Nitartha Digital Library
Tibetan
གླེགས་བམ་ཉེར་ལྔ་པ།


   
   
   
   
   
ཉེ་སྲས་བརྒྱད་ཀྱི་སྒྲུབ་པ་རིན་ཆེན་གཏེར་བུམ།
   
   
   
   
   


 
previousཉེ་སྲས་བརྒྱད་ཀྱི་སྒྲུབ་པ་རིན་ཆེན་གཏེར་བུམ།next

ཉེ་སྲས་བརྒྱད་ཀྱི་སྒྲུབ་པ་རིན་ཆེན་གཏེར་བུམ།


MR25_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་སྲས་བརྒྱད་ཀྱི་སྒྲུབ་པ་རིན་ཆེན་གཏེར་བུམ་བཞུགས་སོ། །


MR25_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་སྙིང་པོ་སྒྲུབ་པར་འདོད་པས་སྐྱབས་སེམས་ཚད་མེད་བསྒོམ་པ་སྔོན་དུ་སོང་ནས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པད་ཟླའི་གདན་ལ་རང་སེམས་ཁཾ་ཨཾ་ཡིག་ཀྱང་། ཡིག་ཡོངས་སུ་གྱུར་པ་ལས་ནམ་མཁའི་སྙིང་པོ་སྐུ་མདོག་སྔོན་པོ་ན་བཟའ་སྔོན་པོ་ཅན། ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པའི་གཡོན་པས་པདྨའི་རྩ་བ་འཛིན་པ་སྙན་གྱི་ཐད་ཀར་ཁ་ཕྱེ་བའི་སྟེང་ན་རལ་གྲི་སྔོ་བསང་ཅན། ནམ་མཁའི་རང་བཞིན་གྱི་ཁང་བཟང་སྔོན་པོ་འབར་བའི་དབུས་ན་ཁྲོ་བོ་དབྱུག་སྔོན་སོགས་འཁོར་རིག་འཛིན་མཚོན་ཆ་ཐོགས་པ་མང་པོ་དང་། རང་གི་སྤྲུལ་པ་ཁ་དོག་སྣ་ཚོགས་པ་ཅན་མང་པོས་བསྐོར་བ། སྤྱན་གྱི་འོད་ཀྱིས་ནམ་མཁའ་ཐམས་ཅད་འོད་དང་དྲི་ཞིམ་པོས་ཁྱབ་


MR25_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛད་པ། སྤྱི་གཙུག་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོས་སྤྲས་པ། དར་དང་རིན་པོ་ཆེས་བརྒྱན་པ། སེམས་དཔའི་སྐྱིལ་ཀྲུང་གིས་པད་ཟླ་ལ་བཞུགས་ཤིང་རྒྱལ་བ་རིགས་ལྔའི་དབུ་རྒྱན་ཅན་ནོ། །དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་འཕྲོས། ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿས་བསྟིམ། ཏྲཾ་བཱ་བཱ་ཊ་ཊ་ཧ་ཧ། ཞེས་ལན་གསུམ་མམ་བདུན་གྱིས་བརྟན་པར་བྱ། ཐུགས་ཀར་ཟླ་བ་ལ་ས་བོན་དང་སྔགས་ཕྲེང་དམིགས་ལ། ཨོཾ་སྭ་སྟི་ཀ་མ་ལཱ་ཀྵི་བི་པུ་ལ་སཾ་བྷ་ཝ་དྷརྨ་དྷཱ་ཏུ་གོ་ཙ་རེ་སྭཱ་ཧཱ། ཞེས་མཚན་བརྒྱ་རྩ་བརྒྱད་པ་ལས་གསུང་བ་ནམ་སྙིང་གི་དཀྱིལ་འཁོར་མངོན་སུམ་པ་རྣམས་ཀྱི་སྭཱ་ཧཱའི་མཆོག་གི་གཟུངས་


MR25_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཕན་ཡོན་རྒྱ་ཆེན་པོ་དང་ལྡན་པ་འདི་ཅི་ནུས་བཟླ། ཨོཾ་ཨ་ཀཱ་ཤ་གརྦྷ་ཡ་སྭཱ་ཧཱ། ཞེས་སྙིང་པོ་འདི་ཡང་ཅུང་ཟད་བཟླའོ། །ཐུན་མཚམས་ནམ་སྙིང་གི་མཚན་བརྒྱ་དང་ནམ་སྙིང་གི་མདོ་སོགས་བཀླག ཕྱག་མཆོད་མཎྜལ་སོགས་ཅི་ནུས་བྱས་ལ་གསོལ་བ་གདབ། ཐུན་མཐར་བསྡུ་ལྡང་དགེ་བསྔོ་སྤྱི་ལྟར་བྱའོ། །འདིས་ནད་མཚོན་མུ་གེའི་འཇིགས་པ་ཞི། ལྟུང་བ་ཐམས་ཅད་བྱང་། བཀྲ་ཤིས་ཤིང་ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་བྱེད། སངས་རྒྱས་ཀྱི་སའི་བར་གྱི་ཡོན་ཏན་ཚད་མེད་པ་མྱུར་དུ་འཐོབ་པར་འགྱུར་རོ། ༈ །བྱམས་པ་སྒྲུབ་པར་འདོད་པས་སྔོན་འགྲོ་གོང་འདྲ་ལ། མཻཾ་ཡིག་ཡོངས་སུ་གྱུར་པ་ལས་རྗེ་བཙུན་བྱམས་པ་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་བཤད་པའི་ཕྱག་རྒྱ་མཛད་པ། གཡོན་པས་ཀླུ་ཤིང་གི་ཡལ་ག་མེ་ཏོག་དང་བཅས་པ་སྙན་གྱི་ཐད་ཀར་ཁ་ཕྱེ་བའི་སྟེང་ན་རིལ་བ་སྤྱི་བླུགས་ཅན་འཛིན་པ། ཚངས་པར་སྤྱོད་པའི་ཆ་ལུགས་ཅན། དར་གྱི་སྨད་དཀྲིས་དང་རི་དྭགས་ཀྱི་ལྤགས་པས་ནུ་མ་གཡོན་པ་བཀབ་པ། རལ་པའི་ཐོར་ཚུགས་ཀྱི་ངོས་ལ་བྱང་ཆུབ་ཆེན་པོའི་མཆོད་རྟེན་ཅན། མཚན་དཔེ་ཡོངས་སུ་རྫོགས་པ་ཁྲོ་བོ་གཞན་གྱིས་མི་ཐུབ་པ་དང་བཅས་པའོ། །ཞབས་བཞུགས་ཚུལ་གང་མོས་བྱ། དེའི་དཔྲལ་བར་ཨོཾ་སོགས། ཨོཾ་མཻ་ཏྲི་དྲྀ་ཌྷ་ཙིཏྟི་ཏིཥྛ་ཧོཿ ཞེས་པས་བརྟན་པར་བྱ། སྙིང་གར་ཟླ་བ་ལ་སྔགས་ཕྲེང་བཀོད་ལ། ཨོཾ་ཨ་ཛི་ཏཉྫ་ཡ་སརྦ་སཏྭ་ས་མཱ་ཡ་མ་


MR25_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ནུ་ག་ཏ་སྭཱ་ཧཱ། རྡོ་རྗེ་སྙིང་པོའི་རྒྱན་ལས་གསུང་པ་རང་བཞིན་གྱིས་གྲུབ་པའི་སྔགས་འདི་གཙོ་བོར་བཟླ། ཡང་། ཨོཾ་མུ་ནི་མུ་ནི་སྨ་ར་སྭཱ་ཧཱ། ཞེས་བྱམས་པའི་ཉེ་སྙིང་ཕན་ཡོན་ཆེན་པོ་འདིའང་ཅི་རིགས་བཟླ། བྱམས་པའི་མཚན་བརྒྱ་རྩ་བརྒྱད་དང་བྱམས་སྨོན་སོགས་བཀླག་ཚད་མེད་བཞི་བསྒོམ་པར་བྱ། ཐུན་རྗེས་གོང་འདྲ། འདིས་བྱམས་པ་དང་ཤེས་རབ་དང་འགྲོ་དོན་འཕེལ། བདེ་སྐྱིད་ཆེན་པོ་འབྱུང་། ཚུལ་ཁྲིམས་དང་བསོད་ནམས་དང་ཆོས་འགྲུབ་བོ། ༈ །ས་སྙིང་ནི། ཀྵིཾ་ཡིག་ཡོངས་སུ་གྱུར་པ་ལས་ས་ཡི་སྙིང་པོ་སྐུ་མདོག་སེར་པོ། སྟོད་གཡོགས་སེར་པོ་ཅན་ཞི་བ་སྤྱན་རྩ་དམར་བ། མེ་ཏོག་སྔོན་པོའི་ཕྲེང་བའི་ཐོད་ཅན། ཕྱག་གཡས་ཤིང་ཐོག་དང་གཡོན་པདྨའི་སྟེང་ན་ནོར་བུ་དང་བཅས་པ་འཛིན་པ། འོད་ཟེར་ལྗང་གུ་འཕྲོ་ཞིང་རྡོ་རྗེ་ས་འོག་ལ་སོགས་པའི་འཁོར་གྱིས་བསྐོར་བ། གཞལ་ཡས་ཁང་སེར་པོ་རིན་པོ་ཆེའི་བྲག་རི་དང་གངས་རིས་བསྐོར་བ། དར་དང་རིན་པོ་ཆེ་སོགས་མན་ནམ་སྙིང་འདྲ། ཨོཾ་ཀྵི་ཧི་རཱ་ཛ་སྭཱ་ཧཱ། ལན་བདུན་གྱིས་བརྟན་པར་བྱ། སྔགས་ནི། ཨོཾ་སུམྦྷ་ནི་སུམྦྷ། ཧ་ར་ཙ་ར། མ་ཧཱ་པཱ་ཤ ། མ་རུ་ཏཱ། ཨ་མོ་གྷ་བཛྲ་ས་མནྟའང་སཏྭ་སྭཱ་ཧཱ། ཞེས་མཚན་བརྒྱ་རྩ་བརྒྱད་པ་ལས་གསུང་བ་ཡོན་ཏན་སྦྱིན་པ་ཞེས་བྱ་བའི་གཟུངས་ཕན་ཡོན་ཆེན་པོ་དང་ལྡན་པ་འདི་ཅི་ནུས་བཟླ། ཨོཾ་ཀྵི་ཏི་གརྦྷ་ཀྵིཾ་སྭཱ་ཧཱ། ཞེས་པའང་བཟླའོ། །ས་སྙིང་མཚན་བརྒྱ་དང་


MR25_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་བཅུ་པའི་མདོ་བཀླག འདིས་སྲིད་བརྟན། འབྱོར་པ་རྒྱས། ཇི་འདོད་པ་ཐོབ། དཔལ་ཡོན་ཐམས་ཅད་རྒྱ་ཆེར་འཕེལ་ལོ། ༈ །སྒྲིབ་སེལ་ནི། སྐཾ་མཾ། ཐླྷིཾཿཡོངས་སུ་གྱུར་པ་ལས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་སྐུ་མདོག་དཀར་པོ། གཡས་བུམ་པ་བདུད་རྩིས་གང་བ་དང་གཡོན་པདྨ་དཀར་པོའི་སྡོང་བུ་འཛིན་པ་སྙན་གྱི་ཐད་ཀར་ཁ་ཕྱེ་བའི་སྟེང་ན་ཟླ་བ་ཉ་གང་བ་དྲི་མ་མེད་པའི་འོད་ཟེར་འཕྲོ་བ། ཕྱིར་བཟློག་ཆེན་པོ་གཙུག་ཏོར་འཁོར་ལོས་སྒྱུར་བ་སོགས་རིག་པའི་ཁྲོ་བོ་མང་པོས་ཞབས་ལ་བཏུད་པ་དར་དང་སོགས། ཨོཾ་ནི་སྭཱ་རཾ་བྷ་སྭཱ་ཧཱས་བརྟན་པར་བྱ། བཟླ་བྱའི་སྔགས་ནི། ཨོཾ་ཨ་མྲྀ་ཏ་བིནྡུ་ཛཱ་ཝཱ་མ་ཧཱ་སུ་ཁ་སྭཱ་ཧཱ། ཞེས་མཚན་བརྒྱ་རྩ་བརྒྱད་ལས་གསུང་བ་ཡོན་ཏན་རིན་པོ་ཆེའི་ཚོགས་ཅན་གྱི་གཟུངས་ཕན་ཡོན་ཚད་མེད་པ་དང་ལྡན་པ་འདི་གཙོ་བོར་བཟླ། ཨོཾ་སརྦ་ནི་བ་ར་ཎི་བིཥྐ་མྦྷི་ནི་སྭཱ་ཧཱ། ཞེས་པའང་ཅི་རིགས་བཟླ། མཚན་བརྒྱ་རྩ་བརྒྱད་བརྗོད། འདིས་སྡིག་སྒྲིབ་ཞི། ཉོན་མོངས་སྡུག་བསྔལ་ཐམས་ཅད་བྱང་། ཚེ་འཕེལ། ཕྱིར་བཟློག་ལ་ཁྱད་པར་དུ་ཟབ་བོ། ༈ །སྤྱན་རས་གཟིགས་ནི། ཧྲཱིཿལས་འཇིག་རྟེན་མགོན་པོ་སྟོན་ཟླ་ལྟར་དཀར་བ་ཞལ་གཅིག་ཕྱག་གཉིས་པ། གཡས་སྐྱབས་སྦྱིན་དང་གཡོན་གདན་ལ་བརྟེན་པས་པདྨ་དཀར་པོའི་སྡོང་བུ་འཛིན་པ། རལ་པའི་ཐོར་ཚུགས་ལ་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་བཞུགས་ཤིང་། རི་དྭགས་ཀྱི་


MR25_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

པགས་པས་ཕྲག་པ་གཡོན་པ་བཀབ་པ། དར་དང་རིན་པོ་ཆེའི་རྒྱན་ཅན་གཡས་བརྐྱངས་པའི་རོལ་པའི་སྟབས་ཀྱིས་བཞུགས་པ། དེའི་དྲུང་དུ་ཁྲོ་རྒྱལ་རྟ་མགྲིན་དམར་པོ་བསྐལ་པའི་མེ་ལྟར་གཟི་བརྗིད་འབར་བ། དབུའི་གཙུག་ན་རྟ་མགོ་ལྗང་གུ་རྟ་སྐད་འཚེར་ཞིང་། ཕྱག་གཡས་ཕྱག་འཚལ་བ་དང་གཡོན་པས་བེ་ཅོན་དཀར་པོ་འཛིན་པ་དང་བཅས་པའོ། །དེའི་དཔྲལ་བར་སོགས། ཨ་རོ་ལི་ཀྲ་བདུན་གྱིས་བརྟན་པར་བྱ། སྙིང་གར་ས་བོན་དང་སྔགས་ཕྲེང་དམིགས་ལ། ན་མོ་ཨཱཪྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཀཱ་རུ་ཎེ་ཀཱ་རུ་ཎེ། མ་ཧཱ་ཀཱ་རུ་ཎ། པྲ་ཏིཥྛི་ཏེ་ཀཱ་རུ་ཎཱ་ཡ་སྭཱ་ཧཱ། ཞེས་དང་། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བཟླ། སྤྱན་གཟིགས་ཀྱི་མཚན་དང་ཟ་མ་ཏོག་བཀོད་པ་སོགས་བཀླག་འདིས་འཇིགས་པ་དང་སྡུག་བསྔལ་ཐམས་ཅད་ཞི། སྙིང་རྗེ་འཕེལ་ཞིང་ཐམས་ཅད་མཐུན་པ་དང་དོན་ཐམས་ཅད་འགྲུབ་བོ། ༈ །ཕྱག་རྡོར་ནི། ཉི་མ་ལ་གནས་པའི་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སྲུང་བའི་འཁོར་ལོའི་དབུས་སུ་ཕྱག་ན་རྡོ་རྗེ་ཞི་བ་སྔོན་པོ་རིན་པོ་ཆེའི་པྲོག་ཞུ་ཅན། མི་བསྐྱོད་པ་གཙོ་བོར་གྱུར་པའི་རིགས་ལྔས་དབུ་ལ་བརྒྱན་པ། ཕྱག་གཡས་ཐུགས་ཀར་འབར་བའི་རྡོ་རྗེ་གསོར་བའི་ཚུལ་དང་། གཡོན་གདན་ལ་བརྟེན་པའམ་སྡིགས་མཛུབ་མཛད་པ། ན་བཟའ་མཆོག་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རབ་ཏུ་བཞད་ཅིང་རོལ་པའི་སྟབས་ཀྱིས་


MR25_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ། ཟླ་བའི་འོད་ཀྱི་རྒྱབ་ཡོལ་ཅན། དེའི་དྲུང་དུ་བདུད་རྩི་འཁྱིལ་པ་ལྗང་གུ་ཁྲོ་བོའི་ཆ་བྱད་རྫོགས་ཤིང་དགྲ་སཏྭ་འཛིན་པ་དང་བཅས་པའོ། །དེའི་དཔྲལ་བར་སོགས། ཧཱུྃ་བཛྲ་བིད་སྭཱ་ཧཱ། བདུན་གྱིས་བརྟན་པར་བྱ། སྔགས་ཕྲེང་ས་བོན་ལ་དམིགས་ནས། ན་མོ་བཛྲ་པཱ་ཎ་ཡེ། མ་ཧཱ་བཛྲ་པྲ་ཏིཥྛི་ཏཱ་ཡ། སརྦ་ཏ་ཐཱ་ག་ཏ་ཤཱ་རི་རཱནྟཏྒ་ཏཱ་ཡ། བཛྲ་ཤཱ་རཱི་རཾ་མེ་ཀུ་རུ་བཛྲ་ཨ་དྷིཥྛ་ན་སྭཱ་ཧཱ། ཞེས་དང་། མཚན་བརྒྱ་རྩ་བརྒྱད་སོགས་ལས་གསུངས་པ། ཨོཾ་བཛྲ་ཙཎྚ་སརྦ་དུཥྚཱཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ། ཞེས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་གསང་སྔགས་རྒྱལ་པོའང་བཟླ། ཕྱག་རྡོར་མཚན་བརྒྱ་དང་དེ་བཞིན་གཤེགས་པའི་གསང་ཆེན་མདོ་བཀླག་ཡང་ན་མཚན་བརྒྱད་ཀྱི་བསྟོད་པ་བྱ། འདིས་བགེགས་དང་བར་ཆད་ཐམས་ཅད་ཞི། མཐུ་སྟོབས་རྒྱས། སྔགས་འགྲུབ། བཀྲ་ཤིས་པར་བྱེད་དོ། ༈ །ཀུན་ཏུ་བཟང་པོ་ནི། སྭྃ་ཡིག་ཡོངས་སུ་གྱུར་པ་ལས་ཀུན་ཏུ་བཟང་པོ་སྐུ་མདོག་དམར་པོ། གཡས་གང་བའི་བུམ་པ་ཐུགས་ཀར་གཏོད་ཅིང་། གཡོན་པདྨ་དཀར་པོ་དང་ཉི་མ་བསྣམས་པ། ཁྲོ་བོ་ཊཱཀྐི་རཱ་ཛ་དང་བཅས་པ་དར་དང་རིན་པོ་ཆེ་མན་ནམ་སྙིང་སྐབས་འདྲ། ཨོཾ་སྭཱྃ་ཧྲཱིཿཀ་ཡ་སྭཱ་ཧཱ། བདུན་གྱིས་བརྟན་པར་བྱ། ཐུགས་ཀར་ས་བོན་སྔགས་ཕྲེང་དམིགས་ལ། ན་མ་སྟྲཻ་ཡ་དྷཱི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། ཨོཾ་ཨ་སྟ་བ་ར་བྷོ་གི་སྭཱ་ཧཱ། ཞེས་དམ་ཚིག་གསུམ་


MR25_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པའི་རྒྱུད་ལས་འཕགས་པ་ཀུན་ཏུ་བཟང་པོའི་སྔགས་འདི་བཀླགས་པས་ཀུན་ཏུ་བཟང་པོའི་སྤྱོད་པ་ལས་ཕྱིར་མི་ལྡོག་པར་བྱིན་གྱིས་རློབ་པར་འགྱུར་བར་གསུངས་པ་ཡིན་ཏེ་ཅི་ནུས་སུ་བཟླའོ། །གཞན་ཡང་། ཨོཾ་ས་མནྟ་བྷ་དྲ་སྭྃ་སྭཱ་ཧཱ། ཞེས་པའང་ཅི་རིགས་བཟླ། ཀུན་བཟང་མཚན་བརྒྱ་དང་ཕལ་ཆེན། གསེར་འོད་དམ་པ་སོགས་བཀླག་འདིས་སྨོན་ལམ་ཐམས་ཅད་འགྲུབ། གཟུགས་མཛེས་པ་དང་ཡེ་ཤེས་སོགས་མཆོག་གི་སྐལ་བ་བཟང་པོར་བྱེད་པ་དང་། ཀུན་ཏུ་བཟང་པོའི་སྤྱོད་པ་ལས་ཕྱིར་མི་ལྡོག་པར་བྱིན་གྱིས་རློབ་པར་འགྱུར་རོ། ༈ །འཇམ་དཔལ་ནི། དྷཱིཿལས་འཕགས་པ་འཇམ་དཔལ་གུར་གུམ་གཞོན་ནུའི་མདོག་ཅན། ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་ཅིང་། ཕྱག་གཡོན་པོ་ཏིས་མཚན་པའི་ཨུཏྤ་ལའི་སྡོང་བུ་འཛིན་པ། རོལ་པའི་སྟབས་ཀྱིས་བཞུགས་ཤིང་མི་བསྐྱོད་པས་དབུ་ལ་སྤྲས་པ། ཟུར་ཕུད་ལྔ་པ་རལ་བའི་ཐོར་ཚུགས་ཅན། དར་དང་རིན་པོ་ཆེས་བརྒྱན་པ། ཞབས་ཀྱི་དྲུང་ན་གཤིན་རྗེ་གཤེད་མཐིང་ནག་ཐོད་པའི་ཕྲེང་བ་ཅན། གཡས་འཇམ་དཔལ་གྱི་ཞབས་ལ་བརྟེན་པའམ་ཕྱག་འཚལ་བ། གཡོན་ཐོ་བར་ཉི་ཤུ་པ་འཛིན་ཅིང་ཁྲོ་བོའི་ཆ་བྱད་ཡོངས་སུ་རྫོགས་པ་དང་བཅས་པའོ། །དེའི་དཔྲལ་བར་སོགས། ཨ་ར་པ་ཙ་ན། ལན་བདུན་གྱིས་བརྟན་པར་བྱ། སྔགས་ནི། ན་མཿས་མནྟ་བུདྡྷཱ་ནཱཾ། ཨོཾ་ར་ར་


MR25_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

སྨ་ར་སྨ་ར། ཨ་པྲ་ཏི་ཧ་ཏ་ཤཱ་ས་ན་ནཱཾ། ཀུ་མཱ་ར་རཱུ་པ་དྷ་རི་ཎེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་འཇམ་དཔལ་རྩ་རྒྱུད་ལས་གསུངས་པ་དང་། ཨོཾ་དྷརྨ་དྷཱ་ཏུ་ཝཱ་གཱི་ཤྭ་རི་མུཾ་སྭཱ་ཧཱ། ཞེས་འཇམ་དཔལ་དཔའ་བོ་གཅིག་གྲུབ་ལས་གསུངས་པའི་ཆོས་དབྱིངས་གསུང་གི་དབང་ཕྱུག་གི་སྔགས་འདི་ཡང་བཟླ། ཐུན་མཚམས་འཇམ་དཔལ་གནས་པ་ཞེས་པའི་མདོ་དང་། མཚན་བརྗོད་དང་མཚན་བརྒྱ་རྩ་བརྒྱད་པ་སོགས་བཀླག་གོ། འདིས་ཤེས་རབ་འཕེལ། ཕུན་སུམ་ཚོགས་པ་དང་སྙན་པ་འཕེལ། ཉམས་རྟོགས་ཡེ་ཤེས་རྒྱས། དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་རོ། །དེའང་ཐོག་མར་མདུན་དུ་སྐུ་རྟེན་ཡོད་ན་དགྲམ། མེད་ན་མཎྜལ་ལ་ཚོམ་བུ་བཀོད་པ་དམིགས་རྟེན་བྱས་ཏེ་ཉེ་སྲས་སོ་སོའི་མངོན་རྟོགས་ལྟར་གསལ་ལ། མོས་གུས་ཀྱི་ཤུགས་དྲགས་པོ་བསྐྱེད་དེ་མཚན་ནས་བརྗོད་ཅིང་། ཐུན་མཐར་མཆོད་པ་སྣ་ཚོགས་དང་མཎྜལ་ཕུལ། དེ་ལྟ་བུའི་མཚན་འབུམ་ཕྲག་གི་བར་དུ་ཅི་འགྲུབ་བྱ། མཐར་རང་ལ་བསྟིམས་ནས་ཐུན་བསྡུ། དེ་རྗེས་སྦྱོར་དངོས་རྗེས་གསུམ་ཚང་བའི་ཆོ་གའི་འགྲོས་ཀྱིས་རང་ལྷའི་གསལ་སྣང་ལ་གནས་པས་སྔགས་ཚན་པ་གཉིས་པོ་འབུམ་ཕྲག་ལ་སོགས་ཅི་ནུས་བཟླ། ཐུན་མཚམས་སུ་སོ་སོའི་མཚན་བརྒྱ་རྩ་བརྒྱད་པ་དང་། ཉེ་སྲས་ཀྱི་རྟོགས་པ་སོགས་བཀླགས་ལ་གུས་པ་བསྐྱེད། སེམས་ཅན་མཐའ་ཡས་ལ་དམིགས་པའི་སྙིང་རྗེ་ཆེན་པོས་སྲས་བཅས་


MR25_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་རྣམ་ཐར་ཟབ་མོ་ལ་རྒྱལ་སྲས་སེམས་དཔའ་བརྒྱད་ཀྱིས་ཇི་ལྟར་བསླབ་པ་ལྟར་བདག་ཀྱང་བསླབ་པར་བྱའོ། །དེ་ལྟར་སློབ་ནུས་པ་དང་དེ་ལས་ཕྱིར་མི་ལྡོག་པར་ཡོན་ཏན་ཡོངས་སུ་རྫོགས་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པས་གསོལ་བ་གདབ་ན་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་འགྱུར་རོ། །འདི་ནི་སྒྲུབ་ཐབས་རྙིང་པ་རྣམས་ལ་གསལ་བྱེད་དང་བཅས་ཏེ་མི་ཕམ་པས་སྦྱར་བའི་དགེ་བས་འགྲོ་ཀུན་རྒྱལ་བའི་འབྱོར་པ་མཆོག་ཐོབ་པར་གྱུར་ཅིག་གུ།། ༈ །།ཉེ་སྲས་བརྒྱད་ཀྱི་ཕྱག་བསྟོད་བྱིན་རླབས་གཏེར་ཆེན་བཞུགས། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །འཇམ་དཔལ་གཞོན་ནུ་ཁྱེད་ལ་འདུད། །བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན། །དཔལ་ལྡན་པདྨ་གར་གྱི་བདག །བྱེད་པོ་སེམས་ཅན་ཀུན་དོན་བྱེད། །སྤྱན་རས་གཟིགས་དབང་ཁྱེད་ལ་འདུད། །རྡོ་རྗེ་འཆང་བ་ཀུན་གྱི་རྗེ། །སངས་རྒྱས་ཀུན་གྱི་ཐུགས་ཆེ་བ། །སྟོབས་ཆེན་ཕ་རོལ་གནོན་པ་པོ། །ཕྱག་ན་རྡོ་རྗེ་ཁྱེད་ལ་འདུད། །ནམ་མཁའི་ལམ་ལ་རབ་གནས་པ། །ཡིད་བཞིན་ནོར་བུ་ཆེན་པོ་འཆང་། །རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ། །ནམ་མཁའི་སྙིང་པོ་ཁྱེད་ལ་འདུད། །རིན་ཆེན་ཀུན་བདག་དབང་ཕྱུག་སྟེ། །ཁྱབ་བདག་རིན་ཆེན་ཀུན་གྱི་མཆོག །སེམས་ཅན་ཀུན་


