རིགས་འཛིན་པདྨ་གླིང་པས་ལྷོ་བྲག་སྨན་མདོའི་བྲག་ནས་སྤྱན་དྲངས་པའི་ཚེ་འཁྲིད་རྡོ་རྗེ་འཕྲེང་བའི་སྐོར།


GLG004_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་འཛིན་ཆེན་པོ་པདྨ་གླིང་པས་ལྷོ་བྲག་སྨན་མདོའི་བྲག་སེང་གེའི་གདོང་པ་ཅན་ནས་སྤྱན་དྲངས་པའི་ཚེ་འཁྲིད་རྡོ་རྗེ་འཕྲེང་བའི་སྐོར་ལ། རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་ཆོག་རྡོ་རྗེའི་རྒྱས་འདེབས་ཀྱི་སྟེང་ནས་འཇུག་པ་སྔོན་དུ་འགྲོ་བའི་མེ་ཏོག་འཕྲེང་བ། བུམ་ཐོད་མེ་ལོང་གསུམ་གྱིས་འགྱུར་མེད། འགག་མེད། ཡང་དག་གི་དབང་། གཏོར་མས་ཚེ་ཆོག་རིགས་ལྔ། ལྷ་དབང་སྐུ་འཕྲེང་བ་མན་ཤེལ་གྱི་སྐུ་གསུང་ཐུགས་དབང་མཐའ་རྟེན་རྫས་དབང་དང་བཅས་པ་སྨིན་རྒྱས་སུ་ནོས་ནས། ལུང་ལ། བདག་འདྲ་བུད་མེད་འཚོ་རྒྱལ་ངས༔ ཚེ་སྒྲུབ་བརྒྱ་སྟོང་བསམ་འདས་ཞུས༔ ཁ་ཚང་དོན་འདྲིལ་འདི་ལས་མེད༔ ཟབ་པའི་ནང་ནས་ཡང་ཟབ་བཅུད༔ འདི་འདྲའི་གདམས་པ་ཤིན་ཏུ་དཀོན༔ འདི་ཡི་ཆོས་རྣམས་འཆལ་དོགས་ནས༔ དཀར་ཆག་ཐེམས་ཡིག་བཀོད་པ་ནི༔ ཞེས་པ་ལྟར་ཁ་བྱང་དོན་གསལ་མེ་ལོང་། དེ་ལས་བྱུང་བའི་ཆོས་སྐོར་ལ། ཡིད་ཆེས་སྐྱེད་པ་ལོ་རྒྱུས། སྒྲུབ་ཆེན་དབང་དང་འབྲེལ་བ། དོན་འཁྲིད་ཉམས་ལེན། རྐྱེན་སེལ་ལས་ཕྲན། འཕྲོས་གཞིའི་རྒྱུད། ཐེམས་མེད་དང་དྲུག །དང་པོ་ནི། དགོངས་བརྒྱུད། བརྡ་བརྒྱུད། སྙན་བརྒྱུད། ཉམས་ལེན་བརྒྱུད། གྲུབ་ཐོབ་བརྒྱུད་དང་དྲུག་གིས་ཆེ་བ་བསྟན་པའི་ལོ་རྒྱུས་རིན་ཅེན་སྤུངས་པ། གཉིས་པ་སྒྲུབ་ཆེན་དབང་དང་འབྲེལ་བ་ལ། སློབ་དཔོན་སྐྱོན་ཡོན་བརྟག་པ་སོགས་ལས་རིམ་དགུས་བསྟན་པའི་ཚེའི་ཁོག་ཕུག་ཆེན་མོ། སྐྱབས་སེམས་སོགས་ལས་རིམ་བཅུ་བདུན་གྱིས་བསྟན་པའི་ཚེའི་ལས་བྱང་དགོས་འདོད་ཀུན་འབྱུང་། བགེགས་སྐྲོད་སོགས་ལས་རིམ་ལྔས་བསྟན་པའི་བུམ་སྒྲུབ་རིན་ཅེན་འཕྲེང་བ་ཚེ་ཟད་པའང་ལོ་བརྒྱར་ཐུབ་པ། གཞལ་ཡས་ཁང་བསྐྱེད་པ་སོགས་ལས་རིམ་བཞིས་


GLG004_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་འཆི་མེད་ཚེའི་མངོན་རྟོགས་རྡོ་རྗེའི་སྲོག་འཁོར། དྲི་ཟ་གྲུལ་བུམ་སོགས་ལས་རིམ་བཅུ་གསུམ་གྱིས་བསྟེན་པ་ཚེའི་ལས་བྱང་གི་ཕོ་ཉ་འགུགས་བྱེད་རྡོ་རྗེའི་འཕྲེང་བ། ལྷ་བསྐྱེད་པ་སོགས་ལས་རིམ་བཅུས་བསྟན་པ་བྱིན་འབེབས་འོད་ཀྱི་དྲ་བ། དུས་གནས་སོགས་ལས་རིམ་བཅུ་བཞིས་བསྟན་པ་དབང་ཆོག་རྡོ་རྗེའི་རྒྱས་འདེབས། ཚེའི་གཏའ་བསྡམས་པའི་མན་ངག་དང་འཆི་མེད་རྡོ་རྗེའི་རྒྱ་མདུད་བསྡམས་པར་ལས་རིམ་གཉིས། ཚེ་གཟན་བརྟག་པ་སོགས་ལས་རིམ་བཞིས་བསྟན་པ་པྲ་རྟགས་གསལ་བའི་མེ་ལོང་རྣམས། གསུམ་པ་དོན་འཁྲིད་ཉམས་ལེན་ལ། དལ་འབྱོར་རྙེད་དཀའ་སོགས་ལས་རིམ་བཅུ་གསུམ་གྱིས་བསྟན་པ་འཁྲིད་གཞུང་གསལ་བའི་མེ་ལོང་། ཕྱི་ནང་གསང་བ་ཡང་གསང་བླ་མེད་ཀྱི་ལས་རིམ་ལེའུ་ལྔས་བསྟན་པ་ཚེ་ལྷ་སྐུ་ལྔའི་སྒྲུབ་ཐབས། རིན་པོ་ཆེ་ཚེའི་གསང་རྒྱུད་དམ་འཆི་མེད་ཚེའི་བཏགས་གྲོལ་ལེའུ་ལྔ་པ་ལས་རིམ་དྲུག་གིས་བསྟན་པ་རྣམས། བཞི་པ་རྐྱེན་སེལ་ལས་ཕྲན་ལ། ཕྱི་ལྟར་བརྟག་པ་སོགས་ལས་རིམ་ལྔས་བསྟན་པ་འཆི་བ་བརྟག་པ་ཉི་མ་ལྟ་བུ། མདོས་ཀྱིས་བླུ་བ་སོགས་ལས་རིམ་དགུས་བསྟན་པའི་འཆི་བླུ། རྫས་ལྡུགས་པ་སོགས་ལས་རིམ་ལྔས་བསྟན་པ་བདུད་རྩི་རིལ་བུ་སྒྲུབ་པའམ་བཅུད་ལེན་གྱི་གདམས་པ། ཚེའི་འཁོར་ལོ་བྲི་བ་དང་དེའི་རབ་གནས་ལས་རིམ་གཉིས་ཀྱིས་བསྟན་པ། དུས་རྫས་སོགས་ལས་རིམ་དྲུག་གིས་བསྟན་པ་འཆི་མེད་ལས་བཞིའི་སྦྱིན་སྲེག །ལུས་དང་རྩ་སོགས་ལས་རིམ་བདུན་གྱིས་བསྟན་པ་འཆི་མེད་ཚེའི་རྩ་རླུང་ངམ་སྲོག་རྩོལ། རྫས་གསག་པ་སོགས་ལས་རིམ་དགུས་བསྟན་པ་ཁྲུས་ལུང་ཉོན་མོངས་ནད་སེལ་ལམ་ནད་བརྒྱ་སྨན་གཅིག་རྣམས། ལྔ་པ་འཕྲོས་གཞིའི་རྒྱུད་ནི། ཚེ་སྒྲུབ་རིན་པོ་ཆེ་གསང་བའི་རྒྱུད་དམ་འཆི་མེད་གསང་


GLG004_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཆེན་མོ་ཞེས་པ་ལེའུ་ཉི་ཤུ་རྩ་གསུམ་པ། དྲུག་པ་ཐེམས་མེད་ལ། ཚེ་སྒྲུབ་རྡོ་རྗེ་འཕྲེང་བའི་དབང་བཤད་ནོར་བུའི་འཕྲེང་བ་པདྨ་གླིང་པས་མེ་སྦྲུལ་སྤྲེལ་ཟླའི་ཚེས་བཅུ་བཞི་ལ་མ་ཎི་དགོན་དུ་མཛད་པ། སྒྲུབ་ཆེན་གྱི་ཚེ་ཞག་གྲངས་ཐེངས་ནས་དབང་བསྐུར་བའི་ཆོ་ག་འགྲོ་དོན་ཀུན་ཕན་གསང་རྒྱུད་ནས་བཏུས་ཤིང་རྒྱས་པར་བཀོད་པ། ཚེའི་སྒྲུབ་ཆེན་གྱི་རྒྱན་འགོད་ནོར་བུ་དགོས་འདོད་ཀུན་འབྱུང་དཀྱིལ་འཁོར་ཆེན་པོའི་རྒྱན་དུ་བཞུགས་པའི་མཐའ་ཅན། ཆོས་སྤྱོད་གཏེར་སྟོན་གྱི་མཛད་པ་ཆོས་དབྱིངས་རྣམ་དག་མ་རྣམས་ལེགས་པར་ཐོབ་པའི་དབང་དང་ཐེམས་ཅན་རྣམས་ཀྱི་ལུང་གི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཚེ་དཔག་མེད་རིགས་ལྔ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། ལྷ་ལྕམ་པདྨ་གསལ། རིགས་འཛིན་པདྨ་གླིང་པ། དེ་ལ་སྤྲུལ་སྐུ་མཆོག་ལྡན་མགོན་པོ་དང་སྔགས་འཆང་ཤཱཀྱ་བཟང་པོ་གཉིས་ཀྱིས་གསན། གཉིས་ཀ་ལ་རིག་འཛིན་ལེགས་ལྡན་རྡོ་རྗེ། འབྲི་གུང་གཏེར་སྟོན་རིན་ཅེན་ཕུན་ཚོགས། མཚུངས་མེད་བཀྲ་ཤིས་རྒྱ་མཚོ། དེ་སྲས་ཀུན་དགའ་ཚེ་མཆོག །དེ་དབོན་ཡེ་ཤེས་གྲུབ་པ། ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་གཏེར་སྟོན་ནས། རྗེ་ཀུན་དགའ་དཔལ་བཟང་། བཀྲ་ཤིས་རྒྱ་མཚོ་མན་འདྲ། ལུང་བརྒྱུད་ལུགས་གཅིག་ནི། དུ་མ་རང་གྲོལ་ནས། ཕ་ཇོ་གཞོན་ནུ་དོན་གྲུབ། དེ་ལ་རྩ་བའི་བླ་མས་གསན་ནོ། །ཐེམས་མེད་ཀྱི་ལུང་བརྒྱུད་ནི། གཏེར་སྟོན་ནས་ཆོས་རྗེ་རྣམ་གཉིས། བསྟན་འཛིན་གྲགས་པ། མདོ་སྔགས་བསྟན་འཛིན། འཕྲིན་ལས་ལྷུན་གྲུབ། རིག་འཛིན་གཏེར་བདག་གླིང་པ། དེས་བདག་ལའོ། །ཡང་ན་གཏེར་སྟོན་ནས། ཐུགས་


GLG004_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་ཟླ་བ་རྒྱལ་མཚན། བསྟན་འཛིན་གྲགས་པ་མན་འདྲ། ཡང་ན་བསྟན་འཛིན་གྲགས་པ་ནས། པདྨ་འཕྲིན་ལས། ཚུལ་ཁྲིམས་རྡོ་རྗེ། འཕྲིན་ལས་ལྷུན་གྲུབ་མན་གོང་ལྟར་རོ། །ཡང་ན་དབུ་མཛད་ཆེན་མོ་ལའང་པདྨ་འཕྲིན་ལས་ཀྱིས་གསན་ནོ། །གཏེར་སྟོན་པདྨ་གླིང་པས་བུམ་ཐང་སྐུ་རྗེས་བྲག་ནས། སྤྱན་དྲངས་པའི་ཚེ་སྒྲུབ་བསྡུས་པ་བདུད་རྩིའི་རྒྱ་མཚོ་འམ་ནོར་བུ་ལམ་ཁྱེར་དུ་གྲགས་པའི་སྐོར་ལ། རས་བྲིས་ཀྱི་དཀྱིལ་འཁོར་དུ་གསང་རྒྱུད་ནོར་བུ་ལམ་ཁྱེར་གྱི་ལེའུ་བཅུ་བཞི་པ་དང་གཏེར་སྟོན་གྱིས་མཛད་པའི་སྨིན་བྱེད་དབང་གི་བསྐུར་ཐབས་གཉིས་ཀྱི་སྟེང་ནས་འཇུག་པ་སྔོན་དུ་འགྲོ་བའི་ཅོད་པན། བུམ་པ། བདུད་རྩི། ཚེ་གཟན། བུམ་ཐོད། མར་མེ། རྡོར་དྲིལ། ཅོད་པན། འཕྲེང་བ། རིགས་ལྔ་རྣམས་ཀྱི་དབང་རྣམས་ལེགས་པར་ནོས། ལུང་ལ། འཆི་མེད་ཚེའི་གསང་རྒྱུད་ནོར་བུ་ལམ་འཁྱེར་རམ་རིན་ཅེན་གསང་རྒྱུད་དུ་གྲགས་པ་ལེའུ་བཅུ་བཞི་པ་ཞབས་ནས་ཅུང་ཟད་ཤོག་སེར་ལས་འབེབས་འཕྲོར་ལུས་པ། འགོར་བཅོམ་ལྡན་ཐོག་མའི་མགོན་པོ་ཞེས་ཡོད་པའི་ཚེ་འཁྲིད་ཀྱི་ལོ་རྒྱུས་དབང་གི་བཤད་པ་རྒྱ་རིམ་པ་བདུན་དང་བཅས་སྦས་པའི་མཐའ་ཅན། འགོར་སྐད་ཤན་སྦྱར་ཡོད་པའི་འཆི་བ་བརྟག་པ་ཉི་ཟླའི་རྒྱ་ཅན་ཞེས་པ་ཕྱི་ལྟར་བརྟག་པ་དེ་རྣམས་འཆི་བླུའི་བྱེ་བྲག་སོ་སོར་བྱའོའི་མཐའ་ཅན། ཐིག་ལེ་ཤེས་པ་སྣང་བ་གསུམ་ལ་བརྟེན་ནས་ནང་ལྟར་འཆི་བ་བརྟག་པ་རང་ཉིད་འཇིག་རྟེན་འདས་གྲབས་བྱའོའི་མཐའ་ཅན། གསང་བ་རང་གི་རིག་པའི་སྒོ་ནས་འཆི་བ་བརྟག་པ་འཆི་དུས་བྲོད་པ་སྐྱེ་བའི་མན་ངག་ཡིན་ཞེས་པའི་མཐའ་ཅན། བདག་གཞན་འཆི་བ་བསླུ་བའི་གདམས་པ་མུ་ཏིག་འཕྲེང་བ་བརྩོན་འགྲུས་བསྐྱེད་ལ་ཉམས་ལེན་རིམ་པར་མཛོད་ཀྱི་མཐའ་ཅན། འཆི་མེད་བདུད་རྩི་རྒྱ་མཚོའི་ནང་སྒྲུབ་ཟབ་པའི་མཐར་ཐུག་སྦ་བར་


GLG004_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོའི་མཐའ་ཅན། བསྙེན་སྒྲུབ་མཆོད་བསྟོད་ཀྱི་རིམ་པ་སོགས་ཉམས་ལེན་རྒྱུན་ཁྱེར་བསྟན་པ་བསྟོད་པར་བྱའོའི་མཐའ་ཅན། བླ་མ་དང་ཚེ་དཔག་མེད་སྦྲགས་མའི་སྒྲུབ་པ་ཚེ་འགུགས་རི་རྒྱལ་ལྷུན་པོ་མ་དང་བཅས་པ། དེའི་ཞབས་འཐུད་དབང་བཤད་དང་དབང་བསྐུར་བའི་ཆོ་ག་གཏེར་སྟོན་གྱི་མཛད་པ་ཐོད་པའི་དབང་བསྐུར་གྱི་ཐད་ནས་འཕྲོར་ལུས་པ་རྡོ་རྗེ་ཚེའི་འཁོར་ལོ་ཆེན་མོའི་བྲི་ཐབས་ཕྲད་ཤོག་གི་མཐའ་ཅན། གཏེར་སྟོན་གྱིས་མཛད་པའི་ཆོས་སྤྱོད་ན་མོ་ཆོས་དབྱིངས་མ། འགོར་རིག་འཛིན་པདྨ་གླིང་པའི་དྲུང་དུ་ཞེས་ཡོད་པའི་དབང་ཁྲིད་ཕྱག་བཞེས་ཀྱི་ཟིན་བྲིས་དང་བཅས་པ་རྣམས། འདིའི་ཆོས་སྐོར་མ་ཚང་བ་ཐོར་བུ་དང་དེ་ལ་ཁ་སྐོང་སོགས་ཀྱང་མི་འདུག་པས་དར་སོ་ཆུང་བའི་སྐྱོན་དང་ནོར་བུ་ལམ་ཁྱེར་ཞེས་པ་རྒྱུད་ཀྱི་མཚན་ཡིན་ལ། ཆོས་ཚན་དམངས་མར་བདུད་རྩི་རྒྱ་མཚོ་ཟེར་དགོས་པ་གཏེར་བྱང་ལས། ལས་འཕྲོའི་དབང་གིས་ཨྱོན་གཏེར་དང་མཇལ། ཁྱད་པར་ཚེ་སྒྲུབ་བདུད་རྩི་རྒྱ་མཚོ་རྙེད། །ཅེས་པས་ཤེས་ནུས་ཤིང་། དབང་གི་ཞབས་མ་ཚང་བ་དྲི་མེད་གླིང་པའི་རིན་ཆེན་འོད་དྲ་ནས་བླང་ཆོག་ཅེས་གཏེར་སྟོན་གྱིས་གསུངས་པར་སྣང་ངོ་། །དེ་ལྟ་བུའི་དབང་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཚེ་དཔག་མེད་རིགས་ལྔ། པདྨ་ཐོད་འཕྲེང་། འཚོ་རྒྱལ། པདྨ་གསལ། རིག་འཛིན་པདྨ་གླིང་པ། ཆོས་རྗེ་རྣམ་གཉིས། བསྟན་འཛིན་གྲགས་པ། པདྨ་འཕྲིན་ལས། སྤྲུལ་སྐུ་ཚུལ་ཁྲིམས་རྡོ་རྗེ། རིག་འཛིན་འཕྲིན་ལས་ལྷུན་གྲུབ། གཏེར་སྟོན་འགྱུར་མེད་རྡོ་རྗེ། དེས་བདག་ཟ་ཧོར་བནྡེ་ལའོ། །སྤྲུལ་སྐུ་པདྨ་གླིང་པས་བུམ་ཐང་སྟེང་གི་བྲག་རི་མོ་ཅན་ཟངས་ཕུག་རྡོ་རྗེ་ར་བ་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་མུན་སེལ་སྒྲོན་མེའི་སྐོར་ལ་ཐོག་མར་རས་བྲིས་


