དཔལ་འཁོར་ལོ་བདེ་མཆོག་ལཱུ་ཨི་པའི་མངོན་རྟོགས་ངག་འདོན་གྱི་ཆོ་གའི་རིམ།
དཔལ་འཁོར་ལོ་བདེ་མཆོག་ལཱུ་ཨི་པའི་མངོན་རྟོགས་ངག་འདོན་གྱི་ཆོ་གའི་རིམ་པ་བཞུགས་སོ། །
བླ་མ་དང་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ཡབ་ཡུམ་ལ་གུས་པས་ཕྱག་འཚལ་ལོ། །དཔལ་འཁོར་ལོ་བདེ་མཆོག་ལཱུ་ཨི་པའི་མངོན་རྟོགས་ངག་འདོན་གྱི་ཆོ་གའི་རིམ་པ་ནི། ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབ་པའམ། ཡང་ན ཧ་ཧོ་ཧྲིཿ ཞེས་བརྗོད་པས་རིམ་བཞིན་ཁ་དོག་དྲི་རོ་ནུས་པའི་སྐྱོན་བཅོམ་ཞིང་བདུད་རྩིར་གྱུར། ༀ་ཨཱཿ ཧཱུཾ། ཞེས་ལན་གསུམ་བརྗོད་པས། རྒྱ་ཆེར་སྤེལ་ཞིང་བྱིན་གྱིས་བརླབས་པར་གྱུར་པར་བསམ། སྔོན་འགྲོ་གཏོར་མ་མངོན་རྟོགས་ནས་འབྱུང་བ་ལྟར་བྱིན་གྱིས་བརླབས་ནས། ཕྱག་རྒྱ་དང་བཅས་པས་ཕ໊་ཞེས་བརྗོད་རང་གི་ཐུགས་ཀར་ཉི་གདན་ལ་གནས་པའི་ཧཱུཾ་ཡིག་ལས་འཕྲོས་པའི་འོད་ཟེར་གྱིས། དུར་ཁྲོད་བརྒྱད་ན་གནས་པའི་ཕྱོགས་སྐྱོང་དང༌།
ཞིང་སྐྱོང་ལ་སོགས་པ་ཐམས་ཅད་སྦྱན་དྲངས་ཏེ། ཕྱོགས་མཚམས་བརྒྱད་དུ་འཁོད་པ་སྐད་ཅིག་གིས་འོད་གསལ་དུ་བཅུག་པ་ལས། བདེ་མཆོག་གི་ལྷ་ཡབ་ཡུམ་གྱི་སྐུར་བཞེངས་པའི་མགྲོན་རྣམས་ཀྱི་ལྗགས་ལ་ཧཱུཾ་དཀར་པོ་ལས་བྱུང་བའི་རྡོ་རྗེ་རྩེ་གསུམ་པ་དཀར་པོ་ནས་འབྲུ་ཙམ་འཁོད་པའི་རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་དྲངས་ནས་གསོལ་བར་གྱུར། རྡོ་རྗེ་ཐལ་མོ་ཁ་ཕྱེ་བའི་ཕྱག་རྒྱ་བཅས་ལ། ༀ་ཁ་ཁ་ཞེས་པ་ནས་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ་ཞེས་ལན་གཉིས་བརྗོད་ལ། ཕྱོགས་གཡོན་དང་མཚམས་གཡས་བསྐོར་དུ་གནས་པ་ལ་དབུལ་ལོ། །ༀཨརྒྷཾ་པྲ་ཏཱི་ཙྪ་སྭཱཧཱ། དེ་བཞིན་དུ་ཨརྒྷཾ་གྱི་གནས་སུ། པཱ་དྱཾ་གིས་ཞབས་བསིལ་དང༌། ༀ་བཛྲ་པུཥྤེ་ཨཱཿ ཧཱུཾ་སྭཱཧཱ། དེ་ཞིན་དུ་པུ་ཥྤེའི་གནས་སུ། དྷཱུ་པེ། དཱེ་པེ། གནྡྷེ། ནཻ་ཝིདྱ། ཤཔྟ། རྣམས་བཅུག་ལ་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་
བཅས་པ་དབུལ། ཕྱོགས་སྐྱོང་དང་ཞིང་སྐྱོང་དང་ཀླུ་ལ་སོགས་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿ ཧཱུཾ། ཞེས་པས་ནང་མཆོད་དབུལ་ལ། ལྷ་ཡི་ཚོགས་རྣམས་མ་ལུས་དང༌། ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་དང་ཡི་གེ་བརྒྱ་པ་བརྗོད་ལ་མཐེབ་སྲིན་གྱིས་སེ་གོལ་གཏོགས་ལ། ༀ་བཛྲ་མུཿ འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས་པར་གྱུར། པར་བསམ། མཆོད་པ་བསང་སྦྱང་བྱིན་གྱིས་བརླབ་པ་ནི། སུམྦྷ་ནི། ཞེས་སོགས་ཀྱིས་བགེགས་བསང༌། སྭ་བྷཱ་ཝ། ཞེས་སོགས་ཀྱིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཀཾ་མམ་ཨ་ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུཾ་ཧཱུཾ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི། ཞལ་ཟས། རོལ་མོ་རྣམས་རང་བཞིན་སྟོང་པ་ཉིད། རྣམ་པ་མཆོད་རྫས་སོ་སོའི་རྣམ་པ་ཅན། བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྟེར་བར་གྱུར།པར་བསམ། ༀ་ཨརྒྷཾ་ཨཱཿ ཧཱུཾ། དེ་བཞིན་དུ། པཱདྱཾ། ༀ་བཛྲ་པུ་ཥྤེ་ཨཱཿ ཧཱུཾ། ཞེས་པ་ནས། ཤཔྟའི། བར་སྔགས་ཕྱག་རྒྱ་དང་བཅས་པས་བྱིན་གྱིས་བརླབ་པོ། །དེ་ནས་མཎྜལ་དབུལ་ཞིང༌། གསོལ་བ་གདབ་པ་ནི། ཕྱག་གསུམ་བྱས་ཏེ་སྤྱིར་མཎྜལ་བཤམ། ཕྱག་བྱས་ཏེ་སོ་སོའི་ཕྱག་ཏུ་མེ་ཏོག་དབུལ། ཕྱག་བྱས་ཏེ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས། སྙིང་པོ་རྒྱན་ལས། སེམས་ཅན་དོན་དུ་སེམས་དགེ་བས། །རྣལ་འབྱོར་པ་ཡི་ཚོགས་རྣམས་ཀུན། །ཚུལ་བཞིན་ཆོ་ག་ལྡན་པ་ཡིས། །རྣལ་འབྱོར་ལ་ནི་ཉེར་གནས་མཛོད། ཅེས་པ་ལན་གསུམ་གྱིས་མེ་ཏོག་གཏོར་ལ་གསོལ་བ་གདབ། ཕྱག་བྱས་ཏེ། བླ་མ་མ་གཏོགས་པའི་མེ་ཏོག་བསྡུ། ཕྱག་བྱས་ཏེ་མཎྜལ་བཤམ། ཕྱག་བྱས་ཏེ་གཞན་རྣམས་ཀྱིས་མེ་ཏོག་བླ་མ་ལ་
དབུལ་བའི་ཕྱིར། མཎྜལ་བླ་མ་ལ་དབུལ། བླ་མས་ཀྱང་གཞན་རྣམས་ཀྱིས་ཕུལ་བའི་མཎྜལ་དང་རང་གི་མེ་ཏོག་བླ་མ། གོང་མ་རྣམས་ལ་དབུལ་བའི་ཕྱིར་མེ་ཏོག་མཎྜལ་གྱི་དབུས་སུ་སྤུངས་ལ། རྟེན་གྱི་དྲུང་དུ་བཞག །ཕྱག་བྱས་ཏེ་རང་གནས་སུ་འཁོད། ཡང་ན་ཕྱག་གསུམ་བྱས་ཏེ་བླ་མའམ་གཙོ་བོ་ལ་མེ་ཏོག་དབུལ། ཡང་ན་ཕྱག་གསུམ་བྱས་ཏེ་གྲལ་ལ་འཁོད་པ་རྣམས་ལ་མེ་ཏོག་དགྲམ། དེ་ནས་ཕྱག་གསུམ་ཚན་གཞན་ལྔ་གསོལ་གདབ་དང་བཅས་པ་སྔ་མ་བཞིན་བྱའོ། །དེ་ནས་བླ་མའམ་གཙོ་བོས། བཤགས་པ་དང་བསྡམ་པ་སྔོན་དུ་འགྲོ་བ་ཅན་གྱི་ལྷའི་རྣལ་འབྱོར་ལ་གནས་པར་ཞུ། ཞེས་བརྗོད་ལ། སངས་རྒྱས་ཆོས་དང་དགེ་འདུན་ལ། ཞེས་པ་ནས། གོ་འཕང་མཆོག་ལ་དགོད་པར་བགྱི། ཞེས་པའི་བར་ལན་གསུམ་གྱིས་སྐྱབས་འགྲོ་སོགས་བྱ། དེ་ནས་ཡི་གེ་བརྒྱ་བའི་བསྒོམ་བཟླས་བྱ་བ་ནི། རང་གི་སྤྱི་བོར་པཾ་ལས་པདྨ། ཨ་ལས་ཟླ་བའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་དཀར་པོ་ལྟེ་བ་ལ་ཧཱུཾ་གིས་མཚན་པ་ལས་འོད་འཕྲོས་དོན་གཉིས་བྱས་འདུས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཡུམ་རྡོ་རྗེ་བསྙེམས་མ་དཀར་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པ། གཉིས་ཀའང་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ། གཉིས་ཀའི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཡང་ཧཱུཾ་ལས་འོད་འཕྲོས་པས། དབང་གི་ལྷ་རྣམས་
