༄༅། །ཀུན་གཟིགས་དབྱངས་འཆར་ཆེན་མོ་ལས།སོ་ནམ་གཉའ་ཤིང་འཁོར་ལོ།
སོ་ནམ་འཁོར་ལོ་ཡུམ་ཁྱོན་ཉོན། །ཐོང་གཤོལ་གཉའ་ཤིང་བཅས་པ་བྲི། །སུརྱ་འཁྱུད་པའི་སྐར་མ་དེ། །ལྕགས་ཀྱི་རྩེ་ལ་གཉིས་བཀོད་ཏེ། །ས་ཐོང་གསུམ་ཡིན་མི་ཐོང་གསུམ། །འཆང་ཟུང་དག་ལ་གཉིས་ཡིན་ཏེ། །གཤོལ་མདའ་བཅུ་ལ་གཉའ་ཤིང་བརྒྱད། །ཟླ་སྐར་ལྕགས་རྩེ་གཉིས་ལ་སོངས། །བཙའ་ཡིས་ཁྱེར་བར་ཐེ་ཚོམ་མེད། །ས་ཐོང་གསུམ་ལ་སོང་བ་ན། །ལོ་ལེགས་འབྱུང་སྟེ་སྲོག་ཆགས་སྡང༌། །མི་ཐོང་འབྲུ་འཕེལ་ཤིན་ཏུ་ལེགས། །འཆང་ཟུང་ཆག་རུལ་ལོ་ནད་འབྱུང༌། །གཤོལ་མདའ་བཅུ་ལ་བཏང་སྙོམས་བྱེད། །གཉའ་ཤིང་ལོ་ལེགས་དགྲ་ཡིས་འཇོམས། །འདི་ནི་སོ་ནམ་འཁོར་ལོའོ། ། ༈ གཞན་ཡང་སོ་ནམ་འཁོར་ལོ་བཤད། །ཉི་མས་འཁྱུད་པའི་སྐར་མ་དེ། །ཏྲི་ཤུལ་དབུས་མའི་རྩེ་མོར་བཀོད། །དེ་ནས་རིམ་བཞིན་གཡས་
སྐོར་བཀོད། །ཟླ་བ་རྩེ་མོའི་གུང་ལ་སོང༌། །ལོ་ཐོག་རྒྱལ་པོ་རྣམ་པར་འཕེལ། །རྩ་བ་གསུམ་ལ་འབྲས་བུ་མེད། །བར་རྩིབས་བཞི་ལ་བཏང་སྙོམས་ཏེ། །ཡན་ལག་བཅུ་གཉིས་བདེ་ལེགས་བྱེད། །ཅེས་པ་སོ་ནམ་འཁོར་ལོའོ། །འདི་ནི་ཁ་ཆེའི་མན་ངག་གོ །ཏྲི་ཤུལ་འཁོར་ལོ།༈ གོས་ཀྱི་འཁོར་ལོ་བཤད་པར་བྱ། །གོས་ཀྱི་གཟུགས་ནི་ལེགས་བྲིས་ལ། །ཉི་སྐར་ནས་བརྩམས་གོང་བར་བདུན། །ཕུ་དུང་གཡས་གསུམ་གཡོན་ལ་གསུམ། །དེ་བཞིན་གོས་ཀྱི་རྒྱབ་ལ་བདུན།།མདུན་གཤམ་གཡས་དང་གཡོན་ལ་རེ། །གོས་ཀྱི་ཆ་གར་སྐར་མ་དྲུག།ཟླ་སྐར་གོང་བར་སོང་བ་ན། །གོང་མ་རྗེས་འཛིན་གོས་མང་ཐོབ། །ཕུ་དུང་གཡས་སོང་བཟའ་བཏུང་ཐོབ། །གཡོན་སོང་ཁ་སྨྲས་གྲི་མཚོན་འཁོར། །མདུན་གཤམ་གཡས་པར་ལོངས་སྤྱོད་གཏེར། །གཡོན་པར་དབུལ་འཕོངས་སྡུག་བསྔལ་བྱེད། །ཆ་གར་མ་ཟད་བར་དུ་ནི། །མྱ་ངན་བྲེལ་འཕོངས་བྱེས་སུ་འཁྱམས། །གོས་གསར་བཟོ་གྱོན་རྣམས་ཀྱི་དོན། །རྒྱལ་པོ་སོགས་ཀྱིས་བརྩི་བར་བྱ། །གཞན་དུ་མ་བཤད་རི་སྲས་མོ། །མངྒ་ལཾ།
