འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་། ཏུན་ཧོང་།


མཚན་བརྗོད།_Page_019
[]

inline image ༄༅། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ཞེས་བྱ་བ་བཞུགས་སོ།། ༄༅།། རྒྱ་གར་སྐད་དུ། ཨཱ་རྱ་ནམ་འཇུ་ཤི་རི་ན་མ་སང་འག་ཏི་(ཨཱརྱ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏི་)། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་མརྗོད་(བརྗོད)་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ་། ། དེ་ནས་དཔལ་ལྡན་རྡོ་རྗེ་འཆང༌། །གདུལ་དཀའ་གདུལ་(འདུལ)་བ་རྣམས་ཀྱི་མཆོག་། །དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ་། །རྡོ་རྗེ་དབང་ཕྱུག་གསང་བའི་རྒྱལ་། །པདྨ་དཀར་པོ་རྒྱས་འདྲའི་སྤྱན་། །པདྨ་རྒྱས་པའི་གདན་ལ་བཞུགས་། །རང་གྱི་(གི)ལག་གིས་རྡོ་རྗེ་མཆོག་། །ཡང་ནས་(དང)་ཡང་དུ་གསོར་བྱེད་པ་། །ཁྲོ་གཉེར་རིམ་པར་ལྡན་ལས་བསྩོགས་(ལ་སོགས)། །ལག་ན་རྡོ་རྗེ་མཐའ་ཡས་པ་། །དཔའ་བོ་གདུལ་དཀའ་འདུལ་བ་པོ་། །འཇིགས་སུ་རུང་དང་དཔའ་བྱད་ཅན། །རྡོ་རྗེ་རྩེ་མོ་རབ་འཕྲོ་བ། །རང་གྱི་ལག་ཀྱིས་(གི་ལག་གིས)གསོར་བྱེད་པ་། །སྙིང་རྗེ་ཆེ་དང་


མཚན་བརྗོད།_Page_020
[]

ཤེས་རབ་དང༌། །ཐབས་ཀྱིས་འགྲོ་དོན་བྱེད་པའི་མཆོག་། །དགའ་མགུ་རངས་པའི་བསམ་བ་(པ)་ཅན་། ཁྲོ་བོ་ལུས་ཀྱི་གཟུགས་ལྡན་པ་། །སངས་རྒྱས་འཕྲྀན་(ཕྲིན)ལས་བྱེད་པའི་མགོན་། །ལུས་བདུད་(བཏུད)་རྣམས་དང་ལྷན་གཅིག་(ཅིག)དུ་(ཏུ)། །དེ་བཞིན་གཤེགས་པ་བཅོམ་ལྡན་འདས་། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས་། །ཐལ་མོ་སྦྱར་བ་བྱས་ནས་ནི་། །སྤྱན་སྔར་འདུག་སྟེ་འདི་སྐད་གསོལ་། །ཁྱབ་བདག་བདག་ལ་སྨན་པ་དང༌། །བདག་དོན་གཞན་(*བདག)ལ་ཐུགས་བརྩེ་(*བརྩེའི)་ཕྱིར་། །སྒྱུ་འཕྲུལ་དྲ་བས་(དྲྭ་བ)མངོན་རྫོགས་པས་(*པའི)། །བྱང་ཆུབ་ཅི་ནས་བདག་ཐོབ་མཛོད་། །ཉོན་མོངས་པས་ནི་སེམས་བཀྲུགས་(*དཀྲུགས)ཤིང༌། །མི་ཤེས་འདམ་དུ་བྱིང་བའི་(བ་ཡི)། །སེམས་ཅན་ཀུན་ལ་སྨན་པ་དང༌། །བླ་མེད་འབྲས་བུ་འཐོབ་པའི་(བྱའི)ཕྱིར་། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་། །འགྲོ་བའི་བླ་མ་སྟོན་པ་པོ་།


མཚན་བརྗོད།_Page_021
[]

།དམ་ཚིགས་(*ཚིག)ཆེན་པོ་དེ་ཉིད་མཁྱེན་། །དབང་པོ་བསམ་པ་མཁྱེན་མཆོག་གྱིས་(*གིས)། །བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ་། །གཙུག་ཏོར་ཆེན་པོ་ཚིག་གི་བདག་། །ཡེ་ཤེས་སྐུ་སྟེ་རང་བྱུང་བ་། །འཇམ་དཔལ་ཡེ་ཤེས་སེམས་དཔའི་(*དཔའ་ཡི)། །མིང་ནི་ཡང་དག་བརྗོད་པའི་མཆོག་། །དོན་ཟབ་དོན་ནི་རྒྱ་ཆེ་(*ཞིང)བ་། །དོན་ཆེན་མཚུངས་མེད་རབ་ཞི་བ་། །ཐོག་མ་བར་དང་(མཐར་དགེ་བ)མཐའ་མར་དགེ་། །འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས་། །མམ་(*མ)འོངས་རྣམས་ཀྱང་གསུངས་གྱུར་(*གསུང་འགྱུར)ལ་། །ད་ལྟར་བྱུང་བའི་(བར)རྫོགས་སངས་རྒྱས་། །ཡང་དང་ཡང་དུ་གསུང་པ་གང༌། །རྒྱུད་ཅེན་(ཆེན)་སྒྱུ་འཕྲུལ་དྲ་(དྲྭ)་བ་ལས་། །རྡོ་རྗེ་འཆང་(ཅེན)ཆེན་གསང་སྔགས་འཆང༌། །དཔག་མྱེད་(མེད)རྣམས་ཀྱི་(ཀྱིས)་དགའ་བཞིན་དུ་། །གླུར་བླངས་གང་ལགས་བཤད་དུ་གསོལ་། །མགོན་པོ་རྫོགས་སངས་རྒྱས་ཀུན་གྱིས་(གྱི)། །གསང་འཛིན་ཅི་ནས་


མཚན་བརྗོད།_Page_022
[]

བདག་འགྱུར་ཕྱིར་། །ངེས་པར་འབྱུང་གྱི་(*གི)་བར་དུ་ནི་། །བདག་གི་(གིས)བསམ་པ་བརྟན་པོར་(*པོས)བཟུང༌། །ཉོན་མོངས་མ་ལུས་བསལ་བ་དང༌། །མི་ཤེས་མ་ལུས་བསལ་(*སྤངས)་བའི་ཕྱིར། །བསམ་བའི་ཁྱད་བར་ཅི་(པའི་ཁྱད་པར་ཇི་)བཞིན་དུ་། །སེམས་ཅན་དོན་དུ་(*རྣམས་ལ)བཤད་པར་འཚལ་། །གསང་དབང་ལག་ན་རྡོ་རྗེ་འིས་(*ཡིས)་། །དེ་བཞིན་གཤེགས་ལ་དེ་སྐད་དུ་། །གསོལ་ནས་ཐལ་མོ་སྦྱར་བྱས་ཏེ་། །ལུས་བདུད་(*བཏུད)་ནས་ནི་སྤྱན་སྔར་འདུག་། །དེ་ནས་བཅོམ་ལྡན་ཤག་ཀྱ་(ཤཱཀྱ)་ཐུབ་། །རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག་། །ཉིད་ཀྱི་ཞལ་ནས་ལྗགས་བཟང་བ་། །རིང་ཞིང་ཡངས་པ་བརྐྱང་མཛད་དེ་། །འཇིག་རྟེན་གསུམ་པོ་སྣང་བྱེད་ཅིང༌། །བདུད་བཞི་(བཞིའི)་དགྲ་རྣམས་འདུལ་བྱེད་པ་། །སེམས་ཅན་རྣམས་ཀྱི་ངན་སོང་གསུམ་། །སྦྱོང་བར་བྱེད་པའི་འཛུམ་བསྟན་པས་(ནས)། །འཚངས་(ཚང་)པའི་གསུང་


མཚན་བརྗོད།_Page_023
[]

ནི་སྙན་པའི་འི་(*པ་ཡིས)། །འཇིག་རྟེན་གསུམ་པོ་ཀུན་བཀང་ནས་། །ལག་ན་རྡོ་རྗེ་སྟོབས་པོ་ཆེ་། །གསང་དབང་ལ་ནི་སླར་གསུངས་པ་། །སྙིང་རྗེ་ཆེ་དང་ལྡན་འགྱུར་བས་(གྱུར་པས)། །འགྲོ་ལ་ཕན་པའི་དོན་དུ་ཁྱོད་། །ཡེ་ཤེས་ལུས་ཅན་འཇམ་དཔལ་གི་(གྱི)། །མྱིང་(མིང)བརྗོད་པ་ནི་དོན་ཅེ་(ཆེ)བ་། །དག་པར་བྱེད་ཅིང་སྡིག་སེལ་བ་། །ང་ལ་(*ལས)ཉན་པར་བརྩོན་པ་ནི། །ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང༌། །ལག་ན་རྡོ་རྗེ་ཁྱོད་ལེགས་སོ་། །གསང་བའི་བདག་པོ་དེ་ཕྱིར་ངས་(ངེས)། །ཁྱོད་ལ་ལེགས་པར་བསྟན་པར་བྱ་། །ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ཉོན་། །བཅོམ་ལྡན་དེ་ནི་ལེགས་ཤེས་(ཞེས)གསོལ་། །དེ་ནས་བཅོམ་ལྡན་ཤག་ཀྱ་(ཤཱཀྱ)ཐུབ་། །གསང་སྔགས་རིགས་སྔགས་ཐམས་ཅད་དང༌། །གསང་སྔགས་རིགས་སྔགས་འཆང་བའི་རིགས་། །རིགས་གསུམ་ལ་ནི་རྣམ་པར་གཟིགས་། །འཇིག་རྟེན་


མཚན་བརྗོད།_Page_024
[]