སྦྱན་དྲངས། དེ་བཞིན་གཤེགས་པ་རྣམས་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཞེས་དབང་བསྐུར། སྐུ་ཡེ་ཤེས་ཀྱི་བདུད་རྩིས་གང༌། ཆུ་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས། མི་བསྐྱོད་པས་དབུ་བརྒྱན་པར་གྱུར། པར་བསམ། ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུཾ་གི་མཐའ་མར་ཡི་གེ་བརྒྱ་པའི་སྔགས་ཀྱིས་བསྐོར་བར་གྱུར། པར་བསམ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བདག་གཞན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། ཐུགས་ཀའི་སྔགས་ཕྲེང་ཧཱུཾ་དང་བཅས་པ་ལས་འོད་ཟེར་འཕྲོས་པས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་སྲས་བཅས་ལ་མཆོད་པ་ཕུལ། དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྣམས་འོད་ཀྱི་རྣམ་པར་བསྡུས་ནས། སྔགས་ཕྲེང་ཧཱུཾ་དང་བཅས་པ་ལ་ཐིམ་ནས། དེ་ལས་བདུད་རྩིའི་རྒྱུན་དཀར་པོ་བབས་པ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བབས་ནས། རང་གི་ཚངས་བུག་ནས་ཞུགས་ཏེ། ལུས་ཐམས་ཅད་ཡེ་ཤེས་ཀྱི་འདུད་རྩིའི་རྒྱུན་གྱིས་གང༌། སྒོ་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་པར་གྱུར། པར་བསམ་ལ།ༀ་བཛྲ་ཧེ་རུ་ཀ་ས་མ་ཡ། མ་ནུ་པཱ་ལཱ་ཡ། ཧེ་རུ་ཀ་ཏྭེ་ནོ་བ་ཏིཥྛ། ཌི་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡ་ཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་
ཤྲི་ཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝན། བཛྲ་ཧེ་རུ་ཀ་མ་མེ་མུཉྩ་ཧེ་རུ་ཀ་བྷ་ཝ། མཧཱ་ས་མ་ཡ་སཏྭ་ཨཱཿ ཧཱུཾ་ཕཊ། ཅེས་མང་དུ་བཟླས་ནས། རྒྱུད་མངོན་བརྗོད་བླ་མ་ལས། བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་མི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །རྡོ་རྗེ་སེམས་དཔའ་ཡབ་ཡུམ་རང་ལ་ཐིམ་པས་རང་གི་སྒོ་གསུམ་དང་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དབྱེར་མེད་དུ་གྱུར། པར་བསམ་ཤྲཱི་ཧེ་རུ་ཀ །ཧེ་ནི་ཀུན་གྱི་འབྱུང་གནས་སུ་གྱུར་པའི་སེམས་ཏེ། ཞེས་པ་ནས་ཨེ་ཝཾ་གྱི་དོན་ནོ། །སྟོང་བའི་ངང་ལས། ཞེས་དང༌། རྡོ་རྗེ་དང་ཐོད་པ་འཛིན་པས་འཁྱུད་པ། ཤྲཱ་ཧེ་རུ་ཀོ྅་ཧཾ། ༀ་ཨ་ཨཱ། ཞེས་པ་ནས་ཧཱུཾ་ཧཱུཾ་ཕཊ། རང་གི་ལྟེ་བའི་ཕྱོགས་སུ། ཞེས་དང་ལྟེ་བའི་སྔགས་ཕྲེང་ལ་ཐིམ་པར་གྱུར། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་གྱུར་ཅིག །གཞན་གཉིས་ཀྱིའང་ཐོག་མཐར་དེ་བཞིན་དུ་སྦྱར་ནས། སེམས་ཅན་ཐམས་ཅད་ཡིད་དེ་བཞིན་ཉིད་ལ་རོ་གཅིག་ཏུ་གནས་པར་གྱུར་ཅིག་དཔྲལ་པའི་དབུས་སུ་བྷྲཱུཾ་དཀར་པོ་ཡོངས་སུ་གྱུར་པ་ལས། ཞེས་པ་ནས་ལྟེ་བར་ཨཾ་སེར་པོ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ཉི་མ་སེར་པོ་གཡས་རིན་པོ་ཆེ་འཕྱར་ཞིང༌། གཡོན་འགྱིང་བ་དང་བཅས་པས། དྲིལ་བུ་ཐུགས་ཀར་འཛིན་པ། ཞེས་པ་ནས་ས་གནོན་གྱི་ཕྱག་རྒྱས་རྡོ་རྗེ་འཛིན་ཅིང༌། གཡོན་འགྱིང་བ་དང་བཅས་པས་དྲིལ་བུ་དཀུར་བརྟེན་པ། མིག་གཉིས་སུ་ༀ་
དཀར་པོ་ཡོངས་སུ་གྱུར་པ་ལས། གཏི་མུག་རྡོ་རྗེ་དཀར་པོ་གཡས་འཁོལ་ལོ་འཕྱར་ཞིང༌། གཡོན་འགྱིང་བ་དང་བཅས་པས་དྲིལ་བུ་དཀུར་བརྟེན་པ། རྣ་བ་གཉིས་སུ། ཞེས་པ་ནས་ཐུགས་ཀར་རྡོ་རྗེ་འཛིན་ཅིང་གཡོན་འགྱིང་བ་དང་བཅས། ཞེས་དང་སེར་སྣ་རྡོ་རྗེ་སེར་པོ་གཡས་རོལ་པ་དང་བཅས་པས་རིན་པོ་ཆེ་འཕྱར་ཞིང༌། གཡོན་རོལ་པ་དང་བཅས་པས་དྲིལ་བུ་ཐུགས་ཀར་འཛིན་པ། ལྕེའི་རྩ་བར། ཞེས་པ་ནས་དྲིལ་བུ་དཀུར་བརྟེན་པ། ཐམས་ཅད་ཀྱང་ཞལ་གཅིག་པ། ཞེས་དང་གཡས་བརྐྱངས་ཀྱིས་བཞུགས་པ། ལྟེ་བར་ས་ལ་ལཾ་སེར་པོ་ཡོངས་སུ་གྱུར་པ་ལས། ལྟུང་བྱེད་མ་སེར་མོ་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་གྲི་གུག་དང་འཁོར་ལོ། གཡོན་གཉིས་ཐོད་པ་དང་ཁཊྭཱཾ་ག་འཛིན་པ། ཞེས་དང་གར་གྱི་དབང་ཕྱུག་མའི་སྐབས་སུ། གཡོན་གཉིས་ཐོད་པ་དང་ཁཊྭཱཾ་ག་འཛིན་པ། གསང་གནས་ནམ་མཁའི་ཁམས་ལ། ཞེས་པ་ནས། ཕྱག་དྲུག་གི་གཡས་གྲི་གུག །ཅེས་སོགས་དང༌། གཡོན་གཉིས་ཐོད་པ་དང་ཁཊྭཱཾ་ག་འཛིན་པ། ཐམས་ཅད་ཀྱང་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་པ། གཅེར་བུ་སྐྲ་གྲོལ་པ། ཞེས་དང་གཡས་བརྐྱངས་ཀྱིས་བཞུགས་པ། ༀ་ཞེས་པ་ནས་ཤུདྡྷོ྅ཧཾ། ༀ་སུམྦྷ་ནི་སུམྦྷ་ཧུཾ་ཧཱུཾ་ཕཊ། ཤར་དུ་སྔགས་དེ་ཉིད་ཁ་དོག་ནག་པོ། ཞེས་པ་ནས ༀ་ཨཱ་ན་ཡ་ཧོ། བྷ་ག་ཝན། བཛྲ་ཧུཾ་ཧཱུཾ་ཕཊ། ལྷོར་སྔགས་དེ་ཉིད། ཁ་དོག་སེར་པོ་རྣམས་འཁོད་པར་གྱུར། སྔགས་དེ་རྣམས་ལས་རང་རང་གི་ཁ་དོག །ཅེས་པ་ནས། འཕྲོས་པས་ཚངས་པའི་འཇིག་རྟེན་ནས། ཞེས་པ་ནས། གཟུགས་ཆེན་པོ་རྣམས་སུ་གྱུར།
སྔགས་འོད་ཟེར་དང་བཅས་པ་ཡོངས་སུ་གྱུར་པ་ལས། ཤར་ནག །བྱང་ལྗང༌། ནུབ་དམར། ལྷོ་སེར་བའི་སྣ་ཚོགས་རྡོ་རྗེའི་ར་བ་གྲུ་བཞི་པ། ཚངས་པའི་འཇིག་རྟེན་ནས་ཞེས་པ་ནས་ཁྱབ་པར་གྱུར། ར་བ་གྲུབ་པ་དང་དུས་མཉམ་དུ་ཞེས་དང༌། མཚན་པའི་ཧཱུཾ་གི་འོད་ཟེར་ལས། ཞེས་པ་དང༌། སྣ་ཚོགས་རྡོ་རྗེའི་རང་བཞིན་དང༌། སྣ་ཚོགས་རྡོ་རྗེའི་ཧཱུཾ་གི་འོད་ཟེར་ལས། ཞེས་དང༌། གཅིག་ཏུ་གྱུར་པའི་ཕྱིར་རོལ་ཏུ། ཞེས་པ་ནས་བསྐོར་བར་གྱུར། ༀ་ཞེས་དང༌། ༀ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧུཾ་ཧཱུཾ། ༀ་སུམྦྷ་ནི་སུམྦྷ་ཧུཾ་ཧཱུཾ་ཕཊ། ཅེས་ལན་གཉིས་བརྗོད་ལ།ཤར་དང་སྟེང་དུ་སྔགས་དེ་ཉིད་ཁ་དོག་ནག་པོ་གཉིས་ཡོངས་སུ་གྱུར་པ་ལས་ཁྭ་གདོང་མ་ནག་མོ་གཉིས། ༀ་གྲྀཧྣ་ཞེས་པ་ནས། ཕཊ། བྱང་དུ་སྔགས་དེ་ཉིད་ཁ་དོག་ལྗང་ཁུ་ཡོངས་སུ་གྱུར་པ་ལས་འུག་གདོང་མ་ལྗང་ཁུ། ཞེས་དང༌། ༀ་གྲྀཧྣ་པ་ཡ་ཞེས་པ་ནས་ཕཊ་ཀྱི་བར་ལན་གཉིས་བརྗོད་ལ། ནུབ་དང་འོག་ཏུ་སྔགས་དེ་ཉིད་ཁ་དོག་དམར་པོ་གཉིས་ཡོངས་སུ་གྱུར་པ་ལས། ཁྱི་གདོང་མ་དམར་མོ་གཉིས། ༀ་ཨཱ་ན་ཞེས་པ་ནས་ཕཊ། ལྷོར་སྔགས་དེ་ཉིད་ཁ་དོག་སེར་པོ་ཡོངས་སུ་གྱུར་པ་ལས། ཕག་གདོང་མ་སེར་མོ། ༀ་སུམྦྷ་ནི་སུམྦྷ་ཧུཾ་ཧཱུཾ་ཕཊ། ༀ་ཨཱ་ན་ཡ་ཧོ། བྷ་ག་ཝན། བཛྲ་ཧུཾ་ཧཱུཾ་ཕཊ། ཤར་ལྷོར་སྔགས་དེ་ཉིད་ཁ་དོག་ནག་པོ་དང༌། སེར་པོ་འོད་ཟེར་དང་བཅས་པ་གཉིས་འདྲེས་ཏེ་ཡོངས་སུ་གྱུར་པ་ལས། གཤིན་རྗེ་བརྟན་མ་གཡས་སྔོ། གཡོན་སེར་བ། ༀ་ཨཱ་ན་ཡ་ཧོ། བྷ་ག་ཝན། བཛྲ་ཧུཾ་ཧཱུཾ་ཕཊ། ༀ་གྲྀཧྣ་ན་ཡ་གྲྀཧྣ་པ་ཡ་ཧུཾ་ཧཱུྃ་ཕཊ། ལྷོ་ནུབ་