GLG004_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དཀྱིལ་འཁོར་དུ། དབང་ཆོག་རེག་པ་དོན་ལྡན་གཏེར་སྟོན་གྱིས་མཛད་པའི་དབང་གི་ལྷན་ཐབས་རིག་རྩལ་དབང་ཆོག་བཅས་པའི་སྟེང་ནས། འཇུག་པ་སྔོན་དུ་འགྲོ་བའི་བུམ་པ། བདུད་རྩི། མེ་ལོང་ལ་བརྟེན་ནས་ཕྱི་ནང་གསང་བའི་དབང་། ལྷ་དབང་། ཡི་གེ་འབྲུ་གསུམ་དང་བདུན་གྱི་དབང་། གཏོར་དབང་། རིག་པའི་རྩལ་དབང་དང་བཅས་པ་ལེགས་པར་ནོས་ནས། རྒྱབ་རྟེན་ལུང་ལ། ལོ་རྒྱུས་རྣམ་ཐར། རྒྱུད་དབང་སྒྲུབ་ཐབས། ཐུགས་འཁྲིད་རྒྱབ་ཆོས། མན་ངག་འབྲུལ་ཚོ། སྐྱེ་བདུན་རིལ་བུའི་ཕན་ཡོན་ཕྱག་བཞིས་ཟིན་བྲིས། ཞི་དྲག་གི་ལས་སྣ་ཚོགས་པ། བཀའ་སྲུང་དང་བདུན། དང་པོ་ལ། སངས་རྒྱས་དགོངས་བརྒྱུད། བྱང་སེམས་ཐུགས་རྗེའི་བརྒྱུད། གང་ཟག་སྙན་ཁུང་བརྒྱུད། དགོས་ཆེད་དོན་གྱི་ཉམས་ལེན་བརྒྱུད། ལུང་བསྟན་གཏད་རྒྱ་བརྒྱུད་པ་དང་བཅས་པ་ལྔའི་སྒོ་ནས་ཡིད་ཆེས་ཤིང་ཁུངས་བཙུན་པར་བྱེད་པ་ལོ་རྒྱུས་སྟོང་ཐུན་རིན་ཅེན་འཕྲེང་བ། རྒྱལ་སྲས་མི་ཏྲ་རྣལ་འབྱོར་པའི་རྣམ་པར་ཐར་པ་ཟབ་མོ་བསྟན་པའི་སྒྲོན་མེ་དཔལ་དང་ལྡན་པར་ཤོག་ཅིག་གིས་མཐའ་ཅན། ཨྱོན་རྒྱལ་པོ་དྷརྨ་གརྟིས་སློབ་དཔོན་ཆེན་པོ་རང་གི་སྲས་སུ་མངའ་གསོལ་བའི་དུས་སྔོན་ཚེ་མ་ཎི་བགྲངས་པའི་ཕན་ཡོན་ལས་འཕྲོས་པའི་རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་སྐྱེ་རབས་རྫོགས་སོའི་མཐའ་ཅན་རྣམས། གཉིས་པ་རྒྱུད་དབང་སྒྲུབ་ཐབས་ལ། ཐུགས་རྗེ་ཆེན་པོ་ཐམས་ཅད་ཀྱི་ཡང་སྙིང་འདུས་པ་ཡེ་ཤེས་རིག་པ་མཆོག་གི་རྒྱུད་ལེའུ་བདུན་པ་ཨྱོན་མཁན་པོ་པདྨ་འབྱུང་གནས་ཀྱིས་མཁོ་མཐིང་ལྷ་ཁང་དུ་སྒྲ་རང་འགྱུར་དུ་བསྒྱུར་བ། ཐུགས་རྗེ་ཆེན་པོ་ཡང་སྙིང་བསྡུས་པའི་བསྙེན་སྒྲུབ་དབང་བསྐུར་དོན་བདུན་གྱིས་བསྟན་པ་རེག་པ་དོན་ལྡན། ཐུགས་རྗེ་ཆེན་པོའི་དབང་ཆོག་གི་ཀུན་འགེབས་པུཎྜ་རི་ཀའི་འཕྲེང་བ་པདྨ་


GLG004_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་པས་ས་སྦྲུལ་སྤྲེའུའི་ཟླ་བ་ལ་བདེ་ཆེན་གླིང་དུ་སྦྱར་བ། དེས་མཛད་པའི་དབང་གི་སྐབས་ཀྱི་གསོལ་འདེབས་མ་ཎི་གནས་འདྲེན་མ། དེས་ཁོལ་དུ་ཕྱུང་བའི་དབང་ཙག་གི་རྒྱབ་ཡིག་ཆོས་སྐུ་དམིགས་མེད་མ། ཡང་སྙིང་འདུས་པའི་རྩ་བའི་རྒྱུད་ཀྱི་དོན་རིག་པའི་རྩལ་དབང་། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་བསྙེན་བསྒྲུབ་གཞུང་སྲོང་ལས་བྱང་གི་རིམ་པ་དོན་བདུན་གྱིས་བསྟན་པ་པདྨ་སཾ་བྷ་ཝས་སྦྱར་བ་རྫོགས་བྱང་གི་མཐའ་ཅན། སྨན་རག་གཏོར་གསུམ་གྱི་བྱིན་རླབས་ངོ་མཚར་རྨད་བྱུང་མ། ཡང་སྙིང་འདུས་པའི་རྩ་བའི་སྒྲུབ་ཐབས་གཙུག་གི་ནོར་བུ་དོན་གསུམ་གྱིས་བསྟན་པ་ཨྱོན་མཁན་པོ་ལྷོ་བྲག་མཁར་ཆུ་དཔལ་གྱི་ཕུག་རིང་དུ་སྦྱར་བ་ཆོ་ག་ཀུན་འགེབས་གཏོར་མ་ཆ་གསུམ་ཨྱོན་པདྨ་བདག་གིས་ལེགས་པར་བསྒྲིགས་པ་རྣམས། གསུམ་པ་ཐུགས་འཁྲིད་རྒྱབ་ཆོས་ལ། ཐུགས་རྗེ་ཆེན་པོ་ཡང་ཟབ་གནད་ཀྱི་ལེའུ་བརྒྱ་རྩ་བརྒྱད་པ་ལས་བྱུང་བའི་ཁྲོམ་ཆོས་འགྲོ་དོན་ཀུན་ཁྱབ་ལེའུ་བཞི་པ། སྔོན་འགྲོ་ཆོས་སྤྱོད་ཀྱི་རིམ་པ་བདག་དང་རིགས་དྲུག་མ། ཡང་སྙིང་འདུས་པའི་ཐུགས་འཁྲིད་ཆེན་མོ་ཡེ་ཤེས་རིག་པ་མཆོག་གི་གསང་རྒྱུད་ཀྱི་བཅུད་སྤྱི་དོན་བདུན་པ་ཡང་ཟབ་གནད་ཀྱི་ལེའུ་བརྒྱ་རྩ་བརྒྱད་པ་ལས་འཁྲིད་རྒྱབ་རྣལ་འབྱོར་ཉི་ཤུ་པ་ཞེས་པ་ལེའུ་ཉི་ཤུ་པ། ལེའུ་བརྒྱ་རྩ་བརྒྱད་པའི་སྐོར་འདི་རྣམས་ཀུ་རེ་ལུང་གི་རི་མོ་རྒྱན་ནས་བཏོན་ནོ། །བོད་ཀྱི་ཆོས་པ་རྣམས་ཀྱིས་མཛད་སྤྱོད་དང་ཕྱི་ནང་གསང་བའི་དུས་ཀྱི་འགྱུར་ལ་དགོངས་ནས་གཏེར་སྟོན་གྱིས་མཛད་པའི་བསླབ་བཏུས་ལེའུ་བདུན་པ་ཡང་ཟབ་གནད་ཀྱི་རྒྱབ་ཆོས། དེས་གང་ཟག་བློ་ཆུང་གི་དོན་དུ་མཛད་པའི་སྤྱན་རས་གཟིགས་ཕྱག་བཞི་པའི་རྣལ་འབྱོར་སྒོམ་རིམ་རྣམས། བཞི་པ་མན་ངག་འབྲུལ་ཚོ་དགོས་པ་ཀུན་འབྱུང་


GLG004_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནང་གསེས་ཀྱི་སྐྱེ་བདུན་སྒྲུབ་པ། རྡོ་རྗེ་སེམས་དཔའི་ཐུགས་སྒྲུབ། མི་ཆེན་དབང་སྡུད། ལམ་བསྲུང་། གྲིབ་སེལ། ཁྲོམ་གསེབ་ཏུ་མགོ་འདོན་པ། འགོ་ནད་དང་། མཚོན་བསྲུང་། ལས་རྒྱར་མཁའ་འགྲོ་སྒྲུབ་པ། ལྷ་སྲིན་ཁ་འཆིང་། སྡེ་བརྒྱད་དྲག་ལས། དུག་འཇོམས་བདུད་རྩིའི་ཆུ་རྒྱུན། རྟེན་གསུམ་བཞེང་ཐབས་རབ་གནས་དང་བཅས་པ་རྣམས། ལྔ་པ་སྐྱེ་བདུན་ཕན་ཡོན་ཕྱག་བཞེས་ཟིན་བྲིས་ལ། དམ་རྫས་ཀྱི་དཀར་ཆག་ཕན་ཡོན་སྦ་བའི་གནས་འདོན་པའི་དུས་འདོན་པ་པོ་རྣམས་སྟོན་པའི་སྐྱེ་བདུན་ཨ་མའི་ཕན་ཡོན་ལེའུ་ལྔ་པ། སྐྱེ་བདུན་ཤའི་ལོ་རྒྱུས་བྱི་ལོ་ཀུན་བཟང་གླིང་དུ་གཏེར་སྟོན་གྱིས་མཛད་པ། སྐྱེ་བདུན་ཤ་སྦྱོར་སྐབས་དང་མཇུག་ཏུ་འཕེལ་ཆེ་ཆུང་ཚད་མཇལ་བ་སོགས་གཏེར་སྟོན་གྱི་ཕྱག་ལེན་མ་ནོར་བ་ཟིན་བྲིས་སུ་བཀོད་པ། སྐྱེ་བདུན་སྦྱོར་ཐབས་གཏེར་སྟོན་གྱི་ཕྱག་ལེན་བཞིན་ལ་ཡག་ཆོས་རྗེ་རྒྱལ་བ་དོན་གྲུབ་གྱིས་མཛད་པ། འདིའི་འོག་ཏུ་དེས་མཛད་པའི་སྨན་ཁྲོམ་བུའི་སྒྲུབ་ཡིག་དཔེ་མ་འབྱོར་བས་མ་ཐོབ། ཤ་རིལ་བྱིན་འབེབས་བདུད་རྩིའི་སྒྲུབ་པ་ཕྱི་ནང་གསང་གསུམ་ལས་ཁོལ་དུ་ཕྱུང་བའི་རིག་འཛིན་བསྐལ་པ། གཏེར་སྟོན་གཞན་དོན་ལ་མི་ཐེགས་གོང་འབྲུག་ལོར་ནང་སོ་རྒྱལ་བ་དོན་གྲུབ་ཀྱིས་ཡིག་སྣའི་དོགས་གཅོད་ཞུས་པའི་ལན་རྣམས། དྲུག་པ་ཞི་རྒྱས་ཀྱི་ལས་སྣ་ཚོགས་ལ། སྲེག་པ་ཕྱི་ནང་གསང་གསུམ་ལ་ཕྱི་རོ་སྲེག །ནང་དགྲ་བགེགས་སྲེག་པ། གསང་བ་རང་གི་རོ་སྲེག་པ། འདི་གཞན་དུ་ཁ་འཕངས་པ། བསྲུང་བ་གསུམ་ལ་ཕྱི་སེར་བ། ནང་ཤྭ་བུང་། གསང་བ་རླུང་དམར་བསྲུང་བ། འབེབས་པ་གསུམ་ལ་ཕྱི་ཆར་པ། ནང་སྲིད། གསང་བ་ཕྲ་འབེབས་པ། བདུད་རྩིའི་སྒྲུབ་པ་གསུམ་ལ་ཕྱི་ལག་མཆོད། ནང་སྨན། གསང་བ་ཐིག་ལེ་སྒྲུབ་པ། བམ་སྒྲུབ་གསུམ་ལ་ཕྱི་རོའི་བམ། ནང་ཤ་སྣ།


GLG004_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་སྐྱེ་བདུན་སྒྲུབ་པ། མིག་སྨན་གྱི་གདམས་པ་མནན་པ་གསུམ་ལ་ཕྱི་རྒྱལ་འགོང་། ནང་བསེན་མོ། གསང་བ་ཐེའུ་རང་། གསད་པ་གསུམ་ལ་ཕྱི་བསྟན་དགྲ་གསད་པ། ནང་ཟོར་གྱིས་གསད་པ། གསང་བ་ཤིག་གསད་པ་རྣམས། བདུན་པ་བཀའ་སྲུང་ལ། བལ་མོ་འཕུང་བདག་སྲོག་རླུང་དམར་ནག་གི་དྲག་ལས་ཕྲད་ཤོག་གི་མཐའ་ཅན། བདུད་བཙན་ཁྱུང་བདུད་ལྕམ་བྲལ་གྱི་སྒྲུབ་ཐབས་ཡང་ཡང་ཕབ་པས་ཕེབས་སོའི་མཐའ་ཅན། རིན་ཅེན་གཏེར་བདག་ནག་པོ་བདུད་ཕོ་ཟོ་ར་ར་སྐྱེས་ཀྱི་སྒྲུབ་ཐབས་བསྟན་པ་བསྲུང་བའི་ལྕགས་རིང་ཤོག་གི་མཐའ་ཅན་རྣམས་ཀྱི་དབང་ལུང་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། པདྨ་འབྱུང་གནས། མཁར་ཆེན་བཟའ། པདྨ་གསལ། པདྨ་གླིང་པ། ཆོས་རྗེ་རྣམ་གཉིས། བསྟན་འཛིན་གྲགས་པ། མདོ་སྔགས་བསྟན་འཛིན་བཟང་པོ། དེ་སྲས་འཕྲིན་ལས་ལྷུན་གྲུབ། རྩ་བའི་བླ་མ་འགྱུར་མེད་རྡོ་རྗེ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་བསྟན་འཛིན་གྲགས་པ་དང་གྲུབ་པ་ཀུན་འདུས་གཉིས་ཀ་ལ་པདྨ་འཕྲིན་ལས། དེ་ནས་གསུང་སྤྲུལ་ཚུལ་རྡོར། རྗེ་འཕྲིན་ལས་ལྷུན་གྲུབ་མན་འདྲ། འདིའི་མཚན་ལ་མུན་སེལ་སྒྲོན་མེ། ཡང་ཤིང་འདུས་པ། ཡེ་ཤེས་འོད་མཆོག །རྒྱལ་བ་རྒྱ་མཚོ་སོགས་མང་བར་འདུག་པ་གཏེར་ཁ་གཞན་དང་འཁྲུལ་པར་མི་བྱའོ། །སློབ་དཔོན་ཆེན་པོ་པདྨ་ངན་ལམ་རྒྱལ་བ་མཆོག་དབྱངས་ལ་གཏད་པའི་རྟ་མགྲིན་དམར་པོའི་སྐོར་ལྷོ་བྲག་སྨན་མདོའི་བྲག་ལ་སྦས་པ་སྤྲུལ་སྐུ་པདྨ་གླིང་པས་གདན་དྲངས་པ་ལ། སྨིན་བྱེད་ནི་རྟ་མགྲིན་ཡང་གསང་བླ་མེད་དམ་རྟ་ནག་ལྷ་ལྔ་གང་རུང་གི་དབང་བྱ་བ་ལས་འདིར་ལོགས་སུ་མེད་ཅིང་སྤྲོས་པ་ལ་མི་དགའ་ན་བར་ཆད་མེད་པ་གཏོར་མའི་དབང་གིས་ཀྱང་གོ་ཆོད། ལུང་ལ། རྟ་མགྲིན་