འཇིག་རྟེན་འདས་པའི་རིགས་། །འཇིག་རྟེན་སྣང་བྱེད་རིགས་ཅེན་(ཆེན)དང༌། །ཕྱག་རྒྱ་ཆེན་པོ་(*པོའི)རིགས་མཆོག་དང༌། །རིགས་ཅེན་(ཆེན)གཙུག་གཏོར་ཆེར་གཟིགས་ནས་། །ཚིག་གི་དབང་པོ་(བདག་པོས)་ཚིགས་སུ་བཅད་། །གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང༌། །གཉིས་སུ་མེད་པར་འབྱུང་བ་དང༌། །མྱེ་སྐྱེ་(མི་སྐྱེའི)ཆོས་ཅན་འདི་གསུངས་པ་། ཨ་ཨ་། །ཨི་ཨི་། །ཨུ་ཨུ་། །ཨེ་ཨེ་། །ཨོ་ཨོ། །ཨཾ་ཨ། ། (ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ) ཅ་སྟི་ཏོ་དྷི་ཏི་། (སྠི་ཏོ་ཧྲཱི་དི།) །མུར་ཏི་ར་ཧམ། །བུ་ཏོ་བུ་ཏ་ནན། (ཛྙཱ་ན་མཱུརྟི་ར་ཧཾ་བུདྡྷོ། བུདྡྷཱ་ནཱཾ།) །ཏྲྱ་ཏ་བར་ཏི་ནན་། (ཏྲྱ་དྷྭ་བརྟྟྰི་ནཱཾ་མ།) ཨོཾ་བཛྲེ་ཊིག་ཥ། དུག་ཁ་ཚེ་ཏ། (ཨོཾ་བཛྲ་ཏྰིཀྵྞ་དུཿ ཁཙྪེ་ད།) པྲད་ཉ་ཉྰེ་ནྲ། །མུར་ཏ་ཡེ། (པྲཛྙཱ་ཛྙཱ་ན་མཱུརྟྟི་ཡེ།) གཉའ་ན་ཀ་ཡ་། །བ་ཀི་ཤྭ་ར་། (ཛྙཱ་ན་ཀཱ་ཡ་ཝཱ་གཱི་ཤྭ་ར།) ཨ་ར་པ་ཙ་(ན)་ཡ་ཏེ་ན་མ་(མཿ)།འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་། །རྫོགས་པའི་སངས་རྒྱས་ཨོཾ་(ཨ)ལས་བྱུང༌། །ཨ་ནི་ཡིག་འབྲུ་རྣམས་ཀྱི་(ཀུན་གྱི)མཆོག་། །དོན་ཅེན་(ཆེན)ཡི་གེ་དམ་པ་ཡིན་། །ཁོང་ནས་བྱུང་(*འབྱུང)བ་སྐྱེ་བ་མེད་། །ཚིག་དུ་(ཏུ)བརྗོད་


མཚན་བརྗོད།_Page_025
[]

པ་སྤངས་པ་སྟེ་། །བརྗོད་པ་ཀུན་ཀྱི་རྒྱུའི་(གྱི་རྒྱུ་ཡི)མཆོག་། །ཚིག་ཀུན་རབ་དུ་(*ཏུ)གསལ་བར་བྱེད་། །མཆོད་པ་ཆེན་པོ་འདོད་ཆགས་ཆེ་། །སེམས་ཅན་ཐམས་ཅད་དགའ་བར་བྱེད་། །མཆོད་པ་ཆེན་པོ་ཞེ་སྡང་ཆེ་། །ཉོན་མོངས་ཀུན་ཀྱི་(གྱི)དགྲ་ཆེ་བ་། །མཆོད་པ་ཆེན་པོ་གཏི་མུག་ཆེ་། །གཏི་མུག་བློ་སྟེ་གཏི་མུག་སེལ་། །མཆོད་པ་ཆེན་པོ་ཁྲོ་བ་ཆེ་། །ཁྲོ་བ་ཆེན་པོ་དགྲ་ཆེ་བ་། །མཆོད་པ་ཆེན་པོ་ཆགས་པ་ཆེ་། །ཆགས་པ་ཐམས་ཅད་སེལ་བར་བྱེད་། །འདོད་པ་ཆེན་པོ་བདེ་བ་ཆེ་། །དགའ་བ་ཆེན་པོ་མགུ་བ་ཆེ་། །གཟུགས་ཆེན་(*ཆེ)ལུས་ཀྱང་ཆེ་བ་སྟེ་། །ཁ་དོག་ཆེ་ཞིང་ལུས་བོང་ཆེ་། །མྱིང་(མིང)ཡང་ཆེ་ཞིང་རྒྱ་ཆེ་བ་། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན་། །ཤེས་རབ་མཚོན་ཅེན་(*ཆེན)འཆང་བ་སྟེ་། །ཉོན་མོངས་ལྕགས་ཀྱུ་ཆེ་བའི་མཆོག་། །གྲགས་ཤིང་(*ཆེན)སྙན་གྲགས་ཆེན་པོ་སྟེ་། །སྣང་བ་ཆེན་པོ་


མཚན་བརྗོད།_Page_026
[]

གསལ་བ་ཆེ་། །མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང༌། །སྒྱུ་འཕྲུལ་ཆེན་པོ་དོན་གྲུབ་པ་། །སྒྱུ་འཕྲུལ་ཆེན་པོ་དགའ་བས་དགའ་། །སྒྱུ་འཕྲུལ་ཆེན་པོ་དམྱིག་(པོའི་མིག)འཕྲུལ་ཅན་། །སྦྱིན་བདག་ཆེན་པོ་གཙོ་བོ་སྟེ་། །ཚུལ་ཁྲིམས་ཅེན་(*ཆེན)པོ་འཆང་པའི་(བའི)མཆོག་། །བཟོད་ཅེན་(ཆེན)འཆང་བ་བཏན་བ་(*བརྟན་པ)པོ་། །བརྩོན་གྲུས་ཅེན་(འགྲུས་ཆེན)པོ་བརྟུལ་པ་(བ)ཡིན་། །བསམ་གཏན་ཅེན་པོ་(ཆེན་པོའི)ཏིང་འཛིན་གནས་། །ཤེས་རབ་ཆེན་པོ་(པོའི)ལུས་འཆང་བ་། །སྟོབས་པོ་ཆེ་ལ་ཐབས་ཆེ་བ་། །བསམ་བའི་ཡེ་ཤེས་རྒྱ་མཚོ་སྟེ(བསམ་པའི་ཁྱད་པར་ཇི་བཞིན་དུ)། །བྱམས་ཅེན་(ཆེན)རང་བཞིན་དཔག་དུ་མྱེད་(ཏུ་མེད)། །སྙིང་རྗེ་ཆེན་པོ་བློའི་(བློ་ཡི)མཆོག་། །ཤེས་རབ་ཆེན་པོ་བློ་ཅེན་(*ཆེན)ལྡན་། །མཁས་པ་ཆེན་པོ་ཐབས་ཅེ་(*ཆེ)བ། །རྫུ་འཕྲུལ་ཆེན་པོ་སྟོབས་དང་ལྡན་། །ཤུགས་ཅེན་(ཆེན)མགྱོགས་པ་ཆེན་པོ་སྟེ་། །སྒྱུ་(*རྫུ)འཕྲུལ་ཆེན་པོ་ཆེར་གྲགས་པ་། །སྟོབས་ཅེན་(*ཆེན)ཕ་རོལ་གནོན་པ་པོ་།


མཚན་བརྗོད།_Page_027
[]

།སྲིད་པའྀ་(པའི)རི་བོ་ཆེན་པོ་འཇོམས་། །འཁྲགས་(མཁྲེགས)ཤིང་རྡོ་རྗེ་ཆེན་པོ་འཆང༌། །དྲག་པོ་ཆེན་པོ་དྲག་ཤུལ་ཆེ་། །འཇིགས་ཆེན་འཇིགས་པར་བྱེད་པ་པོ་། །མགོན་པོ་རིགས་མཆོག་ཆེན་པོ་སྟེ་། །བླ་མ་གསང་སྔགས་ཆེ་བའི་མཆོག་། །ཐེག་པ་ཆེན་པོ་(*པོའི)ཚུལ་ལ་གནས་། །ཐེག་པ་ཆེན་པོ་(*པོའི)ཚུལ་གི་(གྱི)མཆོག་། །སངས་རྒྱས་རྣམ་པར་སྣང་མཛད་ཆེ་། །ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན་། །གསང་སྔགས་ཚུལ་ཅན་(ཆེན)ལས་བྱུང་བ་། །གསང་སྔགས་ཚུལ་ཅན་(ཆེན)བདག་ཉིད་ཅན་། །ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ་། །ཕ་རོལ་ཕྱིན་པ་བཅུ་ལ་གནས་། །ཕ་རོལ་ཕྱིན་བཅུ་དག་པ་སྟེ་། །ཕ་རོལ་ཕྱིན་པ་བཅུའི་(བཅུ་ཡི)ཚུལ་། །མགོན་པོ་ས་བཅུ་(*བཅུའི)དབང་ཕྱུག་སྟེ་། །ས་བཅུ་ལ་ནྀ་(ནི)གནས་པ་པོ་། །ཤེས་བཅུ་རྣམ་དག་བདག་ཉིད་ཅན་། །ཤེས་བཅུ་རྣམ་དག་འཆང་བ་པོ་། །རྣམ་པ་བཅུ་པོ་དོན་བཅུའྀ་(བཅུའི)དོན་། །ཐུབ་དབང་སྟོབས་བཅུ་ཁྱབ་པའྀ་(པའི)བདག་།


མཚན་བརྗོད།_Page_028
[]