ཏུ་སྔགས་དེ་ཉིད་ཁ་དོག་སེར་པོ་དང༌། དམར་པོ་འོད་ཟེར་དང་བཅས་པ་གཉིས་འདྲེས་ཏེ་ཡོངས་སུ་གྱུར་པ་ལས། གཤིན་རྗེ་ཕོ་ཉ་མོ་གཡས་སེར། གཡོན་དམར་བ། ༀ་གྲྀཧྣ་ན་ཡ་གྲྀཧྣ་པ་ཡ་ཧུཾ་ཧཱུྃ་ཕཊ། ༀ་གྲྀཧྣ་གྲྀཧྣ་ཧུཾ་ཧཱུྃ་ཕཊ། ནུབ་བྱང་དུ་སྔགས་དེ་ཉིད་ཁ་དོག་དམར་པོ་དང་ལྗང་ཁུ་འོད་ཟེར་དང་བཅས་པ་གཉིས་འདྲེས་ཏེ་ཡོངས་སུ་གྱུར་པ་ལས། གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ། ༀ་གྲྀཧྣ་གྲྀཧྣ་ཧུཾ་ཧཱུྃ་ཕཊ། ༀ་སུམྦྷ་ནི་སུམྦྷ་ཧུཾ་ཧཱུཾ་ཕཊ། བྱང་ཤར་དུ་སྔགས་དེ་ཉིད་ཁ་དོག་ལྗག་ཁུ་དང་ནག་པོ་འོད་ཟེར་དང་བཅས་པ་གཉིས་འདྲེས་ཏེ་ཡོངས་སུ་གྱུར་པ་ལས། གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། ཐམས་ཅད་ཀྱང་ཞལ་གཅིག་པ། ཞེས་པ་ནས། ཕུར་བུ་བསྣམས་པ། དེ་རྣམས་ཀྱིས་རང་འདྲ་དུ་མ་ཕྱོགས་བཅུར་སྤྲོས་ནས། ཞེས་དང༌། རྡོ་རྗེ་ར་བའི་ཕྱི་རོལ་དང་ཉེ་བར་ཧཱུཾ། ཞེས་ངག་ཏུ་བརྗོད་པའི་རྗེས་སུ། ཧཱུཾ་རིང་པོ་ནག་པོ་བཅུ་ལས་གྲུབ་པའི་ཁྲོན་པ་བཅུར་སོ་སོའི་བགེགས་རྣམས་བཅུག་པར་གྱུར། ༀ་གྷ་གྷ། ཞེས་པ་ནས། བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ༀ་བཛྲ་མུད་ག་ར། བཛྲ་ཀཱི་ལ་ཡ། ཨ་ཀོ་ཊ་ཡ་ཧུཾ་ཧཱུཾ་ཕཊ། ཅེས་ལན་བཅུ་བརྗོད་ལ། ཤར་ནས་ཕྱོགས་གཡོན་སྐོར་དང༌། མེ་ནས་མཚམས་གཡས་སྐོར་དང༌། སྟེང་འོག་ཏུ་བགེགས་རྣམས་ཀྱི་སྤྱི་བོར་ཕུར་བུ་ཟུག །ཁྲོ་མོ་རྣམས་ཀྱི་ཕྱག་གི་ཐོ་བས་བརྡུངས་པས། ཞེས་པ་ནས། རོ་གཅིག་ཏུ་གྱུར། ཁྭ་གདོང་མ་ལ་སོགས་པས། ཞེས་པ་ནས། དུམ་བུ་གཅིག་ཏུ་གྱུར་པའི་ཕྱི་རོལ་ཏུ་རྡོ་རྗེའི་མེ་གཡོན་སྐོར་དུ་འཁྱིལ་ཞིང་འབར་བ་སྟེང་དང་ལོགས་ཀུན་ཏུ་ཁྱབ་པས།
འགྲོ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་དུ་བགེགས་དང་བྲལ་བར་གྱུར། བསྲུང་འཁོར་གྱི་དབུས་ན་རང་ཞེས་པ་ནས། པདྨའི་ལྟེ་བར་ཨཾ་ལས་བྱུང་བའི་ཞེས་པ་ནས་འོད་ཟེར་རང་གི་སྙིང་ཁའི་ཧཱུཾ་ལ་ཐིམ་པར་གྱུར།གང་གི་དྲིན་གྱིས་བདེ་ཆེན་གནས་ཞེས་པ་དང༌། ཀུན་ལ་བདག་ནི་གུས་ཕྱག་འཚལ། །རང་གི་ཐུགས་ཀའི་ཧཱུཾ་ལས་བྱུང་བའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར། ཤྲཱི་ཧེ་རུ་ཀ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱཧཱ། དེ་བཞིན་དུ་སྦྱར་ཏེ། པཱ་དྱཾ་གིས་ཞབས་བསིལ་དང༌། དེ་ནས་ༀ་བཛྲ་པུ་ཥྤེ་ཨཱཿ ཧཱུཾ་སྭཱཧཱ། ཞེས་པ་ནས་ཤཔྟ འི་བར་གྱིས་མཆོད་ༀ་བཛྲ་བཱི་ནི་ཧཱུཾ་ཧཱུཾ་ཕཊ། ༀ་བཛྲ་བཾ་ཤེ་ཧཱུཾ་ཧཱུཾ་ཕཊ། ཅེས་པ་ནས་ༀ་དྷ་རྨ་དྷཱ་ཏུ་བཛྲི་ཧཱུཾ་ཧཱུཾ་ཕཊ། ཅེས་པའི་བར་སྔགས་ཕྱག་རྒྱ་དང་བཅས་པས། རིག་མ་བཅུ་དྲུག་གི་མཆོད་པའི་རྗེས་སུ། རྐང་བརྒྱད་ཀྱི་སྔགས་ཀྱིས་བསྟོད་པའམ། ཡང་ན། ༀ་བཅོམ་ལྡན་དཔའ་བོའི་དབང་ཕྱུག་ལ་ཕྱག་འཚལ་ཧཱུཾ་ཧཱུཾ་ཕཊ། ༀ་བསྐལ་པ་ཆེན་པོའི་མེ་དང་མཉམ་པའི་འོད་ཧཱུཾ་ཧཱུཾ་ཕཊ། ༀ་རལ་པའི་ཅོད་པན་མི་བཟད་པ་དང་ལྡན་ཧཱུཾ་ཧཱུཾ་ཕཊ། ༀ་མཆེ་བ་རྣམ་པར་གཙིགས་པ་འཇིགས་པའི་ཞལ་ཧཱུཾ་ཧཱུཾ་ཕཊ། ༀ་སྟོང་ཕྲག་ཕྱག་ནི་འབར་བའི་འོད་ཟེར་ཅན་ཧཱུཾ་ཧཱུཾ་ཕཊ། ༀ་དགྲ་སྟ་ཞགས་གདེངས་མདུང་དང་ཁ་ཊྭཱཾ་འཛིན་ཧཱུཾ་ཧཱུཾ་ཕཊ། ༀ་སྟག་གི་པགས་པའི་ན་བཟའ་འཛིན་པ་ཅན་ཧཱུཾ་ཧཱུཾ་ཕཊ། ༀ་སྐུ་ཆེན་དུད་ཁ་བགེགས་མཐར་མཛད་ལ་འདུད་ཧཱུཾ་ཧཱུཾ་ཕཊ། ཅེས་བོད་སྐད་དུ་བསྒྱུར་བས་བསྟོད་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ཞེས་པ་ནས། སངས་རྒྱས་རྣམས་ལ་
དབུལ་བར་བགྱི། ༀ་བཛྲ་ཧེ་རུ་ཀ ཞེས་དང༌། ཨཱཿ ཧཱུཾ་ཕཊ། ཚོགས་ཞིང་རྣམས་རང་ལ་ཐིམས་པས་བྱིན་གྱིས་བརླབས་པར་གྱུར། མཆོད་ཡུལ་དང༌། ཞེས་པ་ནས་བཟད་དོ། །རང་གི་སྤྱི་བོར་ཧེ་དཀར་པོ ཞེས་པ་ནས་ཀ་མཐིང་ཁ། དེ་གསུམ་གྱི་དོན་ཞེས་པ་ནས མི་གནས་ཉིད་དོ། །སེམས་ཅན་རྣམས་ཀྱིས། ཞེས་དང༌། ཐར་བར་བྱའོ། །ༀ་སྭ་བྷཱ་ཝ་ཞེས་པ་ནས། ཧཾ། ཁམས་གསུམ་པོ་རང་བཞིན་གྱིས་གྲུབ་པས་སྟོང་པར་གྱུར། ཡི་གེ་གསུམ་པོ་ཡོངས་སུ་གྱུར་པ་ལས། ཞེས་དང༌། ཧཱུཾ་སྔོན་པོར་གྱུར། དེ་གསུམ་ལས་རིམ་པ་བཞིན་དུ། ཞེས་པ་ནས། སྙོམས་པར་འཇུག་པ་སྔོན་དུ་འགྲོ་བས་སྐུའི་འཁོར་ལོའི་ལྷ་རྣམས་ཞུ་བ་ༀ་དང༌། གསུང་གི་འཁོར་ལོའི་ལྷ་རྣམས་ཞུ་བ་ཨཱཿ དང༌། ཐུགས་ཀྱི་འཁོར་ལོའི་ལྷ་རྣམས་ཞུ་བ་ཧཱུྃ་ལ་རིམ་པ་བཞིན་དུ་ཐིམ་ཞིང༌། ཞེས་པ་ནས། ཧཱུཾ་གི་ཞབས་ཀྱུ་ནི་ཧ་ལ་ཐིམ། ཧའི་ལུས་ནི་དེའི་མགོ་བོ་ལ། དེ་ཡང་ཟླ་ཚེས་ལ། དེ་ཡང་ཐིག་ལེ་ལ། དེ་ཡང་ནཱ་ད་ལ་ཐིམ་ཞིང༌། ནཱ་ད་ཡང་སྐྲའི་རྩེ་མོ། ཞེས་པ་ནས། གནས་པར་གྱུར། སེམས་ཅད་རྣམས་ཀྱིས་ཞེས་དང༌། ཐར་བར་བྱའོ། །ༀ་ཤཱུ་ནྱ་ཏཱ། ཞེས་པ་ནས་ཧཾ་ནཱ་ད་ཡང་མི་དམིགས་པར་གྱུར། དེ་ལྟར་སྣང་བ་ཐམས་ཅད་བསྡུས་པའི་སྟོང་པ་ཉིད་ལས། རང་གི་སེམས་ནཱ་དའི་གཟུགས་གྱེན་དུ་འགྲེང་བ་ཤིན་ཏུ་ཕྲ་བ། དཀར་ལ་དམར་བའི་མདངས་ཆགས་པ་ནམ་མཁར་གནས་པར་གྱུར། སྟོང་པའི་ངང་ལས་ཡཾ་སྔོན་པོ་ཡོངས་སུ་གྱུར་པ་ལས། ཞེས་དང༌། གེ་སར་སེར་བ། སྣ་ཚོགས་པདྨ་ཆུང་ངུའི་དབུས་སུ་མཚན་སོ་གཉིས་ཀྱི་ངོ་བོ་ཨ་ཨཱ། ཞེས་པ་ནས།
