ༔ ཐུགས་སྤྲུལ་དོམ་གདོང་མ༔ ཡོན་ཏན་སྤྲུལ་པ་མ་མོ་འབུམ་སྡེ༔ ཕྲིན་ལས་སྤྲུལ་པ་སྤྱང་གདོང་ལྗང་མོ༔ ཡང་སྤྲུལ་མཁའ་འགྲོ་བྱེ་བ་ས་ཡ་དང་བཅས་པ་འུར་འུར་ཆེམ་ཆེམ་བྱོན་ནས༔ གཏོར་མ་དགྲ་བགེགས་ཀྱི་ཤ་ཁྲག་བདུད་རྩིའི་རྒྱ་མཚོ་ཆེན་པོ་ཧབ་ཧབ་གསོལ་བར་གྱུར༔ དེ་ནས། ཧཱུྃ་མ་སྐྱེས་རྫོགས་པ་ཆོས་ཀྱི་དབྱིངས་ཉིད་ལས༔ ཞེས་པ་ནས༔ བ་ལིཾ་ཏ་ཁཱ་ཧི༔ བར་འདོན། སེང་གདོང་མའི་ཟོར་ཟློག་ནི༔ ཧཱུཾ་བྷྱོ༔ དབང་བྲག་འབར་བའི་ཡུམ་གཅིག་སེང་གདོང་མ༔ སྐུ་མདོག་མཐིང་ནག་ཆོས་ཉིད་འགྱུར་བ་མེད༔ ལས་ངན་འཁོར་བའི་བག་ཆགས་བཟློག་ཏུ་གསོལ༔ སེང་གེའི་ཞལ་གདངས་ངར་སྒྲ་སྒྲོག་པ་ཡིས༔ བོན་དང་མུ་སྟེགས་ཚོགས་


CMR008_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བཟློག་ཏུ་གསོལ༔ ལོངས་སྤྱོད་རྫོགས་སྐུའི་ཆས་རྣམས་རྫོགས་པ་ཡིས༔ མུ་སྟེགས་ལྟོག་འགོང་དབུལ་སྲི་བཟློག་ཏུ་གསོལ༔ ཕྱག་གཡས་གྲི་གུག་ནམ་མཁར་ཕྱར་བ་ཡིས༔ ལས་བྱེད་སྲོག་གཅོད་དབུགས་ལེན་བཟློག་ཏུ་གསོལ༔ གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས་པ་ཡིས༔ མ་མོའི་ཁྲག་ནད་དལ་ཡམས་བཟློག་ཏུ་གསོལ༔ ཁ་ཊཾ་རྩེ་གསུམ་མཆན་དུ་བཅུག་པ་ཡིས༔ དུག་གསུམ་ནད་གསུམ་གདོན་གསུམ་བཟློག་ཏུ་གསོལ༔ རུས་རྒྱན་མེ་ལོང་དྲིལ་བུ་གཡེལ་ཁ་ཡིས༔ དཔའ་བོ་ཌཱ་ཀིའི་སུན་མ་བཟློག་ཏུ་གསོལ༔ ཡེ་ཤེས་མེ་དཔུང་སྐུ་ལ་འབར་བ་ཡིས༔ གཟུང་འཛིན་གྲིབ་དང་མི་གཙང་བཟློག་ཏུ་གསོལ༔ གར་ཐབས་པད་ཉི་རོ་སྟེང་འགྱིང་བ་ཡིས༔ སྣང་ཞིང་སྲིད་པའི་གདོན་ཚོགས་བཟློག་ཏུ་གསོལ༔ སྐུ་སྤྲུལ་མཁའ་འགྲོ་སེང་གདོང་དཀར་མོ་ཡིས༔ བནྡེའི་བྱད་ཁ་དྲོད་གཏོང་བཟློག་ཏུ་གསོལ༔ གསུང་སྤྲུལ་དམར་མོ་སྟག་གི་གདོང་ཅན་གྱིས༔ བན་བོན་ངན་སྔགས་བྱད་ཁ་བཟློག་ཏུ་གསོལ༔ ཐུགས་སྤྲུལ་ལྗང་མོ་དོམ་གྱི་གདོང་ཅན་གྱིས༔ མུ་སྟེགས་ངན་པའི་སྦྱོར་ངན་བཟློག་ཏུ་གསོལ༔ ཡོན་ཏན་སྤྲུལ་པ་


CMR008_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

མ་མོ་འབུམ་ཕྲག་གིས༔ མ་མོའི་དལ་ཁ་རིམས་ནད་བཟློག་ཏུ་གསོལ༔ ཕྲིན་ལས་སྤྲུལ་པ་སྤྱང་གདོང་ལྗང་མོ་ཡིས༔ གཏད་སེལ་ཕྲ་མེན་རླུང་འཁོར་བཟློག་ཏུ་གསོལ༔ ཡང་སྤྲུལ་ཕོ་ཉ་རི་རབ་རྡུལ་མཉམ་གྲངས༔ དགྲ་འདྲེས་ལྟས་ངན་ཡེ་འདྲོགས་བཟློག་ཏུ་གསོལ༔ སྔགས་ལན་གསུམ་བརྗོད༔ ཧཱུྃ༔ མཁའ་འགྲོ་སེང་གེའི་གདོང་ཅན་འཁོར་བཅས་ཀྱིས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ བདག་ཅག་འཁོར་དང་བཅས་ལ་གནོད་པ་ཡི༔ སྲིད་པའི་ཁྲམ་ཁ་ཐམས་ཅད་དགྲ་ལ་བསྒྱུར༔ ལྷ་འདྲེའི་དམག་ཚོགས་མ་ལུས་དགྲ་ལ་དྲོངས༔ ཕ་རོལ་བསམ་སྦྱོར་ངན་པའི་ལས་བརྩམས་པ་བྱད་ཁ་ཕུར་ཁ་དྲོད་གཏོང་དྲག་པོ་དང་༔ མཚེ་ཟོར་ཅད་འདྲེ་ཡུངས་ཟོར་འཕེན་པ་ཟློག༔ ས་བདག་ཀླུ་ཡིས་བྱེད་དུ་བཅུག་པ་དང་༔ ཐེའུ་རང་འགོང་པོའི་སྲིས་རྐུན་ཐམས་ཅད་ཟློག༔ གཤིན་རྗེའི་འཁོར་ལོ་བདུད་ཀྱིས་ཁྲམ་འདེབས་དང་༔ མུ་སྟེགས་ངན་པས་བར་ཆད་བྱེད་པ་ཟློག༔ རྒྱལ་བསེན་རྣམས་ཀྱིས་སྨྱོ་འབོག་གཏོང་བ་དང་༔ དྲང་སྲོང་གཟའ་དང་ཀླུ་གདོན་གནོད་པ་ཟློག༔ ཞང་ཞུང་ཛོ་དམར་སུམ་པའི་གླང་ཟོར་དང་༔ བོན་པོ་རྣམས་ཀྱིས་གཏོར་ཟོར་འཕེན་


CMR008_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཟློག༔ བརྗེའི་སྔགས་ཟོར་སྐྱེས་པའི་མདའ་ཟོར་དང་༔ བུད་མེད་རྣམས་ཀྱིས་དམོད་ཟོར་འཕེན་པ་བཟློག༔ བདུད་ཀྱི་ཞགས་པ་གཤིན་རྗེའི་ཁྲམ་ཁ་དང་༔ མཁའ་འགྲོ་རྣམས་ཀྱིས་ཁྲག་ནད་གཏོང་བ་ཟློག༔ བདུད་ཀྱི་གཤེད་བཞི་རོ་ལངས་འབྱུང་པོ་དང་༔ མ་མོ་རྣམས་ཀྱིས་ཁྲག་ཟོར་འཕེན་པ་ཟློག༔ མོ་རྩིས་ངན་དང་རྨི་ལམ་མཚན་མ་ངན༔ ལྟས་ངན་མི་རུང་བརྒྱད་ཅུ་རྩ་གཅིག་ཟློག༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་མ་ལུས་དང་༔ གདོན་རིགས་ཉི་ཁྲི་ཆིག་སྟོང་ཚོགས་རྣམས་ཟློག༔ སྟོང་ཕྲག་བརྒྱད་ཅུའི་བགེགས་ཚོགས་མ་ལུས་དང་༔ ཡེ་འདྲོགས་ཆེན་པོ་སུམ་བརྒྱ་དྲུག་ཅུ་ཟློག༔ གདོན་ཆེན་བཅོ་ལྔ་ལོ་ཟླ་ཞག་དུས་སྐག༔ མི་མཐུན་ཚོགས་རྣམས་དགྲ་བགེགས་སྟེང་དུ་ཟློག༔ དུས་མིན་འཆི་བའི་འཇིགས་པ་བརྒྱད་རྣམས་དང་༔ ལྟས་ངན་ཆོ་འཕྲུལ་དགྲ་བོའི་སྟེང་དུ་ཟློག༔ དེ་ནས། སེང་གདོང་མའི་བསྐུལ་པ་ནི༔ ཧཱུྃ༔ ང་ནི་དབང་དྲག་ཆེ་མཆོག་བདག༔ བྷྱོ༔ བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས༔ ཁྲག་མཚོ་ཁོལ་མའི་དབུས་ནས་བཞེངས༔ སྲུང་མ་འཁོར་དུ་རོལ་ཞིང་འཁྲིད༔ བདག་ལ་བརྣག་པའི་དགྲ་བོ་


CMR008_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

འདིས༔ བླ་མ་དམ་པའི་སྐུ་ལ་བསྡོས༔ སངས་རྒྱས་བསྟན་པའི་རྨང་རྡོ་བཤིག༔ དཀོན་མཆོག་གསུམ་གྱི་དབུ་འཕང་སྨད༔་ཆོས་མཛད་ཡོངས་ལ་བརྙས་སུ་བཅུག༔ དགེ་བ་བཅུ་ཡི་བསོད་ནམས་བཅག༔ མི་དགེ་བཅུ་ནི་དང་དུ་བླངས༔ རྣལ་འབྱོར་བདག་ལ་བསྡོས་སུ་བཙུགས༔ སྔགས་སྲུང་ཁྱེད་ལ་མཐུ་མེད་ཟེར༔ བསྐུལ་ལོ་མཁའ་འགྲོ་ལས་ལ་བསྐུལ༔ འདི་ལ་ཁྱེད་ཀྱི་མཐུ་མེད་ན༔ ཁྲག་འཐུང་ཆེན་པོའི་བཀའ་ཡང་བཅག༔ ཁྱོད་ཀྱང་དམ་ཚིག་ཉམས་པ་སྟེ༔ རྣལ་འབྱོར་ཡི་ཡང་མི་ཆད་དམ༔ རྒྱུ་འབྲས་བདེན་པས་མི་བསླུའམ༔ དགྲ་བོ་ཚེ་ཟད་དུས་ཐེམ་ན༔ ཁྱོད་ཀྱི་མཐུ་རྩལ་ཅི་ཞིག་བྱ༔ གློ་བུར་ཧུར་ཐུམ་དུས་ལ་བབ༔ སྲོག་རྩ་ཆོད་ལ་སྙིང་ཁྲག་འཐུང་༔ ལོ་དང་ཟླ་བར་བཞག་ཐབས་མེད༔ བསད་རྟགས་དོན་སྙིང་ད་ལྟ་ལོངས༔ དུས་ལ་བབ་བོ་ས་མ་ཡ༔ ༈ བདག་དང་མདུན་བསྐྱེད་དང་འཇིག་རྟེན་གྱི་ཁམས་ཐམས་ཅད་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་ཚོགས་ཀྱིས་གང་ནས་སྔགས་ཀྱི་སྒྲ་འབྲུག་སྟོང་གྲག་པ་ཙམ་འུ་རུ་རུ་སྒྲོག་ཅིང་༔ རང་གི་སྣ་བུག་ནས་ལས་ཀྱི་རླུང་དམར་འཚུབ་མ་ཆེན་པོ་འཕྲོས་ཏེ་བདག་ཅག་ལ་གནོད་ཅིང་


CMR008_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

འཚེ་བར་བྱེད་པའི་དགྲ་བགེགས་ཐམས་ཅད་རང་དབང་མེད་པར་སྦྱར་མ་རླུང་གིས་ཁྱེར་བ་ལྟར་བཀུག་ནས༔ རང་སེང་གདོང་མའི་ཕྱག་གཡས་ཟླ་བ་དང་ཕྱག་གཡོན་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་དགྲ་བགེགས་ཐམས་ཅད་སྤུང་ངེ་བཞག་པར་གྱུར༔ དཔལ་ལྡན་རྡོ་རྗེ་ལྷ་མོ་ནི། དྲག་མོ་སེང་གེའི་གདོང་པ་ཅན༔ ཡེ་ཤེས་མེ་ཡི་འོད་ཟེར་འཕྲོ༔ སེང་གེའི་གདོང་ཅན་ལྷ་མོར་འདུད༔ ཨཀཿསཿམཿརཿཙཤདརཿསཿམཿརཿཡཿཕཊ༔ ཅེས་ཕྲེང་སྐོར་གཅིག་ཕྲེང་བ་ཕྱིར་བཅད་ཅིང་བགྲང་༔ མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་ཁྱོད་ཀྱི་རིག་སྔགས་བཟླས་པའི་མཐུ་དང་ནུས་པ་ལ་བརྟེན་ནས་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ༔ སྡང་བར་བྱེད་པའི་དགྲ་གནོད་པར་བྱེད་པའི་བགེགས༔ བར་དུ་གཅོད་པའི་རྐྱེན༔ མདོར་ན་བཀྲ་མི་ཤིས་པའི་ཕྱོགས་རིས་ངན་པ་ཐམས་ཅད་ཕྱིར་བཟློག་པར་གྱུར་ཅིག༔ ལག་པ་གཡས་ཟླ་བའི་དཀྱིལ་འཁོར༔ གཡོན་ཉི་མ༔ ཉི་ཟླ་བརྡབ་པའི་བར་དུ་གནོད་བྱེད་ཐམས་ཅད་དམར་ཆིལ་ཆིལ་སོང་བ༔ འཁོར་མཁའ་འགྲོ་རྣམས་ཀྱིས་ལྷག་མ་མེད་པར་གསོལ་བར་གྱུར༔ ཅེས་བསྒོམས་ལ་ཐལ་མོ་ལན་


CMR008_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བརྡབ་བོ༔ དམིགས་པ་བསྒོམ་ཐུབ་ན་སྔགས་མང་དུ་འདོན་མི་དགོས༔ བཏོན་ཀྱང་རུང་ཁྲོ་མོ་འབར་བའི་ཚོགས་རྣམས་ཀྱིས༔ དགྲ་བགེགས་དག་ནི་ཐམས་ཅད་ཀྱི༔ ལུས་ངག་ཐལ་བ་རྡུལ་དུ་རློགས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ༔ ཁྱོད་ཀྱི་རིག་སྔགས་བཟླས་པའི་མཐུས༔ གནོད་བྱེད་མ་ལུས་ཞི་བ་དང་༔ ཅི་བསམ་ཡིད་བཞིན་འགྲུབ་པ་དང་བཤད་སྒྲུབ་བསྟན་པ་རྒྱས་པར་མཛོད༔ ཅེས་བརྗོད༔ དེ་ནས་མདུན་བསྐྱེད་དྲག་པོ་དང་༔ སེང་གདོང་མ་གཉིས་འབུལ་ཉིན་གཏོར་མའི་རྩེ་ཡི་མར་རྒྱན་དང་དབྱེར་མེད་དུ་བཞུགས་པར་བསྒོམ༔ བདག་བསྐྱེད་ནི༔ བདག་ཉིད་སེང་གདོང་མའི་འཁོར་རྣམས་བདག་ལ་ཐིམ༔ བདག་ཐུགས་ཀའི་ཧཱུཾ་ལ་ཐིམ༔ ཧཱུྃ་ཡང་འཇའ་ལྟར་ཡལ་ནས་སྟོང་ཉིད་ཕྱག་རྒྱ་ཆེན་པོའི་ངང་ལ་གནས་པར་གྱུར༔ ཅེས་སེམས་ངོ་ཡུད་ཙམ་བསྐྱང་༔ དགེ་བ་འདི་ཡིས་མྱུར་དུ་བདག༔ དྲག་པོ་ཡབ་ཡུམ་འགྲུབ་གྱུར་ནས༔ འགྲོ་བ་གཅིག་ཀྱང་མ་ལུས་པ༔ བདུད་བཞིའི་གཡུལ་ལས་རྒྱལ་བར་ཤོག༔ དེ་ཡན་ཐུན་གཅིག་གོ༔ དེ་ལྟ་བུའི་ཐུན་གསུམ་མམ་བཞིའམ༔ ཐུན་དྲུག་ལྟ་བུ་གང་ཐོན་བྱའོ༔ ཡང་པདྨ་འོད་འབར་འདོན༔་དྲག་པོ་སེང་གདོང་མ་རྣམས་སྔར་ལྟར་འོར་ནས་འདོན་པ་ཡིན་ནོ༔ ཚོགས་གཏོར་འབུལ་རྒྱུན་དུ་མ་ཐོན་ཀྱང་༔ དང་པོ་དང་


CMR008_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་ནུབ་བྱེད་དགོས་སོ༔ ཚོགས་གཞུང་ལྟར་ཡིན༔ གཏོར་འབུལ་བྱེད་ན་འོད་འབར་ཆད་བརྟན་གཉིས༔ དམར་གཏོར་གཉིས་འབུལ༔ དཀར་གཏོར་གཅིག་གཞི་བདག་ལ་བསྔོ་བ་སྤྱི་ལྟར་རོ༔ ཐུན་རེ་ལ་མཆོད་པ་རྗེ་མ་ཐུབ་ཀྱང་སྐྱོན་མེད༔ དཀྱིལ་འཁོར་འགྲམ་དུ་བཤམས་ནས་བཞག༔ པདྨ་འོད་འབར་ནམ་བཏོན་བླ་མ་གཏོར་མ་གསོ་བར་བྱའོ༔ འདི་ནི་ཕྱི་སྒྲུབ་འོད་འབར༔ ནང་སྒྲུབ་དྲག་པོ༔ གསང་སྒྲུབ་སེང་གདོང་མ༔ གཏོར་སྒྲུབ་ཡང་ཡིན༔ རྨིས་ལྟས་ལ༔ དམར་གཏོར་བཤིག་པ༔ ཕུར་པ་བཅག་པ༔ སེར་བ་དང་རྦབ་ཟློག་པ༔ མདའ་གཞུ་དང་མཚོན་ཆ་གཏིབས་པ་སོགས་རྨིས་ན་བྱེད་ཁ་ཟློག་པའི་རྟགས་སོ༔ སེམས་ཅན་བསད་པ་དང་བརྡུང་བ་སོགས་རྨིས་ན་དགྲ་གདོན་ཐུལ་རྟགས་ཡིན༔ དེ་ནས་ཞག་གྲངས་ཐེམ་ཉིན༔ སྔ་དྲོ་ཐུན་སྔར་ལྟར་བྱ༔ དེ་ནས་མཁོ་བའི་གཏོར་མ་རྣམས་བཅའ་ལ༔ ཕྱོགས་གང་ཡོད་ངོས་ཕ་ཀི་དེར་དཀར་གཏོར་བཤམས༔་དེ་རྒྱབ་གསེར་སྐྱེམས༔ དེ་རྒྱབ་དམར་གཏོར་གཉིས་བཤམས༔ དེ་ནས༔ ཧཱུྃ་སྤ་ར་ཎ༔ གཏོར་ཆེན་རྩེའི་ལྷ་གཉིས་ནམ་མཁར་བཏེག་ནས་བཞུགས་པར་གྱུར་ཅེས་མར་རྒྱན་དང་ཙཀ་ལི་བླངས་ལ༔ དམར་གཏོར་གཉིས་ཀྱི་རྒྱབ་དེར༔ སེང་གདོང་མའི་གཏོར་ཆེན༔ དེ་རྒྱབ་དྲག་པོའི་གཏོར་ཆེན་བཤམས༔ དེ་ཐམས་ཅད་བྲན་ལ༔ དེ་ནས་དཀར་གཏོར་བསྔོ་བ་ནི༔ ཧཱུྃ༔ ཤར་ལ་སོགས་པའི་ཕྱོགས་བཅུ་ན༔ གནས་པའི་ལྷ་ཀླུ་མི་མ་ཡིན༔


CMR008_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བཀའ་ཡི་གཏོར་མ་ལོངས༔ བདེར་གཤེགས་བསྟན་པའི་སྤྱི་དགྲ་བྱུང་༔ དེ་ལ་ཁྲག་འཐུང་ཆེན་པོས་བཀས༔ དྲེགས་པ་ཐམས་ཅད་དམག་ཏུ་བསྡུས༔ ལམ་དུ་གནས་པའི་མཐུ་ཆེན་དེངས༔ མ་རུངས་ལྷ་སྲིན་འཁོར་དང་བཅས༔ ཐམས་ཅད་དེ་རིང་དམག་ལ་ཆོས༔ དྲང་སྲོང་རྒྱལ་པོ་རཱ་ཧུ་ལ༔ འཁོར་བཅས་དམག་གི་སྡོང་གྲོགས་མཛོད༔ ཅེས་བརྗོད༔ གཏོར་ཟློག་ཁྱིམ་ནས་འབུལ་ན༔ དཀར་གཏོར་འདིར་འབུལ༔ རི་ལ་ཕུལ་རྒྱུ་ཡིན་ན་དཀར་གཏོར་བཞག༔ དེ་ནས་གསེར་སྐྱེམས་མཆོད་ལ་འདི་སྐད་དོ༔ ཧཱུྃ༔ ཕྱོགས་བཅུ་ཀུན་ན་གནས་པ་དང་༔ ཡུལ་ཕྱོགས་འདི་ལ་གནས་པ་ཡི༔ ས་བདག་ཀླུ་གཉན་མཐུ་ཆེན་ཀུན༔ རྣལ་འབྱོར་བདག་ལ་སྙན་གསོན་དང་༔ ཆང་བས་དེ་ནི་ངོ་ཆེ་མེད༔ མེད་པ་དེ་ནི་མི་ལས་བཙལ༔ གསེར་བས་དེ་ནི་རིན་ཆེ་མེད༔ སྲ་བ་དེ་ནི་བྲག་ལས་བསྐོས༔ བདུད་རྩི་གསེར་སྐྱེམས་འདི་བཞེས་ལ༔ མཐོ་བ་རྣམས་ཀྱིས་ཞབས་ཡར་སྐུམས༔ དམའ་བ་རྣམས་ཀྱིས་དབུ་མར་སྨད༔ བར་པ་རྣམས་ཀྱིས་སྐུ་བཟུར་ལ༔ དྲག་པོ་གཏོར་མའི་ལམ་ཕྱེས་ཤིག༔ ཧཱུྃ༔ དབང་དྲག་པདྨ་ཡབ་ཡུམ་གྱི༔ ནང་སྒོ་སྲུང་བའི་སྒོ་མ་བཞི༔ ཕྱི་སྒོ་


CMR008_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་བའི་རྒྱལ་ཆེན་བཞི༔ གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ སྒོ་བ་རྣམས་ཀྱིས་སྒོ་ཕྱེས་ཤིག༔ འཕྲང་པ་རྣམས་ཀྱིས་འཕྲང་སོལ་ཅིག༔ གཏོར་ལམ་དགྲ་དང་བགེགས་ལ་སྟོན༔ དགྲ་དཔུང་ཆོག་ལ་བགེགས་དཔུང་ཐུལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་གསེར་སྐྱེམས་གཏོར༔ ཆད་མདོ་ནི༔ སྔོན་ཚེ་བར་དང་ཐ་མའི་བསྐལ་པ་ལ༔ ཅེས་སོགས་ནས། ཧོར་སོགས་འཇིགས་པའི་དམག་དཔུང་བཟློག་ཏུ་གསོལ༔ དམར་གཏོར་གཉིས་དུས་གཅིག་ལ་འབུལ༔ དེ་ནས་ཁྱིམ་དུ་འབུལ་ན་སླ་ང་ནང་དུ་ཟན་ལིང་བཞག་ལ། འགུགས་གཞུག་ལན་གསུམ་བྱས་ལ༔ སེང་གདོང་མའི་གཞུང་ཚར་གཅིག་འདོན༔ ཨཀསམཐརཿཙསོགས། སྔགས་འདོན་ཅིང་སླ་ང་ནང་དུ་སེང་གདོང་མའི་གཏོར་མ་རྒྱབ༔ དེ་ནས་དྲག་པོའི་གཞུང་ཚར་གཅིག་འདོན་ལ་དྲག་པོའི་གཏོར་མ་རྒྱབ༔ གཏོར་མ་མེ་ཧོམ་བརྩེགས་ལ་བསྲེག་བཅུག་གོ༔ རི་ལ་འབུལ་ན་སྔོན་ལ་དཀར་གཏོར་ཁྱེར༔ དེ་རྒྱབ་སེང་གདོང་མའི་གཏོར་མ་ཁྱེར༔ དེ་རྒྱབ་དྲག་པོ་ཁྱེར་ལ༔ དེ་ནས་དར་ནག་ཡོད་ན་ཁྱེར་ལ༔ སེང་གདོང་མའི་གཞུང་ནི༔ བྷྱོ༔ མ་སྐྱེས་རྫོགས་པ་སོགས་ནས། ཨཀསམཐའི་བར་དང་༔ དྲག་པོ༔ ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་སོགས་ནས། ཨོཾ་ཨཱ༔ཧཱུྃ་ཨརྩིག་ནིརྩིག་ནས་བློ་བཟློག་ཅིག།


CMR008_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

བར་འདོན༔ དེ་ནས་དྲག་སེང་གཉིས་ཀྱི་བསྐུལ་འདོན༔ དེ་ནས་ཟོར་ལས་འདོན༔ གཏོར་མ་དེ་ཉིད་མེའི་ཕུང་པོ་མཚོན་ཆ་སྣ་ཚོགས་ཀྱི་ཚྭ་ཚྭ་འཕྲོ་བའི་རླུང་འཚུབ་ཆེན་པོ་ལྟར་སོང་བས་དགྲ་བགེགས་ཐམས་ཅད་རྩྭ་སྐྱ་མེ་ཡིས་ཕོག་པ་ལྟར་རྡུལ་དུ་བརླག་པར་གྱུར་བར་བསྒོམས་ལ་ཕྱོགས་ཡོད་སར་འབུལ་རྒྱུ་བསྐུར༔ ཚུར་མི་ལེན་ནོ༔ ཚུར་མ་བྱུང་བར་ཨརྩིག་ལ་ཨ་ཡ་མའི་སྔགས་ཤམ་བུ་ཅན་དང་༔ ཨཿཀཿསཿམཿསོགས་འདོན་ཅིང་རོལ་མོ་བྱའོ༔ ཚུར་ལ་ལོག་ནས༔ དང་པོ་གཏོར་མདོས་བཅས་པའི་སྣོད་དེ་གཉིས་ནང་དུ་ཆུ་གཙང་དང་ཇ་ཆང་གི་ཕུད་བླུགས་ལ་དུད་རྩིས་བྲན་ལ༔ འོད་འབར་གཞུང་གི་བརྟན་མ་ནི༔ ཁྱད་པར་སློབ་དཔོན་པདྨའི་བཀའ་སྒྲུབ་པའི༔ སོགས་ཀྱིས་བརྟན་མ་འབུལ༔ དེ་ནས་སྒོ་རྩར་གཏོར་གཞོང་སྦུབ་ལ༔ ཧཱུྃ༔ ང་ནི་དབང་དྲག་ཆེ་མཆོག་བདག༔ གནོད་བྱེད་འབྱུང་པོ་དམ་སྲི་རྣམས༔ གཏོར་གཞོང་རི་རབ་འོག་ཏུ་མནན༔ དྲག་པོ་ཡབ་ཡུམ་བྲོ་ར་བཙུགས༔ བྱམས་མགོན་བསྟན་པ་མ་བྱུང་བར༔ སྟེང་གི་ཕྱོགས་སུ་མ་ལྡང་ཞིག༔ ཨོ་ལཾ༔ ཧཱུཾ་ལཾ༔ སྟེ་བྷ་ཡ་ནན༔ ཞེས་གནོད་བྱེད་དམ་སྲི་མནན་པར་བསྒོམ༔ དེ་ནས་ཚེ་འགུགས་དང་ཚེ་གཟུངས་སོགས་ཚར་གསུམ་མམ་བདུན་འདོན༔ སྨོན་ལམ་བསྔོ་བ་རྫོགས་རིམ་བཀྲ་ཤིས་སོགས་འོད་འབར་གྱི་མཇུག་དེ་མ་ལུས་པ་འདོན༔ དོན་གྲུབ་ཀྱིས་བསྐུལ་ནས་རྭ་


CMR008_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ག་ཨ་སྱས་གོ་བདེ་བར་བྲིས་པ་ལ་ཉེས་འགལ་མཆིས་ན་བཤགས་ཤིང་། དགེ་བས་བྱང་ཆུབ་སྒྲུབ་པའི་བར་ཆད་ཐམས་ཅད་ཞི་ནས་མྱུར་དུ་པདྨ་འོད་འབར་འགྲུབ་པར་གྱུར་ཅིག༔ མངྒ་ལཾ།། ༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱ་གས་སོ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས༔ གདབ་ལས་བསད་པའི་ལས་རིམ་བཞི།


CMR008_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས༔ གདབ་ལས་བསད་པའི་ལས་རིམ་བཞི་བཞུགས་སོ༔


CMR008_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་དྲག་པོ་རྩལ་ལ་ཕྱག་འཚལ་ལོ༔ རིག་འཛིན་དྲག་པོའི་བསྒྲལ་ལས་དོན་བཞི་ཡོད་པ་འདི་ལ༔ དང་པོ་ཧོ་བསྐྱེད་པ༔ དགུག་གཞུག་བྱ་བ༔ ལྷ་དང་ཕྲལ་བ༔ གཟུགས་ལ་དབབ་པ༔ ཐུན་བརྡེག་པ༔ ཞལ་དུ་བསྟབ་པའོ༔ དེ་ལ་ཧོ་བསྐྱེད་པ་ནི༔ ཨོཾ་སྭ་བྷ་ཝས་སྦྱངས༔ སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས་ཡི་དམ་དུ་གསལ་བའི་མདུན་དུ༔ ལས་སྣ་ཚོགས་སྨིན་པ་ལས་གྲུབ་པའི་གནམ་ལྕགས་འབར་བའི་ཁང་སྒོམ་ཟུར་གསུམ་པ༔ ཁ་དོག་ལ་གཏིང་ཟབ་པ༔ འོག་ན་འདོད་ཆགས་ཀྱི་ཆུ་ལྟར་ཁོལ་བ༔ བར་ན་གཏི་མུག་གི་མུན་པ་འཐིབས་པ་སྟེང་ན་ཞེ་སྡང་གི་བྲག་རི་ཉིལ་བ༔ ལོགས་ལ་


CMR008_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ང་རྒྱལ་གྱི་ཐོག་སེར་འབེབས་པ༔ ཕྱི་ན་ཕྲག་དོག་གི་འབྲུག་སྒྲ་དང་མེ་རླུང་འཚུབ་པ༔ ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་ནས༔ གཤིན་རྗེའི་ལས་མཁན་བསམ་གྱིས་མི་ཁྱབ་པ༔ མཚོན་ཆ་སྣ་ཚོགས་ཟིང་ཟིང་ཐོགས་ནས་སྤྲུལ་པ་ཡང་སྤྲུལ་དཔག་ཏུ་མེད་པ་ཞལ་ནས་ཧ་ཧ་དང་ཕཊ་ཕཊ་རྒྱོབ་སོད་ཀྱི་ཀུ་སྒྲ་ཆེན་པོ་སྒྲོག་ཅིང་དགྲ་བགེགས་འབྱུང་པོ་རང་དབང་མེད་པར་ཚུད་པའི་གནས་སུ་གྱུར༔ དེ་ཡི་ནང་དུ་དམ་ཉམས་པའི་དགྲ་བོ་འདི་ཉིད་སྔོ་ལ་ཧམ་པ་སྐྱ་ལ་རིད་པ༔ མགོ་བོ་ལྷོ་ནུབ་མཚམས་སུ་བསྟན་པ༔ རྐང་པ་བྱང་ཤར་མཚམས་སུ་བསྟན་པ༔ ལག་


CMR008_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

པ་མྱ་ངན་གྱི་ཕྱག་རྒྱས་བསྡམས་པ༔ ཡན་ལག་ལྕགས་སྒྲོག་གིས་བཅིངས་བ༔ འགུལ་བསྐྱོད་མི་ནུས་ཤིང་འདར་ལྡི་ལི་ལི་མིག་ནས་མཆི་མ་ཁྲག་ལྟར་དུ་འབབས་པ༔ དབུགས་སླེབ་སླེབ་སྐད་ངན་ཙི་རི་རི་འདོན་པ་ཞིག་ཏུ་གྱུར༔ འགུགས་པ་ནི་ཕྱག་རྒྱ་དང་བཅས༔ ན་མོ༔ དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ སངས་རྒྱས་ཀྱི་བཀའ་བདེན་པ་དང་༔ ཆོས་ཀྱི་བཀའ་བདེན་པ་དང་༔ དགེ་འདུན་གྱི་བཀའ་བདེན་པ་དང་༔ གསང་སྔགས་དང་༔ རིག་སྔགས་དང་༔ སྙིང་པོ་དང་༔ ཕྱག་རྒྱ་དང་༔ ཏིང་ངེ་འཛིན་གྱི་བཀའ་བདེན་པ་དང་༔ ཡི་དམ་དཀྱིལ་འཁོར་ཀྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ མ་གནས་གསུམ་གྱི་མཁའ་འགྲོ་མ་རྣམས་ཀྱི་བཀའ་བདེན་པ་དང་༔ དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་བཀའ་བདེན་པ་དང་༔ ཁྱད་པར་དུ་ཡང་རིག་འཛིན་ཆེན་པོ་པདྨ་དྲག་པོ་རྩལ་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ མཁའ་འགྲོ་སེང་གེའི་གདོང་ཅན་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ ཆོས་ཉིད་རྣམ་པར་དག་ཅིང་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་ཆེན་པོའི་


