Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
རྒྱལ་བ་རྒྱ་མཚོའི་ས་ཆོག་དང་སྟ་གོན་འདོན་བྱ་ཁོལ་དུ་ཕྱུང་བ།
   
   
   
   
   
   
   


 
previousརྒྱལ་བ་རྒྱ་མཚོའི་ས་ཆོག་དང་སྟ་གོན་འདོན་བྱ་ཁོལ་དུ་ཕྱུང་བ།next

རྒྱལ་བ་རྒྱ་མཚོའི་ས་ཆོག་དང་སྟ་གོན་འདོན་བྱ་ཁོལ་དུ་ཕྱུང་བ།


KMC009_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་རྒྱ་མཚོའི་ས་ཆོག་དང་སྟ་གོན་འདོན་བྱ་ཁོལ་དུ་ཕྱུང་བ་ཞེས་བྱ་བ་བཞུགས་སོ། །


KMC009_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལ་ཕྱག་འཚལ་ལོ། །བླ་མ་མཆོག་དང་འཇིག་རྟེན་དབང་ཕྱུག་ལ། །གུས་པས་ཕྱག་འཚལ་དེ་ཉིད་སྒྲུབ་པའི་ཟིན། །གང་ཞིག་བློ་སྒྲོས་གཞོན་ནུ་གང་ཟག་རྣམས། སྔོན་གྱི་ཕྱག་སྲོལ་ཇི་ལྟར་གསུངས་པ་ལྟར། །འཇུག་པ་བདེ་བའི་ལམ་སྲོལ་རབ་གསལ་བ། །འདིར་ཞུགས་དང་བས་ཉམས་སུ་བླང་བར་མཛོད། དེ་ལ་ཐོག་མར། རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་པདྨ། གཡོན་བགྲང་ཕྲེང་འཛིན་པ། དར་


KMC009_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་གསལ་བར་གྱུར། ༀ་ཧྲཱིཿཔདྨཱནྟ་ཀྲྀ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ༀ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷ་ཝ་ཤུདྡྷ྄྄྄྄྄྄྄྄྄ོ྅ཧཾ། སྟོང་པར་གྱུར། སྟོང་པའི་ངང་ལས། རང་གི་ཐུགས་ཀ་ནས། ཡཾ་འཕྲོས་པ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་གམ་བ་དན་དང་ཡཾ་ཡིག་གིས་མཚན་པ། དེའི་སྟེང་དུ་རཾ་སྤྲོས་པ་ལས་མེའི་དཀྱིལ་འཁོར་དམར་པོ་འབར་བ་རཾ་གྱིས་མཚན་པ། དེ་ལ་ཀཾ་


KMC009_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྤྲོས་པ་ལས་ཐོད་པ་སྐམ་པོ་བུམ་རིལ་གྱི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་སྤྲོས་པ་ལས་ཐོད་པའི་སྣོད་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དབུས་སུ་མུ་ལས་དྲི་ཆུ་བཻ་ཌཱུརྻ་ལྟ་བུ། ཤར་དུ་བི་ལས་དྲི་ཆེན་ཤེལ་ལྟ་བུ། ལྷོར་ར་ལས་རཀྟ་གསེར་བཙོ་མ་ལྟ་བུ། ནུབ་ཏུ་ཤུ་ལས་བྱང་སེམས་དཀར་པོ། བྱང་དུ་མ་ལས་གླད་པ་སྟེ་བདུད་རྩི་ལྔ་དང་། སླར་ཡང་དབུས་སུ་ན་ལས་མིའི་ཤ །ཤར་ལྷོར་གོ་ལས་བ་ལང་གི་ཤ །ལྷོ་ནུབ་ཏུ་ཀུ་ལས་ཁྱིའི་ཤ །ནུབ་བྱང་དུ་ད་ལས་གླང་པོ་ཆེའི་ཤ །བྱང་ཤར་དུ་ཧ་ལས་རྟའི་ཤ་སྟེ་ཤ་ལྔའོ། རླུང་གཡོས་ཤིང་མེ་སྤར་བས་ཐོད་པ་དྲོས་རྫས་རྣམས་ཞུ་བ། ༀ་ཨཱཿཧཱུྃ། གསུང་གི་བདུད་རྩིའི་རང་བཞིན་ཁ་དོག་དམར་པོའོ། །ༀཨཱཿཧཱུྃ། ཐུགས་ཀྱི་བདུད་རྩིའི་རང་བཞིན་ཁ་དོག་སྔོན་པོའོ། །ༀ་ཨཱཿཧཱུྃ། སྐུའི་བདུད་རྩིའི་རང་བཞིན་ཁ་དོག་དཀར་པོ་འོ་མའི་རྒྱ་མཚོ་ལྟ་བུར་གྱུར། བགེགས་གཏོར་ལ། གཡོན་པའི་མཐེབ་སྲིན་གྱིས་འདུད་རྩི་