༈ སྨན་དཔྱད་འཁོར་ལོ་ཡུམ་ཁྱོད་ཉོན། །སྨན་པ་སྨན་ཐུར་སྨན་ཕོར་དང༌། །ནད་པའི་གཟུགས་ནི་ལེགས་བྲིས་ལ། །ཉི་་་་སྐར་ནས་བརྩམས་སྨན་ཕོར་བདུན། །སྨན་ཐུར་བདུན་ལ་སྨན་ཕོར་བདུན། །ནད་པ་དག་ལ་བདུན་བྲིས་ཏེ། །ཟླ་བའི་སྐར་མ་གར་གནས་བརྟགས། །སྨན་པ་དག་ལ་སོང་བ་ན། །ནད་གཞི་ཆེ་ཞིང་སྨན་པ་དེ། །ཡུན་རིང་བརྟེན་པར་བཤད་པ་ཡིན། །སྨན་ཐུར་བདུན་ལ་སོང་བ་ན། །ནད་ནི་རིམ་གྱིས་འཚོ་བར་བཤད། །སྨན་ཕོར་ལ་ནི་ཟླ་སྐར་སོང༌། །སྨན་ནི་བདུད་རྩིར་འགྱུར་བ་སྟེ། །བསམ་པའི་དོན་འགྲུབ་མྱུར་བར་དྭངས། །ནད་ལས་གྲོལ་གྱུར་ཡིད་འདྲེན་མ། །ནད་པའི་བདུན་ལ་ཟླ་སྐར་སོང༌། །སྨན་ནི་དུག་ཏུ་འགྱུར་བར་བཤད། །ནད་མེད་ནད་འབྱུང་ནད་ཅན་འཆི། །ཤིན་ཏུ་ངན་པར་བཤད་པ་ཡིན། །ནད་པ་དག་གི་དོན་ཆེད་དུ། །མཚན་མ་མཁན་པོས་བརྩི་བར་བྱ། །འདི་ནི་སྨན་དཔྱད་འཁོར་ལོ་སྟེ། །གཞན་དུ་མ་བཤད་གངས་རིའི་བདག།མངྒ་ལཾ།
༈ གཞན་ཡང་སྲང་གི་འཁོར་ལོ་ཉོན། །སུརྱ་ཡིས་ནི་འཁྱུད་པ་ནས། །བརྩིས་སྟེ་སྲང་མདའ་དག་ལ་་་་་་བདུན། །སྲང་རྡོ་བདུན་ལ་སྲང་ཐག་བདུན། །སྲང་མཐིལ་བདུན་ལ་ལྷས་མཆོད་མ། །བུ་རམ་མར་སོགས་འདེགས་པའི་དུས། །ཟླ་སྐར་སྲང་མདའ་བདུན་ལ་སོང༌། །ཚུར་ལེན་བཟང་ཏེ་ཕར་འཇལ་ངན། །སྲང་རྡོ་བདུན་ལ་གཉིས་ཀ་འབྲིང༌། །སྲང་ཐག་བདུན་ལ་སོང་བ་ན། །འཇལ་ལེན་གཉིས་ཀ་ཤིན་ཏུ་བཟང༌། །སྲང་མཐིལ་བདུན་ལ་ཟླ་སྐར་སོང༌། །ལེན་པ་འབྲིང་ཡིན་འཇལ་བ་བཟང༌། །འདི་ནི་བྲེསྲང་འཁོར་ལོ་སྟེ། །ནས་འཇལ་མར་ཐུད་འདེགས་སོགས་ལ། །དུས་ཀྱི་འཁོར་ལོའི་སྦྱོར་བ་ཤེས། །མཁས་པ་དག་གིས་བརྩིས་ལ་སྨྲ། །བྲེ་སྲང་འཁོར་ལོ་འདི་ལྟ་བུ། །དཀར་མོ་ས་སྟེང་དག་ན་དཀོན། །གཞན་དུ་མ་བཤད་གངས་རིའི་བདག། ༈ བྲེ་ཡི་འཁོར་ལོ་བཙུན་མོ་ཉོན། །འབྲུ་སོགས་འཇལ་ལེན་བྱེད་པ་བཟང༌། །རི་ཤྲི་ཀ་ཡིས་འཁྱུད་པ་ནས། །བྲེ་ཡི་ཁ་ལ་སྐར་མ་བདུན།།ཕྱི་ལ་བདུན་དང་ནང་དུ་བདུན། །བྲེ་ཞབས་དག་ལ་བདུན་བྲིས་ཏེ། །ཟླ་སྐར་བྲེ་ཡི་ཁ་ལ་སོང༌། །ཤིན་ཏུ་བཟང་སྟེ་འབྲུ་མང་འདུ། །ཕྱི་ལ་ཟླ་སྐར་སོང་བ་ན། །འབྲུ་ནི་འདུ་བར་མི་འགྱུར་རོ། །གལ་ཏེ་འདུས་ན་དབང་ཕྱུག་ལ། །དགྲའམ་ཁ་སྨྲས་མེད་དུ་འཆོར། །ནང་གི་སྐར་མར་སོང་བ་ན། །འབྲུ་མང་བཀྲ་ཤིས་བསམ་པ་འགྲུབ། །བྲེ་ཞབས་བདུན་ལ་ཟླ་སྐར་སོང༌། །འབྲུ་བསྡུད་བཏང་སྙོམས་ཅན་དུ་འགྱུར། །དེ་ནི་བྲེ་ཡི་འཁོར་ལོ་ཡིན། །ནས་སོགས་ནང་བསྡུད་ཕྱི་ནས་ལེན། །དེ་ཚེ་མཁས་པས་བརྩི་བར་བྱ། །དགེའོ། །མངྒ་ལཾ། །