MR25_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཚིམ་པར་བྱེད། །ས་ཡི་སྙིང་པོ་ཁྱེད་ལ་འདུད། །གསུམ་སེལ་མཐའ་ལས་གྲོལ་གསུམ་ཐོབ། །སྒྲིབ་པ་ཀུན་ལས་ངེས་པར་གྲོལ། །མཁའ་ལྟར་མཉམ་པ་ཉིད་ལ་གནས། །སྒྲིབ་པ་རྣམ་སེལ་ཁྱེད་ལ་འདུད། །བྱམས་ཆེན་རང་བཞིན་དཔག་ཏུ་མེད། །མགོན་པོ་སེམས་ཅན་ཀུན་གྱི་མཆོག །སེམས་ཅན་ཐམས་ཅད་རབ་གྲོལ་བྱེད། །བྱམས་པ་མགོན་པོ་ཁྱེད་ལ་འདུད། །མཁས་པ་ཆེན་པོ་ཐབས་ཆེ་བ། །སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ། །སངས་རྒྱས་སྲས་པོ་དམ་པའི་མཆོག །ཀུན་ཏུ་བཟང་པོ་ཁྱེད་ལ་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་འཆང་། །དུས་གསུམ་སངས་རྒྱས་ལས་བྱེད་པ། །བྱང་ཆུབ་སེམས་དཔའི་མཆོག་བརྒྱད་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་བསྟོད། །འདི་ནས་བྱང་ཆུབ་སྙིང་པོའི་བར། །རྒྱལ་སྲས་བརྒྱད་ཀྱིས་རྗེས་བཟུང་ནས། །མགོན་པོ་ཁྱེད་རྣམས་དང་མཚུངས་པའི། །ཡོན་ཏན་བསམ་མི་ཁྱབ་ཐོབ་ཤོག །ཅེས་པའང་བསྟོད་པ་གླུར་བླང་གི་རྒྱུད་ཀྱི་རྡོ་རྗེའི་ཚིག་ལས་དྲངས་ཏེ་ལུང་དུ་བཏུས་པ་ཤིན་ཏུ་བྱིན་རླབས་ཆེ་བ་དྷཱི་མིང་པས་སོ། །མངྒ་ལཾ། ༈ །རིགས་གསུམ་མགོན་པོའི་ཕྱག་བསྟོད་རིན་པོ་ཆེ་བཞུགས་སོ། །ཨོཾ། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །སྟོང་ཉིད་སྙིང་པོ་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །


MR25_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད། །སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །སངས་རྒྱས་བཞད་ལ་ཕྱག་འཚལ་འདུད། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །མེད་པ་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། །ནམ་མཁའ་ལས་བྱུང་ད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །སྒྱུ་འཕྲུལ་དྲྭ་བ་ཁྱོད་ལ་འདུད། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །འཕགས་པ་འཇམ་དཔལ་གྱི་བསྟོད་པའི་རྒྱལ་པོ་འདུད་ཉི་ཤུ་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་བསྟོད་པ་གླུར་བླང་གི་རྒྱུད་ལས་བྱུང་བའི་སྙིང་པོའོ། ༈ །ཨོཾ། མཚན་དང་དཔེ་བྱད་བརྒྱན་པའི་སྐུ། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །ཆོས་ཀྱི་ལོངས་སྤྱོད་ཇི་སྙེད་པ། །རྫོགས་པར་ལོངས་སྤྱོད་མཛད་ཕྱག་འཚལ། །གང་ལ་མཁོ་བ་དེའི་གཙོ་བོ། །འདྲེན་པ་གཟུགས་བརྙན་དུ་མ་འཆང་། །སྣ་ཚོགས་རྫུ་འཕྲུལ་མཛད་པའི་སྐུ། །བདེ་བ་ཆེ་ལ་ཕྱག་འཚལ་ལོ། །མི་འགྱུར་རྣམ་དག་བྱང་ཆུབ་ལམ། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་བདུན། །སྟོབས་དང་མི་འཇིགས་བརྩོན་མཛད་པ། །ཆོས་རྣམས་ལྷུན་གྲུབ་སྐུ་ཕྱག་འཚལ། །


MR25_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དག་རྒྱ་མཚོ་ལྡན་རྣམས་ལ། །ཐུགས་རྗེ་རྒྱ་མཚོ་རྒྱུན་བྱུང་ནས། །ཞིང་ཁམས་རྒྱ་མཚོ་སྤྱོད་མཛད་པའི། །མགོན་པོ་སྤྱན་རས་གཟིགས་ཕྱག་འཚལ། །སྤྱན་རས་གཟིགས་ཀྱི་བསྟོད་པ་རྩ་རྒྱུད་པདྨ་དྲྭ་བ་ལས་སོ། །ལེགས་སོ་ལེགས་སོ་སྟོན་པ་ཁྱོད། །ལས་དང་ཉོན་མོངས་འགགས་པར་བྱེད། །སྡུག་བསྔལ་ཆེན་པོ་བདེ་བར་འདྲེན། །ཆོས་ཀྱི་ཁམས་རྣམས་སད་པར་བྱེད། །ལུས་ངག་ཡིད་གསུམ་བདེ་བ་ཡི། །སྒྲ་ཡི་དབྱངས་ཀྱིས་དག་པར་བྱེད། །བདེ་བའི་གནས་ནས་བདེ་བའི་ལམ། །བདེ་བའི་འབྲས་བུ་བླ་ན་མེད། །ཨེ་མ་ཧོ་བདེ་བའི་སྐུ་ཆེན་པོ། །ཨེ་མ་ཧོ་བདེ་བའི་གསང་སྔགས་ཆེ། །ཨེ་མ་ཧོ་བདེ་བའི་གནས་ན་གནས། །ཨེ་མ་ཧོ་བདེ་བ་འཛད་པ་མེད། །དེ་ལ་རྟག་ཏུ་འདུད་ཕྱག་འཚལ། །རི་རབ་ཀྱི་རྡུལ་དང་མཉམ་པའི་མཁའ་འགྲོ་མ་རྣམས་ཀྱིས་རྡོ་རྗེའི་གླུས་བསྟོད་པ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་པདྨ་ཟབ་པ་ལོ་ཆེན་འགྱུར་ལས་ཁོལ་དུ་ཕྱུང་བའོ། ༈ །ཨོཾ། བཅོམ་ལྡན་མགོན་པོ་རྡོ་རྗེ་འཛིན། །ཁྱོད་ནི་གླང་པོའི་རྣ་བ་ཅན། །ཁྱོད་ནི་སེང་གེའི་ལྟ་སྟངས་ཅན། །ཁྱོད་ནི་བཟང་པོའི་རྒྱན་དང་ལྡན། །ཁྱོད་ནི་རྣམ་པར་གནོན་པ་ཡིན། །ཁྱོད་ནི་རིན་ཆེན་འབྱུང་གནས་གཙོ། །ཁྱོད་ནི་བདེན་པའི་སྤྲིན་ཉིད་ཡིན། །ཁྱོད་ནི་གཟུགས་སྡུག་ཡིད་འཕྲོག་ཡིན། །ཁྱོད་ནི་འཇོམས་པ་ཅིར་ཡང་སྣང་། །ཁྱོད་ནི་མེ་ལྕེ་འབར་བ་ཅན། །ཁྱོད་ནི་བརྟན་


MR25_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ས་ཡང་ཡིན། །ཁྱོད་ནི་ཆུ་བོའི་གཞུང་ཡང་ཡིན། །ཁྱོད་ནི་འཐོར་བྱེད་རླུང་ཡང་ཡིན། །ཁྱོད་ནི་གནས་ལ་སྐྱོ་བ་མེད། །ཁྱོད་ནི་ཕ་ལྟར་སློབ་པ་ཡིན། །ཁྱོད་ནི་མ་ལྟར་སློབ་པ་ཡིན། །ཁྱོད་ནི་ཡིད་བཞིན་ནོར་བུ་སྟེ། །ཁྱོད་ཀྱི་སྐུ་ནི་མཛེས་པར་ལྡན། །རྒྱ་མཚོ་བླ་ན་མེད་པ་སྟེ། །བསྟོད་པའི་མཆོག་ཏུ་གྱུར་པའོ། །རིག་པ་མཆོག་གི་རྒྱུད་ལས་ཕྱག་ན་རྡོ་རྗེའི་མཚན་བརྒྱད་པ་ཕན་ཡོན་དང་བཅས་པ་གསུངས་པ་དང་། དེ་བརྒྱད་གཞིར་བཞག་སྟེ། སྦྱོང་རྒྱུད་ལས་ཀོ་ཊ་ཀྵ་སོགས་བསྒྱུར་བའི་མཚན་བཅུ་ཕར་ཕྱིན་བཅུ་དང་སྦྱར་བ་དང་། གཉིས་མེད་རྣམ་རྒྱལ་ལས་དེ་བཅུ་ཡི་སྟེང་དུ་གཉིས་བསྣན་ཏེ་བཅུ་གཉིས་གསུངས་པ་དང་། ཡང་མཉམ་སྦྱོར་རྒྱུད་ན་ཀོ་ཊ་ཀྵ་སོགས་མཚན་ཕན་ཡོན་བཅས་གསུངས་པ་དང་། རྒྱུད་གཞན་ན་ཕྱག་རྡོར་མཚན་ཉེར་གཅིག་ཅེས་ཀྱང་ཡོད་པས། འདིར་ཕྱོགས་གཅིག་ཏུ་མི་ཕམ་འཇམ་དཔལ་རྡོ་རྗེས་བསྡེབས་ནས་བཀོད་པ་སྟེ། རིགས་གསུམ་མགོན་པོའི་ཕྱག་འཚལ་བསྟོད་པའི་རྒྱལ་པོ་འདི་གསུམ་འཕར་བ་ཞེས་པ་ལྕགས་གླང་གི་ལོར་ས་ག་ཟླ་བའི་ཉ་ལ་ཞེ་འཛོང་བཀྲ་ཤིས་ཆོས་གླིང་དུ་ཡི་གེར་སྤེལ་བ་དགེ་ལེགས་སུ་གྱུར་ཅིག། །།དེ་ཡང་སངས་རྒྱས་མཉམ་སྦྱོར་གྱི་རྒྱུད་ལས། ཕྱག་ན་རྡོ་རྗེ་རང་དོན་གྱི། །མཚན་འདི་རྣམས་ནི་གང་བརྗོད་པ། །དེ་ལ་རྒྱལ་པོ་རྡོ་རྗེ་འཛིན། །བྲན་བཞིན་


MR25_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་སྟེར་བར་འགྱུར། །རྒྱལ་སྲིད་དང་ནི་ལོངས་སྤྱོད་དང་། །གཏེར་གྱི་རྣམས་ཀྱང་ལྷག་པར་སྟེར། །དགོས་པ་ཐམས་ཅད་བྱེད་པར་འགྱུར། །དེ་བཞིན་དགྲ་ཡང་མེད་པར་བྱེད། །ཅེས་སོགས་གསུངས་ཤིང་། །རིག་པ་མཆོག་གི་ཆོ་ག་རྒྱས་པ་ལས། །ཕྱག་ན་རྡོ་རྗེ་ཁྱོད་ཀྱི་མཚན་བརྒྱད་པོ་གསང་སྔགས་ཀྱི་འཁོར་དང་བཅས་པ་ཐོས་ན། མཚམས་མེད་པ་ལྔ་བྱེད་པ་ཡང་སྡིག་པ་བྱང་བར་འགྱུར། ལག་ན་རྡོ་རྗེ་མཐོང་ཞིང་བགེགས་དང་ལོག་འདྲེན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་འབྱེར་བར་འགྱུར། གང་ཐོས་ན་ཚངས་པར་མ་སྤྱོད་པ་ཡང་ཚངས་པར་སྤྱོད་པར་འགྱུར། ཐུབ་པར་མ་བྱས་པ་ཡང་ཐུབ་པར་བྱས་པར་འགྱུར། བསྙུང་བ་མ་བྱས་པ་ཡང་བསྙུང་བ་བྱས་པར་འགྱུར། དགེ་སྦྱོང་མ་ཡིན་པ་ཡང་དགེ་སྦྱོང་གི་ཁྲུས་དང་ལྡན་པར་འགྱུར། སངས་རྒྱས་བྱང་སེམས་ཐམས་ཅད་བསྲུང་ཞིང་ལས་ཀྱི་དངོས་གྲུབ་ཀྱང་སྩོལ་ལོ། །འདི་ཐོས་པས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བདུན་གྱི་བར་དུ་སེམས་ཅན་དམྱལ་བར་མི་སྐྱེ། འཆི་བའི་ཚེ་སངས་རྒྱས་བྱང་སེམས་ཐམས་ཅད་མདུན་ན་བཞུགས་ཤིང་ཆོས་བསྟན་ནས་དགའ་ལྡན་གྱི་ལྷ་རྣམས་སུ་སྐྱེས་ཏེ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་ཐབས་གཅིག་གནས་པར་འགྱུར་རོ། །འདི་བཀླགས་ན་གསང་བའི་བདག་པོ་དགྱེས་ནས་དངོས་གྲུབ་སྩོལ་ལ་བགེགས་ཐམས་ཅད་མེད་པར་འགྱུར་


MR25_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །ལྷ་རྣམས་ཀྱང་དགའ་ནས་དངོས་གྲུབ་མྱུར་དུ་སྩོལ་ལོ། །ཉལ་བའི་ཚེ་བཀླགས་ན་རྨི་ལམ་ངན་པ་མི་མཐོང་ངོ་། །སྐུ་གདུང་དང་བཅས་པའི་མཆོད་རྟེན་གྱི་དྲུང་དུ་བཟླས་ན་སྡིག་པ་ཐམས་ཅད་ལས་གྲོལ་ལོ། །མཚམས་མེད་པ་ལྔ་བགྱིས་པ་ཡང་བསྐལ་པ་བཟང་པོར་བྱང་ཆུབ་སེམས་དཔར་འགྱུར་རོ། །ཞེས་དང་། རྒྱུད་ཀྱི་རྒྱལ་པོ་དཔལ་ཡེ་ཤེས་ཐིག་ལེ་ལས། ཕྱག་ན་རྡོ་རྗེ་མགོན་ཆེན་པོ། །རྡོ་རྗེ་འཛིན་པ་ཀུན་གྱི་བདག །མཐའ་ཡས་པ་ཡི་འཇིག་རྟེན་ཁམས། །སྐྱེ་དང་འཇིག་པའི་རྒྱུ་ཡིན་ནོ། །དེ་ལ་སྐྱེ་བ་གང་ཡང་མེད། །རང་བྱུང་མཆོག་གི་དབང་ཕྱུག་གོ། དེ་ཡི་ཕྱག་གི་རྡོ་རྗེ་ནི། །ཡེ་ཤེས་བཅུ་གཉིས་སྐྱེ་བ་མེད། །ཐོག་མ་ཡི་ནི་རྭ་ལྔ་ལས། །དེ་བཞིན་གཤེགས་པ་ལྔ་འབྱུང་ངོ་། །མཐའ་ནས་འབྱུང་བ་ཆེན་པོ་ལྔ། །དབུས་ནས་འགྲོ་བ་རིགས་དྲུག་བྱུང་། །ལྟ་བ་ཀུན་ནི་བསྲུང་དོན་ཕྱིར། །སྣ་ཚོགས་པ་ཡི་གཟུགས་སུ་སྤྱོད། །ལ་ལར་རྡོ་རྗེ་འཛིན་པ་དང་། །ལ་ལར་སངས་རྒྱས་ཀྱི་ནི་གཟུགས། །ལ་ལར་ཧེ་རུ་ཀ་ཡི་གཟུགས། །ལ་ལར་དེ་བཞིན་གཤེགས་པ་དང་། །ལ་ལར་བྱང་ཆུབ་སེམས་དཔའི་གཟུགས། །ལ་ལར་ཉན་པ་ལྟ་བུར་བཞུགས། །ལ་ལར་འཆད་དོ་དགྱེས་པདྨ། །ལ་ལར་ཀློག་པའི་ཚུལ་དུ་བཞུགས། །ལ་ལར་རྒྱུད་དང་བསྟན་བཅོས་ནི། །མཛད་པ་དང་ནི་ལ་ལར་འཛིན། །མང་དུ་བརྗོད་ལྟ་ཅི་ཞིག་དགོས། །དེ་སྟོན་ཕྱག་


MR25_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ན་རྡོ་རྗེ་རྒྱལ། །ཞེས་དང་། རིག་པ་མཆོག་གི་རྒྱུད་ཆེན་པོ་ལས། འབྱུང་པོའི་བདག་པོ་གང་གིས་དེ་བཞིན་གཤེགས་པ་འབུམ་ཕྲག་གངྒཱའི་ཀླུང་དགུ་བཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ལ་ཕྱག་བྱས་པ་བས། གང་གིས་རིག་པའི་རྒྱལ་པོ་ཆེན་པོའི་མཆོག་ལག་ན་རྡོ་རྗེ་ལ་ཡིད་ཀྱིས་ཕྱག་བྱས་པ་དེ་ནི་དེ་ཉིད་ལས་བསོད་ནམས་མང་དུ་བསྐྱེད་དོ། །ཞེས་དང་། ལག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་བདག་གི་མིང་ཐོས་ནས་ཡིད་ཀྱིས་ཀྱང་འཁུ་བའི་སེམས་པ་ནི། ལྷ་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། བདུད་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེའི་སྐྱེ་རྒུ་དང་བཅས་པའི་འཇིག་རྟེན་ན་མ་མཐོང་ངོ་། །ཞེས་དང་། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། གྲོགས་པོ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་གང་གིས་འདི་ལྟར་ཡིད་ཀྱིས་ཕྱག་འཚལ་ན། དེས་དེ་བཞིན་གཤེགས་པ་སྟོང་ཕྲག་དགུ་ལ་ཕྱག་བྱས་པར་འགྱུར་རོ། །ཞེས་དང་། ལག་ན་རྡོ་རྗེས་གསུངས་པ། གདོན་གང་དག་ངའི་མིང་ཐོས་ནས་མི་འབྲོས་པ་དེ་ལ་རྡོ་རྗེ་དྲག་པོས་སྤྱི་བོ་གཤག་པར་བྱའོ། །ཞེས་སོགས་དང་རྒྱུད་རྣམས་ནས་རྒྱ་ཆེར་བསྔགས་པ་ཚད་མེད་དོ། །དེ་བཞིན་དུ་ཟ་མ་ཏོག་བཀོད་པའི་མདོ་ལས། སྤྱན་རས་གཟིགས་ཀྱི་དབང་པོ་ནི་མགོན་མེད་པ་རྣམས་ཀྱི་མགོན། སྐྱབས་མེད་པ་རྣམས་ཀྱི་སྐྱབས། འཇིགས་ཤིང་སྐྲག་པ་རྣམས་ལ་མི་འཇིགས་


MR25_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྦྱིན་པ། མུན་པར་གྱུར་པ་རྣམས་ཀྱི་སྒྲོན་མེར་གྱུར་པ། ཉི་མས་གདུང་བ་རྣམས་ཀྱི་གདུགས་སུ་གྱུར་པ། ནད་ཀྱིས་བཏབ་པ་རྣམས་ཀྱི་སྨན། །སྡུག་བསྔལ་བ་རྣམས་ཀྱི་ཕ་མ། །བསྟིར་མེད་པར་སྐྱེས་པ་རྣམས་ཀྱི་མྱ་ངན་ལས་འདས་པར་སྟོན་པར་བྱེད་པ་སྟེ། སྤྱན་རས་གཟིགས་ཀྱི་དབང་པོའི་མིང་དྲན་པ་དེ་དག་ནི་བདེ་བ་དང་ལྡན་པ་ཡིན་ནོ། །དེ་དག་ནི་རྒ་ན་འཆི་བའི་སྡུག་བསྔལ་ལས་ཐར་ཏེ་འཁོར་བའི་ཐ་མར་འགྱུར་ཞིང་བདེ་བ་ཅན་དུ་སྐྱེས་ནས་སྣང་བ་མཐའ་ཡས་ལས་ཆོས་ཉན་ཅིང་རྟག་ཏུ་དེ་ན་གནས་པར་འགྱུར་རོ། །ཞེས་དང་། དམ་པའི་ཆོས་པདྨ་དཀར་པོ་ལས། སེམས་ཅན་ཚད་མེད་པ་གང་དག་སྡུག་བསྔལ་མྱོང་བ་དང་། མེ་ཆུ་དང་སྲིན་པོ་གཤེད་མ་གཅན་གཟན་སོགས་འཇིགས་པ་རྣམ་པ་སྣ་ཚོགས་ཀྱིས་མནར་བ་དེ་དག་གིས་སྤྱན་རས་གཟིགས་ཀྱི་མཚན་ཐོས་ན་འཇིགས་པ་དེ་ལས་ཐར་བར་འགྱུར་ཏེ། སྟོང་གསུམ་འདི་གནོད་སྦྱིན་དང་སྲིན་པོ་གཤེད་མའི་ཚོགས་ཀྱིས་གང་ནས་རྡོ་རྗེ་རི་རབ་ཀྱི་བར་དུ་འཐག་པར་བྱས་ཀྱང་སྤྱན་རས་གཟིགས་ཀྱི་དབང་པོའི་མཚན་དྲན་ན་བ་སྤུ་ཉག་མ་གཅིག་ཀྱང་གཡོ་མི་ནུས་པ་དང་། ལས་དང་ཉོན་མོངས་སྡུག་བསྔལ་དྲག་པོས་ཟིན་པ་རྣམས་ཀྱིས་མཚན་དྲན་པས་དེ་ལས་ངེས་པར་གྲོལ་བའི་བསྔགས་པ་རྒྱ་ཆེན་པོ་དང་། གང་ཞིག་སངས་རྒྱས་གངྒཱའི་ཀླུང་དྲུག་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ལ་ཕྱག་


MR25_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ཞིང་མཚན་འཛིན་པ་དང་། སངས་རྒྱས་དེ་སྙེད་ཙམ་འཚོ་ཞིང་གཞེས་པ་ལ་ན་བཟའ་བསོད་སྙོམས་སོགས་ཡོ་བྱད་ཐམས་ཅད་ཀྱིས་མཆོད་པ་བྱས་པ་བས། གང་ཞིག་ཐ་ན་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་ལན་གཅིག་བྱས་པ་དང་མིང་འཛིན་པའི་བསོད་ནམས་མངོན་པར་འདུ་བྱེད་པ་གཉིས་མཉམ་སྟེ་ལྷག་པ་དང་འཕགས་པ་ཡང་མེད་དོ། །མཚན་འཛིན་པ་དེའི་བསོད་ནམས་བསྐལ་པ་བྱེ་བ་ཁྲག་ཁྲིག་ཏུ་ཡང་ཟད་པར་སླ་བ་མ་ཡིན་ཏེ། དེ་ལྟར་བསོད་ནམས་དཔག་ཏུ་མེད་དེ། སྤྱན་རས་གཟིགས་ནི་སངས་རྒྱས་ནས་ཕལ་པའི་བར་གྱི་གཟུགས་སྣ་ཚོགས་པ་གང་གིས་འདུལ་བ་ལ་དེ་ལྟར་སྣང་ཞིང་ཆོས་སྟོན་ཏེ། སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་ཡིན་པས་མི་མཇེད་འདི་ནའང་མི་འཇིགས་པ་སྦྱིན་པ་ཞེས་ཀུན་གྱིས་ཤེས་སོ། །ཞེས་དང་། ཆོས་ཐམས་ཅད་ཀྱི་ཡོན་ཏན་བཀོད་པའི་རྒྱལ་པོའི་མདོ་ལས། བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གི་མིང་ཙམ་ལ་རྟོགས་པ་གང་ལགས་པ་དེ་ཡང་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར། ཞེས་སོགས་མདོ་རྒྱུད་རྣམས་ནས་བསྔགས་པ་ཚད་མེད་པ་དང་། དེ་བཞིན་དུ་ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པའི་མདོ་ལས། བདུད་སྡིག་ཅན་གྱིས་གསོལ་པ། བཅོམ་ལྡན་འདས་སངས་རྒྱས་བྱེ་བ་ཕྲག་འབུམ་གྱི་མཚན་ཡོངས་སུ་བསྒྲགས་པ་ནི་མི་མངོན་


MR25_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་ཀྱི། འཇམ་དཔལ་གཞོན་ནུར་གྱུར་པ་གཅིག་པུའི་མིང་ནི་དེ་ལྟ་མ་ལགས་ཏེ། འཇམ་དཔལ་གྱི་མིང་ཐོས་ནས་བདག་ཅག་འཇིགས་ཤིང་སྔངས་ནས་སྐྲག་སྟེ་འཆི་འཕོ་བ་སྙམ་དུ་སེམས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། སྡིག་ཅན་དེ་བཞིན་ཏེ་འཇམ་དཔལ་གཞོན་ནུར་གྱུར་པས་རྣམ་དབྱེ་མེད་པར་སེམས་ཅན་སྨིན་པའི་དོན་བྱས་པ་དང་བྱེད་པར་འགྱུར་བ་དེ་ལྟར་སངས་རྒྱས་བྱེ་བ་ཕྲག་འབུམ་གྱིས་མ་མཛད་དོ། །ཞེས་དང་། མེ་ཏོག་གི་ཚོགས་ཀྱི་མདོ་ལས། སངས་རྒྱས་དང་བྱང་སེམས་གཞན་གྱི་མཚན་བསྒྲགས་པ་བས། སངས་རྒྱས་མི་འཁྲུགས་པ་དང་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱི་མཚན་བསྒྲགས་པས་བདུད་ཆེས་སྐྲག་པར་གསུངས་པ་དང་། འཇམ་དཔལ་ཞིང་གི་ཡོན་ཏན་བཀོད་པའི་མདོ་ལས། གང་གིས་འཇམ་དཔལ་གཞོན་ནུར་གྱུར་པའི་མིང་ཐོས་པ་དེ་དག་གིས་ནི་སངས་རྒྱས་མངོན་སུམ་མཐོང་བར་སྨྲའོ། །ཞེས་དང་། གང་གིས་སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་མཚན་བརྗོད་པ་བས་ནི་འཇམ་དཔལ་གཞོན་ནུར་གྱུར་པའི་མིང་བརྗོད་ན་འདི་ཉིད་དེ་བས་ཆེས་བསོད་ནམས་མང་དུ་བསྐྱེད་དེ་འཇམ་དཔལ་གྱིས་བསྐལ་པ་རེ་རེར་ཡང་སེམས་ཅན་གྱི་དོན་བྱས་པ་དེ་སྙེད་དེ་བཞིན་གཤེགས་པ་དེ་སྙེད་ཀྱིས་མ་མཛད་པར་གསུངས་པ་དང་། འཇམ་དཔལ་རྩ་བའི་རྟོགས་པ་ལས་ཕྱོགས་བཅུའི་འཇིག་རྟེན་


MR25_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཁམས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་མ་གཏོགས་པ་འཇམ་དཔལ་གྱི་ཆེ་བ་སུས་ཀྱང་ཤེས་མི་ནུས་པར་གསུངས་ཤིང་། ཁྱོད་ཀྱི་ཆེ་བ་འདི་ནི་ཡོངས་ཤེས་པ། །འཇམ་ཞེས་བྱ་བར་རབ་ཤེས་སངས་རྒྱས་ཡིན། །འཇམ་དཔལ་ཞེས་བྱར་ཡོངས་སུ་བརྟགས་པ་ནི། །ཁྱོད་ཀྱི་མིང་ནི་སྔོན་གྱི་རྒྱལ་བས་མཛད། །ཁྱོད་ཀྱི་མིང་དུ་འདི་ལྟར་བཏགས་བྱས་པ། །གཞན་དུ་མ་ཡེངས་རྩེ་གཅིག་ཡིད་དག་པས། །འདས་དང་མ་བྱོན་ད་ལྟའི་སངས་རྒྱས་ཀྱི། །འཁོར་གྱི་ནང་དུ་ཁྱོད་ཀྱི་མིང་ནི་ཐོས། །དེས་ནི་འདི་ལ་ཤིས་དང་ཞི་བ་ཐོབ། །སྲིད་མཐར་བྱང་ཆུབ་མཆོག་ནི་ཁྱད་པར་ཐོབ། །སྔགས་རྣམས་མ་ལུས་འགྲུབ་པར་འགྱུར་པ་དང་། །འགྲོ་བའི་སྐྱེ་གནས་མཆོག་ནི་རབ་ཐོབ་ཅིང་། །རྟག་ཏུ་ཆོས་མཆོག་ལ་ནི་ཡང་དག་གནས། །བགེགས་རྣམས་རྣམ་པར་སྤངས་ཤིང་གྲུབ་པ་ཐོབ། །འདོད་པའི་སྔགས་རྣམས་མ་ལུས་འགྲུབ་པར་བྱེད། །བྱང་ཆུབ་ཤིང་དབང་དྲུང་དུ་མྱུར་དུ་འགྲོ། །སོང་ནས་བྱང་ཆུབ་མཆོག་ནི་ཐོབ་པར་བྱེད། །སོང་ནས་སེམས་ཅན་ཕན་ཕྱིར་དེར་འདུག་སྟེ། །སངས་རྒྱས་བྱང་ཆུབ་འཁོར་ལོ་རབ་ཏུ་བསྐོར། །དེ་ལྟར་རྒྱལ་བའི་གཙོ་བོས་ཡོན་ཏན་གསུངས། །འཇམ་དཔལ་ཞེས་ནི་ཁྱོད་ཀྱི་མིང་དྲན་པ། །ཡོན་ཏན་བསམ་མི་ཁྱབ་ཅེས་རྒྱལ་བས་གསུངས། །ཞེས་དང་། བསྟོད་པ་གླུར་བླང་གི་ལེའུ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་