KMC009_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་ཞིང་། ༀ་ཧྲཱིཿསོགས། སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས། རང་རང་གི་སྤྱོད་ཡུལ་དུ་གྱུར་པའི་སྣོད་རྣམས་སུ། ༀ་ཨཱཿཧཱུྃ་ལས་བྱུང་བ། ལྷ་རྫས་ལས་གྲུབ་པའི་གཏོར་མ་དངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨཱ་དྱ་ནུཏྤནྣ་ཏྭཱ་ཏ་ༀ་ཨཱཿཧཱུྃ་ཕཊ་སྭ་ཧཱ། ལན་གསུམ། ས་སླང་བ་ནི། གཏོར་མ་གཅིག་བཤམས་ལ། སྔོན་འགྲོ་ལྟར་བྱིན་གྱིས་བརླབས། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་གསུམ་གྱིས་འབུལ། དྲིལ་བུ་གསིལ་ཞིང་། གང་ཡང་འདིར་གནས་ལྷ་དང་ཀླུ། གནོད་སྦྱིན་སྲིན་པོའམ་གཞན་ཡང་རུང་། དཀྱིལ་འཁོར་དོན་དུ་ས་འདི་ནི། བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། ལན་གསུམ། ཞེས་གསོལ་བ་བཏབ་པས་གནང་བ་བྱིན་པར་གྱུར། དཀྱིལ་འཁོར་གྱི་དབུས་སུ་དྲིའི་ཐིག་ལེ་བྱས་པའི་སྟེང་དུ། མེ་ཏོག་གི་ཚོམ་བུ་གྲུ་བཞི་པ་བྱས་པའི་མཐའ་སྐོར་དུ་མཆོད་ཡོན། ཉེར་སྤྱོད་ལྔས་བསྐོར་བ་བཤམས། བདུད་རྩི་གཏོར་ཞིང་། ༀ་ཧྲཱིཿཔདྨཱནྟ་ཀྲི་ཏ་སོགས། སྭ་བྷ་ཝ་སོགས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པདྨ་


KMC009_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་མ་བརྒྱད་པའི་སྟེང་དུ་བཾ་ལས་སའི་ལྷ་མོ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་ན་རིན་པོ་ཆེ། གཡོན་ན་རིན་པོ་ཆེའི་བུམ་པ་བསྣམས་པ། སྐུ་ལ་རིན་པོ་ཆེའི་རྒྱན་དང་ལྡན་པ། སྐུ་ཕྱེད་ཐོན་པའི་དཔྲལ་བར་ༀ། མགྲིན་པར་ཨཱཿ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། དམ་ཚིག་པ་ལྟ་བུའི་ཡེ་ཤེས་པ་སྤྱན་དྲངས་ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ༀ་པྲྀ་ཐི་ཝཱི་དེ་ཝ་ཏཱ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པ་ནས། ཤབྡའི་བར་གྱིས་མཆོད། གཡོན་དྲིལ་བུ་འཛིན་ཅིང་། གཡས་རྡོ་རྗེ་དང་བཅས་པའི་ཐལ་མོ་སྙིང་གར་བཞག་ནས། ཁྱོད་ནི་ས་འཛིན་ལྷ་མོ་སྟེ། །སྐུ་ཕྱེད་ཐོན་ཏེ་གསེར་གྱི་མདོག །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །ས་འོག་ལྷ་མོ་ཁྱོད་ལ་བསྟོད། །པདྨའི་སྟེང་ན་བུམ་པ་འཛིན། །གསེར་མདོག་བསྟན་པ་སྲུང་མཛད་མ། །ཁྱོད་ནི་ནོར་འཛིན་རྒྱལ་མོ་སྟེ། །ནོར་འཛིན་ལྷ་མོ་ཕྱག་འཚལ་བསྟོད། །ཅེས་བསྟོད། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་