GLG004_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བོ་གཅིག་པ་ཡབ་ཡུམ་གྱི་སྒྲུབ་ཐབས་མན་ངག་གནང་བའོའི་མཐའ་ཅན། ཕྱི་རྟ་ཐོད་ལྷ་ཞལ་ལ་བརྟེན་ནས་དྲེགས་པ་ཅན་ཐམས་ཅད་དབང་དུ་བསྡུ་ཞིང་སྲོག་འཕྲོག་པ། ནང་ཐོད་པ་ལྷ་ཞལ་ལ་བརྟེན་ནས་རང་ལུས་ལྷར་བསྒོམ་པ། གསང་བ་འཁོར་ལོ་ལྷ་ཞལ་ལ་བརྟེན་ནས་དགྲ་བགེགས་ཚར་གཅོད་པ། རྟ་ཐོད་ཅན་གྱི་ཁ་སྐོང་ཡང་གསང་པདྨ་དབང་ཆེན་དྲེགས་པ་ཟིལ་གནོན་དུ་སྒྲུབ་པ་རྒྱལ་བ་མཆོག་དབྱངས་ཀྱིས་བསྒྲུབས་ཏེ་གྲུབ་པ་ཐོབ་པ། དཔལ་རྟ་མགྲིན་གྱི་གསད་ཐབས་དགུའི་མན་ངག་སྦས་པའི་འཕྱོང་དུ་བཞག་པ་ལ་ནང་གསེས་ཀྱི་བསྙེན་ཐུན། དུག་ཐུན། བསྐུལ། དཔལ་གྱི་འཛིན་གཏོར། མ་མོའི་རྒྱུན་གཏོར། གིང་གི་མགྱོགས་གཏོར། དཔལ་གྱི་གིང་ཕུར། དྲག་སྔགས་ཀྱི་མདའ། གྲོགས་ཀྱི་མཛད་བརྡུངས་ཀྱིས་གསད་བ་སྟེ་དགུ །དཔལ་གྱི་ཕོ་ཉ་ལས་བྱེད་བསྐུལ་བ་སྟོང་གསུམ་སྟོང་ཆེན་མ། སྔགས་སྲུང་ལྕམ་དྲལ་གྱི་ལས་ཀྱི་མདེ་ཁ་ཉེར་གཅིག་ལ་ནང་གསེས་ཀྱི་སྙིང་ཐུན། དྲག་སྔགས་ཡུངས་ཀར་གྱི་འབྲུབ་ཁུང་དམར་ནག་ཏུ་གསད་པ། ཐུན་སྔགས་དང་ཐུན་གྱིས་གསད་པ། ལྟས་ངན་དང་རྨི་ལམ་ངན་པ་འབེབས་པ། སྨྱོ་བོག་གཏོང་བ། སེར་བ། ཐོག །ཆར་པ་འབེབས་པ། ཐོག་སེར་ཁ་ཆར་གཅོད་པ། རྦོད་གཏོང་། རྨི་ལྟས་ངན་པ། འཆི་བ་བཟློག་པ། ཚེ་བསྲིང་བ། ལོངས་སྤྱོད་དང་། རིགས་བརྒྱུད་སྤེལ་བ། རྦོད་གཏོང་བཟློག་པ་ལུགས་གཅིག །ངག་མནན། ངག་འགྲོལ། གཏད། ཤུག་སྒྲོལ། ཇག་འཆིང་། ལྷ་དབྱེ། དགྲ་ནང་འགྲས་པར་བྱ་བ། དགྲ་བགེགས་དབང་སྡུད། སེལ་བྱེད་པ་རྣམས་ལས་རྨི་ལམ་ངན་པ་འབེབས་པ་ཡན་གཅིག་ཏུ་བྱས་ན་ཉེར་གཅིག་ཏུ་བྱས་ན་ཉེར་གཅིག་དང་སོ་སོར་བྱས་ན་ཉེར་ལྔའོ། །གསན་ཡིག་ན་འདི་ལྟར་སྣང་ཡང་གཞུང་དུ་འབྲུབ་ཁུང་དམར་ནག་ཏུ་གསོད་པ་དང་ཤུག་སྒྲོལ་གཉིས་འདུག་པ་ཟུར་དུ་བརྩིས་ན་ཉི་ཤུ་རྩ་བདུན་འབྱུང་བ་གཉིས་


GLG004_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཁོངས་སུ་བསྡུ་རྒྱུ་ཡིན་འདྲ་སྙམ། གཏོར་མའི་ལས་ཚོགས་ཉི་ཤུ་རྩ་གཅིག་ནང་གསེས་དང་པོ་རྟག་གཏོར་རྒྱུན་གཏོར་བཅས་ནས་བྱིན་རླབས་སྒྲུབ་མཆོད་བསྟོད་པ་སྨོན་ལམ་བྱ་བ་ཀུན་གྱི་གཞི་བཅས། ཁ་བསྒྱུར་གཏར་བཟུང་བ། དགྲ་འདྲེར་སྒྲུབ། བཟློག་པ་མནན་པ། ཟོར། སྦྱིན་སྲེག །བྱ་བ་ཆོག །དབང་བསྐུར། དངོས་གྲུབ། ཚེ་སྒྲུབ། རིགས་བརྒྱུད། ནོར། སྒྲུབ། སྲེའུ་གསོ་བ། ལྷ་འདྲེ་མི་གསུམ་དབང་སྡུད། འབྱུང་བ་དབང་སྡུད། སེར་བ། ཆུ་དགྲ །མེ་དགྲ། རིམས་ནད། འདྲེ་གདོན་བཟློག་པ་རྣམས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་ཡབ་ཡུམ། ལོངས་སྐུ་སྣང་བ་མཐའ་ཡས། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། རྒྱལ་པོ་ཁྲི་སྲོང་ལྡེ་བཙན། ངན་ལམ་རྒྱལ་བ་མཆོག་དབྱངས། གཏེར་སྟོན་པདྨ་གླིང་པ། མཁན་ཆེན་ཚུལ་ཁྲིམས་དཔལ་འབྱོར། ལ་ཡག་རྒྱལ་བ་དོན་གྲུབ། རྗེ་སྣ་ཚོགས་རང་གྲོལ། སྔགས་འཆང་ཀུན་དགའ་རྡོ་རྗེ། མཚུངས་མེད་མདོ་སྔགས་བསྟན་འཛིན། གྲུབ་བརྙེས་འཕྲིན་ལས་ལྷུན་གྲུབ། གཏེར་སྟོན་གཏེར་བདག་གླིང་པ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་ཆོས་རྗེ་རྣམ་གཉིས་ནས། བསྟན་འཛིན་གྲགས་པ། དབུ་མཛད་དང་བསྟན་འཛིན་གྲགས་པ་གཉིས་ཀ་ལ་གདུང་བརྒྱུད་པདྨ་འཕྲིན་ལས། སྤྲུལ་སྐུ་ཚུལ་ཁྲིམས་རྡོ་རྗེ། འཕྲིན་ལས་ལྷུན་གྲུབ་མན་གོང་བཞིན་ནོ། །ལོ་རྒྱུས་ལས། ཞི་བས་མི་ཐུལ་དྲག་པོས་འདུལ་བའི་དུས༔ ང་ཡི་ཐུགས་སྲས་པད་གླིང་ཕྲད་པར་ཤོག༔ འདི་ནི་གཞན་དང་མི་འདྲ་རྣོ་ནུས་ལྡན༔ རྟ་མགྲིན་ཀུན་གྱི་བཅུད་ཡིན་སྤེལ་བར་ཕངས༔ སྐལ་ལྡན་ལྔ་བདུན་མིན་པ་མ་སྤེལ་ཞིག༔ སྒོ་གསུམ་གུས་དང་ལྡན་པ་འགའ་ལ་སྦྱིན༔ ཞེས་རྟ་མགྲིན་ནག་པོ་ལྕགས་རལ་ཅན་ལྷ་ལྔའི་སྐོར་རྟ་ནག་དཔའ་གཅིག་དང་བཅས་པ་རྗེ་


GLG004_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

འབངས་གཞན་ལ་མ་བསྟན་པར་མཁར་ཆེན་བཟར་གནང་ནས་རྟ་མགྲིན་ལྷ་ལྔ་ཡར་འབྲོག་གི་བྲག་དམར་པོ་དོ་པོ་གནམ་ལྕགས་བྲག་ལ་སྦས་པ་སྤྲུལ་སྐུ་པདྨ་གླིང་པས་སྤྱན་དྲངས་པའི་སྐོར་ལ། རས་བྲིས་ཀྱི་དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་འགྲོ་བའི་མེ་ཏོག་འཕྲེང་བ། བུམ་པ་ལ་བརྟེན་ནས་དབང་བཞི། ལྷ་དབང་། བདུད་རྩིས་སྐུ་གསུམ་དབྱེར་མེད་ཀྱི་དབང་། མེ་ལོང་གིས་ལྟ་སྒོམ་སྤྱོད་འབྲས་ཡེ་གྲུབ་ཀྱི་དབང་། གཏོར་མས་གཞི་ལམ་འབྲས་གསུམ་གྱི་དབང་། འགྲོ་བ་རྗེས་འཛིན་དགེ་བའི་བཤེས་གཉེན་གྱི་དབང་། པོ་ཏི་གླེགས་བམ་རིག་པའི་རྩལ་དབང་། བླ་ན་མེད་པའི་དབང་རྣམས་ནོས་ནས། ལུང་ལ། རྟ་ཕག་གིས་རུ་ཏྲ་བཏུལ་བའི་ཚེ་རྟ་མགྲིན་རིགས་ལྔས་དུག་ལྔ་བསྒྲལ་བ་ལ་བརྟེན་ནས་ལྷ་ལྔ་བྱུང་བའི་རྒྱུ་མཚན་སོགས་བསྟན་པ་སྒོ་གསུམ་མཉེས་གསུམ་བྱེད་ན་དེ་ལ་བྱིན་ཞེས་པའི་མཐའ་ཅན། དྲག་པོ་ལྷ་ལྔའི་ལས་བྱང་ཚོགས་མཆོད་དང་བཅས་པ་སྐུ་ལྔ་ལྷུན་གྲུབ་ཐོབ་པར་ཤོག་གི་མཐའ་ཅན། བདེ་གཤེགས་གཅིག་དྲིལ་རྟ་མཆོག་དྲེགས་པ་སྲོག་འཕྲོག་ལྷ་ལྔའི་སྒོ་ནས་སློབ་བུ་སྨིན་བྱེད་དབང་གི་ཆོ་ག །ཐུགས་རྗེ་ཁྲོས་པ་རྟ་མཆོག་དྲེགས་པ་སྲོག་འཕྲོག་ནག་པོ་ལྷ་ལྔའི་སྒྲུབ་ཐབས་རྩ་བ་ལས་བྱང་བཞིན་དུ་བྱའི་མཐའ་ཅན། ལས་ཚོགས་ཀྱི་རིམ་པ་ལ། སྲིའུ་གསོ་བ། འཁོར་ལོ་རྫས་རིལ་བུར་བརྟེན་ནས་བདག་གཞན་བསྲུང་བ་ནང་གསེས་ཁ་བསྒྱུར་ལ། སྲིའུ་གསོ་བ། ཤྭ་བཟློག །ཆར་འབེབས། སེར་བསྲུང་། ཀླུ་འདུལ། ཧོམ་ཟོར། སྦྱིན་སྲེག །གཏོར་མ། མནན་པ། རབས་གཅོད། སྨྱོ་འདུལ། དམེ་འཐབ་དྲེགས་པ་ལས་ལ་བཀོལ་བ་སོགས་གང་འདོད་བྱ་བ། ནད་གདོན་སྡིག་སྒྲིབ་དག་བྱེད་ཁྲུས། མི་མཐུན་ཞི་བའི་སྦྱིན་སྲེག །འབྱོར་དྲུག་རྒྱས་པའི་སྦྱིན་སྲེག་ཁམས་གསུམ་དབང་སྡུད་སྦྱིན་སྲེག །གསད་པ་དྲག་པོའི་སྦྱིན་སྲེག །འདྲེ་གདོན་སྨྱོ་


GLG004_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

བོག་གཟིར་བ། དགྲ་བགེགས་མནན་པ། སེར་འབེབས། དགྲ་ལ་སྦྱར་དུག་གཏོང་བ། ཕས་ཀྱི་རྦོད་གཏོང་བཟློག་པ་རྣམས་དང་། ལྷོ་བྲག་སྨན་མདོའི་བྲག་ནས་སྤྱན་དྲངས་པའི་རྟ་མགྲིན་ནག་པོ་དྲེགས་པ་སྲོག་འཕྲོག་དཔའ་བོ་གཅིག་པའི་སྒྲུབ་ཐབས་གདོན་ཞི་བར་འགྱུར་བའི་མཐའ་ཅན། བཀའ་སྲུང་བསེ་གདོང་དམར་མོ་མཆེད་ལྔའི་སྒྲུབ་ཐབས་བསྐུལ་དང་བཅས་པ་བསྟན་པ་བསྲུང་བའི་མཚོན་ཆ་རྣམས་ཀྱི་དབང་ལུང་ཐོབ་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་འཆང་། གཞོན་ནུ་དཔའ་བོ་སྟོབས་ལྡན། དགའ་རབ་རྡོ་རྗེ། གུ་རུ་པདྨ། ཇོ་མོ་འཚོ་རྒྱལ། པདྨ་གསལ། རིག་འཛིན་པདྨ་གླིང་པ། གྲོ་ཤུལ་གཏེར་སྟོན་ལས་འཕྲོ་གླིང་པ། ལྷ་ལུང་ནང་སོ་རྒྱལ་བ་དོན་གྲུབ། སྤྲུལ་སྐུ་སྣ་ཚོགས་རང་གྲོལ། དེ་ལ་རྗེ་བསྟན་འཛིན་གྲགས་པ་དང་། གྲུབ་ཆེན་ཀུན་དགའ་རྡོ་རྗེ་གཉིས་ཀྱིས་གསན། གཉིས་ཀ་ལ་མཚུངས་མེད་མདོ་སྔགས་བསྟན་འཛིན། དེ་ནས་རིག་འཛིན་འཕྲིན་ལས་ལྷུན་གྲུབ། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་རིག་འཛིན་འཕྲིན་ལས་ལྷུན་གྲུབ་ནས། འགྲོ་འདུལ་གཏེར་བདག་གླིང་པ། དེས་བདག་ལའོ། །ཡང་ན་གཏེར་སྟོན་ནས། ཆོས་རྗེ་རྣམ་གཉིས། བསྟན་འཛིན་གྲགས་པ། གདུང་བརྒྱུད་པདྨ་འཕྲིན་ལས། སྤྲུལ་སྐུ་ཚུལ་ཁྲིམས་རྡོ་རྗེ། འཕྲིན་ལས་ལྷུན་གྲུབ་མན་ལྟར་རོ། །ཡང་ན་དབུ་མཛད་གྲུབ་པ་ཀུན་འདུས་ནས། རྒྱལ་སྲས་བསྟན་པའི་འབྱུང་གནས། པད་མ་འཕྲིན་ལས་མན་གོང་ལྟར་རོ། །ཡང་ན་གསུང་སྤྲུལ་ནས། གར་དབང་ཚུལ་ཁྲིམས་རྒྱལ་མཚན། དར་སྡིངས་པ་འཕྲིན་ལས་ལྷུན་གྲུབ་མན་འདྲ། གཏེར་སྟོན་པདྨ་གླིང་པས་བུམ་ཐང་རྩེ་ལུང་ལྷ་ཁང་གི་རྒྱབ་ནས་སྤྱན་དྲངས་པའི་བཀའ་བརྒྱད་ཐུགས་ཀྱི་མེ་ལོང་གི་སྐོར། རས་


GLG004_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་ཀྱི་དཀྱིལ་འཁོར་དུ་ཁྲུས་ལུང་དབང་འཕྲེང་ནས་སྟ་གོན་གྱི་དབང་། སྒྲུབ་ཁོག་སྤྱི་ཆིངས་གསེར་གྱི་འཕྲེང་བ་ནས་འཇུག་པ། དབང་ཆོག་རྡོ་རྗེ་འཕྲེང་བ་ནས་ཅོད་པན། བུམ་པ་སྤྱི་བྱེ་བྲག་གི་དབང་། དབུ་རྒྱན། དབང་གི་ཆས་བཅུ། དཔལ་གྱི་ཆས་བཅུ། དམ་རྫས། ཕྱག་མཚན། རིགས་ལྔ་ཞི་ཁྲོ། སྐུ་བཞི། ཚོམ་བུ་དགུ་རྣམས་ཀྱི་ལྷ་དབང་ཡོངས་རྫོགས་རབ་གནས། མངའ་གསོལ། དྲེགས་པའི་སྲོག་དབང་། ཞལ་གདམས་ཀྱི་དབང་། རྡོ་རྗེ་སློབ་དཔོན་ནུས་པའི་དབང་རིམ་བརྒྱད། ཕན་པའི་དབང་ལྔ། གསང་དབང་བྱང་སེམས་ཡོངས་རྫོགས་ཀྱི་དབང་། ལྟ་བ་སྤྱི་འབྱམས་ཀྱི་དབང་། ཐེག་པའི་ཡང་རྩེ་སྤྱི་འབྱམས་ཀྱི་དབང་རིམ་དྲུག །དམ་ཚིག་བསྟན་པ་དང་བཅས་པ་ལེགས་པར་ནོས་ནས། རྒྱབ་རྟེན་ལུང་ལ། ལོ་རྒྱུས་སྒྲུབ་ཆེན་སྐོར། དབང་བསྐུར་ཕྱག་བཞེས་དང་འབྲེལ་བའི་སྐོར། བསྒྲལ་ལས་བཟློག་པ་དང་འབྲེལ་བའི་སྐོར། ཁ་སྐོང་ཐོར་བུའི་སྐོར་དང་བཞི། དང་པོ་ལ། གཏེར་སྟོན་གྱིས་མཛད་པའི་བརྒྱུད་པ་དང་དཀྱིལ་འཁོར་གྱི་གསོལ་འདེབས་ཆོས་དབྱིངས་ཀ་དག་མ། འདིའི་འཇུག་ན་གཏེར་མ་ཡིན་པའི་ཕྱོགས་འདུག་ཀྱང་བརྩམས་པ་འདྲའོ། །ཡིད་ཆེས་ཤིང་ཁུངས་བཙུན་པར་བྱ་བ་མཆོག་ལྡན་མ་མགོན་པོས་མཛད་པའི་བརྒྱུད་པ་བདུན་ལྡན་གྱི་ལོ་རྒྱུས། དཔེ་ལ་ལར་བདེ་འདུས་ཀྱི་ལོ་རྒྱུས་ཆེན་མོ་ལ་བསྒྱུར་ཁ་སྤྲོད་པའི་གཏེར་གཞུང་ཡིན་ཁུལ་ཞིག་སྣང་བ་ཤོག་སེར་ནས་ཕབ་འཕྲོས་མི་འདུག་པས་རྗེས་འཇུག་འདྲས་རྟོག་བཟོ་བྱས་པར་མངོན། གསང་བ་སྒྲུབ་ཆེན་གྱི་དཀྱིལ་འཁོར་གྱི་རྩ་བ། དེ་ལས་འཕྲོས་པ་སྒྲུབ་བུམ་ཆེན་མོ་རིན་པོ་ཆེའི་འཕྲེང་བ་མདོ་དོན་སོ་བརྒྱད་ཀྱི་བར་དེ་དག་ཐམས་ཅད་མཐོལ་ལོ་བཤགས་ཞེས་པ་ནས་ཤོག་སེར་ལས་འབེབས་འཕྲོར་ལུས་པ། སྒྲུབ་ཆེན་ཁོག་ཕུག་སྤྱི་