CMR008_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

མཐུས༔ བདག་ཅག་དཔོན་སློབ་ཡོན་མཆོད་མི་ནོར་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས༔ སྔ་དགྲ་ལག་གིས་བརྡར་བ༔ ཕྱི་དགྲ་ཡིད་ལ་བསམ་པ༔ ད་དགྲ་དངོས་སུ་བྱེད་པ༔ ལྷ་ཁྱེད་ལ་མཐུ་མེད་ཟེར་བ༔ མི་ང་ལ་ལྷ་མེད་ཟེར་བ༔ དགྲ་སྣ་རྐུན་སྣ་ཇག་སྣ་སྟོན་པ༔ བསམ་ངན་སྦྱོར་རྩུབ་བྱེད་པ་དེ་དག་ཐམས་ཅད་སྐད་ཅིག་རང་དབང་མེད་པར་སྦྱར་མ་རླུང་གིས་ཁྱེར་བ་ལྟར་གཟུགས་ལིངྒ་འདི་ལ་ཁུག་ཅིག༔ བཛྲ་ཨངྐུ་ཤ་ཛ༔ བཛྲ་པ་ཤ་ཧཱུྃ༔ བཛྲ་སྤོ་ཊ་བཾ༔ བཛྲ་གྷནྡྷེ་ཧོ༔ ཨ་ཝེ་ཤ་ཡ་ཨ་ཨཱཿ ལན་གསུམ༔ ཕོ་ཉ་བསྐུལ་བ་ནི༔ ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ དབང་དྲག་ཡབ་ཡུམ་ལྷ་ཚོགས་རྣམས༔ སྤྲུལ་པ་འགྱེད་པའི་དུས་ལ་བབ༔ དགྲ་བགེགས་འགུགས་པའི་དུས་ལ་བབ༔ གང་ལ་བྱ་བ་ཁྱོད་ཀྱིས་ཤེས༔ ཡིད་ལ་བརྣག་པའི་དགྲ་བོ་འདི༔ རང་དབང་མེད་པར་འདིར་ཁུག་ཅིག༔ དབང་དུ་བསྡུས་ལ་འདིར་ཁུག་ཅིག༔ ཧཱུྃ༔ ཁྲོ་བོའི་སྤྲུལ་པས་འོད་ཟེར་ཁྱུག༔ ལྕགས་ཀྱུ་སྤྲུལ་པས་ནམ་མཁའ་གང་༔ ཞགས་པ་སྤྲུལ་པས་ས་གཞི་གང་༔ ལྕགས་སྒྲོག་སྤྲུལ་པས་བར་སྣང་གང་༔


CMR008_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་བུ་སྤྲུལ་པས་ཕྱོགས་མཚམས་གང་༔ འཁོར་བཅས་ལག་ཏུ་ཤོར་མི་འཚལ༔ ཞེས་བཀུག་གོ༔ དགྲ་བོ་ལྷ་དང་ཕྲལ་བའི་བྱ་རོག་འུག་པའི་དང་རུ་གཡབ་ལ༔ ཧཱུྃ༔ དམ་ཉམས་དགྲ་བོ་སྡིག་ཅན་ལ༔ མགོན་པར་བྱེད་པའི་ལྷ་ཁྱོད་ཉོན༔ དམ་ཉམས་དགྲ་བོ་སྡིག་ཅན་འདིས༔ དང་པོ་སངས་རྒྱས་བསྟན་པ་བཤིག༔ བར་དུ་དཀོན་མཆོག་དབུ་འཕང་སྨད༔ ཐ་མ་གསང་སྔགས་གཉེན་པོ་བྲལ༔ དགེ་བ་བཅུ་ནི་ཁྱད་དུ་བསད༔ མི་དགེ་བཅུ་ནི་དང་དུ་བླངས༔ མཚམས་མེད་ལྔ་ཡི་འབྲས་བུར་སྨིན༔ འདི་ནི་བསྒྲལ་བའི་ཞིང་ཡིན་ཕྱིར། འདི་ཡི་མགོན་སྐྱབས་མ་བྱེད་པར༔ ཡེ་ཤེས་ལྷ་ནི་དབྱིངས་སུ་གཤེགས༔ འཇིག་རྟེན་ལྷ་ནི་རང་གནས་སོང་༔ གལ་ཏེ་མི་འགྲོ་སྐྱབས་བྱེད་ན༔ ཡེ་ཤེས་ལྷ་ནི་ཐུགས་དམ་ཉམས་པར་འགྱུར༔ འཇིག་རྟེན་ལྷ་རྣམས་རྡུལ་དུ་རླག་པར་བྱེད༔ དེ་བས་འདི་ཡི་མགོན་སྐྱབས་མ་བྱེད་ཅིག༔ ཨཱ་ཡུ་ཛྷཱ་ན་ཤག་ཕྱེས༔ དེ་ནས་ཕུར་པ་བསྐྱེད་པ་ནི༔ ཧཱུྃ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་རྒྱལ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ༔ དཔལ་ཆེན་འཁོར་བཅས་དྲག་པོའི་ཕྲིན་ལས་


CMR008_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད༔ དེ་ནས་ཕུར་པ་ཐོགས་ལ༔ ཧཱུྃ༔ ང་ནི་དབང་དྲག་ཡབ་ཡུམ་སྐུ༔ སྲས་འཁོར་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉ་བཅས༔ དབང་དྲག་ལྷ་ཚོགས་དུས་ལ་བབ༔ གཡས་ཀྱི་ཕྱག་ན་ཕུར་པ་འདྲིལ་༔ གཡོན་གྱི་ཕྱག་ན་ལྕགས་ཀྱུ་འཛིན༔ ལྕགས་ཀྱུས་ཟུངས་ལ་ཕུར་པས་ཐོབ༔ གནོད་བྱེད་དགྲ་བགེགས་རྡུལ་དུ་རློགས༔ ཨོཾ་ཨཱ༔ཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨཀསམརཿཙཤདརཿསཿམཿརཿཡ༔ ཕཊ༔ གནོད་བྱེད་དགྲ་བགེགས་ནི་ཏྲི་ཤ་ཧཱུཾ་མཱ་ར་ཡ་རྦད་སོད་སོད༔ སྙིང་དཀར་ནག་མཚམས་སུ་གདབ་བོ༔ དེ་ཡི་རྣམ་པར་ཤེས་པའི་རྟེན༔ དཀར་པོ་མཆིལ་པའི་སྒོ་ང་ཙམ༔ དེ་ཡི་ནང་ན་སྲོག་དྭངས་མ༔ ཚྭ་ཡིག་ལྗང་གུ་ཕུར་རྩེ་ནས༔ རེག་པས་ཡི་གེ་ཨ་རུ་གྱུར༔ ཨ་དེ་ནམ་མཁར་ཡལ་ནས་ནི༔ ཀུན་བཟང་ཡབ་ཡུམ་ཐུགས་ཀ་རུ༔ ཐེ་ཚོམ་མེད་པར་རྒྱངས་སེ་ཐོན༔ དབྱེ་བ་མེད་དོ་གཤེགས་པར་གྱུར༔ ཕཊ༔ མདུན་བསྐྱེད་ཀྱི་ཐུགས་ཀར་བསྟིམ་མོ༔ ལས་ཕུར་ནི༔ ཧཱུྃ༔ རྡོ་རྗེ་ཕུར་པ་ཀཱི་ལ་ཡ༔ སངས་རྒྱས་ཡོངས་རྫོགས་ཕྲིན་ལས་སྐུ༔ ཕུར་ཐུན་དྲག་པོ་ཐོག་ལྟར་འབེབས༔ དགྲ་བགེགས་གཟུགས་ཕུང་


CMR008_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

རྡུལ་དུ་རློགས༔ ཧཱུྃ༔ ཡུངས་དཀར་རྒྱལ་པོ་ཤ་རི་རམ༔ ཁྲོ་རྒྱལ་ཡོངས་རྫོགས་གྱད་ཀྱི་སྐུ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ ཧཱུྃ༔ རཀྟའི་རྒྱ་མཚོའི་རྦ་ཀློང་འཁྲུག༔ མ་མོ་ཡོངས་རྫོགས་བྱེད་ཀྱི་སྐུ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ ཧཱུྃ༔ མཚེ་མདའ་དྲག་པོ་སྐར་ལྟར་འཁྲུག༔ དྲེགས་པ་འཇོམས་མཛད་ཙམ་གྱི་སྐུ་དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ ཧཱུྃ༔ སྟོབས་ཆེན་འདུས་པ་རྡོ་ཡི་ཐུན༔ བདུད་འཇོམས་ཡོངས་རྫོགས་གྱད་ཀྱི་སྐུ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ ཧཱུྃ༔ དཔལ་ཆེན་དྲག་པོ་མདའ་ཡི་ཐུན༔ དྲེགས་པ་ཡོངས་རྫོགས་གྱད་ཀྱི་སྐུ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ ཧཱུྃ༔ འབྱུང་བ་དུག་ཐུན་རླུང་ལྟར་འཚུབ༔ གདུག་པའི་དུག་སྣ་ཡོངས་རྫོགས་སྐུ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ ཧཱུྃ༔ མཚོན་ཆེན་འབར་བ་ཆེན་པོ་ཡི༔ ལུས་ནི་དུམ་བུར་གཏུབ་པར་བྱ༔ དབང་པོ་རྩད་ནས་བཅད་པར་བྱ༔ རྡུལ་ཕྲན་བཞིན་དུ་བརླག་པར་བྱ༔ དུམ་བུ་དུམ་བུ༔ ཤག་ཤག་ཚལ་པ་ཚལ་པ༔ རྦད་རྦད༔ ལིང་རོ་དུམ་བུར་གཏུབ་བོ༔ དེ་ནས་ཞལ་དུ་བསྟབ་པ་ནི༔ ཤ་ཁྲག་བདུད་རྩི་བསྟབ་ལ༔ ཧཱུྃ༔ རིག་འཛིན་


CMR008_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ལྷ་ཚོགས་ཞལ་ཕྱེས་ཤིག༔ དམ་ཉམས་དགྲ་བགེགས་ཤ་ཁྲག་རུས་པའི་ཚོགས༔ དབང་དྲག་པདྨའི་ལྷ་ཚོགས་ཞལ་དུ་བསྟབ༔ ཌོཀི་སེང་གདོང་ལྷ་ཚོགས་ཞལ་དུ་བསྟབ༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་ཞལ་དུ་བསྟབ༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ མགུལ་དུ་བསྟིམ་མོ་ཨཱ་ར་ལི༔ དབྱིངས་སུ་བསྟིམ་མོ་ས་མ་ཡ༔ དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁ་རཾ་ཁཱ་ཧི༔ དྲག་པོས་བསྒྲལ་ལས་ནི༔ སྤྲུལ་པའི་གཏེར་སྟོན་འཇའ་ཚོན་སྙིང་པོས་གཏེར་བྱོན་གྱི་བཀའ་དགོངས་ཕུར་གསུམ་སོགས་ནས་ཁོལ་དུ་ཕྱུང་བ་ཀུན་ལ་མེད་པའི་མདོར་བསྡུས་ཧ་ཅང་མི་ཉོབ་པ་འདོན་ཆ་ལག་ལེན་ཁྱེར་བདེ་ཡིན་ནོ༔ སྔགས་འཆང་རཱ་གའི་མིང་གིས་སོ། །མངྒ་ལཾ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

དཀོན་མཆོག་སྤྱི་འདུས་ཀྱི་སྨད་ལས་ཉུང་བསྡུས།


CMR008_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དཀོན་མཆོག་སྤྱི་འདུས་ཀྱི་སྨད་ལས་ཉུང་བསྡུས་ནི༔ ཉ་བོ་མདུན་དུ་བཞག་ལ༔ མདུན་དུ་ཨེ་ལས་གཤིན་རྗེའི་བཙོན་ཁང་༔ ལྕགས་ཁང་ནག་ལ་རྔམས་པ༔ དམར་ལ་འཇིགས་པའི་དགུ་རིམ༔ ཁ་དོག་ལ་མཐིལ་ཡངས་པ༔ ཟིན་ན་ཐར་ས་མེད་པ༔ ཕྱི་ན་ཞེ་སྡང་གི་བསྐལ་པའི་མེ་འབར་བ༔ བར་ནི་གཏི་མུག་ལས་ཀྱི་མུན་པ་འཁྲིགས་པ༔ འདོད་ཆགས་ཁྲག་གི་རྦ་རླབ་འཁྲུགས་པའི་དབུས་སུ༔ ནི་ཏྲི་ལས་དགྲ་བགེགས་གནོད་བྱེད་མངོན་སུམ་ལྟ་བུར་སྔོ་ལ་ཧམ་པ༔ སྐམ་ལ་རིད་པ༔ མིག་ཤི་མིག་ཏུ་འདུག་པ༔ ཁ་ནས་བདུད་པོ་ང་ལོང་གི་འོ་དོད་འབོད་པ༔ ལག་གཡས་བྲང་རྡུང་ཞིང་༔་གཡོན་པས་སྐུ་འབལ་བ་རྐང་ལག་ལྕགས་སུ་བཅུག་པ༔ ཉམ་ཐག་པའི་གཟུགས་ཅན་འདར་ཕྲི་ལི་ལི་བྱེད་པ་ཞིག་ཏུ་གྱུར༔ ན་མོ༔ དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ སངས་རྒྱས་བཀའ་བདེན་པ་དང་༔ ཆོས་ཀྱི་བཀའ་བདེན་པ་དང་དགེ་འདུན་གྱི་བཀའ་བདེན་པ་དང་༔ ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ མ་མོ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་རྒྱ་མཚོ་རྣམས་


CMR008_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བཀའ་བདེན་པ་དང་༔ ཁྱད་པར་དུ་ཡང་རིག་འཛིན་པདྨ་དྲག་པོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ མཁའ་འགྲོ་སེང་གེའི་གདོང་ཅན་འཁོར་དང་བཅས་པའི་བཀའ་བདེན་པ་དང་༔ བདག་ཅག་བསྲུང་བྱ་མི་ནོར་འཁོར་དང་བཅས་པ་ལ་སྡང་བར་བྱེད་པའི་དགྲ༔ གནོད་པར་བྱེད་པའི་བགེགས༔ ཟ་བར་བྱེད་པའི་འདྲེ༔ ཕུང་བར་བྱེད་པའི་སྲི༔ བར་དུ་གཅོད་པའི་རྐྱེན༔ མདོར་ན་གནོད་པར་བྱེད་པ་གང་ཡིན་པ་ཐམས་ཅད་སྐད་ཅིག་རང་དབང་མེད་པར་གཟུགས་ལིང་ག་འདི་ལ་ཁུག་ཅིག །ཛཧཱུྃ་བཾ་ཧོ༔ གསུམ། དེ་ནས་ལིངྒའི་ཕྲག་པ་གཡས་གཡོན་དུ་བྱ་རོག་དང་ཐུག་སྒྲོ་བཙུགས་ཐུན་བརྡེག་ཅིང་༔ ཧཱུྃ༔ ཕྱག་བརྙན་ཆེན་པོའི་དུས་ལ་བབ༔ དངོས་གྲུབ་འཕྲོག་པའི་དགྲ་དང་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ འགོ་བའི་ལྷ་དང་བྲལ་བར་གྱིས༔ བྷྱོ༔ རླུང་ལྷའི་བུ་མོ་དྲག་རྩལ་ཅན༔ དམ་ཉམས་དགྲ་བོ་ལས་ངན་འདིའི༔ དགྲ་ལྷ་སྤྱི་བོའི་གཙུག་ནས་ཕྲོལ༔ སྲོག་ལྷ་སྙིང་གི་དཀྱིལ་ནས་ཕྲོལ༔ ཞང་ལྷ་ལྟེ་བའི་ཁོང་ནས་ཕྲོལ༔ ཕོ་ལྷ་ཕྲག་པ་གཡས་ནས་ཕྲོལ༔ ཡུལ་ལྷ་ཕྲག་པ་གཡོན་ནས་ཕྲོལ༔ བན་བོན་ལ་སོགས་འགོ་བའི་ལྷ༔ རིག་


CMR008_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་སྲུང་མ་རྒྱབ་ནས་ཕྲོལ༔ དམ་ཉམས་ལྷ་དང་ཕྲལ་བར་གྱིས༔ མ་མ་ཏྲག་རུ་དྲ་མཱ་ར་ཡ་ཕྱེ་ཡ་ཕྱེ༔ དེ་ནས་ཕུར་པ་ཐོགས་ལ༔ ཧཱུྃ༔ རྡོ་རྗེ་ཕུར་པ་ཀཱི་ལ་ཡ་སྟོད་ནི་ཁྲོ་ཆེན་འབར་བའི་ཞལ༔ སྐུ་སྨད་གནམ་ལྕགས་ཕུར་བུ་འགྲིལ༔ དགྲ་བགེགས་སྲོག་ལ་ཀཱི་ལ་ཡ༔ ཕོ་རྒྱུད་རྩད་ནས་ཆོད་ལ་ཤོག༔ ལྟེ་བའི་ཁུང་ལ་ཀཱི་ལ་ཡ༔ མོ་རྒྱུད་མངལ་ནས་སྐེམ་པར་ཤོག༔ སྙིང་གི་གསང་ལ་ཀཱི་ལ་ཡ༔ རྡུལ་ཕྲན་བཞིན་དུ་བརླག་པར་གྱིས༔ རྩ་སྔགས་གཤམ་དུ། གནོད་བྱེད་དགྲ་བགེགས་ཀྱི་སྲོག་ལ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ རྡོ་རྗེ་གྲི་གུག་ཐོགས་ལ། མཚོན་ཆ་འབར་བ་ཆེན་པོ་ཡིས༔ ལུས་ནི་དུམ་བུར་གཏུབ་པར་བྱེད༔ ཕུང་པོ་རྩད་ནས་གཅོད་པར་བྱེད༔ རྡུལ་ཕྲན་བཞིན་དུ་བརླག་པར་གྱིས༔ རྩ་སྔགས་གཤམ་དུ། གནོད་བྱེད་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ༔ དེ་ནས་ཐུན་སྣ་ཚོགས་ཐོགས་ལ། ཧཱུྃ༔ ཡུངས་ཀར་ཐུན་དང་ཡུངས་ནག་ཐུན༔ ཀེ་ཚེའི་ཐུན་དང་ཤང་ཚེའི་ཐུན༔ དུག་ཐུན་ཁྲག་ཐུན་ལ་སོགས་པའི༔ ཐུན་སྣ་འདུས་པའི་མཚོན་ཆ་དང་༔ དྲག་སྔགས་དམོད་པའི་སེར་ཆེན་གྱིས༔ དགྲ་བགེགས་ཐལ་བ་རྡུལ་དུ་རློགས༔ རྩ་སྔགས་གཤམ་དུ༔ དགྲ་


CMR008_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བསྒྲལ། ཞལ་བསྟབ་ནི། ཧཱུྃ༔ སྟོང་གསུམ་བྷནྡྷ་འབར་བའི་སྣོད་མཆོག་ཏུ༔ དགྲ་བགེགས་ཤ་ཁྲག་རུས་པ་དོན་སྙིང་དང་༔ དབང་པོ་བླ་ཚེ་རྐང་མར་དང་བཅས་པ༔ རིག་འཛིན་དྲག་པོའི་ལྷ་ཚོགས་ཞལ་དུ་བསྟབ༔ ཌཱཀྐི་སེང་གདོང་འཁོར་བཅས་ཞལ་དུ་བསྟབ༔ དཔལ་མགོན་དམ་ཅན་རྒྱ་མཚོའི་ཞལ་དུ་བསྟབ༔ རྔམས་བྱེད་ཧོ་ཁུང་འབར་བའི་མགུལ་དུ་བསྟིམ༔ འཁོར་འདས་མཉམ་ཉིད་ངང་དུ་བཞེས་སུ་གསོལ༔ རྩ་སྔོགས་གཤམ་དུ། དགྲ་བགེགས་ཀྱི་མ་ཧཱ་མཾ་ས་ལ་ཁཱ་ཧི་་་་ཤ་ཆེན་ཟོ་ཞིག །མ་ཧཱ་རཀྟ་ལ་ཁཱ་ཧི་་་ཁྲག་ཆེན་འཐུངས་ཤིག །མ་ཧཱ་ཀིང་ནི་རི་ཏི་ལ་ཁཱ་ཧི་རུས་པ་ཆེན་པོ་ཟོ་ཞིག །མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི་ཀླད་པ་ཆེན་པོ་ཟོ་ཞིག །མ་ཧཱ་བཱ་སུ་ཏ་ལ་ཁཱ་ཧི་་་རྒྱུ་མ་ཆེན་པོ་ཟོ་ཞིག །མ་ཧཱ་ཙིཏྟ་ལ་ཁཱ་ཧི་་་་སྙིང་ཆེན་པོ་ཟོ་ཞིག །ཅེས་པས་ལིང་རོ་ཕུལ། དཀོན་མཆོག་སྤྱི་འདུས་སོགས་སྤྱི་ལ་སྦྱར་རུང་བའི་ལྷན་ཐབས་སྨད་ལས་ཉུང་ངུ་འདི། ཧོར་ཟླ་བཅུ་པའི་ཚེས་བཅོ་བརྒྱད་ཉིན། རཱ་ག་ཨ་སྱས་མཛད་པའོ།། སརྦ་མངྒ་ལཾ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

དགོངས་གསོལ།


CMR008_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཧོཿ དགོངས་སུ་གསོལ་ལོ། །ལན་གསུམ། ཆོས་དབྱིངས་སྐྱེ་བ་མེད་པའི་ཀློང་ཡངས་ནས། མ་འགགས་གཟུགས་སྐུ་ཁྲོས་པའི་ཚུལ་བསྟན་པ། ཁྲོ་བོའི་རྒྱལ་པོ་དཔལ་ཆེན་གུ་རུ་དྲག་པོ། ཡུམ་མཆོག་དྲག་མོ་སེངྒེའི་གདོང་པ་ཅན། འཁོར་ཚོགས་སྤྲུལ་པ་ཡང་སྤྲུལ་དང་བཅས་པ། ཤ་ཁྲག་ལ་དགྱེས་ཤིང་སྲོག་ལ་རྔམས་པ། ཁྱེད་རྣམས་ཀྱིས་ཞིང་བཅུ་ཚང་བའི་བྱད་མ། སངས་རྒྱས་པདྨ་འབྱུང་གནས་ཀྱི་བསྟན་ལ་སྡང་བ། ཁྱད་པར་དུ་རྣལ་འབྱོར་པ་བདག་ཅག་དཔོན་སློབ་མི་ནོར་ཡོན་མཆོད་ལ་གནོད་ཅིང་འཚེ་བར་བྱེད་པའི་གཟུགས་ཅན་གྱི་དགྲ་གཟུགས་མེད་ཀྱི་བགེགས། དམག་ཇག་དང་རྐུན་སྣ་སྟོན་པ། མཐུ་བུ་ལོན་བཞིན་དུ་བསྙག་པ། དགྲ་ཡ་དང་རྩོད་ཡ་བྱེད་པ། སྔགས་པ་མཐུ་མེད་ཟེར་མི། གསོས་པའི་ལེ་དགུ་ལྷ་ལོག །སློབ་པའི་སློབ་བུ་དམ་ལོག །བརྟེན་པའི་མགོ་དཔོན་ཁྲིམས་མེད། བཞག་པའི་བྲན་འཁོར་སྙིང་རིང་། བཅོས་པའི་ནད་པ་གསོས་ལོག །གཏམ་པའི་ཤག་རོགས་མནའ་ཟན། དམ་ཉམས་པའི་དགྲ་བོ་འདི་ཉིད་སྐྱོབ་བྱེད་ལྷ་སྲུང་དང་ཁང་ཁྱིམ་རྣམས་ལ་ཁྲོལ་ཅིག །ཀ་ཆ་སྒོ་ཟོག་དང་འཁོར་གཡོག་


CMR008_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རློགས་ཤིག །ནད་བཞི་བརྒྱ་རྩ་བཞི་དང་ཡེ་འདྲོགས་གློ་བུར་རྣམས་ཐོངས་ཤིག །དབང་ཐང་རླུང་རྟ་ལ་གནོད་པའི་ཚེ་སྲོག་ཆོད་ཅིག །ལོ་དང་ཟླ་བ་ཞག་དང་ཟ་མར་མ་འགྱང་བར་ད་ལྟ་ཉིད་དུ་ཐལ་བ་རྡུལ་ཕྲན་བཞིན་དུ་རློགས་ཤིག །ནམ་མཁའ་སྟོང་པ་ལ་ཚད་མ་བཙུགས། ཚེ་ཕྱི་མ་ལ་དུས་མ་འདེབས། སྐྱེ་འཆི་གཉིས་ལ་ཁུང་མ་ཕྱིན། ལས་ཀྱི་དབང་བཙན་ལ་སྙད་མ་འདོགས་པར་མྱུར་དུ་རྟགས་དང་མཚན་མ་སྟོན་ཅིག །ཤ་ཁྲག་ལས་མཁན་རྣམས་ཀྱིས་དཔའ་ཟས་མཛོད་ཅིག །མཐར་རྣམ་པར་ཤེས་པ་བདེ་བ་ཅན་དུ་སངས་རྒྱས་པའི་ཕྲིན་ལས་མཛོད་ཅིག །ཅེས་ཟོར་འཕང་བ་འདི་རྣལ་འབྱོར་རང་དོན་མ་གཏོགས་གར་ཐོད་ཐོད་དུ་བྱ་མི་རུང་བས། ཀརྨ་ཨ་རཱ་གའི་ཐུགས་གཏེར་རོ། །མངྒ་ལཾ། །ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

བཀའ་རྫོགས་པ་ཆེན་པོར་ཡང་ཟབ་དཀོན་མཆོག་སྤྱི་འདུལ་ལས་དབང་དྲག་འབར་བའི་བྱུང་ཟློག


CMR008_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་རྫོགས་པ་ཆེན་པོར་ཡང་ཟབ་དཀོན་མཆོག་སྤྱི་འདུལ་ལས་དབང་དྲག་འབར་བའི་བྱུང་ཟློག་བཞུགས་སོ།།


CMR008_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་བཛྲ་ག་རུ་ཊ་སིདྡྷི་ཧཱུྃ༔ དབང་དྲག་འབར་བའི་བྱུང་ཟློག་ནི༔ དམར་གཏོར་ཤ་ཁྲག་གིས་བརྒྱན་པ༔ དཔལ་བཤོས་རྣོ་ཞིང་དབལ་དང་ལྡན་པ་ལྔ་བཤམས༔ དགུག་གཞུག་སྤྱི་ལྟར་བྱ༔ སྨན་དང་བདུད་རྩི་རཀྟས་བྲན་ལ་འདི་སྐད་དོ༔ ཧཱུྃ༔ དྲག་པོ་པདྨ་ཐོད་ཕྲེང་སྤྱི་གཙུག་ནས༔ ཕྲིན་ལས་ལྷུན་གྲུབ་མཐའ་ཡས་རབ་ཁྲོས་པའི༔ སྤྱི་བོའི་གཙུག་ནས་ལྷ་འདྲེ་གཉན་པོ་ལྡིང་༔ བྱ་ཁྱུང་མཐིང་ནག་མེ་ཡི་གཤོག་པ་ཅན༔ ཁྲོ་གཉེར་སྤྱན་གསུམ་རྡོ་རྗེའི་མཆུ་སྡེར་གྱིས༔ ཞེ་སྡང་གདུག་པའི་ཀླུ་རྣམས་ཞལ་དུ་གསོལ༔ གནམ་ལྕགས་རྭ་ལ་རྡོ་རྗེའི་ཚྭ་ཚྭ་འཕྲོས༔ རིགས་ཀྱི་བདག་པོ་སྤྱི་བོའི་གཙུག་


CMR008_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ན་བཞུགས༔ མི་འགྱུར་འབར་བ་རྡོ་རྗེའི་བ་སྤུ་ལ༔ སྤྲུལ་པ་ཡང་སྤྲུལ་བྱ་ཁྱུང་མང་པོ་འགྱེད༔ རལ་གྲི་འབར་བའི་གཤོག་པ་གཡས་གཡོན་ལ༔ ཡེ་ཤེས་དབལ་གྱི་མེ་དགྲ་འབྲུག་སྟོང་ལྡིར༔ མཐའ་ཡས་ཁྲོས་པའི་ཁྱུང་ལ་ཕྱག་འཚལ་ལོ༔ ཁྱུང་ཆེན་རྭ་ཅོ་ལྡིང་བ་ཡིས་འབྱུང་བ་ཀུན་འཁྲུག་ལྟས་ངན་ཟློག༔ རིགས་ལྔའི་སངས་རྒྱས་དབུ་ལ་བརྒྱན༔ ཉོན་མོངས་ལས་ཀྱི་ལྟས་ངན་ཟློག༔ སྤྱན་གསུམ་ཁྲོ་ཆུ་ཁོལ་མ་འདྲེ༔ ས་བདག་དམོད་པའི་ལྟས་ངན་ཟློག༔ གཡས་ཀྱི་གཤོག་ཟུར་བཅུ་པོ་ལ༔ གསོད་བྱེད་ཁྲོ་བོ་བཅུ་རུ་ཤར༔ གསོད་བྱེད་བཅུ་ཡི་ལྟས་


CMR008_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ཟློག༔ གཡོན་གྱི་གཤོག་ཟུར་བཅུ་པོ་ལ༔ ཟ་བྱེད་ཁྲོ་མོ་བཅུ་རུ་ཤར༔ སྒྲོལ་བྱེད་ཡུམ་གྱི་ལྟས་ངན་ཟློག༔ ཁྱུང་གི་འཇུག་སྒྲོ་སྤྲུལ་པ་ཡིས༔ སྲིད་པའི་མ་མོའི་ལྟས་ངན་ཟློག༔ ཁྱུང་གི་སྡེར་མོ་བསྒྲད་པ་ཡིས༔ སྔགས་པའི་ཕུར་ཁའི་ལྟས་ངན་ཟློག༔ ཁྱུང་གི་ཟེར་སྒྲ་སྒྲོག་པ་ཡིས༔ རྦོད་གཏོང་ངན་པའི་ལྟས་ངན་ཟློག༔ ཁྱུང་གི་རྐན་སྒྲ་བརྡབ་པ་ཡིས༔ ལྷ་སྲིན་འཁྲུག་པའི་ལྟས་ངན་ཟློག༔ ལྕེ་ནི་གློག་ལྟར་དམར་བ་ཡིས༔ བན་བོན་ངན་པའི་ལྟས་ངན་ཟློག༔ སྲེག་པའི་ཚྭ་ཚྭ་ཕྱོགས་བཅུར་འཕྲོས༔ དྲང་སྲོང་དམོད་པའི་ལྟས་ངན་ཟློག༔ བྷྱོ་བྷྱོ༔ ཁྲོ་ག་རུ་ཎ་ཙ་ལེ་ཙ་ལེ་ནཱ་ག་ཧཱུྃ་ཕཊ༔ ཁྲོ་ཡིག་ཡོངས་སུ་གྱུར་པ་ལས༔ འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས༔ ནད་གདོན་བར་ཆད་བསལ་ནས་ཀྱང་༔ མཆོག་ཐུན་དངོས་གྲུབ་སྩོལ་བ་དང་༔ མི་ནད་ཕྱུགས་ནད་ཞི་བར་མཛོད༔ ཤ་ཁྲག་དམར་གྱི་གཏོར་མ་འདི༔ ཁྱུང་ཆེན་འབར་བའི་ལྷ་ཚོགས་ཀྱིས༔ བཞེས་ཤིག་རོལ་ཅིག་ཁོ་རཾ་ཁཱ་ཧི༔ དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས༔ ཕུང་ཁམས་སྐྱེ་མཆེད་མ་ལུས་པ༔ ཁྱུང་ཆེན་འབར་བའི་ཞལ་དུ་བསྟབ༔ བདག་གིས་བྱང་ཆུབ་བསྒྲུབ་པ་


CMR008_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ལ༔ འགལ་རྐྱེན་བར་ཆད་ཞི་བ་དང་༔ མཐུན་རྐྱེན་བསམ་པ་མྱུར་དུ་སྒྲུབས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ཀླུ་གདོན་ཐམས་ཅད་བཟློག་ཏུ་གསོལ༔ སྨྱོ་ནད་ཐམས་ཅད་བསྒྱུར་དུ་གསོལ༔ རིམས་ནད་ཐམས་ཅད་བསལ་དུ་གསོལ༔ མི་མཐུན་གནོད་པའི་རྐྱེན་ངན་རྣམས༔ སྣང་བ་དགྲ་བོའི་ཡུལ་ལ་བྷྱོ༔ གནོད་པར་བྱེད་པའི་བགེགས་ལ་བྷྱོ༔ ཟ་བར་བྱེད་པའི་འདྲེ་ལ་བྷྱོ༔ ཕུང་བར་བྱེད་པའི་སྲི་ལ་བྷྱོ༔ ཡིད་ལ་བརྣག་པའི་སྟེང་ལ་བྷྱོ༔ བྷྱོ༔ བཛྲ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུཾ་ཕཊ༔ ཨེ་ན་མ་ཡ་བྷྱོ་བཟློག་ཅིག༔ ཅེས་གཏོར་མ་མདོས་ནང་དུ་འབུལ༔ ཕྲིན་ལས་གང་བཅོལ་བསམ༔ སྒྲུབ་པའི་བར་ཆད་ཟློག་པར་ཐེ་ཚོམ་མེད་དོ༔ ཞེས་དགེ་སློང་ཡང་དག་གིས་བསྐུལ་ཕྱིར་ཀརྨ་རཱ་ག་ཨ་སྱས་སྦྱར་བ་འདི་ཡིས་སྔགས་འཆང་མང་པོ་ལ་ཕན་ཐོགས་པར་ཤོག། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

དབང་དྲག་པདྨའི་ཟོར་ཟློག་དང་རྩང་གྱེར།


CMR008_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དྲག་པདྨའི་ཟོར་ཟློག་དང་རྩང་གྱེར་བཞུགས་སོ༔ གསང་སྔགས་བསྟན་དགྲ་བསྒྲལ་བའི་མཚོན་ཆར་ཤོག༔


CMR008_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ དབང་དྲག་འབར་བ་དྲག་པོ་ཐོད་ཕྲེང་རྩལ༔ སྐུ་མདོག་དམར་ནག་དུས་མཐའི་མེ་ལྟར་འབར༔ འཁོར་འདས་སྡང་དགྲ་གནོད་པ་བཟློག་ཏུ་གསོལ༔ དམར་ལ་ཟླུམ་པའི་སྤྱན་གསུམ་ཕྱོགས་བཅུར་གཟིགས༔ དུག་གསུམ་མི་དགེ་བཅུ་རྣམས་བཟློག་ཏུ་གསོལ༔ ཐོད་སྐམ་ལྔ་ཡི་དབུ་ལ་བརྒྱན་པ་ཡིས༔ དུག་ལྔ་ལས་གྱུར་ནད་གདོན་བཟློག་ཏུ་གསོལ༔ དབུ་སྐྲ་རལ་པས་ནམ་མཁར་ཁྱབ་པ་ཡིས༔ སྟེང་གདོན་གཟའ་སྐར་ལྷ་གདོན་བཟློག་ཏུ་གསོལ༔ ཤངས་ནས་འབྲུག་སྒྲ་རླུང་ནག་འཚུབ་པ་ཡིས༔ ཐོག་སེར་ལོ་ཉེས་མུ་གེ་བཟློག་ཏུ་གསོལ༔ ཞལ་


CMR008_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

གདངས་ལྗགས་འདྲིལ་མཆེ་བཞི་གཙིགས་པ་ཡིས༔ ཟ་འདྲེ་བདུད་བཞིའི་གནོད་པ་བཟློག་ཏུ་གསོལ༔ ཕྱག་གཡས་གསེར་གྱི་རྡོ་རྗེ་ཕྱར་བ་ཡིས༔ མཐའ་དམག་དུས་འཁྲུག་རོ་ལངས་བཟློག་ཏུ་གསོལ༔ གཡོན་པས་སྤྲུལ་པའི་སྡིག་རྒོད་འགྱེད་པ་ཡིས༔ རྒྱལ་འགོང་དམ་སྲི་སྨྱོ་འདྲེ་བཟློག་ཏུ་གསོལ༔ སྦྲུལ་རིགས་ལྔ་ཡི་དབུ་ལ་བརྒྱན་པ་ཡིས༔ ཀླུ་རིགས་ལྔ་ཡི་གནོད་པ་བཟློག་ཏུ་གསོལ༔ མི་མགོ་རློན་པས་དོ་ཤལ་བྱས་པ་ཡིས༔ འཆི་བདག་གཤིན་རྗེའི་ཕོ་ཉ་བཟློག་ཏུ་གསོལ༔ གླང་ཆེན་ཀོ་རློན་སྟོད་གཡོགས་བྱས་པ་ཡིས༔ བགེགས་དང་བདུད་ཀྱི་སྟོབས་