KMC009_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་ལྟར། །དེ་བཞིན་དུ་ནི་བདུད་ཀྱི་སྡེ། །ཕམ་པར་བྱ་ཕྱིར་དཀྱིལ་འཁོར་བྲི། རྡོ་རྗེ་འཛིན་པ་ཁྱོད་ཅི་བདེ་བར་གྱིས་ཤིག་ཅེས་གནང་བ་བྱིན་པར་གྱུར། ཨརྒྷཾ་སོགས་ཀྱིས་མཆོད། བཛྲ་མུཿ ཡེ་ཤེས་པ་གཤེགས་ནས་དམ་ཚིག་པ་རང་གི་གནས་སུ་ཐིམ་པར་གྱུར། མཆོད་གཏོར་ཚོམ་བུ་རྣམས་བསལ། སའི་ལྷ་མོ་སྟ་གོན་ནོ། །ལག་གཉིས་རྡོ་རྗེ་དྲིལ་བུ་དང་བཅས་པའི་མཁྲིག་མ་གཉིས་བསྣོལ་ཏེ་ས་ལ་བཞག་ནས། ༀ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ། ཞེས་དང་། དཀྱིལ་འཁོར་གྱི་སྟེང་དུ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས་པས། འོག་ཐམས་ཅད་རྡོ་རྗེའི་ས་གཞི། ལོགས་ཐམས་ཅད་རྡོ་རྗེའི་ར་བ། སྟེང་ཐམས་ཅད་རྡོ་རྗེའི་གུར་དུ་གྱུར། ༀ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་བརྗོད་ལ། ལག་གཉིས་ཀྱིས་ཐལ་མོ་ཁ་སྦུབ་པས་ས་ལ་རེག་ཅིང་བདག་གིར་བཟུང་ངོ་།


KMC009_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་འགྲོ་གཏོར་མ་བཤམ་ནས། །ༀ་ཧྲཱིཿཔདྨནྟ་ཀྲིཏ་སོགས། བདག་བསྐྱེད་ཀྱི་བཟླས་པའི་བར་བྱ། ༀ་ཧྲཱིཿསོགས། ༀ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས། ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུྃ་ཡིག་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་རྡོ་རྗེའི་མཆོད་ཡོན། བདུག་སྤོས། མེ་ཏོག མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་པའི་སྤྲིན་དྭངས་ཤིང་ཐོགས་པ་མེད་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་སྙེད་རྒྱས་པར་འགེངས་ཤིང་འཕྲོ་བ། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ལྟ་བུ་བསམ་གྱིས་མི་ཁྱབ་པ་རྣམས་སུ་གྱུར། ༀ་བཛྲ་ཨརྒྷཾ་སོགས། བྱིན་གྱིས་བརླབས། ཤར་ཕྱོགས་པ་རྣམས་སངས་རྒྱས་སྤྱན་མའི་ང་རྒྱལ་གྱིས། མེ་ཏོག་བདུག་སྤོས་སྣང་གསལ་དང་། །དྲི་ཆབ་ཞལ་ཟས་མཆིས་པ་ཀུན། །བླ་མ་དཀྱིལ་འཁོར་ལྷ་ལ་འབུལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་པུཥྤེ་པཱུ་ཛ་


KMC009_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ་པཱུ་ཛ་མེ་གྷ་སོགས། ཐལ་མོ་སྙིང་གར་བཞག་པ་གུས་པའི་ཚུལ་གྱིས། ཧྲཱིཿ ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་སྐུ། ཞེས་པ་ནས། མི་དམིགས་དོན་གྱི་དངོས་གྲུབ་སྩལ་དུ་གསོལ། ཞེས་པའི་བར་གྱིས་བསྟོད་ལ། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་གཙོ་བོས་བཤད་དུ་གསོལ། །ལྷོ་ཕྱོགས་པ་རྣམས་མཱ་མ་ཀཱིའི་ང་རྒྱལ་གྱིས། གཟུགས་དང་སྒྲ་དང་དྲི་དང་རོ། །རེག་དང་འདོད་ཡོན་རྣམ་ལྔ་པོ། །བླ་མ་དཀྱིལ་འཁོར་ལྷ་ལ་འབུལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། ༀ་སརྦ་ཏ་ཐཱ་ག་ཏ་རཱུ་པ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཤཔྡ། གནྡྷེ། ར་ས། སྤཪྴེ་པཱུ་ཛ་མེ་གྷ་སོགས། ཧྲཱིཿཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་སྐུ། ཞེས་སོགས་ཀྱིས་བསྟོད་ལ། མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་ཉིད་མིན་པ་ཐམས་ཅད་


