Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
མཚམས་སྒྲུབ་ཞལ་གདམས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   


 
previousམཚམས་སྒྲུབ་ཞལ་གདམས།next

མཚམས་སྒྲུབ་ཞལ་གདམས།


TN02_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། འཚམས་སྒྲུབ་ལ་ཡག་པོ་བྱས་ནས་བསྡད་ན་རྒྱལ་བ་སྲས་བཅས་མཉེས། ཨོ་རྒྱན་རིན་པོ་ཆེའི་དགོངས་པ་སྐོང༌། རང་གི་འདི་ཕྱིའི་ལེགས་ཚོགས་ཀྱི་རྩ་བ་ཚུགས། ཁྱད་པར་ཆོས་བརྒྱུད་འདིར་སྒྲུབ་ཚུགས་འཛིན་པའི་རྗེས་འཇུག་རྣམས་ལ་ཀུན་མཁྱེན་གོང་འོག་གཉིས་སོགས་སངས་རྒྱས་ཀྱི་ས་ལ་བཞུགས་པའི་སྔོན་གྱི་རིག་འཛིན་མང་པོས་བདེན་ཚིག་སྨོན་ལམ་གྱི་དགོངས་པ་གཏད་པའི་བྱིན་རླབས་ཀྱི་རྒྱུན་མ་ཉམས་པར་ཡོད་པས། བཀྲ་ཤིས། བྱིན་ཆེ། མཐའ་བཟང་བ་ཡིན་གསུངས། ཡག་པོ་བྱས་ནས་མ་བསྡད་ན། རི་སྟོང་དུ་ཁ་ཏའི་ཁྱིམ་མཚེས་ལ་བསྡད་པ་དགོས་པ་ཅི་ཡོད། དེས་ན་རང་གྲོས་རང་ལ་བཏབ། རང་གིས་རང་བཅོས་ཏེ་དམ་བཅའ་མཐའ་སྐྱེལ་གྱི་ཞེ་བཅད་བརྟན་པོ་བྱེད། དུས་ནམ་ཡང་འདི་བྱ་འདི་བྱེད་ཀྱི་བསམ་བློ་དང༌། སྐྱིད་སྡུག་འབྱོར་རྒུད་ཀྱི་སེམས་ཁུར་སོགས་མི་བྱ་བར་སེམས་བག་ཕབ། ཁོང་ཀློད། གུ་ཡངས་བར་བྱས། འཚམས་སྒྲུབ་ལ་འདི་ལྟར་བརྩོན་ནས་རྒྱལ་བ་གོང་མའི་གཤེགས་ཤུལ་ཨེ་སྙོགས་ལྟ་རྒྱུ་བྱུང་བ་བཟང་སྙམ་ནས་ཁུར་དུ་མི་འགྲོ་བར་རྒྱན་དུ་འགྲོ་བའི་འདུ་ཤེས་བསྒོམ་ན། འདུག་ཇེ་མོས། །སྣང་བ་ཇེ་སྐྱིད། །དགའ་སྤྲོ་ཇེ་ཆེར་སོང་ནས་སྒྲུབ་པ་མཐའ་ཐོན་ཡོང་བ་ལགས།


previousམཚམས་སྒྲུབ་ཞལ་གདམས།next