CMR008_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་བཟློག་ཏུ་གསོལ༔ ཞབས་གཉིས་བརྐྱང་བསྐུམ་དྲེགས་པ་མནན་པ་ཡིས༔ སྲིད་དང་ཞི་བའི་མཐའ་གཉིས་བཟློག་ཏུ་གསོལ༔ སྟག་གི་པགས་པས་སྨད་དཀྲིས་བྱས་པ་ཡིས༔ ཤ་ཟ་སྡེ་བརྒྱད་གནོད་པ་བཟློག་ཏུ་གསོལ༔ རུས་པའི་རྒྱན་དྲུག་སྐུ་ལ་གསོལ་བ་ཡིས༔ དུར་སྲི་དུར་འདྲེའི་གནོད་པ་བཟློག་ཏུ་གསོལ༔ སྐུ་ལས་ཁྲོ་ཆུང་ཚྭ་ཚྭ་འཕྲོ་བ་ཡིས༔ ཁྲོ་བོ་ཁྲོ་མོས་བཀའ་ཆད་བཟློག་ཏུ་གསོལ༔ བསྐལ་པའི་མེ་དཔུང་ཀློང་ན་བཞུགས་པ་ཡིས༔ མ་རིག་འཁོར་བའི་སྡུག་བསྔལ་བཟློག་ཏུ་གསོལ༔ མཁའ་འགྲོ་མ་ཚོགས་རོལ་དུ་ཁྲིད་པ་ཡིས༔ ཡེ་ཤེས་འཇིག་རྟེན་སུན་མ་བཟློག་ཏུ་གསོལ༔ མེ་དབལ་ཁྲོ་ཚོགས་གཡས་ན་ཧཱུཾ་སྒྲ་ཡིས༔ སྲིད་པ་ཕོ་རྒྱུད་གནོད་པ་བཟློག་ཏུ་གསོལ༔ མཁའ་འགྲོ་མ་ཚོགས་གཡོན་ན་ཕཊ་སྒྲ་ཡིས༔ སྲིད་པ་མོ་རྒྱུད་གནོད་པ་བཟློག་ཏུ་གསོལ༔ ཡེ་ཤེས་ཁྱུང་ཆེན་ནམ་མཁར་ལྡིང་བ་ཡིས༔ ཀླུ་གཉན་ས་བདག་གནོད་པ་བཟློག་ཏུ་གསོལ༔ ཕྱོགས་མཚམས་སྤྲུལ་པའི་ལྕགས་སྡིག་ཤིགས་སེ་ཤིག༔ འབྱུང་པོ་དམ་སྲི་འགོང་པོ་བཟློག་ཏུ་གསོལ༔ སྡེ་བརྒྱད་དམག་དཔུང་བྲན་དུ་བསྐོལ་བ་ཡིས༔ དགྲ་སྣ་དམག་སྣ་ཇག་རྐུན་བཟློག་ཏུ་


CMR008_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ༔ བཟློག་བསྒྱུར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུཾ་བྷྱོ༔ དབང་དྲག་འབར་བའི་ཡུམ་གཅིག་སེང་གདོང་མ༔ སྐུ་མདོག་མཐིང་ནག་ཆོས་ཉིད་འགྱུར་བ་མེད༔ ལས་ངན་འཁོར་བའི་བག་ཆགས་བཟློག་ཏུ་གསོལ༔ སེང་གེའི་ཞལ་གདངས་ངར་སྒྲ་སྒྲོག་པ་ཡིས༔ བོན་དང་མུ་སྟེགས་ཚོགས་རྣམས་བཟློག་ཏུ་གསོལ། ལོངས་སྤྱོད་རྫོགས་སྐུའི་ཆས་རྣམས་རྫོགས་པ་ཡིས༔ མུ་སྟེགས་ལྟོག་འགོང་དབུལ་སྲི་བཟློག་ཏུ་གསོལ༔ ཕྱག་གཡས་གྲི་གུག་ནམ་མཁར་ཕྱར་བ་ཡིས༔ ལས་བྱེད་སྲོག་གཅོད་དབུགས་ལེན་བཟློག་ཏུ་གསོལ༔ གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས་པ་ཡིས༔ མ་མོའི་ཁྲག་ནད་དལ་ཡམས་བཟློག་ཏུ་གསོལ༔ ཁ་ཊཾ་རྩེ་གསུམ་མཆན་དུ་བཅུགས་པ་ཡིས༔ དུག་གསུམ་ནད་གསུམ་གདོན་གསུམ་བཟློག་ཏུ་གསོལ༔ རུས་རྒྱན་མེ་ལོང་དྲིལ་བུ་གཡེལ་ཁ་ཡིས༔ དཔའ་བོ་ཌཱཀིའི་སུན་མ་བཟློག་ཏུ་གསོལ༔ ཡེ་ཤེས་མེ་དཔུང་སྐུ་ལ་འབར་བ་ཡིས༔ གཟུང་འཛིན་གྲིབ་དང་མི་གཙང་བཟློག་ཏུ་གསོལ༔ གར་ཐབས་པད་ཉི་རོ་སྟེང་འགྱིང་བ་ཡིས༔ སྣང་ཞིང་སྲིད་པའི་གདོན་ཚོགས་བཟློག་ཏུ་གསོལ༔ སྐུ་


CMR008_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་མཁའ་འགྲོ་སེང་གདོང་དཀར་མོ་ཡིས༔ བནྡེའི་བྱད་ཁ་རྒོད་གཏོང་བཟློག་ཏུ་གསོལ༔ གསུང་སྤྲུལ་དམར་མོ་སྟག་གི་གདོང་ཅན་གྱིས༔ བན་བོན་ངན་སྔགས་བྱད་ཁ་བཟློག་ཏུ་གསོལ༔ ཐུགས་སྤྲུལ་ལྗང་མོ་དོམ་གྱི་གདོང་ཅན་གྱིས༔ མུ་སྟེགས་ངན་པའི་སྦྱོར་ངན་བཟློག་ཏུ་གསོལ༔ ཡོན་ཏན་སྤྲུལ་པ་མ་མོ་འབུམ་སྡེ་ཡིས༔ མ་མོའི་དལ་ཁ་རིམས་ནད་བཟློག་ཏུ་གསོལ༔ ཕྲིན་ལས་སྤྲུལ་པ་སྤྱང་གདོང་ལྗང་མོ་ཡིས༔ གཏད་སེལ་ཕྲ་མེན་རླུང་འཁོར་བཟློག་ཏུ་གསོལ༔ ཡང་སྤྲུལ་ཕོ་ཉ་རི་རབ་རྡུལ་མཉམ་གྲངས༔ དགྲ་འདྲེའི་ལྟས་ངན་ཡེ་འདྲོགས་བཟློག་ཏུ་གསོལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དབང་དྲག་འབར་བ་ཡབ་ཡུམ་གྱི་རྩང་བསྟོད་བཞུགས་སོ༔ ཧཱུཾ་བྷྱོ༔ དབང་དྲག་འབར་བའི་ཡབ་ཡུམ་གཏོར་ཆེན་གྱི༔ ཕྱི་རིམ་ལྕགས་རི་དཀྱིལ་འཁོར་མུ་རན་ལ༔ དམར་ནག་ཅུང་ཕུར་ཉི་ཤུ་རྩ་བརྒྱད་བཀོད༔ དངུལ་ལམ་དཀར་པོའི་ཤིང་ལ་བྱས་པ་ཡི༔ ཤར་ཕྱོགས་ཞི་བའི་ལས་མཛད་རྩང་ཕུར་བདུན༔ ཞི་བའི་རྩང་ཕུར་ཟླུམ་པོ་ཨ་ལོང་རིས༔ ཡར་གྱི་རྩེ་ལ་དུང་སེང་རལ་པ་བསིག༔ མར་གྱི་རྩེ་ལ་ཆུ་སྲིན་མཆེ་བ་གཙིགས༔ སྐེད་པ་


CMR008_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མདུད་ཟླུམ་པོའི་གཞལ་ཡས་ཁང་༔ ཞི་བའི་ལས་མཛད་ཤར་གྱི་མ་བདུན་གནས༔ ནད་གདོན་འཇིགས་པ་བརྒྱད་སོགས་ཞི་བ་དང་༔ ཤར་ཕྱོགས་དགྲ་བགེགས་བཟློག་པའི་ཕྲིན་ལས་མཛོད༔ གསེར་རམ་རྒྱས་པའི་ཤིང་ལ་བྱས་པ་ཡི༔ རྒྱས་པའི་ལས་མཛད་ལྷོ་ཡི་རྩང་ཕུར་བདུན༔ རྒྱས་པའི་རྩང་ཕུར་གྲུ་བཞི་ཨ་ཁང་རིས༔ ཡར་གྱི་རྩེ་ལ་རྒྱ་སྟག་འཛུམ་དྲུག་རྒྱས༔ མར་གྱི་རྩེ་ལ་ཕག་རྒོད་མཆེ་བ་གཙིགས༔ སྐེད་པ་རྒྱ་མདུད་གྲུ་བཞི་གཞལ་ཡས་ཁང་༔ རྒྱས་པའི་ལས་མཛད་ལྷོ་ཡི་སྲིང་བདུན་གནས༔ ཚེ་བསོད་འབྱོར་པ་དྲུག་པོ་རྒྱས་པ་དང་༔ ལྷོ་ཡི་དགྲ་བགེགས་བཟློག་པའི་ཕྲིན་ལས་མཛོད༔ ཟངས་སམ་དབང་གི་ཤིང་ལ་བྱས་པ་ཡི༔ དབང་གི་ལས་མཛད་ནུབ་ཀྱི་རྩང་ཕུར་བདུན༔ དབང་གི་ལས་མཛད་ཟླ་ཕྱེད་ཟླ་གམ་རིས༔ ཡར་གྱི་རྩེ་ལ་གཟིག་ཆེན་ཐིག་ལེ་ངར༔ མར་གྱི་རྩེ་ལ་དོམ་ནག་མཆེ་བ་གཙིགས༔ སྐེད་པ་རྒྱ་མདུད་ཟླ་གམ་གཞལ་ཡས་ན༔ དབང་གི་ལས་མཛད་ནུབ་ཀྱི་མ་བདུན་གནས༔ སྣང་སྲིད་མ་ལུས་དབང་དུ་སྡུད་པ་དང་༔ ནུབ་ཀྱི་དགྲ་བགེགས་བཟློག་པའི་ཕྲིན་ལས་མཛོད༔ ལྕགས་སམ་


CMR008_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོའི་ཤིང་ལས་བྱས་པ་ཡི༔ དྲག་པོའི་ལས་མཛད་བྱང་གི་རྩང་ཕུར་བདུན༔ དྲག་པོའི་རྩང་བཙུགས་གྲུ་གསུམ་ཕུར་སོ་རིས༔ ཡར་གྱི་རྩེ་ལ་བསྲེ་ཡི་བྱ་གླག་འཇུམ༔ མར་གྱི་རྩེ་ལ་ལྕགས་ཀྱི་ཕོ་རོག་གྲག༔ སྐེད་པ་རྒྱ་མདུད་གྲུ་གསུམ་གཞལ་ཡས་ཁང་༔ དྲག་པོའི་ལས་མཛད་བྱང་གི་བྲན་བདུན་གནས༔ བདུད་བཞིའི་དགྲ་བགེགས་དམ་སྲི་བསྒྲལ་བ་དང་༔ བྱང་གི་དགྲ་བགེགས་བཟློག་པའི་ཕྲིན་ལས་མཛོད༔ དཀྱིལ་འཁོར་མཐའ་སྐྱོང་དབང་མོ་ཉེར་བརྒྱད་དང་༔ རྩང་ཕུར་ཉེར་བརྒྱད་འཚུབ་མ་རིས་སུ་བཙུགས༔ ཡར་རྩེ་ཟུར་གསུམ་མཁའ་ལ་ཟེངས་སེ་ཟེང་༔ སྟེང་ཕྱོགས་གཟའ་དང་རྒྱུ་སྐར་དབལ་ཟེར་ཟློག༔ མར་རྩེ་ཟུར་གསུམ་ངན་སོང་གསུམ་ལ་གཟིར༔ འོག་ཕྱོགས་ཀླུ་དང་ས་བདག་གནོད་པ་ཟློག༔ སྐེད་པ་རྒྱ་མདུད་བར་ན་ཁྲིགས་སེ་ཁྲིག༔ བར་ཕྱོགས་ལྷ་སྲིན་གནོད་པ་བཟློག་ཏུ་གསོལ༔ རྩང་སྟོད་དམར་པོ་མེ་འབར་ལམས་སེ་ལམ༔ དམར་པོ་བཙན་དམག་རྟ་རྒྱུག་ཤ་ར་ར༔ བཙན་གྱི་གྲི་འཐབ་གཟེར་ནད་དགྲ་ལ་ཟློག༔ གཙང་སྨད་ནག་པོ་མུན་པ་ཐིབས་སེ་ཐིབ༔ ནག་པོའི་བདུད་དམག་བྲོ་བརྡུང་ཁྲིགས་སེ་ཁྲིག༔ བདུད་


CMR008_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཞགས་པ་ཡེ་འདྲོགས་དགྲ་ལ་ཟློག༔ རྩང་སྐེད་སེར་པོ་རྒྱ་མདུད་ཁྲམ་ཤིང་རིས༔ གཤིན་རྗེའི་ཁྲམ་ཐོག་སྲོག་ལེན་ཡེ་རེ་རེ་འཆི་བདག་གཤིན་རྗེའི་ཁྲམ་ཁ་དགྲ་ལ་ཟློག༔ རྩང་ཕུར་སྨད་ནི་སྲིན་མོ་འགྲོས་སུ་བཙུགས༔ སྲིན་མོ་བླ་རྐུན་ཚོགས་ནི་ཞུངས་སེ་ཞུང་༔ མ་མོའི་ཁྲག་ནད་དལ་ཡམས་དགྲ་ལ་ཟློག༔ རྩང་སྐེད་དྲ་མིག་མཁའ་འགྲོ་དྲུ་བས་སྡོམ༔ དཔའ་བོ་ཌཱཀྐིའི་གར་བྱེད་ཤིགས་སེ་ཤིག༔ གནས་དང་ཡུལ་གྱི་མཁའ་འགྲོའི་སུན་མ་ཟློག༔ རྩང་རྩེ་ཤ་དང་ལིངྒས་བརྒྱན་པ་ཡིས༔ ཤ་ཟ་ཞིང་སྐྱོང་རྣམས་ཀྱི་དལ་ཁ་ཟློག༔ བཱ་སུ་ཏ་དང་སྔོ་དམར་ཞགས་པས་དཀྲིས༔ རྒྱུ་གཟེར་ནད་སྤྲིན་སྔོ་དམར་དགྲ་ལ་ཟློག༔ དམར་ནག་རྩང་གི་ཕུར་པ་ཉི་ཤུ་བརྒྱད༔ དྲག་པོའི་རྩང་ཕུར་མདའ་ལ་ཉེ་རིང་མེད༔ ཐུན་རྫས་ཡུངས་ཀར་རྦབ་ལ་གྱེན་ཐུར་མེད༔ ཕོ་ཉ་མངག་པའི་ལས་ལ་དཀའ་སླ་མེད༔ དྲག་སྔགས་དམིགས་པའི་འབེན་ལ་ཆེ་ཆུང་མེད༔ སྡང་བའི་དགྲ་བགེགས་འབྱུང་པོ་གནོད་བྱེད་རྣམས༔ དྲག་པོ་རྩང་གི་ཕུར་པས་རྡུལ་དུ་རློག༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔


CMR008_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བར་བསྒོ་དབོན་པོས་བསྐུལ་ནས༔ རཱ་ག་ཨ་སྱས་འཕྲལ་དུ་བྲིས་པ་ལ༔ ཉེས་འགལ་མཆིས་ན་ལྷ་དང་སྲུང་མ་རྣམས་ལ་བཤགས༔ དགེ་བས་གསང་སྔགས་བསྟན་པ་མཐའ་རྒྱས་ཤོག༔ བཀྲ་ཤིས་པར་ཤོག༔ ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

དྲག་པོའི་སེང་ཟོར།


CMR008_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ དབང་དྲག་པདྨ་ཡབ་ཡུམ་གྱིས། །ཕོ་ཉ་མངག་པ་ཟོར་གྱི་ལས། །ཕུང་ཟོར་དྲག་པོ་ཐོག་ལྟར་རྒྱོབ། །གློག་ལྟར་འཁྱུགས་ཤིང་ཐོག་ལྟར་འབེབས། །ཕོ་ཉ་མངག་པ་ཟོར་གྱི་ལས། །དགྲ་བགེགས་ལུས་སེམས་འབེན་ལ་ཡཱ། །གཟུགས་ཕུང་རྡུལ་ཕྲན་བཞིན་དུ་ཤིགས། །རིག་པ་སྐྱེ་མེད་དབྱིངས་སུ་སྤོར། །ཨརྩིག་ནིརྩིག་ན་མོ་སོགས། ཨ་ཡ་མ་དུ་རུ་ཙ༔ ཨཀསམརཿཙཤཌ༔ དགྲ་བགེགས་གནོད་བྱེད་བཻ་རི་ལི་ལི་བྷྱོ་བྷྱོ་ཟློག་ཟློག །དབང་དྲག་པདྨ་ཡབ་ཡུམ་གྱིས། །ཕོ་ཉ་མངག་པ་ཟོར་གྱི་ལས། །ཡུངས་ཟོར་དྲག་པོ་རྦབ་ལྟར་འདྲིལ། གོང་གི་ཚིག་རྐང་ལྔ་པོ་དང་སྔགས་འགྲེའོ། །དབང་དྲག་པདྨ་ཡབ་ཡུམ་གྱིས། །ཕོ་ཉ་མངག་པ་ཟོར་གྱི་ལས། །ཁྲག་ཟོར་དྲག་པོ་མཚོ་ལྟར་ཁོལ༴ །དབང་དྲག་པདྨ་ཡབ་ཡུམ་གྱིས། །ཕོ་ཉ་མངག་པ་ཟོར་གྱི་ལས། །ཚེ་ཟོར་དྲག་པོ་སྐར་ལྟར་འཁྲུག །དབང་དྲག་པདྨ་ཡབ་ཡུམ་གྱིས། །ཕོ་ཉ་མངག་པ་ཟོར་གྱི་ལས་། །དུག་ཟོར་དྲག་པོ་རླུང་ལྟར་འཁྱམས༴ །དབང་དྲག་པདྨ་ཡབ་ཡུམ་གྱིས། །ཕོ་ཉ་མངག་པ་ཟོར་གྱི་ལས། །མདའ་རྡོ་ཟོར་རྣམས་ཆར་ལྟར་འབེབས། །གློག་ལྟར་


CMR008_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱུགས་ཤིང་ཐོག་ལྟར་འབེབས། །ཕོ་ཉ་མངག་པ་ཟོར་གྱི་ལས། །དགྲ་བགེགས་ལུས་སེམས་འབེན་ལ་ཡཱ། །གཟུགས་ཕུང་རྡུལ་ཕྲན་བཞིན་དུ་ཤིགས། །རིག་པ་སྐྱེ་མེད་དབྱིངས་སུ་སྤོར། །ཨརྩིག་ནིརྩིག་ན་མོ་སོགས། ཨ་ཡ་མ་དུ་རུ་ཙ༴ ཨཿཀཿསཿམཿརཿཙཤ༔ དགྲ་བགེགས་གནོད་བྱེད་བཻ་རི་ལི་ལི་བྷྱོ་སྦྱོ་ཟློག་ཟློག །ཨ་རཱ་གས་བླ་མ་སྲུང་གི་དོན་དུ་བྲིས། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

སེར་སྲུང་གསེར་སྐྱེམས་ཕྲིན་བཅོལ།


CMR008_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

སེར་སྲུང་གསེར་སྐྱེམས་ཕྲིན་བཅོལ་བཞུགས། ན་མོ་གུ་རུ་མ་ཧཱ་ནི་ཧ་པཱ་ད་ཡེ། ཇ་ཆང་འོ་ཕུད་འབྲུ་སྣ་སྦྱར་བ་བཤམས་ལ། རཾ་ཡཾ་ཁཾ་གིས་བསང་། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས། རང་ཉིད་ལྷར་བསྐྱེད་པ་ནི། ཧཱུྃ༔ བདག་ཉིད་དབང་ཆེན་རྟ་མཆོག་ཧེ་རུ་ཀ །དམར་གསལ་ཐོད་དབྱུག་མེ་ཞགས་ཁྲོ་ཆས་རྫོགས། །གནས་ལྔར་གོ་ཆ་རྒྱན་གསུམ་ལྷ་ལྔར་གསལ། །དབུ་གཙུག་རྟ་མགོའི་དབྱིངས་ལས་མེ་བྱུང་འཕྲོས། །དམ་ཡེ་དབྱེར་མེད་སྣང་སྲིད་ཟིལ་གནོན་གྱུར། །ལྟར་སྣང་གསལ་བའི་ངང་ནས། ཧྲཱིཿགྱ་ཤྲཱི་ཝ་ཧཱུྃ་ཕཊ༔ གང་ནུས་དང་། ཧྲུབྱ་གྷཾ་ཝ་ཡ་མཱནྟ་ཀ་པདྨ་ཀྲོ་དྷ་བཛྲ་པཱ་ཎི་ཀྲོ་དྷི་ཀཱ་ལི་ཡཀཱ་ཀཱ་ལ་ཁྲོ་ག་རུ་ཊ་ཧི་ཧི་ཧཱུཾ་ཕཊ༔ བཅུའམ་གང་འོས་བཟླས་ཤིང་། སྡེ་བརྒྱད་གསེར་སྐྱེམས་ཀྱི་འདོད་གསོལ་ནི། མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །ལོ་དགྲ་སེར་བའི་གནོད་པ་ཟློག །བདག་གི་འདོད་དོན་བསྒྲུབ་ཏུ་གསོལ། །ཞེས་སྦྱར་བ་གསུམ་སོགས་གང་ནུས་འབུལ། ༈ སེར་བ་བཀག་ཐབས་ནི། ༀ་ཛྭ་ལ་རཾ་རཾ༔ མེ་ལ་རཾ་རཾ༔ ཆུ་ལ་རཾ་རཾ༔ དེས་ཐུབ་པ་གནམ་ཆོས་སོ། །

པདྨ་འོད་འབར་གྱི་སྒོ་ནས་སེར་བ་ཟློག་ཐབས།


CMR008_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་འོད་འབར་གྱི་སྒོ་ནས་སེར་བ་ཟློག་ཐབས་བཞུགས་སོ༔


CMR008_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པྲ་ཝཱ་ཀ་ར་ཡེ༔ པདྨ་འོད་འབར་སྐུ་ལ་རབ་བཏུད་ནས༔ དེ་ཡི་སྒོ་ནས་སེར་སྲུང་མན་ངག་བྲི༔ ཆོས་བདག་ཌཱཀིས་བཀའ་ཡི་གནང་བ་སྩོལ༔ དེ་ལ་ནངས་སྔ་ནམ་མཁའ་བྱིན་རླབས་ནི༔ ཧཱུྃ༔ རང་ཉིད་སྐད་ཅིག་པདྨ་འོད་འབར་གསལ༔ ནམ་མཁའི་དབུས་སུ་ཉི་ཟླ་པདྨའི་སྟེང་༔ སངས་རྒྱས་འོད་དཔག་མེད་པ་སྐུ་མདོག་དམར༔ མཚན་དཔེས་རབ་བརྒྱན་སྐྱིལ་ཀྲུང་མཉམ་གཞག་ཅན༔ དམ་ཡེ་དབྱེར་མེད་ཐུགས་སྲོག་ཧཱི༔ཡིས་མཚན༔ དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས༔ སེར་བདག་ལྷ་འདྲེ་ཀུན་གྱི་གདུག་རྩུབ་ཞི༔ བྱམས་དང་སྙིང་རྗེའི་བསམ་པ་རབ་ལྡན་ནས༔ སྡེ་བརྒྱད་


CMR008_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་འདྲེ་སེར་བདག་མ་ལུས་པ༔ ཐམས་ཅད་སྤྱན་རས་གཟིགས་ཀྱི་སྐུ་རུ་གྱུར༔ ཐམས་ཅད་ཡིག་དྲུག་འུར་འུར་འདོན་པར་གྱུར༔ ན་མོ་བུདྡྷ་ཡ༔ ན་མོ་དྷརྨཱ་ཡ༔ ན་མསངྒྷ་ཡ༔ ཨོཾ་ཨ་མི་དྷེ་ཝ་ཧཱི༔ པདྨ་དྷ་རི་ཧཱུྃ༔ ཡུལ་འདི་ཞེས་ཆེ་གེ་མོར་སེར་བ་སྲུངས་ཤིག་རཀྵ་རཀྵ༔ ཞེས་པ་སྲུང་བ་ལན་བདུན༔ ཉེར་གཅིག་བརྒྱའམ་སྟོང་གང་འགྲུབ་བཟླས༔ བླ་མེད་དཀོན་མཆོག་གསུམ་གྱི་བདེན་པའི་མཐུས༔ ཐོག་སེར་ལ་སོགས་གནོད་པ་ཞི་གྱུར་ཅིག༔ སེར་བདག་ལྷ་འདྲེ་འོད་དཔག་མེད་ལ་ཐིམ༔ དེ་ཡང་མི་དམིགས་སྟོང་ཉིད་སྤྲོས་བྲལ་གྱུར༔ དེ་ལྟར་བྱས་པས་གནམ་ཡུལ་འཇམ་པ་ཡིན༔


CMR008_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དགོང་མོ་སེར་སྤྲིན་བརྟག་པ་ནི༔ གཡག་ནི་ཁམ་པའི་རྔ་མ་ལངས་འདྲ་དང་༔ ར་ནི་རྒྱ་བོའི་སྤོ་འདྲ་ཁྱུང་ནག་གཤོག་པ་འདྲ༔ སྡིག་པའི་རྭ་འདྲ་ནག་པོ་རྟ་རྔ་འདྲ༔ སྲིན་མོའི་རལ་པ་གསིགས་འདྲ་སེར་སྤྲིན་ཡིན༔ དེ་ནས་སེར་སྤྲིན་དམིགས་པས་གཏོར་བ་ནི༔ ཧཱུྃ༔ བདག་ཉིད་པདྨ་འོད་འབར་སྐུ་རུ་གསལ༔ སེར་སྤྲིན་དབུས་སུ་གུ་རུ་དྲག་པོ་ནི༔ རྡོ་རྗེ་སྡིག་པ་འཛིན་ཅིང་མེ་དཔུང་འབར༔ སེར་སྤྲིན་བསྲེགས་ཤིང་སེར་བ་ཆུ་རུ་བཞུས༔ སེར་བདག་ཐམས་ཅད་རྒྱ་མཚོའི་འགྲམ་དུ་བྲོས༔ སེར་བ་ཞུ་ནས་ཆར་དུ་འབེབས་པར་གྱུར༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཡ་ཧཱུྃ་ཕཊ༔ ནཱ་ཤ་ཡ༔ ནཱ་ག་ཐེད་ཐེད་སྭཱ་ཧཱ༔ ནཱ་ཤ་ཡ༔ ནཱ་ག་སྭཱ་ཧཱ༔ ཏྲི་མཱ་ར་ཡ་ན་སྭཱ་ཧཱ༔ ཞེས་བརྗོད་སེར་སྤྲིན་གཏོར་རམ་ཞི་བར་འགྱུར༔ གལ་ཏེ་སེར་སྤྲིན་གཏོར་བར་མ་ཐུབ་ན༔ དེ་ནས་གདོང་ཟློག་དམིགས་པ་འདི་ལྟར་བྱ༔ ཧཱུྃ༔ བདག་ཉིད་པདྨ་འོད་འབར་ཐུགས་ཁྲོས་ནས༔ དབང་དྲག་འབར་བ་གུ་རུ་དྲག་པོ་རྩལ༔ དམར་ནག་ཞལ་གཅིག་ཕྱག་གཉིས་ཁྲོ་ཆས་རྫོགས༔ ཕྱག་གཡས་རྡོ་རྗེ་གཡོན་པས་ལྕགས་སྡིག་འགྱེད༔ བསྐལ་པའི་མེ་དཔུང་དབུས་སུ་སྔགས་སྒྲ་སྒྲོག༔ ནམ་མཁའ་ཐམས་ཅད་པདྨ་འོད་འབར་གང་༔ བར་སྣང་ཐམས་


CMR008_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་གུ་རུ་དྲག་པོས་གང་༔ ས་གཞི་ཐམས་ཅད་སེང་གདོང་ལྷ་མོས་གང་༔ སྙེ་མ་ཐམས་ཅད་ཁྲོ་བོ་ཁྲོ་མོའི་སྐུ༔ ནས་འབྲུ་རེ་རེ་ཧཱུྃ་ཡིག་རེ་རེ་གསལ༔ སྐུ་ལས་མེ་རླུང་འཚུབ་མའི་ཚྭ་ཚྭ་འཐུལ༔ སེར་བ་སེར་བྱེད་ཐམས་ཅད་བསྲེག་པར་གྱུར༔ ཨོཾ་ཨཱ༔ཧཱུྃ་ཨརྩིག་ནི་རྩིག་སོགས། ཧཱུྃ་ཧཱུྃ་ཕཊ༔ ཨཡཐམདུརུཙཤནཆར་ནི་ཆུར་ནི་སྭཱ་ཧཱ། ཞེས་བརྗོད་དམིགས་པ་གསལ་བར་བྱ་བ་ཡིན༔ ལྕགས་བརྡུང་འབྲུག་སྒྲ་གང་དུ་གཟེར་བ་ར༔ ཐོག་སྲུང་དམིགས་པ་འདི་བཞིན་གལ་ཆེའོ༔ སྤྱི་གཙུག་ནམ་མཁར་གསེར་གྱི་འཁོར་ལོ་ནི༔ རྩིབས་སྟོང་སྟེང་དུ་བསྐལ་བཟང་སངས་རྒྱས་སྟོང་༔ དབུས་སུ་སངས་རྒྱས་ཤཱཀྱ་ཐུབ་པ་བཞུགས༔ ཕྱོགས་མཚམས་རྡོ་རྗེའི་རྭ་བ་གུར་དུ་ཕུབ༔ རྐང་པའི་འོག་ཏུ་གཡུ་ཡི་གྲོད་པ་མནན༔ ཨོ་མ་ཧཱ་ཤི་བཛྲ་ཀྲོ་ཏ་ཧཱུྃ་ཕཊ༔ སརྦ་ས་ཁྱི་ཁ་ལི་བྷ་དྲ༔ ཛཱ་ལ་ཛཱ་ལ་ཧཱུྃ་ཕཊ༔ རཾ་རཾ༔ ཞེས་བརྗོད་སྡིགས་མཛུབ་ཕྱོགས་བཅུར་གཡུགས༔ བཅུ་གསུམ་བཟླས་ན་འབྲུག་གི་སྐད་ཡང་འཆག༔ ཉེར་གཅིག་བཟླས་ན་ཐོག་ཀྱང་ར་མར་ལྟར༔ ཞུ་ནས་དངོས་པོ་མེད་པར་འགྱུར་བར་གསུངས༔ དེས་ཀྱང་མ་ཐུབ་སེར་རྐང་བཙུགས་བྱུང་ན༔ ཧཱུྃ༔ རང་ཉིད་དྲག་པོའི་ཕྱག་གཡས་རྡོ་རྗེ་ལས༔ གནམ་ལྕགས་འཁོར་ལོ་མེ་དཔུང་


CMR008_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བ་འཕྲོས༔ སེར་རྐང་ལ་བརྒྱབ་སེར་རྐང་བཅད་ཅིང་གཏུབ༔ སེར་བ་སེར་བྱེད་སྣ་འདྲེན་དང་བཅས་པ༔ སྟམྦྷ་ཡ༔ ནཱ་ཤ་ཡ་མཱ་ར་ཡ་ཧཱུྃ་རཾ༔ ཕཊ་རཾ༔ བྷྱོ་རཾ༔ ཏྲག་རཾ༔ སེར་བ་རཾ་ཆོད་སྤྲིན་ནག་གཏོར༔ དྲག་ཏུ་རཾ་རཾ༔ ཛྭ་ལ་རཾ་རཾ་ཧཱུྃ་ཕཊ༔ དྲག་ཏུ་བཟླས་ཤིང་དྲག་ཏུ་ཐུན་ཡང་འཕེན༔ ཤིང་རལ་གཡུག་ཅིང་དམིགས་པ་དྲག་ཏུ་བྱ༔ སྡིགས་མཛུབ་དག་གིས་ཞིང་སོགས་མི་གནོད་སར༔ སེར་བའི་ལམ་བསྟན་འདི་བཞིན་བརྗོད་ལ་དམིགས༔ སྤང་རི་ལ་རྒྱོབ༔ བྲག་རི་ལ་རྒྱོབ༔ རྫ་རི་ལ་རྒྱོབ༔ ནགས་རི་ལ་རྒྱོབ༔ དེ་ལྟར་བརྗོད་པས་ཐུབ་པར་སླ་བ་ཡིན༔ འདི་ལྟར་དམིགས་པ་ཟིན་ན་ངེས་པར་ཐུབ༔ གལ་ཏེ་མ་ཐུབ་ཅུང་ཟད་བབས་གྱུར་ཀྱང་༔ སེར་བའི་ཤུགས་འཆག་ལོ་ལ་གནོད་མི་སྲིད༔ དེ་ནས་ལྷ་འདྲེ་སྨྲས་འགྲམ་གསོ་བ་ནི༔ ཧཱུྃ༔ རང་ཉིད་སྐད་ཅིག་འཕགས་པ་སྤྱན་རས་གཟིགས༔ ནམ་མཁའ་བར་སྣང་ཐམས་ཅད་སྐུ་ཡིས་ཁྱབ༔ ༔ ཕྱག་གཡོན་པདྨ་གཡས་པས་མཆོག་སྦྱིན་མཛད༔ མཆོག་སྦྱིན་མཐིལ་ནས་བདུད་རྩིའི་རྒྱུན་བབས་པས༔ ལྷ་འདྲེ་སེར་བདག་ཁྲུས་བྱས་བདུད་རྩི་འཐུང་༔ སྨྲས་འགྲམ་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི༔ བཀྲག་མདངས་གཟི་བརྗིད་ཐམས་ཅད་སྔར་བས་ཚེ༔ ཐམས་ཅད་དད་གུས་ཕྱག་