ཨཾ་ཨཿ སྟེ་དབྱངས་དཀར་པོ་བཅུ་དྲུག་པ་ཕྲག་གཅིག་གཡས་སྐོར་དང༌། སླར་ཡང་ཨ་ཨཱ་ཞེས་པ་ནས། ཨཾ་ཨཿ སྟེ་དབྱངས་དཀར་པོ། བཅུ་དྲུག་པ་ཕྲག་གཅིག་གཡོན་སྐོར་ཏེ། གཉིས་ཀའང་རིམ་པ་གཅིག་གིས་འཁོད། དེའི་ཕྱི་རོལ་ཏུ་དཔེ་བྱད་བརྒྱད་ཅུའི་ངོ་བོ། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཌྷ་ཎ། ཏ་ཐ་ད་དྷ་དྷ་ན། པ་ཕ་བ་བྷ་མ། ཞེས་དང་ཡ་ཡར་ལ་ལ་ཝ། ཤ་ཥ་ས་ཧ་ཀྵ་སྟེ། གསལ་བྱེད་དམར་པོ་བཞི་བཅུ་པ་ཕྲག་གཅིག་གཡས་སྐོར་དང༌། སླར་ཡང་ཀ་ཁ་ག་ཞེས་པ་ནས་ཀྵ་སྟེ་གསལ་བྱེད་དམར་པོ་བཞི་བཅུ་པ་ཕྲག་གཅིག་གཡོན་སྐོར་དུ་རིམ་པ་གཅིག་གིས་འཁོད། དེ་གཉིས་ཞེས་དང་མེ་ལོང་ལྟ་བུའི་ཡེ་ཤེས་ཀཱ་ལི་དང༌། ཞེས་པ་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་རང་ནམ་མཁའི་ནཱ་དས་ཟླ་བ་དཀར་ལ་དམར་བ་མཐོང་བ་ན། ཞེས་པ་ནས་སེམས་ཅན་གྱི་དོན་བྱའོ་སྙམ་པའི་འཕེན་པ་དང་ལྡན་པས་ཟླ་བའི་དབུས་སུ་ནཱ་ད་ཞུགས་པ་ལས། ནཱ་ད་ལས་ཐིག་ལེ། དེ་ལས་ཟླ་ཚེས། དེ་ལས་ཧའི་མགོ་བོ། ཞེས་དང་སོ་སོར་རྟོག་པའི་ཡེ་ཤེས་ཧཱུཾ་ལས། ཞེས་དང༌། འགྲོ་བ་རྣམས་འཁོར་ལོ་ལྔའི་ལྷ་ཚོགས་ཀྱི་གོ་འཕང་ལ་བཀོད་པ་དང༌། སྔོན་ཐོག་མ་མེད་པ་ནས། ཞེས་དང༌། ནཱ་ད་ལ་ཐིམ་ཞིང༌། ཧཱུཾ་ཡིག་ལྷན་སྐྱེས་ཀྱི་དགའ་བའི་རང་བཞིན་ཅན་དུ་གྱུར་པ་ནི། བྱ་བ་སྒྲུབ་པའི་ཡེ་ཤེས། ༀ་ཨཱཿ ་ཧཱུྃ་ཞེས་དང༌། ཤུདྡྷོ྅ཧཾ། ཟླ་བ་དབྱངས་གསལ་ཧཱུཾ་དང་བཅས་པ་རྣམས་ཡོངས་སུ་གྱུར་པ་ལས། ཞེས་དང༌། དུས་གཅིག་ཏུ་གྲུབ་པ་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དེ་ཡང་ཁང་པ་བརྩེགས་པའི་གཞལ་ཡས་ཁང་
གྲུ་བཞི་པ་སྒོ་བཞི་པ། ཞེས་དང༌། དེ་ན་གནས་པའི་ཤིང་བརྒྱད་ནི། ཤར་དུ་ཤིརྵ། བྱང་དུ་ཨ་ཤྭད་ཐ། ནུབ་ཏུ་ཀཾ་ཀེ་ལ། ལྷོར་ཙུ་ཏ། དབང་ལྡན་དུ་བྷ་ཏྲ། མེར་ཀ་རཉྫ༌། བདེན་བྲལ་དུ་པ་ཊ་པརྐ། རླུང་དུ་པརྠི་བ་རྣམས་སོ། ། དེ་བཞིན་དུ་ཕྱོགས་དང་མཚམས་རྣམས་ཀྱི་འདོན་ཚུལ་འདི་འོག་མ་ཀུན་ལའང་སྦྱར་རོ། །ཤིང་གི་རྩ་བར། ཅེས་པ་ནས། ཤར་དུ་དབང་པོ་སེར་པོ། རབ་བརྟན་དཀར་པོ་ལ་ཞོན་པ་གཡས་འོག་མ་རྡོ་རྗེ། བྱང་དུ་ནོར་སྦྱིན་སེར་པོ་མི་ལ་ཞོན་པ། གཡས་འོག་མ་ནེའུ་ལེ་རིན་པོ་ཆེ་སྐྱུག་པ་འཛིན་པ། ཞེས་པ་ནས། རླུང་དུ་རླུང་ལྷ་དུད་ཁ་ཤ་བ་ལ་ཞོན་པ། གཡས་འོག་མ་བ་དན་སེར་པོ་འཛིན་པ། ཐམས་ཅད་ཀྱང་ཞལ་གཅིག །ཕྱག་བཞིའི་དང་པོ་གཉིས་ཐལ་མོ་སྦྱར་བ། གཡོན་འོག་མ་ཐོད་པ་འཛིན་པས་ཡུམ་ལ་འཁྱུད་པ། ཤིང་བརྒྱད་ཀྱི་སྟོད་ཀྱི་ཡལ་གའི་གསེབ་ནས་ཞེས་པ་ནས་གླང་པོའི་གདོང་ཅན་དཀར་པོ། ཞེས་དང༌། ལྗང་ཁུ་ཐམས་ཅད་ཀྱང༌། དྲག་ཅིང་གཏུམ་པ་རྫུ་འཕྲུལ་ཆེན་པོ་པ། ཞལ་གཅིག་པ་ཕྱག་གཉིས་ཀྱིས་གཡས་གཏོར་མ་དང༌། གཡོན་ཐོད་པ་འཛིན་པ། ཐུགས་རྗེའི་ཆུ་བརྒྱད། དེ་ལ་ཞེས་དང༌། དུང་སྐྱོང་སེར་པོ་ཐམས་ཅད་ཀྱང་སྟོད་མི་འདྲ་བ། སྨད་སྦྲུལ་མཇུག་ཏུ་འཁྱིལ་ཞིང༌། ཕྱག་གཉིས་ཀྱིས་ཐལ་མོ་སྦྱར་ནས་གཙོ་བོ་ལ་འདུད་པ། དེ་དག་གི་སྟེང་གི་ཞེས་དང༌། ལྷོ་སེར། དབུས་སྔོ་བ། འོག་གཞི་དམ་ཚིག་གི་འཁོར་ལོ་ལ། ཞེས་པ་ནས། རིམ་པོ་ཆེའི་ཏོག་གིས་སྤྲས་པ། དབུས་ཀྱི་པདྨའི་ལྟེ་བར་ཉི་གདན་ལ། རང་ཉིད་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ཞེས་པ་ནས། གཡོན་ཞལ་ལྗང༌། རྒྱབ་ཞལ་
དམར། གཡས་ཞལ་སེར་བ། ཞེས་པ་ནས། མི་རུས་ཀྱི་ཐལ་བས་ལུས་ཐམས་ཅད་ལ་བྱུགས་པ། ཡབ་ཡུམ་ཕན་ཚུན་འཁྱུད་པས་ནི་ཐབས་དང་ཤེས་རབ། ཅེས་པ་ནས། ཞི་ལྷག་གི་ཉམས་ཐམས་ཅད་དང་ལྡན་པ། བཅོམ་ལྡན་འདས་ལ་མངོན་དུ་ཕྱོགས་པར་ཅེས་དང༌། ཐུགས་རྗེའི་བདག་ཉིད་ཅན། ཕྱག་རྒྱ་ལྔས་བརྒྱན་པ་ཞེས་དང༌། ལྔ་བཅུའི་དོ་ཤལ་ཅན་ཏེ། ཡབ་ཀྱི་གསང་གནས་མི་དམིགས་པ་ལས། ཧཱུཾ་དཀར་པོ་ལས་བྱུང་བའི་རྡོ་རྗེ་ནག་པོ་རྩེ་ལྔ་པ། བྱཱ་དམར་པོ་ལས་ཞེས་དང༌། རྩེ་མོར་བྱཱ་སེར་པོས་མཚན་པ། ཡབ་ཀྱི་ལྟེ་བར་ཟླ་གདན་ལ། ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུ་ཧཱུཾ་ཕཊ་སྭཱཧཱ། ཐུགས་ཀར་ཟླ་གདན་ལ། ༀ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྣ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། མགྲིན་པར་ཉི་གདན་ལ། ༀ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་ཤཾ་བ་རཾ་སྭཱཧཱ། དཔྲལ་བར་ཉི་གདན་ལ། ༀ་ཧྲཱིཿ ཧ་ཧ་ཧུཾ་ཧཱུཾ་ཕཊ་ཀྱི་སྔགས་ཐམས་ཅད་ཁ་དོག་དམར་པོ་འོད་ཟེར་འཕྲོ་བ། གཡོན་བསྐོར་དུ་གནས་པ། ཡུམ་གྱི་ལྟེ་བར་ཉི་གདན་ལ་ༀ་ཤྲཱི་བཛྲ་ཧེ་ཧེ། ཞེས་པ་ནས། ཛཱ་ལ་ཤཾ་བ་རཾ་སྭཱཧཱ། ཐུགས་ཀར་ཉི་གདན་ལ། ༀ་ཧྲཱིཿ ཧ་ཧ་ཧུཾ་ཧཱུཾ་ཕཊ། མགྲིན་པར་ཟླ་གདན་ལ། ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། དཔྲལ་བར་ཟླ་གདན་ལ། ༀ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྣ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། སྔགས་ཐམས་ཅད་ཁ་དོག་དམར་པོ་འོད་ཟེར་འཕྲོ་བ། གཡོན་སྐོར་དུ་གནས་པ། སྔགས་རྣམས་ཀྱང་ཕན་ཚུན་དུ་ཞལ་སྦྱོར་ཞིང་འོད་ཟེར་འཁྱུད་པའི་རྣམ་པ་ཅན། ༀ་ཨཱཿ ཧཱུྃ་སྙོམས་པར་ཞུགས་པས་
