Nitartha Digital Library
Tibetan
 
previousསྦས་པའི་རྒུམ་ཆུང་གི་གཞུང་ཕྱི་མོ། སློབ་དཔོན་སངས་རྒྱས།next

སྦས་པའི་རྒུམ་ཆུང་གི་གཞུང་ཕྱི་མོ། སློབ་དཔོན་སངས་རྒྱས།

སྦས་པའི་རྒུམ་ཆུང་གི་གཞུང་ཕྱི་མོ་བཞུགས་སོ། །བདུད་བཞི་བཅོམ་ཉིད་བྱང་ཆུབ་ལྡན་བསྐྱེད་རྫོགས་དང་ཚིག་དང་ཡི་གེ་ལས་འདས་པ་འདས་འདུ་འབྲལ་མྱེད་པའ་དཔལ་ཀུན་ཏུ་བཟང་པོ་ཇི་བཞིན་བའི་ཀླུང་༼ཀློང༽ དུ་གྱུར་པ་ལ་ཕྱག་བྱ་ཞེས་བྱ་ལ་ཕྱག་འཚལ་ལོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཇི་ཚམ་༼ཙམ༽ རྟོག་མྱེད་ཀུན་ཏུ་བཟང་མོ་ཟབ་མོ་ཞིག་ཆེ་བ་རྣམ་ངར་༼ལྔར༽ ཡང་སྦྱར། མྱེ་ལོང་ལྟ་བུའི་ཡེ་ཤེས་བློ་ཡི་ཡུལ་དུ་ཀུན་ཏུ་བཟང་པོ་སྣང་༼བ་༽ན། གཉིས་སུ་མྱེད་པའི་བྱང་ཆུབ་ཀྱི་སེམས་མྱི་རྟོག་མཉམ་པ་ཉིད་ཀྱི་༼ཡེ་ཤེས་༽ཟབ་མོ་བདེ་བ་ཆེན་པོ་ཉམས་མྱོང་ན། སོ་སོར་རྟོག་པའ་མྱོང་བ་ཡིན་ཕྱིར་མྱི་རྟོག་པ་ཆེན་པོ་དེ་ཉིད་མྱེན་༼མྱིན༽། བྱ་བ་ནན་ཏན་༼གྱི་ཡེ་ཤེས་༽ཇི་བཞིན་བ་ཡི་ཆོས་རིག་པའི་རྒྱལ་པོ་རང་ལགས་ཏེ་བཙད་དེ། སྟོང་པ་ཆེན་པོའི་དོན་ཆོས་ལ་ཆོས་ནི་གཞན་ལས་མྱི་འབྱུང་མྱི་འཇུག་པས། ལུས༼ལུང༽དང་མན་ངག་ཇི་ཙམ་ཟབ་མོའི་ཚིག་སྡེ་སྣོད་བརྗོད་ཀྱང་། བྱང་ཆུབ་སེམས་དང་གོལ་ས་དོན་དང་འཚམ་པར་ག་ལ་འགྱུར། འདི་མན་ཆད་སྒྲིབ་པ་དང་གནས་སྟོན། འདུས་བྱས་བསོད་ནམས་ཡེ་ཤེས་སྩོགས་པ་དང་། ཏིང་འཛིན་བག་ཆགས་སྦྱོང་བ་བསམ་གཏན་གྱི་བདེ་རོ་བདེ་བའ་དག །གཟུང་འཛིན་གྱི་མཐའ་སྟེ། བྱང་ཆུབ་ཀྱི་སེམས་དང་གོལ་ས་འཛིན་པའི་ཕུར་པ་དེ་ན་ཡོད། བྱ་བཙལ་དང་བྲལ་བའ་འཛིན་མྱེད་མཁའ་ལ་བཆོས ༼བཅོས༽ མྱེད་ན། དྲང་སྲོང་དང་བསམ་གཏན་དཀྱིལ་༼སྐྱིལ༽ ཀྲུང་རང་༼ དྲང༽ འདུག་བཅས་པ་དང་། རབ་ཏུ་འབྱུང་བ་དང་དཀའ་ཐུབ་ལ་སྩོགས་པའ་ལུས་ཀྱི་བཅོས་པ་ཐམས་ཅད་ཀྱང་། ང་དང་བདག་ལུས་རྟོག་མངོན་པར་ཞེལ་༼ཞེན༽ ལས་བྱུང་། རྒྱུ་འབྲས་གཉིས་ཀ་བྱང་ཆུབ་ཆེན་པོ་ལས་མྱེད་མཁའ་ལ་དགེ་སྡིག་བཅོས་སུ་མྱེད། བདལ་བ་ཆེན་པོ་ནམ་མཁའ་ལྟ་བུར་ཡེ་གནས་ལ། ཀུན་ཏུ་བཟང་པོ་ཀྲུང་༼སྐྱིལ༽དྲང་གདུག་༼འདུག༽ བཅས་པ་མྱེད། རྟོགས་པའི་ཡེ་ཤེས་རང་བཞིན་ནམ་མཁར་གནས་པ་ལ། རྩོལ་བ་དང་བྲལ་བ་ནམ་མཁའ་འགྱུར་བའི་གཞི་མ་ཡིན། ཀུན་གཞི་ཆོས་ཉིད་སེམས་ཉིད་ནམ་མཁའ་བྱང་ཆུབ་དབྱིངས། བཙལ་སེམས་དང་བྲལ་བ་བྱང་ཆུབ་སྒྲུབ་པའི་གཞི་མ་ཡིན། ཐོག་མ་དང་ཐ་མ་དང་དབུ་མ་དང་མཐའ་མྱེད་དོ། །གཞི་རྩ་མྱེད་པའི་སེམས་ཉིད་ལ་མྱེ་འཕོ་ཆུ་གསོད་པ་དང་འདྲ་བཙལ་བས་མི་རྙེད་རི་དྭགས་སྨྱིག ༼སྨྲིག༽ རྒྱུ་སྙོག་པའ་ནམ་ཁ་༼མཁའ༽ འདྲ། ཀུན་ཏུ་བཟང་པོའི་རང་བཞིན་ལ་སྐྱེ་དང་བྲལ་བའི་བྱང་ཆུབ་ལ། བྱང་ཆུབ་རྒྱུ་འབྲས་དགེ་སྡིག་མཐོ་རིས་དང་ཐར་པའ་ཡོངས་ཀྱིས་མྱེད། ལུང་དང་མན་ངག་གི་ལྡེ་མིག་མན་ངག་བླ་ན་མེད་པ་སྦས་པའི་རྒུམ་ཆུང་རྫོགས་ས྄ོཧ྅྅྅། །བྱང་ཆུབ་ཀྱི་སེམས་འདི་སློབས༼ སློབ༽ དཔོན་ནི་མཁྱེན་རབ་ཀྱི་མཆོག་སངས་རྒྱས་སྦས་པས་མཛད་དོ། །ཕྱོགས་ནི་ཨ་ཏི་ཡོ་གར་གཏོགས་སོ། །ཁུངས་ནི་བྱང་ཆུབ་ཀྱི་སེམས་ཀྱི་ལུང་ཐམས་༼ཅད༽ ནས་བྱུང་ངོ་། །དོན་ཆེད་ནི་བློ་ཡང་རབ་ཀྱི་དོན་ཆེད་དུ་བཀའ་སྩལ་ཏོ། །མགོ་མཇུག་ཏུ་དོན་རྣམ་པ་ལྔས་སྟོན་ཏོ། །སྒོ་གཚེགས་༼ གཙིགས༽ ནི་ཡེ་ཤེས་དྲུག་དང་། ཆེ་བ་རྣམས་པ་ལྔ་དང་། དེ་ཁོ་ན་ཉིད་ཡིན་པ་རྣམ་གསུམ་གྱིས་སྟོན་ཏོ། །བྱང་ཆུབ་ཀྱི་སེམས་འདི་དཔེ་ལས་མཚན་དུ་གསོལ་བ་ནི། སྦས་པའི་རྒུམ་ཆུང་ངོ་། །དོན་ལས་མཚན་དུ་གསོལ་བ་ནི་ནམ་ཀའི་༼མཁའི༽ ཐིག་ལེའོ། །འདི་ལ་དོན་རྣམ་པ་ལྔ་ནི། ཀུན་ཏུ་བཟང་པོའི་རང་བཞིན་ལ་ཕྱག་འཚལ་བར་བསྟན་པ་དང་གཅིག །བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་བསྟན་པ་དང་གཉིས། བྱང་ཆུབ་ཀྱི་སེམས་ཀྱི་དཔེ་མྱི་དམྱིགས་པར་བསྟན་པ་དང་གསུམ། ཀུན་གཞི་མཁའ་དབྱིངས་རྣམ་པར་དག་པར་ངོ་བསྟན་པ་དང་བཞི། བྱང་ཆུབ་སེམས་ཀྱི་གོལ་ས་དང་སྒྲིབ་པ་བསྟན་པ་དང་ལྔའོ། །དེ་ལ་དཀྱུས་དང་སྦྱར་ཏེ་མ་༼མར༽ བཤད་ན། བཅོམ་ལྡན་འདས་ཞེས་བྱ་བ་ན་ཕྱག་འཚལ་ལོ་ཞེས་ཞེས་༼ཞེས༽ བྱ་བའི་བར་གྱིས་ནི། ཕྱག་འཚལ་བར་བསྟན་ཏོ། །ཇི་ཙམ་ཞེས་བྱ་བ་ནས་ཆོས་ལ་ནི་མྱི་འཇུག་གོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་ཀྱི་རང་བཞིན་བསྟན་ཏོ། །ཇི་ཙམ་ཟབ་མོ་ཞེས་བྱ་བ་ནས་ནམ་ཁར་༼མཁར༽ འགྱུར་བའི་གཞི་མ་ཡིན་ཞེས་བྱ་བ་འི་༼བའི༽ བར་གྱིས་ནི་སྒྲིབ་པ་དང་གནས་བསྟན་ཏོ། །དེ་ནས་བྱང་ཆུབ་རྒྱུ་འབྲས་ཡོངས་ཀྱིས་མྱེད། ཅེས་པ་ཡན་ཆད་ཀྱིས་ནི་ཀུན་གཞི་ནམ་མཁའ་དབྱིངས་རྣམ་པར་དག་པའི་ངོ་བསྟན་པའོ། །ཞེས་སྔ་འགྱུར་བཀའ་མའི་གཞུང་ཕྱི་མོ་དང་རྒྱབ་ཆོས་མཐའ་དག་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་རྩིས་འཕྲུལ་གྱི་པར་གཞི་བཞེངས་སྐབས་ངེས་པ་དོན་གྱི་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་མཁན་ཆེན་བླ་མ་མུན་སེལ་གྱི་གུས་སློབ་ཐ་མའི་ཡང་ཐ་ཆོས་རྫོགས་ཆེན་དུ་སོང་ཡང་གང་ཟག་རྫོགས་ཆེན་དུ་མ་སོང་བས། རང་རྒྱུད་ཉོན་མོངས་པའི་ཕུང་པོས་འཇིག་རྟེན་དུ་ནོན་ནའང་ཆ་ལུགས་ལྷ་ཆོས་ལྟར་བཅོས་པའི་སྙོམ་ལས་པ་བྱང་ཆུབ་རྒྱ་མཚོས་སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་ལུང་དང་མན་ངག་གི་ལྡེ་མིག་མན་ངག་བླ་ན་མེད་པ་སྦས་པའི་རྒུམ་ཆུང་ཞེས་ཏུན་ཧོང་གི་བྲག་ཕུག་ནས་འཐོབ་པའི་གཙིགས་ཆེ་བ་འདི་ཆོས་རྒྱུན་མི་ཉམས་པའི་ཆེད་ཞལ་བཤུས་ཏེ་སྤེལ་བ་དགེའོ། །


previousསྦས་པའི་རྒུམ་ཆུང་གི་གཞུང་ཕྱི་མོ། སློབ་དཔོན་སངས་རྒྱས།next