MR25_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྐུ་འཇམ་དཔལ་ཡོངས་སུ་དག་པར་གཟུང་བར་བྱའོ། །ཞེས་དང་། དེའི་རྒྱུད་ཕྱི་མ་ལས། འཇམ་དཔལ་འདི་ནི་དཔལ་གྱུར་རྫོགས་པའི་སྐུ། །ཐུན་མོང་མ་ཡིན་གཉིས་མེད་ཁྱབ་པའི་ཆོས། །དུས་གསུམ་མཉམ་རྫོགས་རྒྱལ་བ་ཀུན་གྱི་ཡབ། །ཆོས་དབྱིངས་ཡུམ་ཉིད་སེམས་དཔའ་སྲས་མཆོག་སྟོན། །ཅེས་གསུངས་ཏེ། དེ་ལྟར་རིགས་གསུམ་སེམས་དཔའ་འདི་དག་ངོ་བོ་གདོད་ནས་སངས་རྒྱས་སུ་ཟིན་ཀྱང་རྣམ་པ་ས་བཅུའི་སེམས་དཔའི་ཚུལ་དུ་འཁོར་བའི་མཐའ་ཇི་སྲིད་དུ་སེམས་ཅན་གྱི་དོན་མཛད་པ་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་ཉིད་མཁྱེན་བརྩེ་ནུས་པའི་ངོ་བོ་ཡིན་པས་འདི་དག་གི་མཚན་བཟུང་བ་སོགས་བྱ་བ་བྱས་ན་ཕྱོགས་དུས་ཀྱིས་བསྡུས་པའི་སངས་རྒྱས་བྱང་སེམས་ཐམས་ཅད་ལ་བྱ་བ་བྱས་པར་འགྱུར་ཞིང་། མཚན་གྱི་རྣམ་གྲངས་ཚད་མེད་ཀྱང་གཙོ་བོར་གྱུར་པའི་མཚན་དང་བསྟོད་པ་འདི་དག་རྒྱུད་སྡེ་རིན་པོ་ཆེ་དག་ནས་བསྟན་པ་བཞིན་བདག་ལེགས་སུ་འདོད་པ་དག་གིས་གཟུང་བར་བྱ་ཕྱིར་འཇམ་དཔལ་དགྱེས་པས་ཆེད་དུ་བརྗོད་པ་སྭ་སྟི་སིདྡྷཾ། ༈ །འཇམ་དཔལ་དམར་སེར་ལས་ཐམས་ཅད་གྲུབ་པའི་རྒྱུན་ཁྱེར་སྙིང་པོ་ཤེས་རབ་ཡེ་ཤེས་ཞེས་བྱ་བ་བཞུགས་སོ། །འཇམ་དཔལ་དམར་སེར་ལས་ཐམས་ཅད་གྲུབ་པའི་རྒྱུན་གྱི་རྣལ་འབྱོར་ཉུང་ངུར་བཅུད་དྲིལ་ཏེ་ཉམས་སུ་བླང་བར་འདོད་པས། སྐྱབས་སེམས་ཚོགས་


MR25_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་སྔོན་དུ་སོང་ནས། ཨཱཿ ཆོས་ཀུན་འོད་གསལ་ཀ་ནས་དག་པའི་ངང་། །ལྷུན་གྲུབ་ཀུན་སྣང་སྙིང་རྗེ་ཆེན་པོའི་གདངས། །དྷཱིཿ ཡིག་དམར་སེར་འོད་ཀྱི་ཕུང་པོར་ཤར། །འོད་འཕྲོས་འཕགས་མཆོད་འགྲོ་བའི་སྒྲིབ་གཉིས་སྦྱངས། །སྣོད་བཅུད་རྣམ་དག་དཀྱིལ་འཁོར་ཆེན་པོར་སད། །ཚུར་འདུས་ཡོངས་གྱུར་བདག་ཉིད་སྐད་ཅིག་གིས། །འཇམ་དཔལ་རྡོ་རྗེ་ཞལ་གཅིག་ཕྱག་བཞི་པ། །གུར་གུམ་མདངས་ཅན་མཚན་དཔེའི་ལང་ཚོ་རྒྱས། །གཡས་ཀྱི་དང་པོས་ཤེས་རབ་རལ་གྲི་འཕྱར། །གཡོན་གྱི་དང་པོས་ཨུཏྤལ་བཞད་པའི་སྟེང་། །ཤེས་རབ་ཕར་ཕྱིན་གླེགས་བམ་ལྡན་པ་བསྣམས། །འོག་མ་གཉིས་ཀྱིས་ཐབས་ཤེས་མདའ་གཞུ་འཛིན། །དར་དང་རིན་ཆེན་མེ་ཏོག་རྒྱན་གྱིས་སྤྲས། །སྣ་ཚོགས་འོད་ཟེར་མུ་མཐའ་མེད་པར་འཕྲོ། །ཏིལ་གྱི་གོང་བུ་ཕྱེ་བ་ལྟ་བུ་ཡི། །རབ་འབྱམས་རྩ་གསུམ་རྒྱལ་བའི་ཚོགས་དབུས་ན། །མཛེས་པའི་ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གིས། །འདབ་སྟོང་ཆུ་སྐྱེས་བཞད་པའི་གེ་སར་དབུས། །དྲི་མེད་ཟླ་བ་རྒྱས་པའི་གདན་ལ་རོལ། །སྐུ་ཡི་བ་སྤུའི་ཁུང་བུ་རེ་རེར་ཡང་། །མ་ལུས་ཞིང་གི་བཀོད་པ་སྟོན་མཛད་པའི། །སྣང་སྟོང་མཁའ་ཁྱབ་མཁའ་ཡི་རྡོ་རྗེའི་སྐུ། །སྒྱུ་མ་ཆུ་ཟླ་འཇའ་ཡི་ཚུལ་བཞིན་གསལ། །གདོད་ནས་དམ་ཚིག་ཡེ་ཤེས་གཉིས་སུ་མེད། །ཅེས་གསལ་བཏབ་ལ། ཧཱུྃ། དངོས་སུ་འབྱོར་དང་ཡིད་ཀྱིས་


MR25_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་སྤྲུལ་ཏེ། །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེན་ཡོངས་བཀོད་དེ། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །ཨོཾ་ཨཱཪྻ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་སོགས། ཤཔྡ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་མ་ཧཱ་སུ་ཁ་པཱུ་ཛ་ཧོཿཞེས་མཆོད་ཅིང་བསྟོད་པ་ནི། ཨོཾ། རྡོ་རྗེ་རྣོན་པོ་སྡུག་བསྔལ་གཅོད། །ཤེས་རབ་ཡེ་ཤེས་སྐུ་ཅན་ཏེ། །ཡེ་ཤེས་སྐུ་ཅན་གསུང་དབང་ཕྱུག །འགྲོ་བ་སྨིན་བྱེད་ཁྱོད་ལ་འདུད། །དེ་ནས་བཟླས་པ་ནི། ཐུགས་ཀར་པདྨ་དཀར་པོའི་དབུས། །དྲི་མེད་ཟླ་བའི་དཀྱིལ་འཁོར་སྟེང་། །དྷཱིཿཡིག་དམར་སེར་ལམ་མེ་བ། །དེ་མཐར་སྔགས་ཀྱི་ཕྲེང་བས་བསྐོར། །འོད་འཕྲོས་འཁོར་འདས་སྣང་སྲིད་ཀུན། །རང་བྱུང་སྔགས་ཀྱི་སྒྲ་གདངས་སུ། །ཡོམ་ཡོམ་ཤིག་ཤིག་ཉིད་དུ་ཤར། །སྐུ་གསུང་ཐུགས་གསུམ་མི་ཕྱེད་པ། །རང་བྱུང་ཡེ་ཤེས་འཁོར་ལོར་སད། །འཇམ་དཔལ་རྡོ་རྗེ་གྲུབ་པར་གྱུར། །ཨོཾ་ཨ་ར་པ་ཙ་ན་དྷཱིཿ སྔགས་ཀྱི་རྒྱལ་པོ་འབྲུ་བདུན་པ། །བཟླས་པའི་སྐྱོན་དང་བྲལ་བ་ནི། །ཏིང་འཛིན་གཡོ་མེད་གཟེར་བཏབ་སྟེ། །བརྒྱ་སྟོང་ཁྲི་འབུམ་རྟགས་སྦྱར་བཟླ། །ཐུན་མཐར་མཆོད་བསྟོད་དངོས་གྲུབ་བླང་། །བསྡུ་ལྡང་དགེ་བསྔོ་ཤིས་བརྗོད་བྱ། །དེ་ནས་ལས་ཀུན་ལྷུན་གྲུབ་ཆེད། །བུམ་ཅན་ང་གི་ཚུལ་དང་བསྟུན། །སྤྲོ་བསྡུའི་དམིགས་པའི་རིམ་པ་ནི། །ཀུན་འབྱུང་ནོར་བུའི་


MR25_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཚོགས་སུ། །བསྟན་པ་ཇི་བཞིན་ཞག་བདུན་སོགས། །རྟགས་དང་སྦྱར་ལ་ཉམས་སུ་བླངས། །དེ་ནས་རབ་འབྱམས་ལས་ཀྱི་ཚོགས། །ཇི་སྐད་བསྟན་པ་བཞིན་དུ་བྱ། །ས་མ་ཡ། ཨི་ཐི། རྒྱ། བཀའ་གཏེར་ཟབ་མོའི་རྒྱུད་ལུང་གི་རིམ་པ་ལས་མན་ངག་སྙིང་པོ་དྲིལ་ཏེ་རབ་ཚེས་ལྕགས་འབྲུག་དབོ་ཟླའི་ཉེར་གཅིག་པའི་དབང་གི་དུས་སུ་འཇམ་དཔལ་དགྱེས་པའི་རང་མདངས་མཚོ་བྱུང་བཞད་པའི་གེ་སར་ཞེས་འབོད་པས་ཤར་མར་བྲིས་པ་དགེ་ལེགས་མཆོག་ཏུ་རྒྱས་པའི་རྒྱུར་གྱུར་ཅིག། མངྒ་ལཾ། ༈ །འཇམ་དཔལ་སྨྲ་བའི་སེང་གེའི་སྒྲུབ་ཐབས་བློ་ཡི་ཉིན་བྱེད་བཞུགས། ཡིད་མཐུན་གནས་སུ་རྟེན་དང་མཆོད་པ་བཀྲམ། །མ་ཡེངས་སྤྲོ་བའི་ཡིད་ཀྱིས་སྐྱབས་སེམས་དང་། །ཚད་མེད་བཞི་བསྒོམ་སྟོང་ཉིད་དོན་བསམས་ནས། །སྭ་བྷཱ་ཝ་ཡིས་ཆོས་ཀུན་སྟོང་པར་སྦྱངས། །སྟོང་ལས་སེང་སྔོན་བསྣོལ་ཁྲི་པད་ཟླའི་སྟེང་། །དྷཱིཿལས་རང་ཉིད་འཇམ་དཔལ་སྐུ་མདོག་དམར། །དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས། །ཕྱག་གཉིས་རལ་གྲི་ཨུཏྤལ་གླེགས་བམ་བསྣམས། །མདུན་དུ་པད་ཟླར་ཧྲཱིཿལས་དབྱངས་ཅན་མ། །སྔོན་མོ་འཛུམ་ཁྲོ་དར་དང་རིན་ཆེན་བརྒྱན། །རལ་གྲི་པོ་ཏི་འཛིན་ཅིང་བཞེངས་སྟབས་བཞུགས། །ཡབ་ཀྱི་ཐུགས་ཀར་བྷྲཱུྃ་ལས་འཁོར་ལོ་སེར། །རྩིབས་བཞིའི་ལྟེ་བར་རལ་གྲི་དྷཱིཿཡིས་མཚན། །དེ་


MR25_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་སྔགས་ཕྲེང་མར་མེ་ལྟ་བུས་བསྐོར། །ཡུམ་གྱི་ཐུགས་ཀར་པདྨ་འདབ་བཞིའི་དབུས། །རལ་གྲི་ཧྲཱིཿམཚན་སྔགས་ཀྱིས་བསྐོར་བའོ། །རང་འདྲའི་ཡེ་ཤེས་སྤྱན་དྲངས་གཉིས་མེད་ཐིམ། །ཐུགས་ཀའི་ས་བོན་སྔགས་ཕྲེང་འོད་ཟེར་གྱིས། །སྣོད་བཅུད་གཞལ་ཡས་ཁང་དང་ལྷར་གྱུར་ཅིང་། །རིག་སྔགས་བཟླས་པས་ཐུགས་ཀའི་དྷཱིཿཡིག་ལས། །དྷཱིཿཡིག་དམར་སེར་མར་མེའི་ཕྲེང་བ་བཞིན། །བརྒྱུད་མར་བྱུང་བ་ཡབ་ཀྱི་ཤངས་གཡས་ནས། །ཡུམ་གྱི་ཤངས་བུག་གཡོན་ཞུགས་ཧྲཱིཿལ་ཐིམ། །དེ་ལས་ཧྲཱིཿཡི་ཕྲེང་བ་འགལ་མེ་ལྟར། །བྱུང་བ་ཡུམ་གྱི་ཤངས་བུག་གཡས་ནས་ཐོན། །ཡབ་ཀྱི་ཤངས་བུག་གཡོན་དུ་ཞུགས་པ་ཉིད། །དབྱངས་གསལ་ཡི་གེའི་རྣམ་པར་གྱུར་པ་ཡིས། །རང་ལུས་བ་སྤུའི་མཐར་ཐུག་ལྟེམ་གྱིས་གང་། །འོད་ཀྱིས་མི་ཤེས་མུན་བསལ་བློ་གྲོས་རྒྱས། །དེ་ལྟར་བར་མེད་འཁོར་བའི་སྔགས་ཕྲེང་ལས། །འོད་ཟེར་ཤེས་རབ་བུང་བའི་ཚུལ་དུ་འཕྲོས། །བརྟན་གཡོ་འཁོར་འདས་ཀུན་ལ་ཁྱབ་བྱས་པས། །རྒྱལ་དང་རྒྱལ་སྲས་ཉན་རང་པཎྜི་ཏ། །སོ་སྐྱེའི་ཤེས་རབ་གཟུངས་དྲན་ནུས་མཐུ་རྣམས། །འོད་ཟེར་བདུད་རྩི་དཀར་པོའི་རྣམ་པར་བསྡུས། །རང་གི་སྤྱི་བོར་ཐིམ་པས་ལུས་གང་གྱུར། །སྡེ་སྣོད་རྒྱུད་སྡེ་གསང་སྔགས་རིག་སྔགས་གཟུངས། །བརྟན་གཡོའི་སྒྲ་དབྱངས་སྨྲ་བ་ངག་གི་དཔལ། །མ་ལུས་


MR25_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་གསལ་ཡི་གེའི་རྣམ་པར་བསྡུས། །ལྕེ་ལ་ཐིམ་པས་ངག་དབང་བདེན་གྲུབ་གྱུར། །ཉི་ཟླ་ནོར་བུ་སྐར་མ་སོགས་ཀྱི་འོད། །འབྱུང་ལྔ་སྨན་སོགས་བརྟན་གཡོའི་བཀྲག་མདངས་བཅུད། །རྒྱལ་དང་རྒྱལ་སྲས་འཇིག་རྟེན་སྐྱོང་རྣམས་ཀྱི། །སྤོབས་པ་རྒྱལ་བློན་བཙུན་མོ་སོགས་ཀྱི་སེམས། །མདངས་ལྡན་འོད་ལྔའི་རྣམ་པས་ཐུགས་ཀར་ཐིམ། །མི་ཤིགས་སྤོབས་གྲུབ་རྡོ་རྗེའི་ཐུགས་སུ་གྱུར། །དེ་ལྟར་དམིགས་པའི་འཕྲོ་འདུ་འབའ་ཞིག་ལ། །སེམས་བཞག་རིག་སྔགས་རྒྱལ་པོ་འདི་ཉིད་བཟླ། །ཨོཾ་ཧྲཱིཿདྷཱིཿམ་མེ་དཱི་པཾ་མཉྫུ་ཤྲཱི་མུཾ་ཧྲཱིཿཔྲཛྙཱ་ཝརྡྷ་ནི་ཧྲཱིཿདྷཱིཿསྭཱ་ཧཱ། །གསང་སྔགས་ཕྲེང་བ་ཉེར་གཅིག་པ། །ཡབ་ཡུམ་གཉིས་མེད་ཐུན་མོང་སྔགས། །ཡིད་ཆེས་དད་པ་རྩེ་གཅིག་ངང་། །བཟླས་པའི་སྐྱོན་བྲལ་ཅི་ནུས་བཟླ། །བརྒྱ་༡སྟོང་༢ཁྲི་༣འབུམ་༤བཟླས་པ་ཡིས། །རིམ་བཞིན་མི་བརྗེད་གཟུངས༡་ཐོབ་ཅིང་། །སྒྲ་དང་སྐད་རིགས་ཀུན་༢ལ་མཁས། །ཉིན་རེ་ཚིགས་བཅད་ལྔ་༣སྟོང་ཟིན། །ཤེས་རབ་མེ་ལྟར་མྱུར་འབར་ནས༤། །བཀའ་དང་བསྟན་བཅོས་ཐམས་ཅད་ཀྱི། །དོན་རྟོགས་ངག་གི་དབང་ཕྱུག་འགྱུར། །ཆེད་དུ་བརྩམ་པར་མ་བྱས་ཀྱང་། །ཚེ་དང་ལུས་ཀྱི་བཅུད་ལེན་འགྲུབ། །འགྲོ་བ་དབང་འགྱུར་སྟོབས་ཤུགས་འཕེལ། །མངོན་པར་ཤེས་པ་འཆར་བ་དང་། །ས་ཡི་དབང་ཕྱུག་དག་ཀྱང་ཐོབ། །མདོར་ན་མཆོག་དང་ཐུན་མོང་གི། དངོས་གྲུབ་སྣ་ཚོགས་


MR25_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཚེགས་མེད་རྙེད། །རབ་ཀྱིས་ཞག་གཅིག་འབྲིང་གིས་གཉིས། །ཐ་མས་ཞག་གསུམ་འགྲུབ་ཅེས་གསུངས། །བྱིན་བས་མྱུར་ལ་རླབས་ཆེ་བའི། །ཟབ་མོའི་སྒྲུབ་ཐབས་འདི་ཉིད་ནི། །རྗེ་བཙུན་དམ་པས་འཇམས་དབྱངས་ལས། །མནོས་ཏེ་བརྩེ་བས་གཞན་ལ་གདམས། །འདི་ཡི་སྨིན་བྱེད་རྗེས་གནང་དང་། །རིལ་བུ་སྒྲུབ་པའི་ལས་ཚོགས་སོགས། །དམ་པའི་རྒྱ་གཞུང་བཞིན་དུ་བྱ། ཐུན་མཐར་མཆོད་ཅིང་བསྟོད་གསོལ་གདབ། །བདག་ཐུགས་འོད་ཀྱིས་སྣོད་བཅུད་རང་ལ་ཐིམ། །རིམ་བཞིན་དྷཱིཿདང་ཐིག་ལེ་དམར་པོར་བསྡུ། །དེ་ཉིད་འོད་ཞུ་སྣང་ཀུན་དམར་ལམ་སོང་། །འདས་དང་མ་འདས་དངོས་གྲུབ་དབང་བྱས་བསམ། །དགེ་བ་བསྔོ་ཞིང་སྨོན་ལམ་ཤིས་བརྗོད་བྱ། །སྒྲུབ་ཐབས་ཚིགས་བཅད་བསྡེབས་པ་འདི། །རབ་ཚེས་མེ་སྤྲེལ་སྣྲོན་ཟླ་ཡི། །ཡར་ངོའི་ཚེས་གྲངས་བཅུ་གསུམ་ལ། །འཆི་མེད་མཆོག་གྲུབ་གླིང་ཞེས་པར། །མི་ཕམ་པས་བྲིས་དགེ་ལེགས་གྱུར། །སླར་ས་སྤྲེལ་ཟླ་བ་དང་པོའི་ཚེས་བཅུ་གསུམ་སྒྲོན་འོད་ལ་བདེ་མཆོག་ཕོ་བྲང་དུ་དཔེ་བཤུས་པ་མངྒ་ལཾ། ༈ །སྨྲ་སེང་རིལ་བུ་སྒྲུབ་ཐབས་བཞུགས། དེ་ཡང་དམ་པའི་རྒྱ་གཞུང་ལས། །སྐར་མ་རྒྱལ་ལ་བསྒྲུབ་པར་བྱ། །གཅིག་དང་བརྒྱད་དང་བཅོ་ལྔ་ལ། །བསྒྲུབ་ན་མྱུར་ཏུ་འགྲུབ་པར་འགྱུར། །དཀར་རྐྱང་དམར་མདངས་ཅན་སྤང་རྒྱན་ཁྲ་


MR25_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

བོ་སོགས་ཀྱིས་མི་ལོ། གླ་རྩི་བ་རྡོ་ཤ་མཚལ་བཙག་ཁ་དམར་མདངས་ཅན། དཀར་གསུམ། སྨུག་འོད་ཅན་ནག་པོ་མིན་སྤངས། ཡུང་བ་སེར་བོ་ཙནྡན་དཀར་པོ་ཨ་ག་རུ་ནག་པོ། སྤང་སྤོས་དབང་ལག་སོར་མོ་ལྔ་པ་བཟང་ཤུ་དག་དཀར་པོ་གསུམ། །ཨ་རུ་གསེར་མདོག་རྒྱ་སྐྱེགས་ཤིང་སྦྲངས་ཤིང་མངར་གསུམ། །དཔའ་བོ་བཅུ་གཉིས་བསྡུ་བྱས་ལ། །ཞིབ་པར་བཏགས་ལ་སྦྲང་རྩི་དབང་སྡུད་དེ་མེད་ཀྱང་ལོ་གསུངས་དང་། །བ་དམར་འཇམ་དབྱངསའོ་མས་ར་དཀར་འོ་མ་དབྱངས་ཅན་མས་རིལ་བུ་ནི། །བརྒྱ་དང་རྩ་བརྒྱད་བྱས་ནས་ཀྱང་། །སྟེང་དང་འོག་ཏུ་ཧྲཱིཿདང་དྷཱིཿ བྲི་བའི་སྣགས་ཚ་རྒྱ་སྐྱེགས་དང་། །གུར་གུམ་གི་ཝཾ་བསྲེས་ལ་བྲི། །རིན་ཆེན་སྣོད་དུ་བླུགས་པར་བྱ། །པདྨ་དམར་པོ་འདབ་བརྒྱད་དབུས། །གོང་གི་རིལ་བུ་བཞག་ནས་ནི། །དམར་སེར་དར་གྱི་གུར་ཡང་ཕུབ། །ཤར་དུ་ཁ་བལྟས་སྟོང་ཉིད་བསྒོམ། །ཞེས་སོགས་གསུངས་པ་ལྟར། དབང་ལག་ཞོ་གསུམ། ཙནྡན་ཨ་གར་ཞོ་རེ། གཞན་རྣམས་ཞོ་ཕྱེད་ཚད་དུ་གསུངས་ཀྱང་ཅི་འོས་བྱ། རིལ་བུའི་སྟེང་འོག་གི་འཁོར་ལོ་ལ་བཞེད་པ་མི་འདྲ་བ་དུ་མ་ཡོད། རང་ལུགས་དར་དམར་རམ་རས་ལ་མཚལ་རྒྱ་སྐེག་གུར་གུམ་གི་ཝཾ་བཞི་པོ་འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་གསུམ་ཅན། ལྟེ་བར་རལ་གྲིའི་ཆང་ཟུང་ལ་དྷཱིཿ རྩེ་མོར་ཧྲཱིཿ བར་དུ་རྩ་སྔགས། རང་མིང་འདོད་གསོལ་ཤམ་ཅན་བྱས་ཀྱང་ལེགས། རྩིབས་ཀུན་གྱི་རྩེ་མོར་ཧྲཱིཿ རེ་རེ། རྩ་བར་དྷཱིཿ


MR25_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

རེ་བྲི། རྩིབས་བརྒྱད་ཧྲཱིཿདྷཱིའི་བར་དུ་རྩ་སྔགས་ཆ་བརྒྱད་དུ་བགོས་པ། ༡ཨོཾ་ཧྲཱིཿདྷཱིཿ༢ མ་མེ་དཱི་པཾ་༣མཉྫུ་ཤྲཱི་༤ མུཾ་ཧྲཱིཿ༥པྲཛྙཱ་༦ ཝརྡྷ་ནི་༧ ཧྲཱིཿདྷཱིཿ༨ སྭཱ་ཧཱ། ཞེས་དང་། དེའི་ཕྱིའི་མུ་ཁྱུད་དང་པོར་ཨཱ་ལི་བཅུ་དྲུག་གཉིས་པར་ཀཱ་ལི་སོ་བཞི། གསུམ་པར་རྟེན་འབྲེལ་སྙིང་པོ། རང་མིང་ངམ་མིན་ཀྱང་། འདོད་གསོལ་བཅས་བྲིས་པས་འགྲུབ། མོ་འཁོར་པདྨ་འདབ་བརྒྱད་ལ་སྔགས་བཀོད་ལུགས་ཕོ་འཁོར་ཇི་ལྟ་བ་ལ། འོན་ཀྱང་ཕོ་འཁོར་གྱི་རྩིབས་དང་མུ་ཁྱུད་ཀྱི་སྔགས་ཐམས་ཅད་ཡིག་མགོ་ཕྱིར་བསྟན་གཡས་སྐོར་དང་། མོ་འཁོར་གྱི་སྔགས་ཐམས་ཅད་མགོ་ནང་བསྟན་གཡོན་འདབ་མའི་དྷཱིཿཧྲཱིཿ འང་མགོ་ནང་བསྟན་བྱ། སྐོར་བྱས་པའི་ཁྱད་པར་ཙམ་མོ། །བསྡུ་ན་ཕོ་འཁོར་གཅིག་པུས་ཀྱང་ཆོག་གདན་འཁོར་འཁོར་ལོ་རྩིབས་བཞིར་རྒྱལ་ཆེན་བཞིའམ་སྒྲོལ་དཀར་སོགས་ལྷ་བཞིའི་ས་བོན་བཀོད་ནས་དེའི་སྒོམ་བཟླས་མཛད་པ་ཡོད་མོད། འདིར་གདན་རྡུལ་ཚོན་ནམ། ཡང་ན་རས་བྲིས་ཀྱི་པདྨ་སེར་པོ་འདབ་མ་བརྒྱད་པ་ཙམ་བྱས་པས་ཆོག་གོ། གདན་འཁོར་དེ་སྟེང་ལྷུང་བཟེད་དམ་རིན་པོ་ཆེའི་སྣོད་དུ་མོ་འཁོར་ཁ་ཡར་བསྟན་པའི་སྟེང་དུ་རིལ་བུ་རྣམས་མགོ་མཇུག་མ་ལོག་པར་བཀོད་བཞག་སྟེང་ནས་ཕོ་འཁོར་ཁ་ཐུར་དུ་བསྟན་པས་དགབ་། མགོ་ཕྱོགས་གཅིག་འོང་བར་བྱ། ཙནྡན་དམར་པོའམ། ཤུག་པ་དམར་པོའི་རལ་གྲི་སོར་བཞི་པ་མཆིད་གང་བྱས་ཀྱང་རུང། ལ། རྩ་རྩེར་དྷཱིཿཧྲཱིཿ བར་


