སྒྲོན་མ་འབར་བའི་དོན་བསྡུས།སྒྲོན་མ་འབར་བའི་དོན་བསྡུས་བཞུགས་སོ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྒྲོན་མ་འབར་བ་ཞེས་བྱ་བ་རང་རིག་མངོན་སུམ་དུ་གཏན་ལ་འབེབས་པར་བྱེད་པའི་རྒྱུད་འདི་ལ། བསྡུས་པའི་དོན་གཉིས་ཀྱིས་བསྟན་ཏེ། མཚན་གྱིས་གཞུང་དོན་གསལ་བར་བསྟན་པ་དང་། གཞུང་གིས་རྒྱུད་ཀྱི་མཚན་དོན་གསལ་བར་བསྟན་པ་གཉིས་ལས། མཚན་དོན་གོང་དུ་བསྟན་ཟིན་ནས། འདིར་གཞུང་བསྟན་ཏེ། གཞུང་དངོས་ལ་ཡན་ལག་གི་དོན་གསུམ་སྟེ། རྒྱུད་ཟབ་མོ་འབྱུང་བར་བསྟན་པས་རྒྱུད་ཀྱི་གླེང་གཞི་བསྟན་པ་དང་། ལེའུ་བཞིའི་དོན་མདོར་བསྟན་པ་དང་། རྒྱང་ཞགས་ཆུའི་སྒྲོན་མེའི་ཚིག་དོན་རྒྱས་པར་བཤད་པའོ། །དང་པོ་གླེང་གཞི་ལའང་དོན་གསུམ་སྟེ། ཟབ་མོ་དོན་འདི་སྐད་བདག་གི་བསྟན་པའི་དུས་གཅིག་ན། གསུམ་གྱི་རྒྱུད་དཀའ་བས་ཐུན་མོང་མ་ཡིན་པའི་གླེང་གཞི་སྟོན་པ་ཉིད་ཀྱིས་རང་ལ་རང་སྟོན་གྱི་ཚུལ་དུ་གསུངས་པ་ལ། སྡུད་པ་པོས་ཚིག་གིས་མ་བཅོས་པར་བསྟན་པ་དང་། གླེང་གཞི་གཉིས་ཀྱི་མཚམས་སྦྱར་བ་སྒྲ་དོན་སརྦ་ཨ་པ་ལ་དྷ་ཐིམ། ཚིག་གིས་ཆོས་ཐམས་ཅད་ལ་ཟླ་བར་བསྟན་པ་དང་། ཐུན་མོང་གི་གླེང་གཞི་ཐེག་པ་ཐུན་མོང་བ་དང་སྒོ་བསྟུན་གྱི་ཚུལ་དུ་སྡུད་པ་པོས་ཚིག་ཏུ་བཀོད་པའོ། །ལན་ལག་གི་དོན་གཉིས་པ་ལེའུ་བཞིའི་དོན་མདོར་བསྟན་པ་ལ་ནང་དོན་གཉིས་ཀྱིས་བསྟན་ཏེ། རྒྱུད་ཀྱི་གཞུང་དོན་ངེས་པར་རང་བཞིན་རྒྱུད་དག་རྡོ་རྗེ་འཆང་། འབྱུང་བར་བྱེད་པའམ་ཆེ་བ་བསྟན་པ་དང་། རྒྱུད་ཀྱི་ཚིག་དོན་ལེའུ་བཞིའི་དོན་མདོར་བསྟན་པའོ། །ཡན་ལག་གི་དོན་གསུམ་པ། རྒྱང་ཞགས་ཆུའི་སྒྲོན་མའི་ཚིག་དོན་རྒྱས་པར་བཤད་པ་ལ་ནང་དོན་བཞི་སྟེ། འདི་ཀུན་སྒྲོན་མ་རྣམ་བཞིའོ། །དྲི་བ་མདོར་བསྟན་པ་དང་། དེ་ནས་རྒྱུད་དག་རྡོ་རྗེ་འཆང་། ལམ་མདོར་བསྟན་པ་དང་། དེ་ནས་རྡོ་རྗེ་འཆང་ཆེན་གྱིས། དྲི་བ་རྒྱས་པར་བསྟན་པ་དང་། རྒྱུའི་རྡོ་རྗེ་ཡང་འཆང་བ། ལན་རྒྱས་པར་བསྟན་པའོ། །ནང་དོན་བཞི་པའི་ཐ་མ་རྒྱས་པར་བཤད་པ་ལ་དྲི་ལན་དགུས་སྟེ། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། མཚན་ཉིད་དང་། གནས་དང་། ལམ་དང་། འཆར་སྒོ་དང་། མཐུན་དཔེ་དང་། ཚད་དོ། །དང་པོ་རྒྱང་ཞགས་ཆུའི་སྒྲོན་མའི་དེ་བཞིན་འཁོར་བའི། དེ་ནས་སྟོན་པས་ཡང་། ངོ་བོའི་ལན་བསྟན་པ་དང་། གཉིས་པ་ངེས་ཚིག་བསྟན་པ་ལ་ནང་ཚན་གྱི་དོན་ལྔ་སྟེ། འཁོར་འདས་རྒྱང་འཕེན་པའི་ངེས་ཚིག་དང་། ངེས་པའི་ཚིག་ནི་ལྟ་བུ། འཁོར་འདས་ཀྱི་སྣང་བ་འཛིན་ལུགས་བསྟན་པ་དང་། སྣང་བ་དེ་གཉིས་ཆུ་ནི་སྣང་བ། ཞེན་པའི་དངོས་པོ་བཅད་པའི་ངེས་ཚིག་དང་། དེ་ཉིད་ཀྱིས་གསལ་བར་སྒྲོན་ནི་རང་གི་སྣང་བ་ཀུན། བྱེད་པའི་ངེས་ཚིག་བསྟན་པ་དང་། ཁྱབ་པར་རིག་པ་ཕྱིའི་དབྱིངས། བྱེད་པའི་ཚིག་བསྟན་པའོ། །དྲིས་ལན་གསུམ་པ་དབྱེ་བ་བསྟན་པ་དང་། དབྱེ་བ་རྣམ་པ་གསུམ་ཡིན་ནོ། །དྲིས་ལན་འདིའི་ཕྱེད་འདི་ལྟ་བུ། བཞི་པ་མཚན་ཉིད་བསྟན་པ་དང་། དྲིས་ལན་ལྔ་པ་གནས་ས་གང་ན་གནས་བསྟན་པ་དང་། དྲིས་ལན་ཐོག་མ་རང་གི་ལུས་བསྐྱེད་པའི། དྲུག་པ་མིག་དེ་རང་གིས་ཤེས་ཤིང་གང་དང་འབྲེལ་བསྟན་པ་དང་། དྲིས་ལན་བདུན་པ་སྒོ་གང་ལས་འཆར་བའི་སྒོ་ནི་མིག་ཉིད་དང་། འཆར་བར་བསྟན་པ་དང་། དྲིས་ལན་བརྒྱད་པ་མཐུན་པའི་དཔེ་བསྟན་པ་དང་། དཔེར་ན་འཛིན་བྱེད་ལྕགས་ཀྱུ་ཡིས། དྲིས་ལན་དགུ་པ་རྒྱང་ཞགས་སྒྲོན་མ་སྣང་བར་བྱེད་དོན་གྱིས། ཆུའི་ཚད་ཚིག་གསུམ་གྱིས་བསྟན་པའོ། །ལེའུ་གཉིས་པ་ཤེས་རབ་རང་བྱུང་གི་སྒྲོན་མ་བསྟན་པ་འདི་ལ་བསྡུས་པའི་དོན་གཉིས་སྟེ། ཞུ་བ་མདོར་བསྟན་པ་དང་། ལན་རྒྱས་པར་བཤད་པའོ། །ལན་རྒྱས་པར་བཤད་པ་ལ་དྲིས་ལན་བརྒྱད་ཀྱིས་བསྟན་ཏེ། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། མཚན་ཉིད་དང་། སྒོ་དང་། གནས་དང་། ཚད་དང་། མཐུན་དཔེའོ། །དང་པོ་ཤེས་རབ་དེ་ནས་སྟོན་པས་ཡང་གསུངས་པ། རང་བྱུང་གི་སྒྲོན་མའི་ངོ་བོའི་ལན་རྒྱས་པར་བསྟན་པ་དང་། དྲིས་ལན་གཉིས་པོ་ངེས་ཚིག་བསྟན་པ་ལ་ནང་ཚན་གྱི་དོན་ལྔ་སྟེ། ཤེས་པའི་ངེས་ཚིག་ཤེས་པ་དངོས་དང་དང་པོ་ཁྱོད་པའི། བསྟན་པ་དང་། རབ་ཀྱི་ངེས་ཚིག་རང་བཞིན་དག་པའི་ཆོས་སྐུ་ནི། བསྟན་པ་དང་། ཤེས་པའི་རབ་དེ་གཞན་གྱིས་སྤྱོད་པའོ། །གཞན་མ་ཡིན་པར་བསྟན