CMR008_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་སྐོར་བ་བྱས༔ བྱམས་དང་སྙིང་རྗེ་སྐྱེ་ཞིང་ཡིག་དྲུག་འདོན༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཡིག་དྲུག་དེ་ལ་ཕྲེང་སྐོར་ཡན་ཆད་འདོན༔ འདི་ལྟར་སེར་བ་བཟློག་པའི་དགེ་བ་འདིས༔ དབུ་ནག་མི་ལ་ཟང་ཟིང་སྦྱིན་པར་ཤོག༔ འབུ་སྲིན་རྣམས་ལ་སྐྱབས་ཀྱི་སྦྱིན་པར་ཤོག༔ ལྷ་འདྲེ་རྣམས་ལ་ཆོས་ཀྱི་སྦྱིན་པར་ཤོག༔ ཀུན་ཀྱང་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག༔ ཁྲོ་ཚོགས་སྲུང་འཁོར་ཐམས་ཅད་བདག་ལ་ཐིམ༔ དེ་ཡང་མི་དམིགས་སྟོང་ཉིད་སྤྲོས་བྲལ་གྱུར༔ ཅེས་བརྗོད་སེམས་ཉིད་མ་བཅོས་ངང་ལ་བཞག༔ དེ་ལྟར་བྱས་པས་ལྷ་འདྲེའི་མཁོན་ཞི་ཞིང་༔ ཉེས་འགལ་མི་སྒྲིབ་བྱང་ཆུབ་ལམ་དུ་འགྲོ༔ བླ་མ་སྲུང་གིས་བསྐུལ་ཕྱིར་བསྡུས་པ་འདི༔ སྔགས་འཆང་༧ རཱ་ག་ཨ་སྱ་ཞེས་བྱས་བྲིས༔ ཉེས་འགལ་མཆིས་ན་ལྷར་བཤགས་དགེ་བ་བསྔོ༔ ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

ལས་བཞིའི་སྦྱིན་སྲེག་ཤིན་ཏུ་བསྡུས་པ།


CMR008_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བཞིའི་སྦྱིན་སྲེག་ཤིན་ཏུ་བསྡུས་པ་བཞུགས་པའི་དབུ་ཕྱོགས་ལགས་སོ། །འདི་ཞི་ཁྲོ་འོད་ཆོག་སོགས་གང་ལའང་རུང་ངོ་།།


CMR008_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་ལོ༔ ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་མེ་མཆོད་སྦྱིན་སྲེག་ཕྱག་ལེན་འདོན་འགྲིགས་བསྡུས་པ་ནི། ས་ཆོག་སྤྱི་ལྟར་སྟ་གོན་སོགས་མཐོང་བ་བརྒྱུད་པ་ལྟར་བྱ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཨོ་ཀུ་ཤ་འདི་ནི་གཙང་ཞིང་དགེ ཚངས་པ་ལྷ་རྣམས་དག་བྱེད་ཡིན༔ དཀོན་མཆོག་གསུམ་པོ་མཉེས་བྱེད་པ༔ ས་ལ་སྐྱེས་པ་འདབ་མའི་སྙིང་༔ བདག་གི་བགེགས་རྣམས་ཐམས་ཅད་ནི༔ ཞི་ཞིང་བཀྲ་ཤིས་མཛད་དུ་གསོལ༔ ཨོཾ་བཛྲ་སཏྭ་ཨ༔ ཨོཾ་ཨ་མྲྀ་ཏས་བསངས། ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ལས་མཐུན་གྱི༔ རིན་ཆེན་སྣོད་དུ་བསྲེག་རྫས་རྣམས༔ ངོ་བོ་བདུད་རྩི་རང་


CMR008_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ལ༔ རྣམ་པ་བསྲེག་རྫས་སོ་སོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཋ་ཌཱ་ཋ་ཌཱ་ཋ་ཌཱ་ཋཱ༔ ཨོཾ་ཨཱསཱ་ཧཱ༔ མར་ཁུ། ཨོཾ་ཤྲཱི་སྭཱ་ཧཱ། ཡམ་ཤིང་། ཨོ་ཛཾ་སྭཱ་ཧཱ། འབྲུ་ཐམས་ཅད། ཨོ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ རྫས་ཐམས་ཅད། ཨོཾ་ཨ་མྲྀ་ཏ་སོགས། ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་པད་ཉི་ཟླ་བའི་སྟེང་། ཞི་བའི། རྒྱས་པའི། དབང་གི་དྲག་པོའི། །ཐབ་ཁུང་མཚན་ཉིད་ཡོངས་རྫོགས་དབུས། །པད་ཉི་ཟླ་སྟེང་རཾ་ཡིག་ལས། མེ་ལྷ་སྐུ་མདོག་་དཀར་པོ། སེར་པོ། དམར་པོ། ལྗང་ནག༔ ནི། །ཞལ་གཅིག་ཕྱག་གཉིས་མེ་ཐབ་དང་། །རིལ་བ་འཛིན་པ་དྲང་སྲོང་ཚུལ། །


CMR008_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ར་སྐྱེས་ཆིབས་པའི་གནས་གསུམ་དུ། །ཡིག་འབྲུ་གསུམ་དང་ཐུགས་ཀ་ཡི། །རཾ་ལས་འོད་ཟེར་འཕྲོས་པ་ཡིས། །ཤར་ལྷོ་མཚམས་ནས་སྤྱན་དྲངས་གྱུར། །ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་ལྷ་ཆེན་པོ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ཨོ་ཨཀྵེ་ཡེ་སྭཱ་ཧཱ། ཛཱ་ལ་ཡ་ཛཧཱུྃ་བཾ་ཧོ༔ དབང་ལྷས་དབང་བསྐུར་ཆུ་ཡི་ལྷག །རིགས་ཀྱི་བདག་པོས་དབུ་བརྒྱན་གྱུར། །ཨོཾ་ཨཀྵེ་ཡེ་ཨབྷཾ་ནས་ཤབྟ་ཨཱཧཱུཾ། མེ་སྦྱར་འདི་ཐབ་བསྐྱེད་ཁ་བྱ་བར་གསུངས་ཀྱང་ཤིང་དཀོན་ན་འདིར་རུང་ངོ་། །ༀ་བཛྲ་ཛྭ་ལ་ཛྭ་ལ་ཧཱུཾ། ཞེས་མེ་སྦར་རོ། །ཨོ་ཨཱཧཱུཾ། ཞེས་མེ་དར་གཡབ། དགང་བླུགས་ཁ་ལ་ས་བོན་དང་། །མེ་ལྷ་ཅུང་ཟད་ཞལ་གདངས་བའི། །ལྗགས་ལ་རཾ་ཡིག་གིས་མཚན་པས། །བསྲེག་རྫས་བདུད་རྩི་བཞེས་པར་གྱུར། །མེ་སྤྲ་མི་བརྟག་ན་སྔགས་འདིས་འབུལ་མི་དགོས། ཨོ་ཨགེ་ཡེ་ཧ་བྱ་ཀ་བྱ་ཝ་ཧ་ན་ཡ་ཨ་དཱི་བྱ་སྭཱ་ཧཱ། ཞེས་གསུམ་མམ་བདུན། ཨོཾ་ཨགེ་ཡ། ཨོ་བྷྱོ་དྷི་བྷིཀཱ་ཡ་སྭཱ་ཧཱ། གཟི་བརྗིད་ཕུན་སུམ་ཚོགས་པ༔ ཡམ་ཤིང་ལའོ། །ཨོཾ་ཨཀྵེ་ཡེ་སྭཱ་ཧཱ། འབྱོར་པ་ཕུན་སུམ་


CMR008_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ༴ མར་ཁུ་ལའོ། །ཨོཾ་སརྦ་པ་པཾ་ད་ཧ་ན་བཛྲ་སྭཱ་ཧཱ། སྡིག་པ་དང་སྒྲིབ་པ་ཐམས་ཅད༔ ཏིལ་ལའོ། །ཨོཾ་སརྦ་ཨརྦ་སིདྡྷི་ཡ་སྭཱ་ཧཱ། གདོན་བགེགས་ཐམས་ཅད༔ ཡུངས་ཀར་རོ། །ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། བདེ་བ་ཕུན་སུམ་ཚོགས་པ༴ ཟས་མཆོག་གོ །ཨོཾ་བཛྲ་པུཊྚ་ཡ་སྭཱ་ཧཱ། བསོད་ནམས་དང་དཔལ་འབྱོར༔ འབྲས་སོ། །ཨོཾ་བཛྲ་བི་ཛ་ཡ་སྭཱ་ཧཱ། ནོར་དང་འབྲུ་ཕུན་སུམ་ཚོགས༴ སོ་བ་ལའོ། །ༀ་བཛྲ་མ་ཧཱ་བེ་ག་སྭཱ་ཧཱ། མྱུར་བའི་ཤུགས་ཕུན་སུམ་ཚོགས་པ༔ ནས། ཨོཾ་བཛྲ་མ་ཧཱ་བ་ལ་ཡ་སྭཱ་ཧཱ། སྟོབས་ཕུན་སུམ་ཚོགས་པ༴ སྲན་མའོ། །ཨོཾ་བཛྲ་གསྨ་རི་སྭཱ་ཧཱ། ནད་མེད་པ་ཕུན་སུམ་ཚོགས་པ༴ གྲོ་ལའོ། །ༀ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ། ཚེ་ཕུན་སུམ་ཚོགས་པ༔ དུརྦ་ལ། ཨོཾ་ཨཱཿཔྲ་ཏི་ཧ་ཏ་ཡ་སྭཱ་ཧཱ། སྲུང་བ་ཕུན་སུམ་ཚོགས་པ༴ ཀུ་ཤ་ལའོ། །ཨོཾ་བཛྲ་ཤྲི་བ་ཡེ་སྭཱ་ཧཱ། རིགས་རྒྱུད་ཕུན་སུམ་ཚོགས་པ༴ ཤིང་ཐོག་གོ། ཨོཾ་བཛྲ་མ་ལེ་པུ་ཡ་སྭ་ཧཱ། ཤེས་རབ་ཕུན་སུམ་ཚོགས་པ༔ དཀར་གསུམ་སྟེ་དྲག་པོ་ལ་མི་རུང་ངོ་། །ཨོཾ་བཛྲ་པུལླེ་སཱཧཱ། ཁ་དོག་དང་གཟི་བརྗིད་ཕུན་སུམ་ཚོགས་པ༔ མེ་ཏོག་གོ །ཨོཾ་བཛྲ་ཏཾ་བུ་ལ་ཡ་སྭཱ་ཧཱ། བཀྲ་ཤིས་


CMR008_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་སུམ་ཚོགས་པ༔ ཇ་ཆང་བ་ཙི་ལའོ། །ༀ་ཨོ་ཥ་དྷི་སྭཱ་ཧཱ། །ནད་པ་ཕུན་སུམ་ཚོགས་པ༴ སྨན་སྣ་ཚོགས་སོ། །ཨོཾ་བཛྲ་ཝསྐྱ་ཡ་སྭཱ་ཧཱ། གོས་དང་རྒྱན་ཕུན་སུམ་ཚོགས་པ༴ དར་སྣ་ལ། གཞན་ཐམས་ཅད། ཨོཾ་ཨཱ༔ཧཱུྃ་སྭཱ་ཧཱ། ཡིས་ཕུལ་ཆོག །ཧཱུཾ། གཟི་བརྗིད་ལྡན་པ་མེ་ཡི་ལྷ། །འབར་བཅས་སྐུ་ཡི་རྒྱན་གྱིས་བརྒྱན། །རྔམ་པའི་བྱིན་རླབས་ལས་ལ་བརྩོན། །བསྲེག་བླུགས་འབུལ་ལོ་ལས་ཀུན་མཛོད། །ཚངས་པ་འཇིག་རྟེན་མགོན་གྱི་སྲས། །ཞི་ལ་སོགས་པའི་ལྷ་དཔལ་ཏེ། །ཇི་ལྟར་འདོད་པའི་དོན་སྒྲུབ་པ། །གཟི་བརྗིད་རྒྱལ་པོར་ཕྱག་འཚལ་བསྟོད། །ཨོཾ་ཨཀྵེ་ཡེ་སྭཱ་ཧཱ། ཨོཾ་ཨཀྵེ་ཡེ་དྷེ་ཝ་ཏ་ཡེ་སྭཱ་ཧཱ། དྷརྨ་དྷ་ཏུ། ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱ། པུཎྚི་ཀུ་རུ་ཨོཾ། པ་ཤཾ་ཀུ་རུ་ཧོ་མཱ་ར་ཡ་ཕཊ། ཅེས་གོང་གི་སྔགས་མཐར་ཡང་མཐོང་བ་བརྒྱུད་པ་ལྟར་རོ། །ཞི་རྒྱས་གཉིས་ལ། མེ་ལྷའི་ལྟོ་བ་རྒྱ་ཆེ་ཞིང་། །རབ་ཏུ་ཡངས་པ་དེ་ཡི་ནང་། །དབང་དང་དྲག་པོ་གཉིས་ལ། མེ་ལྷ་འོད་དུ་ཞུ་བ་ཡི། །མེ་དཔུང་ཆེན་པོའི་དབུས་ཉིད་དུ། །ཞེས་ལྷ་གང་ཡིན་མངོན་རྟོགས་བརྗོད། བསྡུ་ན་སྤྱན་འདྲེན་ཁོ་ནས་བྱོན་ཏེ་བཞུགས་པར་བསམ། སྤྱན་འདྲེན་མཆོད་པ་རང་གཞུང་ལྟར་བྱ། སྐབས་འདིར་ཡམ་ཤིང་མར་ཁུ་གཉིས་མེད་ཀ་མེད་


CMR008_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། གཞན་ཐམས་ཅད་འཛོམ་པ་རབ། གང་འཛོམ་རྫས་ལ་བརྟེན་ནས་ལས་ཚོགས་སོ་སོ་སྒྲུབ། དྲག་པོ་ལ་ལིངྒ་གཙོ་བོ་ཡིན། དབང་ལ་མེ་ཏོག་དམར་པོ། རྒྱས་པ་ལ་ཟས་མཆོག །ཞི་བ་ལ་ཏིལ་ལམ་ཡུངས་ཀར་རོ། །དེ་ནས་ལྷ་གང་ཡིན་གྱི་གཏོར་མ་རང་གཞུང་ལྟར་འབུལ་ལོ། །རང་གཞུང་མེད་ན། ཨོ་མྲྀ་ཏས་བསང་། སྭ་བྷ་ཝས་སྦྱངས། ལས་མཐུན་སྣོད་དུ་གཏོར་མ་ནི། །བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། །ཨོཾ་ཨཱཿཧཱུྃ༔ རྩ་སྔགས་ལ། ཨི་དམ་སོགས། །བཅོམ་ལྡན་འཁོར་དང་བཅས་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་བའི་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །


CMR008_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ལེགས་ཕུན་སུམ་ཚོགས་པ་ཡི། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །དེ་ནས་སོ་སོའི་བསྟོད་པ་བྱ། མེད་ན། བསྟོད་པར་འོས་པ་ཐམས་ཅད་ལ། །སོགས། དེ་ནས་རྗེས་ཆོག་ལ། སྤྲོ་ན་བསྲེག་རྫས་ལྷག་མ་གང་འགྲུབ་ཕུལ། ཨནྡྷཾ་སོགས། བསྟོད་པར་འོས་པ་སོགས། མ་འབྱོར་པ་སོགས། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །རྟེན་གྱི་གནས་སུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿ ཨོཾ་ཨཀྵེ་ཡེ་ཛྭ་ལ་རཾ། མེ་ལྷ་འབར་བའི་རྣམ་པ་ལས། །བཞེངས་ཏེ་ཕུན་སུམ་ཚོགས་པར་གྱུར། །འདི་ཞི་རྒྱས་གཉིས་ལ་མི་དགོས་སོ། །མེ་ལྷའི་གཏོར་མ་གོང་ལྟར་བྱིན་གྱིས་བརླབ། ཨོཾ་ཨཀྵེ་ཡེ་དྷེ་ཝ་ཨི་དམ་སོགས། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞི་དང་རྒྱས་སོགས། ཨོཾ་ཨཀྵེ་ཡེ་དྷེ་ཝ་ཨགྷཾ་སོགས། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །ཞི་ལ་སོགས་པའི་ལྷ་དཔལ་ཏེ། །ཇི་ལྟར་འདོད་པའི་དོན་སྒྲུབ་པ། །གཟི་བརྗིད་རྒྱལ་པོར་ཕྱག་འཚལ་བསྟོད། །ཨོཾ་མ་


CMR008_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །ཉམས་པ་བགྱིད་དང་བགྱིད་སྩལ་བ། །དེ་ཀུན་དྲང་སྲོང་བཟོད་པར་གསོལ། །བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱིས་གཤེགས། །ཇི་བཞིན་དུས་སུ་སླར་བྱོན་ཏེ། །བདག་གི་དངོས་སྒྲུབ་ཐམས་ཅད་བསྒྲུབ། །ཨོཾ་ཨགེ་དྷེ་ཝ་ཏ་ས་པ་རི་ཝ་ར་བཛྲ་མུ༔ ཡེ་ཤེས་མེ་ལྷ་ཤར་ལྷོར་གཤེགས། །དམ་ཚིག་པ་ཉིད་མི་དམིགས་གྱུར། །ཉིན་མོ་བདེ་ལེགས་སོགས་བྱའོ། །ཞེས་པ་འདི་ནི་སམྦྷོ་ཀ་ཡས་ཕྱག་ལེན་བདེ་ཕྱིར་ཤིན་ཏུ་བསྡུས་ཏེ། ཀརྨ་ཨ་རཱ་གས་བཀོད་པ་ལ་ཉེས་པ་མཆིས་ན་བཤགས་ཤིང་དགེ་བས་ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་གྱུར་ཅིག །མངྒ་ལཾ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

ཡང་ཟབ་དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་མེ་མཆོད་འདོན་འགྲིགས་གསལ་བར་བཀོད་པ།


CMR008_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཟབ་དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་མེ་མཆོད་འདོན་འགྲིགས་གསལ་བར་བཀོད་པའོ༔ དྲག་པོའི་ལས་མཐའོ༔


CMR008_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དྷེ་ཝ་ཌཱ་ཀྐི་ནཱི་ཡེ༔ པདྨ་འོད་འབར་གྱི་སྦྱིན་སྲེག་ལ༔ དང་པོ་ས་སྟེགས་བཅག༔ དེའི་སྟེང་དུ་དཀར་གཏོར་གཅིག་བཤམས་ལ༔ བྷྲཱུཾ་ལས་རིན་ཆེན་སྣོད་དུ་གཏོར་མ་ནི༔ དཀར་གསུམ་མངར་གསུམ་བདུད་རྩིའི་རྒྱ་མཚོར་གྱུརཆེན་སྣོད་དུ་གཏོར་མ་ས་ཡི་ལྷ་མོ་བརྟན་མ་ལ་སོགས་པའི༔ ས་བདག་ཡུལ་བདག་གྲོང་བདག་གནས་བདག་རྣམས༔ ས་རིན་བདུད་རྩི་གཏོར་མ་འདི་བཞེས་ལ༔ གཞི་བདག་འདི་རུ་མ་འདུག་གཞན་དུ་གཟུར༔ བདག་གིས་སྲེག་བླུགས་ཆོ་ག་བྱེད་པ་ལ༔ ཀོ་ལོང་རུ་ང་ཕྲག་དོག་མ་མཛད་པར༔ བདག་གི་དཔུང་གཉེན་གྲོགས་ལྡན་མཛད་དུ་གསོལ༔ ཨོ་པྲྀ་ཐི་དྷེ་


CMR008_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཝི་ས་པཱ་རི་ཝཱ་ར་ཨི་དམ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སྔགས་གསུམ་དང་བཛྲ་མུཿ ཐིག་བྱིན་གྱིས་རླབས་པ་ནི༔ ཐིག་ཚོན་རྣམས་ལ༔ ཨ། སྟོང་པའི་ངང་ལས་ཐིག་དང་ཚོན་རྣམས་ནི༔ རིགས་ལྔའི་རང་བཞིན་ཁ་དོག་ལྔ་ལྡན་གྱུར༔་ཨོ་ཨཱཧཱུྃ་སྭཱ་ཧཱ༔ དེ་ནས་ཡེ་ཐིག་ནམ་མཁར་གདབ༔ དེ་ནས་ཐིག་ཆེན་བརྒྱད་གདབ༔ དེ་ནས་གྲུ་གསུམ་གྲུ་གང་པ་ཁ་ཁྱེར༔ སོར་བཞི་ནག་པོ་ལ་རྡོ་རྗེ༔ དེ་རྒྱབ་སོར་གཉིས་ལྗང་གུ་རལ་གྲི༔ ནང་དམར་པོའི་དབུས་སུ་པདྨ་འདབ་བརྒྱད༔ ལྟེ་བར་ཁྲོ་བོའི་རྡོ་རྗེ་ནག་པོ་བྲིའོ༔ སྟེང་དུ་ཤིང་གྲུ་གསུམ་བརྩེགས་པའི་ནང་༔ མདའ་དར་ནག་པོའམ་དམར་པོ་བཙུགས༔ རང་གི་གཡོན་དུ་གཞི་ནག་པོ་ལ་ཡམ་ཤིང་རབ་བརྒྱ་སུམ་ཅུ་ཙམ༔ ལིངྒ་རབ་


CMR008_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཉིས་བརྒྱ་དང་ཉེར་བཞི་ཙམ༔ མར་ཁུ་གྲོ་སྲན་ནས་སོ་བ་རྫས་ཅི་འཛོམ་ཀུན༔ གཏོར་མ་ཟུར་གསུམ་མར་རྒྱན་ཤ་རྒྱན་ཅན་དེ་རྣམས་བཤམས་ལ་བྲན༔ རང་འོད་འབར་གྱི་བདག་བསྐྱེད་ཚར་གཅིག་འདོན་ནས༔ དགྲ་བགེགས་ཐམས་ཅད་བསྲེག་རྫས་དང་དབྱེར་མེད་བསམས་ནས་བདེན་སྟོབས་བརྗོད་པ་ནི༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ་གྱི་བདེན་པས་བདག་ཅག་དཔོན་སློབ་བསྲུང་བྱ་མི་ནོར་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་གཟུགས་ཅན་གྱི་དགྲ༔ གཟུགས་མེད་ཀྱི་བགེགས༔ བྱད་ཁ་སྟོན་པའི་བྱད་མ༔ ཁྱད་པར་དུ་བསྲུང་བྱ་འདི་རྣམས་ལ་གནོད་པའི་གདོན་བགེགས༔ ཚེ་བསོད་ནམས་ལ་བར་དུ་གཅོད་པ་ཁ་རྗེ་དབང་ཐང་ལ་བར་དུ་གཅོད་པ་ཐམས་ཅད་ལིངྒའམ་བསྲེག་རྫས་འདི་ལ་ཁུག༔ ཛཧཱུྃ་བཾ་ཧོ༔ ཨ་ལས་ཐོད་པའི་སྣོད་དུ་ངོ་བོ་དགྲ་བགེགས་ཀྱི་ཤ་ཁྲག་ལ་རྣམ་པ་བསྲེག་རྫས་ཕུན་སུམ་ཚོགས་པར་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཋ་ཋ་ཋ་ཋ་ཋ་ཋ་ཋ༔ རྡོ་རྗེ་དྲིལ་བུ་དང་བཅས་པས་དགང་བླུགས་ཁ་སྦྱར་ནས་རྫས་རྣམས་ལ་རེག་ཅིང་༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཡམ་ཤིང་ལ་རེག་ཅིང་༔ ཨོཾ་ཤྲཱི་སྭཱ་ཧཱ༔ མར་ཁུལ་རེག་ཅིང༔ ཨོཾ་ཨཱསཱ་ཧཱ༔ འབྲུ་ཐམས་ཅད་ལ་རེག་ཅིང་༔ ཨོ་ཛཾ་སྭཱ་ཧཱ༔ རྫས་ཐམས་ཅད་ལ་རེག་ཅིང་༔ ཨོ་ཀུ་རུ་ཀུ་རུ་སྭཱ་


CMR008_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱཿ དེ་ནས་ཀུ་ཤ་ཐབ་ཀྱི་ཁ་ཁྱེར་དུ་གཡས་བསྐོར་དུ་བཀོད་ཅིང་༔ ཀུ་ཤ་འདི་ནི་གཙང་ཞིང་དགེ༔ ཚངས་པ་ལྷ་རྣམས་དག་བྱེད་པ༔ དཀོན་མཆོག་གསུམ་པོ་མཉེས་བྱེད་པ༔ ས་ལ་སྐྱེས་པ་འདབ་མའི་སྙིང་༔ བདག་གི་བགེགས་རྣམས་ཐམས་ཅད་ཀུན༔ ཞི་ཞིང་བདེ་ལེགས་མཛད་དུ་གསོལ༔ ཨོཾ་བཛྲ་སཏཱ་ཨཱ༔ ཀུ་ཤའི་ཆུན་པོ་གཉིས་རྒྱ་གྲམ་དུ་རྩེ་མོ་ལྷོར་བསྟན་ལ་ཐབ་ཀྱི་སྟེང་དུ་བཞག༔ ཐབ་དེ་བུམ་ཆུའམ་ནང་མཆོད་ཀྱིས་བྲན་ལ༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་དྲག་པོའི་ཐབ་ཁུང་མཚན་ཉིད་དང་ལྡན་པའི་དབུས་སུ༔ པདྨ་དང་རྭ་སྐྱེས་ཀྱི་གདན་ལ་རཾ་ལས་མེ་ལྷ་ནག་པོ་ཞལ་གཅིག་ཕྱག་བཞི་པ༔ སྤྱན་གསུམ་རལ་པ་ཐོར་ཚུགས་ཅན༔ གཡས་གཉིས་དབྱུགས་པ་དང་མི་འཇིགས་པའི་ཕྱག་རྒྱ༔ གཡོན་གཉིས་ཕྲེང་བ་དང་རིལ་བ་འཛིན་པ༔ མེ་ལྕེ་སྟོང་གིས་དཀྲིས་ཤིང་འོད་དུ་འབར་བའི་དཔྲལ་བར་ཨོཾ༔ མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དང་རཾ་གྱིས་མཚན་པར་གྱུར༔ མེ་རུ་ཐོགས་ལ༔ ཧཱུྃ༔ བྱང་གི་ཕྱོགས་ནས་མེ་ལེན་མ༔ སྐུ་མདོག་ལྗང་གུ་ལས་ཀྱི་རིགས༔ གནོད་སྦྱིན་ལག་ནས་མེ་ལོངས་ལ༔ དྲག་པོའི་མེ་ནི་སྦྱར་བར་


CMR008_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད༔ ཨོཾ་ཛཱ་ལ་ཛཱ་ལ་ཧཱུྃ༔ ཞེས་ཤར་ལྷོ་ནས་སྦར༔ དེ་ནས་བུད་ཤིང་གཅིག་བཞག་ལ་མདའ་དར་གཡབ་ཅིང་༔ ཧཱུྃ༔ བྱང་ཤར་མཚམས་ཀྱི་ཤིང་ཐུ་མ༔ དབང་ལྡན་ཡུལ་གྱི་ཤིང་ཐུས་ལ༔ དྲག་པོའི་མེ་ནི་སྦར་བར་མཛོད༔ རླུང་གཡབ་མ་ཡིས་རླུང་གཡོབ་ཅིང་༔ ཨོཾ་ཨཱཿཧཱུྃ༔ ཞེས་ཤིང་བཞག་ལ༔ ཧཱུྃ༔ ནན་ཏན་ཡེ་ཤེས་མེ་དཔུང་འབར་བ་འདི༔ དུར་ཁྲོད་མེ་ཡི་མཆོད་པ་མ་རྫོགས་བར༔ མེ་ལྕེ་བྱང་དུ་མ་འཕྲོ་ཅིག༔ མེ་ལྕེ་བྱང་དུ་འཕྲོས་གྱུར་ན༔ དྲག་པོའི་ཕྲིན་ལས་མི་འགྲུབ་པས༔ དེ་ཕྱིར་མེ་ལྕེ་བྱང་དུ་མ་འཕྲོ་ཞིག༔ ཅེས་མེ་དར་གཡབ་ཅིང་ཐབ་ཏུ་གནས་པའི་མེ་ལྷ་དམ་ཚིག་པའི་ཐུགས་ཀའི་འོད་ཟེར་གྱིས་ཤར་ལྷོ་མཚམས་ནས་མེ་ལྷ་དྲང་སྲོང་སྤྱན་དྲངས༔ བཛྲ་ས་མཱ་ཡ་ཛ་ཛ༔ ལག་གཡས་རྡོ་རྗེ་དང་བཅས་མཐེ་བོང་སྲིན་ལག་གི་རྩར་གཡབ་ཅིང་༔ རྣ་བ་གཡོན་ནས་གཡས་སུ་ཁྱེར་ལ༔ ཧཱུྃ༔ དད་པ་དང་ནི་མ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་ལྷ་ཆེན་པོ༔ མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ བསྲེག་བླུགས་ཞལ་ཟས་བཞེས་སླད་དུ༔ འདི་ཉིད་དུ་ནི་གཤེགས་སུ་གསོལ༔ ཨོཾ་ཨཀྵེ་ཡེ་སྭཱ་ཧཱ༔ ཛྭ་ལ་ཛྭ་ལ་ཛཧཱུྃ་བཾ་ཧོ༔ མེ་ལྷ་ཡེ་ཤེས་པ་དང་དམ་ཚིག་པ་དབྱེར་མེད་པར་གྱུར་པ་


CMR008_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབང་ལྷ་རྣམས་སྤྱན་དྲངས་དབང་བསྐུར༔ རིགས་བདག་དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར༔ དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་ཡི༔ ལྷ་རྫས་དམ་པའི་ཉེར་སྤྱོདརྣམས༔ མེ་ལྷ་དྲང་སྲོང་ཁྱེད་ལ་འབུལ༔ བཞེས་ནས་དྲག་པོའི་ཕྲིན་ལས་མཛོད༔ ཨོཾ་ཨཀྵེ་ཡ་ཨརྒྱུ་སོགས་ཤརྡ་ཨཱཧཱུྃ༔ དགང་བླུགས་ཁ་ལ་ཏིཿཡིག་དང་མེ་ལྷ་ཞལ་ཅུང་ཟད་གདངས་བའི་ལྗགས་ལ༔ རཾ་ཡིག་གིས་མཚན་པས་བསྲེག་རྫས་བདུད་རྩི་བཞེས་གྱུར་ཅིག༔ རྡོ་རྗེ་དྲིལ་བུ་དང་མ་བྲལ་བ་བྱས་དགང་བླུག་དུ་མར་ཁུ་བླུག༔ ཨོཾ་ཨཀྵེ་ཡེ་སྭཱ་ཧཱ༔ དེ་ནས་ཁ་སྦྱར་ལ་ཐབ་ཀྱི་ཁ་ལ་གཡོན་དུ་བསྐོར་ཞིང་༔ ཨོཾ་ཨཀྵེ་ཡེ༔ ཧ་བྱ་ཀ་བྱ་ཝ་ཧ་ན་ཡེ་ཨ་དྷི་བེ་སྭཱ་ཧཱ༔ ཞེས་ཐབ་ཏུ་འབུལ་དེ་འདྲ་བྱ་བ་མེ་སྤྲ་བརྟག་པའོ༔ དེ་ནས་ཡམ་ཤིང་བདུན་འབུལ་ལ༔ ཨོཾ་ཨཀྵེ་དེ་བ་ཡེ་སྭཱ་ཧཱ། ཨོཾ་བྷྱོ་དྷི་བྷིཀཱ་ཡེ་སྭཱ་ཧཱ༔ གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཕཊ༔ མར་ཁུ་བདུན་འབུལ་ལ༔ ཨོཾ་ཨགེ་དྷེ་ཝ་ཡེ་སྭཱ་ཧཱ༔ འབྱོར་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཕཊ༔ ལིངྒ་ཤ་དུམ་ཁྲག་དང་ཆུ་གཙང་བསྲེས་པས་བྲན་ནས་དགང་གཟར་གྱིས་འབུལ་ལ༔ ཨོཾ་ཨགེ་དྷེ་ཝ་ཡེ་སྭཱ་


CMR008_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ༔ གནོད་བྱེད་དགྲ་བགེགས་སརྦ་ཤ་ཏྲོ་མཱ་ར་ཡ་ཛྭ་ལ་རཾ་ཁ་ཧི༔ ཕུལ་ལ། ཨོཾ་ཨགེ་དྷེ་ཝ་ཡེ་སྭཱ་ཧཱ༔ ཨོཾ་ཛི་སྭཱ་ཧཱ༔ གནོད་བྱེད་དགྲ་བགེགས་མཱ་ར་ཡ་ཕཊ༔ ཅེས་ནས་འབྲུ་རྣམས་རེ་རེར་འབུལ་ལ༔ ཨོཾ་ཨཀྵེ་ཡེ་དྷེ་ཝ་ཡེ་སྭཱ་ཧཱ༔ དམ་སྲི་འབྱུང་པོ་མ་རུངས་པ༔ བསྟན་དགྲ་དགྲ་བོ་ལ་སོགས་པ༔ ཞིང་བཅུའི་སྡེ་རྣམས་བརླག་གྱུར་ཅིག༔ ཧཱུྃ་མཱ་ར་ཡ་ཕཊ༔ ཧཱུྃ༔ གཟི་བརྗིད་ལྡན་པ་མེ་ཡི་ལྷ༔ འབར་བཅས་སྐུ་ཡི་རྒྱན་གྱིས་བརྒྱན༔ རྔམ་པའི་བྱིན་རླབས་ལས་ལ་བཅོལ༔ སྲེག་བླུགས་འབུལ་ལོ་ལས་ཀུན་སྒྲུབས༔ ཚངས་པ་འཇིག་རྟེན་མགོན་གྱི་སྲས༔ ཞི་བ་སྤྲོ་བའི་ལྷ་དཔལ་ཏེ༔ ཇི་ལྟར་འདོད་པའི་དོན་སྒྲུབ་པ༔ གཟི་བརྗིད་རྒྱལ་པོར་ཕྱག་འཚལ་བསྟོད༔ དེ་ནས་མར་ཁུ་གསུམ་འབུལ་ཏེ༔ ཨོ་ཨཀྵེ་ཡེ་སྭཱ་ཧཱ༔ མེ་ལྷ་འོད་དུ་ཞུ་ནས་འབར་བའི་རྣམ་པར་གྱུར༔ མེ་དཔུང་དབུས་སུ་པདྨ་འོད་འབར་སྐུ༔ མཐིང་གསལ་མདངས་ལྡན་མཛེས་འཛུམ་རྒྱན་གྱིས་སྤྲས༔ རྡོ་རྗེ་ཐོད་པ་ཆེ་བུམ་རིན་ཆེན་བརྒྱན༔ པད་ཞྭ་རྒོད་ལྡེམ་སོགས་ནས་མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ བར་གཞུང་ལྟར་རོ༔ ཡམ་ཤིང་བརྒྱའམ་ཉེར་གཅིག་འབུལ༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོ་བྷྱོ་དྷི་