KMC009_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་གཙོ་བོས་བཤད་དུ་གསོལ། །ནུབ་ཕྱོགས་པ་རྣམས་གོས་དཀར་མོའི་ང་རྒྱལ་གྱིས། ཤ་ཆེན་སྤོས་དང་དྲི་ཡི་བྱུག །ཞུན་ཆེན་སྣང་གསལ་དྲི་ཆེན་གྱི། །ཞལ་ཟས་ཤ་ལྔ་བདུད་རྩི་ལྔ། །བླ་མ་དཀྱིལ་འཁོར་ལྷ་ལ་འབུལ། ༀ་སརྦ་ཏ་ཐཱ་ག་ཏ་པཉྩ་ཨ་མྲྀ་ཏ་པཉྩ་ཨཾ་ཀུ་ཤ་པཱུ་ཛ་མེ་གྷ་ས་མུ་ུདྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཧྲིཿ ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་སྐུ། སོགས་ཀྱིས་བསྟོད་ལ། ཞི་བའི་མཆོག་ནི་ཆོས་ལས་བྱུང་། །ཡེ་ཤེས་སྤྱོད་པ་རྣམས་སྦྱོང་བ། །ཀུན་ཏུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་གཙོ་བོས་བཤད་དུ་གསོལ། །བྱང་ཕྱོགས་པ་རྣམས་དམ་ཚིག་སྒྲོལ་མའི་ང་རྒྱལ་གྱིས། སེམས་ཉིད་ལྷན་ཅིག་སྐྱེས་པ་འདི། །བདེ་ཆེན་ཀུན་ཏུ་བདེ་ཆེན་ཉིད། །འཁོར་འདས་ཀུན་ཁྱབ་ཀུན་ཏུ་བཟང་། །བླ་མ་དཀྱིལ་འཁོར་ལྷ་ལ་འབུལ། ༀ་སརྦ་ཏ་ཐཱ་ག་ཏ་ན་ཏ་ད་མ་ཧཱ་སུ་ཁ་ཏཱ་པཱུ་ཛ་མེ་གྷ་ས་མུ་ུདྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཧྲཱིཿ ཐུགས་རྗེ་ཆེན་


KMC009_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སོགས་ཀྱིས་བསྟོད་ལ། སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པས་གོས་པ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་གྱུར། །དཀྱིལ་འཁོར་གཙོ་བོས་བཤད་དུ་གསོལ། །ཞེས་གསོལ་བ་བཏབ་ནས། སློབ་དཔོན་སེམས་ཅན་རྣམས་སྙིང་བརྩེ་བས་ལངས་ཏེ། རང་ཉིད་སྐད་ཅིག་གིས། ཁྲོ་བོའི་རྒྱལ་པོ་རྟ་མཆོག་ཧེ་རུ་ཀ་སྐུ་མདོག་དམར་པོ་ཕྱག་གཡས་རྡོ་རྗེ། གཡོན་སྡིགས་མཛུབ་རྡོ་རྗེའི་ཞགས་པ་བསྣམས་པ། སྦྲུལ་དང་དར་གྱི་ཅོད་པན་དང་། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། སྟག་པགས་རློན་པའི་ཤམ་ཐབས་ཅན། ཞབས་གཉིས་བརྐྱང་བསྐུམ་དོར་སྟབས་སུ་འགྱིང་བ། ཤིན་ཏུ་ཁྲོ་བའི་ཞལ་ཅན། སྤྱན་གསུམ་ཁྲོ་གཉེར་གྱི་རླབས་དང་ལྡན་པ། མཆེ་བ་བཞི་གཙིགས་པ། སྐུ་ལ་བསྐལ་པའི་མེ་དཔུང་འབར་བ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པའི་གསེབ་ནས་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར་ཞིང་གར་བྱེད་པ་ཙམ་གྱིས་དཔའ་བོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་


KMC009_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

བར་གསལ་བའི་མིག་གཡས་པ་མ་ལས་ཉི་མ། གཡོན་པ་ཊ་ལས་ཟླ་བ། རྐང་པ་གཉིས་ཧཱུྃ་ལས་སྣ་ཚོགས་རྡོ་རྗེར་གྱུར། དབྱངས་དང་བཅས་པས། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱིས། ཐུགས་རྗེ་ཅན་གྱི་ཐབས་ཅན་གྱིས། །ཞི་ཡང་སེམས་ཅན་འདུལ་དོན་དུ། །དྲི་མ་མེད་པའི་ཁྲོ་བོར་སྤྲུལ། །རྣམ་དག་དབྱིངས་ལས་ཐུགས་རྗེ་ཆེན་པོར་སྤྲུལ། །སྐྱེ་མེད་ཆོས་ལས་འཇིགས་མེད་སྐུར་སྟོན་པའི། །གདུལ་པ་འདུལ་ཕྱིར་ཐུགས་དམ་རྩེ་གཅིག་ཉིད། །ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་ལོ། །ཞེས་བརྗོད་ཅིང་ཕྱག་བྱས་ལ། རྡོ་རྗེའི་འགྲོས་ཀྱིས་དཀྱིལ་འཁོར་གྱི་བྱང་ཤར་གྱི་མཚམས་སུ་སོང་སྟེ། འགྱིང་བག་དང་བཅས་པས་རྡོ་རྗེ་གསོར་ཞིང་། བགེགས་ལ་བཀའ་བསྒོ་བ་ནི། སའི་ཕྱོགས་ནམ་མཁའ་ལྟར་ཡངས་ཤིང་རྒྱ་ཆེ་བའི་གནས་འདིར། རྣལ་འབྱོར་གྱི་དབང་ཕྱུག་རྡོ་རྗེ་འཛིན་པ་བདག་གིས་སློབ་མ་རྣམས་ལ་བྱང་ཆུབ་སེམས་དཔའ་གསུང་གི་མངའ་བདག་སྤྱན་རས་གཟིགས་དབང་ཕྱུག་གི་དབང་བསྐུར་བྱེད་པ་ལ་གང་དག་


