ཀླུ་གཏོར་རྒྱས་པའི་བུ་ཡིག་ཀླུའི་བྱད་ཁྲོལ་བསྡུས་པ།


CMR043_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་གཏོར་རྒྱས་པའི་བུ་ཡིག །ཀླུའི་བྱད་ཁྲོལ་བསྡུས་པ་ནི། ཡང་ནད་པ་ལ་ཀླུ་གཏད་སོགས་དོགས་ན་གཏད་ཁྲོལ་ནི། ན་མོ། དཀོན་མཆོག་གསུམ་གྱི་བདེན་པ་དང་། །ཕྱག་ན་རྡོ་རྗེའི་མཐུ་སྟོབས་དང་། །ཁྱུང་ཆེན་འབར་བའི་བདེན་པའི་མཐུས། བསྲུང་བྱ་འདིའི་ལུས་ངག་ཡིད་གསུམ་བྱད་དུ་བཅུག་པ་དང་། མནན་པ་དང་། བཅིངས་པ་ཐམས་ཅད་བྱད་ཐག་གི་སྲད་བུ་སྔོ་དམར་འདི་ལ་ཐིམ་པར་གྱུར་ཅིག །ཛཿཧཱུྃ་བཾ་ཧོཿ ལན་གསུམ། ལག་ཏུ་རལ་གྲི་ཐོགས་ལ། ཨོཾ་ཨཱཿཧཱུྃ། ཁྲོ་ཁྲོ་ཁྲོ་ནཱ་ག་ཤིག་ཤིག །ནཱ་ག་ཁྲོལ་ཁྲོལ། ས་ག་ཤིག་ཤིག །ས་ག་ཁྲོལ་ཁྲོལ། དབུས་ཀྱི་གཙུག་ན་རིན་ཆེན་ལ་གཏད་པ་ཁྲོལ་ཅིག །ཤར་གྱི་མི་མགོན་དཀར་པོ་ལ་གཏད་པ་ཁྲོལ་ཅིག །ལྷོའི་འཇོག་པོ་སེར་པོ་ལ་གཏད་པ་ཁྲོལ་ཅིག །ནུབ་ཀྱི་བྲམ་ཟེ་དམར་པོ་ལ་གཏད་པ་ཁྲོལ་ཅིག །བྱང་གི་གདོལ་པ་ནག་པོ་ལ་གཏད་པ་ཁྲོལ་ཅིག །གདོལ་པ་ནག་པོ་མགོ་དགུ་ལ་གཏད་པ་ཁྲོལ་ཅིག །བྲམ་ཟེ་དམར་པོ་མགོ་དགུ་པ་ལ་གཏད་པ་ཁྲོལ་ཅིག །ཀླུ་སྲིན་མགོ་དགུ་པ་ལ་གཏད་པ་ཁྲོལ་ཅིག །རྒྱ་མཚོ་དུག་རིགས་ལ་གཏད་པ་ཁྲོལ་ཅིག །ནག་པོ་གཞི་ལྕགས་ལ་གཏད་པ་ཁྲོལ་