བྱང་སེམས་ཞུ་བ། ཞེས་དང༌། ལྷན་ཅིག་སྐྱེས་དགའི་ཡེ་ཤེས་སྐྱེས་པས་རྟེན་དང་བརྟེན་པའི་དཀྱིལ་འཁོར་གཉིས་ཀྱང་བདེ་སྟོང་དབྱེར་མེད་ཀྱི་ངོ་བོར་གྱུར། པདྨའི་འདབ་མ་ལ་ཤར་དུ། ཞེས་དང༌། གཡས་ལྷག་མ་ཌཱ་མ་རུ་དང༌། གཡོན་ཁ་ཊྭཱཾ་ག་བསྣམས་པ། གཡས་བརྐྱངས་ཀྱིས་བཞུགས་པ། ཞེས་དང༌། བཀང་བའི་ཐོད་པ་བཞི་སྟེ་བདེ་ཆེན་གྱི་འཁོར་ལོ། ཐུགས་འཁོར་གྱི་ཤར་རྩིབས། ཞེས་དང༌། བྱང་རྩིབས་ཛཱ། ཞེས་དང༌། ནུབ་རྩིབས་ཨོ། ལྷོ་རྩིབས་ཨརྦུ། ཞེས་དང༌། མེ་རྩིབས་གོ ། ཞེས་དང༌། བདེན་བྲལ་གྱི་རྩིབས་རཱ། ཞེས་དང༌། རླུང་གི་རྩིབས་དེ། ཞེས་དང༌། དབང་ལྡན་གྱི་རྩིབས་མཱ། ཞེས་དང༌། ཐུགས་ཀྱི་འཁོར་ལོའི་ལྷ་རྣམས་ནམ་མཁའ་ལ། ཞེས་དང༌། སྐུ་མདོག་སྔོན་པོ། གསུང་གི་འཁོར་ལོའི། ཞེས་པ་ནས། འོག་པག་སིལ་སིལ་གྱི་སྒྲ་སྒྲོགས་པ། ཤར་སྒོར་ཁྭ་གདོང་མ་ནག་མོ། ཞེས་པ་ནས། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། ཐམས་ཅད་ཀྱང་དྲག་མོ་ཆེན་མོ་སེམས་ཅན་ཀུན་གྱི་དོན་མཛད་པ་ལ་བརྩོན་པ། ཞེས་པའི་རྗེས་སུ་སྙིང་པོའི་རྣལ་འབྱོར་མ་བཞིའི་སྐབས་བཞིན་དུ། ཞལ་གཅིག་མ། ཞེས་པ་ནས། ཁ་ཊྭཱཾ་ག་བསྣམས་པ། རོའི་གདན་ལ་གཡས་བརྐྱངས་ཀྱིས་བཞུགས་པ། ཞེས་དང༌། ཐོད་སྐམ་ལྔ་བཅུའི་དོ་ཤལ་ཅན། འཁོར་ཀྱི་ལྷ་ཞེས་པ་ནས། ཕྲེང་བ་འཛིན་པ། ༀ་ཨཱཿ ཧཱུཾ་གནས་བཞི་དང་གསང་གནས་བྱིན་གྱིས་བརླབས་པའི་ཡབ་ཡུམ་སྙོམས་པར་ཞུགས་པས་བྱང་སེམས་ཞུ་བ་སྤྱི་བོ་ནས། ཞེས་དང༌། ནོར་བུའི་རྩེར་སླེབས་པ་ན་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་སྐྱེས་པའི་བདེ་སྟོང་དབྱེར་མེད་དུ་སྦྱར་བ་དེ་ཉིད། བྱང་ཆུབ་
ཀྱི་ཕྱོགས་ཀྱི་ཆོས་སོ་བདུན་གྱི་ངོ་བོར་གྱུར་པ།ལྷ་སོ་བདུན་དུ་ཤར་བ་ནི། ལུས་རྗེས་སུ་དྲན་པ་ཉེ་བར་བཞག་པ་དང༌། ཞེས་པ་ནས། སེམས་རྗེས་སུ་དྲན་པ་ཉེ་བར་བཞག་པ་བཞི་ནི། རིམ་པ་བཞིན་མཁའ་འགྲོ་མ་དང༌། ལཱ་མ་དང༌། དུམ་སྐྱེས་མ་དང༌། གཟུགས་ཅན་མ། དེ་བཞིན་དུ་འོག་མ་རྣམས་ལའང་སྦྱར་ལ། གཤིན་རྗེ་འཇོམས་མའོ། །རྐང་པ་གཉིས་བགྲད་པ་གཞུའི་དབྱིངས་སུ། ཞེས་པ་ནས། འཁོར་ལོ་གསུམ་སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་སུ། ཞེས་དང་། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་སྐུ་མདོག་མཐིང་ཁ། ཞེས་པ་དང་། ཞབས་གཡས་བརྐྱངས་གཡོན་བསྐུམས་པས་བཞུགས་པ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་ཕག་མོ་ལ། ཞེས་པ་ནས། མི་རུས་ཀྱི་ཐལ་བས་ལུས་ཐམས་ཅད་ལ་བྱུགས་པ། ལྟེ་བའི་དམར་ཆ་གཏུམ་མོའི་མེའི་གཟུགས་ཀྱིས་ཐིག་ལེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ། ཞེས་དང༌། བསྡིགས་པར་མཛད་པ། བསྐལ་པ་འཇིག་པའི་དུས་ཀྱི་མེ་ལྟ་བུ་ཉི་མའི་འོད་ཅན་གྱི། ཞེས་པ་ནས། ལེགས་པར་འཁྲིལ་བ། ཐུགས་རྗེའི་བདག་ཉིད་ཅན། ཕྱག་རྒྱ་ལྔས་བརྒྱན་པ། ཞེས་དང༌། ལྔ་བཅུའི་དོ་ཤལ་ཅན་ཏེ། དཔྱིད་དང་ཐིག་ལེའི་ངོ་བོ་གཉིས་ཞེས་པ་ནས། བཞུགས་པ་སྙིང་ཁའི་ཤར། ཞེས་དང༌། འཁོར་ལོ་ཉེར་བཞིའི་རྣམ་པ་ཅན་ཕྱིའི་ཡུལ་ཉེར་བཞིའི་ངོ་བོར་གྱུར།གནས་ཉེར་བཞིའི་རྩ་དང་ཁམས་ངོ་བོ་དབྱེར་མེད་དུ་གནས་པ་ཡོངས་སུ་གྱུར་པ་ལས། དཔའ་བོ་དང་དཔའ་མོ་ཉེར་བཞིར་གྱུར་པ་ནི། སྐྲ་མཚམས་པཱུ
ལླི་ར་མཱ་ལ་ཡ་ན་གནས་པའི་རྩ་ནང་གི་ཁམས་ཡོངས་སུ་གྱུར་པ་ལས། ཁནྜ་ཀ་པཱ་ལ་དང༌། རྩ་ཡོངས་སུ་གྱུར་པ་ལས་རབ་གཏུམ་མ། སྤྱི་གཙུག་ཛཱ་ལན་དྷ་རར་གནས་པའི་རྩ་ནང་གི་ཁམས་དང་རྩ་གཉིས་ཡོངས་སུ་གྱུར་པ་ལས་མཧཱ། ཞེས་དང་དེ་བཞིན་དུ་སྦྱར་ཏེ་མཐར། ཉེ་བའི་དུར་ཁྲོད་དེ། སྐུའི་འཁོར་ལོའི་ལྷ་རྣམས་ས་འོག་ན་སྤྱོད་པའི་ཚུལ་གྱིས་བཞུགས་པ། ཐམས་ཅད་ཀྱང་སྐུ་མདོག་དཀར་པོ་སྟེ། དཔའ་པོ་ཉེར་བཞི་པོ་ཐམས་ཅད་ཀྱང་ཞལ་གཅིག་པ། ཞེས་དང༌། འོག་པག་སིལ་སིལ་གྱི་སྒྲ་སྒྲོགས་པ། ལྕེའི་རྩ་བར་གནས་པའི་རྩ་ཡོངས་སུ་གྱུར་པ་ལས་ཁྭ་གདོང་མ་ནག་མོ། ཞེས་དང༌། སྣ་བུག་གཉིས་ན་གནས་པའི་རྩ་ཡོངས་སུ་གྱུར་པ་ལས། གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། ཐམས་ཅད་ཀྱང་དྲག་མོ་ཆེན་མོ། ཞེས་དང༌། ལྷ་ཐམས་ཅད་ཀྱི་སྐུ་མདོག་ཕྱག་མཚན་རྒྱན་ལ་སོགས་པ་ནི་ཕྱི་དཀྱིལ་གྱི་སྐབས་བཞིན་སྦྱར། སྒོ་མཚམས་མེ་བརྒྱད་ཀྱི་མངོན་རྟོགས་རྫོགས་པའི་རྗེས་སུ། འཁོར་གྱི་ལྷ་ཐམས་ཅད་ཀྱང་དཔྲལ་བར་རྡོ་རྗེའི་ཕྲེང་བ་འཛིན་པ། རང་གི་སྙིང་ཁར་ༀ་ཧ་དཀར་པོ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སེམས་དཔའ་དཀར་པོ་དཀར་དམར་ནག་པའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་ཌཱ་མ་རུ་མགོ་བོ། །གཡོན་དྲིལ་བུ་ཐོད་པ་ཁ་ཊྭཱཾ་ག་འཛིན་པ། ཕག་མོ་དང་མཉམ་པར་སྦྱོར་བ། མགོ་བོར་ན་མ་ཧི་སེར་པོ་ཡོངས་སུ་གྱུར་པ་ལས། རྣམ་སྣང་སེར་པོ་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་འཁོར་ལོ་དང་ཌཱ་མ་རུ། གཡོན་གཉིས་དྲིལ་བུ་དང་ཐོད་པ་དང་བཅས་པའི་ཁ་ཊྭཱཾ་ག་འཛིན་པ། གཤིན་རྗེ་