GLG004_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཆིངས་གསེར་གྱི་འཕྲེང་བ་སྔོན་འགྲོའི་ལས་རིམ་ཉི་ཤུ། དངོས་གཞི་བཅུ་བཞི། མཇུག་བཅུ་གཉིས་དང་བཅས་པས་བསྟོད་པ། མཆོད་རྫས་སྟ་གོན་གསལ་བྱེད་ལྡེ་མིག་གམ་དཀྱིལ་འཁོར་རྒྱན་དགོད་ནོར་བུའི་འཕྲེང་བ་རྣམས། གཉིས་པ་དབང་བསྐུར་ཕྱག་བཞེས་དང་འབྲེལ་བའི་སྐོར་ལ། བྱུང་ཚུལ་བསྐུར་གནས་སོགས་དབང་བཞི་རེ་རེ་རྣམ་པ་ཉི་ཤུས་གསལ་བར་བྱེད་པ་ཡང་གསང་དབང་བཞིའི་རིམ་པ་མན་ངག་གི་ལྡེ་མིག་གིས་ཕྱེ་ནས་རྒྱ་ཆེར་སྟོན་པ། སློབ་མ་སྟ་གོན་ལ་འཇུག་པ་ཁྲུས་ལུང་དབང་གི་འཕྲེང་བ་ལས་རིམ་བཅུ་གཅིག་པ། རྣལ་འབྱོར་རྒྱུན་དབང་ངམ་མགྱོགས་དབང་སྒོ་འབྱེད་རིན་ཅེན་འཕྲེང་བ། དབང་གི་ངེས་ཚིག་མདོ་བྱང་ངམ་དབང་ཆོག་རྡོ་རྗེའི་འཕྲེང་བ་ཞེས་པ་དབང་མོ་ཆེ་བསྐུར་ཚུལ་ཉིས་བརྒྱ་སུམ་ཅུ་རྩ་བདུན་ཚང་བར་སྟོན་པ། དེའི་ལྷུན་ཐབས་རིགས་བཞིའི་ལྷ་རྣམས་ཀྱི་དབང་བྱང་བཀོལ་བ། གསང་བ་ཡོངས་རྫོགས་ལའང་རིགས་བཞིའི་དབང་བྱང་འདི་འདྲ་ཞིག་འདུག་པ་དགོས་པ་ལྷག་པོ་མེད་པས་གཏེར་བྱོན་ཚད་ལྡན་ཡིན་མིན་སོམ་ཉིར་མཛད། གསང་བ་འདུས་པའི་ལས་བྱང་བར་ཆད་ཀུན་སེལ་ཨོ་རྒྱན་ཆེན་པོས་བསམ་ཡས་སུ་མཛད་པ་རྣམས། གསུམ་པ་བསྒྲལ་ལས་ཟློག་པ་དང་འབྲེལ་བའི་སྐོར་ལ། དགྲ་བགེགས་གདུག་པ་སྒྲོལ་བྱེད་གདབ་ལས་སྲོག་གཅོད་སྤུ་གྲི། གཟུ་དཔང་སྟོན་པ་བླ་མེད་མ། ཆད་མདོ་སྔོན་ཚེ་འདས་དུས་མ་དང་གཏོར་མནན་སྟོང་གསུམ་འཇིག་རྟེན་མ་གཉིས་སྦྲེལ་བ། ཟོར་གྱི་ལས་མཐའ་འབྱུང་ཁུངས་དང་བཅས་པ་ཆོས་སྐུ་སྐྱེ་མེད་མ། ཟློག་གཞུང་ཆེན་མོའི་ཚིག་རྐང་དགུ་བསྒྲིགས་མ། འདི་བདེར་འདུས་ནས་བླངས་སམ་གཏེར་ཁ་འདི་གར་ཡོད་གཏེར་བྱང་སོགས་ཀྱང་མི་འདུག་པས་ཐེ་ཚོམ་གྱི་གཞི། ཁྱུང་བཟློག་རྩད་གྱེར་


GLG004_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ལྟས་ངན་བཟློག་པ་དང་བཅས་པ་ཆོས་ཚན་གཅིག་ཏུ་བསྡེབས་པ་རྣམས། བཞི་པ་ཁ་སྐོང་ཐོར་བུའི་སྐོར་ལ། གཏེར་སྟོན་གྱིས་མཛད་པའི་མ་ཏྲཾ་བསྒྲལ་བའི་གིང་འཆམ་རྩ་ཚིག་ཡོན་ཏན་མ་ལུས་པ་སྐྱེ་བར་འགྱུར་རོའི་མཐའ་ཅན། ཐིག་རྩ་མཐོང་བ་དོན་ལྡན་རིག་འཛིན་ཐུགས་སྲས་ནམ་མཁའི་མཚན་ཅན་གྱིས་མཛད་པ་དང་བཅས་པ་རྣམས་ཀྱི་དབང་ལུང་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཀུན་བཟང་ཡབ་ཡུམ། ཚེ་མཆོག་ཡབ་ཡུམ། རྡོ་རྗེ་འཆང་། རྡོ་རྗེ་ཆོས། མཁའ་འགྲོ་ལས་ཀྱི་དབང་མོ་ཆེ། རྒྱ་གར་རིག་འཛིན་བརྒྱད། སློབ་དཔོན་མཚོ་སྐྱེས་རྡོ་རྗེ། བོད་ཀྱི་གྲུབ་ཆེན་བརྒྱད། ཆོས་རྒྱལ་ཡབ་སྲས། རིག་འཛིན་པདྨ་གླིང་པ། ཆོས་རྗེ་རྣམ་གཉིས། བསྟན་འཛིན་གྲགས་པ། མདོ་སྔགས་བསྟན་འཛིན་བཟང་པོ། མཚུངས་མེད་འཕྲིན་ལས་ལྷུན་གྲུབ། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་ཆོས་རྗེ་རྣམ་གཉིས་ནས་བསྟན་འཛིན་གྲགས་པ། དབུ་མཛད་དང་བསྟན་འཛིན་གྲགས་པ་གཉིས་ཀ་ལ་པདྨ་འཕྲིན་ལས། དེ་ནས་སྤྲུལ་སྐུ་ཚུལ་རྡོར། འཕྲིན་ལས་ལྷུན་གྲུབ་མན་འདྲ། ཡང་དབང་བརྒྱུད་ལུགས་གཅིག་ནི། གཏེར་སྟོན་ནས། ཐུགས་སྲས་ཟླ་བ་རྒྱལ་མཚན། པདྨ་འཕྲིན་ལས་མན་གོང་བཞིན་ནོ། །དེ་ཡང་ལུང་བསྟན་ལས་སྟང་ཆུང་སྔོན་མོའི་གཞུང་སྨད་སེང་གེ་སྣ་ཆེན་བྲག་གི་ཟངས་ཕུག་ཏུ་བདུད་རྩི་སྨན་སྒྲུབ་ཀྱི་སྐོར་རྣམས་སྦས་པར་གསུངས་པ་སྣ་རིང་བྲག་དང་འཁྲུལ་གཞི་འབྱུང་ཉེན་ཆེ་ཡང་སྣ་ཆེན་བྲག་ནི་རི་མོ་ཅན་གྱི་མིང་གི་རྣམ་གྲངས་ཡིན་ལ། གནས་དེ་ཉིད་ནས་སྤྲུལ་སྐུ་པདྨ་གླིང་པས་སྤྱན་དྲངས་པའི་བདུད་རྩིའི་ཆོས་སྐོར་ལ། སྨན་གྱི་ཕོ་བྲང་དཀྱིལ་འཁོར་ལ་བརྟེན་ནས་དབང་ཆོག་ནོར་བུའི་བང་མཛོད་ཀྱི་སྟེང་ནས། ཁྲུས། ཞུ་འབུལ། མཎྜལ། དམ་ཚིག །སྡོམ་བཟུང་། སོ་ཤིང་། ཀུ་ཤ །དཔུང་


GLG004_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

སྐུད་ཀྱི་སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བའི་དངོས་གཞི་ལ་མེ་ཏོག་འཕྲེང་བ། ཕོ་བྲང་གི་དབང་། སྐུ་གསུང་ཐུགས་དབང་། ཐོད་པ་ལྔ་ལ་བརྟེན་པའི་ཡེ་ཤེས་ལྔའི་དབང་། དངོས་གྲུབ་བླང་བ་དང་བཅས་པ་ལེགས་པར་ནོས་ནས། ལུང་ལ། ལུང་བསྟན་གསལ་བྱེད་སྒྲོན་མེ། རྩ་བརྒྱད་སྟོང་གི་དབྱེ་བ་ཞེས་པ་རྣམ་པར་འབྱེད་པའི་ལྡེ་མིག་གནད་ཀྱི་གདམས་པ་བདུད་རྩི་སྨན་གྱི་སྒྲུབ་པའི་ཡིག་ཆུང་མཁར་ཆེན་བཟས་བཀོད་པ། ཡར་ཀླུངས་ཤེལ་གྱི་བྲག་ཕུག་ཏུ་འཚོ་རྒྱལ་དང་ཛྙཱ་ན་སུ་ཏྲ་ལ་བདུད་རྩི་ཡོན་ཏན་གྱི་བཀའ་གཏད་དུས་སྨན་གྱི་བབས་གཞུང་ཆེན་མོ་ཞེས་བྱ་བ་འབྱུང་ཁུངས་ངེས་པའི་ལོ་རྒྱུས་པདྨའི་མིང་དང་ཕྲད་ཤོག་མཐའ་ཅན། དངོས་གྲུབ་རྩ་བ་བདུད་རྩི་སྨན་གྱི་སྒྲུབ་པའི་སྤྲ་འཁྲིད་ཡིག་ཆུང་དུ་བཀོད་པ་རྫོགས་སོའི་མཐའ་ཅན། གསང་སྔགས་སྒྲུབ་ཆེན་གྱི་ནང་ནས་ཁོལ་དུ་ཕྱུང་སྟེ་ཡང་ཟབ་ཏུ་སྟོན་པ་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་ཉིང་ཁུ་ཁ་ཚང་གོ་སླ་འཁྱེར་བདེ་ཟབ་དོན་གནད་ཀྱི་ལྡེ་མིག་ཏུ་བཀོད་པའི་ཁོག་ཕུབ་དབང་ཆོག་ནོར་བུའི་མཛོད་ལེའུ་བཅོ་ལྔ་པ། ཕྱག་རྒྱ་འབུལ་བ་དང་ཚངས་པ་སྤྱན་དྲངས་ནས་སྨན་གྱི་རྟོག་པ་བསལ་བ་རིན་ཅེན་ས་ལ་གཏེར་དུ་སྦས་པའི་མཐའ་ཅན། སྒྲུབ་ཆེན་ལྷ་ཚོགས་བསྐུལ་བ་ཆོས་དབྱིངས་གདོད་ཞིང་མ། སྨན་གྱི་སྲུང་མ་བསྐུལ་བ་བདག་ཅག་སྐལ་ལྡན་མ། དུར་ཁྲོད་བརྒྱད་ཀྱི་སྨན་སྲུང་བསྐུལ་བ་འདས་དུས་མ། དངོས་གྲུབ་བླང་བ་ང་ནི་དཔལ་ལྡན་མ་རྣམས་ཆོས་སྡེ་གཅིག་ཏུ་བྱས་པ། བར་ཆད་ཉུལ་ལེའི་རྟགས་དང་བརྡུང་བའི་རྫས་སྔགས་བསྐུལ་ཤར་ཕྱོགས་དཀར་མོ་མ་དང་བཅས་པ། ཤེལ་བྲག་ཏུ་ཨྱོན་གྱིས་ཛྙཱ་ན་སུ་ཏྲ་ལ་གནང་བའི་སྨན་ཁྲོལ་བུའི་སྒྲུབ་ཐབས་རྫོགས་བྱང་གི་མཐའ་ཅན། བདུད་རྩི་སྨན་ཕྱེ་མའི་སྒྲུབ་ཐབས་ཡེ་ཤེས་


GLG004_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

འཚོ་རྒྱལ་གྱིས་ཕྱི་རབས་དོན་དུ་ཡི་གེར་བཏབ་པ། གསང་བ་རི་ལུའི་སྒྲུབ་པ་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་ཡེ་ཤེས་འཚོ་རྒྱལ་ལ་གཏད་པ། བདུད་རྩི་ཚེ་ལྟར་སྒྲུབ་པ་འཆི་མེད་བདུད་རྩིའི་སྒྲུབ་ཐབས་རྫོགས་སོའི་མཐའ་ཅན། སྨན་གྱི་དབང་བསྐུར་བའི་རྗེས་ལ་སྨན་ཆེ་བའི་ཡོན་ཏན་བཤད་པ་ཕྲད་ཤོག་གི་མཐའ་ཅན། ཆོས་མཛད་རྒྱལ་བ་དོན་གྲུབ་ཀྱིས་ལྷོ་སྟོད་ཆུ་ཚན་ཁར་སྨན་སྒྲུབ་རྒྱས་བསྡུས་ཀྱི་དྲི་བ་ཞུས་པའི་ལན། སྨན་གྱི་ཕོ་བྲང་སྟེང་དུ་དགོད་པ་དང་ལྡིང་ཁྲིའི་འོག་ཏུ་གནོན་པའི་ཞལ་གདམས་བྲ་ཉེ་བྱང་ཤར་དུ་འོའི་མཐའ་ཅན་རྣམས་ཀྱི་དབང་ལུང་རྫོགས་པར་ནོས་པའི་བརྒྱུད་པ་ནི། ཀུན་བཟང་ཡབ་ཡུམ། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། བི་མཱ་མི་ཏྲ། པདྨ་འབྱུང་གནས། ཛྙཱ་ན་སུ་ཏྲ། པདྨ་གླིང་པ། དབུ་མཛད་གྲུབ་པ་ཀུན་འདུས། རྗེ་པདྨ་འཕྲིན་ལས། སྤྲུལ་སྐུ་ཚུལ་རྡོར། རིག་འཛིན་འཕྲིན་ལས་ལྷུན་གྲུབ། རྩ་བའི་བླ་མ་གཏེར་བདག་གླིང་པ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་སྒྲུབ་པ་ཀུན་འདུས་ནས། རྒྱལ་སྲས་བསྟན་པའི་འབྱུང་གནས། པདྨ་འཕྲིན་ལས་མན་འདྲ། ཡང་ན་གཏེར་སྟོན་ནས། མཁན་ཆེན་ཚུལ་ཁྲིམས་དཔལ་འབྱོར། སྤྲུལ་སྐུ་སྣ་ཚོགས་རང་གྲོལ། དེ་སྲས་ཀུན་དགའ་གྲགས་པ། མཁས་གྲུབ་མདོ་སྔགས་བསྟན་འཛིན། དེ་སྲས་འཕྲིན་ལས་ལྷུན་གྲུབ་མན་གོང་བཞིན་ནོ། །སྤྲུལ་སྐུ་པདྨ་གླིང་པས་ལྷོ་བྲག་སྨན་ཐང་གི་མདའ་ཆུ་བོ་གྲུ་གསུམ་གྱི་དབུས་བྲག་སེང་གེའི་གདོང་པ་འདྲ་བ་ནས་སྤྱན་དྲངས་པའི་རྡོ་རྗེ་ཕུར་པ་ཡང་གསང་བླ་མེད་སྲོག་གི་སྤུ་གྲིའི་སྐོར་ལ། རས་བྲིས་ཀྱི་དཀྱིལ་འཁོར་དུ་སྒྲུབ་བུམ་དང་ཡན་ལག་བདུན་པ་སོགས་ལ་བརྟེན་ནས་དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་འགྲོ་བའི་དབུ་རྒྱན། ཅོད་པན། ཉན་བཤད་ཀྱི་དབང་། བུམ་པ། དཀྱིལ་འཁོར་གསུམ་གྱི་ལྷ་དབང་། བདུད་རྩི། སྐུ་གསུང་


GLG004_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཡོན་ཏན་འཕྲིན་ལས། ལས་བཞི། སྒོམ་ཞིང་བསྒྲུབ་པ། འཛབ་དབང་། ཕུར་པ་བྱིན་རླབས། གདབ་པ། རྡུལ་དུ་རློག་པ། དམ་ཅན་བྲན་དུ་བཀོལ་བ། གཏོར་མ། ཚེ་རྫས་དང་བཅས་པའི་དབང་ལེགས་པར་ནོས་ནས། རྒྱབ་རྟེན་ལུང་ལ། རྩ་བ་རྒྱུད། ཞལ་གདམས་རྣམ་བཤད། སྨིན་བྱེད་དབང་། སྒྲུབ་ཐབས་ཁོག་འབུབ། ལས་བྱང་མ་བུ། སྲུང་མ། སྟངས་སྟབས་གར་འཆམ་དང་བདུན། དང་པོ་ལ། རྩ་བའི་རྒྱུད་རྡོ་རྗེ་གཞོན་ནུ་ཕུར་པ་ཀུན་འདུས་པའི་ཡང་སྙིང་ཕུར་གཅིག་མར་གྲགས་པ། འདི་ཆོས་དབང་གི་ཕུར་པ་སྤུ་གྲི་སོགས་གཏེར་ཁ་གཞན་ལའང་ཡོད་ལ་བཀའ་མའི་རྩ་དུམ་དང་གཅིག །དེའི་འགྲེལ་པ་རྒྱ་ཆེར་བཤད་པ་ཨྱོན་བདག་གི་ཐུགས་ཀྱི་སྲས་དང་ཕུར་པའི་རྒྱལ་པོ་སྤུ་གྲི་འདིའི་སྐོར་རྣམས་ཕྲད་ཤོག་གི་མཐའ་ཅན། ཕུར་པ་རྩ་བའི་བསྡུས་དོན་རྣམ་པ་བཞིར་ཕྱེ་བ་རྒྱུད་ཀྱི་མཚན་བསྟན་ཅིང་གཏད་རྒྱའི་རྩ་བའོའི་མཐའ་ཅན། གཉིས་པ་ཞལ་གདམས་རྣམ་བཤད་ལ། ཕུར་པ་ཐམས་ཅད་ཀྱི་སྤྱི་སྡོམ་ཐུགས་ཀྱི་ཕུར་གཅིག་ཡང་གསང་སྤུ་གྲིའི་ཆ་རྐྱེན་དུ་མཁར་ཆེན་བཟས་དཀའ་བའི་གནད་ཀུན་ལ་དྲི་བ་ཞུས་པའི་ལན་ཨྱོན་སྙིང་གཏམ་ཡང་དག་པ། སློབ་དཔོན་རྣམ་གསུམ་གྱི་དགོངས་པ་ཕུར་པའི་ལྡེ་མིག་ཉེར་གཅིག་ཅེས་པ་ངོ་བོ་ངེས་ཚིག་སོགས་ཞིབ་པར་སྟོན་པ། ཕུར་པ་འཕྲིན་ལས་ཀྱི་དོན་བཀྲོལ་བ་སྤྱི་ཁོག་ཡང་དག་པ་འབྲས་བུའི་འཕྱོང་རྣམས། གསུམ་པ་སྨིན་བྱེད་དབང་ལ། རྡོ་རྗེ་ཕུར་པའི་དབང་ཆོག་ཆེན་མོ་བསྐུར་བའི་མན་ངག་གསང་བ་དོན་གསུམ་གྱིས་བསྟན་པ། ཕུར་པ་དབང་གི་ཏི་ཀ་སྦས་ཏིག་གསང་བ་རྫོགས་བྱང་གི་མཐའ་ཅན། སྡིག་བཤགས་ཚོགས་གསོག་སྐྱབས་སེམས་རྣམས་སྟོན་པ་དབང་གི་སྔོན་འགྲོ་ཡན་ལག་བདུན་པར་