་པ་དང་། དེ་ལྟར་གཞན་མ་ཡིན་པར་བྱས་པས་འདི་དོན་རྒྱུ་རྐྱེན་དང་རྩོལ་བསྒྲུབ་དང་བྲལ་བར་བསྟན་པ་དང་། དེ་ལྟར་སྒྲོན་མས། བྱས་པ་ལས་མ་ཡུང་པའི་ཤེས་རབ་དེ་གཉིས་སུ་མེད་ཅིང་ཀུན་ལ་ཁྱབ་པའི་ངེས་ཚིག་བསྟན་པའོ། །དྲིས་ལན་གསུམ་པ་དབྱེ་བ་དབྱེ་ན་རྣམ་པ་ལྔ་ཡིན་ཏེ། བསྟན་པ་དང་། དྲིས་ལན་བཞི་པ་མཚན་ཉིད་བསྟན་པ་དང་། དྲིས་ལན་འཁོར་བའི་སྒོ་དེ་དབང་པོ་ལྔ། ལྔ་པ་འཆར་སྒོ་བསྟན་པ་དང་། དྲིས་ལན་དྲུག་པ་ཤེས་རབ། སྐྱེད་པར་བྱེད་པའི་རྩ་བཞི་ནས། ཀྱི་གནས་ས་བསྟན་པ་དང་། དྲིས་ལན་བདུན་པ་དེ་ཉིད་ཀྱི་ཚད་བསྟན་པ་ལ་ནང་ཚན་གྱི་དོན་ལྔ་སྟེ། གཞི་གནས་གཞི་གནས་རང་བྱུང་རང་བྱུང་གི་ཤེས་རབ་ཀྱི་ཚད་བསྟན་པ་དང་། སྣང་བ་སྣང་བ་ཅེར་ཟིན་ཤེས་རབ་ཚད། ཅེར་ཟིན་གྱི་ཤེས་རབ་ཀྱི་ཚད་བསྟན་པ་དང་། དྲན་པ་འགག་པ་མེད་པའི་ཤེས་རབ་དྲན་པ་འགག་མེད། མ་བརྗེད་པའི་གཟུངས་སྐྱེས་པའི་ཚད་བསྟན་པ་དང་། སོ་སོར་རྟོགས་པའི་བློ་སོ་སོར་རྟོག་པའི་ཤེས་རབ། རིམ་གྱི་ཤེས་པ་བསྐྱེས་པའི་རྟགས་དང་ཚད་བསྟན་པ་དང་། འཇུག་བྱེད་རྣམ་གསུམ་གྱི་ཤེས་རབ་ཀྱི་ཚད་བསྟན་པའོ། །དྲིས་ལན་བརྒྱད་པ་དཔེ་བསྟན་པའོ། །ད་ནི་ལེའུ་གསུམ་པའི་ཐིག་ལེ་འཇུག་རྣམ་བྱེད་གསུམ་ཤེས་རབ་ནི། སྟོང་པའི་སྒྲོན་མ་འདི་ལ་བསྡུས་པའོ་དཔེར་ན་སྤྲ་བརླན་མེད་པ། དོན་གཉིས་ཀྱིས་བསྟན་ཏེ། ཞུ་བ་མདོར་བསྟན་པ་དང་། དེ་ནས་རྒྱུ་དག་རྡོ་རྗེ་འཆང་ལན་རྒྱས་པར་བཤད་པའོ། །ལན་རྒྱས་པར་བཤད་པ་ལ་ནང་ཚན་གྱི་དོན་བཅུ་གཉིས་སྟེ། ཐིག་ལེ་སྟོང་པའི་དེ་ནས་རྡོ་རྗེ་འཆང་བ་ཡིས། ངོ་བོ་བསྟན་པ་དང་། གཉིས་པ་ངེས་ཚིག་ཐིག་ལེ་མི་འགྱུར་དྲང་པོ་ལ། གི་ལན་རྒྱས་པར་བཤད་པ་དང་། གསུམ་པ་དབྱེ་བ་བསྟན་པ་དང་། དབྱེ་བ་ཉིད་ནི་རྣམ་པ་ལྔ། བཞི་པ་ཐིག་ལེ་རང་གནས་དགོངས་པ་གཅིག་ཡིན་པས། སྟོང་པའི་སྒྲོན་མའི་མཚན་ཉིད་དམ་དགོངས་པ་བསྟན་དང་། ལྔ་པ་སྒྲོན་མ་དེ་ཉིད་སེམས་ཅན་ཀུན་གྱི་ལུས་ཀྱི་དཀྱིལ། གནས་གང་ན་གནས་བསྟན་པ་དང་། དྲུག་པ་འཆར་བ་སྣང་བ་ཡིས་ནི་འཆར་བྱེད་པ། བྱེད་པའི་སྒོ་བསྟན་པ་དང་། བདུན་པ་སྒྲོན་མ་དེ་ཉིད་ཀྱི་རང་བཞིན་