CMR008_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

བྷྲི་ཀྵ་ཡེ་སྭཱ་ཧཱ༔ གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཕཊ༔ ཅེས་མར་ཁུ་བརྒྱའམ་ཉེར་གཅིག་འབུལ་ལ༔ རྩ་སྔགས་དང་༔ ཨོཾ་ཨཀྵེ་ཡེ་སྭཱ་ཧཱ༔ འབྱོར་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཕཊ༔ ཅེས་ལིངྒ་བརྒྱའམ་ཉེར་གཅིག་ཕུལ་ལ༔ རྩ་སྔགས། གནོད་བྱེད་དགྲ་བགེགས་སརྦ་ཤ་ཏྲོ་མཱ་ར་ཡ་ཛྭ་ལ་རཾ་ཁ་ཧི༔ ཞེས་ཏིལ་ལམ་ཡུངས་གཞི་འབུལ་ལ༔ རྩ་སྔགས། ཨོཾ་སརྦ་པ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ༔ སྡིག་པ་དང་སྒྲིབ་པ་ཐམས་ཅད་མཱ་ར་ཡ་ཕཊ༔ ཅེས་ཡུངས་ཀར་འབུལ་ལ༔ རྩ་སྔགས། ཨོཾ་སརྦ་ཨརྦ་སིདྡྷི་ཡེ་སྭཱ་ཧཱ༔ བགེགས་མཱ་རི་ཡ་ཕཊ༔ ཅེས་ཟས་མཆོག་འབུལ་ལ༔ རྩ་སྔགས། ཨོཾ་སརྦ་སཾ་པ་དེ་སྭ་ཧཱ༔ བདེ་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཕཊ༔ ཅེས་དུར་བ་འབུལ་ལ༔ རྩ་སྔགས། ཨོཾ་བཛྲཨཱ་ཡུཥ་སྭཱ་ཧཱ༔ ཚེ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཕཊ༔ ཅེས་ནས་འབུལ་ལ༔ རྩ་སྔགས། ཨོཾ་མ་ཧཱ་བེ་ག་ཡེ་སྭཱ་ཧཱ༔ ཤུགས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཕཊ༔ ཅེས་


CMR008_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

གྲོ་འབུལ་ལཿ རྩ་སྔགས། ཨོཾ་བཛྲ་གྷསྨ་རི་སྭཱ་ཧཱ༔ ནད་ཐམས་ཅད་མཱ་ར་ཡ་ཕཊ༔ ཅེས་པ་འདི་ལ་བརྒྱ་རྩ་བརྒྱད་འབུལ་ལོ༔ ཞེས་སོ་བ་འབུལ་ལ༔ རྩ་སྔགས། ཨོཾ་བཛྲ་བི་ཛ་ཡེ་སྭཱ་ཧཱ༔ ནོར་དང་འབྲུ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཕཊ༔ ནོར་གྱི་རིམ་གྲོ་ལ་འདི་བརྒྱ་རྩ་བརྒྱད་འབུལ༔ སྲན་མ་འབུལ་ལ༔ རྩ་སྔགས། ཨོཾ་བཛྲ་མ་ཧཱ་བྷ་ལ་ཡེ་སྭཱ་སཿ སྟོབས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཕཊ༔ ཅེས་འབྲས་འབུལ་ལཿ རྩོ སྔགས། ཨོཾ་བཛྲ་པུཥཱ་ཡེ་སྭཱ་ཧཱུ བསོད་ནམས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཕཊ༔ ཀུ་ཤ་འབུལ་ལ༔ རྩ་སྔགས།་ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ༔ སྲུང་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཕཊ༔ ཤིང་ཐོག་དང་ཤུག་ཐོག་འབུལ་ལ༔ རྩ་སྔགས། ཨོཾ་བཛྲ་ཤི་བ་ཡེ་སྭཱ་ཧཱ༔ རིགས་རྒྱུད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཕཊ༔ ཅེས་མེ་ཏོག་སྔོན་པོའམ་ལྗང་གུ་འབུལ་ལ༔ རྩ་སྔགས། ཨོཾ་བཛྲ་པུལླེ་སཱ་ཧཱ༔ ཁ་དོག་དང་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་དགྲ་བགེགས་


CMR008_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཱ་ར་ཡ་ཕཊ༔ ཅེས་ཇ་ཕུད་དར་རས་སྔོན་པོ་ལྗང་གུ་ཕུལ་བ་གང་འཛོམ་བྱ༔ རྩ་སྔགས། ཨོཾ་བཛྲ་ཝསྟ་ཡེ་སྭཱ་ཧཱ༔ རྒྱན་དང་གོས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཕཊ༔ ལིངྒ་ཡམ་ཤིང་མར་ཁུ་གསུམ་གྱིས་ཀྱང་ཆོག༔ ཡང་མ་འཛོམ་ན་ཐམས་ཅད་ལ་ནས་འདེབས་སྲོལ་ཡོད༔ དེ་ཡང་གཏོར་མ་ཆེ་བ་བྲན་ལ་གཅིག་གིས་བཟུང་བཅུག་ལ༔ ཧཱུྃ༔ མཆོད་འོས་ཕྱི་ནང་སྣོད་བཅུད་ཀུན༔ ཅེས་ནས། མ་ཧཱ་པཉྩ་རཀྟ་བྷ་ལིཾ་ཏ་ཁཱ་ཧི་ཞེས་སྔགས་ལན་གསུམ་བརྗོད༔ བདག་ཅག་རྣམས་ལ་གནོད་པའི་བགེགས༔ དམ་སྲི་འབྱུང་པོ་མ་རུངས་པ༔ བསྟན་དགྲ་དགྲ་བོ་ལ་སོགས་པ༔ ཞིང་བཅུའི་སྡེ་རྣམས་བརླག་གྱུར་ཅིག༔ ཧཱུྃ་མཱ་ར་ཡ་ཕཊ༔ ཅེས་གཏོར་མ་ཆེ་བའི་རྩེ་བཅད་ལ་འབུལ༔ ཡང་ན་མར་འབུལ༔ ཧཱུྃ༔ རྒྱལ་བ་ཐམས་ཅད་ཡེ་ཤེས་ཀློང་དུ་གཅིག༔ ཅེས་པ་ནས། གཉིས་མེད་རོལ་པ་ཆེན་པོར་ཕྱག་འཚལ་བསྟོད༔ ཅེས་པའི་བར་གྱིས་བསྟོད༔ གུ་རུ་ཞི་བའི་སྦྱིན་སྲེག་རྫོགས་སོ༔ ༈ དེ་ནས་དྲག་པོའི་སྦྱིན་སྲེག་ལ༔ མེ་ལྷ་པདྨ་འོད་འབར་སྐད་ཅིག་གིས་ཐུགས་ཁྲོས་ནས༔ དྲག་པོའི་སྐུར་གྱུར་ཏེ་སྐུ་མདོག་དམར་པོ་གཡས་གསེར་གྱི་རྡོ་རྗེ་ཕྱར་ཞིང་༔ གཡོན་ལྕགས་ཀྱི་སྡིག་པ་འཛིན་པ༔


CMR008_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བོའི་ཆ་ལུགས་ཐམས་ཅད་དང་ལྡན་ཞིང་༔ མེ་ལྷ་འབར་བའི་ཀློང་ན་བཞུགས་པ་ལ༔ པདྨ་འོད་འབར་གྱིས་དབུ་བརྒྱན་པར་གྱུར༔ ཡེ་ཤེས་པ་སྤྱན་དྲངས་ནས་ཐིམ་པར་གྱུར༔ ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་༔ ཞེས་པ་ནས། དབང་དང་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ ཞེས་པའི་བར་འདོན༔ ཡམ་ཤིང་བདུན་འབུལ་ལ༔ རྩ་སྔགས། ཨོཾ་ཨཱཧཾ༔ ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་བྷྱོ་དྷི་བྷིཀྟ་ཡེ་སྭཱ་ཧཱ༔ གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཕཊ༔ ཅེས་མར་ཁུ་འབུལ༔ གུ་དྲག་གི་ཞལ་དུ་གནོད་བྱེད་ཐམས་ཅད་འཕང་བའི་ཞལ་ནས་མེ་འབར་བས་གཞོབ་ཐུལ་སྲེག་པར་བསྒོམས་ལ༔ རྩ་སྔགས། ཨོཾ་ཨཀྵེ་ཡེ་སྭ་ཧཱ༔ འབྱོར་པ་ཕུན་སུམ་ཚོགས་པ་སོགས་ནས་ལིངྒ་བརྒྱའམ་ཉེར་གཅིག་འབུལ༔ དྲུག་ཅུ་རེ་བཞི་ཕུལ་ཡང་རུང་ལ༔ གུར་དྲག་ཞལ་གནམ་ས་ཙམ་གདངས་བའི་ནང་དུ་དགྲ་བགེགས་ཐམས་ཅད་ཕུལ་བས་ཞལ་ནས་མེ་འབར་བས་གཞོབ་ཐུལ་ཐུལ་བསྲེག་པར་བསྒོམས་ལ༔་རྩ་སྔགས། གནོད་བྱེད་དགྲ་བགེགས་སརྦ་ཤ་ཏྲོ་མཱ་ར་ཡ་ཛྭ་ལ་རཾ་ཁ་ཧི༔ འབྲུ་རྣམས་རེ་རེ་ནས་ཕུལ་ལ༔ རྩ་སྔགས་གཤམ་དུ༔ ཨོ་ཛཾ་སྭཱ་ཧཱ༔ གནོད་བྱེད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་


CMR008_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ༔ དེ་ནས་གཏོར་ཆེན་བྲན་ལ༔ ཧཱུྃ༔ སྲིད་གསུམ་ཡེ་ནས་གཏོར་གཞོང་དུ༔ ཅེས་པ་ནས། དབང་དྲག་འབར་བའི་ཐུགས་དམ་བསྐང་༔ བར་རྩ་སྔགས་བཟླས༔ ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བདག་ཅག་རྣམས་ལ་གནོད་པའི་བགེགས༔ དམ་སྲི་འབྱུང་པོ་མ་རུངས་པ༔ བསྟན་དགྲ་སྒོས་དགྲ་ལ་སོགས་པ༔ ཞིང་བཅུའི་སྡེ་རྣམས་བརླག་གྱུར་ཅིག༔ ཧཱུྃ་མཱ་ར་ཡ་ཕཊ༔ གཏོར་མའི་རྩེ་མོའམ་ཚང་མ་ཐབ་ཏུ་འབུལ༔ ཧཱུྃ༔ བདེ་ཆེན་རང་བཞིན་ཁྲོས་པའི་དཀྱིལ་འཁོར་ནས༔ ཞེས་ནས། རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བར་ཅེས་བསྟོད། དེ་ནས་མེ་ཞགས་འཕེན༔ ནད་པ་ཡོན་བདག་རྣམས་གོས་སྤུ་མེད་པ་གྱོན་ལ་རང་ཉིད་ལངས་ལ༔ ཧཱུྃ༔ དམར་ནག་ཟུར་གསུམ་འབར་བའི་དཀྱིལ་འཁོར་ནས༔ ལས་ཀྱི་དབང་དྲག་སོགས་ཅེས་པ་ནས༔ ཕྲིན་ལས་དུས་ལ་བབ་བོ་ས་མ་ཡ༔ ཞེས་གྱེར་མོ་བྱས་ལ༔ རྩ་སྔགས་དང་སྡེ་བརྒྱད་རྣམས་བཟླ༔ ཞེས་སྔགས་དྲག་ཏུ་བཟླས་ཤིང་མེ་ཞགས་བརྒྱབ་བོ༔ མེ་ཞགས་མི་ལ་བརྒྱབ་ན་རང་གང་དགའ་འདོན༔ མེ་ལྷ་གུ་རུ་དྲག་པོ་སྐད་ཅིག་ལ་གནས་འགྱུར་ནས༔ མཁའ་འགྲོ་སེང་གེའི་གདོང་ཅན་སྐུ་མདོག་མཐིང་ནག་གྲི་གུག་ཐོད་ཁྲག་འཛིན་ཅིང་གར་བྱེད་པ༔


CMR008_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་གུ་རུ་དྲག་པོའི་ངོ་བོ་ཁ་ཊཾ་ག་ལ་འཁྱུད་པ༔ སྤྱི་གཙུག་ན་པདྨ་འོད་འབར་སོར་བཞི་ཙམ་ཞིག་གི་དབུ་བརྒྱན་པ་ལ་ཡེ་ཤེས་པ་སྤྱན་དྲངས་ཤིང་ཐིམ་པར་གྱུར༔ ཧཱུྃ་བྷྱོ༔ མ་སྐྱེས་རྫོགས་པ་ཆོས་ཀྱི་དབྱིངས་ཉིད་ལས༔ ཞེས་པ་ནས། གུས་པའི་ཡིད་ཀྱིས་ཕྱག་འཚལ་ཡན༔ ཡམ་ཤིང་བདུན་འབུལ་ལ༔ རྩ་སྔགས་ཤམ་དུ། ཨོ་བྷྱོ་དྷི་བྷིཀཱ་ཡེ་སྭཱ་ཧཱ༔ གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་མཱ་ར་ཡ་ཕཊ༔ མར་ཁུ་ལན་བདུན་འབུལ་ལ༔ རྩ་སྔགས། ཨོཾ་ཨཀྵེ་ཡེ་སྭཱ་ཧཱ༔ འབྱོར་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་མཱ་ར་ཡ་ཕཊ༔ ལིངྒ་བརྒྱའམ་ཉེར་གཅིག་ཕུལ་དྲུག་ཅུ་རེ་བཞི་ཕུལ་ཡང་རུང་༔ མཁའ་འགྲོ་སེང་གེའི་གདོང་ཅན་གྱི་ཞལ་གནམ་ས་ཙམ་གདངས་བའི་ནང་དུ་གནོད་བྱེད་ཐམས་ཅད་རྐང་མཐིལ་སྐྱ་ལྷག་ལྷག་སོང་བར་གྱུར༔ ཅེས་བསྒོམ་རྩ་སྔགས། གནོད་བྱེད་དགྲ་བགེགས་སརྦ་ཤ་ཏྭཾ་མཱ་ར་ཡ་ཕཊ༔ ཛྭ་ལ་རཾ་ཁ་ཧི༔ འབྲུ་རྣམས་རེ་རེ་ནས་ཕུལ༔ རྩ་སྔགས། ཤམ་དུ། ཨོ་ཛཾ་སྭཱ་ཧཱ༔ གནོད་བྱེད་དགྲ་བགེགས་མཱ་ར་ཡ་ཕཊ༔ དེ་ནས་གཏོར་ཆེན་བྲན་ལ༔ ན་མོ༔ ལྕང་ལོ་བཅས་པའི་བྷནྡྷ་རུ༔ ཞེས་ནས། བྷ་ལི་ཏ་ཁཱ་ཧི༔ ཞེས་པའི་བར་འདོན། བདག་ཅག་རྣམས་ལ་


CMR008_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པའི་བགེགས༔ དམ་སྲི་འབྱུང་པོ་མ་རུངས་པ༔ བསྟན་དགྲ་སྒོས་དགྲ་ལ་སོགས་པ༔ ཞིང་བཅུའི་སྡེ་རྣམས་བརླག་གྱུར་ཅིག༔ ཧཱུྃ་མཱ་ར་ཡ་ཕཊ༔ གཏོར་མའི་རྩེའམ་ཚང་མ་མེ་ཐབ་ཏུ་འབུལ༔ ཧཱུཾ་བྷྱོ༔ མ་སྐྱེས་རྫོགས་པ་ཆོས་ཀྱི་དབྱིངས་ཉིད་ཅེས་སོགས་ནས༔ པདྨ་ཉི་ཟླ་བམ་རོའི་གདན་ལ་བཞུགས༔ ཡེ་ཤེས་མཁའ་འགྲོ་སེང་གདོང་མ་ལ་བསྟོད༔ ཅེས་ཡན་བསྟོད༔ ཧཱུྃ༔ ང་ནི་དབང་དྲག་ཆེ་མཆོག་བདག༔ ཅེས་པ་ནས། དུས་ལ་བབ་བོ་ས་མ་ཡ༔ ཐལ་མོ་བརྡབ་སྔགས་ལན་བདུན་བརྗོད་ཅིང་ཌཱ་དྲིལ་དྲག་ཏུ་འཁྲོལ་ལ༔ དེ་ནས་རྗེས་ཆོག་ནི༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ཨནྡྷཾ་སོགས། ཤབྡ་ཨཱཿཧཱུྃ༔ ཞེས་བསྲེག་རྫས་ལྷག་མ་རྣམས་ཕྱེད་ཙམ་གཉིས་གསུམ་ཕུལ༔ བསྟོད་པར་འོས་པ་ཐམས་ཅད་ལ༔ ཅེས་སོགས་བསྟོད༔ ཨོ༔ མ་འབྱོར་པ་དང་ཉམས་པ་དང་༔ སོགས་ཡིག་བརྒྱ་བཟླས༔ ཨོ༔ ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད༔ སོགས། འོད་འབར་ཞི་དྲག་སེང་གདོང་མ༔ ཡེ་ཤེས་པ་རྣམས་རང་བཞིན་གྱི་གནས་སུ་བཛྲ་མུ༔ དམ་ཚིག་པ་རང་གི་སྙིང་གར་ཐིམ་པར་གྱུར༔ ཅེས་བརྗོད་ལ༔ སྐད་ཅིག་གིས་མེ་ལྷ་མེ་འབར་བའི་ཀློང་ནས་བཞེངས་པར་གྱུར༔ མེ་ལྷའི་གཏོར་མ་མར་ཁུས་བྲན་ལ་ཡོན་


CMR008_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་བཟུང་༔ ཕཊ༔ སྤྱན་འདྲེན་དུ་གསོལ༔ ཨོཾ་ཨ་ཀཱ་རོ་སོགས། ཨོཾ་ཨཀྵེ་དྷེ་ཝ་ཏ་ཨི་དམ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ མེ་སྟེ་བསྲེག་བྱ་ཟ་བའི་ལྷ༔ དྲང་སྲོང་རྒྱལ་པོ་གདོན་གྱི་བདག༔་ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ འདི་མི་ཡིས་རྗེས་ཟློས་བཅུག་ལ༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ ཚེ་རིང་ནད་མེད་འབྱོར་པ་རྒྱས༔ བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས༔ འཇིག་རྟེན་བདེ་ཞིང་ལོ་ལེགས་དང་༔ སོགས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད༔ ཚིག་རྗེས་མ་ལན་གསུམ་རྗེས་ཟློས་བཅུག༔ གཏོར་མའི་རྩེ་མོ་མེ་ནང་དུ་འབུལ༔ འཕྲོ་མ་ཡོན་བདག་ལ་དངོ་ས་གྲུབ་ཏུ་ལོངས་སྤྱོད་དུ་བཅུག༔ ཨགེ་དྷེ་ཝ་ཡེ་སྭཱ་ཧཱ༔ ཨནྡྷཾ་སོགས་པྲ་ཏིཙྪ་ཨཱཿཧཱུྃ༔ བསྲེག་རྫས་ལྷག་མ་གང་ཡོད་མེ་ནང་དུ་འབུལ༔ སྣོད་རྣམས་ཁ་སྦུབ་ལ༔ ཧཱུྃ༔ གཟི་བརྗིད་ལྡན་པ་མེ་ཡི་ལྷ༔ འབར་བཅས་སྐུ་ཡི་རྒྱན་གྱིས་བརྒྱན༔ རྔམ་པའི་བྱིན་རླབས་ལས་ལ་བརྩོན༔ བསྲེག་བླུགས་འབུལ་ལོ་ལས་ཀུན་བསྒྲུབ༔ ཚངས་པ་འཇིག་རྟེན་མགོན་གྱི་སྲས༔ ཞི་ལ་སོགས་པའི་ལྷ་དཔལ་ཏེ༔ ཇི་ལྟར་འདོད་པའི་དོན་བསྒྲུབ་པ༔ གཟི་བརྗིད་རྒྱལ་པོར་


CMR008_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་བསྟོད༔ མ་འབྱོར་པ་དང་ཉམས་པ་དང་༔ གང་ཡང་བདག་བློ་རྨོངས་པ་ཡིས༔ བགྱིས་པ་དང་ནི་བགྱིད་བསྩལ་བ༔ དེ་ཀུན་དྲང་སྲོང་བཟོད་པར་གསོལ༔ ཡིག་བརྒྱ་འདོན༔ ཨཱོཾ། ཁྱེད་ཀྱིས་སེམས་ཅན་དོན་མཛོད་ཅིག༔ དྲང་སྲོང་ཡུལ་དུ་གཤེགས་སུ་གསོལ༔ དྲང་སྲོང་ཡུལ་དུ་གཤེགས་ནས་ཀྱང་༔ སེམས་ཅན་རྣམས་ཀྱི་དོན་སླད་དུ༔ སླར་ཡང་འབྱོན་པར་མཛད་དུ་གསོལ༔ ཨོཾ་ཨཀྵེ་ཡེ་དྷེ་ཝ་ཏ་ཡེ་བཛྲ་མུཿ མེ་ལྷ་ཡེ་ཤེས་པ་རང་བཞིན་གནས་སུ་གཤེགས༔ དམ་ཚིག་པ་མེ་འབར་བའི་རང་བཞིན་དུ་གྱུར༔ དེ་ནས་ཡར་གཞིའི་འགྲམ་དུ་འོང་ནས་ཚོགས་གཏོར་འབུལ༔ བཀྲ་ཤིས་བརྗོད་བསྔོ་བ་སྨོན་ལམ་བྱ༔ འོད་འབར་མཇུག་དེ་ཚང་བར་འདོན༔ ཅེས་པ་རང་གི་སློབ་བུ་དོན་གྲུབ་དང་༔ ཆོས་འཛིན་པོ་ལ་ཕན་ཕྱིར༔ རཱ་ག་ཨ་སྱས་ལེགས་པར་སྒྲིགསས་པ་ལ༔ ཉེས་འགལ་མཆིས་ན་རྩ་བ་གསུམ་ལ་བཤགས༔ དགེ་བས་བྱང་ཆུབ་སྒྲུབ་པའི་བར་ཆད་ཞི་བར་ཤོག༔ འདི་ནི་དྲག་པོའི་སྦྱིན་སྲེག་ཁོ་ན་ཡིན༔ ལས་བཞི་ནི་གཞན་སྤྱི་ལྟར་རོ༔ མངྒ་ལཾ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

གནམ་ཆོས་ཐུགས་ཀྱི་གཏེར་ཁ་གུ་རུ་ཞི་བའི་སྒྲུབ་ཐོབས་དབང་དང་བཅས་པ།


CMR008_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་ཀྱི་གཏེར་ཁ་གུ་རུ་ཞི་བའི་སྒྲུབ་ཐོབས་དབང་དང་བཅས་པ་ལ༔ དབང་རྫས་བུམ་པ་གཏོར་མ་སྤྱི་ལྟར་བཤམ་མོ༔


CMR008_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་ལོ༔ པདྨ་འབྱུང་གནས་སྒྲུབ་པ་ནི༔་དང་པོ་རབ་ནི་འདི་ལྟ་སྟེ༔ དཀྱིལ་འཁོར་ཐིག་བཅས་མ་འཆུགས་དཔེའུ་རིས་ལྟར་བྲིས་ནས་ནི༔ དེ་ལྟར་གཏོར་མ་དཔེའུ་རིས་ལྟར༔ གཏོར་མ་ལ་ཡང་ཙཀ་ལི་འཛུགས༔ དེ་ནས་དམིགས་པ་འདི་ལྟར་བྱ༔ བདག་མདུན་པདྨ་འབྱུང་གནས་དཀར༔ རྡོ་རྗེ་གཡས་ལ་བྷན་གཡོན༔ ཁ་ཊཾ་གྲུ་མོར་བརྟེན་པར་བསྐྱེད༔ སྤྲུལ་སྐུའི་ཆ་ལུགས་ཡོངས་སུ་རྫོགས༔ དེ་སྟེང་པདྨ་འབྱུང་གནས་དཀར༔ ལོངས་སྐུའི་ཆ་ལུགས་ཡོངས་སུ་རྫོགས༔ ཡུམ་སྔོན་འཁྱུད་དེ་གཡས་རྡོ་རྗེ༔ གཡོན་པས་བྷནྡྷ་ཚེ་བུམ་འཛིན༔ དེ་སྟེང་པདྨ་འབྱུང་གནས་དཀར༔


CMR008_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

གཅེར་བུ་སྟོད་གཡོགས་སྨད་གཡོགས་ཅན༔ མཉམ་གཞག་བྷནྡྲ་ནང་རྡོ་རྗེ༔ ཞབས་གཉིས་སྐྱིལ་མོ་ཀྲུང་གིས་བཞུགས༔ འོད་ནི་དཔག་ཚད་དུ་མར་འཕྲོ༔ ཤར་དུ་པདྨ་འབྱུང་གནས་སྔོ༔ རྡོ་རྗེ་གཡས་ལ་བྷནྡྷ་གཡོན༔ འོད་ཁ་ཊཾ་གྲུ་མོར་བརྟེན་པར་བསྐྱེད༔ སྤྲུལ་སྐུའི་ལུགས་ཡོངས་སུ་རྫོགས༔ ལྷོ་རུ་པདྨ་འབྱུང་གནས་སེར༔ རྡོ་རྗེ་གཡས་ལ་བྷན་གཡོན༔ འོད་ཁ་ཊཾ་གྲུ་མོར་བརྟེན་པར་བསྐྱེད༔ སྤྲུལ་སྐུའི་ཆ་ལུགས་ཡོངས་སུ་རྫོགས༔ ནུབ་ཏུ་པདྨ་འབྱུང་གནས་དམར༔ རྡོ་རྗེ་གཡས་ལ་བྷནྡྷ་གཡོན༔ འོད་ཁ་ཊཾ་གྲུ་མོར་བརྟེན་པར་བསྐྱེད༔ སྤྲུལ་སྐུའི་ཆ་


CMR008_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཡོངས་སུ་རྫོགས༔ བྱང་དུ་པདྨ་འབྱུང་གནས་ལྗང་༔ རྡོ་རྗེ་གཡས་ལ་བྷནྡྷ་གཡོན༔ ཁ་ཊཾ་གྲུ་མོར་བརྟེན་པར་བསྐྱེད༔ སྤྲུལ་སྐུའི་ཆ་ལུགས་ཡོངས་སུ་རྫོགས༔ འབྲིང་ནི་དཀྱིལ་འཁོར་མི་དགོས་ཤིང་༔ གཏོར་མ་རིན་ཆེན་འབར་བ་བཅའ༔ དེ་ནས་དམིགས་པ་འདི་ལྟར་བྱ༔ གཏོར་མ་པདྨ་འབྱུང་གནས་དཀར༔ རྡོ་རྗེ་གཡས་ལ་བྷན་གཡོན༔ ཁ་ཊཾ་གྲུ་མོར་བརྟེན་པར་བསྐྱེད༔ སྤྲུལ་སྐུའི་ཆ་ལུགས་ཡོངས་སུ་རྫོགས༔ དེ་སྟེང་པདྨ་འབྱུང་གནས་དཀར༔ ལོངས་སྐུའི་ཆ་ལུགས་ཡོངས་སུ་རྫོགས༔ ཡུམ་སྔོན་འཁྱུད་དེ་གཡས་རྡོ་རྗེ༔ གཡོན་པས་བྷནྡྷ་ཚེ་བུམ་འཛིན༔ དེ་སྟེང་པདྨ་འབྱུང་གནས་དཀར༔ གཅེར་བུ་སྟོད་གཡོགས་སྨད་གཡོགས་ཅན༔ མཉམ་བཞག་བྷནྡྲ་ནང་རྡོ་རྗེ༔ ཞབས་གཉིས་སྐྱིལ་མོ་ཀྲུང་གིས་བཞུགས༔ འོད་ནི་དཔག་ཚད་དུ་མར་འཕྲོ༔ བསྡུས་པ་གཏོར་མ་དཀྱིལ་འཁོར་མེད༔ དེ་ནས་དམིགས་པ་འདི་ལྟར་བྱ༔ བུམ་ལྷ་པདྨ་འབྱུང་གནས་དཀར༔ རྡོ་རྗེ་གཡས་ལ་བྷན་གཡོན༔ ཁ་ཊཾ་གྲུ་མོར་བརྟེན་པར་བསྐྱེད༔ སྤྲུལ་སྐུའི་ཆ་ལུགས་ཡོངས་སུ་རྫོགས༔ དམ་ཡེ་དབྱེར་མེད་ཐུགས་སྲོག་དེ་ལ་སྔགས་ཕྲེང་གཡས་སུ་འཁོར༔ འོད་ཟེར་འཕྲོས་པས་རྔ་ཡབ་


CMR008_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ནས༔ རང་འདྲ་དཔག་མེད་སྤྱན་དྲངས་ཐིམ༔ བྱིན་བརླབས་གཟི་བརྗིད་འོད་དུ་འབར༔ དེ་ཡི་ངང་ལ་སྔགས་འདི་བཟླས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨནྣཾ་སོགས་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་ཁཱ་ཧི༔ ཧཱུྃ༔ སྐྱེ་རྒ་ན་འཆིའི་སྐྱོན་གྱིས་མ་གོས་པ༔ ཕ་མེད་མ་མེད་པདྨའི་སྦུབ་ནས་འཁྲུངས༔ རིགས་མེད་རུས་མེད་རྫོགས་སངས་རྒྱས་པའི་སྐུ༔ པད་འབྱུང་བྷན་འཛིན་ལ་ཕྱག་འཚལ་བསྟོད༔ དེ་ནས་བསྙེན་པ་ཅི་ནུས་འབད༔ དེ་ཡིས་པདྨ་འབྱུང་གནས་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཁ་ཐཾ༔ པདྨ་འབྱུང་གནས་དབང་བཤད་ནི༔ ལས་བུམ་ནང་དུ་རྡོར་སེམས་བསྒོམ༔ བཛྲ་སཏཱ་ཅི་འགྲུབ་བཟླས༔ དེ་ནས་སློབ་མ་མདུན་དུ་འཁོད༔ དང་པོ་བུམ་པ་ཐོགས་བྱས་ལ༔ འོ་ན་དབང་བསྐུར་བའི་ཐོག་མར་ཁྲུས་བྱ་བ་ནི༔ ལས་ཀྱི་བུམ་པ་འདི་ཡི་ནང་ན་ཁྲུས་ལྷ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ༔ དར་དང་རིན་པོ་ཆེས་བརྒྱན་པའི་སྐུ་ལས་བདུད་རྩིའི་རྒྱུན་ན་ར་ར་བབས་པས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་གྲིབ་དང་མི་གཙང་བ་ཐམས་ཅད་སངས་སངས་དག་ནས་ལུས་ཤེལ་གོང་གཡའ་དག་པ་ལྟར་གྱུར་པའི་མོས་པ་མཛོད༔ ཧཱུྃ༔ བུམ་པ་


CMR008_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་རྡོ་རྗེ་སེམས༔ ཁྱོད་ཀྱི་མགོ་ལ་བླུགས་པ་ཡིས༔ སྡིག་སྒྲིབ་ཉེས་ལྟུང་དག་གྱུར་ཅིག༔ མ་རིག་དབང་རྣམས་དག་གྱུར་ཅིག༔ ཨོཾ་ཨཱ༔ཧཱུྃ་སྭཱ་ཧཱ༔ བཛྲ་སཏྭ་ཧཱུྃ༔ དེ་ནས་ནས་སྙེ་ཐོགས་ལ༔ ད་གུ་རུ་པདྨ་འབྱུང་གནས་མཇལ་བའི་ཕྱག་རྟེན་དུ་འབྲུ་རིན་པོ་ཆེ་འདི་ཁྱེད་རྣམས་ཀྱི་ལག་ཏུ་བླུགས་པ་ཙམ་གྱིས༔ ལྷའི་རིན་པོ་ཆེ་ཀེ་ཀེ་རུ༔ ཀླུའི་རིན་པོ་ཆེ་ནོར་བུ་བསམ་འཕེལ༔ མིའི་རིན་པོ་ཆེ་ནོར་བུ་ཆ་བདུན༔ གཞན་ཡང་སྟག་ཤ་དེ་བ་དང་ས་ལེ་སྦྲམ་ལ་སོགས་པ་དཔག་ཏུ་མེད་པར་གྱུར་ནས་ཨུ་རྒྱན་རིན་པོ་ཆེ་ལ་འབུལ་བསམ་པའི་མོས་པ་མཛོད༔ འདི་ནི་རིན་ཆེན་སྣ་ཚོགས་ཏེ༔ ཁྱོད་ཀྱིས་ལྷ་ལ་ཕུལ་བ་ཡིས༔ བསམ་དོན་ཡིད་བཞིན་འགྲུབ་པར་ཤོག༔ ཅེས་མེ་ཏོག་ནས་བཀྱེ༔ དེ་ནས་མཎྜལ་གཅིག་མདུན་དུ་བཞག་པའམ་མཆོད་གཡོག་པས་བཟུང་ལ་ད་མཎྜལ་འདི་རིན་པོ་ཆེ་གསེར་གྱི་ས་གཞི་གླིང་བཞི་གླིང་ཕྲན་ལྕགས་རི་འཁོར་ཡུག་དང་བཅས་པའི་སྟེང་དུ༔ ནས་འབྲུ་རྣམས་གསེར་གཡུ་ལ་སོགས་རིན་པོ་ཆེ་སྣ་བདུན་གྱུར་པས་ཕྱུར་བུར་བཀང་ནས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་གཅིག་ཏུ་བསྡུས་པའི་སྤྲུལ་སྐུ་ཨུ་རྒྱན་རིན་པོ་ཆེ་ལ་འབུལ་སྙམ་པ་གྱིས་ལ་མཎྜལ་སྟེང་


CMR008_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བླུགས་ཤིང་རྗེས་ཟློས་མཛོད༔ ལི་ཡི་མཎྜལ་རིན་ཆེན་བསྒྱུར་བྱས་ནས༔་ནས་རྣམས་ཀུན་ཀྱང་གསེར་གཡུར་བསྒྱུར་ནས་ཀྱང་༔ བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་གཅིག་ལ༔ དད་པས་འབུལ་ལོ་ཐུགས་རྗེས་བདག་གཞན་གཟིགས༔ གུ་རུ་རཏྣ་མཎྜལ་པྲ་ཏིཙྪ་ཨཱཿཧཱུྃ༔ ཞེས་མཎྜལ་ཕུལ་ནས༔ འོ་ན་ད་ལམ་ལོ་རྒྱུས་ཟུར་ཙམ་ཞུ་ན༔ རྩ་རྒྱུད་པད་སྡོང་བརྩེགས་པ་ལས༔ བཅོམ་ལྡན་འདས་དཔག་མེད་རྡོ་རྗེས་བཀའ་སྩལ་པ༔ འདི་ལ་དབང་སྤྱོད་རིགས་ཀྱི་བུ༔ སྐྱེ་འཆིས་མི་གོས་རྡོ་རྗེའི་སྐུ༔ དྲི་མེད་མཚོ་དབུས་འདབ་བརྒྱད་ལས༔ ལེགས་བྱུང་སྤྲུལ་སྐུ་དམ་པ་འབྱུང་༔ རྒྱལ་བ་རྣམས་ཀྱི་ཕྲིན་ལས་བདག༔ སྣ་ཚོགས་སྤྱོད་པ་རླབས་པོ་ཆེ༔ གདུལ་བྱའི་མོས་བློ་ཐ་དད་ལ༔ རྣམ་པ་བཞི་ཡི་དོན་བྱེད་འགྱུར༔ ཞེས་དང་༔ ཐུགས་རྗེ་ཆེན་པོ་གསང་འདུས་རྒྱུད་ལས༔ ཆོས་སྐུ་སྣང་བ་མཐའ་ཡས་ཀྱིས་བཀའ་སྩལ་པ༔ ངའི་སྤྲུལ་ཀོ་ཤའི་མཚོ་གླིང་དུ༔ པདྨ་ལས་བྱུང་སྤྲུལ་པའི་སྐུ༔ ཚེ་ལ་དབང་བའི་རིག་འཛིན་ལ༔ བཀའ་ཡི་བབ་དང་བཅས་ཏེ་གནང་༔ ཨུ་རྒྱན་རྒྱ་གར་ཤར་ནུབ་ཏུ༔ དེ་ཡིས་བསྟན་པ་དར་བར་བྱེད༔ ཅེས་དང་༔ རྩ་