།ཀུན་ཀྱི་(གྱི)དོན་ནི་མ་ལུས་བྱེད་། །རྣམ་བཅུ་དབང་ལྡན་ཆེ་བ་པོ་། །ཐོག་མ་མྱེད་(མེད)པ་སྤྲོས་མྱེད་(མེད)བདག་། །དེ་བཞིན་ཉིད་བདག་དག་པའྀ་(པའི)བདག་། །བདེན་བར་(པར)སྨྲ་ཞིང་ཚྀག་མྱྀ་(ཚིག་མི)འགྱུར་། །ཅི་(ཇི)སྐད་སྨྲས་པ་དེ་བཞིན་བྱེད་། །གཉིས་མྱེད་(མེད)གཉིས་སུ་མྱེད་(མེད)པ་སྟོན་། །ཡང་དག་མཐའ་ལ་རྣམ་པར་གནས་། །བདག་མྱེད་སེང་འགེ་(མེད་སེང་གེའི)སྒྲ་དང་ལྡན་། །མུ་སྟེགས་རི་དགས་(དྭགས)ངན་འཇིགས་བྱེད་། །ཀུན་དུ་(ཏུ)འགྲོ་བ་(བའི)དོན་ཡོད་སྟབས་(སྟོབས)། །དེ་བཞྀན་(བཞིན)གཤེགས་པའྀ་(པའི)ཡིད་ལྟར་མགྱོགས་། །རྒྱལ་བ་རྣམ་རྒྱལ་དགྲ་ལས་རྒྱལ་(རྒྱལ་བ་དགྲ་རྒྱལ་རྣམ་པར་རྒྱལ)། །འཁོར་ལོ་སྒྱུར་རྒྱལ་(*སྒྱུར་བ)སྟོབས་པོ་ཆེ་། །ཚོགས་ཀྱི་སློབས་(སློབ)དཔོན་ཚོགས་ཀྱི་བདག་(*མཆོག)། །ཚོགས་རྗེ་ཚོགས་བདག་དབང་དང་ལྡན་། །མཐུ་ཆེན་གཅེས་པ་(པར)འཛིན་པ་སྟེ། །ཚུལ་ཆེན་གཞན་གི་དྲིན་མྱི་(གྱི་དྲིང་མི)འཇོག་། །ཚིག་རྗེ་ཚིག་བདག་སྨྲ་མཁས་པའ་(*པ)། །ཚིག་ལ་དབང་བ་ཚིག་མཐའ་ཡས་། །ཚྀག་བདེན་བདེན་བ་སྨྲ་བ་སྟེ་(ཚིག་བདེན་པ་དང་བདེན་པར་སྨྲ)། །བདེན་བ་


མཚན་བརྗོད།_Page_029
[]

(པ)བཞི་ནི་སྟོན་པ་པོ་། །ཕྱིར་མྱི་(མི)ལྡོག་པ་ཕྱིར་མྱི་(མི)འོང༌། །འདྲེན་པ་རང་རྒྱལ་བསེ་རུ་(*རུའི)ཚུལ་། །ངེས་བྱུང་(*འབྱུང)སྣ་ཚོགས་ལས་བྱུང་བ་། །འབྱུང་བ་ཆེན་པོ་རྒྱུད་(རྒྱུ)གཅིག་པོ་། །དགེ་སློང་དགྲ་བཅོམ་ཟག་པ་ཟད་། །འདོད་ཆགས་བྲལ་བས་དབང་པོ་ཐུལ་། །བདེན་བ་རྙེད་པ་(བདེ་བ་རྙེད་པས)འཇིགས་མྱེད་(མེད)ཐོབ་། །བསིལ་བར་གྱུར་པས་རྙོག་པ་མྱེད་(མེད)། །རིག་པ་དང་ནྀ་(ནི)རྐང་པར་ལྡན་། །བདེར་(*བདེ)གཤེགས་འཇྀག་(འཇིག)རྟེན་རིག་པའྀ་(པའི)མཆོག་། །བདག་གིར་མྱི་(མི)འཛིན་ངར་མྱི་(མི)འཛིན་། །བདེན་བ་(པ)གཉིས་ཀྱི་ཚུལ་ལ་གནས་། །འཁོར་བའི་ཕ་རོལ་མཐར་སོན་པ་། །བྱ་བ་བྱས་པ་སྐམ་སར་གནས་། །ཤེས་པ་འབའ་ཤིག་(ཞིག)ལས་བྱུང་བ་། །ཤེས་རབ་མཚོན་ཆེན་(ཆས)རྣམས་(རྣམ)འཇོམས་པ་། །དམ་ཆོས་ཆོས་རྒྱལ་གསལ་བར་ལྡན་། །འཇིག་རྟེན་སྣང་བར་བྱེད་པའྀ་(པའི)མཆོག་། །ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ་། །ལེགས་པའྀ་(པའི)ལམ་ནི་སྟོན་པ་པོ་། །དོན་གྲུབ་བསམ་བ་གྲུབ་(པ་འགྲུབ)པ་སྟེ་། །ཀུན་དུ་(ཏུ)རྟོག་པ་ཐམས་ཅད་སྤངས་། །རྣམ་པར་མྱི་(མི)རྟོག་


མཚན་བརྗོད།_Page_030
[]

དབྱིངས་མྱི་(མི)ཟད་། །ཆོས་དབྱིངས་དམ་པ་ཟད་མྱྀ་(མི)ཤེས་། །བསོད་ནམས་ལྡན་བ་(པ)བསོད་ནམས་ཚོགས་། །ཡེ་ཤེས་ཡེ་ཤེས་ཁྱད་བར་(པར)ཆེ་། །ཡེ་ཤེས་ལྡན་བ་(པ)ཡོད་མྱེད་(མེད)ཤེས་། །ཚོགས་གཉིས་ཚོགས་ནི་བསགས་པ་པོ་། །རྣམ་པ་(རྟག་པ)ཀུན་རྒྱལ་རྣལ་འབྱོར་ཅན་། །བསམ་གཏན་བསམ་བྱ་བློ་ལྡན་མཆོག་། །སོ་སོ་རང་རིག་མྱི་(མི)གཡོ་བ་། །མཆོག་གི་དང་པོ་སྐུ་གསུང་(གསུམ)འཆང༌། །སངས་རྒྱས་སྐུ་ལྔའྀ་(ལྔའི)བདག་ཉིད་ཅན་། །ཁྱབ་བདག་ཡེ་ཤེས་ལྔའི་(ལྔ་ཡི)བདག་། །སངས་རྒྱས་ལྔ་བདག་ཅོད་པན་ཅན་། །སྤྱན་ལྔ་ཆགས་པ་མྱེད་(མེད)པ་འཆང༌། སངས་རྒྱས་ཐམས་ཅད་སྐྱེད་པ་པོ་། །སངས་རྒྱས་སྲས་པོ་དམ་པའྀ་(པའི)མཆོག་། །ཤེས་པ་(པས)སྲིད་བྱུང་(འབྱུང)སྐྱེ་གནས་མྱེད་(མེད)། །ཆོས་ལས་བྱུང་(འབྱུང)བ་སྲིད་པ་སེལ་། །གཅིག་དུ་(པུ)སྲ་མཁྲགས་(མཁྲེགས)རྡོ་རྗེ་(རྡོ་རྗེའི)བདག་། །སྐྱེས་མ་ཐག་དུ་(ཏུ)འགྲོ་བའི་བདག་། །ནམ་ཀའ་(མཁའ)ལས་བྱུང་རང་བྱུང་བ་། །ཤེས་རབ་ཡེ་ཤེས་མྱེ་(མེ)བོ་ཆེ་། །འོད་ཆེན་རྣམ་པར་སྣང་བར་བྱེད་། །ཡེ་ཤེས་སྐར་མ་(སྣང་བ)ལམ་མེ་བ་། །འགྲོ་བའི་མར་མྱེ་(མེ)ཡེ་ཤེས་


མཚན་བརྗོད།_Page_031
[]

སྒྲོན་། །གཟིག་(*གཟི)བརྗིད་ཆེན་པོ་འོད་གསལ་བ་། །སྔགས་མཆོག་མངའ་བདག་རི་(*རིག)སྔགས་རྒྱལ་། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད་། །གཙུག་ཏོར་ཆེན་པོ་རྨད་བྱུང་གཙུག་། །ནམ་ཀའི་(*མཁའི)བདག་པོ་སྣ་ཚོགས་སྟོན་། །སངས་རྒྱས་ཀུན་ཀྱི་(གྱི)སྐུའི་(སྐུ་ཡི)མཆོག་། །འགྲོ་ཀུན་དགའ་བའྀ་མྱིག་(བའི་མིག)དང་ལྡན་། །སྣ་ཚོགས་གཟུགས་ཅན་སྐྱེད་པ་པོ་(ཡིད་ལས་སྐྱེས)། །དྲང་སྲོང་ཆེ་དགུས་མཆོད་ཅིང་བརྗོད་། །རིགས་གསུམ་འཆང་བ་གསང་སྔགས་འཆང༌། །དམ་ཚིགས་(*ཚིག)ཆེན་པོ་གསང་སྔགས་འཛིན་། །གཙོ་བོ་དཀོན་མཆོག་གསུམ་འཛིན་བ་(པ)། །ཐེག་པ་མཆོག་གསུམ་སྟོན་པ་པོ་། །དོན་ཡོད་ཞགས་པ་རྣམ་པར་རྒྱལ་། །འཛིན་པ་ཆེན་པོ་རྡོ་རྗེ་ཞགས་། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ་། །རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད་། །ཁྲོ་བོ་(*བོའི)རྒྱལ་པོ་གདོང་དྲུག་འཇིགས་། །མྱིག་(མིག)དྲུག་ལག་དྲུག་སྟོབས་དང་ལྡན་། །ཀེང་རུས་མཆེ་བ་གཙྀགས་(གཙིགས)པ་པོ་། །ཧ་ལ་ཧ་ལ་གདོང་བརྒྱའ་པའ་(བརྒྱ་པ)། །གཤིན་རྗེ་གཤེད་པོ་བགྲེགས་(*བགེགས)ཀྱི་


མཚན་བརྗོད།_Page_032
[]