མ་དང་མཉམ་པར་སྦྱོར་བ། དེ་བཞིན་དུ་རྟ་མཆོག་གི་ཕྱག་མཚན། ཁ་ཊྭཱཾ་ག་འཛིན་པ། ཞེས་པའི་རྗེས་སུ། ཙཎྜི་ཀ་དང་མཉམ་པར་སྦྱོར་བ། རྡོར་སེམས་ཟླ་གདན་ལ་བཞུགས་ཤིང་ཟླ་བའི་འོད་ཀོར་ཅན། གཞན་ལྔ་ནི་ཉི་གདན་ལ་བཞུགས་ཤིང་ཉི་མའི་འོད་ཀོར་ཅན། དཔའ་བོ་དྲུག་པོ་ཐམས་ཅད་ཀྱང་ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་ཐོད་སྐམ་ལྔའི་དབུ་རྒྱན་དང་ཐོད་རློན་ལྔ་བཅུའི་དོ་ཤལ་དང༌། སྟག་གི་པགས་པའི་ཤམ་ཐབས་ཅན། སྤྱན་གསུམ་པ་གཡས་བརྐྱངས་ཀྱིས་བཞུགས་པ། གཙོ་མོའི་ལྟེ་བར་ༀ་བཾ། ཞེས་དང༌། ཕག་མོའི་སྐབས་སུ། གཡོན་ཐོད་པ་ཁ་ཊྭཱཾ་ག་ཞགས་པ་འཛིན་པ། རྡོར་སེམས་དང་མཉམ་པར་སྦྱོར་བ། དེ་བཞིན་དུ་གཞན་རྣམས་ལའང་སྦྱར་ཏེ་མཐར། ཙཎྜི་ཀ་དུད་ཁ་རྟ་མཆོག་དང་མཉམ་པར་སྦྱོར་བ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་ཌཱ་མ་རུ་དང་གྲི་གུག །གཡོན་གཉིས་ཐོད་པ་དང་བཅས་པའི་ཁ་ཊྭཱཾ་ག་དང་དྲིལ་བུ་འཛིན་པ། རྨོངས་བྱེད་མ་ཟླ་གདན་ལ་བཞུགས་ཤིང་ཟླ་བའི་འོད་ཀོར་ཅན། གཞན་ལྔ་ནི་ཉི་གནད། ཅེས་དང༌། ཐམས་ཅད་ཀྱང་སྤྱན་གསུམ་པ། ཞེས་པ་ནས། ཐོད་སྐམ་ལྔའི་དབུ་རྒྱན་དང་ཐོད་སྐམ་ལྔ་བཅུའི་དོ་ཤལ་ཅན། གཡས་བརྐྱངས་ཀྱིས་བཞུགས་པ། ཕྱག་རྒྱ་དང་པོར་གཡོན་དུ་བསྐོར་ཞིང༌། དེ་ནས་གཡས་སུ་བསྐོར་ལ། ཕ໊། ཞེས་བརྗོད་ལ། ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཉི་གདན་ལ་གནས་པའི་ཧཱུཾ་ཡིག་ལས་འཕྲོས་པའི་འོད་ཟེར་གྱིས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། ཞེས་དང༌། ཡེ་ཤེས་པའི་འཁོར་ལོར་གྱུར་
པ་དང་དབང་གི་ལྷ་དཀྱིལ་འཁོར་པ་རྣམས་དང་བཅས་པ། མདུན་གྱི་ནམ་མཁར་སྤྱན་དྲངས་འོད་ཟེར་སྙིང་ཁར་ཐིམ། དབང་གི་ལྷ་མོ་རྣམས་ནི་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་ཐོད་པ་དང་ཌཱ་མ་རུ་འཛིན་པ། ༀ་བཛྲ་བཱི་ནི་ཞེས་སོགས་རིག་མ་བཅུ་དྲུག་གིས་མཆོད་ནས། ༀ་བཛྲ་ཨངྐུ་ཤ་ཛཿ བཛྲ་པཱ་ཤ་ཧཱུཾ། བཛྲ་སྥོ་ཊ་བཾ། བཛྲ་གྷཎྜ་ཧོཿ ཞེས་སྔགས་ཕྱག་རྒྱ་དང་བཅས་པས་དགུག་གཞུག་སོགས་བྱས་ལ། ༀ་ཡོ་བ། ཞེས་དང༌། ཤུདྡྷོ྅ཧཾ། དམ་ཚིག་པ་དང་ཡེ་ཤེས་པ་གཉིས། ཞེས་དང༌། ཤར་བའི་ཆ་ཤས་སོ། །ༀ་ཨཱཿ ཧཱུཾ། ཞེས་པ་ནས། བཛྲ་ཤུདྡྷོ྅ཧཾ། སྐད་ཅིག་མའི་སྔགས་དང་པོ་གཉིས་པས་པད་ཀོར་དང་པོར་ནུ་མ་གཉིས་ཀྱི་དབུས་དང༌། དེ་ནས་གཡོན་གྱི་ནུ་མའི་སྟེང་དང༌། དེ་ནས་ཡང་དབུས་དང༌། དེ་ནས་གཡས་ཀྱི་ནུ་མའི་སྟེང་དང༌། ཡང་དབུས་སུ་བྱས་ལ་མཐར་འཁྱུད་པའི་ཚུལ་བྱ་ཞིང༌། བཛྲ་ཤུདྡྷཱཿ དང༌། ཡོ་ག་ཤུདྡྷོ྅ཧཾ་གཉིས་ལས། དང་པོར་གཡོན་གྱི་ནུ་མའི་སྟེང་དང༌། དེ་ནས་གཡས་དང༌། དེ་ནས་དབུས་སུ་པད་ཀོར་བྱས་ལ། མཐར་འཁྱུད་པའི་ཚུལ་བྱའོ། །ༀ་བཛྲ་བཱི་ནི། ཞེས་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། ཞེས་པ་ནས། བདག་ཉིད་དུ་གྱུར། སྤྱི་བོ་ནས། ཞེས་དང༌། དོན་གྲུབ་ཀྱིས་དབུ་བརྒྱན་པར་གྱུར། དེས་བུམ་པའི་དབང་ཐོབ། སྙིང་པོའི་རྣལ་འབྱོར་མ་བཞི། ཞེས་དང༌། དབང་བཞི་པ་ཐོབ། དབང་གི་ལྷ་རྣམས་ཀྱང་རང་ལ་ཐིམ་པར་གྱུར། ༀ་སུམྦྷ། ཞེས་སོགས་ཀྱིས་མཆོད་པ་ཆུ་གཉིས་ཞལ་བསིལ་དང་བཅས་པ་རྣམས་བསངས་སྦྱང་བསྐྱེད་པ་སོགས་བྱས་ལ། སྔར་བཞིན་ཤྲཱི་ཧེ་རུ་ཀ་ཞེས་སོགས་ཀྱིས་མཆོད་པ་དབུལ་བའམ།
ཡང་ན་ༀ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སཾ་བ་ར་མཎྜ་ལ་ཙཀྲ་སརྦ་པཱི་ར་ཡོ་གི་ནི་བཛྲ་ཨརྒྷཾ་པྲ་ཏཱི་ཙྪ་ཨཱཿ ཧཱུཾ་གིས་མཆོད་ཡོན་དང༌། དེ་བཞིན་དུ་ཨརྒྷཾ་གྱི་གནས་སུ། པཱ་དྱཾ་དང༌། ཨཱཉྩ་མ་ཎཾ། པུཥྤེ་ནས་ཤཔྟའི་བར་རྣམས་བཅུག་ལ་ཆུ་གསུམ་ཉེ་སྦྱོད་ལྔ་རོལ་མོ་དང་བཅས་པ་དབུལ། རིག་མ་བཅུ་དྲུག་གིས་ཀྱང་སྔར་བཞིན་མཆོད། ནང་མཆོད་བྱིན་གྱིས་བརླབས་ནས་དབུལ་བ་ནི། མགྲོན་རྣམས་ཀྱི་ལྗགས་ལ་ཧཱུཾ་དཀར་པོ་ལས་བྱུང་བའི་རྡོ་རྗེ་རྩེ་གསུམ་པ་དཀར་པོ་ནས་འབྲུ་ཙམ་འཁོད། ༀ་ཨ་མྲྀཏ། ཞེས་པ་ནས། ཁཾ་ཧཱུཾ། ༀ་ཨཱཿ ཧཱུཾ། ལྷ་མོ་རོ་རྡོ་རྗེ་མས། བདུད་རྩི་བསྟབས་པ། རྡོ་རྗེའི་འོད་ཟེར་གྱི་སྤུ་གུས་དྲངས་ནས་གསོལ་བར་གྱུར། པར་བསམས་ལ། གཡོན་པའི་མཐེབ་སྲིན་གྱིས་གཡོན་བསྐོར་དུ་ལན་གསུམ་དཀྲུགས་ལ། དབུས་སུ་བདུད་རྩིའི་སྙིང་པོ་བྱུང་བར་བསམས་ཏེ། གཡོན་པའི་མཐེབ་སྲིན་སྦྱར་ཏེ། དབུས་ནས་བླངས་ཏེ་སྨིན་མཚམས་ནས་སྟེང་དུ་གཏོར་ཞིང༌། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་མཛད་པ་འཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག་དཔལ་ལྡན་བླ་མ་དམ་པའི་ཞལ་དུ་ༀ་ཨཱཿ ཧཱུཾ། རྡོ་རྗེ་འཆང་ཆེན་པོའི་ཞལ་དུ་ༀ་ཨཱཿ ཧཱུཾ། དེ་བཞིན་དུ་བརྒྱུད་པའི་བླ་མ་རྣམས་ཀྱི་མཚན་གྱི་མཐར། ༀ་ཨཱཿ ཧཱུཾ། བཏགས་ལ་འབུལ། དེ་ནས། ༀ་ཧྲཱིཿ ཧ་ཧ་ཧུཾ་ཧཱུཾ་ཕཊ། ༀ་ཨཱཿ ཧཱུཾ། ཞེས་པ་ནས། ༀ་ཡ་མ་མ་ཐ་ནཱི་ཧུཾ་ཧཱུཾ་ཕཊ། ༀ་ཨཱཿ ཧཱུཾ། ཞེས་ལྷ་རང་རང་
གི་སྔགས་ལ་འབྲུ་གསུམ་བཏགས་ལ་སྙིང་ཁའི་ཐད་ནས་སྔར་ལྟར་ཕུལ་ལ། དེ་ནས་མཐེབ་སྲིན་གྱིས་ནང་མཆོད་བླངས་ཏེ། ལྕེ་རྩེ་སྨིན་མཚམས་སྦྱི་གཙུག་གསུམ་དུ་ཐིག་ལེ་བྱས་ནས། ཆོས་སྐྱོང་རྣམས་ཀྱི་སྔགས་ལ་འབྲུ་གསུམ་བཏགས་ལ་དབུལ།དེ་ནས། དུར་ཁྲོད་བརྒྱད་ན་གནས་པའི་ཕྱོགས་སྐྱོང་དང་ཞིང་སྐྱོང་དང་ཀླུ་ལ་སོགས་པ་ཐམས་ཅད་ཀྱི་ཞལ་དུ་ༀ་ཨཱཿ ཧཱུཾ། གཞི་བདག་དང་སེམས་ཅན་ཐམས་ཅད་ལྷར་གྱུར་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿ ཧཱུཾ། ཞེས་ལྟེ་བའི་ཐད་དུ་འཐོར་ཞིང་མཆོད་སྦྱིན་གྱི་ཕྱག་རྒྱས་དབུལ། དེ་ནས་ནང་མཆོད་མཐེབ་སྲིན་གྱིས་རང་གི་ལྕེ་ཐོག་ཏུ་བཞག་ནས། ༀ་ཨ་མྲྀ་ཏ་སྦ་ད་ན་བཛྲ་སྭ་བྷཱ་ཝ་ཨཱ་དྨ་ལོ་ཧ་ཏཾ། མགྲོན་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་ཚིམ་པར་གྱུར། སྙིང་ཁའི་ཧཱུཾ་ལས་བྱུང་བའི་སྙིང་པོའི་རྣལ་འབྱོར་མ་བཞི་དང༌། སྒོ་མཚམས་མ་བརྒྱད་ཀྱིས་ཐོད་པ་ན་གནས་པའི་བདུད་རྩི་ལྔས་མཆོད། ༀ་སརྦ། ཞེས་པ་ནས། བཛྲ་ནི་སྭཱཧཱ། ༀ་ཨཱཿ ཧཱུཾ། གནས་བཞི་དང་གསང་གནས་བྱིན་གྱིས་བརླབས་པའི་ཡབ་ཡུམ་སྙོམས་པར་ཞུགས་པས་བྱང་སེམས་ཞུ་བ། སྦྱི་བོ་ནས་མགྲིན་པར་སླེབས་པ་ན་དགའ་བ། ཞེས་དང༌། ནོར་བུའི་རྩེར་སླེབས་པ་ན་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་སྐྱེས་པས་ལྷ་ཐམས་ཅད་ཀྱིས་ཀྱང་བདེ་བ་ཆེན་པོ་ཉམས་སུ་མྱོང་བར་གྱུར། དཀྱིལ་འཁོར་པའི་ལྷ་རྣམས་ལྷན་སྐྱེས་ཀྱི་བདེ་བ་དང་དེ་ཁོ་ན་ཉིད་དབྱེར་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་དེ་ཁོ་ན་ཉིད་ཀྱི་མཆོད་པས་མཉེས་པར་གྱུར། དེ་ནས། ལྷ་སོ་སོའི་སྐུ་གསལ་བར་དམིགས་ནས། ལྷ་སོ་སོའི་སྔགས་བརྗོད་ཅིང་རྐང་བརྒྱད་ཀྱི་