KMC009_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

མི་བཟོད་པའི་གདོན་གྱི་རིགས་སུ་གྱུར་པ། སྟེང་ལྷའི་གདོན་དང་། འོག་ཀླུའི་གདོན་དང་། བར་ལྷ་མ་ཡིན་གྱི་གདོན་དང་། གདོན་ཆེན་པོ་བཅོ་བརྒྱད་ལ་སོགས་པ། གང་དག་མི་བཟོད་ཅིང་མ་རུངས་པའི་སེམས་དང་ལྡན་པ་དེ་དག་རྡོ་རྗེ་འཛིན་པའི་བཀའ་ཐོས་པ་ཙམ་གྱིས་ཕྱིར་དེངས་ཤིག །གང་དག་མི་འགྲོ་བ་དེ་དག་ནི། བདག་གི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདི་རབ་ཏུ་ཁྲོས་པའི་དབང་གིས་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཧཱུྃ། ཞེས་རོལ་མོ་བྱ་ཞིང་བགེགས་བསྐྲད་དོ། །ལྷ་སྟ་གོན་ནི། དཀྱིལ་འཁོར་དབུས་སུ་ཆང་དང་དྲི་བཟང་སྦྱར་བའི་ཐིག་ལེ་མཐོ་གང་གྲུ་བཞི་པ། ཕྱོགས་མཚམས་རྣམས་སུ་ཟླུམ་པོ་སོར་བཞི་པ་བྱས་པའི་སྟེང་དྲིའི་ཆུས་སྦངས་པའི་མེ་ཏོག་གི་ཚོམ་བུ་བཀོད་པས་བསྐོར་ལ། མེ་ཏོག་ཚོམ་བུའི་གདན་གྱི་སྟེང་དུ་ཧྲཱིཿདམར་པོ་ལས་བཅོམ་ལྡན་འདས་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱག་རྒྱལ་བ་རྒྱ་མཚོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཡུམ་


KMC009_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྒྱབ་ཏུ་འཁྱུད་པའི་ཚུལ་གྱིས་ཐལ་མོ་སྦྱར་བ། གཡས་ཀྱི་འོག་མས་རྡོ་རྗེ་རྩེ་ལྔ་པ་བསྣམས་པ། གཡོན་གྱི་འོག་མས་པདྨ་འདབ་མ་བརྒྱད་པའི་ཡུ་བ་ནས་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་གྱེན་དུ་བཅིངས་པ་ལ་དར་གྱི་ཅོད་པན་དང་རིན་པོ་ཆེའི་རྩེ་བྲན་ལྔས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པའི་པང་དུ་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཉིས་ཕྱག་གཉིས་མ། ཕག་ཞལ་དམར་མོ་སྤྱི་གཙུག་ཏུ་ཕྱུང་བ། རྩ་བའི་ཁྲོ་ཞལ་སྤྱན་གསུམཔ་མཆེ་བ་གཙིགས་པ། དབུ་སྐྲ་གྲོལ་བ་ལ་ཐོད་པ་སྐམ་པོ་ལྔས་བརྒྱན་ཅིང་། ཐོད་པ་རློན་པ་ལྔ་བཅུས་དོ་ཤལ་བྱས་པ། རུས་པའི་རྒྱན་ཆ་ལྔས་བརྒྱན་པ། ཕྱག་གཡས་རྡོ་རྗེའི་གྲི་གུག་ནམ་མཁར་ཕྱར་བ། གཡོན་པས་ཐོད་ཁྲག་ཡབ་ལ་སྟོབ་པའི་ཚུལ་གྱིས་འཁྱུད་པ། ཞབས་གཉིས་ཡབ་ཀྱི་རྒྱབ་ནས་འཁྲིལ་བའི་ཚུལ་གྱིས་སྐྱིལ་མོ་ཀྲུང་བཅས་ནས་བཞུགས་པའོ། །དེའི་ཕྱོགས་བཞིར་པད་ཉིའི་སྟེང་དུ་