རྒྱལ་། །རྡོ་རྗེ་ཤུགས་ཅན་འཇྀགས་པར་བྱེད་(འཇིགས་བྱེད་པ)། །རྡོ་རྗེ་གྲགས་པ་རྡོ་རྗེ་(རྡོ་རྗེའི)སྙིང༌། །སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ་། །རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག་། །རྡོ་རྗེ་སྙིང་པོ་མཁའ་འདྲ་བ་། །མྱྀ་(མི)གཡོ་རལ་བ་གཅྀག་(གཅིག)གིས་བསྒྱིངས་། །གླང་ཆེན་ཀོ་རློན་གོས་སུ་གྱོན་། །དྲག་ཅེན་ཧ་ཧ་(ཅིང་ཧཱ་ཧཱ)ཞེས་སྒྲོགས་པ་། །ཧྀ་ཧྀ་(ཧཱི་ཧཱི)ཞེས་སྒྲོགས་འཇིགས་པར་བྱེད་། །གད་མོ་ཆེན་པོ་གད་རྒྱངས་ཅན་། །རྡོ་རྗེ་གད་མོ་ཆེར་སྒྲོགས་པ་། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ་། །རྡོ་རྗེ་རྒྱལ་པོ་བདེ་བ་ཆེ་། །རྡོ་རྗེ་དྲག་པོ་དགའ་བ་ཆེ་། །རྡོ་རྗེ་ཧུང་སྟེ་ཧུང་(ཧཱུྃ་སྟེ་ཧཱུྃ)ཞེས་སྒྲོགས་། །མཚོན་དུ་རྡོ་རྗེ་(*རྡོ་རྗེའི)མདའ་ཐོགས་པའ་(པ)། །རྡོ་རྗེ་རལ་གྲྀ་(གྲི)མ་ལུས་གཅོད་། །རྡོ་རྗེ་ཀུན་འཆང་རྡོ་རྗེ་ཅན་། །རྡོ་རྗེ་གཅིག་པུ་གཡུལ་སེལ་བ་། །རྡོ་རྗེ་འབར་བ་མྱིག་མྱི་(མིག་མི)བཟང༌། །སྐྲ་ཡང་རྡོ་རྗེ་འབར་བ་སྟེ་། །རྡོ་རྗེ་འབེབས་པ་འབེབས་པ་ཆེ་། །དམྱིག་བརྒྱའ་པ་སྟེ་རྡོ་རྗེ་དམྱིག་(མིག་བརྒྱ་པ་སྟེ་རྡོ་རྗེའི་མིག)། །ལུས་ནྀ་རྡོ་རྗེ་(*ནི་རྡོ་རྗེའི)བ་སྤུ་ཅན་། །རྡོ་རྗེ་སྤུ་ནྀ་གཅྀག་པའྀ་(རྡོ་རྗེའི་སྤུ་ནི་གཅིག་པུའི)ལུས་། །སེན་མོ་སྐྱེས་


མཚན་བརྗོད།_Page_033
[]

པ་རྡོ་རྗེའི་རྩེ་། །རྡོ་རྗེ་(*རྡོ་རྗེའི)སྙིང་པོ་པགས་པ་མཁྲགས་(མཁྲེགས)། །རྡོ་རྗེ་འཕྲེང་(ཕྲེང)ཐོགས་དཔལ་དང་ལྡན་། །རྡོ་རྗེ་(*རྡོ་རྗེའི)རྒྱན་གིས་(གྱིས)བརྒྱན་པ་སྟེ་། །གད་རྒྱངས་ཧ་ཧ་(ཧྰ་ཧྰ)ངེས་པར་སྒྲོགས་། །ཡྀ་(ཡི)གེ་དྲུག་པ་རྡོ་རྗེའི་སྒྲའ་(*སྒྲ)། །འཇམ་དབྱངས་ཆེན་པོ་(པོའི)སྒྲ་ཆེ་བ་། །འཇིག་རྟེན་གསུམ་ན་སྒྲ་གཅིག་པའ་(*པ)། (ནམ་མཁའི་མཐའ་ཀླས་སྒྲ་སྒྲོག་པ། །སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །ཡང་དག་བདག་མེད་དེ་བཞིན་ཉིད།)ཚིག་རྐང་གསུམ་འདི་ཏུང་ཧོང་གི་IOL Tib J 381ནང་ལ་མེད་ཀྱང་ཏུན་ཧོང་གི་ཡིག་ཆ་IOL Tib J 382 ནང་ལ་ཡོད་།(ནམ་ཀའྀ་མཁས་ཀླས་སྒྲ་སྒྲོག་ལ། །སྒྲ་དང་ལྡན་བ་རྣམས་ཀྱི་མཆོག། །ཡང་དག་བདག་མེད་དེ་བཞྀན་ཉིད།ཏུན་ཧོང་གི་ཡིག་ཆ་IOL Tib J 382 ནང་ལ་འདི་ལྟར་ཡོད། །ནམ་ཀའྀ་(*ཡང་དག)མཐའ་སྟེ་ཡི་གེ་མྱེད་(མེད)། །སྟོང་ཉིད་སྨྲ་བའྀ་(བའི)ཁྱུ་མཆོག་སྟེ་། །ཟབ་ཅྀང་(ཅིང)རྒྱ་ཆེ་(ཆེའི)སྒྲ་སྒྲོགས་པ་། །ཆོས་ཀྱི་དུང་སྟེ་དུང་ཅེན་(*སྒྲ་ཆེན)ལྡན་། །ཆོས་ཀྱི་འགན་འདེ་(གཎྜི)སྒྲ་བོ་ཆེ་། །མྱི་(མི)གནས་མྱེ་(མྱ)ངན་འདས་པ་པོ་། །ཕྱོགས་བཅུ་(*བཅུའི)ཆོས་ཀྱི་རྔ་བོ་ཆེ་། །གཟུགས་མྱེད་(མེད)གཟུགས་བཟང་དམ་པ་སྟེ་། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས་། །གཟུགས་རྣམས་ཐམས་ཅད་སྣང་བའྀ་(བའི)དཔལ་། །གཟུགས་བརྙན་མ་ལུས་འཆང་བ་པོ་། །ཚུགས་པ་མྱེད་(མེད)ཅིང་ཆེར་གྲགས་པའ་(*ཆེ་བར་གྲགས)། །འཁམས་(*ཁམས)གསུམ་དབང་ཕྱུག་ཆེན་པོ་སྟེ་། །འཕགས་ལམ་ཤིན་དུ་(*ཏུ)མཐོ་ལ་གནས་། །དར་པ་(བ)ཆེན་


མཚན་བརྗོད།_Page_034
[]

པོ་ཆོས་ཀྱི་ཏོག་། །འཇིག་རྟེན་གསུམ་ན་གཞོན་ལུས་གཅིག་། །གནས་བརྟན་རྒད་(*རྒན)པོ་སྐྱེ་དགུ་(*དགུའི)བདག་། །སུམ་ཅུ་རྩ་གཉིས་མཚན་འཆང་བ་། །སྡུག་གུ་འཇིག་རྟེན་གསུམ་ན་མཛེས་། །འཇིག་རྟེན་ཤེས་ལེགས་སློབས་(སློབ)དཔོན་ཏེ་། །འཇིག་རྟེན་བསློབས་(སློབ)དཔོན་འཇྀགས་(འཇིགས)པ་མྱེད་(མེད)། །མགོན་སྐྱོབ་འཇིག་རྟེན་ཡིད་གཅུགས་པའ་(པ)། །སྐྱབས་དང་སྐྱོབ་པ་བླ་ན་མྱེད་(མེད)། །ནམ་ཀའྀ་(*མཁའི)མཐའ་ལ་ལོང་(*ལོངས)སྤྱོད་པ་། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ་། །མ་རིག་སྒོང་(*སྒོ)ངའི་སྦུབས་འབྱེད་པའ་(པ)། །སྲིད་པའྀ་དྲ་(པའི་དྲྭ)བ་འཇོམ་བ་(*འཇོམས་པ)པོ། །ཉོན་མོངས་མ་ལུས་ཞི་བྱེད་པ་། །འཁོར་བའི་རྒྱ་མཚོ་(མཚོའི)ཕ་རོལ་ཕྱིན་། །ཡེ་ཤེས་དབང་བསྐུར་ཅོད་པན་ཅན་། །རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས་། །སྡུག་བསྔལ་གསུམ་གི་(*གྱི)སྡུག་བསྔལ་ཞི་། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ་། །སྒྲིབ་པ་ཀུན་ལས་ངེས་པར་སྒྲོལ་(གྲོལ)། །མཁའ་ལྟར་མཉམ་པ་ཉིད་ལ་གནས་། །ཉོན་མོངས་དྲི་མ་ཀུན་ལས་འདས་།


མཚན་བརྗོད།_Page_035
[]

།དུས་མསུམ་(*གསུམ)དུས་མྱེད་(མེད)རྟོགས་པ་པོ་། །སེམས་ཅན་ཀུན་ཀྱི་(གྱི)གཙོ་བོ་ཆེ་། །ཡོན་ཏན་ཐོད་ཅན་རྣམས་ཀྱི་ཐོད་། །ལུས་ཀུན་ལས་ནྀ་(ནི)རྣམ་གྲོལ་བ་(རྣམ་པར་གྲོལ)། །ནམ་ཀའྀ་མཐའ་(*མཁའི་ལམ)ལ་རབ་གནས་པ་། །ཡིད་བཞིན་ནོར་བུ་ཆེན་པོ་འཆང༌། །ཁྱབ་བདག་རིན་ཆེན་ཀུན་ཀྱི་(གྱི)མཆོག་། །དཔག་བསམ་ཤིང་ཆེན་རྒྱས་པ་སྟེ་། །བུམ་པ་བཟང་པོ་ཆེ་བའྀ་(བའི)མཆོག་། །བྱེད་པ་སེམས་ཅན་ཀུན་དོན་བྱེད་། །ཕན་འདོགས་སེམས་ཅན་མཉེས་ཤིན་བ་(*གཤིན་པ)། །བཟང་ངན་ཤེས་ཤིང་དུས་ཤེས་ལ་། །ཁྱབ་བདག་དམ་ཤེས་དམ་ཚིགས་(*ཚིག)ལྡན་། །ཀུན་(དུས)ཤེས་སེམས་ཅན་དབང་དོན་(*པོ)ཤེས་། །རྣམ་གྲོལ་གསུམ་ལ་མཁས་པ་པོ་། །ཡོན་ཏན་ལྡན་ཞིང་ཡོན་ཏན་ཤེས་། །ཆོས་ཤེས་བཀྲ་ཤྀ་(*ཤིས)བཀྲ་ཤིས་འབྱུང༌། །བཀྲ་ཤིས་ཀུན་ཀྱི་(གྱི)བཀྲ་ཤིས་པ་། །གྲགས་པ་བཀྲ་ཤིས་སྙན་གྲགས་དགེ་། །དབུགས་འབྱིན་ཆེན་པོ་དགའ་སྟོན་ཆེ་། །དགའ་སྟོན་(*ཆེན)རོལ་མོ་ཆེན་པོ་སྟེ་། །བཀུར་སྟི་རི་མགྲོ་(*རིམ་གྲོ)ཕུན་སུམ་ཚོགས་།