སྟོང་པ་ཉིད་ལས་རང་ལོག་པའི། ནམ་དངོས་གང་ཡིན་པ་དང་། བརྒྱད་པ་བར་སྣང་མིན་ན་སྟོང་པ་ལ། སྒྲོན་མ་དེ་ཉིད་ཡུལ་ལ་སྣང་བ་བསྟན་པ་དང་། དགུ་པ་ཚད་བསྟན་པ་དང་། ཐིག་ལེ་སྤྲོས་དང་བསྡུ་མེད་པར། བཅུ་པ་སྒྲོན་མ་དེ་ཉིད་འོད་ལ་འདུས་པའི་ཐིག་ལེ་ནི། འགྲོ་བ་དྲུག་ལ་ཇི་ལྟར་གནས་པ་བསྟན་པ་དང་། བཅུ་གཅིག་པ་རྟོག་པའི་རང་གི་འཐེབ་དང་འཛུབ་མོ་ཡིས། མཐོང་བར་བྱས་སྟེ། དེ་ལ་གོམས་པར་བྱ་བའི་མན་ངག་བསྟན་པ་དང་། བཅུ་གཉིས་པ་དཔེར་ན་རྨ་བྱའི་མདོངས་དང་མཚུངས། མཐུན་པའི་དཔེ་བསྟན་པའོ། །ལེའུ་བཞི་པ་དབྱིངས་རྣམ་པར་དག་པའི་སྒྲོན་མ་བསྟན་པའི་ལེའུ་འདི་ལ་དོན་ལྔ་སྟེ། ཞུ་བ་མདོར་དེ་ནས་རྒྱུ་དག་རྡོ་རྗེ་འཆང་། བསྟན་པ་དང་། ལན་རྒྱས་པར་བཤད་པ་དང་། རྒྱུད་བཟུང་བའི་ཕན་ཡོན་བསྟན་པ་དང་། རྒྱུད་འདི་འཛིན་པར་སུ་འདོད་པ། ལེའུའི་མཚན་དང་། ཅེས་སྒྲོན་མ། རྒྱུད་གསུངས་པ་ལ། དེ་སྐད་སྟོན་པས། རྗེས་སུ་ཡི་རང་བའོ། །ལན་རྒྱས་པར་བཤད་པ་ལ་དོན་བཅུ་གཅིག་པ་སྟེ། དང་པོ་ངོ་བོ། དེ་ནས་རྡོ་རྗེ་འཆང་ཆེན་གྱིས། བསྟན་པ་དང་། གཉིས་པ་ངེས་རྣམ་པ་ཡུལ་དུས་སྣང་ལ། ཚིག་བསྟན་པ་དང་། གསུམ་པ་དབྱེ་བ་བསྟན་པ་དང་། དབྱེ་བ་རྣམ་པ་གསུམ་ཡིན་ཏེ། བཞི་པ་རང་བཞིན་རང་བཞིན་སྣང་བ་མ་འགགས་པས། བསྟན་པ་དང་། ལྔ་པ་དབྱིངས་རྣམ་པ་དག་པའི་སྒྲོན་མའི་ཕྱི་ནང་མེད་པར་ཟང་ཐལ་བས། དགོངས་པའམ་མཚན་བསྟན་པ་དང་། དྲུག་པ་འཁོར་འདས་རུ་ཤན་ཕྱེད་ནས་ནི། གོམས་པར་བྱེད་པའི་མན་ངག་བསྟན་པ་དང་། བདུན་པ་དེ་ཉིད་ཀྱི་མཚན་བསྟན་པ་དང་། མཐིང་ག་མི་འགྱུར་སྣང་བ་ལ། བརྒྱད་པ་དེ་ཉིད་ཀྱི་གནས་པ་མིག་ནི་འབྱུང་བ་སྐྱེ་མེད་པ། བསྟན་པ་དང་། དགུ་པ་དེ་ལྟར་མིག་གི་རྣམ་ཤེས་དག་པ་ལ། གནས་པའི་དབྱིངས་རིག་དེ་སྒོ་གང་ལས་འབྱུང་བར་བསྟན་པ་དང་། བཅུ་པ་དེ་ཉིད་རང་སོ་བསྟན་པ་དང་། འདི་ལྟར་གནད་གསུམ་མན་ངག་དང་། བཅུ་གཅིག་པ་དཔེར་ན་ཡི་གེ་ན་རོ་བཞིན། དེ་ཉིད་ཀྱི་མཐུན་པའི་དཔེ་བསྟན་པའོ། །སྒྲོན་མ་འབར་བའི་དོན་བསྡུས་པ། ཞེས་བྱ་བ། དཔེ་ཡི་སྒོ་ནས་མཚན་བཏགས་པ། ཨཐྎཿ དགེའོ། །དགེའོ། །དགེའོ།། །། |