KMC009_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་ཧྲཱིཿབཞི་ལས་འོད་འཕྲོས། སངས་རྒྱས་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཧྲཱིཿལ་ཐིམ་ཡོངས་སུ་གྱུར་པ་ལས། ཤར་དུ་མི་བསྐྱོད་པ་སྤྱན་རས་གཟིགས་སྐུ་མདོག་དམར་པོ། ཡུམ་སངས་རྒྱས་སྤྱན་མ་སྔོན་མོ་དང་གཉིས་སུ་མེད་པར་སྦྱོར་བ། ལྷོར་རིན་ཆེན་འབྱུང་ལྡན་སྤྱན་རས་གཟིགས་སྐུ་མདོག་དམར་པོ། ཡུམ་མཱ་མ་ཀཱི་སེར་མོ་དང་མཉམ་པར་སྦྱོར་བ། ནུབ་ཏུ་སྣང་བ་མཐའ་ཡས་སྤྱན་རས་གཟིགས་སྐུ་མདོག་དམར་པོ། ཡུམ་གོས་དཀར་མོ་དཀར་ལ་དམར་བའི་མདངས་ཅན་དང་གཉིས་སུ་མེད་པར་སྦྱོར་བ། བྱང་དུ་དོན་ཡོད་གྲུབ་པ་སྤྱན་རས་གཟིགས་སྐུ་མདོག་དམར་པོ། ཡུམ་དམ་ཚིག་སྒྲོལ་མ་ལྗང་གུ་དང་མཉམ་པར་སྦྱོར་བ། དེ་དག་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་པ། དེ་བཞིན་གཤེགས་པ་རྣམས་ཀྱི་ཕྱག་དང་པོ་རྣམས་ལྷ་མོ་ལ་འཁྱུད་པའི་ཚུལ་གྱིས་ཐལ་མོ་སྦྱར་བ། གཡས་ཀྱི་འོག་མ་རྣམས་ནི་མུ་ཏིག་དམར་པོའི་


KMC009_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

བགྲང་ཕྲེང་འཛིན་པ། གཡོན་གྱི་འོག་མ་རྣམས་ནི་མེ་ཏོག་པདྨ་དམར་པོ་འདབ་མ་བརྒྱད་པའི་ཡུ་བ་ནས་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ལྷ་མོ་རྣམས་ཀྱི་ཕྱག་དང་པོ་དག་ཀྱང་རང་རང་གི་བདག་པོའི་རྒྱབ་ཏུ་ཐལ་མོ་སྦྱར་བ། གཡས་ཀྱི་འོག་མ་རྣམས་ནི་རིམ་པ་བཞིན་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དཀར་པོ་དང་ཨུཏྤལ་འཛིན་པ། གཡོན་གྱི་འོག་མ་རྣམས་ནི་པདྨ་དམར་པོ་འཛིན་པ། ཞབས་གཉིས་ཡབ་ཀྱི་རྒྱབ་ཏུ་འཁྲིལ་བའི་ཚུལ་གྱིས་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྐུ་ལ་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་གྱེན་དུ་བཅིངས་པ་ལ་དར་གྱི་ཅོད་པན་དང་། རིན་པོ་ཆེའི་རྩེ་བྲན་ལྔས་བརྒྱན་པའོ། །ཤར་ལྷོའི་མཚམས་སུ་ཧ་ལས་རྡོ་རྗེ་མཁའ་འགྲོ་མ་སྔོན་མོ་གཡས་རྡོ་རྗེ། གཡོན་པདྨ། ལྷོ་ནུབ་ཏུ་རི་ལས་རིན་ཆེན་མཁའ་འགྲོ་མ་སེར་མོ་གཡས་ནོར་བུ་། གཡོན་པདྨ། ནུབ་བྱང་དུ་ནི་ལས་པདྨ་


KMC009_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་མ་དམར་མོ་གཡས་བུམ་པ། གཡོན་པདྨ། བྱང་ཤར་དུ་ས་ལས་ལས་ཀྱི་མཁའ་འགྲོ་མ་ལྗང་གུ་གཡས་རལ་གྲི། གཡོན་པདྨ་བསྣམས་པ། སྐུ་ལ་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའོ། །རང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་ལྷ་ཚོགས་རྣམས་མདུན་གྱི་ནམ་མཁའ་སྤྱན་དྲངས་པར་གྱུར། རྡོ་རྗེ་བསྡུ་བའི་རྒྱས། བཛྲ་ས་མ་ཛཿ ༀ། མཆོད་ཡོན་བདུག་སྤོས་མེ་ཏོག་སྣང་གསལ་དྲི། །ཞལ་ཟས་རོལ་མོ་ཤ་ལྔ་རིགས་ཀྱི་ཡུམ། །ཟག་མེད་བདེ་ཆེན་བདུད་རྩི་བདེ་བའི་གནས། ཤ་ཆེན་གསུར་དུད་ཞུན་མེ་དགའ་བདེ་རྒྱས། །སྣང་བ་སྣ་ཚོགས་ལྷན་སྐྱེས་ཡེ་ཤེས་བདེ། །རང་བྱུང་ཀུན་མཁྱེན་ཡེ་ཤེས་མཆོད་པའི་སྤྲིན། །མཆོད་པར་བཞེས་ལ་དངོས་གྲུབ་སྩལ་དུ་གསོལ། ༀ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དྷཱུ་པེ་སོགས་ཀྱིས་མཆོད་ལ། ཛཿ ཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། མཆོད་པ་བྱིན་རླབས་གོང་བཞིན།