མཚན་བརྗོད།_Page_036
[]

།མཆོག་དུ་(*ཏུ)དགའ་བ་གྲགས་བདག་དཔལ་། །མཆོག་ལྡན་མཆོག་སྦྱིན་གཙོ་བོ་སྟེ་། །སྐྱབས་ཀྱི་དམ་པ་སྐྱབས་སུ་འོས་། །འཇིག་རྟེན་དགྲ་སྟེ་རབ་ཀྱྀ་(ཀྱི)མཆོག་། །འཇིགས་པ་མ་ལུས་སེལ་བ་པོ་། །གཙུག་པུད་ཕུད་པུ་(ཕུད་ཕུད་བུ)ལྕང་ལོ་ཅན་། །རལ་བ་མུན་ཛྰ་(*ཛ)ཅོད་པན་(*ཐོགས)། །གདོང་ལྔ་གཙུག་པུད་(ཕུད)ལྔ་དང་ལྡན་། །ཟུར་ཕུད་ལྔ་པ་མེན་(*མེ)ཏོག་ཐོད་། །མགོ་ཟླུམ་བརྟུལ་ཤུགས་(*ཞུགས)ཆེན་པོ་པ་། །ཚངས་པར་སྤྱོད་པས་(*པ)བརྟུལ་ཤུགས་(*ཞུགས)མཆོག་། །དཀའ་ཐུབ་མཐར་ཕྱྀན་(ཕྱིན)དཀའ་ཐུབ་ཆེ་། །གཙང་གནས་དམ་པ་འགེ་འུ་(གོའུ)ཏམ་། །བྲ་མཛེ་(*བྲམ་ཟེ)ཚངས་པ་ཚངས་པ་ཤེས་། །མྱ་ངན་འདས་པ་ཚངས་པ་ཐོབ་། །གྲོལ་བ་(བའི)ཐར་པ་རྣམ་གྲོལ་ལུས་། །རྣམ་གྲོལ་ཞི་བ་ཞི་བ་ཉིད་། །མྱེ་(མྱ)ངན་འདས་པ་(*ཞི)མྱེ་(མྱ)ངན་འདས་། །ལེགས་པར་མྱེ་(མྱ)ངན་འདས་དང་ཉེ་། །བདེ་སྡུག་སེལ་བ་མཐར་འགྱུར་(*གྱུར)པ་། །ཆགས་བྲལ་ལུས་ལས་འདས་པའོ་(*པ་པོ)། །ཐུབ་པ་མྱེད་(མེད)པ་དཔེ་མྱེད་(མེད)པ་། །མྱྀ་མངོན་མྱི་གསལ་སྣང་བྱེད་


མཚན་བརྗོད།_Page_037
[]

མྱིན་(མི་མངོན་མི་སྣང་གསལ་བྱེད་མིན)། །མྱི་(མི)འགྱུར་ཀུན་འགྲོ་ཁྱབ་པ་པོ་། །ཕྲ་ཞིང་ཟག་མྱེད་(མེད)ས་བོན་བྲལ་། །རྡུལ་མྱེད་(མེད)རྡུལ་བྲལ་དྲི་མ་མྱེད་(མེད)། །ཉེས་པ་སྤངས་པ་སྐྱོན་མྱེད་(མེད)པ། །ཤིན་དུ་(ཏུ)སད་པ་སད་པའྀ་(པའི)བདག་། །ཀུན་ཤེས་ཀུན་རིག་དམ་པ་པོ་། །རྣམ་པར་ཤེས་པའྀ་(པའི)ཆོས་ཉིད་འདས་། །ཡེ་ཤེས་གཉིས་མྱེད་(མེད)ཚུལ་འཆང་བ་། །རྣམ་པར་རྟོག་མྱེད་(མེད)ལྷུན་ཀྱིས་(གྱིས)གྲུབ་། །དུས་སུམ་(*གསུམ)སངས་རྒྱས་ལས་བྱེད་པ་། །སངས་རྒྱས་ཐོག་མ་ཐ་མ་མྱེད་(མེད)། །དང་པོ་(*པོའི)སངས་རྒྱས་རྒྱུད་མྱེད་(རྒྱུ་མེད)པ་། །ཡེ་ཤེས་དམྱིག་ཅིག་(མིག་གཅིག)དྲི་མ་མྱེད་(མེད)། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས་། །ཚིག་གི་དབང་ཕྱུག་སྨྲ་བ་ཆེ་། །སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ་། །སྨྲ་བའི་དམ་པ་མཆོག་གི་གནས་། །སྨྲ་བའི་སེང་འགེ་(*གེ)ཚུགས་པ་མེད་། །ཀུན་དུ་(*ཏུ)ལྟ་བ་(བས)མཆོག་དུ་(*ཏུ)དགའ་། །གཟི་བརྗིད་ཕུང་པོ་བལྟ་(ལྟ)་ལྟ་ན་སྡུག་། །འོད་བཟང་འབར་བ་དཔལ་གི་བུ་(གྱི་བེའུ)། །ལག་པ་(ན)འོད་འབར་སྣང་བ་པོ་། །སྨན་པ་ཆེན་པོ་(*ཆེ་མཆོག)གཙོ་བོ་སྟེ་། །ཟུག་རྔུ་འབྱིན་བ་(*པ)བླ་ན་མྱེད་(མེད)། །སྨན་


མཚན་བརྗོད།_Page_038
[]

རྣམས་མ་ལུས་ལྗོན་པའྀ་(པའི)ཤིང༌། །ནད་དོ་ཆོག་(ཅོག)གི་དགྲ་ཆེ་བ་། །སྡུག་གུ་འཇིག་རྟེན་གསུམ་གི་(*གྱི)མཆོག་། །དཔལ་ལྡན་སྒྱུ་(*རྒྱུ)སྐར་དཀྱིལ་འཁོར་ཅན་། །ཕྱོགས་བཅུ་ནམ་མཁའྀ་(མཁའི)མཐར་ཐུག་པར་། །ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས་། །འགྲོ་ན་གདུགས་ཅིག་(གཅིག)ཡངས་པ་སྟེ་། །བྱམས་དང་སྙིང་རྗེ་(རྗེའི)དཀྱིལ་འཁོར་ཅན་། །དཔལ་ལྡན་པད་མ་(པདྨ)གར་གྱི་བདག་། །ཁྱབ་བདག་ཆེན་པོ་(པོའི)རིན་ཆེན་གདུགས་། །སངས་རྒྱས་ཀུན་ཀྱི་(གྱི)གཟི་བརྗིད་ཆེ་། །སངས་རྒྱས་ཀུན་ཀྱི་(གྱི)སྐུ་འཆང་བ་། །སངས་རྒྱས་ཀུན་ཀྱི་(གྱི)རྣལ་འབྱོར་ཆེ་། །སངས་རྒྱས་ཀུན་ཀྱི་(གྱི)བསྟན་པ་གཅིག་། །རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ་། །རིན་ཅེན་(ཆེན)ཀུན་བདག་དབང་ཕྱུག་སྟེ་། འཇིག་རྟེན་དབང་ཕྱུག་ཀུན་ཀྱི་(གྱི)བདག་། །རྡོ་རྗེ་འཆང་བ་ཀུན་ཀྱི་(གྱི)རྗེ་། །སངས་རྒྱས་ཀུན་ཀྱི་(གྱི)ཐུགས་ཆེ་བ་། །སངས་རྒྱས་ཀུན་ཀྱི་(གྱི)ཐུགས་ལ་གནས་། །སངས་རྒྱས་ཀུན་ཀྱི་(གྱི)སྐུ་ཆེ་བ་། །སངས་རྒྱས་ཀུན་ཀྱྀ་(གྱི)


མཚན་བརྗོད།_Page_039
[]

གསུང་ཡང་ཡིན་། །རྡོ་རྗེ་ཉི་མ་སྣང་བ་ཆེ་། །རྡོ་རྗེ་ཟླ་བ་དྲྀ་མ་མྱེད་(དྲི་མེད)འོད་། །ཆགས་བྲལ་ལས་སྩོགས་(ལ་སོགས)ཆགས་པ་ཆེ་། །ཁ་དོག་སྣ་ཚོགས་འབར་བའི་འོད་། །རྡོ་རྗེ་སྐྱིལ་ཀྲུམ་(ཀྲུང)རྫོགས་སངས་རྒྱས་། །སངས་རྒྱས་འགྲོ་བའྀ་(བའི)ཆོས་འཛིན་བ་(པ)། །དཔལ་ ལྡན་སངས་རྒྱས་པད་མ་(པདྨ)སྐྱེས་། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ་། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང༌། །ཆེ་བ་སངས་རྒྱས་རིགས་སྔགས་འཆང་། །རྡོ་རྗེ་རྣོན་པོ་རལ་གྱི་(གྲི)ཆེ་། །ཡྀ་(ཡི)གེ་མཆོག་སྟེ་རྣམ་པར་དག་། །ཐེག་པ་ཆེན་པོ་སྡུག་བསྔལ་གཅོད་། །མཚོན་ཆ་ཆེན་པོ་རྡོ་རྗེ་ཆོས་། །རྡོ་རྗེ་ཟབ་མོ་འཛྰི་ན་འཛིག་(ཛི་ན་ཛིཀྲ)། །རྡོ་རྗེ་བློ་གྲོས་དོན་བཞིན་རིག་། །ཕ་རོལ་ཕྱིན་པ་ཀུན་མཆོད་པའ་(རྫོགས་པ)། །ས་རྣམས་ཀུན་ཀྱི་(གྱི)རྒྱན་དང་ལྡན་། །རྣམ་པར་དག་པ་བདག་མྱེད་(མེད)ཆོས་། །ཡང་དག་ཡེ་ཤེས་ཟླ་འོད་བཟང༌། །བརྩོན་ཆེན་སྒྱུ་འཕྲུལ་དྲ་(དྲྭ)བ་སྟེ་། །རྒྱུད་ཀུན་གྱི་ནི་བདག་པོ་མཆོག་། །རྡོ་རྗེ་གདན་ནི་མ་ལུས་