CMR008_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་མན་ངག་གི་ཏམྦྷ་ལས༔ བཅོམ་ལྡན་ཤཱཀྱ་ཐུབ་པས་བཀའ་སྩལ་པ༔ པདྨ་འབྱུང་གནས་ཞེས་བྱ་བ༔ སྐྱེ་ཤི་མེད་པའི་སྤྲུལ་སྐུ་འབྱུང་༔ སངས་རྒྱས་ཐམས་ཅད་འདུས་པའི་དཔལ༔ ཐུབ་པའི་རྒྱལ་ཚབ་དོན་གསུམ་པ༔ སངས་རྒྱས་ཀུན་གྱི་སྲས་གཅིག་པོ༔ བཀའ་མདོ་ལུང་གསུམ་ཆོས་ཀྱི་མཛོད༔ ང་ཡི་བསྟན་མཇུག་དེས་སྐྱོང་ངོ་༔ ང་ཡི་ཞབས་ཀྱིས་མ་བཅགས་པའི༔ འཛམ་གླིང་བོད་ཁམས་གླིང་བཞི་སོགས༔ སྤྲུལ་སྐུ་དེ་ཡི་ཞབས་ཀྱིས་བཅགས༔ སངས་རྒྱས་བསྟན་པའི་ཉི་མ་བདལ༔ ང་ཡི་ཆོས་རྣམས་ཀུན་གྱི་ལུང་༔ མན་ངག་སྐྱེས་བུ་དེ་ཡིས་སྟོན༔ ང་ཡི་ཆོས་སྲིད་བསྟན་པ་ཡིས༔ མ་ཁྱབ་བོད་ཁམས་མུན་རུབ་ཏུ༔ དམ་ཆོས་སྒྲོན་མེ་སྤྲུལ་སྐུས་སྦྱར༔ ཐུབ་པའི་བསྟན་པ་བོད་ཡུལ་དུ༔ ཨུ་རྒྱན་པདྨ་ཉིད་ཀྱིས་སྐྱོང་༔ བོད་དུ་ཆོས་ཀྱི་རྒྱལ་སྲིད་དར༔ རྒྱ་གར་སྟོན་པ་ཤཱཀ་ཐུབ་ལ༔ བོད་ཀྱི་སྟོན་པ་ཨོ་རྒྱན་ཉིད༔ ཨུ་རྒྱན་པདྨ་ཞེས་བྱ་བ་ཀུན་ཏུ་བཟང་པོའི་ངོ་བོ་ཉིད༔ རྡོ་རྗེ་འཆང་ཆེན་སྤྲུལ་པའི་སྐུ༔ རིགས་ལྔ་སངས་རྒྱས་འདུས་པའི་དཔལ༔ རིགས་གསུམ་མགོན་པོའི་རང་བཞིན་ཏེ༔ སྣང་བ་མཐའ་ཡས་སྤྲུལ་པའི་སྐུ༔ ཐུགས་རྗེ་


CMR008_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་མངོན་སུམ་ཉིད༔ བདག་ཅག་ཐུབ་པ་དྲུག་གི་སྐུ༔ གཅིག་ཏུ་སྤྲུལ་པའི་སྲས་གཅིག་པོ༔ མ་འོངས་སེམས་ཅན་མགོན་གཅིག་ཡིན༔ སངས་རྒྱས་སྟོང་གི་གདུང་གཅིག་པོ༔ དུས་གསུམ་སངས་རྒྱས་སྤྱི་འདུས་དཔལ༔ བདེ་གཤེགས་ཐམས་ཅད་སྐུ་གསུམ་རྫོགས༔ སངས་རྒྱས་ཀུན་གྱི་རང་བཞིན་ཏེ༔ ཞེས་གསུངས་པ་ལྟར༔ རྒྱ་གར་གྱི་ཡུལ་དུ་ལོ་སུམ་སྟོང་༔ བོད་དུ་བརྒྱ་དང་བཅུ་གཅིག་བཞུགས་ནས་འགྲོ་དོན་མཛད༔ དེ་ནས་ལྷོ་ནུབ་སྲིན་པོའི་ཁ་གནོན་ལ་བྱོན་ཏེ༔ ཨུ་རྒྱན་ཉིད་ཀྱི་ཞལ་ནས༔ ང་ཉིད་སྲིན་ཡུལ་འགྲོ་བའི་ཚེ༔ བོད་ཀྱི་རྒྱལ་བློན་སྔགས་སློབ་ལ༔ བྱུང་ཅོག་ཟླ་བའི་ཚེས་བཅུ་ལ༔ ངས་ནི་འབྱོན་པར་དབུ་བསྙུང་བཞེས༔ པདྨ་འབྱུང་གནས་གཞན་མི་བསླུ༔ ཐེ་ཚོམ་སྤོངས་ཤིག་རྗེས་འཇུག་རྣམས༔ ལས་སུ་རུང་བའི་བློ་ཡོད་ན༔ འདི་ལྟར་ང་ཡི་ཚེས་བཅུ་ལ༔ བརྩོན་ཞིང་གསོལ་བ་འདེབས་པའི་བུ༔ འཁོར་བར་ལྟུང་ན་ང་རང་ཤེས། བློ་སྙིང་བྲང་གསུམ་ང་ལ་གཏོད༔ ཕྱི་རབས་ང་ལ་བློ་གཏད་མིས༔ སྨོན་ལམ་འབྲེལ་བའི་རྗེས་འཇུག་ལ༔ ཡིད་ཆེས་ཐེ་ཚོམ་བསལ་བའི་ཕྱིར༔ གསང་བའི་ཞལ་གདམས་འདི་


CMR008_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བཀོད༔ དོན་ལ་ང་ལ་གཤེགས་བཞུད་མེད༔ འགྲོ་འོང་གཉིས་ལས་འདས་མོད་ཀྱང་༔ ཀུན་རྫོབ་བག་ཆགས་གཉིས་སྣང་ལ༔ ང་ཉིད་མཁའ་སྤྱོད་གནས་སུ་གཤེགས༔ ལུས་རྒྱ་འཁོར་བའི་བག་ཆགས་དང་༔ དག་བྱ་སྒྲིབ་གཉིས་མ་དག་པས༔ ཀུན་གྱིས་ང་ཡི་ཞལ་མི་མཐོང་༔ ཉོན་མོངས་སྒྲིབ་པ་དག་པའི་ཚེ༔ པདྨ་ང་ཉིད་དངོས་སུ་མཐོང་ཚིག་བཤད་གླེང་མོ་བྱ་རྒྱུ་ཡོད༔ ཅེས་གསུངས་པ་ལྟར༔ སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཅིག་ནས་བཟུང་སྟེ་ལོ་གསུམ་གྱི་བར་དུ་ཨོ་རྒྱན་རིན་པོ་རྒྱུན་དུ་ཞལ་མཇལ་ཞིང་མི་དང་མི་ལབ་པ་ལྟར་བྱུང་༔ དེའི་ཚེ་ཨུ་རྒྱན་གྱི་གསུང་ཡི་གེར་བཀོད་པ་པོ་ཏི་བཅུ་གསུམ་ཙམ་ཡོད་པའི་ནང་ནས༔ ད་རེས་གུ་རུ་ཞི་བའི་དབང་བསྐུར་བ་ཡིན་ཏེ༔ ཨོ་རྒྱན་ཉིད་ཀྱི་ཞལ་ནས༔ སྨོན་ལམ་ཀུན་རྫོབ་གདུལ་བྱའི་ངོར༔ སྲིན་ཡུལ་བཞུགས་པ་བདེན་མོད་ཀྱི༔ ཐུགས་རྗེ་བྱིན་རླབས་རྒྱུན་ཆད་མེད༔ སུས་མོས་རྩ་ན་ང་ཉིད་འདུག༔ དེ་བས་མང་དུ་ཅི་བཤད་ཀྱང་༔ ཚིག་གི་སྦྱིན་རོ་ཡིན་མོད་ཀྱི༔ དོན་ལ་གློ་སྙིང་ང་ལ་ཁོལ༔ ཆེ་རེག་ཆེ་དང་ཆུང་རེག་ཆུང་༔ རང་གི་མོས་གུས་དང་བསྟུན་པའི༔ བྱིན་རླབས་འཇུག་


CMR008_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐེ་ཚོམ་མེད༔ ཅེས་གསུངས་པ་དང་༔ རྩ་རྒྱུད་མན་ངག་གི་ཏན་ལས༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བླ་མ་གསང་བ་འདུས་པའི་སྔགས༔ སྟོང་ཕྲག་བཟླས་པས་བྱིན་རླབས་འབྱུང་༔ ཞེས་དང་༔ པདྨ་བཀའ་ཡི་ཐང་ཡིག་ལས༔ དེ་ལྟར་འགྲོ་བ་རིགས་དྲུག་སེམས་ཅན་རྣམས༔ སྡུག་བསྔལ་རང་བཞིན་ལས་ནི་མ་འདས་པས༔ ཅིས་ཀྱང་དགོས་མེད་བླ་མའི་རྣལ་འབྱོར་སྒོམ༔ སྙིང་པོ་གུ་རུ་པདྨ་སིདྡྷི་བགྲང་༔ རིགས་དྲུག་སྡུག་བསྔལ་གུ་རུ་དྲུག་གིས་སྐྱོབ༔ འགྲུབ་ཐག་ཉེ་ཞིང་བྱིན་རླབས་མྱུར་བ་ཡིན༔ དད་པ་ཅན་གྱི་ཡོན་བདག་ཕོ་མོ་ལ༔ པདྨ་འབྱུང་གནས་མི་བཞུད་སྒོ་ཉལ་ཡོད༔ ཅེས་གསུངས་པ་ལྟར་ཐུགས་རྗེ་ཆེ་ཞིང་བྱིན་རླབས་མྱུར་བའི་དབང་ཟབ་མོ་ཞུ་བའི་ཕྱིར༔ དད་པས་སློབ་མས་ཐལ་མོ་སྦྱར་བྱས་ལ༔ རྗེས་ཟློས་མཛོད༔ རྗེ་བླ་མ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ ཆོས་སྐུ་ལོངས་སྐུ་ཀུན་གྱི་ངོ་བོ་ཉིད༔ བདུད་ཀྱི་བར་ཆད་དབང་དུ་མིའགྲོ་བའི༔ སངས་རྒྱས་གདེང་ཆེན་ཀུན་གྱི་ངོ་བོ་ཉིད༔ འགྲོ་བའི་དོན་ལ་སྤྲུལ་པའི་སྐུར་བཞེངས་ཀྱང་༔ བདུད་དབང་མ་སོང་འཇའ་ལུས་སྐུ་འགྲུབ་པའི༔ གུ་རུ་རིནཔོ་ཆེ་


CMR008_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གསོལ་བ་འདེབས༔་ཞེས་ལན་གསུམ་མམ་ཚིག་རྗེས་མ་གསུམ༔ ད་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་གུ་རུ་རིན་པོ་ཆེ་ལ་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་པ་སོགས་བདུན་རྣམ་དག་འདིའི་རྗེས་ཟློས་མཛོད༔ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ སྡིག་པ་མི་དགེ་སོ་སོར་བཤགས༔ འགྲོ་བའི་དགེ་ལ་རྗེས་ཡི་རང་༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་༔ སངས་རྒྱས་ཆོས་དང་ཚོགས་མཆོག་ལ་བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱི་ནས༔ སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར༔ བྱང་ཆུབ་སེམས་མཆོག་ཡིད་འོང་སྤྱད་པར་བགྱི༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག༔ ལན་གསུམ་མམ་ཚིག་རྗེས་མ་གསུམ༔ ད་བྱིན་དབབ་པ་ནི༔ འདི་ནས་ཉི་མ་ལྷོ་ནུབ་ཀྱི་ཕྱོགས༔ རྔ་ཡབ་གླིང་ཕྲན་སྲིན་པོའི་ཡུལ་དབུས༔ ཟངས་མདོག་དཔལ་གྱི་རི་བོའི་རྩེ༔ པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོ་ན་གུ་རུ་པདྨ་འབྱུང་གནས་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ༔ ཞལ་ཁྲོ་འཛུམ༔ ཐུགས་རྗེའི་


CMR008_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་རྒྱུང་ཁྱེད་རང་རྣམས་ལ་གཟིགས་པ༔ ཕྱག་ན་རྡོ་རྗེ་བྷནྡྷ་བསྣམས་པ༔ དབུ་ལ་ཤ་བའི་སྙན་ཞུ་རྒོད་ཀྱི་ལྡེམ་འཕྲུ་བཙུགས་པ༔ སྐུ་ལ་ཟབ་ཆེན་གྱི་བེར་དང་ཆོས་གོས་གསེར་གྱི་ཧ་རིས་ཅན་གསོལ་བ༔ གྲུ་མོ་གཡོན་ན་ཁ་ཊཾ་ག་བརྟེན་པ༔ འོད་ཟེར་ཉི་མ་འབུམ་བས་ལྷག་པ་ཅན༔ ས་རྡོ་རི་བྲག་གིས་ཀྱང་མི་བསྒྲིབ་པར་ཡིད་ཡུལ་དུ་ལྷང་ངེ་གསལ་ཐོབ༔ དེ་ལ་མོས་གུས་དྲག་པོ་བྱས་པས་དེའི་སྐུ་ལས་དེ་འདྲ་བ་དུང་ཕྱུར་མང་པོ་ཆེ་བ་རྣམས་ཁྱུང་ཆེན་འཛུམ་པ་ལྟ་བུ༔ འབྲིང་བ་རྣམས་ངང་པའི་ཁྱུ་འཕུར་བ་ལྟ་བུ། ཆུང་བ་རྣམས་ཉུངས་ཀར་གཏོར་བ་ལྟ་བུ་ལྷོ་ནུབ་ཀྱི་ནམ་མཁའ་ལ་དྲི་བཟང་གི་ངད་པ་རོལ་མོའི་སྒྲ་དང་བཅས་ཏེ་ཆི་ལི་ལི་བྱོན་ནས༔ མཚོ་ལ་ཆར་པ་བབས་པ་ལྟར་ཁྱེད་རང་གི་ལུས་ལ་ཐིམ་པས་ཁྱེད་རང་རྣམས་ཀྱང་ཨོ་རྒྱན་དངོས་ཀྱི་སྐུར་གྱུར་པར་སྒོམས་ཤིག༔ དབྱངས་རོལ་མོ་སྤོས་དུད་དང་བཅས་ཏེ༔ ཧཱུྃ༔ ལྷོ་ནུབ་སྲིན་པོའི་གྲོང་ཁྱེར་དུ༔ ལྷ་ཁང་དགུ་བརྩེགས་རིམ་བརྩེགས་སྟེང་༔ པདྨ་འབྱུང་གནས་སྐུ་མདོག་དཀར༔ རྡོ་རྗེ་གཡས་ལ་བྷན་གཡོན༔ ཁ་ཊཾ་གྲུ་མོར་བརྟེན་པར་བསྐྱེད༔ སྤྲུལ་སྐུའི་ཆ་ལུགས་ཡོངས་སུ་རྫོགས༔ དེ་ཉིད་


CMR008_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ལྟར་དུང་ཕྱུར་དུང་༔་ཉུངས་ཀར་ཕུལ་གང་གཏོར་བ་ལྟར༔ གནམ་ནས་ཐམས་ཅད་རབ་ཏུ་བྱོན༔ ཐིགས་པ་ཆུ་ལ་བརྒྱབ་པ་ལྟར༔ ལུས་དང་དབྱེར་མེད་གཅིག་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨཱཝེ་ཤ་ཡ་ཨ་ཨཱ༔ དྲིལ་བུ་ཁྲོལ་ཞིང་ལན་བདུན་བརྗོད༔ དེ་ནས་རྡོ་རྗེ་མགོར་བཞག་ལ༔ ཏིཥྛ་བཛྲཿ འོ་དེས་དབང་གི་གཞི་བཀོད་པ་ཡིན༔ དེ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་ལྔ་ལས་སྐུའི་དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད༔ རྗེ་བླ་མ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ ཆོས་སྐུ་ལོངས་སྐུ་ཀུན་གྱི་ངོ་བོ་ཉིད༔ བདུད་ཀྱི་བར་ཆད་དབང་དུ་མི་འགྲོ་བའི༔ སངས་རྒྱས་གདེང་ཆེན་ཀུན་གྱི་ངོ་བོ་ཉིད༔ འགྲོ་བའི་དོན་ལ་སྤྲུལ་པའི་སྐུར་བཞེངས་ཀྱང་༔ བདུད་དབང་མ་སོང་འཇའ་ལུས་སྐུ་འགྲུབ་པའི༔ གུ་རུ་རིན་པོ་ཆེ་ལ་གསོལ་བ་འདེབས༔ བདག་ལ་སྐུ་ཡི་དབང་སྐུར་བསྩལ་དུ་གསོལ༔ དེ་ནས་བུམ་པ་ཐོགས་བྱས་ལ༔ ད་བུམ་པ་འདི་ཉིད་ཕྱི་རིན་པོ་ཆེའི་བུམ་པ་མཚན་ཉིད་དང་ལྡན་པ༔ ནང་གཞལ་ཡས་ཁང་དུ་གྱུར་པའི་དབུས་སུ་ཨུ་རྒྱན་རིན་པོ་ཆེ་དངོས་སུ་བཞུགས་པའི་སྐུ་ལས་འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུའི་སངས་


CMR008_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས༔ བུམ་པའི་ལྷ་ལ་ཐིམ་པས་བདུད་རྩིར་ཞུ༔ ཁྱེད་རང་རྣམས་ཀྱི་ཚངས་བུག་ནས་ཞུགས༔ ལུས་ཀྱི་གནས་བཞི་གང་༔ སྒྲིབ་པ་བཞི་དག༔ དབང་བཞི་ཐོབ༔ སྐུ་བཞི་མངོན་དུ་བྱས་པའི་སྐལ་བ་དང་ལྡན་པར་སྒོམས་ཤིག༔ ཧཱུྃ༔ བུམ་པ་འདི་ནི་གཞལ་ཡས་ཁང་༔ ནང་དུ་པད་འབྱུང་ལྷ་ཚོགས་བཞུགས༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ ལྷ་ཚོགས་ཐམས་ཅད་ཐིམ་པར་གྱུར༔ སྐུ་ཡི་དབང་རྣམས་ཡོངས་རྫོགས་ཤོག༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཧཱུྃ་བྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བུམ་ཆུ་བླུད༔ མེ་ཏོག་འཐོར་ཞིང་༔ ཧཱུྃ༔ སྐྱེ་རྒ་ན་འཆིའི་སྐྱོན་གྱིས་མ་གོས་པ༔ ཕ་མེད་མ་མེད་པདྨའི་སྦུབས་ནས་འཁྲུངས༔ རིགས་མེད་རུས་མེད་རྫོགས་སངས་རྒྱས་པའི་སྐུ༔ པད་འབྱུང་འཆི་མེད་སྐུ་ཡི་བཀྲ་ཤིས་ཤོག༔ འོ་དེས་སྐུ་བུམ་པའི་དབང་ཐོབ༔ ལུས་ཀྱི་སྒྲིབ་པ་དག༔ ལུས་པད་འབྱུང་གི་སྐུར་སྒོམ་པ་ལ་དབང་༔ འབྲས་བུ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་བ་དང་ལྡན་པ་ཡིན་ནོ༔ ད་གཉིས་པ་གསུང་གི་དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད༔ རྗེ་བླ་མ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔


CMR008_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐུ་ལོངས་སྐུ་ཀུན་གྱི་ངོ་བོ་ཉིད༔ བདུད་ཀྱི་བར་ཆད་དབང་དུ་མི་འགྲོ་བའི༔ སངས་རྒྱས་གདེང་ཆེན་ཀུན་གྱི་ངོ་བོ་ཉིད༔ འགྲོ་བའི་དོན་ལ་སྤྲུལ་པའི་སྐུ་བཞེངས་ཀྱང་། བདུད་དབང་མ་སོང་འཇའ་ལུས་སྐུ་འགྲུབ་པའི༔ གུ་རུ་རིན་པོ་ཆེ་ལ་གསོལ་བ་འདེབས༔ བདག་ལ་གསུང་གི་དབང་སྐུར་བསྩལ་དུ་གསོལ༔ དེ་ནས་པོ་ཏི་ཐོགས་བྱས་ལ༔ དེ་ལྟར་གསོལ་བ་བཏབ་པས་མདུན་བསྐྱེད་པད་འབྱུང་གི་ལྷ་ཚོགས་རྣམས་ཀྱི་མགྲིན་པའི་ཨཱཡིག་དམར་པོ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་གསུང་དབྱངས་ཡན་ལག་དྲུག་ཅུ་ཐེག་པ་རིམ་པ་དགུའི་ཆོས་ཐམས་ཅད་པོ་ཏི་གླེགས་བམ་གྱི་ཚུལ་དུ་ཆར་ལྟར་བབས་ནས་ཁྱེད་རང་གི་མགྲིན་པར་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ པོ་ཏི་འདི་ནི་རྒྱལ་བའི་གསུང་༔ རྒྱལ་བའི་གསུང་ལ་ལྷག་ཆད་མེད༔ ཁྱོད་ཀྱི་མགྲིན་པར་བཞག་པ་ཡིས༔ གསུང་གི་དབང་རྣམས་ཡོངས་རྫོགས་ཤོག༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཝཱཀ་པུཎྜི་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱ༔ ཞེས་མགྲིན་པར་བཞག༔ མེ་ཏོག་འཐོར་ཞིང་༔ ཧཱུྃ༔ སྐྱེ་རྒ་ན་འཆིའི་སྐྱོན་གྱིས་མ་གོས་པ༔ ཕ་མེད་མ་མེད་པདྨའི་སྦུབས་ནས་འཁྲུངས༔


CMR008_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་མེད་རུས་མེད་རྫོགས་སངས་རྒྱས་པའི་སྐུ༔ པད་འབྱུང་འགགས་མེད་གསུང་གི་བཀྲ་ཤིས་ཤོག༔ དེས་ངག་གི་སྒྲིབ་པ་དག༔ གསུང་གི་དབང་ཐོབ༔ གུ་རུའི་སྔགས་བཟླ་ཞིང་གསོལ་བ་འདེབས་པ་དང་༔ རྒྱུད་དང་རྣམ་ཐར་ཀློག་པར་དབང་༔ འབྲས་བུ་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པའི་ལོངས་སྤྱོད་རྫོགས་སྐུ་ཐོབ་པའི་སྐལ་པ་དང་ལྡན་པའོ༔ ད་ཐུགས་ཀྱི་དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད༔ རྗེ་བླ་མ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ ཆོས་སྐུ་ལོངས་སྐུ་ཀུན་གྱི་ངོ་བོ་ཉིད༔ བདུད་ཀྱི་བར་ཆད་དབང་དུ་མི་འགྲོ་བའི༔ སངས་རྒྱས་གདེང་ཆེན་ཀུན་གྱི་ངོ་བོ་ཉིད༔ འགྲོ་བའི་དོན་ལ་སྤྲུལ་པའི་སྐུ་བཞེངས་ཀྱང་༔ བདུད་དབང་མ་སོང་འཇའ་ལུས་སྐུ་འགྲུབ་པའི༔ གུ་རུ་རིན་པོ་ཆེ་ལ་གསོལ་བ་འདེབས༔ བདག་ལ་ཐུགས་ཀྱི་དབང་སྐུར་བསྩལ་དུ་གསོལ༔ དེ་ནས་གཏོར་མ་ཐོགས་བྱས་ལ༔ ད་གཏོར་མ་རིན་ཆེན་འབར་བ་འདི་ཉིད་མཆོད་པའི་སྤྲིན་ཕུང་ཆེན་པོར་གྱུར་པའི་དབུས་སུ་གུ་རུ་སྐུ་གསུམ་གྱི་ལྷ་ཚོགས་ཐོ་བརྩེགས་སུ་བཞུགས་པའི་ཐུགས་ཀ་ནས་འོད་ཟེར་མཐིང་ག་ཕྱོགས་བཅུར་འཕྲོས༔ རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་ཀྱི་


CMR008_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་གཉིས་སུ་མེད་པའི་ཡེ་ཤེས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་དང་ཡེ་ཤེས་ཀྱི་ཀ་པཱ་ལ་བདུད་རྩིས་བཀང་བ་དང་འཆི་མེད་ཚེའི་བུམ་པ་ཆར་བཞིན་དུ་བབས་ནས་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ གཏོར་མ་འདི་ནི་པདྨ་འབྱུང་༔ ཁྱོད་ཀྱི་མགོ་ལ་བཞག་པ་ཡིས༔ ཐུགས་ཀྱི་དབང་རྣམས་ཡོངས་རྫོགས་ཤོག༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཙིཏྟ་མ་ཧཱ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གཏོར་མ་སྤྱི་བོར་བཞག་ནས༔ མེ་ཏོག་འཐོར་ཞིང་༔ ཧཱུྃ༔ སྐྱེ་རྒ་ན་འཆིའི་སྐྱོན་གྱིས་མ་གོས་པ༔ ཕ་མེད་མ་མེད་པདྨའི་སྦུབས་ནས་འཁྲུངས་རིགས་མེད་རུས་མེད་རྫོགས་སངས་རྒྱས་པའི་སྐུ༔ པད་འབྱུང་འཁྲུལ་མེད་ཐུགས་ཀྱི་བཀྲ་ཤིས་ཤོག༔ དེས་སེམས་ཀྱི་སྒྲིབ་པ་དག༔ ཐུགས་ཀྱི་དབང་ཐོབ༔ སེམས་ཏིང་ངེ་འཛིན་བསྒོམ་པ་ལ་དབང་༔ འབྲས་བུ་ཆོས་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པའོ༔ དེ་ནས་ཡོན་ཏན་གྱི་དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད༔ རྗེ་བླ་མ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ ཆོས་སྐུ་ལོངས་སྐུ་ཀུན་གྱི་ངོ་བོ་ཉིད༔ བདུད་ཀྱི་བར་ཆད་དབང་དུ་མི་འགྲོ་བའི༔ སངས་རྒྱས་གདེང་ཆེན་ཀུན་གྱི་ངོ་བོ་ཉིད༔ འགྲོ་བའི་དོན་ལ་སྤྲུལ་པའི་སྐུ་བཞེངས་


CMR008_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་༔ བདུད་དབང་མ་སོང་འཇའ་ལུས་སྐུ་འགྲུབ་པའི༔ གུ་རུ་རིན་པོ་ཆེ་ལ་གསོལ་བ་འདེབས༔ བདག་ལ་ཡོན་ཏན་དབང་སྐུར་བསྩལ་དུ་གསོལ༔ དེ་ལྟར་གསོལ་བ་བཏབ་པས་མདུན་བསྐྱེད་ཀྱི་ལྷ་ཚོགས་ཐམས་ཅད་ཀྱི་ལྟེ་བ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་ཀྱི་བྲལ་བ་དང་རྣམ་པར་སྨིན་པའི་་་་ཡོན་ཏན་དྲུག་ཅུ་རྩ་བཞིའི་ངོ་བོ་ཡིན་པ་ལ་རྣམ་པ་གསེར་གྱི་མདོག་ཅན་གྱི་ཐིག་ལེ་གྲུ་བཞི་པ་ནང་པདྨ་འདབ་བཞི་ཉིས་རིམ༔ ལྟེ་བ་གྲུ་བཞི་ཕྱི་ཡེ་ཤེས་ཀྱི་མེ་འབར༔ འཇའ་གུར་ཐིག་ལེ་ཐིག་ཕྲན་གྱིས་བསྐོར་པ་དཔག་ཏུ་མེད་པ་སྤྱན་དྲངས༔ ཁྱེད་རང་རྣམས་ཀྱི་ལྟེ་བར་ཐིམ་པར་སྒོམས་ཤིག༔ དེ་ནས་ཐིག་ལེ་སེར་པོ་གཏད་ལ༔ ཧཱུྃ༔ འདི་ནི་པད་འབྱུང་དཀྱིལ་འཁོར་ཏེ༔ ཁྱོད་ཀྱི་ལྟེ་བར་བཞག་པ་ཡིས༔ ཡོན་ཏན་དབང་རྣམས་ཡོངས་རྫོགས་ཤོག༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ གུ་ཎ་ཏི་ལ་ཀཱ་ཨ་བྷི་ཥིཉྩ་སྭཱ༔ མེ་ཏོག་འཐོར་ཞིང་༔ ཧཱུྃ༔ སྐྱེ་རྒ་ན་འཆིའི་སྐྱོན་གྱིས་མ་གོས་པ༔ ཕ་མེད་མ་མེད་པདྨའི་སྦུབས་ནས་འཁྲུངས༔ རིགས་མེད་རུས་མེད་རྫོགས་སངས་རྒྱས་པའི་སྐུ༔ པད་འབྱུང་ཡོན་ཏན་ལྷུན་གྲུབ་


CMR008_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་ཤོག༔ དེས་བསགས་པ་ཆ་སྙོམས་ཀྱི་སྒྲིབ་པ་དག༔ བཀའ་རྫོགས་པ་ཆེན་པོ་བསྒོམ་པར་དབང་༔་འབྲས་བུ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པའོ༔་ད་ཕྲིན་ལས་ཀྱི་དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད༔ རྗེ་བླ་མ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ ཆོས་སྐུ་ལོངས་སྐུ་ཀུན་གྱི་ངོ་བོ་ཉིད༔ བདུད་ཀྱི་བར་ཆད་དབང་དུ་མི་འགྲོ་བའི༔ སངས་རྒྱས་གདེང་ཆེན་ཀུན་གྱི་ངོ་བོ་ཉིད༔ འགྲོ་བའི་དོན་ལ་སྤྲུལ་པའི་སྐུར་བཞེངས་ཀྱང་༔ བདུད་དབང་མ་སོང་འཇའ་ལུས་སྐུ་འགྲུབ་པའི༔ གུ་རུ་རིན་པོ་ཆེ་ལ་གསོལ་བ་འདེབས༔ བདག་ལ་ཕྲིན་ལས་དབང་སྐུར་བསྩལ་དུ་གསོལ༔ དེ་ནས་མཚོ་རྒྱལ་སྐུ་ཐོགས་ལ༔ སྐུ་གཟུགས་འདི་ཡེ་ཤེས་ཀྱི་མཁའ་འགྲོ་མཚོ་རྒྱལ་དངོས་སུ་གསལ་བའི་སྐུ་ལས་འོད་ཟེར་སྟོང་གསུམ་ཁྱབ་པར་འཕྲོས་པས་ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ལ་ཕོག༔ དེ་རྣམས་ཀྱི་ཞི་རྒྱས་དབང་དྲག་གི་ཕྲིན་ལས་རྣམ་པ་བཞིའི་དངོས་གྲུབ་ཐམས་ཅད་འོད་ཟེར་དཀར་སེར་དམར་ལྗང་གི་རྣམ་པར་སྤྱན་དྲངས་ནས་ཁྱེད་རང་རྣམས་ཀྱི་ལུས་ལ་ཐིམ་པས་ཕྲིན་ལས་རྣམ་པ་བཞི་ལ་རང་དབང་ཐོབ་པར་སོམས་ཤིག༔ ཧཱུྃ༔ འདི་ནི་ཡེ་ཤེས་


CMR008_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་རྒྱལ་སྐུ༔ ཁྱོད་ཀྱི་གསང་བར་བཞག་པ་ཡིས༔ ཕྲིན་ལས་དབང་རྣམས་ཡོངས་རྫོགས་ཤོག༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཤཱནྟི་པུཊྛི་པ་ཤཾ་མཱ་ར་ཡ་ཨ་བྷི་ཥིཉྩ་ཧཱ༔ ཞེས་ལག་ཏུ་གཏད་ཀྱང་རུང་༔ མེ་ཏོག་འཐོར་ཞིང་༔ ཧཱུྃ༔ སྐྱེ་རྒ་ན་འཆིའི་སྐྱོན་གྱིས་མ་གོས་པ༔ ཕ་མེད་མ་མེད་པདྨའི་སྦུབས་ནས་འཁྲུངས་རིགས་མེད་རུས་མེད་རྫོགས་སངས་རྒྱས་པའི་སྐུ༔ པད་འབྱུང་ཕྲིན་ལས་འགྲོ་འདུལ་བཀྲ་ཤིས་ཤོག༔ དེས་ཤེས་བྱའི་སྒྲིབ་པ་དག༔ ཕྲིན་ལས་ཀྱི་དབང་ཐོབ༔ འདིའི་ལས་ཚོགས་རྣམས་བསྒྲུབ་རུང་༔ འབྲས་བུ་བདེ་བ་ཆེན་པོའི་སྐུ་འགྲུབ་པའི་སྐལ་བ་དང་ལྡན་པའོ༔ དེ་ལྟར་དངོས་བཞིའི་དབང་ལྔ་པོ་སོང་ནས༔ ད་མཐའ་རྟེན་གཏོར་མའི་བཀའ་བསྒོ་ནི༔ ད་གཏོར་མ་འདི་ཉིད་གུ་རུ་སྐུ་གསུམ་གྱི་ལྷ་ཚོགས་ཐམས་ཅད་ནམ་མཁའ་ལ་སྤྲིན་ཆེན་པོ་འཁྲིགས་པ་ལྟར་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས༔ གསོལ་བ་ཇི་ལྟར་བཏབ་པའི་བྱིན་རླབས་དངོས་གྲུབ་ཐམས་ཅད་བསྩལ་ནས་འོད་དུ་ཞུ་སྟེ་ཁྱེད་རང་རྣམས་ལ་ཐིམ་པས༔ གུ་རུའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པའི་ངང་ལ་སེམས་མ་བཅོས་པར་མཉམ་པར་ཞོག་མཛོད༔


