Nitartha Digital Library
Tibetan
 
no previousདཀར་ཆགnext

དཀར་ཆག


GTD001_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་བླ་མ་དམ་པ་གུང་ཐང་འཇམ་པའི་དབྱངས་དཀོན་མཆོག་བསྟན་པའི་སྒྲོན་མེ་དཔལ་བཟང་པོའི་གསུང་འབུམ་ཀ་བའི་དཀར་ཆག་བཞུགས་སོ།།


GTD001_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཀུན་གསང་བ་གསུམ་གྱི་ཕུང་པོ་ནི། །རབ་འབྱམས་དཀྱིལ་འཁོར་བྱེད་པོར་མངོན་བཞེངས་པ། །རྗེ་བཙུན་བླ་མ་མཁྱེན་བརྩེའི་འོད་སྟོང་ཅན། །བདག་བློའི་པད་ཚལ་འདབ་བརྒྱ་བཞད་པར་མཛོད། །འཇིག་རྟེན་གསུམ་ན་དཀོན་པའི་རིན་ཆེན་མཆོག །འཁྲུལ་བྲལ་བསྟན་པའི་སྙིང་པོ་མདོ་སྔགས་ཀྱི། །ལེགས་བཤད་སྒྲོན་མེས་ཐར་ལམ་གསལ་མཛད་པ། །བླ་མ་འཇམ་པའི་དབྱངས་ཞེས་གང་དེར་འདུད། །ཆོས་ཀུན་མཁྱེན་པའི་སྤྱན་སྟོང་རབ་བཀྲ་ཞིང་། །གྲུབ་པ་མཆོག་གི་ས་སྲུང་རབ་ཏུ་ཞོན། །ལུང་རིགས་རྩེ་བརྒྱ་འབར་བ་རབ་འཛིན་པ། །དཔལ་ལྡན་བླ་མ་བརྒྱ་བྱིན་གཉིས་པ་དེའི། །མི་མཉམ་ཐུགས་བསྐྱེད་ས་འཛིན་ལས་ཐོན་ཅིང་། །མཁས་དང་གྲུབ་པའི་མཆོག་ཐུན་འབྲས་བཟང་དུད། །བསྟན་འཛིན་རྐང་འཐུད་ཁྲོད་ན་མངོན་འཕགས་པ། །འཇམ་མགོན་ཡོངས་འདུའི་བསྟོད་འགྲེལ་ལ་སོགས་པ། །འཇམ་མགོན་ཐུགས་བཅུད་འགྲོ་ཁམས་བསམ་པ་དང་། །མཐུན་པར་ལེགས་གསུང་མདོ་རྒྱུད་མན་ངག་རྣམས། །ཚད་མའི་ཞལ་ལུང་ཕྱོགས་བསྒྲིགས་པུསྟི་ཀའི། །དཀར་ཆག་མཐོང་བས་དོན་གསལ་འདི་ན་འགོད། །དེ་ལ་འདིར་རྒྱལ་བའི་བསྟན་པའི་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་གསན་བསམ་གྱིས་ཕུ་ཐག་ཆོད་ཅིང་། མཚན་ཉིད་དང་ལྡན་པའི་ཡོངས་འཛིན་དུ་མའི་དྲུང་ནས་དབང་ཁྲིད་མན་ངག་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གསན་ཏེ། ཐོས་དོན་སྒྲུབ་ལ་སྙིང་པོར་གཞོལ་བས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་ཤིང་འཇམ་མགོན་


GTD001_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་བརྒྱུད་ཀྱི་བསྟན་པའི་བདག་པོར་བཞེངས་ཏེ་འཁོར་ལོ་གསུམ་དང་འབྲེལ་བའི་མཛད་བཟང་གིས་རྒྱལ་བསྟན་འཛིན་ཅིང་སྤེལ་བ་ལ་འགྲན་པའི་ཟླ་དང་བྲལ་བ་ཁྲི་ཆེན་གུང་ཐང་པའི་སྐུའི་སྐྱེ་ཕྲེང་གསུམ་པ་༧རྗེ་བཙུན་བླ་མ་དམ་པ་འཇམ་པའི་དབྱངས་དཀོན་མཆོག་བསྟན་པའི་སྒྲོན་མེ་དཔལ་བཟང་པོས་ཕྱི་རབས་ཀྱི་གདུལ་བྱའི་ཆེད་དུ་སྩལ་བའི་བསྟན་བཅོས་གསུང་འབུམ་གླེགས་བམ་བཀྲ་ཤིས་རྟགས་ཀྱི་གྲངས་ལྡན་དུ་བཞུགས་པའི་ཆོས་ཚན་གཟིགས་བདེའི་དཀར་ཆག་བཀོད་པར། ༼ཀ༽ པ་ལ། འཇམ་མགོན་རྒྱལ་བ་གཉིས་པ་ལ་བསྟན་པའི་སྙིང་པོ་གསལ་བར་མཛད་པའི་ཚུལ་ལས་བརྩམས་ཏེ་བསྟོད་པ་དོན་དང་ལྡན་པ་ཞེས་བྱ་བ་ལ་ཤོག་གྲངས། ༤ འཇམ་མགོན་རྒྱལ་བ་གཉིས་པ་ལ་བསྟན་པའི་སྙིང་པོ་གསལ་བར་མཛད་པའི་ཚུལ་ལས་བརྩམས་ཏེ་བསྟོད་པ་དོན་དང་ལྡན་པའི་རྒྱ་ཆེར་འགྲེལ་པ་བསྟན་པའི་དེ་ཉིད་སྣང་བ་ལ་གྲངས། ༡༣༡ འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་་ཕྱིན་པ་སྡུད་པ་མཆན་དང་བཅས་ལ་གྲངས། ༣༡ འགྲེལ་པ་དོན་གསལ་གྱི་སྟེང་ནས་རྒྱས་འབྲེང་བསྡུས་གསུམ་མངོན་རྟོགས་རྒྱན་རྩ་འགྲེལ་སོགས་མདོ་རྒྱན་སྦྱར་བའི་གཟབ་བཤད་ཀྱི་ཟིན་བྲིས་སྦས་དོན་གསལ་བའི་སྒྲོན་མེ་ལ་གྲངས། ༡༧༤ ཤེས་རབ་་སྙིང་པོའི་སྔགས་ཀྱི་རྣམ་བཤད་སྦས་དོན་གསལ་བ་ལ་གྲངས། ༡༧ དབུ་མ་འཇུག་པའི་ས་བཅད་ལ་གྲངས། ༡༠ འདུལ་བ་རྒྱ་


GTD001_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

མཚོའི་དཀའ་གནད་མདོར་བསྡུས་པ་ནོར་བུའི་ཕྲེང་བ་ལ་གྲངས། ༤༥ ཆོས་མངོན་པ་མཛོད་ཀྱི་བསྡུས་དོན་ཆོས་མངོན་རྒྱ་མཚོར་འཇུག་པའི་གྲུ་གཟིངས་ལ་གྲངས། ༤༣ དཀར་ཆག་ལ་གྲངས། ༢ བཅས་ཁྱོན་ཤོག་གྲངས། ༤༥༧ བཞུགས།། དགེའོ།།


no previousདཀར་ཆགnext