MR25_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ན་ལེགས་གསུངས། དུ་རྩ་སྔགས་རང་མིང་འདོད་གསོལ་ཅན་བྱས་ཀྱང་ལེགས་བཀོད་པ་སྔགས་རང་ལ་བསྟན་ཏེ་རིལ་བུའི་ནང་དུ་གཟུགས། སྟེང་ཁེབས་ཀྱི་འཁོར་ལོའི་སྟེང་དུ་དར་དམར་སེར་གྱི་གུར་ཕུབ། སྤྲོ་ན་ཆ་གསུམ་བཏང་། རིལ་བུ་ལ་སྦྱོང་ཁྲུས་རྒྱས་བསྡུས་ཅི་རིགས་བྱ། རིལ་བུའི་ཐ་མར་ཉེར་སྤྱོད་བདུན་དང་འབུལ་གཏོར་སོགས་མཆོད་པས་བསྐོར། དེ་ནས་སྐྱབས་སེམས་སོགས་ཆོ་གའི་ཡན་ལག་རྣམས་བྱས་ལ། དངོས་གཞི་བདག་གི་བླ་མའི་གསུང་སྒྲུབ་ཐབས་གྲུབ་པ་མཆོག་གི་ཞལ་ལུང་བཞིན་བྱ། དེར། མདུན་གྱི་ས་གཞིར་པད་ཟླའི་སྟེང་དུ་རིལ་བུ་རྣམས་ཧྲཱིཿཡིག་ཅེས་བསྒྱུར། དེའི་རྗེས། སྔགས་ཀྱི་ཕྲེང་བས་བསྐོར་བ་ཞེས་པའི་མཚམས་སུ་དེའི་རྒྱབ་ཏུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་མ་ལུས་པ་ཏིལ་གྱི་གོང་བུ་བཞིན་དུ་བཞུགས་པ། ཞེས་སྦྱར། དེ་ནས། ཡབ་ཡུམ་གཉིས་ཀའི་སོགས་བཟླས་དམིགས་བཅས་གཞུང་ལྟར་ལ། འོད་ཟེར་བསྡུ་བའི་ཚེ་རང་གི་ཞེས་པ་དེ་བདག་མདུན་གྱི་ཞེས་ཁ་བསྒྱུར་ལ་སྔགས་བཟླས་པར་འབད། ཐུན་མཐར་དབྱངས་གསལ་རྟེན་སྙིང་དང་འདོད་གསོལ་མཐར། མཆོད་པ་དང་གཏོར་མ་བྱིན་གྱིས་བརླབས་ལ་མཆོད་ཕྲེང་ཅི་རིགས་བཅས་གཏོར་མ་འབུལ། བསྟོད་པ་གང་འདོད་བྱས་ལ། མདུན་གྱི་ལྷ་རྣམས་འོད་དུ་ཞུ་ནས་རིལ་བུའི་རྣམ་པར་གྱུར། ཅེས་བརྗོད་ཅིང་བསམས་ལ་དབྱངས་གསལ་རྟེན་སྙིང་དང་སུ་པྲ་ཏིཥྛས་


MR25_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་འཐོར། བསྡུ་ལྡང་དགེ་བསྔོ་ཤིས་བརྗོད་གཞུང་དང་སྤྱི་འགྲེ་ལྟར་བྱའོ། །དེ་ལྟར་སྒྲུབ་པའི་ཚེ་རྟགས་ནི་དངོས་སུ་འོད་དང་དུ་བ་སོགས་དང་རིལ་བུ་རྒྱལ་ཆེན་བཞིར་མཐོང་བ་སོགས་སམ་རྨི་ལམ་དུ་ཉི་ཟླ་ཤར་བ་དང་སྣག་ཚ་འཐུང་བ་སོགས་འབྱུང་སྟེ་གཞུང་བཞིན་ནོ། །དམ་ཚིག་ཏུ་རྫུན་དང་ཤ་ཆང་སྒོག་པ་སྔོ་ངད་ཞེ་སྡང་དྲག་པོ་གྲོགས་ངན་མྱ་ངན་སེམས་ལ་གནོད་པའི་ལས་སྤངས་སྨྲེ་སྔགས་ཕོ་མོ་སྲིད་པར་འཆིང་བའི་ལས་རྣམས་སྤངས་འཁྲིག་པ་རྣམས་སྤངས་ལ་སེམས་ཅན་ལ་སྙིང་རྗེ་བདོག་པ་ཀུན་གྱིས་འཇམ་དཔལ་མཆོད་ཅིང་གསོལ་བ་རྟག་ཏུ་གདབ་བསྒོམ། རྟགས་བྱུང་ནས་མདུན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དབྱངས་ཅན་མ་ལ་བསྟིམ། དབྱངས་ཅན་མ་རིལ་བུའི་རྣམ་པར་གྱུར་པར་བསམས་ལ་རིལ་བུ་འཁོར་ལོས་བསྟུམས་ནས་མགུལ་དུ་བཏགས། ནངས་མ་རེ་ལ་རིལ་བུ་རེ་ཟའོ། །ཕན་ཡོན་ནི་སྔགས་ཀྱི་དབང་དུ་བྱས་ན། བརྒྱ་ཡིས་མི་བརྗེད་གཟུངས་ཐོབ་འགྱུར་སོགས་གཞུང་བཞིན་དང་། རྫས་ཀྱིས་བཅུད་ལེན་སོགས་ཀྱི་དགོས་པ་འགྲུབ་པའོ། །རིལ་བུ་ལ་དབང་སྡུད་དང་མངོན་ཤེས་སོགས་ཀྱི་ཁ་ཚར་ནི་གཞུང་དུ་གསལ་ལ། རིལ་བུའི་ཚད་ནི་སྲན་མ་ཙམ་མདོག་ཤེས་རབ་འཕེལ་བར་སེར་པོ། ཞི་བར་དཀར། རྒྱས་པར་སེར། དབང་སྡུད་ལ་དམར། དབྱིབས་ཞི་བར་ཟླུམ་ལེན། དབང་ལ་ཟླ་གམ། རྒྱས་པར་གྲུ་བཞི་བྱ། རྒྱུ་སྐར་རྒྱལ་དང་ཁྲུམས་སྟོད་ཁྲུམས་


MR25_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

སྨད་ནམ་གྲུ་དང་། གཟའ་ཕུར་ལྷག་ཟླ་བ་པ་སངས་ཀྱི་དུས་སུ་བསྒྲུབ་པར་བྱས་ན་ལེགས་པར་གསུངས་སོ། །འདི་ནི་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་བླ་བྲང་རྩེར་འཇམ་དབྱངས་རིལ་བུ་ཕོན་ཆེར་སྒྲུབ་པའི་ཚེ་ཡིག་རྙིང་དུ་མའི་བཅུད་བསྡུས་ཏེ་འཇམ་དཔལ་དགྱེས་པའི་རྡོ་རྗེས་རབ་ཚེས་ཤིང་རྟ་ཟླ༥ཚེས༢༤ལ་བྲིས་པ་འདི་བཞིན་གང་སུ་ཞིག་གིས་བསྒྲུབ་ཀྱང་དངོས་གྲུབ་རྒྱ་ཆེན་པོ་ཐོབ་བར་གྱུར་ཅིག། ༈དམ་པའི་རྒྱ་གཞུང་ལས། སྔགས་ནི་ཕྲེང་ཉི་ཤུ་གཅིག །བརྒྱ་ཡིས་མི་བརྗེད་གཟུངས་ཐོབ་འགྱུར། །སྟོང་གིས་སྒྲ་སྐད་ཀུན་ལ་མཁས། །ཁྲི་ཕྲག་གཅིག་ནི་བཟླས་པ་ན། །ཉི་མ་རེ་ལ་ཤློ་ཀ། ལྔ་སྟོང་རེ་རེ་ཟིན་འགྱུར་ཞིང་། །མངོན་པར་ཤེས་པ་འཆར་བ་དང་། །གཞན་གྱི་སེམས་ནི་ཤེས་པ་དང་། །ཡི་གེའི་རིགས་ནི་ཐམས་ཅད་ཀྱང་། །ཐོགས་པ་མེད་པར་ཤེས་པར་འགྱུར། །སྒྲ་དང་བསྟན་བཅོས་ཐམས་ཅད་ཀྱང་། །བཀའ་བཞིན་རྩོམ་པར་ནུས་པ་ཡིན། །ཕྱིས་ནི་ས་ཡི་དབང་ཕྱུག་ཐོབ། །ཅེས་དང་། རིལ་བུ་རྒྱལ་ཆེན་བཞིར་མཐོང་ན། །ཤེས་རབ་འཇམ་དཔལ་རྡོ་རྗེ་དང་། །སངས་རྒྱས་ཀུན་དང་མཉམ་པར་འགྱུར། །རིལ་བུ་དབྱངས་ཅན་མར་མཐོང་ན། །སངས་རྒྱས་ཞིང་དུ་འགྲོ་བར་འགྱུར། །རིལ་བུ་ཉི་ཟླར་མཐོང་གྱུར་ན། །སྔོན་གྱི་སྐྱེ་བ་དྲན་པར་འགྱུར། །རིལ་བུ་འོད་དུ་མཐོང་གྱུར་ན། །སྒྲ་བཞི་ལེགས་སྦྱར་ཟུར་ཆགས་སོགས་དག་ལ་


MR25_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པར་འགྱུར། །འོད་དང་དུ་བ་རྔ་སྒྲ་དང་། །དུང་འབུལ་ཉི་ཟླ་ཤར་བ་དང་། །མེ་ཏོག་འཛུགས་དང་ཞིང་རྨོ་དང་། །སྣག་ཚ་འཐུང་དང་ཉམས་དགའ་དང་། །ཡི་གེ་འབྲི་ཀློག་མཐོང་བ་དང་། །མངོན་པར་ཤེས་པ་འཆར་བ་རྣམས། །ཤེས་རབ་འཕེལ་བའི་རྟགས་སུ་འདོད། །ཅེས་དང་། གལ་ཏེ་ལས་འཕྲོ་ཡོད་གྱུར་ན། །ཉི་མ་གཅིག་གིས་འགྲུབ་པར་འགྱུར། །ཉི་མ་གསུམ་དུ་བསྒྲུབ་པས་ན། །ལས་འཕྲོ་མེད་ཀྱང་འགྲུབ་པར་འགྱུར། །གྲུབ་པའི་རྟགས་རྣམས་མ་བྱུང་ན། །བདག་ཉིད་དབྱངས་ཅན་མ་རུ་བསྒོམ། །མདུན་དུ་འཇལ་དཔལ་བསྒོམ་པར་བྱ། །མོ་འཁོར་སྟེང་ལ་ཕོ་འཁོར་འོག །རིལ་བུ་གུ་གུལ་དུད་པས་བདུག །དེས་ནི་ཡེ་ཤེས་མྱུར་ཏུ་འགྲུབ་། །སྒྲུབ་པ་ཐོན་པའི་ནངས་པར་ནས། །ནངས་མ་ཉི་ཤུ་རྩ་གཅིག་ལ། །ལྟོ་སྟོང་དག་གི་དུས་ཉིད་དུ། །རིལ་བུ་རེ་རེ་གྱུར་མིད་བྱ། །རིལ་བུ་གཞན་འཁོར་ལོ་གཉིས་ཀྱི་བར་དུ་བསྟུམ། རྫ་ཡི་གྭའུའི་ནང་དུ་གཞུག །མཆོད་གྲལ་བཞག་གསུངས་སོ། །ཤེས་རབ་འཕེལ་ཞིང་བཅུད་ལེན་འགྱུར། །ཞེས་གསུངས་སོ། །མངྒ་ལཾ། ༈ །འཇམ་དཔལ་དམར་སེར་དཔའ་གཅིག་གི་སྒྲུབ་ཐབས་བཞུགས། ན་མོ་མཉྫུ་ཤྲཱི་ཡེ། འདིར་འཇམ་དཔལ་སྒྲུབ་པར་འདོད་པས་ཡིད་དགའ་བའི་གནས་སུ་བདེ་བའི་སྟན་ལ་འཁོད་དེ། སྐྱབས་སུ་འགྲོ་བ་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཇམ་དཔལ་


MR25_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པར་བྱའོ་སྙམ་དུ་སེམས་བསྐྱེད་ལ། རང་གི་སྙིང་སྒོ་ང་སྟོང་པ་ལྟ་བུའི་དབུས་སུ་བཾ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཀྱི་ངོ་བོ་དྷཱིཿཡིག་དམར་སེར་མར་མེ་ལྟར་འབར་བའི་འོད་ཀྱིས་སྒྲིབ་པ་དང་རྨོངས་པ་མཐའ་དག་བསལ། ལུས་སྦྱངས་ནས་དྲི་མ་མེད་པའི་ཤེལ་གོང་ལྟར་གྱུར་པའི་སྐད་ཅིག་དེ་ལ། རང་ཉིད་རྗེ་བཙུན་འཇམ་པའི་དབྱངས་སྐུ་མདོག་དམར་སེར་གུར་གུམ་གཞོན་ནུའི་མདངས་ཅན། ཕྱག་གཡས་མི་ཤེས་པ་གཅོད་པའི་རལ་གྲི་ནམ་མཁར་གདེངས་པ། གཡོན་ཨུཏྤ་ལའི་ཡུ་བ་ཐུགས་ཀར་བཟུང་བའི་འདབ་མ་སྙན་གྱི་ཐད་དུ་ཁ་ཕྱེ་བའི་སྟེང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་གནས་པ། གཞོན་ནུ་ལོ་བཅུ་དྲུག་པའི་ན་ཚོད་ཅན། དར་དང་རིན་པོ་ཆེས་བརྒྱན་པ། ཟླ་བའི་རྒྱབ་ཡོལ་ཅན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་ཐུགས་ཀར་པད་ཟླའི་དབུས་སུ་དྷཱིཿ དམར་སེར་ལ་རྩ་བའི་སྔགས་འབྲུ་བདུན་པས་བསྐོར་བ། ལྕེའི་རྩ་བར་དྷཱིཿ ཡིག་མགོ་བོ་གྲེ་ཕུག་ཏུ་བསྟན་པ་ཉལ་ཐབས་སུ་གནས་པ་བཅས་གསལ་ལ། ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཞེས་རྩ་བའི་སྔགས་ཅི་ནུས་སུ་བཟླའོ། །ཐུན་འཇོག་ཁར་དྷཱིཿ བརྒྱ་རྩ་བརྒྱད་བཟླས་ནས་རང་ལུས་དྷཱིར་གྱུར་པར་བསམས། དུས་ཀུན་འཇམ་དཔལ་གྱི་ང་རྒྱལ་ལ་གནས་པར་བྱ། བར་ཆད་ཀྱི་རྟགས་བྱུང་ན་མི་གཡོ་བའི་སྒོམ་བཟླས་བྱའོ། །རལ་གྲི་དང་


MR25_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཨུཏྤལ་འཛིན་པ་མེ་འབར་བ་སོགས་རྨིས་ན་ཉེ་བའི་རྟགས་སོ། །འཁྲིག་པ་སོགས་སྤངས་ཏེ་ཚུལ་ཁྲིམས་ལ་གནས་པ་དང་། གཡེང་བ་སྤངས་ཏེ་རྩེ་གཅིག་པའི་ཡིད་ཀྱིས་བསྒྲུབས་ན་འགྲུབ་པར་འགྱུར་རོ། །འདི་ལ་ཐུགས་ཀར་ཤེས་རབ་ཀྱི་འཁོར་ལོ་རྩིབས་བཞི་པའི་ལྟེ་བའི་གཡས་སུ་དྷཱིཿ གཡོན་དུ་ཨ། རྩིབས་བཞིར་ར་པ་ཙ་ན་བཀོད་དེ། ཡེ་ཤེས་པ་སྤྱན་དྲངས། དབང་བསྐུར་བྱས་ཏེ་འཕྲོ་འདུའི་དམིགས་པས་རྩ་སྔགས་བདུན་པ་བཟླ་བའི་ཚུལ་ཞིག་ཀྱང་ཡོད་དོ། །འདི་ནི་འཕགས་པ་འཇམ་དཔལ་གྱིས་ཛེ་ཏཱ་རི་ལ་དངོས་སུ་གནང་བ་དེ་ལས་བརྒྱུད་དེ་བ་རི་ལོ་ཙཱ་བས་ས་ཆེན་ལ་གནང་ཞིང་། རྗེ་བཙུན་གྲགས་པ་དང་ས་སྐྱ་པཎྜི་ཏས་སྒྲུབ་ཐབས་ཀྱི་ཡིག་ཆ་མཛད་པས་བོད་དུ་ས་ལུགས་འཇམ་དཔལ་དམར་སེར་དུ་ཡང་གྲགས་སོ། །ཞེས་པའང་མི་ཕམ་པས་ཤིང་འབྲུག་ཟླ་༦ཚེས་༡ལ་བྲིས་པ་དགེ། ༈འཇམ་དཔལ་ཤེས་རབ་འཁོར་ལོའི་སྒྲུབ་ཐབས་ཛྙཱ་ན་ཙཀྲ་བཞུགས། ན་མོ་པྲཛྙཱ་ཛྙཱ་ན་མཱུརྟྟ་ཡེ། འདིར་འཇམ་དཔལ་སྒྲུབ་པར་འདོད་པས་གནས་དགེ་བར་བདེ་བའི་སྟན་ལ་འདུག་སྟེ། རང་ཉིད་འཇམ་དཔལ་ཤེས་རབ་འཁོར་ལོའི་སྐུར་གསལ་བའི་ཐུགས་དབུས་ཟླ་སྟེང་དྷཱིཿ ཡིག་ལས་འོད་འཕྲོས་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་བདུན་རྣམ་དག་བྱ།


MR25_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཆུ་སྐྱེས་ཟླ་བའི་སྟེང་། །རང་སེམས་རལ་གྲི་དྷཱིས་མཚན་རབ་དཀར་འོད། །མཁའ་ཁྱབ་སྣང་བྱས་སྲིད་ཞིའི་བློ་གྲོས་བསྡུས། །ཚུར་འདུས་ཡོངས་གྱུར་རང་ཉིད་འཇམ་པའི་དབྱངས། །རབ་དཀར་སྟོན་ཟླ་འབུམ་གྱི་སྣང་བ་ཅན། །གཡས་པས་ཡེ་ཤེས་རལ་གྲི་མཁའ་ལ་ཕྱར། །ཨུཏྤ་ལར་གནས་འཁོར་ལོ་པུསྟི་གཡོན། །དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས། །སྟོང་ཉིད་ཟླ་བའི་དཀྱིལ་འཁོར་རྩིབས་བརྒྱད་པའི། །ལྟེ་བར་དྷཱིཿདང་རྩིབས་བརྒྱད་འབྲུ་བརྒྱད་མཚན། །དེ་ལས་འོད་འཕྲོས་ཡེ་ཤེས་སྤྱན་དྲངས་ནས། །དྷཱིཿ ལ་ཐིམ་པས་རང་འདྲའི་ཡེ་ཤེས་སེམས། །དེ་ཡི་ཐུགས་ཀར་ཟླ་བའི་འཁོར་ལོ་ནི། །རྩིབས་བརྒྱད་རྩེ་རྣོ་ས་བོན་སྔགས་ཕྲེང་བཅས། །རབ་དཀར་དྲི་མ་མེད་པའི་འོད་ཟེར་ཅན། །འཁོར་ལོ་གཡས་དང་ཡིག་འབྲུ་གཡོན་དུ་འཁོར། །རེས་གོ་བཟློག་སྟེ་འཁོར་ལོ་གཡོན་དང་ཡིག་འབྲུ་གཡས་སུ་འཁོར་བའང་བྱའོ། །མཆན། དེ་ལས་རབ་དཀར་བདུད་རྩིའི་འོད་ཕྲེང་གིས། །རྨོངས་བཅོམ་ཡེ་ཤེས་སྣང་བ་རྒྱས་པར་གྱུར། །ཨོཾ་ཨ་ར་པ་ཙ་ན་དྷཱིཿཧཱུྃ། གསང་སྔགས་ཡི་གེ་བརྒྱད་པ་ཅི་ནུས་བཟླ། །སྣང་གྲགས་རིག་གསུམ་འཇམ་དཔལ་སྐུ་གསུང་ཐུགས། །སྣང་སྟོང་དབྱེར་མེད་མཉམ་ཉིད་ངང་དུ་བསྒོམ། །ཐུན་གྱི་རྗེས་སུ་གཏོར་མ་འབུལ་ན་འབྲུ་གསུམ་གྱིས་བརླབས་ལ་རྩ་སྔགས་ལ་


MR25_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་སྔགས་བཏགས་པས་འབུལ་ཞིང་། མཆོད་བསྟོད་དང་འདོད་གསོལ་བྱ། ཐུན་མཐར་གསོལ་བརྩེ་ལྡན་ཁྱོད་ཀྱི་སོགས། བཏབ་ཐུགས་སྲོག་འོད་ཟེར་གྱིས། །སྣོད་བཅུད་འོད་ཞུ་རང་ཐིམ་རང་ཉིད་ཀྱང་། །ཐུགས་སྲོག་དྷཱིར་ཐིམ་དེ་ལས་སླར་ཡང་ནི། །རང་ཉིད་འཇམ་དཔལ་གཞོན་ནུའི་སྐུ་རུ་བསམ། །འདི་བསྒྲུབས་པ་ལས་བྱུང་བ་ཡི། །སོགས་དགེ་བསྔོ་ཤིས་བརྗོད་བྱའོ། །འདི་ལ་དུས་བསྙེན་ཟླ་བ་དྲུག །གྲངས་བསྙེན་འབུམ་ཕྲག་ཉེར་བཞི་བཟླས་པས་རབ་དངོས། འབྲིང་ཉམས། ཐ་མ་རྨི་ལམ་དུ་ཞལ་མཐོང་བ་དང་། ཐ་ནའང་རྨི་ལམ་དུ་ཉི་ཟླ་ཤར་བ་སོགས་དགེ་ལྟས་སྤྱི་དང་། ཁྱད་པར་སྐར་མ་པ་ཝ་སངས་མཐོང་ན་འགྲན་ཟླ་མེད་པའི་སྙན་ངག་མཁན་དུ་འགྱུར་བར་གསུངས་སོ། །འདི་ནི་པཎྜི་ཏ་ཟླ་འབྱུང་སྦས་པ་ཞེས་པ་དང་པོར་ཆོས་བསླབས་པས་ཅི་ཡང་མ་མཁྱེན་པས་ཡི་མུག་སྟེ་ཆུ་ལ་ལྕེབས་པར་བརྩམ་པའི་ཚེ། རྣལ་འབྱོར་པ་ཞིག་མདུན་དུ་གློ་བུར་བྱུང་བས་གདམས་པ་འདི་བསྟན་པ་ཟླ་བ་དྲུག་བསྒྲུབས་པས་འཇམ་དཔལ་གྱི་ཞལ་གཟིགས་ནས་རིག་གནས་ལྔ་ལ་མཁྱེན་རབ་ཕུལ་དུ་བྱུང་བའི་པཎྜི་ཏར་གྱུར། དཔལ་ནཱ་ལེནྡྲ་ར་རྒྱལ་པོའི་མཆོད་གནས་སུ་དྲངས་པའི་པཎྜི་ཏ་ཀུན་ལས་ཁྱད་པར་འཕགས་པའི་ཕྱིར། པཎྜི་ཏ་གཞན་ལ་རྨ་བྱའི་གདུགས་དང་། འདི་ཉིད་ལ་གསེར་གྱི་གདུགས་ཕུབ་པས་པཎྜི་ཏ་གསེར་གདུགས་ཅན་དུ་གྲགས་པའི་


MR25_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

པཎ་གྲུབ་ཆེན་པོ་དེ་ལས་རིམ་པར་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་དང་། གནུབས་བྱམས་པ་དཔལ་སོགས་ལས་བརྒྱུད་པའི་གདམས་པ་ཁྱད་པར་འཕགས་པ་ཡིན་ནོ། །འདི་ལ་བློ་གྲོས་འཕེལ་བ། གཞུང་ལུགས་སྐྱོང་བ། བླ་མེད་མཆོག་སྒྲུབ་པའི་གནད་ཀྱི་ཞལ་གདམས་བཞི་རེ་སྟེ་བཅུ་གཉིས་སུ་ཡོད་པ་ལས། དང་པོ་ལ་ཡང་། སྐུ་དང་ཐུགས་ཀའི་འཁོར་ལོ་དང་དྷཱི་ཡིག་དང་བཅས་པ། མདོག་དྲི་མ་མེད་པར་རབ་དཀར་སྣང་བས། ཕྱི་ནང་གསང་བའི་མི་ཤེས་པའི་མུན་པ་སེལ་བར་བྱེད་པ་དང་པོའོ། །འཁོར་ལོའི་རྩེ་མོ་དང་གཤོག་པ་དང་མེ་ལྟ་བུའི་འོད་ཟེར་རྣོ༷ན་པོས་མི་ཤེས་པའི་བྲག་རི་སྲ་བ་མྱུར་དུ་གཅོད་ཅིང་འཇོམས་པ་གནད་གཉིས་པའོ། །འཁོར་ལོ་དང་ཡིག་འབྲུ་འཁོར་ཤུགས་དྲགས་པ་དང་རྫ་མཁན་གྱི་འཁོར་ལོ་དང་གནམ་ལྕགས་ཀྱི་ཐོག་དང་བརྒྱ་བྱིན་གྱི་རྡོ་རྗེ་ལྟ་བུས་ལས་དང་ཉོན་མོངས་པ་ཐམས་ཅད་གཅོད་པ་ནི་གསུམ་པའོ། །འཁོར་ལོ་དང་ཡིག་འབྲུ་གཉིས་ཕན་ཚུན་དུ་འཁོར་ཕྱོགས་བཟློག་སྟེ་བསྣོལ་བར་བསྒོམས་པས་སྙིང་རླུང་རྣམ་གཡེང་བྱིང་རྒོད་སོགས་ཀྱིས་ཡིད་འཁྲུགས་པ་འཇོམས་པ་བཞི་ནི་བློ་འཕེལ་གནད་ཀྱི་ཞལ་ཤེས་ཐུན་མོང་གི་གདམས་པ་བཞིའོ། །གཉིས་པ་གཞུང་ལུགས་སྐྱོང་བའི་ཚེ་ཁྱད་པར་གྱི་གདམས་པ་བཞི་ནི། འཆད་པའི་དུས་ན། རང་ལྷར་གསལ་བའི་མགྲི༷ན་པར་བྃ་དཀར་པོ་ལས་འོད་འཕྲོས། འགྲོ་ཀུན་ངག་གི་ཉེས་སྐྱོན་སྦྱང་། སྲས་བཅས་


MR25_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་གསུང་དབྱངས་ཀྱི་ཡོན་ཏན་ཚུར་བསྡུས་ནས་བྃ་ལ་ཐིམ་པས་དུང་དཀར་གཡས་འཁྱིལ་ཚངས་པའི་དབྱངས་ཀྱི་ང་རོ་ཅན་དུ་གྱུར་པའི་ནང་གི་སྦུབས་ཀྱི་ཁྲེམ་གཉེར་འཁྱིལ་བར་དབྱངས་བཅུ་དྲུག་རིམ་པ་ལྟར་བསྐོར་བ་ལས་གང་འཆད་པའི་ཆོས་ཀྱི་སྒྲ་དབྱངས་སྙན་འཇེབས་དོན་གསལ་ནམ་མཁའི་མཐས་ཁྱབ་པར་ཐོགས་མེད་དུ་གྲགས་པར་བསྒོམ་མོ། །རྩོད་པ་བྱེད་ན་རང་ལྷར་གསལ་བའི་ལྕེ་སྟེང་ཁྃ་ལས་འོད་ཁམས་གསུམ་དུ་འཕྲོས། རྩོད་པ་ཐམས་ཅད་ཀྱི་སྐྱོན་སྦྱངས། སྲས་བཅས་རྒྱལ་བའི་བཀའ་འགྲོ་བ་ཕུན་སུམ་ཚོགས་པའི་ཡོན་ཏན་བསྡུས་ནས་ཁྃ་ལ་ཐིམ་པས་ཕྱོགས་ལས་རྣམ་པར་རྒྱལ་བའི་རལ་གྲིར་གྱུར་པ་དེས་ཕས་རྒོལ་གྱི་ལྕེ་བཀུམ་པར་བསྒོམ་སྟེ། དེ་ལྟར་ལྕེ༷་ལ་རལ་གྲི༷་དགོད་པ་བྱས་ན། རང་ཉིད་འཇིགས་པ་མེད་པའི་གདེང་དང་ལྡན་པར་བྱའོ། །གཞུང་རྩོམ་ན། རང་ཉིད་ལྷར་གསལ་བའི་སྙིང་གར་དཔལ་གྱི་བེའུར་ཡི་གེ་ནྃ་ཁ་དོག་སྣ་ཚོགས་པ་ཅན་ལས་འོད་འཕྲོས། འགྲོ་བ་ཀུན་གྱི་གྲུབ་མཐའ་ངན་པའི་སྐྱོན་སྦྱངས་ཏེ། རྒྱལ་བ་སྲས་བཅས་ཀྱི་མཁྱེན་རབ་དང་མཁས་གྲུབ་ཀུན་གྱི་གཞུང་ལུགས་དྲི་མ་མེད་པའི་ཡོན་ཏན་ཐམས་ཅད་ཚུར་བསྡུས་ནྃ་ལ་ཐིམ་པས་གཞུང་ལུགས་ཐམས་ཅད་རྩོམ་པ་ལ་དབང་ཐོབ་པར་བསམས་པས་འགྲུབ་བོ། །མཉམ་པར་འཇོག་ན། རང་ལྷའི་ཐུགས་ཀར་ཟླ་བ་ཉ་གང་བའི་སྟེང་དུ་ཧཱུྃ་སྔོན་པོ་ལས་