CMR043_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །མཛེ་ནག་ལས་ཀྱི་འཁོར་ལོ་ལ་གཏད་པ་ཁྲོལ་ཅིག །མཛེ་སྐྱ་རླུང་གི་འཁོར་ལོ་ལ་གཏད་པ་ཁྲོལ་ཅིག །མཛེ་དམར་མེ་ཡི་འཁོར་ལོ་ལ་གཏད་པ་ཁྲོལ་ཅིག །ས་བདག་སྲོག་གི་འཁོར་ལོ་ལ་གཏད་པ་ཁྲོལ་ཅིག །ཐོད་རུས་སྐྱ་བོ་ལ་གཏད་པ་ཁྲོལ་ཅིག །སྙིང་ཁྲག་དམར་པོ་ཆུ་ལ་གཏད་པ་ཁྲོལ་ཅིག །སྲོག་རྩ་དམར་པོ་ཤིང་ལ་གཏད་པ་ཁྲོལ་ཅིག །གཟའ་བདུད་མགོ་དགུ་རྟ་རུ་ཞོན། སྦྲུལ་ནག་མགོ་དགུ་རོལ་དུ་ཁྲིད་པ་ལ་གཏད་པ་ཁྲོལ་ཅིག །སྲིན་པོ་ནག་པོ་ཁལ་འགེལ་བ་ལ་གཏད་པ་ཁྲོལ་ཅིག །གདུག་པ་སྔགས་ཀྱིས་བཅིངས་པ་ཁྲོལ་ཅིག །བསད་པ་སྔགས་ཀྱིས་གཟིར་བ་ཁྲོལ་ཅིག །ཀླུ་བདུད་ནག་པོ་སྦྲུལ་གྱི་མཇུག་མ་ཅན་ལ་གཏད་པ་ཁྲོལ་ཅིག །གདུག་པ་སྔགས་ཀྱིས་བཅིངས་པ་ཁྲོལ་ཅིག །བསད་པ་སྔགས་ཀྱིས་གཟིར་བ་ཁྲོལ་ཅིག །ཀླུ་བཙན་ཞགས་པ་ཅན་ལ་གཏད་པ་ཁྲོལ་ཅིག །གདུག་པ་སྔགས་ཀྱིས་བཅིངས་པ་ཁྲོལ་ཅིག །བསད་པ་སྔགས་ཀྱིས་གཟིར་བ་ཁྲོལ་ཅིག །ཀླུ་བདུད་ནག་པོ་མཛེ་ཡི་ས་བོན་འདེབས་པ་ལ་གཏད་པ་ཁྲོལ་ཅིག །གདུག་པ་སྔགས་ཀྱིས་བཅིངས་པ་ཁྲོལ་ཅིག །བསད་པ་སྔགས་ཀྱིས་གཟིར་བ་


CMR043_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོལ་ཅིག །ཀླུ་བདུད་ནག་པོ་ལུས་ལ་མེ་འབར་མེའི་ཚྭ་ཚྭ་འཕྲོ་བ་ལ་གཏད་པ་ཁྲོལ་ཅིག །གདུག་པ་སྔགས་ཀྱིས་བཅིངས་པ་ཁྲོལ་ཅིག །བསད་པ་སྔགས་ཀྱིས་གཟིར་བ་ཁྲོལ་ཅིག །ཀླུ་བདུད་ནག་པོ་གིང་ཆེན་ལ་གཏད་པ་ཁྲོལ་ཅིག །གདུག་པ་སྔགས་ཀྱིས་བཅིངས་པ་ཁྲོལ་ཅིག །བསད་པ་སྔགས་ཀྱིས་གཟིར་བ་ཁྲོལ་ཅིག །བསྲུང་བྱའི་ལུས་ངག་ཡིད་གསུམ་ལ་གཏད་པ་ཁྲོལ་ཅིག །ཀླུ་རིགས་ཐམས་ཅད་ཀྱི་གཏད་པ་ཁྲོལ་ཅིག །ཀླུ་ཡི་རྒྱལ་པོ་ཚངས་པ་ལ་གཏད་པ་ཁྲོལ་ཅིག །ཀླུ་ཡི་རྒྱལ་པོ་ཚངས་ཆེན་ལ་གཏད་པ་ཁྲོལ་ཅིག །ཀླུ་ཡི་རྒྱལ་པོ་དབང་པོ་ལ་གཏད་པ་ཁྲོལ་ཅིག །ཀླུ་ཡི་རྒྱལ་པོ་ཉི་མའི་དབང་པོ་ལ་གཏད་པ་ཁྲོལ་ཅིག །ཀླུ་ཡི་རྒྱལ་པོ་རྒྱ་མཚོའི་བུ་ལ་གཏད་པ་ཁྲོལ་ཅིག །ཀླུ་ཡི་རྒྱལ་པོ་དུག་མེ་ལ་གཏད་པ་ཁྲོལ་ཅིག །ཀླུ་ཡི་རྒྱལ་པོ་མཚོ་ཆེན་ལ་གཏད་པ་ཁྲོལ་ཅིག །ཀླུ་ཡི་རྒྱལ་པོ་མཚོ་ཆེན་གྱི་བུ་ལ་གཏད་པ་ཁྲོལ་ཅིག །ཀླུ་ཡི་རྒྱལ་པོ་ཆུ་སྲིན་ལ་གཏད་པ་ཁྲོལ་ཅིག །ཀླུ་ཡི་རྒྱལ་པོ་ཉེར་དགའ་ལ་གཏད་པ་ཁྲོལ་ཅིག །ཀླུ་ཡི་རྒྱལ་པོ་མི་ཞུམ་པ་ལ་གཏད་པ་ཁྲོལ་ཅིག །ཀླུ་ཡི་རྒྱལ་པོ་མར་བལྟས་ན་མི་མཛེས་པ་ལ་གཏད་པ་