སྔགས་སམ། ཡང་ན་སྔར་བཞིན་རྐང་བརྒྱད་བོད་སྐད་དུ་བསྒྱུར་བས་བསྟད་ནས། ༀ་ཀ་ར་ཀ་ར་ཧུཾ་ཧུཾ་ཕཊ། ཅེས་པ་ནས། ༀ་དྷི་ལི་དྷི་ལི་ཧུཾ་ཧུཾ་ཕཊ། ཅེས་པའི་བར་དཔའ་བོ་ཉེར་བཞིའི་སྔགས་བརྗོད་ལ། སོ་དང་སེན་མོ་རྐེད་པ་སོགས་ཁམས་ཉེར་བཞི་དཔའ་བོ་ཉེར་བཞིའི་རང་བཞིན་དུ་གྱུར། ༀ་ཀ་ར་ཀ་ར་ཀུ་རུ་ཀུ་རུ། ཞེས་པ་ནས། དྷི་ལི་དྷི་ལི་ཧུཾ་ཧུཾ་ཕཊ། ཅེས་གཙོ་བོའི་རྩ་སྔགས་དང༌། ༀ་ཧ་ན་མ་ཧི་ཞེས་པ་ནས་ཕཊ་ཧཾ་ཞེས་ཡབ་ཀྱི་གོ་ཆ་དྲུག་གི་སྔགས་བརྗོད་ལ། དེ་རྣམས་ལས་བྱུང་བའི་ཕྱག་རྒྱ་དྲུག་དང༌། ཉེ་བའི་ཕྱག་རྒྱ་རྣམས་སོ། ། དེ་བཞིན་དུ་གཞན་རྣམས་ཀྱིའང་སྔགས་བརྗོད་ལ་མཐར། ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། དེ་ལས་བྱུང་བའི་ཐོད་སྐམ་གྱི་དབུ་རྒྱན་རྣམས་ཀྱིས་བརྒྱན་པར་གྱུར། ཁ་ཊྭཱཾ་ག་ནི་ལྷ་ཡི་སྐུ་ཞེས་དང༌། ཀ་ནི་གང་དུའང་མི་གནས་པ། ཨ་ཨཱ། ཞེས་པ་ནས། ས་ཧ་ཀྵ་དབྱངས་གསལ་གྱི་ཕྲེང་བ་འོད་ཟེར་ལྔ་ལྡན། ཅེས་དང༌། མདངས་ཅན་དུ་གྱུར། དེའི་དབུས་སུ་སྐད་ཅིག་གིས་ཞེས་དང༌། གཙོ་བོའི་ཞལ་བཞི་ལ་རིམ་པ་བཞིན་ཐིམ། དམ་ཚིག་པ་ཡབ་ཡུམ་ནི། ཞེས་དང༌། བདེ་བ་ཆེན་པོའི་རང་བཞིན་དུ་གྱུར། ཧཱུཾ་གི་ཞབས་ཀྱུ་ནི་ཧ་ལ། ཞེས་པ་ནས། ནཱ་ད་ཡང་སྐྲའི་རྩེ་མོ་བརྒྱ་སྟོང་གི་ཆའི་ཚད་ཙམ་དུ་གནས་པར་གྱུར། ཅེས་སྔར་སྭ་བྷཱ་ཝས་སྟོང་པར་སྦྱངས་པའི་སྐབས་ལྟར་བརྗོད་པའི་མཐར། ནཱ་ད་ཡང་མི་དམིགས་པར་གྱུར། སྔར་གྱི་སྐད་ཅིག་མའི་སྔགས་གསུམ་བརྗོད་ལ། སྟོང་པའི་ངང་ལས་རྟེན་དང་བརྟེན་པའི་དཀྱིལ་འཁོར་
ཐམས་ཅད་སྐད་ཅིག་གིས་གསལ་ལ་རྫོགས་པར་གྱུར། པར་བསམས་ལ། རང་གི་ལྟེ་བར་ཟླ་བ་ལ་གནས་པའི་ཧཱུཾ་དཀར་དམར་ལྷ་གཞན་རང་རང་གི་ཐུགས་ཀར་ཉི་གདན་ལ་གནས་པའི་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་ལ་བཟླས་བྱའི་སྔགས་ཀྱིས་བསྐོར་བའི་དབུས་ཀྱི་ཡི་གེ་ལས་འཁོར་ལོ་ལྔའི་ལྷ་ཚོགས་འཕྲོས་ནས་འགྲོ་བའི་དོན་བྱས་སླར་འདུས་ཏེ་དབུས་ཀྱི་ཡི་གེ་ལ་ཐིམ་པ་དང་སྤྲོ་བ་དང་བསྡུ་བའི་མཛད་པ་ཅན་དུ་གྱུར། ཅེས་ལྷ་ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་བྱུང་བར་བསམས་ལ་སྔགས་བཟླ་བར་བྱའོ། །གཏོར་མའི་སྐབས་སུ། གཞུའི་དབྱིབས་ཅན་གཡས་གཡོན་གཉིས་སུ་རྒྱལ་མཚན་གྱིས། མཚན་པ་ཞེས་དང༌། ཕྱི་དཀར་ལ་ནང་དམར་བའི་ནང་གི་ཤར་དུ་ༀ་དཀར་པོ་ལས་བྱུང་བའི་དྲི་ཆེན་ༀ་གྱིས་མཚན་པ། ཞེས་དང༌། དེ་བཞིན་དུ་གཞན་རྣམས་ལའང་སོ་སོར་སྦྱར་ཏེ། མཐར། དབུས་སུ་བཾ་དམར་པོ་ལས་བྱུང་བའི་མིའི་ཤ་བཾ་གྱིས་མཚན་པ། རླུང་གཡོས་པ་ལས་མེ། ཞེས་དང༌། དམར་སེར་དུ་གྱུར། དེའི་སྟེང་དུ་ཧཱུཾ་དཀར་པོ་ལས་ཞེས་དང༌། བསིལ་བར་གྱུར། ༀ་ཨ་ཨཱ་ཞེས་པ་ནས། དཀྱིལ་འཁོར་མདུན་དུ་སྦྱན་དྲངས། ཤྲཱི་ཧེ་རུ་ཀ་ཞེས་སོགས་ཀྱིས་སྔར་ལྟར་ཆུ་གཉིས་ནས་རོལ་མོའི་བར་གྱིས་མཆོད་ནས། ལག་པ་གཉིས་ལ་ཨ་ཨཱ་ཞེས་པ་ནས། ཀྵ་ཡོངས་སུ་གྱུར་པ་ལས་ཟླ་བ་དང་ཉི་མའི་རང་བཞིན་དུ་གྱུར་པའི་དབུས་སུ་ཧཱུཾ་ཡིག་ༀ་ཞེས་དང༌། ༀ་ཨཱཿ ཧཱུཾ་ཟླ་ཉི་ཧཱུཾ་དང༌། ཞེས་པ་ནས། རྡོ་རྗེའི་ཐལ་མོར་གྱུར། ལྷ་མོ་ཚད་མ། ཞེས་དང༌། རྒྱུར་གྱུར་ཅིག་མཆོད་པའི་འཁོར་གསུམ་ཞེས་པ་ནས། ངོ་བོ་དབྱེར་མེད་དུ་གྱུར། ལྷ་རྣམས་ཀྱི་
ལྗགས་ལ། ཞེས་དང༌། ནས་འབྲུ་ཙམ་འཁོད་པའི་རྡོ་རྗེའི་འོད་ཟེར། ཞེས་པ་ནས། གསོལ་བར་གྱུར། ༀ་ཨཱཿ བཛྲ། ཞེས་དང༌། དཀྱིལ་འཁོར་པ་ལ་གཏོར་མ་ཕུལ་ལ། རིག་མ་བཅུ་དྲུག་གིས་མཆོད་རྐང་བརྒྱད་ཀྱིས་བསྟོད་པའི་རྗེས་སུ། སྲིད་པ་དང་མཉམ་ཞི་བའི་ཆགས་བཅོམ་ཀུན་ཏུ་རྟོག་པ་འཇོམས། །ཁྱོད་ནི་དངོས་པོ་མཐའ་དག་མཁའ་ལྟར་གཟིགས་པ་དང་ལྡན་པ། །མགོན་པོ་ཤིན་ཏུ་བརྩེ་བ་ལྕི་བའི་ཆུ་ས་བརླན་ཐུགས་ཀྱི་ཆུས། །མཛོད་ཅིག་ལྷ་མོ་རྣམས་ཀྱིས་བདག་ལ་ཤིན་ཏུ་རྗེས་བརྩེར་མཛོད། ། ཅེས་གསོལ་བ་གདབ།དུར་ཁྲོད་བརྒྱད་ན་གནས་པའི་ཕྱོགས་སྐྱོང་དང༌། ཞེས་པ་ནས། འོད་གསལ་དུ་བཅུག་པ་ལས། བདེ་མཆོག་གི་ལྷ་ཡབ་ཡུམ་གྱི་སྐུར་བཞེངས་པའི་མགྲོན་རྣམས་ཀྱི་ལྗགས་ལ་ཧཱུཾ་དཀར་པོ་ལས་བྱུང་བའི་རྡོ་རྗེ་རྩེ་གསུམ་པ་ནས་འབྲུ་ཙམ་བཀོད་པའི་རྡོ་རྗེའི་འོད་ཟེར་གྱི་སྤུ་གུས་དྲངས་ནས་གསོལ་བར་གྱུར། ༀ་ཁ་ཁ་ཞེས་དང༌། ཕཊ་ཕཊ་སྭཱཧཱ། ༀ་བཛྲ་ཏམྦུ་ལ་ཡེ་སྭཱཧཱ། ཞེས་སོ་རྩི་དང་རྐང་བརྒྱད་ཀྱིས་བསྟོད་པའི་རྗེས་སུ། ༀ་ཡོ་ག་ཤུདྡྷཱཿ སརྦ་དྷརྨཱཿ ཡོ་ག་ཤུདྡྷོ྅ཧཾ། ལྷའི་ཚོགས་རྣམས་ཞེས་དང༌། ༀ་བཛྲ་མུཿ འཇིག་རྟེན་པ་རྣམས་གཤེགས་ཤིང་དཀྱིལ་འཁོར་གྱི་འཁོར་ལོ་བདག་ཉིད་ལ་ཐིམ་པར་གྱུར། དེ་ནས་ལུས་དཀྱིལ་དང་བཅས་པ་བསྡུ་ཚུལ་ནི། ལྟེ་བའི་ཡེ་ཤེས་སེམས་དཔའ་ཡབ་ཡུམ་སྙོམས་པར་ཞུགས་པའི་གསང་གནས་གཉིས་བསྐྱོད་པའི་དགའ་བའི་སྒྲས་འགྲོ་བ་རྣམས་བཀུག་སྟེ་དུར་ཁྲོད་ལ་ཐིམ། ཞེས་པ་ནས། ལྷ་མོ་བཞི་ཡང་རང་ངོས་ཀྱི་གཙོ་བོའི་
