སྨྱོ་ཤུལ་མཁན་རིན་པོ་ཆེའི་གསུངས་ཆོས།
― PN001_Page_003 ―
[སྐྱབས་རྗེ་རིན་པོ་ཆེ་དང་སྨྱོ་ཤུལ་མཁན་པོ་ལྷན་དུ་བཞུགས་པའི་སྐུ་པར།]
སྨྱོ་ཤུལ་མཁན་པོ་འཇམ་དབྱངས་རྡོ་རྗེ་ནི་དུས་རབས་ཉི་ཤུ་པའི་སྔ་འགྱུར་རྫོགས་པ་ཆེན་པོའི་ལུགས་ཀྱི་སློབ་དཔོན་མཚན་སྙན་ཆེ་བ་ཞིག་ཡིན། ཁོང་ནི་མདོ་ཁམས་སུ་༡༩༣༡་འཁྲུངས་ཤིང་༡༩༩༩ འདས། ཆུང་དུས་མཁན་པོ་ང་དགའ་སོགས་སྐབས་དེའི་སློབ་དཔོན་ཆེན་པོ་རྣམས་ཀྱི་ཞབས་ལ་གཏུགས། ལོ་མང་རིང་དབེན་གནས་བསྟེན་ཏེ་མཚམས་བསྙེན་སྒྲུབ་མཛད། དེ་བཞིན་རྒྱ་གར་དང་འབྲུག་ཡུལ་དེ་བཞིན་ནུབ་ཕྱོགས་ཡུལ་གྲུ་ཁག་ལ་གཙོ་བོ་དམ་ཆོས་འདོ་གསལ་རྫོགས་པ་ཆེན་པོའི་སྒོ་ནས་བསྟན་དང་འགྲོ་བའི་དོན་ལ་བྱ་བ་རྒྱ་ཆེར་མཛད།