MR25_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

འོད་འཕྲོས། སྲིད་པ་གསུམ་གྱི་སྒྲིབ་པ་ཐམས་ཅད་སྦྱངས། སངས་རྒྱས་བརྒྱུད་པ་དང་བཅས་པའི་ཤེས་རབ་དང་ཏིང་ངེ་འཛིན་ཕུལ་བྱུང་གི་ཡོན་ཏན་མ་ལུས་པ་བསྡུས་ཏེ་ཧཱུྃ་ཡིག་ལ་ཐིམ་པས་དེ་ཉིད་རྣམ་པ་ཐམས་ཅད་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྡོ་རྗེ་མི་ཤིགས་པ་ཆེན་པོར་གྱུར། དེ་ལས་རྡོ་རྗེའི་གཟི་འོད་ཆེན་པོ་འབར་བར་བསམས་ལ། རྩེ་གཅིག་མཉམ་པར་བཞག་པས་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེའོ། །གསུམ་པ་མཆོག་གམ་མཐར་ཐུག་གི་གདམས་པ་བཞི་ནི། རང་གི་ལུས་འདི་ཉིད་འཇམ་དཔལ་གཞོན་ནུའི་སྐུ་མཚན་དང་དཔེ་བྱད་དང་ལྡན་པར་གསལ་བ་ཡིས་ལུས་ཐ་མལ་དུ་འཛིན་པ་སྦྱང་ཞིང་། སྐུ་དེ་ཡང་སྣང་ལ་སྟོང་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་རང་བཞིན་གྱིས་དག་པ་དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ལྔ་ཡི་བདག་ཉིད་འཇམ་དཔལ་གྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དང་ཐ་མི་དད་པའི་རང་གི་སེམས་ཉིད་གདོད་ནས་དག་ཅིང་འོད་གསལ་བ་ཧྲིག་གེ་ཡེར་རེ་རྗེན་ནེ་བ། པྲ་ཀྲྀ་ཏི་བི་ཤུདྡྷོ྅ཧཾ་ཞེས་པའི་དོན་ལྟར་རང་བཞིན་རྣམ་པར་དག་པའི་བདག་ཉིད་དུ་ཤེས་པར་བྱའོ། །དེས་ལུས་སྦྱངས་ནས་དག་པ་ཡེ་ཤེས་ཀྱི་སྐུ་འགྲུབ་བོ། །གཉིས་པ་རང་འཇམ་དབྱངས་སུ་གསལ་ལ་ངག་ཐམས་ཅད་གསུང་དབྱངས་རྣམ་པར་དག་པའི་བདག་ཉིད་དུ་གསལ་བཏབ། གསུང་དེ་ཡང་གྲག་སྟོང་ཡན་ལག་དྲུག་ཅུའི་རང་


MR25_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དང་ལྡན་པར་གྱུར་པ་དེའི་རྣམ་པ་ལྕེ་སྟེང་ནས་བཟུང་སྟེ་མགྲིན་པའི་བར་གྱི་སྦུབས་ཐམས་ཅད་མགྲིན་པ་ཆོས་ཀྱི་དུང་དཀར་གྱི་ཁྲེམ་གཉེར་འཁྱིལ་བ་ལྟ་བུར་ཡོད་པའི་ནང་དུ། ཨ་སོགས་དབྱངས་བཅུ་དྲུག་དཀར་པོ་གཡས་ཕྱོགས་སུ་འཁྱིལ་བ། ཀ་སོགས་གསལ་བྱེད་སོ་བཞི་དམར་པོ་གཡོན་སྐོར་དུ་འཁྱིལ་ཞིང་འོད་འབར་བའི་ཡིག་འབྲུས་གང་བར་བསམ། དབྱངས་གསལ་ལན་གསུམ་བརྗོད་པས་ཁམས་གསུམ་དུ་སྔགས་ཀྱི་རང་སྒྲ་འབྲུག་གི་དབྱངས་ལྟར་རྒྱུན་མི་འཆད་པར་གྲགས་པར་བསམས་པས་ངག་ཐ་མལ་པ་རྣམས་སྦྱོང་བར་བྱེད་ལ། གསུང་དེ་ཉིད་ཀྱང་རང་གི་སེམས་ཉིད་གདོད་ནས་འོད་གསལ་བའི་རང་བཞིན་ལས་མ་འདས་པའི་དོན་དྲན་པར་བྱའོ། །དེས་ངག་གསུང་གི་ངོ་བོར་སྒྲུབ་པའོ། །གསུམ་པ་རང་ཉིད་འཇམ་དབྱངས་སུ་བསྐྱེད་ནས་ཐ་མལ་པའི་ཡིད་གནས་བསྒྱུར་ཏེ། སངས་རྒྱས་ཐམས་ཅད་ཀྱི་མཁྱེན་རབ་ཀྱི་ངོ་བོ་འཇམ་དཔལ་གྱི་ཐུགས་ཇི་ལྟ་ཇི་སྙེད་མཁྱེན་པ་ཡེ་ཤེས་ལྔའི་བདག་ཉིད། སྟོང་ཞིང་འོད་གསལ་བ་ནམ་མཁའི་དཀྱིལ་ལྟ་བུར་གྱུར་པ། དེའི་རྣམ་པ་རང་གི་ཐུགས་ཀར་ཟླ་བའི་སྟེང་དུ་ཤེས་རབ་ཡེ་ཤེས་ཀྱི་རང་བཞིན། དྲི་མ་མེད་པའི་ཕྱག་མཚན་རལ་གྲི་སྔོ་བསང་ཚོན་གང་བ་ཡེ་ཤེས་ཀྱི་མེ་འབར་བ་གསལ་ཞིང་དྭངས་པ་ལ་དམིགས་པ་གཏད་པས་ཡིད་སྦྱང་ངོ་། །ཐུགས་


MR25_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་སྟོང་དེ་ཡང་རང་གི་སེམས་ཉིད་གཟོད་མ་ནས་འོད་གསལ་ལ་སྤྲོས་པ་ཀུན་གྱིས་སྟོང་པའི་དེ་བཞིན་ཉིད་དུ་རྣམ་པར་དག་པའི་དོན་དུ་བསྒོམས་པས་ཡིད་སྦྱངས་ཏེ་དག་པ་ཡེ་ཤེས་ཀྱི་ཐུགས་འགྲུབ་བོ། །བཞི་པ་རང་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད་དུ་གྱུར་པ་དེ་ཡང་ངོ་བོ་དབྱེར་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སམ། རང་བྱུང་གི་ཡེ་ཤེས་ཀྱི་བདག་ཉིད་རང་བཞིན་གྱིས་རྣམ་པར་དག་པའི། རང་བཞིན་འོད་གསལ་མཐར་ཐུག་སེམས་ཉིད་གཉུག་མའི་གཤིས་སུ་རང་བབ་ལྷུག་པར་བཞག་པས་སྒོ་གསུམ་ཐ་དད་དུ་འཛིན་པའི་བག་ཆགས་ཐམས་ཅད་སྦྱངས་ཤིང་། སྐུ་གསུང་ཐུགས་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་ཡེ་ཤེས་རྡོ་རྗེའི་བདག་ཉིད་མཐར་ཐུག་དོན་གྱི་འཇམ་དབྱངས་སུ་བསྒྲུབ་པ་སྟེ་དེ་ལྟར་བླ་ན་མེད་པའི་གདམས་པ་བཞིའོ། །ཞེས་གདམས་པ་བཅུ་གཉིས་པོ་འདི་ནི་ཟླ་འབྱུང་སྦས་པའི་མན་ངག་ཤཱཀྱ་ཤྲཱིས་གནུབས་བྱམས་པ་དཔལ་ལ་རྗེས་སུ་བསྩལ་ཅིང་། ཁྲོ་ཕུ་ལོ་ཆེན་གྱི་གསུང་རབ་ལས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྙིང་པོར་དྲིལ་བའི་གསུང་གི་སྣང་བ་ལ་བརྟེན་ནས་མི་ཕམ་འཇམ་དཔལ་དགྱེས་པས་དོན་བསྡུས་ཏེ་བཀོད་པ་ཟབ་མོའི་མན་ངག་ཡང་དག་པའོ། །དེ་ལྟར་སྒྲུབ་ཐབས་ཡེ་ཤེས་འཁོར་ལོ་ཟབ་མོའི་མན་ངག་བཅུ་གཉིས་དང་བཅས་པ་འདི་ཉིད་རབ་བྱུང་བཅོ་ལྔ་པའི་


MR25_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་མོ་ཤིང་འབྲུག་གི་ལོའི་ཆུ་སྟོད་ཟླ་བའི་དཀར་ཕྱོགས་དགའ་བ་དང་པོ་རྒྱལ་ཕུར་འགྲུབ་སྦྱོར་སོགས་དུས་ཀྱི་དགེ་མཚན་བཟང་པོ་དང་ལྡན་པ་ལ། རུ་དམ་ཡང་དབེན་པདྨ་བསམ་གཏན་བདེ་ལྡན་གླིང་དུ་འཇམ་དཔལ་དགྱེས་པའི་རྡོ་རྗེས་བཀོད་པ་ཕྱོགས་ཐམས་ཅད་དུ་དགེ་ལེགས་ཀྱི་སྣང་བ་དམ་པ་རྟག་ཅིང་ཁྱབ་པའི་རྒྱུར་གྱུར་ཅིག་མངྒ་ལཾ། ༈ ། འཇམ་དཔལ་ངག་གི་དབང་ཕྱུག་གི་སྒྲུབ་ཐབས་པྲཛྙཱ་ཙཀྲ་བཞུགས་སོ། །འདིར་སློབ་དཔོན་ཆེན་པོ་སྒེག་པའི་རྡོ་རྗེའི་ལུགས་ཀྱི་འཇམ་དཔལ་སྒྲུབ་པ་ལ་བསྙེན་སྒྲུབ་ལས་གསུམ་གྱི་དང་པོ་དབང་དང་མན་ངག་ལེགས་པར་ནོས་པའི་སྒྲུབ་པ་པོས། གནས་དགེ་བར་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད་དེ། སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་ནས་ཆོས་ཐམས་ཅད་དམིགས་སུ་མེད་པའི་དེ་བཞིན་ཉིད་ལ་བློ་བཞག་ཅིང་། སྭ་བྷཱ་ཝས་སྔགས་བརྗོད་ལ། སྟོང་པའི་ངང་ལས་པདྨ་ཟླ་བའི་སྟེང་། །རང་ཉིད་སྐད་ཅིག་འཇམ་དཔལ་གསེར་གྱི་མདོག །ཕྱག་གཡས་མཆོག་སྦྱིན་གཡོན་པས་ཨུཏྤལ་བསྣམས། །ཟུར་ཕུད་ལྔ་ལྡན་རྒྱན་རྣམས་ཀུན་གྱིས་མཛེས། །རྡོ་རྗེའི་སྐྱིལ་ཀྲུང་འོད་ཟེར་རབ་འཕྲོ་བའི། །ཐུགས་དབུས་ཟླ་སྟེང་མུ་ལ་སྔགས་ཀྱིས་བསྐོར། །འོད་ཟེར་འཕྲོ་འདུས་འཕགས་མཆོད་འགྲོ་སྒྲིབ་སྦྱང་། །སྣང་སྲིད་རྣམ་དག་ལྷ་ཡི་རང་


MR25_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བསྒོམ། །ཨོཾ་ཝཱ་གཱི་ཤྭ་རི་མུཾ། རིག་སྔགས་རྒྱལ་པོ་འབུམ་ཕྲག་དྲུག་ཏུ་བཟླ། །ཁྲུས་དང་གཙང་སྦྲའི་ཀུན་སྤྱོད་དག་ལ་བརྟེན། །སྔགས་སྒྲ་མ་ཉམས་ཐུན་མཐར་བཟླས་པ་འབུམ། །དགེ་བསྔོ་སྒྱུ་མའི་ངང་ནས་སྤྱོད་ལམ་སྤྱད། །གཉིས་པ་དེ་ལྟར་བསྙེན་པ་སོང་ནས་སྒྲུབ་པ་ལ་འཇུག་པར་བྱ་སྟེ། རས་ཕྲན་ཁྲུ་གང་ཙམ་གཙང་མས་བཀལ་བཏགས་བྱས་པ་ཁ་ཚར་མ་ཉམས་པ་ལྷག་པའི་རིན་གྱིས་ཉོས་པ་སྐྱོན་མེད་ཅིང་གཙང་བར། ཚོན་རྩི་བཟང་པོ་སྐྱོན་མེད་པས་འཇམ་དཔལ་གཞོན་ནུ་ཤ་ཚུགས་ལེགས་པ་གསེར་མདོག་གམ། ཡང་ན་ཟླ་འདྲ་དཀར་པོ་གང་མོས་པ་བྲི་ཞིང་། གཡས་མཆོག་སྦྱིན་གཡོན་ཨུཏྤལ་སྔོན་པོ་བསྣམས་པ། གཙུག་ཕུད་ལྔ་ལྡན་མེ་ཏོག་གིས་མཛེས་པ། དར་དང་རིན་པོ་ཆེའི་རྒྱན་ཆས་ཐམས་ཅད་རྫོགས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་པདྨ་ལ་བཞུགས་པ། དེའི་ཕྱོགས་ཀྱི་ཁོར་ཡུག་རྣམས་སུ་རིན་པོ་ཆེའི་རི་ཡི་ཕུག་རྣམས་སུ་ལྷའི་བུ་གཞོན་ནུ་ཡོད་པ། སྟེང་གི་ཕྱོགས་ནས་སྤྲིན་ལས་བྱུང་བའི་ལྷ་སྲས་གཞོན་ནུ་ཟུང་གིས་མེ་ཏོག་འཐོར་བ། ཞབས་པད་དུ་བསྙེན་ནས་ཞལ་ལ་ལྟ་བའི་སྒྲུབ་པ་པོ་མཆོད་པ་འབུལ་བའང་བྲིས་ན་རུང་ཞིང་སྤྱན་འབྱེད་དང་རབ་གནས་ལེགས་པར་བྱ། དེ་ནས་དུས་དགེ་བར་གནས་ཡིད་དང་མཐུན་པར་ཁྲུ་གང་ངམ་དེ་ཡི་ཚད་ཅན་གྱི་དཀྱིལ་འཁོར་དྲི་བཟང་དང་བ་ཡི་རྣམ་ལྔས་བྱུག་པའི་དབུས་སུ་ཕྱེ་མ་དཀར་པོ་སོགས་


MR25_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཚོན་སྣ་གཅིག་གིས་པདྨ་བཟང་པོ་མཛེས་པ་ཟེའུ་འབྲུ་གེ་སར་དང་བཅས་པའི་སྙིང་པོར་ཨོཾ་གྱིས་མཚན་པ། ཐ་མར་རིན་ཆེན་འབར་བས་བསྐོར་བ་བྲི། དེའི་སྟེང་དུ་རས་བྲིས་ཀྱི་སྐུ་བཀོད། དེའི་མདུན་དུ་མཆོད་པའི་སྟེགས་ལ་མེ་ཏོག་ལ་སོགས་པའི་མཆོད་པ་གཙང་མ་ཅི་འབྱོར་པ་ཉིན་བཞིན་བཤམས། དེ་ནས་སྔགས་པ་རང་ཉིད་ཀྱིས་གཞོན་ནུའི་བརྟུལ་ཞུགས་བྱ་སྟེ། ལྷའམ་རིག་འཛིན་གྱི་སྲས་གཞོན་ནུ་ལྟར། གོས་དཀར་གཙང་མའམ་ཁྲ་བོ་བགོས། གཙུག་ཕུད་གསུམ་མམ་ལྔ་བཅིངས། མེ་ཏོག་གི་ཐོད་དང་རྣ་ཆ་མགུལ་རྒྱན་དཔུང་རྒྱན་སོགས་ཀྱིས་སྤྲས་པ། དཔྲལ་བར་མཚལ་གྱི་ཐིག་ལེ་མཛེས་པ་བཀོད། མདོར་ན་གཞོན་ནུའི་རྒྱན་དུ་འོས་པ་ཐམས་ཅད་ཀྱིས་བརྒྱན་པར་བྱས་ལ། རས་བྲིས་དེ་ཡི་མདུན་དུ་འདུག་ནས་ཉིན་བཞིན་གཙང་མའི་མཆོད་པ་སྣ་ཚོགས་ཀྱིས་མཆོད་ཅིང་། ལྷ་དང་སྔགས་ལ་སེམས་པ་མ་གཏོགས་པའི་རྣམ་པར་རྟོག་པ་གཞན་སྤངས་ཏེ་ཟླ་བ་གསུམ་མམ་དྲུག་ཏུ་གཞོན་ནུའི་བརྟུལ་ཞུགས་སྤྱད་པས་འགྲུབ་པར་འགྱུར་རོ། །དེ་ཡང་དང་པོར་རང་ཉིད་ཁྲུས་ལེགས་པར་བྱས་ལ། སྟན་ལ་འོག་གི་མཚོན་ཆའི་སྔགས་བཏབ་ནས་འདུག་སྟེ། ཆོས་ཐམས་ཅད་རང་བཞིན་དག་པར་བསམ། དེ་ནས་སྙིང་རྗེ་ཆེན་པོའི་བློ་བསྐྱེད་དེ། རང་གི་སྙིང་གར་སྙིང་པོའི་གསང་སྔགས་ཨོཾ་མུ་ཞེས་པ་དང་། མཚོག་མར་ཨོཾ་མུ་མུ།


MR25_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་གཙུག་ཏུ་ཨོཾ་ཨིཾ་མུ། སྙིང་ག་དཔུང་མགོ་གཉིས་མགྲིན་པ་དཔྲལ་བ་རྣམས་སུ། ཨོཾ་ཨིཾ་མུ་སྭཱ་ཧཱ། ཞེས་གོ་ཆའི་སྔགས་བསམ་པར་བྱའོ། །ལག་པ་དང་མིག་ཏུ། ཨོཾ་ཨོཾ་མུ། ཞེས་མཚོན་ཆའི་སྔགས་བསམ་མོ། །ཡི་གེ་འདི་རྣམས་འོད་འབར་བ་གནས་དེ་དང་དེར་བསམ་པས་བྱིན་གྱིས་བརླབས་ཏེ་སྲུང་བ་དམ་པའོ། །དེ་ནས་སྐྱབས་སེམས་ཚད་མེད་བསྒོམ་པ་སོགས་བྱས་ཏེ། སྐད་ཅིག་གིས་རང་ཉིད་འཇམ་དཔལ་གཞོན་ནུ་གསེར་གྱི་མདོག་ཅན་ཡང་ན་ཟླ་བའི་མདོག་ཅན་རང་གང་མོས་བྱ། ཞལ་གཅིག་ཕྱག་གཉིས་མཚན་དང་དཔེ་བྱད་ལྡན་པ། གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་པུས་མོའི་སྟེང་དུ་མཛད་པ། གཡོན་ཐུགས་ཀར་ཨུཏྤལ་སྔོན་པོའི་ཡུ་བ་བཟུང་བའི་འདབ་མ་སྙན་གྱི་ཐད་དུ་ཁ་ཕྱེ་བ། རལ་པའི་ཟུར་ཕུད་ལྔ་དང་ལྡན་པ་མེ་ཏོག་གིས་སྤུད་པ། སྙན་ཆ་མགུལ་རྒྱན་དཔུང་རྒྱན་ཕྱག་གདུབ་ཞབས་གདུབ་སྐ་རགས་དོ་ཤལ་སེ་མོ་དོ་སྟེ་རིན་པོ་ཆེའི་རྒྱན་བརྒྱད་དང་། དར་གྱི་སྟོད་གཡོགས་དང་སྨད་ཤམ་མཛེས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་པད་ཟླ་ལ་བཞུགས་པར་བསམ། མདུན་གྱི་དཀྱིལ་འཁོར་གྱི་དབུས་སུ་ཨོཾ་ལས་འདབ་མ་སྟོང་ལྡན་གྱི་པདྨ་འོད་འབར་བའི་དབུས་སུ་ཨོཾ་མུ་ཞེས་པ་ལས་རང་འདྲའི་འཇམ་དཔལ་བསྒོམས་ལ་རང་དང་མདུན་གྱི་ལྷའི་གནས་སོ་སོར་ཡན་ལག་ལྔ་པའི་ཡི་གེ་རྣམས་གོང་བཞིན་གསལ་བཏབ་ལ། ཨོཾ་མུ་


MR25_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སྙིང་པོའི་སྔགས་བརྗོད་པ་ཙམ་གྱིས་རང་བཞིན་གྱི་གནས་ནས་རང་འདྲའི་ཡེ་ཤེས་པ་སྤྱན་དྲངས་ནས་ལྷ་ལ་ཐིམ་པར་གྱུར། མེ་ཏོག་ལ་སོགས་པ་དངོས་དང་ཡིད་ལས་སྤྲུལ་པའི་མཆོད་པ་རྒྱ་མཚོས་མཆོད་ལ། ཨོཾ་ཨོཾ་མུ་ཞེས་མཚོན་ཆའི་སྔགས་ཀྱིས་སྔགས་ཀྱི་ནོར་བུ་བླངས་ཏེ། བདག་མདུན་གྱི་ལྷའི་ཐུགས་ཀར་ཟླ་སྟེང་ས་བོན་མུ་དང་མཐར་སྔགས་ཕྲེང་འཁོར་བ་འོད་ཟེར་སྤྲོ་བསྡུའི་དམིགས་པ་དང་བཅས། ཨོཾ་ཝཱ་གཱི་ཤྭ་རི་མུཾཿཞེས་པ་རྩ་བའི་གསང་སྔགས་འདི་ཉིད་ཧ་ཅང་མི་མྱུར་མི་བུལ་བ་སོགས་བཟླས་པའི་སྐྱོན་སྤངས་ཏེ། ལྷ་དང་གསང་སྔགས་འབའ་ཞིག་ལ་སེམས་པ་མ་གཏོགས་རྟོག་པ་གཞན་སྤངས་ནས་ཇི་སྲིད་མི་སྐྱོ་བའི་བར་དུ་བཟླས་པ་བྱ། ཐུན་མཐར་བཟླས་གྲངས་ཡིད་ཀྱིས་ལྷ་ལ་ཕུལ་ཏེ། མཆོད་པ་དང་བསྟོད་པ་སྣ་ཚོགས་རྒྱ་ཆེར་བྱས་ལ་ལྷ་གཤེགས་སུ་གསོལ། བདག་ཡན་ལག་ལྔ་པའི་སྔགས་ཀྱིས་སྲུང་བ་བྱས་ནས་གནས་ཀྱང་བསྲུང་སྟེ་སྤྱོད་ལམ་རྣམས་སུ་བསོད་ནམས་བསགས་པ་ལ་འབད་པར་བྱའོ། །གལ་ཏེ་བཟླས་པ་ལ་མི་དགའ་ཞིང་སྒོམ་པ་ལ་མོས་པ་རྣམས་ཀྱིས་ཤེས་རབ་ཀྱི་འཁོར་ལོ་བསྒོམ་པར་བྱ་སྟེ། དེ་ཡང་རྩ་བའི་འཁོར་ལོ་བསྒོམ་པའི་ཚུལ་ནི་གོང་བཞིན་མཆོད་པ་བྱས་པའི་རྗེས་ལ། རང་གི་སྙིང་གར་ཟླ་བ་ལྟ་བུའི་འཁོར་ལོ་ཡང་ཞིང་སྲབ་ལ་


MR25_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

དྭངས་ཤིང་ཆུང་བ་རྩིབས་བརྒྱད་པ་སྙིང་པོ་ཚག་ བརྩེགས་པ་ཞེས་ཀྱང་འདུག མ་ལྟ་བུའི་ཁོར་ཡུག་ཀུན་ནས་ཟླུམ་པའི་ལྟེ་བ་ལ་མུ། དེའི་ཕྱོགས་ཀྱི་རྩིབས་བཞིར་ངག་ཐམས་ཅད་ཀྱི་རྩ་བ། ཨོཾ་ཨཾ་ཨིཾ་ཨུཾ། ཞེས་ཡི་གེ་འབྲུ་བཞི་དང་། མཚམས་བཞིར། ཝཱ་གཱི་ཤྭ་རི། ཞེས་པ་འབྲུ་བཞི་བསྒོམ། རྩིབས་བརྒྱད་ལ་ཡི་གེ་འབྲུ་བརྒྱད་བཀོད་པ་རྣམས་ཁ་དོག་དཀར་ཞིང་འོད་གསལ་བ་མ་རིག་པའི་མུན་པ་ཐམས་ཅད་སེལ་བ་ཉིད་དུ་བློས་དུས་གཅིག་ཏུ་གསལ་བར་བསྒོམ་པ་ལས་མི་ཡེང་བར་བྱའོ། །སྙིང་པོའི་ཡི་གེ་མུ་རབ་ཏུ་འོད་འབར་བ། དེའི་འོད་ཟེར་གྱིས་ཡི་གེ་དང་འཁོར་ལོ་དང་བདག་གི་ལུས་ཐམས་ཅད་གསལ་བར་གྱུར་པས་ཉོན་མོངས་པའི་དྲི་མ་ཐམས་ཅད་དག་ཅིང་གསལ་བར་ཅི་ནུས་སུ་བསམ་པར་བྱ། གཏོང་བར་འདོད་ན། ཆོས་ཐམས་ཅད་ཀྱང་རང་གི་སེམས་ཀྱི་སྣང་བ་ཙམ་སྟེ། སེམས་ནི་ཤེས་རབ་ཀྱི་འཁོར་ལོར་བསྒྱུར་ཅིང་སྣང་ལ། ཇི་ལྟར་འཁོར་ལོ་འདི་དྭངས་ཤིང་གསལ་ལ་ཞི་བ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྤྲོས་པ་རབ་ཏུ་ཞི་ཞིང་རང་བཞིན་གྱིས་འོད་གསལ་ཏེ་མངོན་པར་འདུ་བྱ་བ་ཐམས་ཅད་དང་བྲལ་བ་ཉིད་དུ་བསམས་ནས་དེ་བཞིན་དུ་བློ་བཞག་པར་བྱའོ། །དེ་ལས་ལྡང་བར་འདོད་ན་སྙིང་རྗེའི་སེམས་བསྐྱེད་པར་བསམས་ཏེ་འགྲོ་དོན་བྱ་བའི་བསམ་པས་ལངས་ཏེ་སྤྱོད་ལམ་ཇི་ལྟར་འཚམས་པར་བྱའོ། །འོན་ཀྱང་