GLG004_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པ་རྣམས། བཞི་པ་སྒྲུབ་ཐབས་ཁོག་འབུབ་ལ། ཕྱི་སྙིང་ཐིག་ཡང་གསང་སྤུ་གྲི་འབར་བའི་སྒྲུབ་ཐབས་རང་དོན་བྱང་ཆུབ་ནར་མར་སྒྲུབ་པ་དབང་གི་མདོ་བྱང་། ནང་དབང་སྡུད་ཁྲོ་བོ་ཉེ་བར་སྒྲུབ་པ་དབུ་དགུ་ཕྱག་བཅོ་བརྒྱད་པའི་སྒྲུབ་ཐབས། གསང་བ་རྡོ་རྗེ་ཕུར་པའི་སྙིང་ཏིག་ཡང་གསང་སྤུ་གྲི་འབར་བའི་སྒྲུབ་ཐབས་རྩ་བ་ཐུགས་ཀྱི་ཕུར་གཅིག་མ་ཀཱི་ལ་ལ་འབྲུ་བཅུ་བདུན་གྱིས་ལུས་བྱིན་གྱིས་བརླབས་ནས་བསྙེན་ཅིང་དྷ་ཏི་རྣམ་གསུམ་དྲག་སྔགས་ཆིག་ཆོད་ཀྱི་ལས་ཐམས་ཅད་འགྲུབ་པར་བྱ་བ་དྲག་སྔགས་ཆེན་མོ་ལ་བརྟེན་ནས་མངོན་སྤྱོད་ཀྱིས་ལས་སྒྲུབ་པ་སྤུ་གྲིའི་བུ་ཡིག་ཏུ་གྲགས་པའི་འདིའི་ནང་དུ་མཐའ་མི་མགོན་བརྩོན་བཟོ་བོ་ཁྱད་པར་འཕགས་སོགས་ཀྱང་ཡོད་དོ། །ཨྱོན་ལ་ཌཱ་ཀིས་ལུང་བསྟན་པའི་མདོ་ལས་བྱུང་བའི་གོང་གི་བུ་ཡིག་ལིང་གའི་ལུས་ལ་སྔགས་འགོད་ཚུལ་སྟོན་པ། འཁོར་ཚོགས་བུར་བཅས་པ་སངས་རྒྱས་སྒྲུབ་པའི་ཐབས་སྔོན་འགྲོའི་ལས་རིམ་དགུ་བསྙེན་པ་ལ་བཅུ་བཞི་སྒྲུབ་པར་བཅུ་སྒྲུབ་ཆེན་ལ་བཅོ་ལྔས་བསྟན་པའི་སྒྲུབ་བུམ་ཆེན་མོ། འགོར་མོས་པ་དབང་གི་དངོས་གྲུབ་སྩོལ་ཞེས་ཡོད་པའི་དངོས་གྲུབ་ལེན་ཆོག་དྲག་པོ་མཐུའི་སིདྡྷི་སྩོལ་གྱི་མཐའ་ཅན། ཚེ་འགུགས་པའི་ཆོ་ག་སྦྱོར་དངོས་མཇུག་གསུམ་གྱིས་བསྟན་པ་ཆོ་གའི་ལག་ལེན་ནོའི་མཐའ་ཅན། བཞེང་བསྐུལ། སྤྱན་འདྲེན། བརྟན་བཞུགས་བྱིན་རླབས། བྱུག་བདུག་བརྡེག་པ། གཟི་བརྗིད་བསྐྱེད་པ། བསྟོད་པ། འགོད་པ། སྙན་གསོལ་ཏེ་ལས་དགུ་བཀོལ་བ་ཞེས་རབ་ཏུ་གནས་པ་རྣམས། ལྔ་པ་ལས་བྱང་མ་བུ་ལ། ཕུར་པ་ཐམས་ཅད་མདོ་ཏིག་དྲིལ་བ་རྩ་བ་སྤུ་གྲིར་འབྲེལ་བ་ཡང་སྙིང་གསང་སྒྲུབ་ཀྱི་ལས་བྱང་སྔོན་འགྲོ་བདུན་དངོས་གཞི་བཅུ་གཉིས་རྗེས་བདུན་གྱིས་སྟོན་པ། དེའི་སྡོམ་བྱང་ཡང་གསང་ཕུར་པའི་གཞུང་སྲོང་སྡོམ་དུ་གྲགས་


GLG004_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

པ། མཚམས་གཅོད་རྡོ་རྗེ་གཞོན་ནུ་མ། ཁྲོ་བཅུ་གསལ་འདེབས་ཆེ་བ་ཧཱུཾ་ཆེན་སྔོན་སྐྱ་མ། ཆུང་བ་བསྐལ་པ་མེ་འབར་མ་ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད་ཀྱི་མཐའ་ཅན། ལྷའི་དེ་ཉིད་ལ་བསྟོད་པ་བསྐལ་པ་མེ་འབར་མ་ཞར་བྱུང་སྣོད་བརྟག་པ། རྟགས་བསྟོད་བཅོམ་ལྡན་དཔལ་ཆེན་མ། ལས་བྱང་ཁ་སྐོང་གི་བཀང་བ་ཞེས་པ་གཙོ་བོ་ཁྲོ་བཅུ་ཕྲ་ཕྱག་རྣམས་ལ་འཕྲིན་བཅོལ། བཀང་རྫས་བྱིན་བརླབ། བཀང་བ་དངོས་སྣང་སྲིད་ཕུར་བུ་མ་དང་བཅས་པ་ཕྱོགས་གཅིག་བསྡེབས་པ་རྫོགས་བྱང་གི་མཐའ་ཅན། ཕུར་པའི་ལྷག་ཆོག་ཅེས་པའང་བཞེང་གསོལ། བྱིན་དབབ། གནས་ལུགས་བརྗོད་པ། ཡར་གྱི་དཀྱིལ་འཁོར་རྣམ་བཞིར་གཏོར་མཆོད་མར་གྱི་གནས་བདུན་ལ་ལྷག་མ་དངོས་དང་ལྔའི་སྒོ་ནས་སྟོན་པ་གཏོར་ཆོག་བསྡུས་པ་རྫོགས་སོའི་མཐའ་ཅན། རྒྱུན་གཏོར་འཕྲིན་ལས་བཞི་དང་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་བ། ཕུར་པ་ཡང་གསང་གི་ལས་བྱང་ནོར་བུའི་འཕྲེང་བའི་འཁྲིད་ཆོག་གཏེར་སྟོན་གྱིས་ཁྲིགས་སུ་བསྒྲིགས་པ་རྣམས། དྲུག་པ་སྲུང་མ་ལ། དབང་པོ་ཉེར་བརྒྱད་ཀྱི་བསྐུལ་དཔལ་གྱི་བཀའ་ཉན་མ། རྡོ་རྗེ་ཕུར་པའི་གློ་བུར་ཅོག་བརྡུང་ལས་སྦྱོར་ཚུལ་དུ་སྒྲུབ་པའི་ཐབས་བསྙེན་སྒྲུབ་ལས་གསུམ་གྱིས་བསྟན་པ། ཕུར་སྲུང་བཅུ་གཉིས་ཀྱི་བསྐུལ་སྔོན་ཚེ་གྲུབ་པའི་གནས་མཆོག་མ། ཕོ་ཉ་བསྐུལ་བ་གྲུ་གསུམ་མཐིང་ནག་མ་རྣམས། བདུན་པ་སྟང་སྟབས་གར་འཆམ་ལ། མཛད་པ་པོ་རྒྱུད་ཁུངས་དགོས་ཆེད་ཞུ་བ་པོ་བཀའ་འབབས་ཏེ་ལྔའི་སྒོ་ནས་བསྟན་པའི་འཆམ་བཤད་སྟོང་ཐུན་ཕན་ཡོན་དང་བཅས་པ། འཆམ་གྱི་རྩ་ཚིག་སོ་བཞི་པ་དང་བཅས་པ་རྣམས་ཀྱི་དབང་ལུང་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་འཆང་། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། ཤྲཱི་སིངྷ། པྲ་བྷ་ཧསྟི།


GLG004_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཨྱོན་ཆེན་པོ། ཇོ་མོ་འཚོ་རྒྱལ། མུ་ཏིག་བཙན་པོ། པདྨ་གསལ། གཏེར་སྟོན་པདྨ་གླིང་པ། ནང་སོ་ཆོས་རྒྱལ་ཆེན་པོ། སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། པདྨ་འཕྲིན་ལས། སྤྲུལ་སྐུ་ཚུལ་རྡོར། འཕྲིན་ལས་ལྷུན་གྲུབ། རྩ་བའི་བླ་མ་པདྨ་གར་དབང་འགྱུར་མེད་རྡོ་རྗེ་རྩལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་གཏེར་སྟོན་ནས། གྲུབ་པ་ཀུན་འདུས། པདྨ་འཕྲིན་ལས་མན་འདྲ། དཔལ་ཨོ་རྒྱན་ཆེན་པོས་ཕྱག་ན་རྡོ་རྗེ་དྲེགས་པ་ཀུན་འདུལ་ནཱ་ག་བདུད་འདུལ་ནག་པོའི་རྒྱུད་ལས་འཕྲོས་པའི་སྒྲུབ་སྐོར་ཆ་ཚང་གཉིས་སུ་མཛད་ནས་ལྷ་ལྕམ་སྐྱེ་མཐའི་དོན་དུ་གཏེར་གནས་གཉིས་སུ་སྦས་པ་ལྡང་ལྷའི་བྲག་ནས་སྐུ་སྐྱེ་སྔོན་མ་རིན་ཅེན་ཚུལ་རྡོར་གྱིས་སྤྱན་དྲངས་པ་སྔར་སྨོས་ཟིན་ལ། མཚལ་མདོ་ཕྲ་རིང་བྲག་ནས་གཏེར་སྟོན་པདྨ་གླིང་པས་སྤྱན་དྲངས་པའི་སྐོར་ལ། དབང་བཀའ་རིན་ཅེན་འཕྲེང་བའི་སྟེང་ནས་རས་བྲིས་ཀྱི་དཀྱིལ་འཁོར་དུ་སྐུ་གསུང་ཐུགས་ཡོན་ཏན། ཏིང་ངེ་འཛིན་རྣམ་གསུམ། འཕྲིན་ལས་གཏོར་དབང་དང་བཅས་པ་མནོས་ནས། ལུང་ལ། ཐེམས་བྱང་། དེ་ལས་འཕྲོས་པ་རྩ་རྒྱུད་སྒྲུབ་ཐབས་ལས་ཚོགས་དང་གཉིས། དང་པོ་ནི། ནཱ་ག་བདུད་འདུལ་ནག་པོའི་རྒྱུད་ལེའུ་བཅུ་གཅིག་པ། གཉིས་པ་ལ། ཕྱི་ནང་གསང་སྒྲུབ། སྐུ་གསུང་ཐུགས་སྒྲུབ། འཕྲིན་ལས་ཡོན་ཏན་གྱི་སྒྲུབ་པ་ཁ་སྐོང་དང་བཅས་པ། ཐེམས་མེད་ཀྱི་སྐོར་དང་བཞི། དང་པོ་ལ། སྐུ་སྒྲུབ་མན་ངག་གི་སྒྲུབ་པ། དེའི་ཁྱད་པར་གྱི་ལས་ཚོགས་སེར་འབེབས། རྦོད་གཏོང་བཟློག་པ། མཛེ་བསྲུང་རྣམས། ཐུན་མོང་གི་ལས་ཚོགས་ལ་ལས་བཞིའི་སྦྱིན་སྲེག །ས་བདག་ཀླུ་གཉན་གདུལ་བ། ཀླུ་གཉན་གསད་པ། ཐུན་བདུན་གྱིས་གསད་པ། ཟོར་བདུན་བཟློག་པ། འགུགས་ཤིང་གསད་པ། ཐོག་སེར་དབབ་པ། དེ་བཟློག་ཐབས། ཀླུ་གཏད། རྡོ་


GLG004_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་ལས་མཐའ་རྣམས། །གཏུམ་པོའི་ནང་སྒྲུབ་གསང་བ། ལས་ཚོགས་ལ་བུམ་ཁྲུས། ཁྱད་པར་ནད་པ་གསོ་བ། གཏོར་དབང་། གནམ་ལྕགས་སྤུ་གྲི་རེག་ཆོད་ཅེས་པ་སྤྱི་དོན་བཅུ་བཞི་པ། གཟའ་རྒོད་འཇིག་རྟེན་པའི་སྒྲུབ་པ་སྤྱི་དོན་དྲུག་པ། སྡེ་བརྒྱད་ཝ་ཐོད་མ། བསྐྲད་པ་དོམ་ལག་མ། ཉེ་འབྱེད་སེ་ཤིང་མ། ཛམ་དམར་ཐུགས་སྒྲུབ་ལས་ཚོགས་དང་བཅས་པ། འགོམ་ཆོག་འཁོར་ལོ་གསུམ་པ། ཁང་སེལ་རྭ་དོམ་ནག་པོ། དམ་ལོག་སྔགས་པ་ངག་གནོན། སྡེ་བརྒྱད་གནད་ཀྱི་འཁོར་ལོ་རྣམས། རྡོ་རྗེ་གཏུམ་པོའི་གསང་སྒྲུབ་ཞར་བྱུང་མཁའ་འགྲོ་ལྔ་ལ་བརྟེན་པའི་ལས་ཚོགས་བསྟོད་པ་དང་བཅས་པ། ལས་བཞིའི་སྦྱིན་སྲེག་རྣམས། གཉིས་པ་སྐུ་གསུང་ཐུགས་སྒྲུབ་ལས། གཏུམ་པོ་སྐུའི་སྒྲུབ་པ། དེའི་ལས་བྱང་། ལས་ཚོགས་སེང་ཕུར་ཉེར་གཅིག་པ། ཀླུ་གཏེར། གནས་སྤོ་བ། བྱད་འགྲོལ། ཀླུ་གཏའ་བསྡམ་པ། ཆར་ཆོག །ཀླུའི་གདོན་འགྲོལ་གྱི་ཆོ་ག་རྣམས། གཏུམ་པོ་གསུང་གི་སྒྲུབ་ཐབས་ལས་ཚོགས་ཀླུ་གདུལ་ཐབས་ལ། ཐུན་གྱི་ལས་མཐའ། ཡུངས་ཀར། རལ་གྲི། རྫས། འཁོར་ལོ། ངན་ཐབས་བཅས་བའི་ལས་མཐའ་རྣམས། གཏུམ་པོ་ཁྲོ་རྒྱལ་འདུས་པའི་ཐུགས་སྒྲུབ། ལས་ཚོགས་ལ་གསང་བ་ཐུགས་ཀྱི་ཕུར་གཅིག་མ་གཏུམ་པོ་ཁྲོ་བོ་བཅུའི་ལས་བྱང་། ཚོགས་མཆོད་རྣམས། གསུམ་པ་འཕྲིན་ལས་ཡོན་ཏན་གྱི་སྒྲུབ་པ་ཁ་སྐོང་བཅས་པ་ལ། དྲེགས་པ་འཕྲིན་ལས་ཀྱི་སྒྲུབ་པ། ཕྱག་རྡོར་ཡོན་ཏན་གྱི་སྒྲུབ་པ། སྒྲུབ་པའི་འཁོར་འབུབ་སྒྲུབ་པ་ཆེན་པོའི་གཞུང་ནས་འདོན་པ། གསང་བའི་བདག་པོའི་དབང་གི་ཆོ་ག་སྦྱོར་དངོས་འཇུག་གསུམ་གྱིས་བསྟན་པ་རིན་ཅེན་འཕྲེང་བ། དྲེགས་འདུལ་ཁྱུང་གཅིག་མའི་སྒྲུབ་པ་རྣམས། བཞི་པ་ཐེམས་མེད་སྐོར་ལ། ཀུན་འདུས་ཁྲོས་པའི་དྲིལ་སྒྲུབ་