KMC009_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་ལ་བདུད་རྩི་གཏོར་ནས་སྔར་ལྟར་བྱིན་གྱིས་བརླབས། ཕྱིའི་མཆོད་པ་འབུལ་བ་ནི། རྒྱལ་བའི་སྐུ་ལ་ཉོན་མོངས་མི་མངའ་ཡང་། །སེམས་ཅན་ཉོན་མོངས་བག་ཆགས་སྦྱང་སླད་དུ། །སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་གསོལ་བས། །ཁམས་གསུམ་གནས་པའི་དྲི་མ་དག་གྱུར་ཅིག །རྡོ་རྗེ་ཐལ་མོ་ཁ་ཕྱེ་པས་མཆོད་ཡོན་གྱི་སྣོད་བཟུང་ལ་བཟེད་ཞལ་དུ་འབུལ་ཞིང་། ༀ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ། བཛྲ་ཨརྒྷཾ་པྲ་ཏཱིཙྪ པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཚུལ་ཁྲིམས་དྲི་ལྡན་སྤོས་མཆོག་དམ་པ་འདི། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །སངས་རྒྱས་ཞིང་དུ་སྤོས་དྲི་ངད་ལྡན་པས། །རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་མཉེས་གྱུར་ཅིག །རྡོ་རྗེ་ཁུ་ཚུར་གཉིས་ཁ་འོག་ཏུ་ཕྱོགས་པས། དྷུ་པེ་སོགས། དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་མཉེས་བྱེད་པའི། །ལྷ་རྗས་དབྱིབས་ལེགས་མེ་ཏོག་དམ་པ་འདི། །ནམ་མཁའ་གང་བར་སེམས་ཀྱིས་མངོན་སྤྲུལ་ནས། །གཞལ་ཡས་ཁང་དུ་སྤྲིན་བཞིན་གཏིབས་གྱུར་ཅིག །


KMC009_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཁུ་ཚུར་སྟེང་དུ་ཕྱེ་བས། པུཥྤེ་སོགས། ཉོན་མོངས་དུག་སྲེག་མ་རིག་མུན་སེལ་བའི། །ཤེས་རབ་གཟི་ལྡན་དཔལ་གྱི་སྒྲོན་མེ་འདི། །སྤྲིན་མེད་མཁའ་ལ་ཉི་ཤར་ཇི་བཞིན་དུ། །འོད་ཟེར་སྣང་བས་ཕྱོགས་བཅུར་གསལ་གྱུར་ཅིག །ཁུ་ཚུར་ལས་མཐེ་བོང་གཉིས་བགྲེང་པས། ཨཱ་ལོ་ཀེ་སོགས། སྟོང་གསུམ་ཀུན་ཏུ་དྲི་དང་ངད་ལྡན་པའི། །སྤོས་དང་སྨན་སྦྱར་ཆུ་གཙང་རྒྱལ་བའི་ཁྲུས། །ཡེ་ཤེས་སྤྲིན་ཕུང་མཁའ་ལ་ཐུགས་རྗེའི་ཆར་རྒྱུན་གྱིས། །མི་གཙང་དྲི་མའི་ཚོགས་རྣམས་དག་གྱུར་ཅིག །ཐལ་མོ་གཉིས་བརྐྱང་བས། གནྡྷེ་སོགས། རྒྱལ་བའི་སྐུ་ལ་བཀྲེས་པ་མི་མངའ་ཡང་། །འགྲོ་བའི་དོན་དུ་ལྷ་རྫས་བདུད་རྩིའི་བཤོས། །དག་ཅིང་གཙང་མར་བཤམ་ཏེ་འབུལ་ལགས་ན། །བསོད་ནམས་ཞིང་གྱུར་རྣམས་ཀྱིས་བཞེས་སུ་གསོལ། །ཐལ་མོ་གཉིས་ཀྱི་མཐིལ་སྟེང་དུ་བསྟན་པས། ནཻ་ཝི་དྱ་སོགས། དྲིལ་ཆེན་སིལ་སྙན་རྣམ་གྲོལ་ཚངས་པའི་དབྱངས། །བསམ་དག་ངག་གིས་བསྟོད་དེ་གུས་མཆོད་