མཚན་བརྗོད།_Page_040
[]

ལྡན་། །ཡེ་ཤེས་སྐུ་རྣམས་མ་ལུས་འཆང༌། །ཀུན་དུ་(*ཏུ)བཟང་པོ་བློ་གྲོས་བཟང༌། །སའི་(ས་ཡི)སྙིང་པོ་འགྲོ་བ་འཛིན་། །སངས་རྒྱས་ཀུན་ཀྱི་(གྱི)སྙིང་པོ་མཆོག་(*ཆེ)། །སྤྲུལ་པའྀ་(པའི)འཁོར་ལོ་སྣ་ཚོགས་འཆང་། །དངོས་པོ་ཀུན་ཀྱི་(གྱི)རང་བཞིན་མཆོག་། །དངོས་པོ་ཀུན་ཀྱི་(གྱི)རང་བཞིན་འཛིན་། །སྐྱེ་མྱེད་(མེད)ཆོས་དེ་སྣ་ཚོགས་དོན་(སྟོན)། (བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་བཀའ་མའི་ནང་གི་མཚན་བརྗོད་ནང་དུ་དོན་ཞེས་བྲིས་ཡོད།) །ཆོས་ཀུན་(སྐུ)(གོང་གི་བཀའ་མའི་རྩ་བའི་ནང་ལ་ཀུན་ཡོད་)ངོ་བོ་ཉིད་འཆང་བ་། །ཤེས་རབ་ཆེན་པོ་(པོས)སྐད་ཅིག་ལ་། །ཆོས་ཀུན་ཁོང་དུ་ཆུད་པ་པོ་(འཆང)། །ཆོས་ཀུན་མངོན་བར་(པར)རྟོགས་པ་སྟེ་། །ཐུབ་པ་བློ་མཆོག་འབྱུང་པོ་སེལ་། །མྱི་(མི)གཡོ་རབ་ཏུ་དང་བའྀ་(བའི)བདག་། །རྫོགས་པའི་སངས་རྒྱས་བྱང་ཆུབ་འཆང་། །སངས་རྒྱས་ཀུན་ཀྱི་(གྱི)མངོན་སུམ་པ་། །ཡེ་ཤེས་མྱེ་(མེ)ལྕེ་འོད་འབར་གསལ་། །འདོད་པའི་དོན་གྲུབ་དམ་པ་སྟེ་། །ངན་སོང་ཐམས་ཅད་རྣམ་སྦྱོང་བ་། །མགོན་པོ་སེམས་ཅན་ཀུན་ཀྱི་(གྱི)མཆོག་། །སེམས་ཅན་ཐམས་ཅད་རབ་སྒྲོལ་(*གྲོལ)བྱེད་། །ཉོན་མོངས་གཡུལ་དུ་གཅྀག་(གཅིག)དཔའ་བ་།


མཚན་བརྗོད།_Page_041
[]

།མྱྀ་(མི)ཤེས་དགྲའི་དྲགས་(དགྲ་ཡི་དྲེགས)པ་འཇོམས་། །དཔལ་ལྡན་བློ་དང་སྟག་(ལྡན་སྒེག)པར་ལྡན་། །བརྟན་པོ་མྱི་(མི)སྡུག་གཟུགས་འཆང་བ་། །ལག་པ་བརྒྱད་(བརྒྱ)པོ་ཀུན་བསྐྱོད་ཅྀང་(ཅིང)། །གོམ་པའི་སྟབས་ཀྱིས་གར་བྱེད་པ་། །དཔལ་ལྡན་ལག་པ་བརྒྱས་གང་ལ་། །ནམ་ཀའ་ཁྱེད་(*མཁའ་ཁྱབ)པར་གར་བྱེད་པ་། །སའི་(ས་ཡི)དཀྱིལ་འཁོར་བཞིའི་(བཞི་ཡི)ཁྱོན་། །རྐང་པ་ཡ་ཅིག་མཐྀལ་གིས་(གཅིག་མཐིལ་གྱིས)གནོན་། །རྐང་ཐེབ་(*མཐེབ)སེན་མོ་(མོའི)ཁྱོན་གྱིས་ཀྱང༌། །ཚངས་པའི་ཡུལ་ས་རྩེ་ནས་གནོན་། །དོན་ཅིག་(*གཅིག)གཉིས་མྱེད་ཆོས་ཀྱི་(མེད་དམ་པའི)དོན་། །དམ་པའྀ་(པའི)དོན་དེ་(ནི)འཇིགས་པ་མེད། །རྣམ་རིག་སྣ་ཚོགས་གཟུགས་དོན་ཅན་། །རྣམ་ཤེས་སྣ་ཚོགས་རྒྱུད་དང་ལྡན་། །དངོས་དོན་མ་ལུས་རྣམས་ལ་དགའ་། །སྟོང་པ་ཉིད་དགའ་འདོད་འཆགས་(*ཆགས)བློ་། །སྲིད་པའི་འདོད་ཆགས་སྤངས་པ་སྟེ་(སོགས་སྤངས་པ)། །སྲིད་སུམ་(གསུམ)དགའ་བ་ཆེན་པོ་པ་(སྟེ)། །སྤྲིན་དཀར་དག་པ་བཞིན་དུ་དཀར་། །འོད་བཟང་


མཚན་བརྗོད།_Page_042
[]

སྟོན་ཀའི་ཟླ་བའྀ་(བའི)འོད་། །ཉི་མ་འཆར་ཀའྀ་(ཁའི)་དཀྱིལ་ལྟར་མཛེས་། །སེན་མོ་(*མོའི)འོད་ནི་ཤེས་(*ཤས)ཆེར་དམར་། །ཅོད་པན་བཟང་པོ་མཐོང་(*མཐོན)ཀའི་རྩེ་། །སྐྲ་མཆོག་མཐོན་ཀ་ཆེན་པོ་ཅན་(འཆང)། །ནོར་བུ་ཆེན་པོ་འོད་ཆགས་དཔལ་། །སངས་རྒྱས་སྤྲུལ་པའྀ་(པའི)རྒྱན་དང་ལྡན་། །འཇིག་རྟེན་འཁམས་བརྒྱའ་(ཁམས་བརྒྱ)ཀུན་བསྐྱོད་པ་། །རྫུ་འཕྲུལ་རྐང་པའི་སྟབས་(སྟོབས་དང)ཆེན་ལྡན་། དེ་ཉིད་དྲན་པ་ཆེན་པོ་འཆང༌། །དྲན་པ་ཆེན་(*བཞི)པོ་ཏིང་འཛིན་རྒྱལ་། །བྱང་ཆུབ་ཡན་ལག་མེ་ཏོག་སྤོས་། དེ་བཞིན་གཤེགས་པའི་ཡོན་ཏན་མཚོ་། །ལམ་གི་(*གྱི)ཡན་ལག་བརྒྱད་ཚུལ་རིག་། །ཡང་དག་སངས་རྒྱས་ལམ་རིག་པ། །སེམས་ཅན་ཀུན་ལ་ཤས་ཆེར་གཆགས་(*ཆགས)། །ནམ་ཀའ་(*མཁའ)ལྟ་བུར་ཆགས་པ་མྱེད་(མེད)། །སེམས་ཅན་ཀུན་ཀྱི་(གྱི)ཡིད་ལ་འཇུག་། །སེམས་ཅན་ཀུན་ཀྱི་(གྱི)ཡིད་ལྟར་མགྱོགས་། །སེམས་ཅན་ཀུན་ཀྱི་(གྱི)དབང་དོན་ཤེས་། །སེམས་ཅན་ཀུན་ཀྱི་(གྱི)ཡིད་འཕྲོག་པ་། །ཕུང་པོ་ལྔ་དོག་(*དོན)དེ་ཉིད་ཤེས་།


མཚན་བརྗོད།_Page_043
[]

།རྣམ་དག་ཕུང་པོ་ལྔ་འཆང་བ༌། །ངེས་འབྱུང་ཀུན་ཀྱི་(གྱི)མཐའ་ལ་གནས་། །ངེས་པར་འབྱུང་བ་ཀུན་ལ་མཁས་། །ངེས་འབྱུང་ཀུན་ཀྱི་(གྱི)ལམ་ལ་གནས་། །ངེས་པར་འབྱུང་བ་ཀུན་སྟོན་པ་། །ཡན་ལག་བཅུ་གཉིས་སྲིད་རྩ་བཏོན་། །དག་པ་རྣམ་པ་བཅུ་གཉིས་འཆང༌། །བདེན་བཞི་(*བཞིའི)ཚུལ་གྱི་རྣམ་པ་ཅན་། །ཤེས་པ་བརྒྱད་པོ་རྟོགས་པ་འཆང༌། །བདེན་དོན་རྣམ་པ་བཅུ་གཉིས་ལྡན་། །དེ་ཉིད་རྣམ་པ་བཅུ་དྲུག་རིག་། །རྣམ་པ་ཉི་ཤུས་བྱང་ཆུབ་པ་། །རྣམ་པར་སངས་རྒྱས་ཀུན་རིག་མཆོག་། །སངས་རྒྱས་ཀུན་ཀྱི་(གྱི)སྤྲུལ་པའྀ་(པའི)སྐུ་། །བྱེ་བ་དཔག་མྱེད་(མེད)འགྱེད་པ་པོ་། །སྐད་ཅིག་ཐམས་ཅད་མངོན་བར་(པར)རྟོགས་། །སེམས་ཀྱི་སྐད་(ཅིག)དོན་ཀུན་རིག་། །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱི་(གྱིས)། །འགྲོ་བར་(*བའི)དོན་ལ་རྟོག་(*རྟོགས)པ་པོ་། །ཐེག་པ་གསུམ་གིས་(གྱི)ངེས་འབྱུང་ལ་། །ཐེག་པ་གཅིག་གིས་(*གི)འབྲས་བུར་གནས་། །ཉོན་མོངས་ཁམས་རྣམས་དག་པའི་བདག་། །ལུས་(ལས)ཀྱི་འཁམས་ནྀ(ཁམས་རྣམས)