GLG004_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་བསྡུས་པའི་སྒྲུབ་པ། མཁའ་འགྲོ་ཕྱི་ནང་གསང་སྒྲུབ་སུ་ཁ་སིདྡྷིས་ཨྱོན་ཆེན་པོར་གནང་བ། གཏད་ཁྲམ་ཀུན་གྱི་ཡང་སྙིང་བཟློག་མེད་གསེར་ཕུག་རྣམས་ཐོབ་པའི་དབང་གི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་འཆང་། རྡོ་རྗེ་སེམས་དཔའ། ཕྱག་ན་རྡོ་རྗེ། དགའ་རབ་རྡོ་རྗེ། ཨྱོན་རིན་པོ་ཆེ། ཇོ་མོ་འཚོ་རྒྱལ། རྗེ་ཁྲི་སྲོང་ལྡེ་བཙན། པདྨ་གསལ། སྤྲུལ་སྐུ་པདྨ་གླིང་པ། དེ་ལ་དྲིན་ཅན་གསང་སྔགས་རྡོ་རྗེ་དང་། སྤྲུལ་སྐུ་ཆོས་ཀྱི་དབང་པོ་གཉིས་ཀས་གསན། དེ་གཉིས་ཀ་ལ་མངའ་རིས་རིག་འཛིན་ཆེན་པོ། དེ་ནས་ཆོས་རྒྱལ་རིན་ཅེན་ཕུན་ཚོགས། སྣང་གསལ་བ་བཀྲ་ཤིས་རྒྱ་མཚོ། རྗེ་ཀུན་དགའ་ཚེ་མཆོག །ངག་དབང་ཡེ་ཤེས་གྲུབ་པ། ཟུར་ཐམས་ཅད་མཁྱེན་པ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་གཏེར་སྟོན་ནས། ཀུན་དགའ་དཔལ་བཟང་། བཀྲ་ཤིས་རྒྱ་མཚོ་མན་འདྲ། ལུང་གི་བརྒྱུད་པ་ནི། ཀུན་དགའ་ཚེ་མཆོག་ནས། ཕ་ཇོ་གཞོན་ནུ་དོན་གྲུབ། ཟུར་རྩ་བའི་བླ་མ། དེས་བདག་ལའོ། །སྤྲུལ་སྐུ་པདྨ་གླིང་པས་ལྷོ་བྲག་གི་སྨན་མདོ་ནས་དབང་ཆོག་དང་གདང་གི་བྲག་ནས་ལས་བྱང་སྤྱན་དྲངས་པའི་ཕྱག་ན་རྡོ་རྗེ་གཏུམ་པོའི་སྐོར་ལ། དབང་ཆོག་མེ་ལྕེ་འཕྲེང་བའི་སྟེང་ནས་བུམ་པ། ཐོད་པ། གཏོར་མ། ཅོད་པན། བསྲུང་སྐུད། འཕྲེང་བ། ཚིག་གི་དབང་དང་བཅས་པ་ནོས། ལུང་ལ་གཏུམ་པོའི་དབང་ཆོག་མེ་ལྕེའི་འཕྲེང་བ། འདི་ཆོས་དབང་གི་གཏུམ་པོ་དང་ཞུས་དག་ཕེར། དབང་བཤད་ལོ་རྒྱུས་གཏེར་སྟོན་གྱི་མཛད་པ། དབང་ཆོག་རང་གི་དབུ་ན་ཡོད། གསང་བདག་སྒྲུབ་པའི་ལས་བྱང་གནམ་ལྕགས་འོད་ཀྱི་དྲ་བ་མཆོད་རྟེན་སྔོན་པོའི་རྒྱུད་ལས་བཏུས་པ། གཏུམ་པོའི་ཁྲུས་གསོལ་དུག་སྦྱོང་དང་བཅས་པ་ཤར་ཀུ་ལུང་དུ་གཏེར་སྟོན་གྱིས་གསུང་ནས་དཔོད་པ། འདི་དངོས་གཞི་གཏེར་མ་ཡིན་ཡང་


GLG004_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྐབས་སུ་དཔེ་རྒྱུན་ཆད་པ་ཐུགས་ནས་བཏོན་པ་འདྲ། ལུགས་གཅིག་ལ་གཏེར་སྟོན་ལ་གཟའི་སྙུན་ནད་ཅིག་བྱུང་སྐབས་ཐུགས་ནས་རང་རྡོལ་དུ་ཤར་བ་ཡི་གེ་ཕབ་སྟེ་མཛད་པས་སྙུན་ལས་གྲོལ་ཞིང་། དགོངས་གཏེར་ལས་གཏེར་དངོས་མིན་པར་བཞེད་པའང་འདུག །གསན་ཡིག་རྙིང་པ་ཚོར་གཏེར་གནས་དོ་བོ་བྲག་ཅེས་འདུག་པ་ཅུང་ཟད་ནོར་བར་མངོན་ནོ། །བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་འཆང་། རྡོ་རྗེ་སེམས་དཔའ། ཕྱག་ན་རྡོ་རྗེ། དགའ་རབ་རྡོ་རྗེ། ཨྱོན་ཆེན་པོ། འཚོ་རྒྱལ། མངའ་བདག །ལྷ་ལྕམ། པདྨ་གླིང་པ། ཆོས་མཛད་ཀུན་དགའི་མཚན་ཅན། སྣ་ཚོགས་རང་གྲོལ། དེ་ལ་བསྟན་འཛིན་གྲགས་པ་དང་ཀུན་དགའ་རྡོ་རྗེ་གཉིས་ཀས་གསན། དེ་གཉིས་ཀ་ལ་མདོ་སྔགས་བསྟན་འཛིན། དེ་ནས་འཕྲིན་ལས་ལྷུན་གྲུབ། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ལའོ། །ཡང་ན་གཏེར་སྟོན་ནས། གྲུབ་པ་ཀུན་འདུས། བསྟན་འཛིན་གྲགས་པ། གཉིས་ཀ་ལ་པདྨ་འཕྲིན་ལས། ཡང་ན་དབུ་མཛད་ནས། བསྟན་པའི་འབྱུང་གནས། པདྨ་འཕྲིན་ལས། སྤྲུལ་སྐུ་ཚུར་རྡོར། འཕྲིན་ལས་ལྷུན་གྲུབ་མན་འདྲ། ཡང་ན་སྤྲུལ་སྐུ་ཚུལ་རྡོར་ནས། ཚུལ་ཁྲིམས་རྒྱལ་མཚན། འཕྲིན་ལས་ལྷུན་གྲུབ་མན་གོང་ལྟར་རོ། །དུག་སྦྱོང་གི་བརྒྱུད་པ་ལུགས་གཅིག་ནི། གཏེར་སྟོན་ནས། སྔགས་འཆང་གསང་སྔགས་རྡོ་རྗེ། རིག་འཛིན་ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིག་འཛིན་ངག་གི་དབང་པོ། ཁྱབ་བདག་ཁྲ་ཚང་པ་བློ་མཆོག་རྡོ་རྗེ། དེས་བདག་ལའོ། །གཏེར་སྟོན་པདྨ་གླིང་པས་ལྷོ་བྲག་སྨན་མདོའི་བྲག་བུམ་ཐང་སེང་གེ་ཁྱི་ཙོག་ནས་བཏོན་ཟེར་བས་བརྟག །ནས་བྲམ་ཟེ་མཆོག་སྲེད་ཀྱི་བསྙེན་ཕུར་གུར་མགོན་ཕུར་ཞབས་མ་དང་ལྷན་དུ་སྤྱན་དྲངས་པའི་ཕུར་ཞབས་མའི་སྒྲུབ་


GLG004_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་ནག་པོ་ཆེན་པོ། བྲམ་ཟེ་མཆོག་སྲེད། ཨྱོན་ཡབ་ཡུམ། པདྨ་གསལ། པདྨ་གླིང་པ། ཆོས་བདག་རྗེ་བཙུན་རྡོ་རིང་བ། རྗེ་ཀུན་དགའ་གྲོལ་མཆོག །རྡོ་རིང་དབོན་པོ་ཀུན་དགའ་རྒྱལ་མཚན། དཔལ་བཀྲ་ཤིས་སྟོབས་རྒྱལ། རིག་འཛིན་ངག་གི་དབང་པོ། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །གཏེར་སྟོན་པདྨ་གླིང་པས་ལྷོ་བྲག་སྨན་མདོའི་བྲག་ནས་སྤྱན་དྲངས་པའི་དཔལ་མགོན་མ་ནིང་གི་ཆོས་སྐོར། མ་ནིང་དྲེགས་པའི་སྲོག་དབང་སྤུ་གྲིའི་སྟེང་ནས། བྱིན་འབེབས། མནྜལ། གསོལ་གདབ། དམ་ཚིག་གཟུང་བ་སྔོན་དུ་འགྲོ་བའི་སྡེ་བརྒྱད་དྲེགས་པའི་སྲོག་དབང་བསྡུས་པ་ཡང་སྙིང་དུ་བསྐུར་བ། གཅིག་དྲིལ་དུ་བསྐུར་བ། ཆོས་སྐྱོང་དམ་ཅན་སྡེ་བརྒྱད་ཀྱི་སྲོག་དབང་རྡོ་རྗེ་འབར་བའི་རྒྱུད་ལས་འབྱུང་བའི་གནམ་ལྕགས་ཕུར་གཅིག་མའི་ཡི་གེའི་སྟེང་ནས། ཚོམ་བུའི་དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་འགྲོ་བའི་བུམ་དབང་། ལྷ་དབང་། བདུད་རྩི། རིག་པའི་དབང་། མཚོན་ཆ་སྣ་ཚོགས། དུར་ཁྲོད་ཆས། ཕྱག་མཚན། སྒྲོལ་དབང་། གཏོར་དབང་རྣམས་ལེགས་པར་མནོས་ནས། རྒྱབ་རྟེན་ལུང་ལ། གང་ཟག་ཐོས་ཆུང་ཡིད་ཆེས་པའི་ཕྱིར་མགོན་པོའི་སྐྱེ་རྒྱུད་དང་འཇིག་རྟེན་སོ་མཚམས་ལེགས་པར་རྟོགས་ཕྱིར་རུ་ཏྲ་བཏུལ་བ་སོགས་མ་ནིང་གི་ལོ་རྒྱུས་གནམ་ལྕགས་བྲག་ལ་རྒྱ་རིམ་པ་བདུན་གྱིས་བཏབ་པ། ཡེ་ཤེས་མགོན་པོ་མ་ནིང་ནག་པོ་གསང་བ་ཡེ་ཤེས་འཁོར་ལོའི་རྒྱུད་ལེའུ་ཉེར་ལྔ་པ་འོག་མིན་དུ་དཔལ་ཆེན་པོས་གསང་བདག་ལ་གསུངས་པ་ཨུ་ཙ་ལའི་དུར་ཁྲོད་ནས་པདྨ་ཐོད་འཕྲེང་གིས་བཏོན་པ། དཔལ་མགོན་མ་ནིང་ནག་པོ་གཟའ་བདུད་སྲོག་གི་སྤུ་གྲི་བཤན་པ་ནག་པོའི་སྲོག་དབང་མཇུག་ན་བཻ་རོ་ལ་གཏད་པའི་ཞལ་གདམས་ཚིགས་བཅད་


GLG004_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

དང་དུས་རྟགས་ལུང་བསྟན་དང་བསྟུན་པའི་སྨོན་ལམ་བཅས་གནམ་ལྕགས་བྲག་ལ་སྦས་པའི་མཐའ་ཅན། ཆོས་སྐྱོང་སྡེ་བརྒྱད་ཀྱི་སྲོག་དབང་གནམ་ལྕགས་ཕུག་གཅིག་ཅེས་པ་རྡོ་རྗེ་འབར་བའི་རྒྱུད་ལས་བཏུས་པ། འདིའི་རྗེས་སུ་དབང་གི་ཞལ་ཡིག་ཞལ་གདམས་ཞེས་པ་དཔེ་མ་འབྱོར་བས་མ་ཐོབ། དཔལ་མགོན་པོ་ནག་པོ་ཆེན་པོ་སྲོག་བདུད་ནག་པོ་འཁོར་དང་བཅས་པའི་སྒྲུབ་ཐབས་གསང་བའི་དྲག་སྔགས་སྤུ་གྲི་སྲོག་གི་འཁོར་ལོ། སྤྱི་རྒྱུད་ནང་ཕྱུང་བའི་ནག་པོ་ཆེན་པོ་གསང་བའི་སྒྲུབ་ཐབས་སམ་བདུད་མགོན་མེ་དབལ་ནག་པོའི་སྒྲུབ་ཐབས་དཔལ་ཆེན་སྐུའི་སྒྲུབ་པ་སྤྱི་དོན་གསུམ་གྱིས་བསྟན་པ་ཆིག་བརྒྱུད་ལས་མི་སྤེལ་བའི་མཐའ་ཅན། དེའི་ལས་ཚོགས་ལ་བླ་རྡོའི་འཁོར་ལོ། རྦོད་གཏོང་བཟློག་པ། ཕྱི་ནང་གསང་བའི་རྟེན་བཅའ་ཐབས། གནས་ལ་ཆགས་པ། ཟས་ནོར་ལོངས་སྤྱོད་བསྒྲུབ་པ། སྲིའུ་ནོར་ཕྱུགས་བསྲུང་བ། ངག་གནོན་ཕྱི་ནང་གསང་གསུམ་དྲིལ་སྒྲུབ། དམ་ཚིག་གི་རིམ་པ། གསོལ་ཁ་སེམས་ཉིད་གློང་གསལ། བསྟོད་པ་བསྐལ་མེ་མ། བསྐུལ་ནག་པོ་གཟི་མདངས་མ། སྤོགས་པའི་གནད་འབེབས། བསྲེག་པའི་ལས་མཐའ། དེའི་ཐེམས་བྱང་། མ་ནིང་གསུང་གི་སྒྲུབ་པའི་ལས་ཚོགས་དགོས་འབྱུང་རིན་ཅེན་གཏེར་ལ། ནད་པའི་གདོན་བསྲུང་། ཡུན་རིང་ན་བ་འཚོ་ཐབས། རྨི་ལམ་ངན་པ་བཟློག་པ། ཐོག་སེར་བསྲུང་བ། སྲིའུ་གསོ་བ། བྱིས་པ་ལྐུགས་པ་ཁ་འབྱེད། ཞོ་ཆང་བསྲུང་བ། ཁྱི་བསྲུང་། སྦྲུམ་མ་ཐོན་པ། ཤྭ་འོད་བཟློག་པ་མིག་མཐོང་། དགྲ་རྐུན་གཉིས་ཀ་བསྲུང་བ་ལག་ལེན་དང་བཅས་པ། དགྲ་བོ་བདུན་བརྒྱུད་རྩད་ནས་གཅོད་པར་བྱེད་པ་གནམ་ལྕགས་ཀྱི་ཐོག་རྒོད་ལྟ་བུ་རལ་གྲི་ཕྱུང་རྡེག་གི་གདམས་པ་བདུད་པོ་མ་ནིང་མེའི་ཁ་རླངས་ཅན་ཏྲག་ཤད་འཕྲིན་ལས་ཀྱི་སྒྲུབ་པ་ཤིན་ཏུ་གཉན་པའི་ལས་


GLG004_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར། དེའི་ཞལ་གདམས་ཀྱི་ཞལ་ཁྲིགས་སྔོན་འགྲོ་འམ་དངོས་གཞི་ཞེས་པ་རིན་ཅེན་ས་ལ་གཏེར་དུ་སྦས་པའི་མཐའ་ཅན། མགོན་པོའི་སྔགས་ཀྱི་འབྱིན་འཇུག་ཐེམས་ཡིག་དཔྲལ་བའི་མིག་ལྟ་བུ། འདི་གསན་ཡིག་རྣམས་ན་མཛད་རྒྱུན་འདུག་ཀྱང་གཟའི་སྔགས་ཀྱི་འབྱིན་འཇུག་ཡིན་འདུག་པས་མི་འཐད་པ་འདྲའོ། །བསྟོད་པ་འཇིགས་བྱེད་འདས་དུས་མ། བསྐུལ་ལྷ་ཆེན་དཔལ་འབར་མ། མ་ནིང་བདུད་མགོན་ལས་ཆས་སམ་བདུད་མགོན་སྲོག་བདུད་ཀྱི་སྒྲུབ་ཐབས་བཅའ་གཞི། བསྙེན་སྒྲུབ་ལས་སྦྱོར། གཏང་རག་སྟེ་དོན་གསུམ་གྱིས་བསྟན་པ་མན་ངག་གསང་བ་ཆིག་ཤུར་གཅེས་པ་བཅུ་ཡིས་བཀའ་རྒྱས་བཏབ་པ། རུ་ཏྲ་སྡེ་གསུམ་སྡེ་བརྒྱད་འཁོར་བའི་དཔལ་མགོན་མ་ནིང་གསང་སྒྲུབ་ཀྱི་མནན་སྲེག་འཕང་གསུམ་ཆིག་དྲིལ་རང་འཇམ་དགྲ་ལ་རྩུབ་པ་ཨྱོན་ཐུགས་བཅུད། མ་ནིང་ནག་པོའི་ཆ་ལག་ཡུམ་རེ་མ་ཏཱིའི་གསང་སྒྲུབ་ཙིཏྟ་དམར་འབྱིན། ཞར་བྱུང་བསྙེན་པའི་རྟགས་ཡིག་ཞལ་གདམས་དང་བཅས་པ་ཕྲད་ཤོག་གི་མཐའ་ཅན། སེང་གདོང་། ཕུར་པ། བྱ་གདོང་། སྟག་ཞོན། འབྲུག་ཞོན་ཏེ་འཕྲིན་ལས་སུ་སྒྲུབ་པ་ལྔའི་ནང་ཚན་མ་ནིང་ནག་པོ་འཕྲིན་ལས་སེང་གེའི་གདོང་ཅན་དུ་སྒྲུབ་པའི་ཐབས་དུས་བབས་སུ་ཐོན་པའི་སྨོན་ལམ་དང་བཅས་པ། བདུད་མགོན་སེང་གདོང་དུ་སྒྲུབ་པའི་ཞལ་ཤེས་པདྨ་སཾ་བྷ་ཝ་དང་བཻ་རོས་བསམ་ཡས་མཆིམས་ཕུར་ལག་ལེན་ལྟར་སྦས་པ། དེའི་ལས་མཐའ་ལྟས་ངན་དམག་གི་རྒྱལ་མོ་གཏོང་ཐབས། ལས་མགོན་བྱ་རོག་གདོང་ཅན་ཕྱག་བཞི་པ་སྲིང་མོ་བཞི་དང་བཅས་པའི་སྒྲུབ་ཐབས་འཕྲིན་ལས་བསྐུལ་བ་དང་བཅས་པ་སྤུ་གྲི་འདི་ཡིས་སྲོག་རྩ་ཆོད་ཅིག་གི་མཐའ་ཅན། གསང་བ་ཆོ་འཕྲུལ་གྱི་ཆོག་བརྡུང་རྨུ་རྒོད་དཀར་པོའི་ཆོ་འཕྲུལ་ལྟས་ངན་ཐོང་མོའི་སྒྲུབ་ཐབས་ཞེས་པ་རྡོ་རྗེ་ལེགས་པའི་སྒྲུབ་པ། ཟོ་ར་