༼འདི་སྡེ་མ་གཅིག་འདི་མ་ལ་དོག་པ་འདུག་༽ ཞལ་བཞི་ལ་རིམ་པ་བཞིན་ཐིམ། ཞེས་སྙིང་པོའི་རྣལ་འབྱོར་མ་བཞིའི་བར་སྔར་བཞིན་བསྡུས་པའི་རྗེས་སུ། ལུས་དཀྱིལ་གྱི་སྒོམ་མཚམས་མ་བརྒྱད་སྐུ་འཁོར་གྱི་ལྷ་ལ་དེ་གསུང་འཁོར་ལ། དེ་ཐུགས་འཁོར་ལ། དེ་རྣམས་ཀྱང་རྣལ་འབྱོར་མ་བཞི་ཐོད་པ་དང་བཅས་པ་ལ། དེ་བརྒྱད་ཀྱང་ནང་གི་ཧེ་རུ་ཀ་ཡབ་ཡུམ་ལ། དེ་གཉིས་ཀྱང་སྙིང་ཁར་ཐིམ་ནས་རྩ་དང་ཁམས་ཐམས་ཅད་བྱིན་གྱིས་བརླབས་པར་གྱུར། ཅེས་ལུས་དཀྱིལ་བསྡུས་ནས། དམ་ཚིག་པ་ཡབ་ཡུམ་ནི་ལྟེ་བའི་ཡེ་ཤེས་སེམས་དཔའ་ཡབ་ཡུམ་ལ་ཐིམ། དེ་གཉིས་ཀྱང་ཞེས་པ་ནས། ནཱ་ད་ཡང་མི་དམིགས་པར་གྱུར། ཅེས་སྔར་བཞིན་བསྡུས་ནས། སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས་ཧེ་རུ་ཀ་སྔོན་པོ། ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་གཡས་བརྐྱངས་ཀྱིས་བཞུགས་པ་ལ། ཡུམ་རྡོ་རྗེ་ཕག་མོ་དམར་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་ཐོད་པ་འཛིན་པས་འཁྱུད་པར་གྱུར་པར་བསམས་ནས་གོ་ཆའི་བསྲུང་བ་ནི། རང་གི་སྙིང་ཁར་ཟླ་བ་ལ་རྡོ་རྗེ་སེམས་དཔའི་ངོ་བོ་ༀ་ཧ་དཀར་པོ། མགོ་བོར་ཉི་མ་ལ་རྣམ་སྣང་གི་ངོ་བོ་ན་མ་ཧི་སེར་པོ། ཞེས་པ་ནས། དཔྲལ་བར་ཉི་མ་ལ་ཡན་ལག་ཐམས་ཅད་ཀྱི་ལུས་དབང་གི་རང་བཞིན་རྟ་མཆོག་གི་ངོ་བོ་ཕཊ་ཧཾ་ལྗང་ཁུ་ཞེས་པའི་བར་ཡབ་ཀྱི་གོ་ཆ་དྲུག་དགོད། གཙོ་མོའི་ལྟེ་བར་ཉི་མ་ལ་རྡོ་རྗེ་ཕག་མོའི་ངོ་བོ་ༀ་བཾ་དམར་པོ་ཞེས་པ་ནས། དཔྲལ་བར་ཉི་མ་ལ་ཡན་ལག་ཐམས་ཅད་ཀྱི་ལུས་དབང་གི་རང་
བཞིན་ཙཎྜི་ཀའི་ངོ་བོ་ཕཊ་ཕཊ་དུད་ཁས་མཚན་པར་གྱུར། ཅེས་དང༌། གོ་ཆ་ཆེན་པོའི་བསྲུང་བ་ནི། སྤྱི་བོ་ལ་སོགས་པའི་གནས་ཉེར་བཞིར་ཉི་གདན་ལ། པཱུ། ཛཱ། ཨོ། ཨ། གོ །རཱ། དེ། མཱ། ཀཱ། ཨོ། ཏྲི། ཀོ། ཀ །ལ། ཀཱ། ཧི། པྲེ། གྲི། སཽ། པུ། ན། སི། མ། ཀུ་རྣམས་ཐིག་ལེས་བརྒྱན་པར་གྱུར། ཚམ་དམ་སྔགས་ཀྱི་བསྲུང་བ་ནི། གཡོན་པའི་མཐེབ་མཇུབ་ཀྱིས་སྔགས་བརྗོད་པའི་ཕྱོགས་དེར་སེ་གོལ་གཏོགས་པ་སྔོན་དུ་འགྲོ་བས་ཤར་དུ། ༀ་སུམྦྷ་ནི་སུམྦྷ་ཧུཾ་ཧཱུཾ་ཕཊ། བྱང་དུ། ༀ་གྲྀ་ཧྞཱ་གྲྀ་ཧྞཱ་ཧཱུྃ་ཧཱུྃ་ཕཊ ནུབ་ཏུ། ༀ་གྲྀ་ཧྣཱ་པ་ཡ་གྲྀ་ཧྞཱ་པ་ཡ་ཧཱུྃ་ཧཱུྃ་ཕཊ། ལྷོར། ༀ་ཨཱ་ན་ཡ་ཧོ། བྷ་ག་ཝན་བཛྲ་ཧུཾ་ཧཱུཾ་ཕཊ། ཅེས་བརྗོད་ནས་བསྲུང་བ་གསུམ་བྱའོ། །ཁ་ཟས་ཀྱི་དུས་སུ་རང་གི་ལུས་དཀྱིལ་སྐད་ཅིག་གིས་གསལ་བར་དམིགས་ནས། ཁ་ཟས་ཀྱི་ཆ་གཅིག །ༀ་ཨཱཿ ཧཱུཾ། ཞེས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབས་ལ། ༀ་ཁ་ཁཱ ཞེས་པ་ནས། སྭཱཧཱ། ཞེས་པའི་བར་ལན་གསུམ་བརྗོད་དོ་ཕྱོགས་སྐྱོང་ལ་གཏོར་མ་ཕུལ་ནས་བཟའ་བཏུང་བྱིན་གྱིས་བརླབ་པ་ནི། ལག་པ་གཡས་ལ་རྣམ་སྣང་གི་ངོ་བོ་ཧ་དཀར་པོ་ལས་སྐྱེས་པའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ཧ་ཡིག་གིས་མཚན་པ། བསམ་པའི་སྟེང་དུ་བཟའ་བཏུང་ངམ། བཟའ་བཏུང་དང་བཅས་པའི་སྣོད་དངོས་སུ་བཞག་པའམ་བཞག་པར་བསམ་མོ། །ལག་པ་གཡོན་ལ་སྣང་མཐའི་ངོ་བོ་ཧོ་དམར་པོ་ལས་སྐྱེས་པའི་པད་མ་དམར་པོ་འདབ་མ་བརྒྱད་པ་ཧོས་མཚན་པ། བསམས་ལ་ཁ་ཟས་ཀྱི་སྟེང་དུ་ཁ་དགའ་བའམ་བཀག་པར་བསམ་མོ། །ཁ་ཟས་ཀྱི་སྟེང་དུ་ཉི་གདན་ལ་མི་བསྐྱོད་པའི་ངོ་བོ་ཧྲིཿ སྔོན་པོ་བསམས་ལ། ཧ་ཧོ་ཧྲིཿ ཞེས་ལན་གསུམ་བརྗོད་པས་ཁ་དོག་དྲི་ནུས་ཀྱི་སྐྱོན་བཅོམ་ཞིང་བདུད་རྩིར་གྱུར། ཧྲཱིཿ ཡི་གཡས་
སུ་ༀ་དཀར་པོ། གཡོན་དུ་ཨཱཿ དམར་པོ། མདུན་དུ་ཧཱུཾ་སྔོན་པོ་གནས་པར་གྱུར། ༀ་ཨཱཿཧཱུཾ། ཞེས་ལན་གསུམ་བརྗོད་པས། རྒྱ་ཆེར་སྤེལ་ཞིང་བྱིན་གྱིས་བརླབས་པར་གྱུར། པར་བསམས་ལ། ཕུད་ཀྱིས་བླ་མ་དང་དཔའ་པོ་དང་རྣལ་འབྱོར་མ་མཆོད་ནས། ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོང་པར་མཉམ་པ་ཉིད་དོ། སྙམ་དུ་མོས་ལ། ༀ་ས་མ་ཡ་ཤུདྡྷཱཿ སརྦ་དྷརྨཱཿ ས་མ་ཡ་ཤུདྡྷོ྅ཧཾ། ལྕེ་ལ་ཧཱུཾ་དཀར་པོ་ལས་བྱུང་བའི་རྡོ་རྗེ་རྩེ་གསུམ་པ་དཀར་པོ་ནས་འབྲུ་ཙམ་འཁོད། ༀ་ཨ་མྲྀ་ཏ་ཨུད་ཀ་ཧཱུྃ་ཧཱུྃ་ཐ་ཐ་ཏྲཾ་ཡཾ་ཁཾ་ཧཱུྃ། ༀ་ཨཱཿཧཱུཾ། རྡོ་རྗེའི་འོད་ཟེར་གྱི་སྤུ་གུས་དྲངས། པར་བསམས་ནས་ལོངས་སྦྱད་ལ། ལྟེ་བར་ལྷ་ཐམས་ཅད་ཀྱི་ངོ་བོ་ཧཱུཾ་དཀར་དམར་ལ་ཕུལ་བས། ལྷ་ཐམས་ཅད་མཉེས་ཤིང་ཚིམ་པར་གྱུར། པར་བསམ་པར་བྱའོ། །ཐོག་མཐའི་ཚིག་གཞན་རྣམས་མངོན་རྟོགས་བཞིན་དུ་ཇི་ལྟར་རིགས་པར་སྦྱར་བར་བྱའོ། །རྡོ་རྗེ་ཕག་མོ་སོགས་རྣལ་འབྱོར་མ་སོ་བདུན་གྱི་སྔགས་ཀྱི་ཧཱུཾ་དང་པོ་ཐུང་ངུ། གཉིས་པ་རིང་པོ། གཙོ་བོ་ལ་སོགས་པ་དཔའ་བོ་རྣམས་ཀྱི་སྔགས་ཀྱི་ཧུཾ་གཉིས་ཀ་ཐུང་ངུར་པཎྜི་ཏ་ཨུ་མ་པ་ཏི་ཏ་ཏྲས་བཤད་དོ། །ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་དཔལ་གྱི་ཞལ་སྔ་ནས་ཀྱིས་མཛད་པའི་དཔལ་འཁོར་ལོ་བདེ་མཆོག་ལཱུ་ཨི་པའི་མངོན་རྟོགས་ཀྱི་ངག་ཏུ་འདོན་ཚུལ་ཡི་གེར་བཀོད་པ་འདིས་ཀྱང༌། དཔལ་འཁོར་ལོ་བདེ་མཆོག་གི་བཤད་སྒྲུབ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །དགེའོ། །ས་ལུགས་ནི། རྒྱལ་བ་རྡོ་རྗེ་འཆང༌། རྒྱལ་སྲས་ཕྱག་ན་རྡོ་རྗེ། དཔལ་ལྡན་ས་ར་ཧ། དཔལ་མགོན་འཕགས་པ་ཀླུ་སྒྲུབ། དཔལ་ལྡན་ཤ་པ་རི་པ། གྲུབ་ཆེན་ལཱུ་ཨི་པ། གྲུབ་ཆེན་དཱ་རི་ཀ་པ། གྲུབ་ཆེན་དྲིལ་བུ་པ། གྲུབ་ཆེན་
རུས་སྦལ་ཞབས། གྲུབ་ཆེན་ཛཱ་ལན་དྷ་ར་པ། གྲུབ་ཆེན་ནག་པོ་པ། གྲུབ་ཆེན་གུ་ཧྱ་པ། གྲུབ་ཆེན་རྣམ་རྒྱལ་ཞབས། གྲུབ་ཆེན་ཏཻ་ལོ་པ། པཎ་ཆེན་ནཱ་རོ་པ། ཕམ་ཐིང་པ་སྐུ་མཆེད། གློག་སྐྱ་བ་ཤེས་རབ་རྩེགས་པ། མལ་ལོ་ཙྪ་བ་བློ་གྲོས་གྲགས་པ། ས་ཆེན་ཀུན་དགའ་སྙིང་པོ། རྗེ་བཙུན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། ཁྲོ་ཕུ་རིན་པོ་ཆེ་བསོད་ནམས་སེངྒེ་། སློབ་དཔོན་རིན་པོ་ཆེ་སེེར་འབུམ། མཆོག་ལྡན་ལེགས་པའི་བློ་གྲོས། གུ་རུ་དཔལ་ལྡན་སེངྒེ་། ཀུན་མཁྱེན་བུ་སྟོན་ཁ་ཆེ། བླ་མ་འཇམ་རིན་པ། ཀུན་མཁྱེན་ཤེས་རབ་དཔལ་བཟང་། སྐུ་བཞིའི་བདག་ཉིད་མཁས་གྲུབ་དགེ་ལེགས་དཔའ་བཟང་པོ། །དགེའོ།། །།