KMC009_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ། །ས་བཅུ་རིམ་གྱིས་བགྲོད་ནས་སངས་རྒྱས་སར། ཚོགས་གཉིས་རྫོགས་ནས་ཆོས་ཀྱི་རྒྱལ་པོར་ཤོག །རོལ་མོ་བྱ་ཞིང་། ཤཔྡ་པྲ་ཏཱི ཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ས་ཁམས་རང་བཞིན་གཏི་མུག་རྣམ་པར་དག །གཟུགས་ཕུང་གནས་གྱུར་ཆོས་དབྱིངས་ཡེ་ཤེས་བདག །བདེ་གཤེགས་ཀུན་དངོས་མགོན་པོ་སྤྱན་རས་གཟིགས། །རྣམ་པར་སྣང་མཛད་སྐུ་ལ་ཕྱག་འཚལ་བསྟོད། །ནམ་མཁའི་རང་བཞིན་ཞེ་སྡང་རྣམ་པར་དག །རྣམ་ཤེས་གནས་གྱུར་མེ་ལོང་ཡེ་ཤེས་བདག །བདེ་གཤེགས་ཀུན་དངོས་མགོན་པོ་སྤྱན་རས་གཟིགས། །མི་བསྐྱོད་རྡོ་རྗེའི་སྐུ་ལ༴ མེ་ཁམས་རང་བཞིན་ང་རྒྱམ་རྣམ་པར་དག །ཚོར་བ་གནས་གྱུར་མཉམ་ཉིད་ཡེ་ཤེས་བདག །བདེ་གཤེགས༴ རིན་ཆེན་འབྱུང་ལྡན་སྐུ་ལ༴ །ཆུ་ཁམས་རང་བཞིན་འདོད་ཆགས་རྣམ་པར་དག །འདུ་ཤེས་གནས་གྱུར་སོར་རྟོག་ཡེ་ཤེས་བདག །བདེ་གཤེགས༴ འོད་དཔག་མེད་མགོན་སྐུ་ལ༴ རླུང་


KMC009_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་རང་བཞིན་ཕྲག་དོག་རྣམ་པར་དག །འདུ་བྱེད་གནས་གྱུར་བྱ་སྒྲུབ་ཡེ་ཤེས་བདག །བདེ་གཤེགས༴ དོན་ཡོད་གྲུབ་པའི་སྐུ་ལ་ཕྱག་འཚལ་བསྟོད། །ཞེས་བསྟོད། གཡོན་པའི་མཐེབ་སྲིན་གྱིས་བདུད་རྩི་བླངས་ནས་ཡི་གེ་བཅུ་པའི་རྗེས་སུ། ༀ་ཨཱཿཧཱུྃ། བཏགས་པས་ནམ་མཁའ་མཆོད། པུས་བཙུགས་རྡོར་དྲིལ་དང་སྤོས་འཛིན་པས། གཉིས་མེད་ཡེ་ཤེས་ལས་བྱུང་བའི། །སྟོན་པའི་གཙོ་བོ་སྤྱན་རས་གཟིགས། །སངས་རྒྱས་བྱང་ཆུབ་སེམས་པའི་ཚོགས། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །ལྷ་རྣམས་ལ་ནི་མཆོད་པ་དང་། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །རྡོ་རྗེ་འཛིན་པ་བདག་གིས་ནི། དཀྱིལ་འཁོར་དམ་པ་བྲི་བར་འཚལ། །རྗེས་སུ་བརྩེ་བས་ཉེར་དགོངས་ནས། །བྱིན་གྱིས་རློབ་པར་མཛད་དུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་བརྐྱང་བའི་རྩེ་སྤྲད་པས། ༀ་བཛྲ་མཎྜལ་ཨུཏྟིཥྛ། སྟ་གོན་གྱི་ལྷ་ནམ་མཁར་བཏེགས་པར་གྱུར། ཞེས་སྟ་གོན་གྲུབ་བོ། །དེ་ནས་བུམ་པ་


KMC009_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་བཞིན་སྒྲུབ། དེ་ནས་ཚོགས་ནས། རྗེས་ཆོག་བཀྲ་ཤིས་བཅས་ལེགས་པར་གྲུབ་བོ། བན་ཆེན་སྒྲུབ་སྡེ་འོད་གསལ་གླིང་དུ་བྲིས་པའོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousརྒྱལ་བ་རྒྱ་མཚོའི་ས་ཆོག་དང་སྟ་གོན་འདོན་བྱ་ཁོལ་དུ་ཕྱུང་བ།next