MR25_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པའི་རྗེས་སུ་བསམ་གཏན་རྩེ་གཅིག་པས་ཤེས་རབ་འཁོར་ལོ་བསྒོམ་པར་བྱས་ན་ཡང་རུང་ངོ་། །འདི་ནི་གཞོན་ནུའི་བརྟུལ་ཞུགས་ཀྱི་སྒོ་ནས་དངོས་གྲུབ་སྒྲུབ་པའི་སྦྱོར་བ་སྟེ་ཚུལ་འདི་སྤྱད་ཟིན་ནས་དངོས་གྲུབ་ཉེ་བར་གྱུར་པ་དང་། གནས་གཙང་མར་རམ་གནས་དང་དཀྱིལ་འཁོར་དེ་ཉིད་དུ་མཆོད་པ་དང་བཟླས་པ་སྦྱིན་སྲེག་གིས་ལྷ་མཉེས་པར་བྱས་ཏེ། ཕྱག་མཚན་དང་ལྡོང་རོས་སོགས་རྫས་སྣ་ཚོགས་ལས་ལ་སྦྱར་ཏེ་བསྒྲུབ་པར་བྱའོ། །དེ་ཡང་རལ་གྲི་སོགས་ཕྱག་མཚན་ནི་ལག་པ་གཡས་སུ་ཐོགས། ལྡོང་རོས་སོགས་སྣོད་དུ་བཞག་པ་ལག་པ་གཡོན་པས་བཀབ་སྟེ་བསྒྲུབས་པས་འབར་བ་སོགས་ཀྱི་རྟགས་བྱུང་པས་མཁའ་སྤྱོད་ཀྱི་རིག་འཛིན་སོགས་དངོས་གྲུབ་སྣ་ཚོགས་མངོན་དུ་འགྱུར་རོ། །ཟླ་བ་གཟས་ཟིན་པའི་དུས་སུ་བདག་གི་རྣལ་འབྱོར་གོང་ལྟར་བྱས་ནས། སྣོད་བཟང་པོར་བ་བཟང་པོའི་འོ་མ་བླུགས་པ་ལག་པ་གཡོན་པས་བཀབ་ནས་ཟླ་བ་ལ་མི་ལྟ་བར་གཟས་མ་བཏང་གི་བར་བཟླས་ཏེ་བསྒྲུབ་ན་དེ་ཞོ་རུ་གྱུར་བའི་ཚེ་གྲུབ་པ་ཡིན་ལ། དེ་འཐུང་བས་ཤེས་རབ་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་བོ། །གལ་ཏེ་ཞོ་རུ་མ་གྱུར་ཀྱང་དེ་འཐུང་བས་ཤེས་རབ་འཕེལ་བར་འགྱུར་རོ། །འདིའི་སྒོ་ནས་ཚེ་གསོ་བའི་ཆོ་ག་བྱེད་ན། མཎྜལ་འདབ་བརྒྱད་དཀར་པོ་ལ་བཀྲ་ཤིས་རྟགས་བརྒྱད་ཀྱི་གཟུགས་བྲི། དེའི་


MR25_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་བུམ་པ་བཟང་པོ་མདོག་དཀར་བ། སྨན་དང་རིན་པོ་ཆེ་དང་འབྲུ་སོགས་ཀྱི་རྫས་དང་ལྡན་པ་བ་དཀར་པོ་དང་དམར་པོའི་འོ་མས་བཀང་། ཤིང་བཟང་པོས་ཁ་རྒྱན་བྱ། རང་ཁྲུས་བྱས། ལུས་དྲི་བཟང་པོས་བགོས། རས་དཀར་པོ་གཙང་མ་གྱོན། ཀུ་ཤའི་སྟན་ལ་ཁ་ནུབ་ཏུ་ཕྱོགས་པར་བསྡད། ནད་པ་སོགས་གཞན་དོན་དུ་བྱེད་ན་དེས་གོས་དཀར་གཙང་མ་གྱོན་ནས་དལ་གྱི་ནུབ་ཏུ་ཁ་ཤར་དུ་བསྟན་ཏེ་འཁོད་པར་བྱ། རང་ལྷའི་རྣལ་འབྱོར་གོང་བཞིན་བསྒོམ་པའི་མདུན་དུ་གཞལ་ཡས་ཁང་བཟང་པོ་རྡོ་རྗེའི་དཀྱིལ་འཁོར་གྱི་འཁོར་ལོ་ཇི་ལྟ་བར་བསྒོམ་པའི་དབུས་སུ། བསྒྲུབ་བྱ་དང་བུམ་པ་དབྱེར་མེད་སངས་རྒྱས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་ཁ་བ་ལ་མཚལ་བཟང་པོས་གཏོར་བ་ལྟ་བུ་དམར་སྐྱ་མཉམ་པའི་ཕྱག་རྒྱས་བདུད་རྩིའི་བུམ་པ་བསྣམས་པ། དེའི་ཐུགས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་འཇམ་དཔལ་གདོད་ནས་སངས་རྒྱས་པ་ཞེས་བྱ་བ། སྐུ་མདོག་དཀར་པོ་ཞལ་གཅིག་ཟུར་ཕུད་ལྔ་དང་ལྡན་པ་ཕྱག་བརྒྱད་ཀྱིས་ཤེར་ཕྱིན་གླེགས་བམ་དུ་མ་བསྣམས་པ། དེའི་ཐུགས་ཀར་ཟླ་དཀྱིལ་ལ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞེས་པ་དམར་སྐྱ་ཕྱག་ན་པདྨའི་སྟེང་ན་ཚེ་བུམ་བསྣམས་པ། ཡང་ན་སྔ་མ་བཞིན་མཉམ་གཞག་གི་ཕྱག་རྒྱའི་སྟེང་ན་པདྨ་དང་བུམ་པ་བསྣམས་པའོ། །དེའི་ཐུགས་ཀར་ཡང་དེ་བཞིན་བཅུ་དང་བརྒྱ་


MR25_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ནས་གྲངས་མེད་བརྗོད་མེད་པར་དུ་བསྒོམ། བདག་གིས་སྔགས་བཟླས་པས་ལྷ་རྣམས་ལས་ཡེ་ཤེས་ཀྱི་འོད་ཟེར་འཕྲོས་པས། གཤིན་རྗེའི་གཤེད་མདོག་དམར་ལྕགས་ཀྱུ་དམར་པོ་ཐོགས་པ་ལུས་མེ་ལྟར་འབར་བ་མཐའ་ཡས་པ་འཕྲོས་པས་བགེགས་ཀྱི་གནས་ཐམས་ཅད་བཅོམ་སྟེ་དེའི་གནས་ནས་ཚེའི་རང་བཞིན་འོད་དམར་པོའམ། ཡང་ན་བསྒྲུབ་བྱ་ཇི་འདྲ་བའི་གཟུགས་བཀུག་སྟེ། ཕྱག་རྒྱ་འདུག་གི་བུམ་པ་ལ་ཐིམ་པར་བྱའོ། །སྔགས་ནི། ཨོཾ་ཝཱ་གཱི་ཤྭ་རི་མུཾ་ཛཱི་བཾ་བ་ར་དེ་སྭཱ་ཧཱ། ཞེས་སོ། །དེའི་ཚེ་བཀའི་འཁོར་ལོ་བསྐུལ་བར་བྱའོ། །དེ་ནས་བུམ་པ་དེ་བསྒྲུབ་བྱའི་གནས་ལྔར་ཡང་ཡང་བསྟིམ། ནས་རྡོ་རྗེའི་གོ་ཆས་བསྲུང་བར་བྱའོ། །ཡང་ན་གོ་ཆ་ཐམས་ཅད་ཀྱི་སྔགས། ཨོཾ་བཛྲ་ཀཱ་ཝཱ་ཙི་རཀྵ་ཧཱུྃ། ཞེས་པས་སོ། །དེ་ནས་སྐུད་པར་རྩ་སྔགས་དང་རཀྵ་རཀྵ་སྦྱར་བའི་སྲུང་བའི་སྔགས་བཟླས་པས་མདུད་པ་པོར་བ་མགུལ་ལམ་དཔུང་པར་བཅིངས། གྲོ་གའམ་ཤིང་ཤུན་ལ་རྩ་སྔགས་བྲིས་ཏེ་ཕྱི་རོལ་འཁོར་བའི་ཚུལ་དུ་བྱས་པར་མཚོན་ཆ་སྣ་ཚོགས་པས་བརྒྱན་པ། སྔགས་ཀྱི་བྱིན་གྱིས་བརླབས་ནས་ལེགས་པར་དྲིལ་ཏེ་གཙུག་ཏུ་བཏགས། དེ་བཞིན་ཞལ་གྱི་སྔགས་ཀྱི་འཁོར་ལོ་མགུལ་དུ་བཏགས། གོ་ཆའི་སྔགས་ཀྱི་འཁོར་ལོ་དཔུང་པར་བཏགས། མཚོན་ཆའི་སྔགས་འཁོར་ལག་པའི་འཁྲིག་མ་གཉིས་ལ་བཏགས། སྙིང་པོ་གོ་ཆ་མཚོན་ཆའི་སྔགས།


MR25_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་གཞན་ནས་གསུངས་པའང་འདིར་སྦྱར་རོ། །རྡོ་རྗེའི་མངགས་གཞུག་གི་བཀྲ་ཤིས་སྲུང་པའང་གདགས་སོ། །དེས་གདོན་དང་ནད་ལས་ཐར་ཞིང་བཀྲ་ཤིས་ཤིང་རིང་དུ་འཚོ་བར་འགྱུར་རོ། །ཞེས་པའང་སྔགས་དོན་རྡོ་རྗེ་རབ་འབྱེད་ཀྱི་གཞུང་ལ་བརྟེན་ནས་ཤིང་འབྲུག་ཟླ་༧ཚེས་༨ལ་མི་ཕམ་འཇམ་དཔལ་དགྱེས་པས་བཀོད་པ་མངྒ་ལཾ། ༈ །འཇམ་དཔལ་པྲཛྙཱ་ཙཀྲའི་ལས་ཚོགས་གཞན་ཡང་། གདོན་ཟིན་གསོ་ན། དང་པོ་དལ་བྱས། རང་མཐུན་གཏོར་མ་བྱིན་གྱིས་བརླབས་ནས། སྙིང་པོའི་སྔགས་ཤམ་དུ། སརྦ་གྲ་ཧཱ་ན་ཨི་དཾ་བ་ལིཾ་གྲྀ་ཧྞ་གྲྀ་ཧྞ་པ་ཡ་སྭཱ་ཧཱ། ཞེས་བསྔོས་པས་ཞི། དེས་མ་ཞི་ན་ཞི་བའི་སྦྱིན་སྲེག་བྱ་སྟེ། འབྲུ་སྨན་མེ་ཏོག་སོགས་རང་མཐུན་བསྲེག་བླུགས་ཕུལ་ལ། རྩ་སྔགས་དང་། སརྦ་གྲ་ཧཱ་ན་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པས་སོ། །དེ་ལས་སྲེག་ཐབ་ཏུ་དང་པོ་འཇམ་དཔལ་མཆོད། དེ་རྗེས་གདོན་བཀུག་སྟེ་རྫས་མ་ལུས་བྱིན་ནོ། །དེས་མ་ཐར་ན་གདོན་དབང་དུ་བྱ་བ། དབང་གི་གཏོར་མ་དང་སྲེག་རྫས་བྱས་ཏེ་དང་པོར་ཡེ་ཤེས་པ་མཆོད། དེ་རྗེས་གདོན་རྣམས་བཀུག་ལ་སྦྱིན་སྲེག་བྱིན་ནས། ཡུངས་ཀར་དམར་པོ་ལ། རྩ་སྔགས་དང་། སརྦ་གྲ་ཧཱ་ན་པཱ་ཤཾ་ཀུ་རུ་སྭཱ་ཧཱ། ཞེས་ལན་སྟོང་དུ་མར་བྱས་ཏེ། སྔར་བསྟན་འབྱུང་བའི་དལ་ལས་དབང་གི་ལས་སྦྱོར་གྱི་ཏིང་འཛིན་བཞིན་བྱའོ། །གཏོར་མ་དམར་པོ་བྱ། ཆོ་ག་འདིས་གདོན་


MR25_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་འགྱུར་རོ། །དེས་མ་ཐུལ་ན་གདོན་བསྐྲད་པར་བྱ་སྟེ། གྲོག་མཁར་ས་ལས་བྱས་པའི་རྔ་མོ་ནག་པོ་ལས་ཚོགས་བདག་གི་གཟུགས་བྱས་ཏེ་དེའི་སྙིང་གར་ཡི་གེ་ག་སྔོན་པོ་བྲིས་ཏེ་གཞུག་གཟུགས་དེ་ཁ་ལྷོའམ་བྱང་ཤར་དུ་བསྟན་ཏེ་བཞག་དེའི་དྲུང་དུ་རླུང་དཀྱིལ་གྱི་དབུས་སུ་བགེགས་བསྐྲད་པའི་སྦྱིན་སྲེག་བྱ་སྟེ། གཏོར་མའང་བཤམས། གཏོར་མའི་ནང་བགེགས་ཀྱི་གཟུགས་བརྙན་བཅུགརང་གཤིན་རྗེ་གཤེད་ཀྱི་ང་རྒྱལ་བྱ། སྒྲུབ་གྲོགས་མདུན་ན་འདུག་པ་ལ་བདག་གི་དཔྲལ་བ་ནས་མི་གཡོ་བ་གཏུམ་པོ་སྤྲུལ་ཏེ་གྲོགས་མཆོག་དེ་ཉིད་དུ་གྱུར་པར་བསམས། དེའི་ལག་ཏུ་གྲི་བཟང་པོ་གཏད་དེ། ཡང་ན་བདག་ཉིད་ཀྱི་སྔགས་ཟློས་ཤིང་། རལ་གྲིའི་སྟབས་ཀྱིས་གདོན་ཟིན་ལ་བསྐོར་ཏེ་བགེགས་བསྐྲད་པའི་སྦྱོར་བ་བྱར་གཞུག་རང་ཉིད་གཤིན་རྗེ་གཤེད་ཀྱི་ཏིང་ངེ་འཛིན་གྱིས། རྩ་སྔགས་དང་། མ་ཧཱ་ག་ཎ་པ་ཏི་ས་པ་རི་ཝཱ་ར་ཎ་ཕཊ་ཕཊ། ཅེས་ཡུངས་ཀར་དང་ཕྲེང་བ་ལ་བཟླས་ནས་གདོན་གྱིས་ཟིན་པ་ལ་བརྡེག །དེ་ནས་སྐྱེས་པའམ་བུད་མེད་ཀྱིས་གཏོར་མ་གཟུགས་བརྙན་བཅས་ཁྱེར་ནས་ལྷོའམ་དབང་ལྡན་གྱི་ཕྱོགས་སུ་རྒྱང་གྲགས་གཅིག་ཙམ་དུ་འགྲོ་བར་བྱ། དེའི་རྗེས་སུ་མི་གཡོ་བའི་སྔགས་པ་དེས་རང་གི་སྔགས་བཟླ་བཞིན་རལ་གྲི་བསྐོར་བའི་སྟབས་ཀྱིས་འདོམ་བདུན་པའི་ཕྱི་ནས་བགེགས་བསྡིགས་ཤིང་


MR25_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

དེད་པར་བྱའོ། །གཟུགས་བརྙན་དེ་བསྐྱལ་ནས་སླར་ལོག་པའི་སྔགས་པ་བདག་ཉིད་ཀྱིས་བསྐྲད་པར་བྱའོ། །དེའི་ཕྱི་ཉིན་བགེགས་བསྐྲད་པའི་སྦྱིན་སྲེག་དང་གཏོར་མའི་རྗེས་སུ་མནན་པ་བྱའོ། །དེས་ཀྱང་གཏོང་བར་མ་གྱུར་ན་ཡོངས་སུ་གཞོམ་པའི་ཆོ་ག་བྱ་སྟེ། ཐབ་གྲུ་གསུམ་ནག་པོར་རྡོ་རྗེའམ་བེ་ཅོན་གྱི་མཚན་མ་ནག་པོ་སོར་བརྒྱད་པ་བཞག་ལ། དེར་དུར་ཁྲོད་ཀྱི་མགལ་དུམ་མམ་ཚེར་མ་ཅན་གྱི་ཤིང་གྲུ་གསུམ་གྱི་དབྱིབས་སུ་བརྩིགས། གྲོག་མཁར་ས་ལས་གདོན་གྱི་གཟུགས་བརྙན་ནམ། གྲོ་གའམ་ཤོག་གུ་ལ་རི་མོར་བྲིས་པ་བྱ་སྟེ། དེ་ཡང་ཚ་བའི་ནད་ལ་གདོན་མདོག་དམར་སེར། སྐྲ་གྱེན་བརྫེས་ཅན་དང་གྲང་ནད་ལ་གདོན་གཟུགས་སྔོ་སྐྱ་སྐྲ་ཐུར་དུ་བྱིལ་བྱིལ་པོར་འདུག་པ་བྱ། དེའི་སྙིང་གར་ཡི་གེ་པྲེ་རེ་བྲིའོ། །དེ་སྐུད་པ་ནག་པོས་ཕུར་པ་བཞི་ལ་བརྟོད་དེ་བཞག །དེ་ནས་ཕུར་པ་དང་གྲི་དང་གཏུན་ཤིང་ངམ་བེ་ཅོན་ཡང་ཉེ་སྐོར་དུ་བཞག་པར་བྱ། མཆོད་པ་དང་གཏོར་མ་སྔར་བརྗོད་པ་བཞིན་བཏང་། རང་ཁ་ལྷོར་བལྟས་ཏེ་ལྷའི་ང་རྒྱལ་གྱིས་མེ་ལྷ་བསྐྱེད་ཅིང་མཆོད་ནས་གཤིན་རྗེ་གཤེད་མཆོད་པ་དྲག་པོའི་སྲེག་བླུགས་ལྟར་བྱས་ལ། གདོན་གཟུགས་དེ་ནད་པའི་དྲུང་དུ་བཞག་ནས་ལྷ་རྣམས་བསྐུལ་ཞིང་སྔགས་དམིགས་ཀྱིས་གདོན་བཀུག་སྟེ་གཟུགས་བརྙན་ལ་བསྟིམ། དེ་ནས་སྐུད་པ་ནག་པོས། ཨོཾ་བཛྲ་


MR25_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

བནྡྷ་ཧཱུྃ། དུཥྚ་གྲ་ཧཱ་ན་བནྡྷ་བྃ་ཧཱུྃ་ཕཊ། ཞེས་པ་རྩ་སྔགས་ལ་བཏགས་ཏེ་བཟླས་ནས་གཟུགས་བརྙན་བཅིངས། དེ་ལྟར་ཡང་ཡང་དགུག་པའི་སྦྱོར་བ་བྱས་ཏེ་ཁུག་པར་མཐོང་ན། དང་པོ་གནས་ལྔར་ཕུར་པ་བཏབ། དེ་ནས་གྲིས་གཏུབས། བེ་ཅོན་ནམ་གཏུན་ཤིང་གིས་ཕྱེ་མར་བརྡུངས་ལ་བསྡུས་ཏེ་ཧོམ་དུ་བསྲེག་ཐལ་སོལ་རྣམས་བསྡུས་ཏེ་བརྫིས་པ། རྡོ་ལེབ་ལ་སྣ་ཚོགས་རྡོ་རྗེ་བྲིས་པས་མནན། དེ་སྟེང་སྔགས་པས་གཡོན་བརྐྱང་བའི་སྦྱོར་བས་མནན་ཏེ། གད་མོ་དྲག་པོ་དགོད་ཅིང་སྔགས་བཟླའོ། །དེ་ཡང་ཕུར་པ་གདབ་དུས་གོང་གི་བསྒྲུབ་བྱའི་གནས་སུ། སརྦ་དུཥྚ་གྲ་ཧཱ་ན། ཅེས་གཞུག །གྲིས་གཏུབ་པར་རྩ་སྔགས་ལ། ཙྪེ་ད་ཙྪེ་ད་མཱ་ར་མཱ་ར་ཁཌྒེ་ན་ཧཱུྃ་ཕཊ། ཅེས་དང་། མནན་པ་ལ་རྩ་སྔགས་དང་། དུཥྚཱན་གྲ་ཧཱ་ན་སྟམྦྷ་ནི་ཀུ་རུ་ལཾ་ཧཱུྃ་ཕཊ། ཅེས་ཅི་ནུས་ཀྱིས་དྲག་པོའི་སྦྱོར་བ་བྱའོ། །དེ་ནས་གོང་བསྟན་ཞི་བའི་སྦྱོར་བས་ཁྲུས་བྱའོ། །དེ་ནས་ཚེ་གསོ་བའི་ཆོ་ག་བྱའོ། །དེས་གདོན་ཀུན་ལས་ཐར་ནས་བདེ་ལེགས་སུ་འགྱུར་རོ། །སྒེག་རྡོར་སྔགས་དོན་རྡོ་རྗེ་རབ་འབྱེད་ལས། ལྷ་མོའམ་ནི་གནོད་སྦྱིན་མོ། །མངོན་པར་ཤེས་པ་ལྡན་པ་དག །དབང་དུ་བྱ་བ་བསྒྲུབ་པ་ནི། །རིང་པོར་མི་ཐོགས་འགྲུབ་པར་འགྱུར། །མཐུ་ཆེན་བསྒྲུབ་པར་དཀའ་བ་དང་། །རང་གི་འདོད་པ་མི་ལྡན་དང་། །


MR25_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

རགས་ལས་གྲུབ་པའི་གཟུགས་ཅན་དང་། །མངོན་པར་ཤེས་པ་མི་ལྡན་པ། །དབང་དུ་བྱ་བ་དཀའ་བར་བཤད། །ལྷ་མོ་གནོད་སྦྱིན་མོ་ལ་སོགས། །ཕྲ་བའི་ལུས་ཅན་མངོན་ཤེས་ལྡན། །རང་གི་འདོད་པ་ལྡན་པ་དང་། །མཐུ་ཆེན་པ་ཡང་དབང་འགྱུར་བ། །རང་ཏུ་དཀའ་བ་མ་ཡིན་ནོ། །ཞེས་དང་། ཡང་གདོན་བཞི་ལ་གཏད་པའི་སྐབས་སུ། ཀླུ་གདོན་ནི་ཕྲ་མོའི་སྒོ་ནས་གཞན་ལ་གནོད་པའི་ལས་བྱེད། ས་ཡི་གདོན་ནི་བརྣབ་སེམས་དང་ཕྲག་དོག་གི་སྒོ་ནས་གཞན་ལ་གནོད་པའི་ལས་བྱེད། མ་མོའི་གདོན་ནི་ཆགས་སེམས་ཀྱིས་གཞན་གནོད་བྱེད། འབྱུང་པོས་གནོད་སེམས་ཆེ་བའི་སྒོ་ནས་གཞན་གནོད་བྱེད་དོ། །གལ་ཏེ་འདི་དག་བརྟེན་ན་ཡང་། འབྱུང་པོ་ནི་བློ་སྣ་ཚོགས་པ་ཅན་ཏེ་བརྟེན་པར་མི་བྱེད་དོ། །ས་བདག་ངར་འཛིན་ཆེ་བས་འགྲོགས་ན་མི་བདེ། །ཀླུ་བླུན་པས་དང་པོར་འདྲིས་ཤིང་དགའ་བར་དཀའ། མ་མོ་དགའ་ཆེས་པས་རྟག་ཏུ་དེའི་སེམས་འཛིན་པར་དཀའ་ཞེས་གསུངས་སོ། །སྔགས་ཀྱི་སྦྱོར་བ་རྣམས་ནུས་མཐུ་རྣམ་པ་བཞིས་འགྲུབ་པར་འགྱུར་ཏེ། གང་ཞེ་ན། སྤྲུལ་པའི་ནུས་པ་ཞེས་བྱིན་གྱིས་བརླབས་པའི་མཐུ་དང་། བདེན་པའི་ནུས་པ་ཞེས་པ་གསང་སྔགས་བདེན་པའི་བྱིན་རླབས་དང་། རྫས་དང་སྤྱོད་པའི་མཚན་ཉིད་བཀའ་བཞིན་སྦྱོར་བར་བྱས་པའི་ནུས་པའི་བྱིན་རླབས་དང་། གཞན་གྱིས་སྡོང་


MR25_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་བྱས་པའི་ནུས་པའི་བྱིན་རླབས་དང་བཞིའོ། །སྤྲུལ་པ་བཞི་སྟེ། ཡེ་ཤེས་ཀྱི་སྤྲུལ་པ། ཏིང་འཛིན་གྱི། ལས་ཀྱི། ཡིད་ལ་བྱེད་པའི་སྤྲུལ་པ་བཞི་ཡི་དང་པོ། ཡེ་ཤེས་ཐོབ་པ་རྣམས་ཀྱིས་སྤྲུལ་པ་ཚར་གཅོད་རྗེས་བཟུང་བྱེད་པའོ། །གཉིས་པ་ཏིང་ངེ་འཛིན་ཐོབ་པས་རྫུ་འཕྲུལ་སྣ་ཚོགས་ཀྱིས་དོན་བྱེད་པའོ། །གསུམ་པ་ལས་ཀྱི་སྐྱེ་བས་ཐོབ་པའི་རྫུ་འཕྲུལ་ཅན་རྣམས་ཀྱིས་ཕན་གནོད་བྱེད་པའོ། །བཞི་པ་སྤྲུལ་པ་གསུམ་པོ་བཞིན་དབང་འབྱོར་བའི་རྫུ་འཕྲུལ་མ་ཐོབ་ཀྱང་ཡིད་ལ་བྱེད་པ་རྩེ་གཅིག་པས་ལས་བསྒྲུབ་པའོ། །སྤྲུལ་པ་བཞི་པོ་གང་རུང་ལ་བརྟེན་ནས་བྱིན་རླབས་ལྷག་མ་གསུམ་གྱི་བྱིན་གྱིས་བརླབ་ཏུ་རུང་བའི་གཞིར་འགྱུར་རོ། །སྔགས་ནི་བདེན་མཐུ་ཅན་གྱི་བྱིན་གྱིས་བརླབས་པའོ། །དེ་བཞིན་ཕྱག་རྒྱ་དང་ཏིང་ངེ་འཛིན་དག་ཀྱང་ངོ་། །རྫས་ལ་སོགས་པ་ཚོགས་པ་དེ་དག་དངོས་པོའི་ནུས་པ་དང་། བཀའི་མཚན་ཉིད་ཀྱི་ནུས་པས་འབྲས་བུ་འབྱིན་ཏེ་ཀུན་རྫོབ་རྟེན་འབྲེལ་བསླུ་མེད་དོ། །གཞན་གྱི་གྲོགས་ནི་ཕན་གནོད་བྱེད་པའི་དབང་ལྡན་རྣམས་མཆོད་བཟླས་སྦྱིན་སྲེག་སོགས་ཀྱིས་མཉེས་པར་བྱས་པས་དེ་དག་གིས་སྒྲུབ་པ་པོ་ལ་གྲོགས་བྱེད་པ་སྟེ། དེ་ལྟར་ནུས་པ་རྣམ་པ་བཞིས་སྔགས་ཀྱི་ལས་འགྲུབ་པར་འགྱུར་རོ། །ཞེས་གསུངས་སོ། །མངྒ་ལཾ། ༈ །འཇམ་དཔལ་རས་བྲིས་སོགས་


MR25_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཟིན་བྲིས་ལ། འདིར་འཇམ་དཔལ་གྱི་རས་བྲིས་རྒྱས་པར་བལ་གྱི་དོག་པ་བྱིན་བརླབ། དེ་ནས་གཞོན་ནུ་མ་ལ་སྐུད་པ་འཁལ་བཅུག །ཐ་ག་པར་འཐག་ཏུ་བཅུག་པའི་རས་བྲིས་ཆེ་འབྲིང་ཆུང་སོགས་སྣ་ཚོགས་ཡོད་ལ། མུ་ཡིག་དང་པོར་རི་རྩེར་འབུམ་བཟླས་པས་བསྙེན། སྐྱབས་སེམས་སྡོམ་བཟུང་བྱས་ལ། གཙང་མའི་རས་ཀྱི་དུམ་བུའམ། དར་ལ་ཙནྡན་ག་བུར་གུར་གུམ་གྱི་ཆུས་བསང་གཏོར་བྱས། གཙང་བའི་ཕྱོགས་སུ་གཙང་མའི་རི་མོ་མཁན། དཀར་གསུམ་བཟའ་ཞིང་གོས་དཀར་གྱོན་པས་ཟླ་བ་ཉ་ཡི་དུས་སུ་རྒྱུ་སྐར་བཟང་པོར་ཉི་མ་འཆར་ཁའི་དུས་ནས་ཉིན་ཕྱེད་བར་བྲི། དེ་ནས་མི་བྲི། དེ་བཞིན་ཉིན་རེ་ཞིང་བྲིས་ཏེ་ཡོངས་སུ་རྫོགས་པར་བྱ། རྒྱས་པར་ཚེ་དཔག་མེད་ཀྱི་ཞིང་བཀོད་སོགས་མང་པོ་ཡོད། བསྡུས་པར་དབུས་སུ་པདྨར་འཇམ་དཔལ་དམར་སྐྱའམ་གསེར་མདོག་གཞོན་ནུ་ཞི་འཛུམ་མཛེས་པ། ཕྱག་གཡས་མཆོག་སྦྱིན་གྱི་དཔལ་འབྲས་དང་གཡོན་ཨུཏྤལ་སྔོན་པོ་བསྣམས་པ། ཟུར་ཕུད་ལྔ་པ། བྱིས་པའི་རྒྱན་ཀུན་ལྡན། མུ་ཏིག་དང་རིན་པོ་ཆེའི་མཆོད་ཕྱིར་ཐོགས་པ། དར་སྔོན་པོ་གཡོ་བའི་སྟོད་གཡོགས། དར་གྱི་སྨད་གཡོགས་ཅན་སྐྱིལ་ཀྲུང་གིས་བཞུགས་པ། དེའི་གཡས་སུ་ཀུན་ཏུ་བཟང་པོ་སྔོ་སྐྱ། གཡས་རྔ་ཡབ། གཡོན་རིན་པོ་ཆེ། རྒྱན་ཐམས་ཅད་དང་རིན་པོ་ཆེའི་ཅོད་པན་ཅན། རས་སྔོན་པོ་གཡོ་བའི་ན་