མཚན་བརྗོད།_Page_044
[]

ཟད་བྱེད་པ་། །ཆུ་བོ་རྒྱ་མཚོ་ཀུན་ལས་རྒལ་(བརྒལ)། །སྦྱོར་བའྀ་(བའི)དགོན་པ་ལས་བྱུང་བ་། །ཉོན་མོངས་ཉེ་བ་(བའི)ཀུན་ཉོན་མོངས་། །བག་ཆགས་བཅས་པར་(*པ)་གཏན་སྤངས་པ་། །སྙིང་རྗེ་ཆེན་པོ་ཤེས་རབ་ཐབས་། །དོན་ཡོད་འགྲོ་བའི་དོན་བྱེད་པ་། །འདུ་ཤེས་ཀུན་ཀྱི་(གྱི)དོན་སྤངས་ཤིང༌། །རྣམ་ཤེས་དོན་ནི་འགགས་(*འགག)པར་བྱེད་། །སེམས་ཅན་ཀུན་(ཀྱི)ཡིད་ཡུལ་(དང)ལྡན་། །སངས་རྒྱས་ཀུན་ཀྱི་(གྱི)ཐུགས་རིག་པ་། །སེམས་ཅན་ཀུན་ཀྱི་(གྱི)ཡིད་ལ་གནས། །དེ་དག་སེམས་དང་མཐུན་བར་(པར)འཇུག་། །སེམས་ཅན་ཀུན་ཡིད་ཚིམ་པའི་(པར)བྱེད་། །སེམས་ཅན་ཀུན་ཀྱི་(གྱི)ཡིད་དགའ་བ་། །གྲུབ་པའི་(པ)མཐར་ཕྱིན་འཁྲུལ་པ་མྱེད་(མེད)། །ནོར་པ་(བ)ཐམས་ཅད་རྣམ་པར་སྤངས་། །དོན་གསུམ་ཐེ་ཙོམ་མྱེད་པའྀ་(ཚོམ་མེད་པའི)བློ་། །ཀུན་དོན་ཡོན་ཏན་གསུམ་གྱྀ་(གྱི)བདག་། །ཕུང་པོ་ལྔ་དོན་དུས་གསུམ་དུ་། །སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད་། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་། །སངས་རྒྱས་ཀུན་ཀྱི་(གྱི)རང་བཞིན་འཆང༌། །ལུས་མྱེད་(མེད)


མཚན་བརྗོད།_Page_045
[]

ལུས་ཏེ་ལུས་ཀྱི་མཆོག་། །ལུས་ཀྱི་མཐའ་ནྀ་(ནི)རྟོགས་པ་པོ་། །གཟུགས་རྣམས་མ་ལུས་(*སྣ་ཚོགས)ཀུན་དུ་(*ཏུ)སྟོན་། །ནོར་བུ་ཆེན་པོ་རིན་ཆེན་ཏོག་། །སངས་རྒྱས་ཀུན་གྱིས་རྟོགས་བྱ་བ་། །སངས་རྒྱས་བྱང་ཆུབ་བླ་ན་མེད་། (།གསང་སྔགས་ལས་བྱུང་ཡི་གེ་མེད།) (ཏུན་ཧོང་IOL Tib J 381 ནང་ལ་གསང་སྔགས་ལས་བྱུང་ཞེས་པའི་ཚིག་རྐང་འདི་མེད་ཀྱང་IOL Tib J 382 ནང་ལ་ཡོད།))།གསང་སྔགས་ཆེན་པོ་རིགས་གསུམ་བ་(*པ)། །གསང་སྔགས་དོན་ཀུན་སྐྱེད་པ་པོ་། །ཐིག་ལེ་ཆེན་པོ་ཡི་གེ་མྱེད་(མེད)། །སྟོང་པ་ཆེན་པོ་ཡི་གེ་ལྔ་། །ཐིག་ལེ་སྟོང་པ་ཡི་གེ་བརྒྱའ་(བརྒྱ)། །རྣམ་པ་ཀུན་ལྡན་རྣམ་པ་མྱེད་(མེད)། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན༌། །ཡན་ལག་མེད་པ་(པའི)རྩིས་ལས་འདས་། །བསམ་གཏན་བཞི་པའི་རྩེ་མོ་ཅན༌། །བསམ་གཏན་ཡན་ལག་ཀུན་ཤེས་ཤིང༌། །ཏིང་འཛིན་རིག་དང་རྒྱུད་རིག་པ་། །ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག་། །ལོང་(*ལོངས)སྤྱོད་རྫོགས་སྐུ་ཀུན་ཀྱི་(གྱི)རྒྱལ་། །སྤྲུལ་པའི་སྐུ་སྟེ་སྐུའི་(*སྐུ་ཡི)མཆོག་། །སངས་རྒྱས་སྤྲུལ་པའྀ་(པའི)རྒྱུད་འཆང་བ་། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད་། །ཅི་(*ཇི)བཞིན་འགྲོ་བའི་དོན་བྱེད་པ་། །ལྷའི་(ལྷ་ཡི)དབང་པོ་ལྷའི་(ལྷ་ཡི)ལྷ་། །ལྷའི་(ལྷ་ཡི)བདག་པོ་ལྷ་མྱི་(མིན)བདག་། །འཆི་མྱེད་(མེད)


མཚན་བརྗོད།_Page_046
[]

དབང་བོ་ལྷའི་(ལྷ་ཡི)བླ་། །འཇོམས་བྱེད་འཇོམས་བྱེད་དབང་ཕྱུག་པོ་། །སྲིད་པའི་དགོན་པ་ལས་རྒལ་(བརྒལ)བ་། །སྟོན་པ་གཅིག་པུ་འགྲོ་བའི་བླ་། །འཇིག་རྟེན་ཕྱོགས་བཅུར་རབ་གྲགས་པའ་(*པ)། །ཆོས་ཀྱི་སྦྱིན་བདག་ཆེ་བ་པོ་། །བྱམས་པའི་གོ་ཆས་(ཆ)ཆས་པ་སྟེ་། །སྙིང་རྗེའི་ཡྀ་(རྗེ་ཡི)ནི་ཡ་ལད་བགོས་། །ཤས་(*ཤེས)རབ་རལ་གྱི་(གྲི)མདའ་ཞུ་(གཞུ)ཐོགས་། །ཉོན་མོངས་མྱི་(མི)ཤེས་གཡུལ་ངོ་སེལ་། །དཔའ་བོ་བདུད་དགྲ་བདུད་འདུལ་བ་། །བདུད་བཞི་(བཞིའི)འཇིགས་པ་སེལ་བར་བྱེད་། །བདུད་ཀྱི་དཔུང་རྣམས་ཕམ་བྱེད་པའ་(*པ)། །རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན་། །མཆོད་འོས་བསྟོད་འོས་ཕྱག་གི་གནས་། །རྟག་དུ་(*ཏུ)རི་མོར་(རིམ་གྲོ)བྱ་བའི་འོས་། །བཀུར་འོས་བརྗོད་(མཆོད)པར་བྱ་བའྀ་(བའི)མཆོག་། །ཕྱག་བྱར་འོས་པ་བླ་མའི་རབ་། །འཇིག་རྟེན་གསུམ་པོ་གོམ་གཅིག་བགྲོད་། །མཁའ་ལྟར་མཐའ་མྱེད་(མེད)རྣམ་པར་གནོན་། །གསུམ་རིག་གཙང་མ་དག་པ་སྟེ་། །མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ་། །རྫུ་འཕྲུལ་ཆེན་པོ་འཇིག་


མཚན་བརྗོད།_Page_047
[]

རྟེན་འདས་། །ཤེས་རབ་ཕ་རོལ་ཕྱིན་པའྀ་(པའི)མཐའ་། །ཤེས་རབ་ཀྱི་(ཀྱིས)ནི་དེ་ཉིད་ཐོབ་། །བདག་རིག་གཞན་རིག་ཐམས་ཅད་རིག་(*པ)། །ཀུན་ལ་ཕན་པ་(པའི)གང་ཟག་མཆོག་། །དཔེར་བྱ་ཀུན་ལས་འདས་པ་སྟེ་། །ཤེས་དང་ཤེས་བྱ་འྀ་(བྱའི)བདག་པོ་མཆོག་། །གཙོ་བོ་ཆོས་ཀྱི་སྤྱིན་བདག་སྟེ་། །ཕྱག་རྒྱ་བཞི་པའི་(*པོའི)དོན་སྟོན་པའ་(*པ)། །འགྲོ་བའི་བསྙེན་བཀུར་གནས་ཀྱིམཆོག་། །ངེས་འབྱུང་གནས་(*གསུམ)པོ་བགྲོད་རྣམས་ཀྱི་། །དོན་གི་(གྱི)དམ་པ་རྣམ་དག་དཔལ་། །འཇིག་རྟེན་གསུམ་ན་སྐལ་བཟངས་(*བཟང)ཆེ་། །དཔལ་ལྡན་འབྱོར་པ་ཀུན་བྱེད་པ་། །འཇམ་དཔལ་དཔལ་དང་ལྡན་པའི་མཆོག་། །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད་། །ཡང་དག་མཐར་འགྱུར་(*གྱུར)ཁྱོད་ལ་འདུད་། །སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད་། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད་། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད་། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད་། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད་། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད་། །སངས་རྒྱས་འཛུམ་བ་(པ)ཁྱོད་


མཚན་བརྗོད།_Page_048
[]

