Nitartha Digital Library
Tibetan
 
previous༧ སྐྱབས་རྗེ་པདྨ་ནོར་བུ་རིན་པོ་ཆེས་ ༢༠༠༣ ལོ་རྣམ་གྲོལ་གླིང་གི་འདུས་སྡེ་ཡོངས་ལ་བསྩལ་བའི་བཀའ་སློབ།next

༧ སྐྱབས་རྗེ་པདྨ་ནོར་བུ་རིན་པོ་ཆེས་ ༢༠༠༣ ལོ་རྣམ་གྲོལ་གླིང་གི་འདུས་སྡེ་ཡོངས་ལ་བསྩལ་བའི་བཀའ་སློབ།


PN001_Page_002
[སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་རྣམས་གཉིས་ལྷན་དུ་བཞུགས་པའི་སྐུ་པར།]
རྣམ་གླིང་འདུས་སྡེ་ཡོངས་ལ་བསྩལ་བའི་བཀའ་སློབ།

༧སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་ནི་རྫོགས་ཆེན་སྐུ་ཕྲེང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་ལུང་ལས། གནས་མཆོག་སྤོ་བོ་སྟོད་ཀྱི་ཕྱོགས་ཤིག་ན། །རིན་ཆེན་བྲག་རི་ལྷུན་སྟུག་མཛེས་པའི་རྩེར། །ལྔོན་ཤིང་སྣ་ཚོགས་མཚོ་དང་ལྡེང་ཀས་བརྒྱན། །བསིལ་ལྡན་ཆུ་བོ་ཆེན་པོ་ལྷོ་ནས་འདྲེན། །ཐབས་ཤེས་བསོད་ནམས་སྐྱིད་ཀྱི་མིང་ཅན་ལ། །རིགས་ལྡན་ཁྱེའུ་ཆུ་སྤྲེལ་ལོ་པ་འབྱུང་། །བསྟན་འགྲོར་སྨན་པའི་དགེ་མཚན་བཟང་པོ་ཤར།་།ཞེས་གསུངས་པ་ལྟར་ཁམས་ཕྱོགས་སྤོ་བོའི་ཡུལ་དུ་ཡབ་བསོད་ནམས་འགྱུར་མེད་དང་ཡུམ་འཛོམས་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་༡༦ ཆུ་སྤྲེལ་ ༡༩༣༢ ལོར་སྐུ་འཁྲུངས། དགུང་གྲངས་ལྔ་པ་ ༡༩༣༦ ལོར་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་དུ་གདན་དྲངས། མཆོག་སྤྲུལ་ཐུབ་བསྟན་ཆོས་ཀྱི་ཟླ་བ་ལས་བསྙེན་པར་རྫོགས་ཤིང་རིགས་བདག་ཏུ་བསྟེན་ནས་འོད་གསལ་རྫོགས་པ་ཆེན་པོ་སོགས་ཟབ་ཆོས་མང་དུ་གསན། རྒྱ་གར་ལྷོ་ཕྱོགས་སུ་ ༡༩༦༣་་་བོད་ཟླ་ ༦ ཚེས་ ༡༠ ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གསར་དུ་རྨང་བཏིང་ཞིང་རྟེན་དང་བརྟེན་བཅས་པ་བཞེངས། ༡༩༧༨ ཟླ་བ་ ༢ ཚེས་ ༢༧ ལ་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གསར་བཞེངས་ཐོག་རྒྱལ་བསྟན་བཤད་སྒྲུབ་ལས་གསུམ་གྱིས་བསྐྱངས། ༡༩༩༣ ལོར་སྔ་འགྱུར་བླ་ཆེན་དང་འདུས་པ་སྤྱི་ནས་གསོལ་བ་བཏབ་པ་ལྟར་སྔ་འགྱུར་བསྟན་པ་ཡོངས་རྫོགས་ཀྱི་དབུ་འཛིན་གནང་ཏེ་ལོ་ལྟར་སྔ་འགྱུར་རྡོར་གདན་སྨོན་ལམ་ཆེན་མོའི་དབུ་བཞུགས་དང་དགོན་སྡེ་ཁག་ལ་མཁན་སློབ་དགེ་བའི་བཤེས་བཏང་བ་དང་དབང་ཁྲིད་སོགས་ཀྱིས་བསྟན་འགྲོར་བྱ་བ་རྒྱ་ཆེར་མཛད།དེ་བཞིན་བོད་དང་འབྲུག་རྒྱ་གར་བལ་ཡུལ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཕེབས་ནས་སྐུ་ཚེ་རིལ་བུ་བསྟན་དང་འགྲོ་བའི་དོན་ཁོ་ནར་མཛད་དེ་མཐར་ ༢༠༠༩་་་་༣་་་་་་༢༧་་་ཉིན་རྣམ་གྲོལ་གླིང་དུ་དགོངས་པ་ཆོས་དབྱིངས་སུ་གཤེགས།


previous༧ སྐྱབས་རྗེ་པདྨ་ནོར་བུ་རིན་པོ་ཆེས་ ༢༠༠༣ ལོ་རྣམ་གྲོལ་གླིང་གི་འདུས་སྡེ་ཡོངས་ལ་བསྩལ་བའི་བཀའ་སློབ།next