MR25_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

བཟའ་ཅན། མུ་ཏིག་གི་ཕྲེང་བ་དང་རིན་པོ་ཆེའི་མཆོད་ཕྱིར་ཐོགས་པ། གཡོན་དུ་སྤྱན་རས་གཟིགས་དཀར་པོ་གཡས་རྔ་ཡབ། གཡོན་པདྨ་འཛིན་པ། མཆོད་ཕྱིར་དཀར་པོ་ཅན་ཕྱེད་སྐྱིལ་དུ་བཞུགས་པ། འཁོར་གཉིས་འཇམ་དཔལ་ལས་ཅུང་ཆུང་བ་བྱ། སྤྱན་གཟིགས་གཡས། ཀུན་བཟང་གཡོན་དུ་བྱས་པའང་ཡོད། རིགས་བདག་ཚེ་དཔག་མེད། དཀར་དམར་འོད་འབར་སེང་ཁྲིར་བཞུགས་པ། སྟེང་དུ་སྤྲིན་ལས་ལྷའི་བུ་གཉིས་ཕྱེད་གཟུགས་མེ་ཏོག་གི་ཕྲེང་བ་འཛིན་པ། འོག་ཏུ་སྒྲུབ་པ་པོ་སྤོས་ཕོར་ཐོགས་པ་བྲི། རྒྱ་མཚོར་པད་སྡོང་། དེའི་ཡུ་བར་ཀླུ་གཉིས་ཕྱེད་གཟུགས་ཅན་ཡང་བྲི་རུང་། ཡང་ན་འཇམ་དཔལ་གྱི་སྐུ་ཁོ་ན་བྲི་སྟེ། རས་བྲིས་ཀྱི་ཆོ་ག་ལས། རང་ལ་དད་པ་ཡོད་ན། རི་མོ་མཁན་ཚུལ་ལྡན་མི་ལྡན་གྱིས་ཀྱང་བྲི་རུང་བ་དང་། རང་ཇི་ལྟར་འདོད་པའི་རྣམ་པར་བྲི་ཆོག་པར་གསུངས། ཡང་ན་གསེར་རམ་དངུལ་ལས་བྱས་པའི་འཇམ་དཔལ་གཞོན་ནུའི་གཟུགས་ཅན་གཡས་མཆོག་སྦྱིན། གཡོན་ཤེར་ཕྱིན་གྱི་གླེགས་བམ་ཐོགས་པ་ཅན་བྱས་ལ་མདུན་དུ་བཞག་ནས་མཆོད་པར་གསུངས། ཡང་ཙནྡན་དཀར་པོ་ལས་གཡས་མ་དུ་ལུང་གའི་འབྲས་བུ། གཡོན་ཤེར་ཕྱིན་གླེགས་བམ་འཛིན་པའམ། ཡང་ཙནྡན་དམར་པོ་ལས་བྱས་ཏེ། གཡས་སུ་གནོད་སྦྱིན་དབང་བྱེད། གཡོན་དུ་འཕྲོག་མ་བྱེད་པར་ཡང་གསུངས། ཡང་རིན་པོ་ཆེ་སོགས་


MR25_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འཇམ་དཔལ་སྐུ་གོང་འདྲ་གདན་གསེར་གྱི་རྨ་བྱ་ཅན་བྱེད་པ་འདི་ཕ་རོལ་ལས་རྒྱལ་བའི་དོན་དུ་གསུངས། འདི་ལ་ཨུཏྤལ་སྟེང་རྡོ་རྗེ་ཡོད་ན་མཆོག་སྦྱིན་རྡོ་རྗེ་ཡིན་པས་འདིའི་སྐུ་བྱས་ཏེ། ནང་དུ་གཡུལ་ལས་རྒྱལ་བའི་སྔགས་བྲིས་ན་ལེགས་སྙམ་མོ། །ཡང་ཤིང་ཨརྒ་དཀར་པོ་ལས་མཐེ་བོང་ཙམ་གྱི་འཇམ་དཔལ་བྱས་ལ། དེ་མདུན་སྒྲུབ་པ་བྱ་བ་དང་། གཞན་ཡང་ཤིང་སྣ་ཚོགས་ལས་བྱ་བར་གསུངས། ཝཱ་ཀྱེ་འབྲུ་དྲུག་པའི་རས་བྲིས་ནི་མཁྱེན་བརྩེའི་དབང་པོའི་འཇམ་དཀར་རས་བྲིས་བཞིན་ནོ། །དེ་དུས་མཐར་འགྲུབ་པའི་བསྔགས་བརྗོད་ཆེ་བར་ཡོད། དེས་ན་འཇམ་དཔལ་སྐུ་ཆེ་ཆུང་ཅི་རིགས་མཐེ་བོང་གི་ཚད་ཙམ་གྱི་བར་དུ་བྱས་ལ་མདུན་དུ་བཞག་ནས་རབ་གནས་བྱའོ། །དེའི་མདུན་དུ་རང་ཉིད་གནས་ནས། སངས་རྒྱས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་རྣམ་པར་ངེས་པའི་དབང་པོའི་རྒྱལ་པོ་དང་། སཱ་ལའི་རྒྱལ་པོ་ཚེ་དཔག་ཏུ་མེད་པ་དང་། འོད་དཔག་ཏུ་མེད་པ་དང་། རིན་པོ་ཆེའི་ཏོག་དང་། གསེར་ཐུབ། འོད་སྲུངས། སྤྱན་མཛེས། ཤཱཀྱའི་རྒྱལ་པོ་ལའང་ཕྱག་བྱ། སངས་རྒྱས་ཐམས་ཅད་ལ་ཕྱག་བྱས་ཏེ། རྩེ་གཅིག་པའི་སེམས་ཀྱིས་རས་བྲིས་ལ་བལྟ་ཞིང་ཡི་གེ་གཅིག་པ་མུ་བཟླ་བར་བྱ། དེས་མཚན་མ་མཐོང་བར་འགྱུར། མུ་འདི་ནི་སངས་རྒྱས་ཚེ་དཔག་མེད་པས་ཀུན་ཏུ་བཟང་པོ་ལ་གནང་། དེས་


MR25_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ལ་བྱིན་ཏེ་དེས་རང་གི་སྙིང་གར་བཀོད་པའོ། །འདི་གཙང་སྦྲ་སོགས་མེད་ཀྱང་འགྲུབ། དུས་ཀྱི་ཐ་མར་ངེས་པར་འགྲུབ། འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་འཁོར་ལོས་སྒྱུར་བ་གཙུག་ཏོར་རྒྱལ་པོ་ཡིན་ནོ། །བྷྲཱུྃ་ལ་ལས་ཅི་བསྟན་པ་འདིས་བྱེད་གསུངས། མ་བསྒྲུབས་ཀྱང་ལས་བྱེད་ན་བསྒྲུབས་པས་ལྟ་ཅི་སྨོས། འདིས་ཇི་ལྟར་འདོད་པའི་འབྲས་བུ་ཕུན་སུམ་ཚོགས་པ་ཐོབ། ཟས་ངན་ཤ་ཆང་། ཏིལ། རྒྱ་སྲན། སྐྱུ་རུ་ར་རྣམས་མི་བཟའ། འཁར་བའི་སྣོད་དུ་མི་བཟའ། ཀུ་ཤའི་ཁྲེས་ལ་འདུག །སངས་རྒྱས་ཡིད་ལ་བྱེད་པས་བཟླ། ཧ་ཅང་བཟའ་བཏུང་མང་ཉུང་། འགྲོ་དང་ལྟད་མོ་ཉལ་བ་རྣམས་སྤང་། ས་ཡོན་བསྡམ། རྨི་ལམ་བཟང་པོ་གཞན་ལ་གསང་། སངས་རྒྱས་ཀྱི་མདུན་དུ་བརྗོད། ཧ་ཅང་མི་མྱུར་བར་ཡི་གེ་གཅིག་པ་བཟླ། མཐར་ཤེར་ཕྱིན་བཀླག་སངས་རྒྱས་དང་འཇམ་དཔལ་ལ་བལྟ་ཞིང་བཟླས་ནས་བགྲང་ཕྲེང་ལ་ཕྱག་བྱས་ཏེ་སངས་རྒྱས་ལ་དབུལ། མཐོ་དོ་ཙམ་འོག་ཏུ་འབྲས་བུ་བཞག་པའི་མཚན། གྱི་ལས་ཐམས་ཅད་པའི་ཐབ་ཏུ་འབྲས་ཐུག་ཆན། འོ་མ། ཞོ་དང་སྦྲང་རྩིས་སྦྱིན་སྲེག་བྱས་པས་འཇམ་དཔལ་དངོས་སུ་འབྱོན། དེ་སོགས་སྦྱིན་སྲེག་གི་ལས་མང་དུ་གསུངས། སྣ་མའི་སོགས་ཀྱི་མེ་ཏོག་དྲི་ཞིམ་ལ་སྔགས་བཟླས་ཏེ་སྐུའི་ཞལ་དུ་གཏོར། སྣ་མའི་མེ་ཏོག་


MR25_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འབུམ་བཟླས་ཏེ་སྐུའི་ཞབས་དྲུང་དུ་བཞག་ནས། དེར་ཀུ་ཤའི་ཁྲེས་ལ་ཉལ་ན་རྨི་ལམ་ཅི་འདོད་སྟོན། པདྨའི་སྐུད་པའི་སྙིང་པོ་བྱས་པའི་མར་མེ་སྟོང་སྦར་ཏེ་སྐུའི་མདུན་དུ་ཕུལ་ན་འཇམ་དཔལ་མཐོང་། གཞན་ཡང་མཆོད་པ་སྣ་ཚོགས་རྒྱ་ཆེ་ཕུལ་ཞིང་བཟླས། དེས་གྲུབ་པ་རྣམས་མངོན་དུ་འགྱུར་རོ། །དེ་ལྟར་བྱས་ནས་གཡུལ་ལས་རྒྱལ་བ་སོགས་ལས་ཅི་འདོད་ལ་དམིགས་ཏེ་བཟླ། ལས་ཚོགས་ནི་འཇམ་དཔལ་ལས་ཚོགས་དང་། དེ་བས་རྒྱུད་ན་ཤིན་ཏུ་མང་པོ་ཡོད་པ་གང་འདོད་བསྒྲུབ་བོ། །ཉེར་མཁོ། གུར་གུམ། གླ་རྩི། ལི་ཤིའི་མེ་ཏོག་ཁར་བཅུག་ནས་བཟླས་ན་གང་དང་ལྷན་ཅིག་གཏམ་བྱས་པ་དེ་དབང་དུ་འགྱུར། ན་ལེ་ཤམ་ལ་སྟོང་རྩ་བརྒྱད་མངོན་བསྔགས་ཁར་བཅུག་ན་ཁྲོས་པའང་ཚིག་གིས་དགའ་བར་འགྱུར། ཡིད་ལ་དྲན་ན་དགྲས་མཐོང་ཡང་མི་ཁྲོ། རྟག་ཏུ་བཟླས་ན་སྐྱེ་བོ་ཐམས་ཅད་དགའ། འཇིགས་པ་བྱུང་དུས་ཡིད་ལ་བྱས་ན་འཇིགས་པ་མེད་པར་འགྱུར། གཞན་ཁྲོས་པར་བྱམས་པ་བསྒོམ་ཞིང་སྔགས་དྲན་པས་དོར་གདོང་ལ་བལྟས་པས་ཁྲོས་པ་ཞི། དྲི་ཞིམ་པའི་མེ་ཏོག་གིས་སྦྱིན་སྲེག་བྱས་ན་གང་དམིགས་དེ་དབང་དུ་བྱེད། ཐོ་རངས་ལན་བདུན་བསྔགས་པའི་ཆུ་འཐུང་ན་ངེས་པར་མྱོང་འགྱུར་གྱི་ལས་ཟད་པར་བྱེད། ལན་བདུན་བསྔགས་པའི་ཆུས་གདོང་བཀྲུས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར། མེ་ཏོག་ལ་བདུན་བསྔགས་ནས་གཞན་ལ་


MR25_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་ན་དེ་དབང་དུ་འགྱུར། གུ་གུལ་དང་པྲ་རྩི་པོག་སོགས་སྦྱིན་སྲེག་གི་ལས་མང་དུ་ཡོད། དྲི་ཐམས་ཅད་པའི་གཟུགས་བརྙན་བྱས་ལ། མཚོན་རྣོན་སོ་གཅིག་པས་སྐྱེས་པའི་རྐང་གཡས་དང་། བུད་མེད་རྐང་གཡོན་ནས་བཅད་དེ་སྲེག་བླུགས་བྱས་ན་གང་འདོད་དེ་དབང་དུ་འགྱུར། གང་གི་གདོང་ལ་བལྟས་ནས་བཟླས་ན་དེ་ནད་དང་འབྲལ། སྐུད་པ་མདུད་ཅིང་བཟླས་ཏེ་གང་གི་གཙུག་ཏུ་བཅིངས་པས་ནད་ལས་གྲོལ་བར་བྱེད། ནད་ཀྱིས་བཏབ་པར་བཟླས་པ་ཙམ་གྱིས་གྲོལ། གོས་ལ་བཟླས་ནས་གྱོན་ན་སྐལ་བ་བཟང་པོར་འགྱུར། མགུལ་ནད་ལ་གྲོག་མཁར་གྱི་ས་ལ་བཟླས་པའི་ལྡེ་གུ་བྱུགས་ན་གྲོལ་སོགས་སོ། །རས་བལ་དོག་པ་སྲང་གཅིག་གམ་སྲང་ཕྱེད་ཉོས་ལ་ཆུར་གྲུ་གང་། ཞེང་དུ་ཁྲུ་ཕྱེད་ཙམ་གྱི་རས་ཁ་ཚར་བཅས་འཐག་བཅུག་གསུངས། རས་བྲིས་ལ་འོད་འབར་བ་སོགས་རྟགས་བྱུང་ན་གུར་གུམ་དང་ཙནྡན་གྱིས་བཏགས་པའི་ཙནྡན་དཀར་པོའི་མེ་ཏོག་གི་མཆོད་ཡོན་ཕུལ་ཏེ་མྱུར་བར་རས་བྲིས་ལ་ལན་གསུམ་བསྐོར་བ་བྱས་ཏེ་བཟུང་ན་དེ་མ་ཐག་གྲུབ་པ་འཐོབ་བོ་གསུངས། རས་བྲིས་ཐ་མ་ཞེང་བདེ་གཤེགས་མཐོ་གང་ཞེས་པ་ཡུལ་དབུས་ཀྱི་སྐྱེས་བུ་ཚད་ལྡན་གྱི་ཁྲུ་གཅིག་གོ་གསུངས། འདི་རྣམས་ཉེར་མཁོའི་ཟིན་བྲིས་མི་ཕམ་པས་སོ། ༈ །འཇམ་དཔལ་རྩ་རྒྱུད་ལས་གནོད་སྦྱིན་མོ་ཉེར་བརྒྱད་སྒྲུབ་པར་གསུངས་པའི་ནང་ཚན་གནོད་སྦྱིན་གཞོན་ནུ་མ་ནི་གྲོ་


MR25_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ག་ལ་གི་ཝཾ་གིས་གཞོན་ནུ་མ་སྐྲ་ཕྱེད་སྤྱི་བོར་བཅིངས་པ་རྒྱན་ཀུན་ལྡན་གོས་གཅིག་པ། གཡས་མ་དུ་ལུང་གའི་འབྲས་བུ། གཡོན་མྱ་ངན་མེད་པའི་ཤིང་འཛིན་པ་བྲིས་ནས་རང་གི་མགོའི་སྟེང་ཕྱོགས་སུ་བཞག་དགོན་པར་རང་གཅིག་པུར་ཉལ། ཙནྡན་དཀར་པོའི་ལྡེ་གུས་དཀྱིལ་འཁོར་བྱས་ཏེ། དུས་གསུམ་སྣ་མའི་མེ་ཏོག་གིས་གཅལ་བཀྲམ། གུ་གུལ་བདུག་སྟེ་རིག་པ་སྟོང་བརྒྱ་རྩ་བརྒྱད་བཟླས། དེ་ལྟར་ཟླ་བ་གཅིག་གི་བར་དུ་བྱ། རིག་པ་ནི། ཨོཾ་ཡཀྵ་ཀུ་མཱ་རི་ཀེ་སྭཱ་ཧཱ། དེ་ནས་ཉ་ལ། སྣ་མའི་མེ་ཏོག་གི་མཆོད་པ་ཆེན་པོ་བྱས། མར་གྱི་མར་མེ་དང་ལྷ་བཤོས་ཀྱང་ཕུལ། ཀུ་ཤའི་ཁྲེས་ལ་འདུག་ནས་ཇི་སྲིད་རྣམ་ཐོས་སྲས་ཀྱི་བུ་མོ་རང་གི་གཟུགས་ཀྱིས་འཁོར་གཞོན་ནུ་མ་ལྔ་བརྒྱ་དང་བཅས་པ་ནམ་མཁར་འདུག་ནས་འོད་འགྱེད་ཅིང་བདག་གིས་ཅི་བྱ་ཞེས་སྨྲས་པ་དང་། མའམ་སྲིང་མོའམ་ཆུང་མ་གང་འདོད་པའི་མཆོག་བསླང་བར་བྱའོ། །མར་གྱུར་ན་སླར་གཞན་དུ་འདོད་ཅིང་འགྱོད་པས་འཇིགས་པས་མཆོག་ཇི་ལྟར་སློང་བ་དེ་བཞིན་བསྒྲུབ་པར་བྱ། མ་དེ་ཡིས་ཟས་ནོར་སོགས་ཇི་འདོད་སྒྲུབ་པར་བྱེད། སྲིང་མོར་གྱུར་པས་དཔག་ཚད་བརྒྱ་ནས་བུད་མེད་འགུགས་པ་སོགས་ཇི་ལྟར་བསྒོ་བ་བཞིན་སྲིང་མོའི་ལས་ཐམས་ཅད་བསྒྲུབ། ཆུང་མར་གྱུར་ན་རང་གི་ཁྱིམ་དུ་ཁྱེར་ནས་ལོ་སྟོང་དུ་འཚོ། ཤི་ནས་རིགས་བཟང་པོར་སྐྱེ་ཞིང་མདོར་ན་ཆུང་


MR25_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ལས་ཐམས་ཅད་བྱེད་དོ། ༈ །ཆུང་མ་གནོད་སྦྱིན་མ་བསྒྲུབ་ན་དེའི་སྔགས། ཨོཾ་ནིཿ ཞེས་སོ། །དེ་ཡང་ཙནྡན་ལྡེ་གུས་ལག་གཡས་བྱུག །གུར་གུམ་ལྡེ་གུས་ལག་གཡོན་བྱུག །མཚན་མོ་རང་གཅིག་པུར་མི་སྨྲ་བར་དབེན་པར་སྒོ་བཅད་དེ། བ་རུ་རའི་འབྲས་བུ་ལྔའམ་བརྒྱད་ཏིལ་མར་ནང་དུ་བཙོས་ཏེ་བླངས་ནས་དེ་ལ་སྔགས་བཟླ་སྟེ། གསེར་རམ་དངུལ་ལམ་ཟངས་སམ་ས་ལས་བྱས་པའི་སྣོད་གསར་པར་བཅུག་ནས་རང་ཉལ་བའི་རྐང་པའི་མཐར་བཞག་སྔགས་ཡི་གེ་གཅིག་པ་སྟོང་གིས་བསྔགས། གནས་དབེན་པར་མེ་ཏོག་བཀྲམ་པར་ཉལ་བས། གང་གི་ཚེ་མི་མ་ཡིན་པ་འོང་ནས་རྐང་པ་གཉིས་ལ་ལྷའི་བདེ་བའི་རེག་བྱ་འཇམ་པའི་ལག་མཐིལ་གྱིས་རེག་པ་ཙམ་གྱིས་གཉིད་ལོག་པར་གྱུར་ནས་ནངས་པར་སད་དཀའ་བ་ཙམ་འབྱུང་ངོ་། །སད་ནས་ཀྱང་དེ་སེམས་པ་འབྱུང་ཡང་དེ་དང་ཆགས་པ་མི་སྤྱད། གཏམ་མ་སྨྲས་ན་ཟླ་བ་དྲུག་གི་མཐར་ལྷའི་བུ་མོ་བག་མ་གསར་པའི་གཟུགས་ཀྱིས་འཁོར་དང་བཅས་པ་མར་མེ་ཐོགས་ནས་འོང་སྟེ། རང་གི་མགུལ་ནས་འཁྱུད་ཅིང་ཆུང་མ་སྡུག་གུ་བཞིན་དུ་འགྱུར་ལ་དེ་ནས་འདོད་པ་བསྟེན་པར་བྱའོ། །མཚན་མོ་འདས་ནས་དེ་མི་སྣང་བར་འགྱུར། གསེར་སྲང་སྟོང་ཕྲག་རི་བའི་མུ་ཏིག་གི་ཕྲེང་བ་རེ་ཡོངས་སུ་བཞག་ནས་འགྲོའོ། །དེ་ལྷག་མ་མེད་པར་དེ་ཉིད་དུ་ལོངས་སྤྱད་དེ་ཟད་པར་བྱ། ཅུང་ཟད་


MR25_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་ན་ཡོད་པར་མི་འགྱུར་རོ། །འདི་གྲུབ་པ་སུ་ལའང་བརྗོད་མི་རུང་སྟེ་བརྗོད་ན་སླར་མི་འོང་ཞིང་། ཡང་ན་འཆི་བའི་བར་དུ་ཕུང་ཀྲོལ་བྱེད་པར་འགྱུར་རོ། །འདི་མཆོག་ཏུ་གསང་སྟེ་སེམས་ཅན་གཉིས་པ་ལ་བརྗོད་པ་མ་ཡིན་ཏེ། ཐ་ན་ཕ་མའམ་གཉེན་བཤེས་དང་བདག་པོ་ལའང་མིན་ཅིང་དུད་འགྲོའི་དྲུང་དུའང་བརྗོད་པར་མི་བྱའོ། །གསང་བ་པ་དང་གནོད་སྦྱིན་གྱི་བུ་མོ་ཐམས་ཅད་ཀྱི་མཆོག་འདི་ཡིན་ནོ། །གཞན་ལ་བརྗོད་ན་གྲུབ་ཟིན་པའང་སླར་མི་འགྲུབ་བོ། །དེ་བཞིན་དུ་བུད་མེད་གཞན་སྔར་རང་གི་ཆུང་མ་ལ་ཡང་བསྒྲོད་པ་སྤང་བར་བྱའོ། །ཞེས་གསུངས། ཕ་རོལ་བྱད་མ་གང་གིས་གཤིན་རྗེ་གཤེད་ཀྱི་སྔགས་ཀྱི་མཐུས་ལུས་དང་ཡོ་བྱད་མ་རུངས་པར་བྱས་པ་སླར་གསོན། ཤིང་མངར་དང་། ཨུཏྤལ་སྔོན་པོ་དང་ཙནྡན་དཀར་པོ་ཞིབ་བཏགས་ཆུ་གྲང་ལ་སྦྱར་ནས། སྤྱི་བོ་ནས་རྐང་མཐིལ་བར་བྱུགས་ཤིང་འཇམ་དཔལ་གྱི་རྩ་བའི་སྔགས་བཟླས་ན་སོས་པར་འགྱུར་རོ། །འོ་མའི་ཟས་བཟའ་ཞིང་རས་བྲིས་ཀྱི་མདུན་དུ་འོ་མའི་སྲེག་བླུགས་བྱས་ན་འཚོ་བར་འགྱུར་རོ། །ཞེས་གསུངས། ན་མཿསརྦ་བུདྡྷཱ་ནཱ། ཨོཾ་ར་ར་སྨ་ར་སྨ་ར་ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཀུ་མཱ་ར་རཱུ་པ་དྷཱ་རི་ཎི་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། འདི་འཇམ་དཔལ་གྱི་རྩ་བའི་སྔགས་སོ། །ཨོཾ་ཝཱ་ཀྱེ་དཾ་ན་མཿ སྙིང་པོའི་སྔགས་སོ། །ཝཱ་ཀྱེ་ཧཱུྃ། ཉེ་བའི་སྙིང་པོའོ། །སྙིང་པོ་མཆོག་ཏུ་གྱུར་པ། མཾ། ཞེས་སོ། །དེ་


MR25_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དཔའ་ཆེན་ཡིག་བརྒྱད་དོ། །ཨོཾ་ཨཱཿཧཱུྃ། འདི་ནི་གཤིན་རྗེ་གཤེད་ཀྱི་སྙིང་པོ་ལས་ཀུན་བྱེད་པའོ། །དེའི་རྩ་སྔགས་རིང་པོའང་ཡོད་དོ། །འདི་རྣམས་འཇམ་དཔལ་རྩ་བའི་རྟོགས་པ་ལས་གསུངས་པའོ། །དྷཱིས་བྲིས་མངྒ་ལཾ། ༈ །སྒེག་རྡོར་སྔགས་དོན་རབ་འབྱེད་ལས། ཚིག་དབང་བཀྲ་ཤིས་པའི་སྒྲུབ་པར་བྱང་ནས་ལྷོར་དལ་ཁྲུ་དོ་བའི་ཚད་ཙམ་ལྔ་པོ་ཀུན་ཀྱང་གཞི་གྲུ་བཞི་བྱས་པའི་དབུས་ཁ་ཁྱེར་ཟླུམ་སྐོར་ནང་ཆུ་གཙང་བཀང་བར་མེ་ཏོག་བཀྲམ། དཀྱིལ་འཁོར་དང་པོར་སངས་རྒྱས་ཀྱི་ཕྱག་རྒྱ། ཨེ་གྲུ་གསུམ་དཀར་པོ་ཞིག་རྡུལ་ཚོན་དང་མེ་ཏོག་གིས་བྲིས་ཏེ་དེ་སྟེང་རྣམ་སྣང་སོགས་སངས་རྒྱས་ཀྱི་སྐུ་ལུགས་མའམ། རི་མོའམ་ཡང་ན་མེ་ཏོག་ལ་སྔགས་ཏེ་བཞུགས་སུ་གསོལ། གཉིས་པར་བྱང་སེམས་ཀྱི་ཕྱག་རྒྱ་རིན་པོ་ཆེའི་སྟེང་དུ་འཇམ་དཔལ་སོགས་བྱང་ཆུབ་སེམས་དཔའ་དང་། ཀཽཎྚ་ནྱའི་ན་སོགས་ཉན་ཐོས་དགེ་འདུན། གསུམ་པར་ཆོས་འཁོར་ཕྱག་རྒྱར། ཡེ་དྷརྨཱ་སོགས་ཆོས། བཞི་པར་རྡོ་རྗེ་སེམས་དཔའ། ལྔ་པར་ཚིག་དབང་བཀྲ་ཤིས་དཀར་མོར་བསམ། དེ་ལ་རེ་རེར་མཆོད་ཡོན་དང་མེ་ཏོག་སོགས་མཆོད་པ་ལྔ་གཏོར་མ་བཅས་བཞག་སྔགས་པ་ཁྲུས་བྱས་སྨྱུང་གནས་གོས་དཀར་བཅས་ནུབ་ཏུ་ཀུ་ཤའི་ཁྲེས་ལ་ཁ་ཤར་དུ་བལྟས་ཏེ་འདུག ། མེ་ལོང་བཟང་པོ་ཕྱིས་ཏེ་དལ་ལྔ་པའི་སྟེང་དུ་