GLG004_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ར་སྐྱེས། མོན་པ་སྐྲ་འཐེན། ཤར་ཕྱོགས་རྒྱལ་པོ་ནོར་སྙེག །ཆོ་འཕྲུལ་གྱི་ཁྱི་སོགས་ཀྱང་འདིའི་མཚན་གྱི་རྣམ་གྲངས་སུ་བཤད་དོ། །འཇིག་རྟེན་གྱི་དྲེགས་པ་ཅན་སྡེ་དྲུག་བསྡེབས་ནས་དགྲ་ལ་ལྟས་ངན་སྨྱོ་འབོག་གཏོང་བ་ཚན་ཆེ་ཞིང་མྱུར་བའི་ལས། མགོན་པོ་སྡེ་བརྒྱད་ཀྱི་བཀང་བ་ཆེན་མོ་དགོས་འདོད་ཀུན་འབྱུང་གཏེར་སྟོན་གྱིས་མཛད་པ། དེས་མཛད་པའི་བཀང་བ་འབྲིང་པོ་འཕྲིན་ལས་ཀུན་སྒྲུབ་མཇུག་ཅུང་ཟད་མ་ཚང་བ། དེས་མཛད་པའི་གསོལ་ཁ་ཆེན་མོ་ཕུད་སྐོངས་ཀྱི་རིམ་པ་དངོས་གྲུབ་ཀུན་འབྱུང་རྣམས་ཐོབ་པ་ལས་མ་ནིང་དྲེགས་པའི་སྲོག་དབང་དང་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ཆེ་མཆོག་ཧེ་རུ་ཀ །རྡོ་རྗེ་ཆོས། གསང་བདག་ཕྱག་ན་རྡོ་རྗེ། དགའ་རབ་རྡོ་རྗེ། ཤྲཱི་སིངྷ། གུ་རུ་པདྨ། ཡེ་ཤེས་འཚོ་རྒྱལ། བཻ་རོ་ཙ་ན། སྤྲུལ་སྐུ་པདྨ་གླིང་པ། ཆོས་རྗེ་རྣམ་གཉིས། བསྟན་འཛིན་གྲགས་པ། མདོ་སྔགས་བསྟན་འཛིན། རྗེ་འཕྲིན་ལས་ལྷུན་གྲུབ། རིག་འཛིན་གཏེར་བདག་གླིང་པ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་གྲུབ་པ་ཀུན་འདུས་ནས། རྒྱལ་སྲས་བསྟན་པའི་འབྱུང་གནས། དེ་གཉིས་ཀ་ལ་གདུང་བརྒྱུད་པདྨ་འཕྲིན་ལས། རྗེ་ཚུལ་ཁྲིམས་རྡོ་རྗེ། རིག་འཛིན་འཕྲིན་ལས་ལྷུན་གྲུབ་མན་འདྲ། གནམ་ལྕགས་ཕུར་གཅིག་གི་དབང་གི་བརྒྱུད་པ་ནི། གཏེར་སྟོན་ནས། མི་འགྱུར་ཀུན་དགའ་དཔལ་བཟང་། འབྲི་གུང་གནམ་ལྕགས་མེ་འབར། སྣང་གསལ་བ་བཀྲ་ཤིས་རྒྱ་མཚོ། ཀུན་དགའ་ཚེ་མཆོག །ངག་དབང་ཡེ་གྲུབ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །དབང་ཆོག་འདིའི་ལུང་བརྒྱུད་ལུགས་གཅིག་ཀྱང་བཤད་མ་ཐག་པ་བཞིན་ནོ། །རིག་འཛིན་པདྨ་གླིང་པས་མོན་བུམ་ཐང་རྩེ་ལུང་གི་སྒོ་སྲུང་སྔོན་པོའི་མཆན་འོག་ནས་སྤྱན་དྲངས་


GLG004_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྐོར་ལ། གཤིན་རྗེ་ཁ་ཐུན་ནག་པོ། ཕྲ་མེན་ཕག་ཤ་ནག་པོ། མུ་སྟེགས་གུ་ལང་ནག་པོ་སྟེ་ནག་པོ་སྐོར་གསུམ། དང་པོ་ལ། ཐོག་མར་ཁ་ཐུན་དཔའ་བོ་གཅིག་པའི་སྒྲུབ་ཐབས་གསང་མཆོག་དམ་པ་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས་བསྟན་པ་ཁ་ཐུན་གསང་སྒྲུབ་ཆུང་བ་ཚིགས་བཅད་མ་པདྨའི་མིང་དང་ཕྲད་ཤོག་གི་མཐའ་ཅན། འདི་གཏེར་གནས་སྨན་མདོ་ཡིན་ཀྱང་ཆོས་སྡེ་གཅིག་པའི་དབང་དུ་བྱས་ནས་བཀོད་དོ། །དེའི་གསང་སྒྲུབ་ཤིན་ཏུ་ཆུང་བ་མངོན་རྟོགས་ཚིག་ལྷུག་བསྙེན་ཚད་དང་བསྟུན་ནས་བསྒྲུབ་པར་བྱའོའི་མཐའ་ཅན། འདི་གཏེར་སྟོན་གྱིས་མཛད་དམ་གཏེར་མ་ཡིན་དཔྱད། ཁ་ཐུན་གྱི་ལས་ཚོགས་ནོར་བུ་བསམ་འཕེལ་ལ་ནང་གསེས་ཀྱི་ཞི་བ། རྒྱས་པ། དབང་། དྲག་པོའི་ལས། ཅི་བསམ་འགྲུབ་པ། བསྲུང་སྐུད། རིག་སྔགས་བཟློག་པ། སེར་བསྲུང་། སྲིའུ་གསོ་བ། ཁྲུས་ཀྱིས་ནད་པ་གསོ་བ། བྱིན་རླབས་ཀྱི་ནད་གདོན་ཞི་བ། གནོད་པ་ཀུན་བསྲུང་། སྐྱེ་འགྲོ་དབང་སྡུད། ཆོས་འདུ་བ། ཚངས་དབྱངས་དང་དོན་འགྲུབ་པ། ཤེས་རབ་ཆེ་བ། བློ་རྣོ་བ། མངོན་ཤེས་འཆར་བ། རྨི་ལམ་གསལ་བ། བུད་མེད་ཀྱི་ཡིད་དུ་འོང་བ། མི་ཐམས་ཅད་བྱམས་པ། ཟས་རྙེད་པ། མི་རྣམས་བཀའ་ལ་ཉན་པ། དགྲ་དབང་སྡུད། རྒྱན་དང་ཞལ་ལྕེ་རྒྱལ་བ། གྲུ་མི་འབྱིང་བ། ཆུས་མི་འཁྱེར་བ། མི་རྣམས་ཀྱིས་གསང་ཚིག་སྨྲ་བ། ལྷ་འདྲེ་དང་ས་འོག་གི་གཏེར་མཐོང་བ། ནམ་ལ་མུན་པས་མི་སྒྲིབ་པ། འཁོར་བཀྲ་ཤིས་པ། སྐྱེས་པ་འདུ་བ། མགྲིན་པ་སྙན་པ། ཟས་བཅུད་ལེན་དུ་འགྱུར་བ། བར་གཅོད་བསྲུང་བ། མི་རྒོད་འཆིང་བ། གཅན་གཟན་དང་དུག་སྦྲུལ་གྱི་འཇིགས་པ་བསྲུང་བ། ལམ་དགྲ་བསྲུང་བ། སྤྱང་ཀི་དང་བྱི་བ་ཁ་འཆིང་། ཞིང་གི་རྩྭ་དང་རི་བོང་བསྲུང་བ། སྦྲང་མ་དང་འབུ་སྲིན་ཁ་འཆིང་། སེར་བསྲུང་། ཁ་ཆར་གཅོད་པ། སད་བསྲུང་། ཆར་འབེབས།


GLG004_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་བསྲུང་བ། ཟླ་མཚན་འཛག་པ་བསྲུང་བ། སྒྲོ་བ་དང་ནུ་མ་བསྐྲངས་པ་ཞི་བ། བུད་མེད་ལ་སྐྱེས་པས་མི་ཚུགས་པ། སྐྱེས་པ་དང་བུད་མེད་དབང་སྡུད། བུད་མེད་བུ་ཐོན་པ། རྡེལ་ནད་གདོན་པ། ཆུ་བསྡམས་པར་དབྱུང་བ། ཚ་གྲང་ཐམས་ཅད་བྱང་བ། ཚ་བའི་ནད། གྲང་བའི་ནད། མ་ཞུ་བ་སེལ་བ། གློ་སྙིང་ན་བ་དང་བྲང་ཚ་བ་གསོ་བ། རླུང་མི་སྐྱེ་བ། མིག་གི་གསལ་བ། རྣ་འོན་འབྱེད་པ། སྲིད་འཕེལ། ཟས་སྐོམ་དང་ནོར་འདུ་བ། ཡིད་འོང་གྲོགས་ཕྲད། ཞོ་ཆང་བསྲུང་བ། སྲིས་རྨེ་བ། འོ་མ་མི་སྟེར་བ་སྟེར་ཐབས། བགེགས་ཀྱི་སྦྱོར་བ་བཤིག་པ། བླ་མའི་ཐུགས་ལ་འདོགས་པར་བྱེད་པ་རྣམས་ལ་ལས་ཚོགས་བརྒྱད་ཅུ་པར་གྲགས་ཀྱང་བདུན་ཅུ་དོན་དྲུག་སྣང་ཞིང་འཇུག་ཏུ་པདྨའི་མིང་ཅན་ཞིག་དང་ཕྲད་ཤོག་གི་མཐའ་ཅན། ལས་ཚོགས་ཐོར་བུ་ལ་རྒྱ་གར་གྱི་དྲག་སྔགས་ནད་རིམས་ཀུན་༼ཟུར༽ཐུབ་གཟའ་ནད་ཀུན་ལས་ཐར་བའི་ཟ་ཡིག་སེར་གཅོད་ཁྲོམ་༼ཟུར༽ཀ་རུ་མ། ལྷ་སྔགས་རྫས་གསུམ་ལ་༼ཟུར༽བརྟེན་པའི་སེར་བ་གདོང་བཟློག །དུག་རིགས་ཀུན་ལ་ཉམ་ང་བག་ཚ་༼ཟུར༽མི་དགོས་པའི་དུག་བསྲུང་། སོ་སྲིན་༼ཟུར༽བསྲུང་བ། ཆུ་དགུ་མེ་ལྔ་ལ་བརྟེན་༼ཟུར༽པའི་ཆར་འབེབས། ཆར་རྫས་དེ་ལ་༼ཟུར༽བརྟེན་པའི་ཆར་གཅོད། ཁ་ཐུན་དང་མི་གཡོ་བ་སྒོམ་པའི་༼ཟུར༽རླུང་གནོན་ཐབས་གཉིས། མི་མཐུན་པ་མཐུན་༼ཟུར༽པར་བྱེད་པའི་རྫས་སྔགས། ཟློག་པ་ས་བྷིར་༼དར༽༼ཟུར༽ནག་པོ། དེའི་དམིགས་རིམ་༼གཏེར༽དང་བཅས་པ་རྣམས། གཉིས་པ་ཕྲ་མེན་ཕག་ཤ་ནག་མོའི་སྐོར་ལ། མཁའ་འགྲོ་མའི་དྲག་སྔགས་༼ཟུར༽ཆུ་བཟློག་༼དར༽ཅེས་པ་ཁ་ཆེ་ཁྲི་བརྟན་གྱི་དགེ་བསྙེན་མ་འགྲོ་བ་བཟང་པོས་རྡོ་རྗེ་གདན་གྱི་ཤར་ཕྱོགས་ནས་བཏོན་པ། དཔལ་བཤོས་ལ་བརྟེན་ནས་ཕས་ཀྱི་རྦོད་༼ཟུར༽༼དར༽གཏོང་བཟློག་པ། བཅོམ་


GLG004_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཕག་ཤ་ནག་མོ་མུན་ནག་བཤན་དམར་ཤ་ཁྲག་འཁྱིལ་བའི་ནང་དུ་བཞུགས་དུས་གསུངས་པའི་མུ་སྟེགས་ཕྲ་མེན་གྱི་རྒྱུད་ལེའུ་དྲུག་པ། ཕྲ་མེན་ཕྱིན་ཅི་ལོག་འགོམ་ཆོག་གི་རྩ་བ་སྔགས་ཀྱི་ནུས་པ་འགྲུབ་པར་མི་འགྱུར་རོའི་མཐའ་ཅན། ཕྲ་མེན་ཕྱིན་ཅི་ལོག་དང་གཞན་ཡང་དྲང་སྲོང་བྲམ་ཟེ་སོགས་ཀྱི་རིག་སྔགས་ཀྱིས་བཅིངས་པ་ལས་འགྲོལ་བ། ལུས་མནན་འཁོར་ལོ་མུ་ཁྱུད་གསུམ་པ། ངག་མནན་འཁོར་ལོ་རྩིབས་བདུན་པ། ཡིད་མནན་འཁོར་ལོ་མུ་ཁྱུད་གསུམ་པ། ཁང་སེལ་འཁོར་ལོ་རྩིབས་བཞི་པ། ཞིང་སེལ་འཁོར་ལོ་རྩིབས་གསུམ་པ། ཕྲ་མེན་ཕྱིན་ཅི་ལོག་གི་ངན་སྔགས་ཡབ་ཡུམ་གྱི་འཁོར་ལོ་འགོམ་ཆོག་ཁོའི་ཚེ་དང་བསོད་ནམས་དུང་ཕྱིས་པ་བཞིན་དུ་འགྲོ་བ། དེ་ཡང་ཅུང་ཟད་འདྲ་མིན་རྟ་མགྲིན་གསང་གནས་ནས་སྤྱན་དྲངས་པ་གཅིག །ཕྲ་མེན་ཆེན་མོའི་འཁོར་ལོ་སྐུ་བརྙན་ལ་བརྟེན་ནས་མུན་ནག་བསྐལ་འཁྱིལ་མའམ་སྐྱེར་བདེ་མར་གྲགས་པ། འགོམ་ཆོག་གསོ་བ་འཁོར་ལོ་རྩིབས་བདུན་མ་ངག་གི་སྦྱོར་བ་འགྲོལ་བ། ལུས་ངག་ཡིད་གསུམ་ཐམས་ཅད་མནན་པ་ལས་གྲོལ་བར་འགྱུར་བའི་ཐབས་རྩིབས་བརྒྱད་མ། ཕྲ་མེན་ཆེན་མོ་ཕྱིར་བཟློག་པའི་ངན་སྔགས་ཞེས་པ་གཞན་གྱི་ནུས་པ་ཕྱིར་བཟློག་ཅིང་ངག་གི་ནུས་པ་བཤིག་པ། ཁང་སེལ་ཞལ་གདམས། ཞིང་སེལ་ཞལ་གདམས། ཕྲ་མེན་མིའི་སེར་བ་བསྲུང་བ། འགོམ་ཆོག་ཞལ་ཤེས་རེག་པས་ནུས་པ་ཉམས་པར་འགྱུར་རོའི་མཐའ་ཅན་རྣམས། གསུམ་པ་མུ་སྟེགས་གུ་ལང་ནག་པོའི་སྐོར་ལ། བསམ་ཡས་དབུ་རྩེའི་བྱང་ཁང་དུ་སློབ་དཔོན་གྱིས་མངའ་བདག་ལ་གདམས་པའི་ངན་ཐབས་རྫས་ཀྱི་ཙཀྲ་དགྲ་བོའི་ལུས་ངག་ཡིད་གསུམ་གནོན་པ། གུང་ལང་ནག་པོའི་དམག་༼ཟུར༽༼དར༽བཟློག་ཟབ་མོ་སེ་བའི་གཞུང་ལ་བརྟེན་


GLG004_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

པ། འདི་ལག་ཏུ་བླངས་པ་ཐོག་ཏུ་ཁེལ་བའི་ཉམས་ཚད་ཀྱང་བདོག །ཁྱི་ཁ་ཟན་བསྐྱུར་གྱི་གདམས་པ་པནྜི་ཏ་རཏྣ་ས་ལོ་ནས་སྟག་སྡེའི་མི་ཉག་ལ་བརྒྱུད་པ། སྟོང་གསུམ་དགྲས་ཁེངས་ཀྱང་ཁ་འཕུང་དུ་འགྲོ་བའི་མུ་སྟེགས་ཕྲ་མེན་གྱི་ངན་སྔགས། དགྲ་བོ་ཅོག་འགྱེལ་དུ་གཏོང་བ་ཧོམ་ལ་བརྟེན་པ་མུ་སྟེགས་གུ་ལང་གི་མན་ངག་ལྷོ་བྲག་སྐྱེར་ཆུ་ལྷ་ཁང་གི་སྒོ་སྲུང་སྔོན་མོའི་མཚན་མ་ནས་བཏོན་པ། རྫས་ཀྱིས་དགྲ་བོ་སྨྱོ་ཞིང་བརྒྱལ་དུ་གཞུག་པ། རྫས་སྔགས་ལ་བརྟེན་ནས་རྐུན་མ་ཆམ་ལ་འབེབས་པ། རྫས་ཀྱིས་དགྲ་བོའི་ལུས་ལ་མཛེ་ཤུ་ཕོལ་མིག་གཏོང་བ། རྫས་ལ་བརྟེན་ནས་སྒྲིབ་ཤིང་ནག་པོ་སྣང་འགགས་ཀྱི་གདམས་པ། མིག་བརྟེན་པའི་སྒྲིབ་ཤིང་བསྡུས་པ། གཟའ་བརྒྱད་གདོང་མོ་བཞི་དང་བཅས་པའི་སྲོག་ཡིག་ཨཱོཾ་ནས་ཕཊ་ཀྱི་བར་བརྩེགས་པའི་འབྲུ་བཅུ་བདུན་མ་དང་བཅས་པ་རྣམས་ཐོབ་པ་ལས་ས་བྷིར་ནག་པོའི་ཞལ་ཤེས་མ་གཏོགས་པའི་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། ཧེ་རུ་ཀ །རྡོ་རྗེ་ཆོས། ལས་ཀྱི་དབང་མོ་ཆེ། དགའ་རབ་རྡོ་རྗེ། ཤྲཱི་སིངྷ། ཨྱོན་པདྨ་ཐོད་འཕྲེང་། ཇོ་མོ་འཚོ་རྒྱལ། ལྷ་སྲས་མུ་ཏིག་བཙན་པོ། པདྨ་གསལ། གཏེར་སྟོན་པདྨ་གླིང་པ། ནང་སོ་རྒྱལ་བ་དོན་གྲུབ། རྗེ་སྣ་ཚོགས་རལ་གྲོལ། བསྟན་འཛིན་གྲགས་པ། པདྨ་འཕྲིན་ལས། ཚུལ་ཁྲིམས་རྡོ་རྗེ། རྗེ་འཕྲིན་ལས་ལྷུན་གྲུབ། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་གཏེར་སྟོན་ནས། གྲུབ་པ་ཀུན་འདུས། བསྟན་པའི་འབྱུང་གནས། དེ་གཉིས་ཀ་ལ་པདྨ་འཕྲིན་ལས་མན་གོང་བཞིན་ནོ། །ཟུར་གྱི་རྟགས་ཡོད་པའི་ལུང་བརྒྱུད་གཅིག་ནི། གཏེར་སྟོན་ལ་བླ་མ་ལེགས་པའི་ཤེས་རབ་དང་ཀོང་ཆེན་ནམ་མཁའ་དཔལ་