ལ་འདུད་། །སངས་རྒྱས་བཞད་ལ་ཕྱག་འཚལ་འདུད། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད་། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད་། །མྱེད་(མེད)པ་ལས་བྱུང་ཁྱོད་ལ་འདུད་། (།སངས་རྒྱས་འབྱུང་བ་ཁྱོད་ལ་འདུད།)(ཏུན་ཧོང་IOL Tib J 381 ནང་གི་མཚན་བརྗོད་ལ་སངས་རྒྱས་འབྱུང་བ་ཞེས་པའི་ཚིག་རྐང་འདི་མེད་ཀྱང་IOL Tib J 382 ནང་གི་མཚན་བརྗོད་ལ་རྐང་པ་གཅིག་འདི་ཡོད །)།ནམ་ཀའ་(*མཁའ)ལས་བྱུང་ཁྱོད་ལ་འདུད་། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད་། །སྒྱུ་འཕྲུལ་དྲ་(དྲྭ)བ་ཁྱོད་ལ་འདུད་། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད་། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད་། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད་། ། (ཏུན་ཧོང་IOL Tib J 382 ནང་གི་མཚན་བརྗོད་འདི་ནི་མགོ་དང་མཇུག་གཉིས་ཀ་ཆ་ཚང་བ་ཞིག་མེད། འོན་ཀྱང་སྔགས་འདི་མན་ཆད་ཕན་ཡོན་གྱི་སྐོར་ཚིག་ལྷུག་གི་སྒོ་ནས་རྒྱུན་རིང་པོར་གསུངས་པ་ཞིག་རེད་འདུག)ཨྰོམ་ས་རྦ་དར་མ་ །ཨ་བྷ་བྷ་ །སྭ་བ་བ་། བྷི་ཤུད་དྷ་ཙག་ཤུ་། བཛྲ་ཨྰ་ཨྰ་། ཨྰོམ་ཨྰ་། པྲ་ཀྲི་ཏི་། པ་རི་ཤུ་ད་། ས་རྦ་དར་མ། ཡ་ཏྱ་ཏ་། ས་རྦ་ཏ་ཐ་ཀ་ཏ་། གཉའ་ན་ཀ་ཡ་། མན་འཇུ་ཤྲི་། པ་རི་ཤུད་དྷི་ཏ་། མུ་པ་ཏ་ཡེ་ཏི་ཨ་། ས་རྦ་ཏ་ཐ་ཀ་ཏ་ཧྲི་ད་ཡྰ་། ཧ་ར་ཧ་ར་། ཨྰོམ་ཧུམ་ཧྲྰྀ་། བ་ག་བན་། གཉའ་ན་མུར་རྟི་། བ་གི་ཤྭ་ར་། མ་ཧྰ་པ་ཙ་། ས་རྦ་དར་མ་། ག་ག་ན་། ཨྰ་མྰ་ལྰ་། སུ་བ་རི་ཤུ་ཏ་། དར་མྰ་ད་དུ་། གཉའ་ན་ག་རྦ་ཨྰ་། །(ཨོཾ་སརྦ་དྷརྨཱ་བྷྰ་ཝ་སྭ་བྷཱ་ཝ། བི་ཤུདྡྷ་བཛྲ་ཙཀྵུ་ཨ་ཨཱ་ཨཾ་ཨཱཿ པྲ་ཀྲྀ་ཏི་པ་རི་ཤུདྡྷཿ སརྦ་དྷརྨཱ་ཡ་དུ་ཏ་སརྦ་ཏ་ཐཱ་ག་ཏ། ཛྙཱ་ན་ཀཱ་ཡ་མཉྫུ་ཤྲཱི་པ་རི་ཤུདྡྷེ་ཏཱ་མུ་པཱ་དཱ་ཡ་ཏི་ཨཾ་ཨཱཿ སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུྃ་ཧྲཱིཿ བྷ་ག་ཝན་ཛྙཱ་ན་མུརྟྟི་ཝཱ་གཱི་ཤྭ་ར། མ་ཧཱ་པཱ་ཙ་སརྦ་དྷརྨ། ག་ག་ན་མ་ལ་སུ་པ་རི་ཤུདྡྷ། དྷརྨྰ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿ)དེ་ནས་དཔལ་ལྡན་རྡོ་རྗེ་འཆང༌། །དགའ་ཞིང་མགུ་ནས་ཐལ་མོ་


མཚན་བརྗོད།_Page_049
[]

སྦྱར་། །མགོན་པོ་བཅོམ་ལྡན་དེ་བཞིན་གཤེགས་། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས་། །དེ་(དེར)ནས་མགོན་པོ་གསང་བའི་བདག་། །ལག་ན་རྡོ་རྗེ་ཁྲོ་བོ་(བོའི)རྒྱལ། །སྣང་(སྣ)ཚོགས་གཞན་དང་ལྷན་ཅིག་དུ་(ཏུ)། །གསང་བསྟོད་ནས་ནི་འདི་སྐད་(ཚིག་འདི)གསོལ་། །མགོན་པོ་བདག་ཅག་ཡི་རིང་ངོ༌། །ལེགས་སོ་ལེགས་སོ་ལེགས་པར་གསུངས་། །རྣམ་གྲོལ་འབྲས་བུ་འཚལ་པ་འི་(བ་ཡི)། །འགྲོ་བ་མགོན་མྱེད་(མེད)རྣམས་དང་ནི་། །བདག་ཅག་ཡང་དག་རྫོགས་པ་ཡྀ་(ཡི)། །བྱང་ཆུབ་འཐོབ་པའྀ་(པའི)དོན་ཆེན་མཛད་། །སྒྱུ་འཕྲུལ་དྲ་(དྲྭ)བའི་ཚུལ་བསྟན་པའི་(པ)། །འདི་ནི་རྣམ་དག་ལེགས་པའི་ལམ་། །ཟབ་ཅྀང་(ཅིང)ཡངས་ལ་རྒྱ་ཆེ་སྟེ་། །དོན་ཆེན་འགྲོ་བའི་དོན་བྱེད་པའ་(པ)། །སངས་རྒྱས་རྣམས་ནྀ་(ཀྱི)ཡུལ་འདི་ནི་། །རྫོགས་པའྀ་(པའི)སངས་རྒྱས་རྣམས་ཀྱིས་བཤད་། ། །། བཅོམ་ལྡན་འདས་འཇམས་(འཇམ)དཔལ་


མཚན་བརྗོད།_Page_050
[]

ཡེ་ཤེས་སེམས་དཔའྀ་(དཔའི)དོན་དམ་པའྀ་(པའི)མཚན་ཡང་དག་པའི་(པར)བརྗོད་པའྀ་(པ)། ། །། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤག་ཀྱ་(ཤཱཀྱ)ཐུབ་པས་གསུངས་པ་རྫོགས་སྷོ།།


མཚན་བརྗོད།_Page_051
[]

ཏུན་ཧོང་ནས་ཐོན་པའི་མཚན་བརྗོད་འདི་ལ་འགྱུར་བྱང་བཞུགས་མེད་ནའང་༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་མཛད་པའི་རྙིང་མ་བཀའ་མའི་ནང་བཞུག་པའི་མཚན་བརྗོད་ཀྱི་འཇུགས་བྱང་ལ་གཞུང་འདི་ནི་རྒྱ་གར་གྱི་སློབ་དཔོན་གུ་རུ་རིན་པོ་ཆེ་དང་བོད་ཀྱི་ལོ་ཙ་བ་ཀ་ཅོག་ཟུང་གིས་བསྒྱུར་གནང་བ་དང་བེེ་རོ་ཙ་ནས་ཞུ་དག་མཛད་པར་གསུངས་པ་ལྟར་རོ། མཚན་བརྗོད་འདི་ནི་ཏུན་ཧོང་ནས་ཐོན་པའི་ཡིག་ཆ་ཨང་ IOL Tib J 381 ལྟར་བཀོད་ཡོད་ཀྱང་གུ་རུ་རིན་པོ་ཆེས་མཛད་པའི་རིན་པོ་ཆེ་ཉི་ཟླ་འབར་བའི་སྒྲོན་མ་ནང་གི་མཚན་བརྗོད་ཀྱི་བརྗོད་ཚིག་དང་ཏུན་ཧོང་གཉིས་མི་འདྲ་ས་ལ་(རྟགས)འདི་ལྟ་བུ་ནང་ལ་བཞག་ཡོད་*སྐར་རྟགས་འདི་ནི་ཏུན་ཧོང་ཡིག་ཆ་IOL Tib J 382 ནང་གི་མཚན་བརྗོད་ཀྱི་བརྫོད་ཚིག་དང་གུ་རུ་རིན་པོ་ཆེའི་མཛད་པའི་འགྲེལ་བ་རིན་པོ་ཆེ་ཉི་ཟླ་འབར་བའི་སྒྲོན་མའི་ནང་གི་རྩ་བ་དང་དག་ཆ་གཅིག་པ་དག་ལ་བཀོད་ཡོད་། འོན་ཀྱང་རྟགས་འདི་བཀོད་ཚད་ཚང་མ་ཅིག་པ་ཡིན་པའི་ངེས་པ་མེད། དཔེར་ན་གི་གུ་ཕྱི་ལོག་དང་འབྲེལ་སྒྲ་བཅས་ཅུང་ཙམ་མ་འདྲ་ས་ཡང་ཡོད་དོ། སྤྱི་ཡོངས་ཀྱི་ཆ་ནས་ཏུན་ཧོང་IOL Tib J 381 ནང་གི་མཚན་བརྗོད་དང་རིན་པོ་ཉི་ཟླ་འབར་བའི་སྒྲོན་མའི་ནང་གི་རྩ་བ་གཉིས་མཐུན་ཆེ་ནའང་ཡང་ཁ་ཤས་དག་ཆ་སོགས་མི་མཐུན་ས་དང་IOL Tib J 382 འདི་ནང་གི་མཚན་བརྗོད་དང་མཐུན་ས་ལ་*སྐར་རྟགས་འདི་བརྒྱབ་ཡོད་པ་ལས་ཞིབ་ཕྲའི་དཔྱད་སྡུར་ནི་བྱས་མེད་དོ།ཏུན་ཧོང་ཡིག་ཆ་ཨང་IOL Tib J 112 ནང་གི་མཚན་བརྗོད་དང་དཔྱད་སྡུར་བྱས་མེད།