CMR008_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་ལག་ཏུ་ཐོགས་ལ༔ ཆོས་སྐུ་པདྨ་འབྱུང་གནས༔ ལོངས་སྐུ་པདྨ་འབྱུང་གནས༔ སྤྲུལ་སྐུ་པདྨ་འབྱུང་གནས༔ བུདྡྷ་མ་ཧཱ་གུ་རུ༔ བཛྲ་མ་ཧཱ་གུ་རུ༔ རཏྣ་མ་ཧཱ་གུ་རུ༔ པདྨ་མ་ཧཱ་གུ་རུ༔ ཀརྨ་མ་ཧཱ་གུ་རུ༔ ཉི་མ་འོད་ཟེར་ཤཱཀྱ་སེང་གེ་ལ་སོགས་པ་མཆོག་གི་མཚན་བརྒྱད༔ པདྨ་རྣམ་པར་རྒྱལ་བ་ལ་སོགས་པ་རིགས་དྲུག་འདུལ་བའི་གུ་རུ་དྲུག༔ པདྨ་ས་ར་ཧ་ཌ་བི་པ་ལ་སོགས་པ་འཕྲུལ་མཚན་བཞི་བཙུ༔ ཨུ་རྒྱན་བྱེ་བ་ཕྲག་བརྒྱ༔ འཁོར་རིག་འཛིན་བྱེ་བ་འབུམ་འབུམ་དང་བཅས་པ་པད་འབྱུང་ཞི་བའི་ལྷ་ཚོགས་རྣམས་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་ལ་བྱིན་གྱིས་བརླབ་ཏུ་གསོལ༔ དབང་བསྐུར་དུ་གསོལ༔ བར་ཆད་བསལ་དུ་གསོལ༔ སྒྲིབ་པ་སྦྱོང་དུ་གསོལ༔ ལམ་སྣ་འདྲེན་དུ་གསོལ༔ མཆོག་ཐུན་མོང་གི་དངོས་གྲུབ་སྩོལ་ཅིག༔ འཆི་མེད་ཚེའི་དངོས་གྲུབ་སྩོལ་ཅིག༔ ནད་མེད་བདེ་བའི་དངོས་གྲུབ་སྩོལ་ཅིག༔ བདེ་དྲོད་ལུས་ལ་འབར་བར་བྱིན་གྱིས་རློབས་ཤིག༔་ནུས་པ་ངག་ལ་འབར་བར་བྱིན་གྱིས་རློབས་ཤིག༔ ཉམས་རྟོགས་སེམས་ལ་འབར་བར་བྱིན་གྱིས་རློབས་ཤིག༔ སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་རྗེས་སུ་འཛིན་པར་མཛད་དུ་གསོལ༔


CMR008_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་མེ་ཏོག་འཐོར་ཞིང་༔ ཧཱུྃ༔ སྐུ་གསུམ་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ མཁའ་འགྲོ་ཆོས་སྐྱོང་ནོར་ལྷའི་བཀྲ་ཤིས་ཤོག༔ གཏེར་སྲུང་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག༔ དེ་ལྟར་དབང་ཟབ་མོ་ཐོབ་ནས་དེ་ནས་གུ་རུ་རིན་པོ་ཆེ་ཡི་དམ་དུ་འཛིན༔ བཛྲ་གུ་རུ་རྒྱུན་བསྙེན་བསམ་པ་གྱིས་ལ་འདིའི་རྗེས་ཟློས་མཛོད༔ འདི་ཉིད་བྱང་ཆུབ་མ་ཐོབ་བར༔ ཡི་དམ་གཟུང་བར་སེམས་བསྐྱེད་དོ༔ ན་ར་ཀན༔ དེ་ལྟར་དབང་ཟབ་མོ་ཐོབ་པའི་གཏར་རག་ཏུ་མཎྜལ་རིན་པོ་ཆེ་གསེར་གྱི་ས་གཞིའི་སྟེང་དུ་ནས་རྣམས་གསེར་གཡུ་རིན་ཆེན་སྣ་ཚོགས་སུ་གྱུར་པས་ཕྱུར་བུར་བཀང་སྟེ་ཕུལ་བའི་མོས་པས་རྗེས་ཟློས་མཛོད༔ ལི་ཡི་མཎྜལ་རིན་ཆེན་བསྒྱུར་བྱས་ནས༔ ནས་རྣམས་ཀུན་ཀྱང་གསེར་གཡུར་བསྒྱུར་ནས་ཀྱང་༔ བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་གཅིག་ལ༔ དད་པས་འབུལ་ལོ་ཐུགས་རྗེས་བདག་གཞན་གཟིགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཁ་ཐཾ༔ ཞེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་མེ་སྤྲེའུ་གྲོ་བཞིན་ཅན་གྱི་ཚེས་བཞི་ལ་ཨུ་རྒྱན་སྤྲུལ་སྐུའི་ཆ་ལུགས་ཅན་


CMR008_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གིས་དངོས་སུ་བཀའ་སྩལ་པའོ༔ ཞེས་སྒྲུབ་ཐབས་གསུམ་དབང་དང་འབྲེལ་མར་བྱུང་བ་ལས༔ མངོན་རྟོགས་རིགས་གསུམ་བདག་མདུན་བུམ་གསུམ་ལ་སྦྱར༔ དབང་བཤད་དང་བར་སྐབས་ཀྱི་མཚམས་སྦྱར་བཀྲ་ཤིས་སོགས་ཀྱིས་ཁ་བསྐང་སྟེ་གཏེར་བློན་རཱ་ག་ཨ་སྱས་བསྒྲིགས་པ་ལ་ཉེས་འགལ་མཆིས་ན་ཆོས་བདག་སྲུང་མའི་ཚོགས་ལ་བཤགས་ཤིང་དགེ་བས་གཏེར་སྟོན་སྤྲུལ་སྐུའི་དགོངས་པ་རྫོགས་པ་དང་༔ འགྲོ་བ་དཔག་ཏུ་མེད་པ་ཨུ་རྒྱན་ཆེན་པོས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག༔ མངྒ་ལཾ༔ ༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་༄༄༄༄༄ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱ་གས་སོ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒོང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོ།


CMR008_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ གུ་རུ་ཞི་བའི་རྣལ་འབྱོར་གྱི་དབང་བཞུགས་པའི་དབུ་ཕྱོགས་སོ༔


CMR008_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཤམརྐྱ༔ གུ་རུ་རིན་པོ་ལ་ཕྱག་འཚལ་ལོ༔ གུ་རུ་པདྨའི་དབང་བསྐུར་ནི༔ མཎྜལ་འབྲུ་ཡི་འདབ་བརྒྱད་སྟེང་༔ བུམ་པ་མཆོད་གཏོར་སྤྱི་ལྟར་བཤམས༔ གཞུང་ལས་འོག་གི་མངོན་རྟོགས་ནི༔ འདིར་འདོན་བསྙེན་པ་བྱ་གསུངས་པས༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཧཱུྃ༔ མི་དམིགས་སྐད་ཅིག་དྲན་རྫོགས་སུ༔ བདག་དང་མདུན་བསྐྱེད་གཏོར་མའི་རྩེར༔ བུམ་ལྷ་པདྨ་འབྱུང་གནས་སྐུ༔ ལྷ་ཚོགས་མ་ལུས་སྐུ་ལ་རྫོགས༔ སྐུ་ཉིད་དཀར་ལ་ཆོས་གོས་དམར༔


CMR008_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་གཉིས་ཕྱེད་པའི་སྐྱིལ་མོས་ནི༔ པད་ཉིའི་སྟེང་དུ་གསལ་བར་བཞུགས༔ ཕོད་ཀ་སྔོན་པོ་ཀླུབ་པ་དང་༔ པད་ཞུ་ངུར་སྨྲིག་གསོལ་ནས་ཀྱང་༔ ཕྱག་གཉིས་རྡོ་རྗེས་བདུད་རྩི་དཀྲུགས༔ ཡུམ་སྔོན་གྲི་ཐོད་འཛིན་པ་འཁྱུད༔ ཐུགས་ཀར་ཟླ་སྟེང་ཧཱུྃཡིག་མཐར༔ སྔགས་ཀྱིས་གཡས་སུ་བསྐོར་བ་ལས༔ འོད་ཟེར་ལྷོ་ནུབ་མཚམས་སུ་འཕྲོས༔ སྲིན་ཡུལ་ཟངས་མདོག་དཔལ་རི་ནས༔ པདྨ་འབྱུང་གནས་བྱེ་བ་བརྒྱ༔ ཁ་བ་བུ་ཡུག་འཚུབ་བཞིན་བྱོན༔ བདག་མདུན་བུམ་པའི་ལྷ་ལ་ཐིམ༔ བུམ་པ་བདུད་རྩིས་གང་བར་གྱུར༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་


CMR008_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་སིདྡྷི་ཧཱུྃ༔ ཞེས་པ་བརྒྱ་སྟོང་ཅི་འགྲུབ་བསྙེན༔ གུ་རུ་པདྨ་ཊཱ་ཀི་ནཱི་ཨཧཱུྃ་སོགས་ཤབྟ་པྲ་ཏིཙྪ་ཨཱཿཧཱུྃ༔ པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ སྐྱེ་རྒས་ན་འཆིའི་སྐྱོན་གྱིས་མ་གོས་ཤིང་༔ ཕ་མེད་མ་མེད་པདྨའི་སྦུབས་ནས་འཁྲུངས༔ རིགས་མེད་རུས་མེད་རྫོགས་སངས་རྒྱས་པའི་སྐུ༔ པད་འབྱུང་བྷནྡྷ་བསྣམས་ལ་ཕྱག་འཚལ་བསྟོད༔ འདིའི་ཚིག་གསུམ་པོ་འོག་གི་བཀྲ་ཤིས་རྣམས་ལ་སྦྱར་ཤེས་པར་བྱའོ༔ དེ་ནས་དང་པོ་དབང་བསྐུར་བ་ནི༔ ཁྲུས་དང་མཎྜལ༔ སྔོན་དུ་དབང་མ་བསྐུར་ན་བགེགས་གཏོར་མཚམས་གཅོད་སོགས་སྟ་གོན་ཡོངས་སུ་རྫོགས་པར་བྱ༔ དེ་ནས་དབང་བཤད་ནི༔ འོ་ན་ད་ལམ་དབང་བསྐུར་བ་ལ་ལོ་རྒྱུས་ཟུར་ཙམ་ཞུ་ན༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཐུགས་ཀ་ནས་ཡི་གེ་ཧཱུྃགཅིག་སྐར་མདའ་ཆད་པ་ལྟར་འཕྲོས་ནས༔ ཨུ་རྒྱན་ཡུལ་གྱི་ནུབ་བྱང་དྷ་ན་ཀོ་ཤའི་མཚོ་དཀྱིལ་མེ་ཏོག་པདྨའི་སྡོང་པོ་ལ༔ གུ་རུ་རིན་པོ་ཆེ་འདི་རྫུས་སྐྱེས་ལས་འཁྲུངས་ཏེ་སྤྲིན་གསེབ་ནས་ལྷ་རྣམས་ཀྱིས་རོལ་མོ་བསྒྲགས་ཤིང་མཆོད་པ་ཕུལ༔ མཁའ་འགྲོ་མ་ཀུན་གྱིས་བར་སྣང་ནས་གར་བྱེད་ཅིང་མེ་ཏོག་ཆར་པ་འབེབས༔ ཀླུ་ཆེན་པོ་བརྒྱད་པད་སྡོང་ལ་བསྐོར་ཞིང་ནོར་བུ་མང་པོ་


CMR008_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ༔ ལྷ་སྲིན་སྡེ་བརྒྱད་མཚོ་འགྲམ་ན་གར་བྱེད་ཅིང་རིན་པོ་ཆེའི་ཆར་འབེབས༔ དེར་གསང་སྔགས་ཀྱི་རྒྱུད་སྡེ་དཔག་ཏུ་མེད་པ་ཞིག་གསུངས་པ༔ ཕལ་ཆེར་མཁའ་འགྲོས་གདན་དྲངས༔ སླར་རྒྱ་དཀར་ནག་སོགས་ཡུལ་ཉི་ཤུ་རྩ་བཞི་རྣམས་སུ་བྱོན་ནས༔ མདོ་སྔགས་ཀྱི་ཆོས་དཔག་ཏུ་མེད་པ་གསུངས༔ སངས་རྒྱས་ཐམས་ཅད་གཅིག་ཏུ་འདུས་པའི་ངོ་བོ་ཡིན་པས༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཆེ་བ་བརྒྱད་བརྒྱད་དང་ལྡན་ཏེ༔ ཕ་མའི་རྒྱུ་རྐྱེན་ལ་མ་ལྟོས་རྫུས་སྐྱེས་སུ་འཁྲུངས་པ་དང་༔ མཚན་བཟང་པོ་སུམ་ཅུ་རྩ་གཉིས་དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པ་དང་༔ ཨུ་རྒྱན་ཡུལ་གྱི་རྒྱལ་པོ་མཛད༔ ཁམས་གསུམ་དབང་སྡུད་ཀྱི་དངོས་གྲུབ་བརྙེས༔ སྒྱུ་རྩལ་ཐམས་ཅད་ལ་མཁས་ཤིང་བཙུན་མོ་བདུན་བརྒྱ་བཞེས༔ སླར་སོ་ཐར་བྱང་སྡོམ་སྔགས་སྡོམ་གསུམ་དང་ལྡན་པར་མཛད༔ སྐུ་ལ་འབྱུང་བཞིའི་གནོད་པས་མི་ཚུགས༔ དགུང་ལོ་སུམ་སྟོང་དྲུག་བརྒྱ་བཞེས་ཀྱང་བཅུ་དྲུག་གི་ན་ཚོད་ལས་བགྲེས་རྒུད་མི་མང༢༔ ནམ་མཁའ་ཇི་སྲིད་སྐུ་ཚེ་ལ་འདས་གྲོངས་མེད༔ གསུང་ཚངས་པའི་དབྱངས་དང་ལྡན༔ ཡི་དམ་ལྷ་དང་གསུང་


CMR008_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

གླེང་མཛད༔ སྐད་རིགས་སུ་གྱུར་ཚད་མཁྱེན༔ ཐ་མལ་པའི་གསུང་ཡེ་མི་འབྱོན༔ གསུང་ཚད་དུ་ཆོས་གསུངས༔ རིགས་དྲུག་སོ་སོའི་སྐད་དུ་ཆོས་སྟོན༔ བཀའ་ལུང་ལ་ལྷ་འདྲེ་ཐམས་ཅད་ཉན༔ གསུང་གི་གདངས་སྐད་འབྲུག་སྒྲ་ལས་ཆེ༔ ཐུགས་ནམ་ཡང་འཁྲུལ་པ་མི་མངའ༔ ཆོས་ལ་ཕྱོགས་རིས་མེད་རྟོགས་པ་ནམ་མཁའ་ལས་མཐོ༔ སྒོམ་པ་རི་བོ་ལས་བརྟན༔ སྤྱོད་པ་ཉི་རྡུལ་ལས་ཞིབ༔ འབྲས་བུ་གཞན་དོན་ཁོ་ན་སྒྲུབ༔ དུས་བཞི་མངོན་པར་མཁྱེན༔ གདུལ་བྱ་རིས་སུ་མི་དབྱེ༔ མཐོ་རིས་ཀྱི་ཡོན་ཏན་བདུན་བརྙེས༔ ཡོངས་སུ་གྲགས་པའི་མཁས་གྲུབ་སྟོང་རྩ་བརྒྱད་བླ་མར་བསྟེན༔ རིག་པའི་གནས་བཅོ་བརྒྱད་ལ་མཁས་པས་པཎྜི་ཏ་ཡན་ལག་མེད་པའི་རྡོ་རྗེར་གྲགས༔ སྡེ་སྣོད་གསུམ་ལ་མཁས་པས་ཨ་ཝ་དྷུ་ཏི་པ་ཆེན་པོ་ཟེར༔ བྱང་ཆུབ་ཐུགས་བསྐྱེད་རྒྱ་ཆེ་བས་བྱང་ཆུབ་སེམས་དཔའ་པུར་གྲགས༔ དབང་གིས་རྒྱུད་སྨིན་ཅིང་སྦྱོར་སྒྲོལ་ཚད་དུ་ཕྱིན་པས་གྲུབ་ཆེན་པདྨ་བཛྲ་དུ་གྲགས༔ དགོན་གནས་བདག་ཏུ་མ་བཟུང་བས་འགྲོ་བ་སྤྱིའི་སྐྱབས་གནས་སུ་གྱུར༔ འཕགས་པའི་ནོར་བདུན་གྱིས་ཕྱུག་པས་བསྟན་པ་དར་རྒྱས་སུ་མཛད༔


CMR008_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་འཛིན་སྐྱོང་སྲུང་གསུམ་གྱི་ཕྲིན་ལས་ཆེ༔ ཆོས་དང་ཆོས་མིན་འབྱེད༔ ལྷ་འདྲེ་བྲན་དུ་ཁོལ༔ བསྟན་ཞབས་གཏེར་གྱིས་སྐྱོང་༔ མཆོག་དམན་འབྲིང་གསུམ་གྲོགས་སུ་འགྲོ༔ ཁོང་གི་བསྟན་པ་ལ་འཕེལ་འགྲིབ་མེད༔ དུས་སྙིགས་བཞིན་དུ་བསྟན་པ་དེར༔ དེ་ལྟ་བུའི་གུ་རུ་རིན་པོ་ཆེ་དེ་ཉིད་ད་ལྟ་སྐུ་དངོས་ལྷོ་ནུབ་སྲིན་པོའི་ཁ་གནོན་ལ་བཞུགས་ཤིང་༔ ནངས་ནུབ་རྒྱུན་དུ་སྤྲུལ་པ་ཉི་ཟེར་ལ་ཆིབས་ནས་བོད་ལ་ཐུགས་རྗེས་གཟིགས༔ ཡར་ངོའི་ཚེས་བཅུ་ལ་དངོས་སུ་འབྱོན་ནས་སྐལ་ལྡན་རྣམས་བྱིན་གྱིས་བརླབས་ཤིང་ལྷ་སྲིན་དམ་ལ་འདོགས་པ་ཡིན་ཏེ༔ རྫུ་འཕྲུལ་དང་མངོན་ཤེས་ཁྱད་པར་འཕགས་པ་ཡིན་ཏེ༔ ཐུན་མོང་གི་མངོན་ཤེས་ལྔ༔ ཁྱད་པར་གྱི་མངོན་ཤེས་ལྔ༔ བླ་མེད་ཀྱི་མངོན་ཤེས་ལྔ༔ ཟག་བཅས་ཀྱི་མངོན་ཤེས་ལྔ༔ ཟག་མེད་ཀྱི་མངོན་ཤེས་ལྔ༔ རྫུ་འཕྲུལ་གྱི་མངོན་ཤེས་ལྔ༔ འདས་པའི་མངོན་ཤེས་ལྔ༔ མ་འོངས་པའི་མངོན་ཤེས་ལྔ༔ ད་ལྟའི་མངོན་ཤེས་ལྔ༔ མ་ངེས་པའི་མངོན་ཤེས་ལྔ༔ བདེན་གཉིས་ཀྱི་མངོན་ཤེས་ལྔ༔ ཟུང་འཇུག་གི་མངོན་ཤེས་ལྔ་སྟེ་མངོན་ཤེས་དྲུག་ཅུ་དང་ལྡན་པའི་ཕྱིར༔


CMR008_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

དུས་དེང་སང་གནམ་ཆོས་ཐུགས་ཀྱི་གཏེར་ཁས་སེམས་ཅན་ལ་ཕན་ཐོགས་པར་དགོངས་ནས༔ མེ་སྤྲེལ་གྱི་ལོ་ཁྲུམས་ཟླ་བའི་བཅུ་དགུའི་ཉིན༔ ཨོ་རྒྱན་རིན་པོ་ཆེ་དངོས་སུ་བྱོན་ནས་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ལ་གནང་བ་ཡིན་པས༔ བརྒྱུད་པ་ཉེ་ཞིང་བྱིན་རླབས་ཀྱི་སོ་མ་ཉམས་པ་ཡིན་ནོ༔ དེ་ལྟ་བུའི་དབང་ཞུ་བའི་ཕྱིར་ཁྱེད་རང་སློབ་མ་རྣམས་ཀྱིས་གསོལ་འདེབས་འདི་ལྟར་དུ་མཛོད༔ ཨེ་མ༔ དུས་གསུམ་སངས་རྒྱས་ཐམས་ཅད་དང་༔ ཁྱད་པར་སྐུ་གསུམ་སྐུ་ལྔ་མཚན་བརྒྱད་རྣམས༔ ཐམས་ཅད་མ་ལུས་གཅིག་བསྡོམས་ནས༔ ཤིན་ཏུ་བསྡུས་པ་པདྨ་འབྱུང་༔ གསོལ་བ་འདེབས་སོ་དབང་བསྐུར་སྩོལ༔ ལན་གསུམ༔ ད་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་གུ་རུ་རིན་པོ་ཆེ་ལ་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་པའི་རྗེས་ཟློས་མཛོད༔ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ སྡིག་པ་མི་དགེ་སོ་སོར་བཤགས༔ འགྲོ་བའི་དགེ་ལ་རྗེས་ཡི་རང་༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་༔ སངས་རྒྱས་ཆོས་དང་ཚོགས་མཆོག་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་


CMR008_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

པར་བགྱི༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱི་ནས༔ སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར༔ བྱང་ཆུབ་སེམས་མཆོག་ཡིད་འོང་སྤྱད་པར་བགྱི༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག༔ གསུམ་མམ་ཚིག་རྗེས་མ་གསུམ༔ ད་ཡེ་ཤེས་པ་འབེབས་པའི་དོན་དུ༔ ཧཱུྃ༔ ཁྱེད་རང་པདྨ་འབྱུང་གནས་སྐུ༔ ལྷ་ཚོགས་མ་ལུས་སྐུ་ལ་རྫོགས༔ སྐུ་ཉིད་དཀར་ལ་ཆོས་གོས་དམར༔ ཞབས་གཉིས་ཕྱེད་པའི་སྐྱིལ་མོས་ནི༔ པད་ཉིའི་སྟེང་དུ་གསལ་བར་བཞུགས༔ ཕོད་ཀ་སྔོན་པོ་ཀླུབ་པ་དང་༔ པད་ཞུ་ངུར་སྨྲིག་གསོལ་ནས་ཀྱང་༔ ཕྱག་གཉིས་རྡོ་རྗེས་བདུད་རྩི་དཀྲུག༔ ཡུམ་སྔོན་གྲི་ཐོད་འཛིན་པས་འཁྱུད༔ དེའི་དཔྲལ་བར་ཨོཾ༔ མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ༔ ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ལྷོ་ནུབ་ཕྱོགས་སུ་འཕྲོས་པས༔ རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་ནས་གུ་རུ་རིན་པོ་ཆེ་རིག་འཛིན་མཁའ་འགྲོའི་ཚོགས་དང་བཅས་པ་རོལ་མོའི་སྒྲ་དྲི་བཟང་གི་ངད་པ་དང་བཅས་འཇའ་འོད་དུ་མེ་རེ་རེ་འཁྱིལ་ཞིང་ནམ་མཁའ་ལ་ཚུར་བྱོན་ནས་ཁྱེད་རང་རྣམས་ལ་ཆུ་ལ་ཆུ་བཞག་པ་ལྟར་ཐིམ་པར་སྒོམས་ཤིག༔ ཅེས་སྤོས་སྲེག་རོལ་མོ་དབྱངས་དང་བཅས་


CMR008_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

པས༔ ཧཱུྃ༔ པདྨ་འབྱུང་གནས་ལྷ་ཚོགས་མ་ལུས་རྣམས༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ༔ སྐལ་ལྡན་དད་ལྡན་བདག་ལ་དབང་མཆོག་བསྐུར༔ ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལ༔ བཛྲ་གུ་རུའི་དབྱངས་དང་༔ ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་མང་དུ་བརྗོད་རྗེས་རྡོ་རྗེ་མགོར་བཞག་ལ༔ ཏིཥྛ་བཛ྄༔ དེ་ནས་སྐུའི་དབང་བསྐུར་བ་ནི༔ བསྡུ་ན་གསོལ་འདེབས་མི་དགོས༔ རྒྱས་པར་ན༔ ཨེ་མ༔ དུས་གསུམ་སངས་རྒྱས་ཐམས་ཅད་དང་༔ ཁྱད་པར་སྐུ་གསུམ་སྐུ་ལྔ་མཚན་བརྒྱད་རྣམས༔ ཐམས་ཅད་མ་ལུས་གཅིག་བསྡོམས་ནས༔ ཤིན་ཏུ་བསྡུས་པ་པདྨ་འབྱུང་༔ གསོལ་བ་འདེབས་སོ་སྐུ་དབང་སྩོལ༔ དཀྱིལ་འཁོར་དབུས་ཀྱི་བུམ་པ་ལག་ཏུ་ཐོགས་ཏེ་འདི་སྐད་བརྗོད༔ ད་བུམ་པ་འདི་ཉིད་ཕྱི་རིན་པོ་ཆེའི་བུམ་པ་མཚན་ཉིད་དང་ལྡན་པ༔ ནང་གཞལ་ཡས་ཁང་དུ་གྱུར་པའི་དབུས་སུ༔ མ་ཧཱ་གུ་རུ་སྐུ་གསུམ་སྐུ་ལྔ་མཚན་བརྒྱད་ཐམས་ཅད་བཀྲ་ལམ་མེར་བཞུགས་པའི་སྐུ་ལས་བདུད་རྩིའི་རྒྱུན་བབས༔ ཚངས་བུག་ནས་ཞུགས་ལུས་ཀྱི་གནས་བཞི་གང་༔་སྒྲིབ་པ་བཞི་དག༔ དབང་བཞི་ཐོབ༔ སྐུ་བཞིའི་ས་བོན་རྒྱུད་ལ་བཞག་པའི་མོས་པ་མཛོད༔ ཧཱུྃ༔


CMR008_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་རྣམ་རྒྱལ་བུམ་པ་སྟེ༔ ནང་ན་པད་འབྱུང་ལྷ་ཚོགས་གསལ༔་ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ པད་འབྱུང་ལྷ་ཚོགས་དབང་རྫོགས་ཤོག༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཀུལླ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་ཆུ་བླུད༔ ཙཀ་ལི་རྒྱབ་ཡིག་ཏུ་བྱས་ཏེ༔ ཐིག་ལེ་དཀར་པོ་ཐོགས་ཏེ་འདི་སྐད་བརྗོད་མདུན་བསྐྱེད་གུ་རུའི་དཔྲལ་བའི་ཨོ་ལས་ཐིག་ལེ་དཀར་པོ་ཨོ་གྱིས་མཚན་པ་དཔག་ཏུ་མེད་པ་འཕྲོས༔ ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ་པས༔ སྐུའི་དབང་དང་བྱིན་རླབས་ཡོངས་སུ་རྫོགས་པ་ཐོབ་པར་སྒོམས་ཤིག༔ ཧཱུྃ༔ པད་འབྱུང་དཔྲལ་བའི་ཨོཾ་ལས་ནི༔ ཐིག་ལེ་དཀར་པོ་འདི་འཕྲོས་པས༔ ཁྱོད་ཀྱི་སྤྱི་བོར་ཐིམ་པ་ཡིས༔ སྐུ་ཡི་དབང་རྣམས་ཡོངས་རྫོགས་ཤོག༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཏི་ལ་ཀ་ཀཱ་ཡ་ཨ་བྷི་ཥིཉྩམཱི༔ ཙཀ་ལི་རྒྱབ་ཡིག་བྱས་ནས༔ ཐོར་ཅོག་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཐོགས་ཏེ༔ ད་ཁྱེད་རང་རྣམས་ཀྱི་དབུ་སྐྲ་ཐོར་ཅོག་སོར་བཅུ་གཉིས་པའི་ཚད་ཙམ་གྱེན་དུ་བཅིངས་ཏེ༔ ཚོན་སྐུད་དཀར་པོས་དཀྲིས་ཏེ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པར་སྒོམས་ཤིག༔ ཧཱུྃ༔ འདི་ཉིད་བསྐོས་པའི་དབུ་སྐྲ་སྟེ༔ པདྨ་འབྱུང་གནས་ལྷ་ཚོགས་ཀྱིས༔ ཁྱོད་ལ་


CMR008_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་བསྐོས་པ་ཡིན༔ ཁྱེད་ཀྱི་སྤྱི་བོར་བཞག་པ་ཡིས༔ པད་འབྱུང་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨུཎྜི་ཏ་ཨ་བྷི་ཥིཉྩ་མཾ༔ དེ་ནས་ཙཀ་ལི་རྒྱབ་ཡིག་ཏུ་བྱས་ཏེ༔ པདྨ་འབྱུང་གནས་ཀྱི་སྐུ་ཐོགས་ལ༔ མདུན་བསྐྱེད་མ་ཧཱ་གུ་རུའི་སྐུ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ སངས་རྒྱས་ཀྱི་ཞིང་ཐམས་ཅད་ནས་མ་ཧཱ་གུ་རུའི་སྐུ་ཆེ་ཕྲ་སྣ་ཚོགས་པ་ཁ་བ་བུ་ཡུག་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་སྒོམས༔ ཧཱུྃ༔ འདི་ནི་པདྨ་འབྱུང་གནས་སྐུ༔ ལྷ་ཚོགས་མ་ལུས་སྐུ་ལ་རྫོགས༔ སྐུ་ཉིད་དཀར་ལ་ཆོས་གོས་དམར༔ ཞབས་གཉིས་ཕྱེད་པའི་སྐྱིལ་མོས་ནི༔ པདྨ་ཉི་སྟེང་གསལ་བར་བཞུགས༔ ཕོད་ཀ་སྔོན་པོ་ཀླུབ་པ་དང་༔ པད་ཞྭ་ངུར་སྨྲིག་གསོལ་ནས་ཀྱང་༔ ཕྱག་གཉིས་རྡོ་རྗེས་བདུད་རྩི་དཀྲུག༔ ཡུམ་སྔོན་གྲི་ཐོད་འཛིན་པར་འཁྱུད༔ འདི་ཉིད་ཁྱོད་ཀྱི་མགོར་བཞག་པས༔ པདྨ་འབྱུང་གནས་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩམཱ་ཧཱུྃ༔ སྐྱེ་རྒས་ན་འཆི༴ ཕ་མེད་མ་མེད༴ རིགས་མེད་རུས་མེད༴ པད་འབྱུང་འཆི་མེད་སྐུ་ཡི་བཀྲ་ཤིས་ཤོག༔ འོ་དེས་གུ་རུའི་སྐུའི་དབང་བཞི་ཐོབ༔


CMR008_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཀྱི་ནད་གདོན་ཞི༔ ལུས་ལྷར་བསྒོམ་པར་དབང་༔ ལུས་སྤྲུལ་སྐུ་འགྲུབ་པའི་སྐལ་བ་དང་ལྡན་པ་ཡིན༔ དེ་ནས་གསུང་གི་དབང་བསྐུར་བ་ནི༔ རྗེས་ཟློས༔ ཨེ་མ་དུས་གསུམ་སངས་རྒྱས་ཐམས་ཅད་དང་༔ ཁྱད་པར་སྐུ་གསུམ་སྐུ་ལྔ་མཚན་བརྒྱད་རྣམས་ཐམས་ཅད་མ་ལུས་གཅིག་བསྡོམས་ནས༔ ཤིན་ཏུ་བསྡུས་པ་པདྨ་འབྱུང་༔ གསོལ་བ་འདེབས་སོ་གསུང་དབང་སྩོལ༔ ཙཀ་ལི་རྒྱབ་ཡིག་ཏུ་བྱས་ནས༔ པདྨ་དཀར་པོ་ཁ་བྱེ་བའི་ནང་ནས༔ པདྨ་དམར་པོ་སྐྱེས་པ་ཡང་ཁ་བྱེ་བ་ཐོགས་ལ༔ ད་འདི་ཉིད་པདྨ་དཀར་པོ་འདབ་མ་སུམ་ཅུ་སོ་ལྔ་པ༔ འདབ་མ་རེ་ལ་གསལ་བྱེད་སུམ་ཅུ་རེ་རེས་མཚན་པ༔ དེའི་ནང་ནས་སྐྱེས་པའི་པདྨ་དམར་པོ་འདབ་མ་བཅུ་དྲུག་པ༔ འདབ་མ་རེ་ལ་དབྱངས་ཡིག་རེ་རེས་མཚན་པའི་ཟེའུ་འབྲུར་ཨཱཡིག་དམར་པོ་རིང་ཆ་ཚེག་དྲག་དང་བཅས་པ༔ འདི་སྤྱི་བོར་བཞག་པ་ཙམ་གྱིས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་གསུང་དབྱངས་གསལ་ཡིག་འབྲུའི་རྣམ་པར་ཆར་ལྟར་བབས་ནས་ཁྱེད་རང་ལ་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ འདི་ནི་པད་འབྱུང་ལྷ་ཚོགས་ཀྱི༔ གསུང་གི་རྟགས་རྣམས་རྫོགས་པ་ཡིན༔ འདི་ཉིད་ཁྱོད་ཀྱི་མགོར་


CMR008_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་པས༔ པད་འབྱུང་གསུང་གི་དབང་རྫོགས་ཤོག༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨཱ་ལི་ཀཱ་ལི་སོགས། ཝཱཀ་ཨ་བྷི་ཥིཉྩ་མཱི༔ ཙཀ་ལི་ཐིག་ལེ་དམར་པོ་ཐོགས་ཏེ༔ མདུན་བསྐྱེད་མ་ཧཱ་གུ་རུའི་མགྲིན་པའི་ཨཱཡིག་ལས་ཐིག་ལེ་དམར་པོ་ཨཱཡིག་གིས་མཚན་པ་འཕྲོས༔ ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས་གསུང་གི་དབང་དང་བྱིན་རླབས་ཐོབ་པར་སྒོམས༔ ཧཱུྃ༔ ཐིག་ལེ་འདི་ནི་པད་འབྱུང་གི༔ མགྲིན་པའི་གནས་ནས་འཕྲོས་པ་ཡིན༔ ཁྱོད་ཀྱི་མགྲིན་པར་བཞག་པ་ཡིས༔ པད་འབྱུང་གསུང་གི་དབང་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཏི་ལ་ཀ་ཝཱཀྐ་ཨ་བྷི་ཥིཉྩ་མཱི༔ ནོར་བུ་རིན་ཆེན་འོད་འབར་བ་ཐོགས་ཏེ༔ མདུན་བསྐྱེད་གུ་རུའི་མགྲིན་པ་ནས་འོད་ཟེར་འཕྲོས་པས༔ ཕྱོགས་བཅུའི་འཕགས་པ་བདེན་ཚིག་གྲུབ་པ་ཐམས་ཅད་ཀྱི༔ ངག་གི་ནུས་པ་ནོར་བུ་འོད་འབར་བའི་རྣམ་པར་ཆར་བཞིན་བབས་ནས་ཁྱེད་རང་གི་མགྲིན་པར་ཐིམ་པས་སྨོན་ལམ་ཅི་བཏབ་འགྲུབ་པར་སྒོམས༔ ཧཱུྃ༔ འདི་ནི་དགོས་འདོད་ནོར་བུ་སྟེ༔ ཁྱོད་ཀྱིས་ཅི་སྨྲས་འགྲུབ་པ་ཡིན༔ ཁྱོད་ཀྱི་མགྲིན་པར་བཞག་པ་ཡིས༔ གསུང་གི་དབང་རྣམས་ཐོབ་པར་ཤོག༔ ཨོཾ་