GLG004_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་གཉིས་ཀྱི་གསན། གཉིས་ཀ་ལ་རྗེ་ནམ་མཁའ་རྣམ་རྒྱལ། དེ་ནས་ཕ་ཇོ་ལྷུན་གྲུབ་རྡོ་རྗེ། དེ་སྲས་གཞོན་ནུ་དོན་གྲུབ། ཟུར་རྩ་བའི་བླ་མ། དེས་བདག་ལའོ། །དམག་བཟློག །ཆུ་བཟློག །ས་བྷིར་ནག་པོ་གསུམ་གྱི་བརྒྱུད་ལུགས་གཅིག་ནི། གཏེར་སྟོན་ལ་སྨན་རྩེ་བ་དང་ཟུར་རྣམ་རྒྱལ་གྲགས་པ་གཉིས་ཀྱིས་གསན། གཉིས་ཀ་ལ་ཕ་ཇོ་ལྷུན་གྲུབ་རྡོ་རྗེས་གསན་པ་མན་གོང་བཞིན་ནོ། །དར་གྱི་རྟགས་ཡོད་པའི་ལུང་བརྒྱུད་ལུགས་གཅིག་ནི། རིག་འཛིན་འཕྲིན་ལས་ལྷུན་གྲུབ་ནས། གཏེར་སྟོན་གཏེར་བདག་གླིང་པ། དེས་བདག་ལའོ། །ཡང་ས་བྷིར་ནག་པོའི་བརྒྱུད་ལུགས་གཅིག་ནི། གཏེར་སྟོན་ནས། སྔགས་འཆང་གསང་སྔགས་སྡོང་པོ། ལེགས་ལྡན་རྗེ། དབང་པོའི་སྡེ། ངག་གི་དབང་པོ། ཡོལ་མོ་སྤྲུལ་སྐུ། ཟུར་ངག་དབང་ཕུན་ཚོགས། ཁྱབ་བདག་བློ་མཆོག་རྡོ་རྗེ། དེས་བདག་ལའོ། །ས་བྷིར་ནག་པོའི་ཞལ་ཤེས་ནི་སྔར་མ་ཐོབ་པར་གཏེར་སྟོན་གཏེར་བདག་གླིང་པ་རང་ལ་ཞུས་པ་ཡིན་ནོ། །རིག་འཛིན་པདྨ་གླིང་པས་གཏེར་གནས་སྣ་ཚོགས་ནས་སྤྱན་དྲངས་ཤིང་ཉེ་བར་མཁོ་བའི་དབང་གིས་སྐོར་ཚོ་གཅིག་ཏུ་མཛད་པའི་གཏེར་ཕྲན་མན་ངག་བེ་བུམ་གྱི་སྐོར་ལ། གསོན་འདྲེ་ཁ་འཆིང་ཟབ་མོ་གསོན་འདྲེ་བརྡུང་བའི་ལས་མཐའ་དང་བཅས་པ་མཆིམས་ཕུ་ནས་སྤྱན་དྲངས་པ། རྒྱལ་པོ་སྒྲིབ་ཤིང་བཀའ་རྒྱ་མ་སྒོའི་སྒྲིབ་ཤིང་དུ་གྲགས་པ། དུག་བསྲུང་རྨ་༼ཟུར༽བྱའི་རྒྱ་ཅན། སྐེག་བསྲུང་རུས་སྦལ་མ། འཇུར་སྒོམ་རི་རབ་མ། གཟའ་བསྲུང་ལྟེ་བར་ཧཱུཾ་ཉིས་བསྒྲིགས་མ། རང་ལུས་བསྲུང་བའི་གདམས་པ་རྒྱ་གར་ཕྱག་ནའི་ལུགས། ཇོ་མོ་བཀྲ་ཤིས་ཚེ་རིང་མའི་གསང་སྒྲུབ་མངོན་ཤེས་དང་དབང་སྡུད་ཀྱི་གདམས་པ། ཕུང་བྱེད་ཤིནྟཾ་གརྦྷས་འཇམ་དཔལ་དམར་པོའི་དྲག་སྔགས་བཀོལ་


GLG004_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཝ་ཐོད་ཀྱི་འཁྲུལ་འཁོར་གནུབས་ལུགས། སྡེ་བརྒྱད་ཡོངས་དྲིལ་གྱི་ཏེ་ཏ་བསེ་སྒོམ་ནག་པོ་སྔགས་བཟླས་པ་ཙམ་གྱིས་ལྷ་སྲིད་སྡེ་བརྒྱད་སྙིང་འབྱིན་པ་ཙམ་བྱེད་པ་ཤྲཱི་པདྨའི་གདམས་པ། འཇིག་རྟེན་རླུང་དམར་གྱི་དྲག་སྔགས་སྲོག་གི་ཇག་པ་ཞེས་པ་གོང་མའི་ཞལ་གདམས་གླང་སྒྲོམ་སྒོ་ང་ཕུག་གི་གཏེར་མ། རྣོ་བའི་སྤུ་གྲི་ཐམས་ཅད་ཀྱི་མདེ་ཐུང་ལ་ནང་གསེས་ཀྱི་ངན་སྔགས་གདུག་པའི་ལག་ཆ་དྲང་སྲོང་ཁྲོས་པའི་དམོད་མོ་ཧལ་ཁྱི་ནག་པོའི་གཏད་ཁྲམ་རྒྱ་ནག་གཏིང་ནས་ཞུས་ཏེ་བསྒྱུར་བ། དྲང་སྲོང་ཁྲོས་པའི་དམོད་མོ་ཁྱི་ནག་པོ་ཕང་པས་བཏབ་པ། འཇིགས་པའི་ངན་སྔགས་བཙན་དུག་ལྟ་བུ་ཧལ་ཁྱི་ནག་པོ་ལ་འཕྲིན་ལས་བཅོལ་བ། ས་བདག་ཕུང་བྱེད་ནག་པོའི་འདེབས་ཁ་བསྐུལ་དུག་ལྔ་འདུས་པ་དང་བཅས་པ། ལྕགས་ཕུར་ཁོང་སྟོང་ལ་བརྟེན་པའི་ཧལ་ཁྱི་ནག་པོའི་ངན་སྔགས། ཧལ་ཁྱིའི་བསྐུལ་ས་བདག་ཧལ་ཁྱི་མ། གསད་པའི་མཚོན་ཆ་དྲང་སྲོང་སྲོག་གི་སྔགས་རྒོད་བསྐུལ་སེར་སྐྱ་མ་དང་བཅས་པ། ཧལ་ཁྱི་ནག་པོའི་ངན་སྔགས་གདུག་པའི་ལག་ཆ་གོང་དང་འདྲ་མིན་རྣམས། ནག་པོ་ཡོད་འདེད། སྲོག་གི་བཤན་པ། མཆན་པ་ནག་པོ་བཟེ་མ་ཉེ་འབྱེད་དང་ནག་པོ་བཟློག་མེད་སོགས་གཞི་གཅིག་ལ་མིང་དུ་མར་བཏགས་པའི་རླུང་འཁོར་མུ་སྟེགས་ཀྱི་གཙུག་ལག་ཁང་རུ་པ་ཏ་ཚའི་དབང་ཕྱུག་གི་རྟེན་ལས་ཨྱོན་ཆེན་པོས་བཏོན་ཏེ་པྲ་དུན་རྩེར་གཏན་ལ་ཕབ། བུམ་ཐང་ལྷ་ཁང་སྒོ་སྲུང་རྟ་མགྲིན་གྱི་མཚན་མར་སྦས་པའི་བུམ་ཐང་སྲོག་འཁོར་དགྲ་བོའི་སྲོག་གི་མཆན་པ་ནག་པོ་འབྱུང་བ་རླུང་གི་འཁོར་ལོ་ཞེས་སྦུར་བུ་བྱེའུ་མགོན་གྱིས་སྤྱན་དྲངས་ནས་ཤོག་སེར་ཡང་གཏེར་དུ་བཞུགས་པ་པདྨ་གླིང་པས་སྤྱན་དྲངས་པའི་སྐོར་ལ། གླེང་གཞི་རྣམ་གྲངས། བཅའ་ཐབས། འགྲུབ་རྟགས་


GLG004_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

གནད་འབེབས། མཇུག་སྡུད་དེ་དོན་དྲུག་གིས་བསྟན་པ། འབྲུབ་ཁུང་། ལིང་ག་བདུད་ཉི་རྭ་ཧུའི་ཐེབས་བཟློག །ནག་རྩིས་ཀྱི་གནད། ལྷ་དབྱེ། ཚུལ་ལ་ལྡོག་པའི་སྐྱོན་བསྟན་མན་༼གཏེར༽ངག་ཤོག་དྲིལ་དྲུག་པ་ཞེས་པའི་དྲག་སྔགས། དེའི་ལག་ལེན་དྲག་སྔགས་བཅུད་བོར་ལ། རྫས། སྔགས། ཏིང་ངེ་འཛིན། བརྟག་པ། གནད་འབོར་དང་བཅས་པའི་སྙིང་དང་འདྲ་བ་བུམ་ཐང་རིན་ཅེན་དགེ་གནས་ཀྱི་རྟ་མགྲིན་གྱི་ཤངས་ནས་གདན་དྲངས་པ། ཚེ་འཕེལ་བའི་འཁོར་ལོ་མུ་ཁྱུད་ལྔ་པ། སྲི་བསྲུང་མུ་ཁྱུད་ལྔ་པ། སྐེག་བསྲུང་མུ་ཁྱུད་བཞི་པ། ས་བདག་བསྲུང་བ་མུ་ཁྱུད་བཞི་པ། སློབ་དཔོན་པདྨས་མཛད་པའི་ཇག་འཆིང་སྲོག་གཅོད་སྤུ་གྲི་རྒྱ་གར་ནས་བཏོན་པའི་གཏེར་མ་དགྲ་ཆམ་ལ་འབེབས་པའི་སྐས་ཐུང་གློ་བུར་བཙན་ཐབས་སུ་བཅིང་པའི་མན་ངག །བལ་ཡུལ་ལི་ཤནྟའི་བྲག་སེང་གེ་གནམ་དུ་མཆོངས་པ་འདྲ་བའི་ཕུག་པ་གྲུ་གསུམ་ནས་སྤྱན་དྲངས་པའི་ནད་བརྒྱ་སྔགས་གཅིག་གི་གདམས་ངག་ཕན་ཡོན་སྔགས་བྱ་ཐབས་གསུམ་གྱིས་བསྟན་པ། བདུན་དྲུག་འཇོམས་པའི་ཐོ་བ་ཞེས་པ་ནད་ཏྲེ་ཏྲེ་ཧོའི་གཉེན་པོའི་སྨན་སྔགས་ཁྱད་པར་ཅན། ཕན་ཡོན་ཉེར་གཅིག་གི་བསམ་གཏན་ཉལ་༼བྱང༽ཆོག་ཏུ་གྲགས་པ་རྫོགས་ཆེན་ལུགས་ཀྱི་འཁོར་ལོ་ཟབ་ཁྱད་དང་རྦད་ཁམ་ཅན། རྦོད་གཏོང་བཟློག་པའི་ཟ་༼ཀོང༽ཡིག་ལྷ་འདྲེ་སྟོང་བཟློག་གམ་ལྷ་སྲིན་སྙིང་འབྱིན་ཞེས་པ་ལ་གསད་པ་ཁྲག་གི་ལས་མཐུ་འགོར་ཧ་འཇུག་ན་ཟླ་ཕྱེད་གསུམ་བརྩེགས་ཡོད་པའི་གླིང་ལྔ་མ་ཉི་མ་ཟེར་ཁར་ཟ་བ། ཟློག་པ་བར་སྣང་གི་སྒྱོགས་ཆེན་ཡིག་འབྲུ་དྲུག་བརྩེགས་འོག་ཏུ་ཕུར་བུ་དང་ཐ་ཉིས་བརྩེགས་ཡོད་པ་ཉིན་ཕྱེད་ལ་ཟ་བ། བསྲུང་བ་རྡོ་རྗེའི་གོ་ཆ་ཨ་ཀ་མ་འཕྲེང་བྲིས་འོག་ཏུ་ཡིག་འབྲུ་དགུ །ཕུར་པ་རཾ་ལྔས་མཚན་


GLG004_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྔ་དྲོ་ཟ་བ། ནང་འགྲས་བསམ་གཏན་ཉལ་ཆོག་གི་ཟ་ཡིག་ལིང་ག་དང་རལ་གྲི་མ་རྣམས། མཚོན་བསྲུང་༼ཀོང༽ཨཱོཾ་དྲུག་མ། རྩེ་ཐུབ་༼ཀོང༽རྩེ་གྲུམ་ཚེག་བར་བརྒྱད་མ། བུ་ཡིག་ཨཱོཾ་ནས་༼ཀོང༽ཙཀྲའི་བར་བརྩེགས་པ་འབྲུ་བཅུ་གཉིས་པ། རྣོ་ཐུབ་༼ཀོང༽གུར་ལིང་ཚེག་བར་བཅུ་མ། བུ་ཡིག་ཨཱོཾ་ནས་༼ཀོང༽ཛའི་བར་བརྩེགས་པ་འབྲུ་བརྒྱད། མདའ་རྡོ་མཚོན་གསུམ་ཐུབ་པ་༼ཀོང༽ཨཱོཾ་ནས་བའི་བར་གླིང་བདུན་མ། ཤིང་དང་རུས་པར་བསྔགས་པ་ཏྲ་ནས་ཛུའི་བར་འབྲུ་དྲུག་༼ཀོང༽དང་ཏྲ་ནས་ཕཊ་ཀྱི་བར་འབྲུ་བཅུ་ཉལ་ཐབས་སུ་བརྩེགས་པ། མི་སྤྱོད་སོགས་གཏོང་ཐུབ་པའི་ཨྱོན་༼ཀོང༽གྱི་སྤུངས་ཡིག་བཤད་བདུན་མ། ཕྲ་མོ་༼ཀོང༽བྲག་ནས་རིན་ཅེན་ཚུལ་རྡོར་གྱིས་བཏོན་པ་དང་ཞུས་དག་ཕེར་བའི་རྩེ་ཐུབ་ཨཱོཾ་ནས་ཧའི་བར་བརྩེགས་པའི་འབྲུ་བཅོ་བརྒྱད། སོ་ཐུབ་ཨཱོཾ་ནས་ཛའི་བར་འབྲུ་བཅོ་བརྒྱད། ཡང་ཨཱོཾ་དྲུག་མ་གླིང་དྲུག་མའི་སྟེང་དུ་བུ་ཡིག་ཨཱ་ནས་བྷཱུཾ་གྱི་བར་བཅོ་ལྔ་འཕྲེད་བྲིས་བྱས་པ། ཨཱོཾ་ནས་ཧའི་བར་བརྩེགས་པའི་འབྲུ་བདུན་ཁ་སྦྱར་ཉིན་གཉིས་ཐུབ་པ་རྣམས་ཐོབ་པ་ལས་ཀོང་གི་རྟགས་ཅན་རྣམས་མ་གཏོགས་པའི་བརྒྱུད་པ་ནི། ཀུན་བཟང་ཧེ་རུ་ཀ །རྡོ་རྗེ་ཆོས། ལས་ཀྱི་དབང་མོ་ཆེ། དགའ་རབ་རྡོ་རྗེ། ཤྲཱི་སིངྷ། གུ་རུ་པདྨ་ཡབ་ཡུམ། ལྷ་སྲས་ལྕམ་སྲིང་། གཏེར་སྟོན་པདྨ་གླིང་པ། ཆོས་རྗེ་རྣམ་གཉིས། རྗེ་བསྟན་འཛིན་གྲགས་པ། ཡོངས་འཛིན་པདྨ་འཕྲིན་ལས། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། དར་སྡིངས་འཕྲིན་ལས་ལྷུན་གྲུབ། ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཟུར་གྱི་རྟགས་ཡོད་པའི་བརྒྱུད་ལུགས་གཅིག་དང་ཀོང་གི་རྟགས་ཡོད་པའི་བརྒྱུད་པ་ནི། གཏེར་སྟོན་ལ་ཀོང་ཆེན་ནམ་མཁའ་དཔལ་ལྡན་དང་ལེགས་པའི་ཤེས་རབ་གཉིས་ཀས་གསན། དེ་ནས་ནམ་མཁའ་རྣམ་རྒྱལ། ལྷུན་གྲུབ་རྡོ་རྗེ།
གཞོན་ནུ་དོན་གྲུབ། རྩ་བའི་བླ་མ། དེས་བདག་ལའོ། །ཡང་ན་གཏེར་སྟོན་ལ་རིན་པོ་ཆེ་སྨན་རྩེ་བ་དང་ཟུར་རྣམ་རྒྱལ་གྲགས་པ་གཉིས་ཀས་གསན། དེ་ནས་ལྷུན་གྲུབ་རྡོ་རྗེ་མན་གོང་བཞིན་ནོ། །བྱང་གི་རྟགས་ཡོད་པའི་བརྒྱུད་པ་ནི། གཏེར་སྟོན་ནས། སྔགས་འཆང་གསང་སྔགས་སྡོང་པོ། མངའ་རིས་རིག་འཛིན་ཆེན་པོ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིག་འཛིན་ངག་གི་དབང་པོ། ཟུར་རྩ་བའི་བླ་མ། དེས་བདག་ལའོ། །གཏེར་གྱི་རྟགས་ཡོད་པ་ནི་གོང་དུ་མ་ནོས་པས་འཕྲིན་ལས་ལྷུན་གྲུབ་ནས། གཏེར་བདག་གླིང་པ་ལ་བརྒྱུད་པ་ཁོ་ནའོ། །