CMR043_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོལ་ཅིག །བསྲུང་བྱ་འདི་ཡི་ལུས་ངག་ཡིད་གསུམ། དབང་པོ་སྒོ་ལྔ། གཏད་རིགས་སུམ་བརྒྱ་དྲུག་ཅུ་ལ་གཏད་པ་ཁྲོལ་ཅིག །ཨོཾ་ཀ་ཡ་ཀ་ཡ། བཛྲ་ཚིན་ཚིན། ཤན་ཏི་ཤན་ཏི་ཤག་བྱེར།། མར་མར་སྟམྦྷ་ཡ་བྱེར། མོ་ཧ་ཡ་བྱེར། ཛམྦྷ་ཡ་བྱེར་བྱེར་ཟློག་ཟློག །ཅེས་མནན་པ་དང་བཅིངས་པ་གྲོལ་སྔགས་དང་། ཨོཾ་ཝཱཀ་ཡཀྵ་ཡ། བཛྲ་ཚིན་ཚིན། ཤན་ཏི་ཤན་ཏི་ཤག་བྱེར། མར་མར་སམྦྷ་ཡ་བྱེར། མོ་ཧ་ཡ་བྱེར། ཛམྦྷ་ཡ་བྱེར་ཡ་ཟློག་བྷྱོ༔ ཅེས་ངག་མནན་པ་དང་བཅིངས་པ་གྲོལ་སྔགས་དང་། ཨོཾ་ཙིཏྟ་དྷཀྵ་ཡ། བཛྲ་མ་ཧཱ་ཙ་དྷ། །ཤནྟི་ཤནྟི་ཤག་བྱེར། མར་མར་སྟམྦྷ་ཡ་བྱེར། མོ་ཧ་ཡ་བྱེར། ཛམྦྷ་ཡ་བྱེར་ཡ་ཟློག་ཟློག་བྷྱོ་བར་ཅེས་ཡིད་མནན་པ་དང་བཅིངས་པ་གྲོལ་སྔགས་དང་། བསྲུང་བྱ་འདིའི་ལུས་ངག་ཡིད་གསུམ་ཕ་རོལ་མི་དང་མི་མ་ཡིན་གྱི། མནན་པ་དང་། བཅིངས་པ་དང་། གཏད་སེལ་དུ་བཅུག་པ་ཐམས་ཅད་ཁྲོལ་ཅིག །ཧཱུྃ་ནཱ་ག་རཱ་ཙ་ས་མ་ཡ་ཛཿ ཤོག་ཤོག་ཁྲོལ་ཁྲོལ་ཆོད་ཆོད། བྱད་ཁྲོལ། ནཱ་ག་རཱ་ཙ་བྱད་ཁྲོལ་ཁྲོལ། ཅེས་བརྗོད་ཅིང་གྲིས་ཚོན་སྐུད་གཏུབ་ལ་ཁྲུས་ཆུ་ནང་དུ་དོར། ཀླུའི་བྱད་དུ་ཚུད་པ་ན། །ཞ་དང་གྲུམ་དང་འགྲོ་མི་ཤེས། །དེ་ལ་བྱད་གྲོལ་ཆོ་ག་དགོས། །ནད་པའི་


CMR043_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་ཚོན་སྐུད་དཀྲི། །ཚོན་སྐུད་གྲིས་བཅད་གཏོར་མར་བཅུག །ཀླུ་ཡི་ས་རུ་གཏོར་མ་དང་། །ཡང་གཅིག་དཀྱིལ་འཁོར་ས་ཚོན་བསྐྱལ། །བྱད་དུ་ཆུད་པ་གྲོལ་བར་འགྱུར། །བྱད་ཁྲོལ་བྱ་བའི་མན་ངག་གོ། ཞེས་ཨོཾ་རྒྱན་རིན་པོ་ཆེས་གསུངས་པའི་དོན་བསྡུས་ལག་ལེན་ཁྱེར་བདེ་བར་བཀོད་པ་ནི། ཀླུ་གཏོར་རྒྱས་པའི་བུ་ཡིག་ཏུ་བཀོད་པ་ཨ་རཱ་གས་སོ།། ཨྠྀི། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།