CMR008_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

༔ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ མ་ཎི་ཝཱཀྐ་ཨ་བྷི་ཥིཉྩམཱི༔ ཙཀ་ལི་རྒྱབ་ཡིག་ཏུ་བྱས་ནས༔ པདྨ་རཱ་གའི་མཆོད་རྟེན་ཐོགས་ལ༔ ད་མདུན་བསྐྱེད་གུ་རུའི་མགྲིན་པ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ བཀའ་སྡེ་སྣོད་གསུམ་དང་རྒྱུད་སྡེ་དྲུག་ལ་སོགས་པ་ཆོས་དཀོན་མཆོག་ཐམས་ཅད༔ པདྨ་རཱ་གའི་མཆོད་རྟེན་གྱི་རྣམ་པར་ཆར་བཞིན་བབས་ནས་ཁྱེད་རང་གི་མགྲིན་པར་ཐིམ་པས༔ འཆད་རྩོད་རྩོམ་གསུམ་ལ་རང་དབང་ཐོབ་པར་སྒོམས༔ ཧཱུྃ༔ འདི་ནི་པད་འབྱུང་ལྷ་ཚོགས་ཀྱི༔ གསུང་གི་རྟགས་མཚན་ཚང་བ་ཡིན༔ ཁྱོད་ཀྱི་མགྲིན་པར་བཞག་པ་ཡིས༔ པད་འབྱུང་གསུང་གི་དབང་ཐོབ་ཤོག༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དྷརྨ་ཝཱཀྐ་ཨ་བྷི་ཥིཉྩ་མཱི༔ ཧཱུྃ༔ སྐྱེ་རྒས་ན་འཆིའི༴ ཕ་མེད་མ་མེད་༴ རིགས་མེད་རུས་མེད༴ པད་འབྱུང་འགག་མེད་གསུང་གི་བཀྲ་ཤིས་ཤོག༔ དེས་གུ་རུའི་གསུང་གི་དབང་བཞི་ཐོབ་པས༔ ངག་སྒྲིབ་དག་དིག་ལྷུགས་ཞི༔ སྔགས་བཟླ་བ་དང་༔ འཆད་རྩོད་རྩོམ་པར་དབང་༔ ངག་ལོངས་སྐུ་འགྲུབ་པའི་སྐལ་བ་དང་ལྡན་པའོ༔ དེ་ནས་ཐུགས་ཀྱི་དབང་བསྐུར་བ་ནི༔ རྗེས་ཟློས་མཛོད༔ ཨེ་མ་དུས་


CMR008_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སངས་རྒྱས་ཐམས་ཅད་དང་༔ ཁྱད་པར་སྐུ་གསུམ་སྐུ་ལྔ་མཚན་བརྒྱད་རྣམས༔ ཐམས་ཅད་མ་ལུས་གཅིག་བསྡོམས་ནས༔ ཤིན་ཏུ་བསྡུས་པ་པདྨ་འབྱུང་༔ གསོལ་བ་འདེབས་སོ་ཐུགས་དབང་སྩོལ་ཙཀ་ལི་རྒྱབ་ཡིག་ཏུ་བྱས་ནས༔ རྡོ་རྗེ་རྩེ་གཅིག་ཐོགས་ལ་འདི་སྐད་དོ༔ མདུན་བསྐྱེད་མ་ཧ་གུ་རུའི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས༔ རྡོ་རྗེ་རྩེ་གཅིག་པའི་རྣམ་པར་སྙིང་གར་ཐིམ་པར་སྒོམས༔ ཧཱུྃ༔ འདི་ནི་པད་འབྱུང་ལྷ་ཚོགས་ཀྱི༔ ཐུགས་ཀྱི་རྟགས་ནི་འདི་ལ་རྫོགས༔ ཁྱོད་ཀྱི་སྙིང་གར་བཞག་པ་ཡིས༔ ཐུགས་ཀྱི་དབང་རྣམས་ཡོངས་རྫོགས་ཤོག༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བཛྲ་ཙིཏྟ་ཨ་བྷི་ཥིཉྩམཾ་ཙཀ་ལི་རྒྱབ་ཡིག་ཏུ་བྱས་ནས༔ ཐིག་ལེ་སྔོན་པོ་ཐོགས་ལ་འདི་སྐད་དོ༔ མདུན་བསྐྱེད་གུ་རུའི་ཐུགས་ཀའི་ཧཱུཾ་ལས་ཐིག་ལེ་སྔོན་པོ་ཧཱུྃ་གིས་མཚན་པ་འཕྲོས༔ ཁྱེད་རང་གི་སྙིང་གར་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ འདི་ནི་པདྨ་འབྱུང་གནས་ཀྱི༔ ཐུགས་ནས་འོད་ཟེར་འཕྲོས་པ་ཡི༔ ཁྱོད་ཀྱི་སྙིང་གར་བཞག་པ་ཡིས༔ པད་འབྱུང་ཐུགས་ཀྱི་དབང་རྫོགས་ཤོག༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་


CMR008_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

མར་རམ་ཐུད་དུ་ཡོད། ཐེབ་ཙེའི་ནང་དུ་ཕྱེ་མར་བཞག་ལ་བྲན་ནས་རང་ཉིད་གོང་ལྟར་ཨོ་རྒྱན་མངོན་རྟོགས་བསྒོམ་སྟེ། བདུད་རྩི་འཁྱིལ་པས་བསང་། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར། དེའི་སྟེང་དུ་ཀཾ་གསུམ་ལས་ཐོད་པའི་སྒྱེད་པུ་རི་རབ་ཙམ་གསུམ་གྱི་སྟེང་དུ་ཨ་ཡིག་ལས་ཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་བདུད་རྩི་ལྔས་གང་བ་རླུང་གཡོས་མེ་སྦར་ཐོད་པ་དྲོས་ཞུ་ཞིང་ཁོལ་བས་བདུད་རྩིའི་རྒྱ་མཚོ་ཆེན་པོའི་སྟེང་དུ་ཨོཾ་ཨཱཧཱུྃ་གསུམ་རྩེག་མར་གནས་པ་རིམ་པ་བཞིན་ཞུ་ནས་ཐིམ་པས་སྐུ་གསུང་ཐུགས་ཀྱི་བདུད་རྩི་ཟག་མེད་ཀྱི་བདེ་བ་བསྐྱེད་པ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། །ཨོཾ་ཨཱ༔ཧཱུྃ་ཧ་ཧོབྷིསྭཱ་ཧཱ། སྔགས་དེ་གསུམ་བརྗོད། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་གཏོར་མགྲོན་ཐམས་ཅད་སྐད་ཅིག་ལ་ནམ་མཁའ་བར་སྣང་གང་བར་སྤྱན་དྲངས་པར་གྱུར། འབར་བའི་ཕྱག་རྒྱ་དཔྲལ་བར་སྐོར་བ་དང་། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་ནི། སྤྱན་འདྲེན་ཐམས་ཅད་ཀྱི་མཆོག་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད། གུ་རུ་དྷེ་ཝ་ཌཱཀྐི་ནཱི་སརྦ་དྷརྨ་པཱ་ལ་བཛྲ་ས་མ་ཡ་ཛ༔ཛཿ ཕེཾ་ཕེཾ༔


CMR008_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ་རལླི་ཛཧཱུྃ་བཾ་ཧོ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ནམ་མཁའ་བར་སྣང་གང་བར་སྤྲིན་འཁྲིགས་པ་ལྟར་གསལ་བར་གྱུར། ན་མོ་གུ་རུ་རཏྣ་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་ཨི་དཾ་བྷ་ལི་ཏ་༴ ཨོཾ་ཨཱ༔ཧཱུྃ་ཨར་རྩིག་ནེར་ཅིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨ་ཧུ་ཧཱུྃ་ཕཊ༔ ཨི་དཾ༴ ཨོ་དེ་ཝ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ༴ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བི་ཧཱུྃ་ཕཊ༔ ཨི་དཾ༴ ཨོ་ཧཱི༔ཧ་ཧ་ཧཱུྃ་ཕཊ༔ ཨི་དཾ༴ མགོན་པོ་ཕྱག་བཞི་པ་ནི། ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཧཱུྃ་ཕཊ༔ སངས་རྒྱས་དབོན་གྱི་ཆོས་སྐྱོང་གུར། ཨོཾ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ༴ དུད་སོལ་མ། ༀ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ་ཨི་དཾ༴ མ་ནིང་། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གྷ་ན་གླུ་ཡ་རཾ་སིདྡྷི་ཧཱུྃ་ཕཊ༔ ཨི་དཾ༴ ཏྲཀྐད་ནི། ཨོཾ་མ་ཧཱ་ཀཱ་ལི་ཏྲཀྐད་མ་ཧཱ་ཀཱ་ལ་སི་ཏི་ཡཾ་དུ་ཛ༔ ཨི་དཾ༴ རྣམ་སྲས་ལྗང་གུ། ཨོཾ་བྷེ་ཤྲ་མ་ཎ་ཡེ་ཧཱུྃ་སྭཱ་ཧཱ། ཨི་དཾ༔ སྟག་ལུང་པའི་ནོར་ལྷ་གནོད་སྦྱིན་གཞན་གྱིས་མི་ཐུབ་པ། ཨོ་ཧཱུྃཨ་པ་ར་ཙིཏྟ་ཛ༔ ཨི་དཾ༴ ཚེ་རིང་མ། ཨོ་ཨ་ཀ་ནི་ཙ་ལི་མི་ཐུ་ལྡི་ལི་རི་སྭཱ་ཧཱ། ཨི་དཾ༔ སངས་རྒྱས་དབོན་གྱི་བཀའ་སྲུང་ཤ་ཟ་མཁའ་འགྲོ་སྤུན་ལྔ། པཉྩ་ཀི་ནི་ཨི་


CMR008_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་བྷི་ཥིཉྩ་མཱི༔ ཙཀ་ལི་རྒྱབ་ཡིག་བྱས་ནས༔ ཐིག་ལེ་སེར་པོ་ཐོགས་ལ་འདི་སྐད་དོ༔ མདུན་བསྐྱེད་གུ་རུ་རིན་པོ་ཆེའི་ལྟེ་བའི་ཧིཝཡིག་ལས་ཐིག་ལེ་སེར་པོ་ཧཱིས་མཚན་པ་དཔག་མེད་འཕྲོས་པས༔ ལྟེ་བར་ཐིམ་པས་ཡོན་ཏན་གྱི་དབང་ཡོངས་སུ་རྫོགས་ནས་དབང་བཞི་པའི་དོན་རྟོགས་པར་སྒོམས་ཤིག༔ ཧཱུྃ༔ འདི་ནི་པདྨ་འབྱུང་གནས་ཀྱི༔ ལྟེ་བའི་གནས་ནས་འཕྲོས་པ་ཡིན༔ ཁྱོད་ཀྱི་ལྟེ་བར་བཞག་པ་ཡིས༔ ཡོན་ཏན་དབང་རྣམས་ཡོངས་རྫོགས་ཤིང་༔ ཁྱད་པར་དབང་བཞི་ཡོངས་རྫོགས་ཤོག༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ གུརྱ་ཏི་ལ་ཀ་ཨ་བྷི་ཥིཉྩམཾ༔ དེ་ནས་ཙཀ་ལི་རྒྱབ་ཡིག་ཏུ་བྱས་ནས་སེང་ཁྲི་ཐོགས་ཏེ༔ དེ་ལྟར་དབང་བསྐུར་བས་འཆི་མེད་པདྨ་འབྱུང་གནས་དངོས་ཀྱི་སྐུར་གྱུར་ནས༔ སྐྱེ་འཆི་ལ་རང་དབང་ཐོབ་སྟེ་སེང་གེའི་ཁྲི་ལ་བསྐལ་བར་བཞུགས་པའི་མོས་པ་མཛོད༔ ཧཱུྃ༔ འདི་ནི་པདྨ་འབྱུང་གནས་ཀྱི༔ ཁྱོད་ལ་བསྐོས་པའི་ཁྲི་ཡིན་པས༔ འདི་ཡི་སྟེང་དུ་བསྐལ་པར་སྡོད༔ དབང་བཞི་ཐོབ་པས་འདི་དབང་ངོ་༔ འདི་སྟེང་བསྐལ་པར་འདུག་པར་ཤོག༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སེང་ཧ་ཨ་པཱ་ནཾ་ཨ་བྷི་ཥཱིཉྩམིཾ༔ ཧཱུྃ༔ སྐྱེ་རྒ་ན་


CMR008_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

འཆི༔ ཕ་མེད་མ་མེད༔ རིགས་མེད་རུས་མེད༴ པད་འབྱུང་ཡོན་ཏན་ལྷུན་གྲུབ་བཀྲ་ཤིས་ཤོག༔ དེས་སྒོ་གསུམ་ཆ་སྙོམས་ཀྱི་སྒྲིབ་པ་དག༔ ཡོན་ཏན་གྱི་དབང་ཐོབ༔ བསྙེན་སྒྲུབ་བྱ་བའི་ཕན་ཡོན་རྣམས་འབྱུང་༔ ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་དང་ལྡན་ནོ༔ དེ་ནས་ཕྲིན་ལས་ཀྱི་དབང་གི་དོན་དུ་རྗེས་ཟློས་མཛོད༔ ཨེ་མ་དུས་གསུམ་སངས་རྒྱས་ཐམས་ཅད་དང་༔ ཁྱད་པར་སྐུ་གསུམ་སྐུ་ལྔ་མཚན་བརྒྱད་རྣམས༔ ཐམས་ཅད་མ་ལུས་གཅིག་བསྡོམས་ནས༔ ཤིན་ཏུ་བསྡུས་པ་པདྨ་འབྱུང་༔ གསོལ་བ་འདེབས་སོ་ཕྲིན་ལས་དབང་སྐུར་སྩོལ༔ ད་གཏོར་མ་འདི་ཉིད་གུ་རུ་རིན་པོ་ཆེར་གསལ་བའི་སྐུའི་ཆ་ཐམས་ཅད་ནས་འོད་ཀྱི་ཐིག་ལེ་དཀར་སེར་དམར་ལྗང་བབས་ནས་ཁྱེད་རང་ལ་ཐིམ་པས༔ ཕྲིན་ལས་བཞིའི་དབང་ཐོབ་ཅིང་སླར་གུ་རུ་རིན་པོ་ཆེ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས༔ ཨུ་རྒྱན་རིན་པོ་ཆེའི་སྐུ་གསུང་ཐུགས་དང་༔ ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པར་སྒོམས༔ ཆོས་སྐུ་སྣང་བ་མཐའ་ཡས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ༔ སྤྲུལ་སྐུ་པདྨ་འབྱུང་གནས༔ ཐོད་ཕྲེང་རྩལ་སྡེ་ལྔ༔ མཆོག་གི་མཚན་བརྒྱད།


CMR008_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་དྲུག་འདུལ་བའི་གུ་རུ་དྲུག༔ འཕྲུལ་མཚན་བཞི་བཅུ༔ ཨུ་རྒྱན་བྱེ་བ་ཕྲག་བརྒྱ་ལ་སོགས་པ༔ པད་འབྱུང་ཞི་བའི་ལྷ་ཚོགས་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ༔ དབང་བསྐུར་དུ་གསོལ༔ ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་མཛད་དུ་གསོལ༔ ཚེ་དང་བསོད་ནམས་ཉམས་རྟོགས་རྒྱས་པར་མཛད་དུ་གསོལ༔ རླུང་སེམས་སྣང་སྲིད་དབང་དུ་འདུ་བར་མཛད་དུ་གསོལ༔ བདུད་བགེགས་ལོག་འདྲེན་ཚར་གཅོད་པར་མཛད་དུ་གསོལ༔ ལུས་ངག་ཡིད་གསུམ་བསྲུང་ཞིང་བསྐྱབ་པར་མཛད་དུ་གསོལ༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཤཱནྟཾ པུཎྞཾ ཝ་ཤཾ མཱ་ར་ཡ་ཨ་བྷི་ཥིཉྩ་མཱི༔ རཀྵ་རཀྵ༔ ཧཱུྃ༔ སྐྱེ་རྒས་ན་འཆི༴ ཕ་མེད་མ་མེད༔ རིགས་མེད་རུས་མེད༴ པད་འབྱུང་ཕྲིན་ལས་ཐོགས་མེད་བཀྲ་ཤིས་ཤོག༔ དེས་ཤེས་བྱའི་སྒྲིབ་པ་དག༔ ཕྲིན་ལས་རྣམ་བཞི་འགྲུབ༔ བདེ་བ་ཆེན་པོའི་སྐུ་འགྲུབ་པའི་སྐལ་བ་དང་ལྡན་ནོ༔ དེ་ནས་པདྨ་འབྱུང་གནས་འདི༔ ཁྱོད་ཀྱིས་བྱང་ཆུབ་མ་ཐོབ་པར༔ ཡི་དམ་ཀུན་གྱི་གཙོར་ཟུངས་ཤིག༔ དེ་ནས་སློབ་མས་འདིའི་རྗེས་ཟློས་བཅུག༔ ས་མ་ཡ་ན་ར་ཀན༔ མཎྜལ་འབུལ་ཏེ༔ ལི་ཡི་


CMR008_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་རིན་ཆེན་བསྒྱུར་བྱས་ནས༔ ནས་རྣམས་ཀུན་ཀྱང་གསེར་གཡུར་བསྒྱུར་ནས་ཀྱང་༔ བླ་མ་སངས་རྒྱས་སྤྲུལ་པའི་སྐུ་གཅིག་ལ༔ དད་པས་འབུལ་ལོ་ཐུགས་རྗེས་བདག་གཞན་གཟིགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ ཤ་མ༔ ཏན༔ གཉྩ༔ གཅ།རྒྱ༔ ཞེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་སྤྲེའུ་ལོ་ཁྲུམས་ཟླ་བའི་བཅུ་དགུ་ལ་ཨོ་རྒྱན་ཉིད་ཀྱིས་དངོས་སུ་གསུངས་སོ༔ ཞེས་པ་ལས་གབ་འཁྲུགས་བསལ༔ གནམ་ཆོས་གཞུང་ནས་ཁ་སྐོང་དགོས་པ་རྣམས་བསྐང་༔ ལོ་རྒྱུས་དང་དབང་བཤད་ཀྱིས་བརྒྱན་ཏེ་གཏེར་སྟོན་གྱི་དགོངས་པ་རྫོགས་པའི་ཆེད་དུ་གཏེར་བློན་རཱ་ག་ཨ་སྱས་བསྡེབས་པའི་ཡི་གེ་པ་ནི་དགེ་སློང་སྦྱིན་པའོ༔ མངྒ་ལཾ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

ཨོ་རྒྱན་རིན་པོ་ཆེའི་སྒོ་ནས་ཚེ་སྒྲུབ་དང་གཏོར་བསྔོས་བསྡུས་པ།


CMR008_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་རྒྱན་རིན་པོ་ཆེའི་སྒོ་ནས་ཚེ་སྒྲུབ་དང་གཏོར་བསྔོས་བསྡུས་པ་ཡོད།།


CMR008_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དཀོན་མཆོག་གསུམ་དང་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་རྣམས་ལ་སྐྱབས་སུ་མཆི། །འགྲོ་ཀུན་སངས་རྒྱས་ས་ལ་འགོད་པའི་ཕྱིར། །བདག་གིས་བསྐྱེད་རྫོགས་ཟབ་མོ་བསྒོམ་པར་བྱ། །ཨ། ཆོས་རྣམས་ཡེ་ནས་སྟོང་ཉིད་ནམ་མཁའ་འདྲ། །དེ་ཡི་རང་མདངས་སྐད་ཅིག་དྲན་རྫོགས་སུ། །རང་ཉིད་བདེ་གཤེགས་ཀུན་འདུས་པདྨ་འབྱུང་། །དཀར་དམར་མདངས་ལྡན་མཚན་དང་དཔེ་བྱད་རྫོགས། །དབུ་ལ་པད་ཞྭ་སྒོ་དར་མེ་ལོང་བརྒྱན། །ཞལ་གཅིག་ཁྲོ་འཛུམ་སྤྱན་གཉིས་ནམ་མཁར་གཟིགས། །རྡོ་རྗེ་བྷནྡྷ་ཚེ་བུམ་ཁ་ཊཾ་བསྣམས། །ཕོད་ཀ་


CMR008_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་གོས་ཟ་འོག་བེར་ཆེན་གསོལ། །རྡོ་རྗེའི་སྐྱིལ་ཀྲུང་པད་ཟླའི་གདན་ལ་བཞུགས། །འོད་དང་འོད་ཟེར་ཉི་མ་འབུམ་བཞིན་འབར། །རྔ་ཡབ་གླིང་ནས་གུ་རུ་པདྨ་འབྱུང་། །ཆ་ལུགས་སྣ་ཚོགས་བུ་ཡུག་བཞིན་དུ་བྱོན། །མཚོ་ལ་ཆར་བཞིན་རང་ལ་སིབ་སིབ་ཐིམ། རང་གི་སྙིང་དབུས་པདྨ་ཟླ་བའི་སྟེང་། །ཧཱི༔ཡིག་དཀར་པོ་འགྲེང་ཐབས་གནས་པའི་མཐར། །སྔགས་ཕྲེང་ཁ་དོག་ལྔ་ལྡན་གཡས་སུ་འཁོར། །དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས། །སངས་རྒྱས་བྱང་སེམས་ཀུན་གྱི་བྱིན་རླབས་དང་། །ས་ཆུ་མེ་རླུང་འབྱུང་བ་ལྔ་ཡི་བཅུད། །ལྷ་


CMR008_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་མི་ཡི་ཚེ་དང་བསོད་ནམས་ཀུན། །འོད་ཟེར་ཁ་དོག་སྣ་ཚོགས་རྣམ་པར་བསྡུས། །རང་ལ་ཐིམ་པས་ཚེ་དང་བསོད་ནམས་རྒྱས། །འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར། །ཨོ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥ་ཧཱུཾ་རྦ་ཛ༔ ཞེས་བསྙེན་ནོ། །རྒྱུན་དུ་བཟླས་པས་རྨི་ལམ་དུ་ཉི་ཟླ་ཤར་བ། གོས་དཀར་གསར་པ་གྱོན་པ། ཆང་དང་འོ་མ་བདུད་རྩི་འཐུང་བ། རྡོ་རྗེ་དྲིལ་བུ་བུམ་པ་རྙེད་པ། མེ་ཏོག་དམར་པོ་ཁོ་ན་མ་ཡིན་པའི་ཚལ་དུ་ཕྱིན་པ། ཁྲུས་བྱས་པ་གོ་ཁྲབ་གྱོན་པ། རྫོང་དང་བྲག་བཙན་པོ་ན་འདུག་པ། ཁང་པ་གསར་པ་དང་རྫོང་བརྩེགས་པ། གྱེན་ལ་འགྲོ་བ། གངས་རི་ལ་འཛེགས་པ། རོལ་མོ་འབུད་དཀྲོལ་བྱས་པས་སྐད་རིང་པོ་འབྱུང་བ། ལོ་ཐོག་རྒྱས་པ། འབྲུ་དང་ཤིང་ཐོག་ལ་ལོངས་སྤྱོད་པ། ལ་སོགས་པ་ཉམས་དང་རྨི་ལམ་དུ་འབྱུང་། དངོས་སུ་ལུས་སེམས་བདེ་བ། དད་པ་དག་སྣང་ངེས་འབྱུང་ཆེ་བ། བག་དྲོ་བྱིན་ཆགས་དྲི་བཟང་འཐུལ་མར་མེ་འཛིན། གཏོར་མཆོད་དབྱར་མི་རུལ། དགུན་མི་འཁེང་། རྟོགས་པ་འཆར་བ་སོགས་བྱུང་བ་འགྲུབ་རྟགས་སོ། །ཡང་བསྙེན་པ་བྱས་ཤིང་རྨི་ལྟས་ངན་པ་རྩུབ་ཏུ་སོང་ན་རྐྱེན་ཁ་ཆེན་པོ་ཡོད་པ་སྣོད་བཀྲུས་པས་དྲི་མ་ལྡང་བ་ལྟར་སློང་ཡིན་པས་མི་སྐྱུར་བའི་བརྩོན་འགྲུས་ཆེར་བྱ། བཟང་ངན་བསྲེ་ཞིང་བྱུང་ན་རྐྱེན་མ་འགྱུར་བས་བཟླས་པ་ལ་འབད་དོ།། ༈ གཏོར་བསྔོས་བྱེད་ན། བླ་མ་གཏོར་མའམ་རིན་ཆེན་འབར་བ་གཅིག་གམ། བཅའ་མ་ཐོན་ན་


CMR008_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

མར་རམ་ཐུད་དུ་ཡོད། ཐེབ་ཙེའི་ནང་དུ་ཕྱེ་མར་བཞག་ལ་བྲན་ནས་རང་ཉིད་གོང་ལྟར་ཨོ་རྒྱན་མངོན་རྟོགས་བསྒོམ་སྟེ། བདུད་རྩི་འཁྱིལ་པས་བསང་། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར། དེའི་སྟེང་དུ་ཀཾ་གསུམ་ལས་ཐོད་པའི་སྒྱེད་པུ་རི་རབ་ཙམ་གསུམ་གྱི་སྟེང་དུ་ཨ་ཡིག་ལས་ཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་བདུད་རྩི་ལྔས་གང་བ་རླུང་གཡོས་མེ་སྦར་ཐོད་པ་དྲོས་ཞུ་ཞིང་ཁོལ་བས་བདུད་རྩིའི་རྒྱ་མཚོ་ཆེན་པོའི་སྟེང་དུ་ཨོ་ཨཱ༔ཧཱུྃ་གསུམ་རྩེག་མར་གནས་པ་རིམ་པ་བཞིན་ཞུ་ནས་ཐིམ་པས་སྐུ་གསུང་ཐུགས་ཀྱི་བདུད་རྩི་ཟག་མེད་ཀྱི་བདེ་བ་བསྐྱེད་པ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ༔ཧཱིསྭཱ་ཧཱ། སྔགས་དེ་གསུམ་བརྗོད། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་གཏོར་མགྲོན་ཐམས་ཅད་སྐད་ཅིག་ལ་ནམ་མཁའ་བར་སྣང་གང་བར་སྤྱན་དྲངས་པར་གྱུར། བའི་ཕྱག་རྒྱ་དཔྲལ་བར་སྐོར་བ་དང་། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་ནི། སྤྱན་འདྲེན་ཐམས་ཅད་ཀྱི་མཆོག་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད། གུ་རུ་དྷེ་ཝ་ཌཱཀྐི་ནཱི་སརྦ་དྷརྨ་པཱ་ལ་བཛྲ་ས་མ་ཡ་ཛ༔ཛཿ ཕེ༔ཕེ༔


CMR008_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ་རལླི་ཛཧཱུྃ་བཾ་ཧོ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ནམ་མཁའ་བར་སྣང་གང་བར་སྤྲིན་འཁྲིགས་པ་ལྟར་གསལ་བར་གྱུར། ན་མོ་གུ་རུ་རཏྣ་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་ཨི་དཾ་བྷ་ལིཾ་ཏ་༴ ཨོཾ་ཨཱ༔ཧཱུྃ་ཨར་རྩིག་ནེར་ཙིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨ་ཧུ་ཧཱུྃ་ཕཊ༔ ཨི་དཾ༴ ཨོ་དེ་ཝ་པི་ཚུ་བཛྲ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ༴ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུྃ་ཕཊ༔ ཨི་དཾ༴ ཨོཾ་ཧཱི༔ཧ་ཧ་ཧཱུྃ་ཕཊ༔ ཨི་དཾ༴ མགོན་པོ་ཕྱག་བཞི་པ་ནི། ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཧཱུྃ་ཕཊ༔ སངས་རྒྱས་དབོན་གྱི་ཆོས་སྐྱོང་གུར། ཨོཾ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ༴ དུད་སོལ་མ། ཨོ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ་ཨི་དཾ༴ མ་ནིང་། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གྷ་ན་གྲུ་ཡ་རཾ་སིདྡྷི་ཧཱུྃ་ཕཊ༔ ཨི་དཾ༔ ཏྲཀྐད་ནི། ཨོཾ་མ་ཧཱ་ཀཱ་ལི་ཏྲཀྐད་མ་ཧཱ་ཀཱ་ལ་སི་ཏི་ཡཾ་དུ་ཛ༔ ཨི་དཾ༔ རྣམ་སྲས་ལྗང་གུ། ཨོཾ་བྷེ་ཤྲ་མ་ཎ་ཡེ་ཧཱུྃ་སྭཱ་ཧཱ། ཨི་དཾ༔ སྟག་ལུང་པའི་ནོར་ལྷ་གནོད་སྦྱིན་གཞན་གྱིས་མི་ཐུབ་པ། ཨོཾ་ཧཱུྃཨ་པ་ར་ཙིཏྟ་ཛ༔ ཨི་དཾ༴ ཚེ་རིང་མ། ཨོ་ཨ་ཀ་ནི་ཙ་ལི་མི་ཐུ་ལྡི་ལི་རི་སྭཱ་ཧཱ། ཨི་དཾ༴ སངས་རྒྱས་དབོན་གྱི་བཀའ་སྲུང་ཤ་ཟ་མཁའ་འགྲོ་སྤུན་ལྔ། པཉྩ་ཌཱཀྐི་ནི་ཨི་


CMR008_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

དཾ༴ སྤུག་བཙན། ཙནྟ་པྲ་མ་ནི་དྷ་ར་དྷ་ར་ས་མ་ཡ་ཛ་ཛ༔ ཨི་དཾ༴ དམ་ཅན་འདི་མེད་ཀྱང་རུང་། ༀ་བཛྲ་སཱ་དྷུ་ས་མ་ཡ། ཨི་དཾ༴ ཆོས་སྐྱོང་ཐམས་ཅད། ཨོཾ་སརྦ་དྷརྨ་པ་ལ་ཨི་དཾ༴ བཙན་གསར་པ་དེ། ཨོཾ་ཤུ་ཏྲི་ཤུ་ཏྲི་ཧཱུྃ་དམར་ཏྲི་ཤུ་དམར་ར་ཏྲི་སོད། ཨི་དཾ༴ ཨགྷཾ་པཱཏྱཾ་པུཊྚེ་དྷུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནེ་ཝི་ཏྱཱ་ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ། དམ་རྫས་བདུད་རྩིའི་གཏོར་མ་རྒྱ་ཆེན་པོ། །འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི། །བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། །པདྨ་འབྱུང་གནས་སྐུ་ལྔ་མཚན་བརྒྱད་དང་། །རིག་འཛིན་བརྒྱད་དང་རྗེ་འབངས་ཉི་ཤུ་ལྔ། །སྟག་ལུང་ཐང་པ་གཏེར་སྟོན་སངས་རྒྱས་དབོན། །དྲིན་ཆེན་བཀྲ་ཤིས་དཔལ་གྲུབ་ལ་སོགས་པ། །རྩ་བར་བརྒྱུད་པའི་བླ་མའི་ཞལ་དུ་ཁ་རཾ་ཁཱ་ཧི༔ གུ་རུ་དྲག་པོ་ཀྱེ་ཡི་རྡོ་རྗེ་དང་། །རྡོ་རྗེ་གཞོན་ནུ་འཁོར་ལོ་སྡོམ་པ་དང་། །སེང་གདོང་ལྷ་མོ་རྡོ་རྗེ་ཕག་མོ་སོགས། །ཡི་དམ་ལྷ་ཚོགས་ཞལ་དུ་ཁ་རཾ་ཁཱ་ཧི། བྱ་རོག་མཚན་ཅན་བྱ་སེང་ཡུམ་དང་བཅས། །གུར་གྱི་མགོན་པོ་བཀའ་སྡོད་ལྕེ་སྤྱང་གདོང་། །དུད་སོལ་ལྷ་མོ་དཔོན་གཡོག་འཁོར་དང་བཅས། །མ་ནིང་ནག་པོ་བདུད་མགོན་ཏྲཀྴད་


CMR008_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །ཆོས་སྐྱོང་སྲུང་མའི་ཞལ་དུ་ཁ་རཾ་ཁཱ་ཧི། རྣམ་སྲས་ལྗང་གུ་ཨ་པར་ཙིཏྟ་དང་། །ཚེ་རིང་མཆེད་ལྔ་ཤ་ཟ་ཌཀྐི་ལྔ། །ནོར་ལྷ་གཏེར་བདག་ཞལ་དུ་ཁ་རཾ་ཁཱ་ཧི། །སྤྲུག་གི་བཙན་རྒོད་གུར་དཀར་སྨན་ཅིག་ཡུམ། །རྒྱབ་རྟེན་རྡོ་རྗེ་ལེགས་པ་ལ་སོགས་པ། །བཙན་ཁོར་སུམ་བརྒྱ་དྲུག་ཅུ་ཡང་འཁོར་བཅས། །དབྱི་རྒྱལ་ལྡག་ལྷ་རི་བཀྲ་ནོར་བདག་དང་། །བཙན་རྒོད་འོད་ཟེར་བཀྲ་ཤིས་རྟ་འདྲ་སོགས། །བཀའ་སྲུང་རྣམས་ཀྱི་ཞལ་དུ་ཁ་རཾ་ཁཱ་ཧི། །དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོས་མཆོད། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་གྱུར་ཅིག །ཡིད་རབ་དྭངས་བའི་བསྟོད་དབྱངས་རྒྱ་མཚོས་བསྟོད། །འགལ་འཁྲུལ་ནོངས་པ་ཅི་མཆིས་མཐོལ་ཞིང་བཤགས། །ཚེ་རིང་ནད་མེད་དཔལ་འབྱོར་ཆོས་སྲིད་འཕེལ། །དོན་གཉིས་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལ། །རང་གནས་གཤེགས་སམ་རྟེན་ལ་ཅི་བདེར་བཞུགས། །བདེ་ལེགས་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །དགེ་བས་འགྲོ་ཀུན་བྱང་ཆུབ་ཐོབ་ཕྱིར་བསྔོ། །ཞེས་བརྗོད་པས་གཏོར་བསྔོས་བསྐང་བ་གསོལ་ཁ་ཐམས་ཅད་ཚང་ངོ་། །དེ་ནས་རྫོགས་རིམ་ལ་ནི་འདོན་མི་དགོས་ཡིད་ལ་འཆར་རྒྱུ་སྟེ། དེ་ལྟར་སྒོམ་


CMR008_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་སེམས་ལ་ལྟོས། །ངོ་བོ་སྟོང་པ་ཆོས་ཀྱི་སྐུ། །རང་བཞིན་གསལ་བ་ལོངས་སྤྱོད་རྫོགས། །སྣ་ཚོགས་འགག་མེད་སྤྲུལ་པའི་སྐུ། །མ་ཡེངས་དྲན་རྫི་ཉམས་ལེན་ངོས། །མ་བཅོས་ཀློད་པ་གདམས་ངག་མཆོག ། གང་ཤར་དཔེ་ཆོས་རྟོགས་པའི་གདེང་། །འཇའ་འོད་ཐིག་ལེ་ཐིག་ཕྲན་ལ། །བསྲེ་ཞིང་ལྟ་བ་བོགས་འདོན་མཆོག །འཆི་བ་དྲན་པ་བརྩོན་འགྲུས་ལྕག །ལས་འབྲས་བསླུ་མེད་སྤྱོད་པའི་གྲོགས། །བསྟན་དང་བླ་མའི་ཆག་ཕྱི་ལ། །ཁ་ཞེ་མེད་པར་བྱས་ཚད་ཆོས། །བདེན་རྫུན་ཤན་འབྱེད་ཆོས་རྒྱལ་གསུངས། །དཔོན་གྱི་ཐུགས་དམ་བསྐང་བའི་ཕྱིར། །རཱག་ཨ་སྱས་འཕྲལ་དུ་བྲིས། །མངྒ་ལཾ།། ༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱ་གས་སོ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།