MR25_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་རང་ལྷར་གསལ། མཆོད་པ་བྱིན་གྱིས་བརླབས་ནས་ལྷ་དེ་རྣམས་སྤྱན་དྲངས་ལ་སོ་སོར་ཕུལ། ལག་གཡོན་མེ་ལོང་བཟུང་། ཚིག་དབང་བཀྲ་ཤིས་མས་བདག་ལ་དགོངས་ཤིང་ལེགས་ཉེས་ཉེ་བར་སྟོན་པར་བསམས་ལ་སྔགས་ཅི་ནུས་བཟླ། དེ་ལྟར་མཆོད་པ་གསར་པ་རེ་བཤམས་ཏེ་ཞག་བདུན་ནམ། སྔགས་འབུམ་ཕྲག་གཅིག་བཟླས་ནས་པྲ་དབབ་དུས་མཆོད་པ་སྔར་བཞིན་བཤམས་ལ་ཕུལ་ཞིང་། བྱིས་པ་ཕོ་མོ་གྲོང་ཆོས་ཀྱིས་མ་གོས་པས་སྐྱོན་མེད་རིགས་བཟང་གཅིག་གམ་གཉིས་སམ་གསུམ་ལ་དཀར་མངར་སོགས་ཟས་གཙང་བྱིན། ཁྲུས་བྱས་གོས་གཙང་བགོས། དལ་ལྔ་པའི་ཤར་དུ་ཁ་ནུབ་ཏུ་བལྟས་ཏེ་ཀུ་ཤའི་ཁྲེས་ལ་བཀོད་ནས་མི་སྨྲ་བར་འདུག །བདག་ནུབ་ཏུ་འདུག་ཅིང་རྡོ་རྗེ་བསྡམས་པས་སེ་གོལ་བཅས་འཕགས་པ་རྣམས་བསྐུལ། བཟླས་པ་བརྒྱ་རྩ་བརྒྱད་དམ་སྟོང་རྩ་བརྒྱད་བཟླས་ཏེ་བྱིས་པ་ལ་མེ་ལོང་བསྟན་པས་དེའི་ཚེ་སངས་རྒྱས་བྱང་སེམས་དང་ནོར་བུ་རིན་པོ་ཆེའམ། བགྲང་ཕྲེང་ལྟ་བུ་སོགས་བཀྲ་ཤིས་པའི་མཚན་མ་མཐོང་ན་བསམ་པའི་དངོས་གྲུབ་ཏུ་འགྱུར། སྦྲུལ་དང་སྡིག་པ་དམྱལ་བ་ཡི་དྭགས་སོགས་མཐོང་ན་དངོས་གྲུབ་མི་ཐོབ་པས་སླར་བསྙེན་པར་འབད། ནད་པ་འཚོ་འཆི་སོགས་ཡིད་ལ་བསམ་པ་ཐམས་ཅད་སྟོན། ཟླ་བ་དྲུག་གི་ནང་དུ་འཆི་བ་དེ་ལ་མགོ་མེད་པར་སྣང་ངོ་། །སྐྱེ་བ་སྔ་ཕྱི། རྐུན་མོ་སུ་ཡིན། གདོན་གང་


MR25_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སོགས་དོན་ཐམས་ཅད་གསལ། མེ་ལོང་དུ་མ་ཟད། ཐིག་ལེ་བཟང་པོ། རལ་གྲི། ཆུ་གཙང་མ། མཐེ་བོང་གཡོན་པ་བཀྲུས་ཏེ་རྒྱ་སྐེག་བྱུགས་པ་དང་། ཤེལ་གོང་སོགས་གཟུགས་བརྙན་སྣང་བ་ཐམས་ཅད་ལ་ཡང་གསལ་སྟོན་འཆར་རོ་ཞེས་གསུངས། འདིའི་སྔགས་འཇམ་དཔལ་ཀུན་འབྱུང་ནོར་བུའི་ལས་ཚོགས་སུ་ཡོད་དོ། །དྷཱིས་བྲིས་དགེའོ། །མངྒ་ལཾ། ༈ །ཡན་ལག་མེད་པའི་རྡོ་རྗེ་ཞེས། །དབང་གི་འཇམ་དཔལ་སྒྲུབ་པའི་ཐབས། །སྡིག་བཤགས་ལ་སོགས་སྔོན་དུ་བཏང་། །སྭ་བྷཱ་ཝ་ཡིས་སྟོང་པར་སྦྱང་། །སྟོང་པའི་ངང་ལས་ཧཾ་ཡིག་ལས། །མདའ་གཞུ་འཆང་བཟུང་ཧཾ་མཚན་པ། །ཡོངས་གྱུར་འཇམ་དཔལ་གསེར་གྱི་མདོག །ཕྱག་དྲུག་རྩ་བའི་ཕྱག་གཉིས་ཀྱིས། །མེ་ཏོག་གཞུ་དང་ཨུཏྤལ། །དམར་པོའི་མདེའུ་རྣ་ལྟག་བཀང་། །གཡས་གཉིས་རལ་གྲི་མེ་ལོང་དང་། །གཡོན་གཉིས་ཨུཏྤལ་སྔོན་པོ་དང་། །མྱ་ངན་མེད་ཤིང་དམར་པོ་ནི། །ཡལ་ག་མེ་ཏོག་བཅས་པ་རྣམས། །དར་དང་རིན་ཆེན་མེ་ཏོག་བརྒྱན། །བཅུ་དྲུག་ལང་ཚོ་ཆེར་སྒེག་པ། །མི་བསྐྱོད་པ་ཡི་ཅོད་པན་ཅན། །གཡས་བསྐུམ་གཡོན་བརྐྱང་ཞབས་ཀྱིས་ནི། །པདྨ་ཟླ་བའི་གདན་ལ་བཞུགས། །ཡང་ན། ཕྱག་བཞི་མདའ་གཞུ་འགེངས་པ་དང་། །མེ་ལོང་མྱ་ངན་མེད་ཤིང་བསྣམས། །ཞེས་བྱས་ཀྱང་ཆོག །གནས་གསུམ་ཡི་གེའི་


MR25_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་གྱིས། །ཡེ་ཤེས་སྤྱན་དྲངས་རང་ལ་ཐིམ། །ཐུགས་ཀར་ཟླ་བ་ས་བོན་ལ། །སྔགས་ཀྱི་ཕྲེང་བས་བསྐོར་བར་དམིགས། །ཨོཾ་མཉྫུ་གྷོ་ཥ་ཧྲཱིཿཛཿ འབུམ་ཕྲག་གཅིག་ཏུ་བཟླས་གྱུར་ན། །འཇིག་རྟེན་གསུམ་པོ་དབང་དུ་བྱེད། །དེ་ནས་གང་ཞིག་དགུག་འདོད་ན། །རང་སྙིང་པདྨ་དམར་སེར་ནི། །འདབ་མ་བཅུ་དྲུག་འཕྱང་བ་ཡི། །སྡོང་བུ་རྩ་བ་བཅས་པ་བསམ། །དེ་ཡི་སྡོང་བུའི་དབུས་སུ་ནི། །ཧཱུྃ་ཡིག་དམརཔོ་དགུ་དང་ནི། །འདབ་མར་གཡས་བསྐོར་དབྱངས་བཅུ་དྲུག །ཁ་དོག་དམར་པོ་དག་ཏུ་བསྒོམ། །དེ་ཡི་ཟེའུ་འབྲུའི་སྟེང་དུ་ནི། །ནུབ་མོ་ཟླ་བ་དཀར་པོ་དང་། །ཉིན་མོར་ཉི་མ་དམར་པོའི་དབུས། །ཧྲཱིཿཡིག་དམར་པོ་་གཉིས་ཀྱི་བར། །འོག་བཤད་རང་སྔགས་དམར་པོར་བསམ། །སྔགས་ཀྱི་འོད་དམར་ཕྱོགས་བཅུ་བཀང་། །འདོད་པའི་བུད་མེད་གན་དུ་སོང་། །མེ་དང་རླུང་གི་དལ་སྟེང་བཞག །འོད་ཀྱི་ཞགས་པས་སྐེ་ནས་བཅིངས། །ལྕགས་ཀྱུ་རྣོན་པོས་བྷ་ག་ཕུག །མདུན་དུ་བཀུག་ནས་ཐལ་སྦྱར་འཁོད། །མགལ་མེ་འཁོར་བའི་ནང་དུ་བཅུག །ཧཱུྃ་ཡིག་དམར་པོས་མིག་དང་སྙིང་། །ཡན་ལག་ཉིང་ལག་ཀུན་བཀང་བསམ། །དེ་ཡི་སྙིང་གར་པདྨ་ནི། །འདབ་སྡོང་ཧཱུྃ་དང་དབྱངས་བཅས་པ། །རང་གི་དེ་ཉིད་ཇི་ལྟ་ལ། །འོན་ཀྱང་དྲི་མར་བཅས་པར་བསམ། །དབུས་སུ་ཧྲཱིཿ བར་མིང་ཡིག་དམིགས། །རང་གི་སྙིང་གའི་དབྱངས་ཡིག་ལས་


MR25_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི། །བུང་བ་རབ་ཏུ་དགའ་བའི་རྣམ་ཅན་རྣམས། །རང་སྔགས་འོད་དམར་ལྕགས་ཀྱུ་ཕྲ་རྣོན་དང་། །སྡོང་བུའི་ཧཱུྃ་གི་འོད་ཀྱིས་སྟེང་དུ་བསྐུལ། །རང་གི་འབྱིན་པའི་རླུང་དང་ལྷན་ཅིག་ཏུ། །སྦྲང་བུའི་ཚོགས་རྣམས་སྣ་བུག་གཡོན་ནས་འཐོན། །བསྒྲུབ་བྱའི་སྣ་བུག་གཡས་ནས་སྙིང་གར་ཞུགས། །འོད་ཟེར་ལྕགས་ཀྱུས་དེ་མིང་ཡི་གེ་བཀུག །སྦྲང་བུ་རྣམས་ཀྱིས་དགའ་ཞིང་རྔམ་ཚུལ་དུ། །ཕ་རོལ་དབྱངས་ཡིག་སྦྲང་རྩི་རབ་གཞིབ་ཅིང་། །འདབ་མ་དུམ་བུར་བྱེད་ཅིང་ཟ་བར་བྱས། །ཡུན་རིང་ཡེང་བ་མེད་པར་དེ་དམིགས་ལ། །འཇུག་པའི་རླུང་དང་ལྷན་ཅིག་ལྕགས་ཀྱུ་དང་། །སྦྲང་བུ་རྣམས་བཅས་དེ་ཡི་སྣ་གཡོན་ནས། །འཐོན་པ་རང་གི་སྣ་བུག་གཡས་ནས་ཞུགས། །དེ་མིང་རང་གི་སྙིང་གའི་སྔགས་ཀྱིས་ནི། །ཞབས་སུ་དྲག་པོར་མནན་བྱས་དབྱངས་ཡིག་རྣམས། །འདབ་མ་སོ་སོར་བུང་བས་དབང་བྱས་བསམ། །ཚུལ་དེས་རང་གཞན་སེམས་ནི་གཅིག་བྱས་ཏེ། །དེ་ཡི་ནུ་མ་ཨུཏྤལ་དམར་པོ་ཡི། །མདེའུ་རྣོན་ལྡན་པའི་མདའ་ཡིས་ཕུག་བྱས་པས། །འདོད་ཆགས་ཆེན་པོས་བརྒྱལ་བར་གྱུར་དམིགས་ཤིང་། །ལྕགས་སྒྲོག་ལྟ་བུའི་གཞུ་ཡིས་རྐང་པ་གཉིས། །དམ་དུ་བཅིངས་བྱས་སླར་ཡང་ཕྱག་སོར་གྱི། །ཨུཏྤལ་སྡོང་བུའི་རང་བཞིན་ཞགས་པ་ཡིས། །སྐེ་ནས་བཅིངས་བཀུག་རང་གི་རྐང་དྲུང་ལྷུང་། །དེ་ཡི་སྙིང་


MR25_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

གར་མྱ་ངན་མེད་ཤིང་གིས། །བྲབས་པས་ང་རྒྱལ་ཁེངས་པ་མེད་བྱས་ཏེ། །རལ་གྲིས་བསྡིགས་པས་འཇིགས་ཤིང་སྐྱབས་མེད་པར། །སྐྲ་གྲོལ་ཤིན་ཏུ་ཆགས་མྱོས་གཅེར་བུའི་ཚུལ། །དེ་ལ་མེ་ལོང་བསྟན་པས་རང་རིག་ལ། །མི་ཕྱེད་དགའ་བས་རྗེས་སུ་ཆགས་པར་བྱ། །ཨོཾ་ཧྲཱིཿཨ་མུ་ཀིཾ་ཨཱ་ཀརྵ་ཡ་མཉྫུ་གྷོ་ཥ་ཧྲཱིཿཛཿཞེས་པའི་མིང་སྤེལ་དང་བཅས་གསང་སྔགས་འདི། །རྩེ་གཅིག་གྱུར་པའི་ཡིད་ཀྱིས་བཟླ་བར་བྱ། །འབྱིན་འཇུག་དང་སྦྲགས་དམིགས་པ་ཡང་ཡང་བསྐྱར། །དེ་ལྟར་དཀར་ཕྱོགས་ཚེས་གཅིག་ནས་བརྩམས་ཏེ། །ཚེས་བཅུའི་བར་དུ་ཁྲི་ཕྲག་གཅིག་ཙམ་བཟླ། །དེ་ནས་བཅོ་ལྔར་མཆོད་པ་རྒྱ་ཆེར་བྱས། །མཚན་མོ་ཐོག་ཐག་བཟླས་པས་ཐོ་རངས་ན། །བསྒྲུབ་བྱ་དེ་ཉིད་དངོས་སུ་འོང་བར་འགྱུར། །འོང་ནས་དེ་ལ་ཕྱག་རྒྱ་ཆེན་པོ་ཡི། །དངོས་གྲུབ་དོན་དུ་རང་གི་ལྷ་མཆོད་པའི། །བསམ་པས་ཇི་ལྟར་བདེ་བར་ལོངས་སྤྱད་བྱ། །རྒྱ་གར་པཎ་གྲུབ་རྣམས་ཀྱི་གཞུང་བཞིན་དུ། །ཤིང་གླང་གྲོ་བཞིན་ཟླ་བའི་ཡར་ཚེས་བརྒྱད། །དགེ་བའི་དུས་སུ་དཔལ་སེང་གཙུག་ལག་སྟེང་། །འཇམ་དཔལ་དགྱེས་པས་བཀོད་པ་དགེ་ལེགས་འཕེལ། །༄༅། །བཅིངས་གྲོལ་གྱི་གདམས་པ་ནམ་མཁའ་དྲི་མེད་བཞུགས། ན་མོ་མཉྫུ་ཤྲཱི་བཛྲ་ཏཱིཀྵྞཱ་ཡ། འདིར་ཏིང་ངེ་འཛིན་གྱི་སྒོ་ནས་བྱད་གཏད་སོགས་སྒོ་གསུམ་བཅིངས་པ་མཐའ་དག་བཀྲོལ་བར་འདོད་


MR25_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

པས། སྐྱབས་སེམས་ཚད་མེད་བསྒོམ་པ་སྔོན་དུ་བཏང་ནས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་དུ་རིན་པོ་ཆེ་སྣ་ཚོགས་ཀྱི་རི་བོ་ལྷུན་ཆགས་ཤིང་ལྟ་ན་སྡུག་པའི་རྩེ་མོར་པདྨ་དཀར་པོ་འདབ་མ་སྟོང་ལྡན་གྱི་གེ་སར་ལ་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་གདན་གྱི་སྟེང་དུ་ས་བོན་མཾཿདམར་སེར་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཏེ་ས་བོན་མཾཿལ་ཐིམ་པ་འོད་དུ་ཞུ་བ་ཡོངས་སུ་གྱུར་པ་ལས། སྐད་ཅིག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་གཅིག་པུ་འཇམ་དཔལ་མཆོག་སྦྱིན་རྡོ་རྗེ་སྐུ་མདོག་དམར་སེར་གུར་གུམ་གཞོན་ནུའི་མདངས་ཅན་ཉི་མ་བྱེ་བའི་གཟི་བརྗིད་འབར་བ། ཞལ་གཅིག་ཕྱག་གཉིས་པ་གཞོན་ནུའི་གཟུགས་ཅན་མཚན་དང་དཔེ་བྱད་ཀྱིས་མཛེས་པ། རལ་པའི་ཟུར་ཕུད་ལྔ་དང་ལྡན་ཞིང་ལྷག་མ་ཐུར་དུ་འཕྱངས་པ། ཐོར་ཚུགས་ཀྱི་རྩེ་མོར་རིན་པོ་ཆེའི་ཏོག་དང་སྙན་གོང་ཨུཏྤལ་གཞོན་ནུས་བརྒྱན་པ། དར་རས་ཀྱི་སྨད་གཡོགས་དང་དར་གྱི་བླ་གོས་སོགས་དར་དང་རིན་པོ་ཆེའི་རྒྱན་ཆས་ཐམས་ཅད་ཀྱིས་སྤྲས་པ་མཆོག་ཏུ་མཛེས་ཤིང་འཛུམ་པའི་ཞལ་ཅན། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་དབུ་ལ་འབེབས་པ། ཕྱག་གཡས་མཆོག་སྦྱིན་གྱི། ཕྱག་རྒྱ་པུས་མོའི་སྟེང་དུ་བརྐྱངས་ཤིང་། གཡོན་པའི་མཐེབ་སྲིན་


MR25_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཨུཏྤ་ལ་སྔོན་པོའི་ཡུ་བ་ཐུགས་ཀར་བཟུང་བའི་འདབ་མ་སྙན་གྱི་ཐད་དུ་ཁ་ཕྱེ་བའི་སྟེང་ན་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཆེན་པོའི་རྡོ་རྗེ་འོད་འབར་བས་མཚན་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་། རང་གི་སྐུ་ལས་བྱུང་བའི་འོད་ཟེར་གྱི་དྲ་བ་དང་ཡེ་ཤེས་ཀྱི་མེ་ལྕེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ། དྲན་པ་ཙམ་གྱིས་གང་འདོད་པའི་མཆོག་རྣམས་ཡིད་བཞིན་དུ་སྩོལ་བར་མཛད་པའི་བདག་ཉིད་ཅན་དུ་གསལ་བའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པ་ལས་འོད་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་བསྡུས་ནས་ཡི་གེ་གསུམ་ལ་ཐིམ་པས་རྡོ་རྗེའི་སྐུ་གསུང་ཐུགས་ཀྱི་བདག་ཉིད་དུ་བྱིན་གྱིས་བརླབ། ཡང་གནས་གསུམ་གྱི་ས་བོན་དང་ཐུགས་སྲོག་མཾཿལས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་འཇམ་དཔལ་དམ་པ་སྦྱིན་པའི་རྡོ་རྗེའི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿཞེས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿཞེས་བརྗོད་པས། དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་རིགས་ལྔ་འཁོར་དང་བཅས་པའི་རྣམ་པར་སྤྱན་དྲངས། དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་དབང་བསྐུར་བས་སྐུ་གང་། དྲི་མ་དགཆུའི་ལྷག་མ་ཡར་ལུད་པས་


MR25_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རིགས་ཀྱི་བདག་པོ་རྡོ་རྗེ་མི་བསྐྱོད་པ་གཙོ་བོར་གྱུར་པས་རིགས་ལྔས་དབུ་ལ་བརྒྱན་ཅིང་དབང་གི་ལྷ་རྣམས་ཀྱང་དེ་ལ་ཐིམ་པར་གྱུར། མདུན་གྱི་ལྷའི་ཐུགས་ཀར་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བ་དྲི་མ་མེད་པའི་དཀྱིལ་འཁོར་གྱི་དབུས་སུ་ཐུགས་སྲོག་མཾཿ དམར་སེར་ལ་སྔགས་ཀྱི་ཕྲེང་བ་གཡས་བསྐོར་དུ་འཁོད་པ་ལས་འོད་ཟེར་དཔག་ཏུ་མེད་པ་མཁའ་ཁྱབ་ཏུ་འཕྲོས། འཕགས་པ་ཐམས་ཅད་ལ་ཐུགས་མཉེས་པའི་མཆོད་པ་འབུལ། ཐུགས་དམ་གྱི་རྒྱུད་བསྐུལ། སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་མཐའ་དག་སྦྱངས་ནས་འཇམ་དཔལ་རྡོ་རྗེའི་གོ་འཕང་ལ་བཀོད། འོད་ཟེར་ཚུར་འདུས་ཏེ་ས་བོན་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པས་དངོས་གྲུབ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་བསམས་ལ། ཨོཾ་མཉྫུ་ཤྲཱི་བ་ར་ད་བཛྲ་མཾཿསྭཱ་ཧཱ། ཞེས་པའི་གསང་སྔགས་ཡི་གེ་བཅུ་གཉིས་པ་བཟླས་པའི་སྐྱོན་སྤངས་ཏེ་དམིགས་པ་མ་ཡེངས་པས་ཅི་ནུས་བཟླ་བར་བྱའོ། །ཐུན་མཐར་མཆོད་པ་ཅི་འབྱོར་པ་བཤམས་ལ་བྱིན་གྱིས་བརླབས་ཏེ་ཚིག་སྣ་ཚོགས་ཀྱིས་འབུལ་བའམ། བསྡུ་ན། དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ། །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེན་ཡོངས་བཀོད་དེ། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །ཨོཾ་ཨ་ནུཏྟཱ་ར་སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་


MR25_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཁཾ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པས་མཆོད། སྤྲོ་ན་མཎྜལ་ཕུལ་ནས། ཕྱག་འཚལ་མཆོག་སྦྱིན་རྡོ་རྗེ་མཆོག །འཇམ་པའི་དབྱངས་ནི་སྟོབས་པོ་ཆེ། །དཔའ་བོ་ཆེན་པོ་ཆེར་གྲགས་པ། །མ་དུལ་རྟག་ཏུ་འདུལ་མཛད་ལའོ། །ཞེས་སོགས་ཀྱིས་བསྟོད་ནས། རང་གི་ཡིད་ལ་གང་འདོད་པའི་མཆོག་མྱུར་དུ་སྩོལ་བའི་གསོལ་བ་བཏབ་ན་ཇི་ལྟར་འདོད་པའི་དམ་པ་ངེས་པར་སྩོལ་ཞིང་། དྲན་པ་ཙམ་གྱིས་བདུད་དང་བར་ཆད་ལས་རྣམ་པར་རྒྱལ་བའི་མཐུ་ཐོབ་ཅིང་མཐར་གྱིས་བླ་མེད་བྱང་ཆུབ་ཏུ་ངེས་པར་འགྱུར་རོ། །འདིར་བཅིངས་གྲོལ་གྱི་ཆེད་ཡིན་ན་འདོད་གསོལ་ནི། ཧོཿ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །འཇམ་དཔལ་མཆོག་སྦྱིན་རྡོ་རྗེ་ལ། །མཁྱེན་བརྩེ་ནུས་པ་མཆོག་མངའ་བས། །སྔོན་གྱི་ཐུགས་དམ་ཆེན་པོ་བཞིན། །བདག་དང་དམིགས་བྱ་འདི་རྣམས་ཀྱི། །མ་རིག་རྣམ་རྟོག་ལས་ཉོན་ལས། །བྱུང་བ་ནད་གདོན་ཉེར་འཚེའི་རིགས། །མི་དང་མི་མིན་འབྱུང་པོ་ཡིས། །བྱད་དུ་བཅུག་དང་བཅིངས་པ་དང་། །ཕྱི་ནང་གསང་བའི་གེགས་རྐྱེན་གྱིས། །བཅིངས་དང་མནན་དང་མི་གཙང་གྲིབ། །བྱུར་དང་སྐལ་བ་ངན་པའི་སྐྱོན། །སྒྲིབ་གཉིས་བག་ཆགས་བཅས་པ་རྣམས། །རང་བཞིན་རྣམ་དག་ཆོས་ཀྱི་དབྱིངས། །བཅིངས་གྲོལ་མེད་པའི་ངང་ཉིད་དུ། །ད་ལྟ་ཉིད་དུ་འགྲོལ་བར་མཛོད། །ཕྱིན་ཆད་བྱང་ཆུབ་སྙིང་པོའི་བར། །ལྷ་མཆོག་ཁྱེད་ཀྱིས་བྱིན་བརླབས་ནས། །མི་མཐུན་ཕྱོགས་


MR25_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གང་གིས་ཀྱང་། །འཇིགས་མེད་རྡོ་རྗེའི་སྟོབས་ཐོབ་མཛོད། །ཅེས་སྙིང་ནས་གསོལ་བ་བཏབ་ལ། མདུན་གྱི་ལྷའི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་དཀར་པོ་དྭངས་ཤིང་ཐོགས་པ་མེད་པ་བདུད་རྩིའི་རང་བཞིན་ཅན་དཔག་ཏུ་མེད་པ་དབྱུང་སྟེ་བདག་དང་དམིགས་བྱའི་ལུས་ལ་ཐིམ་པས་ཚེ་རབས་ཐོག་མེད་ཀྱི་སྒྲིབ་པ་དང་དམ་ཚིག་ཉམས་ཆག་གྲིབ་དང་མི་གཙང་བ་ནད་གདོན་བར་ཆད་བྱུར་དང་སྐལ་བ་ངན་པའི་སྐྱོན་ཐམས་ཅད་དང་། ཁྱད་པར་མི་དང་མི་མིན་གྱིས་བྱད་དུ་བཅུག་པ་དང་སྒོ་གསུམ་བཅིངས་ཤིང་མནན་པ་གང་མཆིས་པ་ཐམས་ཅད་ཉི་ཟླ་གཟའ་དང་བྲལ་བ་ལྟར་སྐད་ཅིག་གིས་གྲོལ་ཏེ། ལུས་ཤེལ་བུམ་ལྟར་དྭངས་པ་ཡེ་ཤེས་ཀྱི་བདུད་རྩིས་ལྟེམ་མེར་གང་བས་འཇམ་དཔལ་རྡོ་རྗེའི་བྱིན་རླབས་ཐམས་ཅད་རང་གི་རྒྱུད་ལ་ཞུགས་ནས་སླན་ཆད་གནོད་པ་གང་གིས་ཀྱང་མི་ཚུགས་པའི་རང་བཞིན་དུ་གྱུར་པར་བསམས་ལ། རྩ་སྔགས་དང་བཅིངས་གྲོལ་གྱི་སྔགས་ཟབ་མོ་སྦྲེལ་ཏེ་ཅི་ནུས་སུ་བཟླ་བར་བྱའོ། །ཨོཾ་མཉྫུ་ཤྲཱི་བ་ར་ད་བཛྲ་མཾ་སཱ་ཧཱ། ཨོཾ་ཏཱ་ར་ཎི་ཏཱ་ར་ཡ། མོ་ཙ་ནི་མོ་ཙ་ཡ། མོཀྵ་ནི་མོཀྵ་ཡ། ཛི་བཾ་བ་ར་དེ་སྭཱ་ཧཱ། ཞེས་རྟགས་མ་བྱུང་གི་བར་དུ་བཟླ་བར་བྱ་སྟེ། རྟགས་ནི་དངོས་སུ་ལུས་ཡང་ཞིང་རིག་པ་གསལ་བ། ཉམས་བདེ་ཞིང་དཔའ་བ་སོགས་དང་། རྨི་ལམ་དུ་བཅིངས་པ་གྲོལ་བ། ཉམ་ངའི་གནས་ལས་ཐར་བ། དགྲ་


MR25_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྒྱལ་བ། ཁྲུས་བྱས་པ། ནམ་ལངས་པ། ཉི་ཟླ་ཤར་བ། དར་ཕྱར་བ། དུང་འབུད་པ་སོགས་དགེ་ལྟས་སྣ་ཚོགས་འབྱུང་བར་འགྱུར་རོ། །དེ་ལྟར་བྱུང་ན་སྒོ་གསུམ་གྱི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་ནད་གདོན་བར་ཆད་བཀྲ་མི་ཤིས་པ་ཐམས་ཅད་ལས་ཐར་ཏེ་ཤིན་ཏུ་བདེ་ཞིང་དཔལ་དང་སྐལ་བ་བཟང་པོར་འགྱུར་ཞིང་བསམ་པ་འགྲུབ་པའི་ཡོན་ཏན་དཔག་ཏུ་མེད་པ་འཐོབ་པར་འགྱུར་རོ། །ཐུན་མཐར་མཆོད་བསྟོད་གསོལ་བ་བཏབ་ནས་ལྷ་རྟེན་དང་བཅས་པ་འོད་དུ་ཞུ་སྟེ་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབ་པར་བསམ་པའི་རྗེས་སུ་དར་གཅིག་མི་དམིགས་པའི་ངང་དུ་བཞག་ལ་དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པར་བྱའོ། །ཨོཾ་ཏཱ་ར་ཎི་སོགས་བཅིངས་གྲོལ་གྱི་སྔགས་འདི་འཇམ་དཔལ་དཔའ་བོ་གཅིག་གྲུབ་ཀྱི་རྒྱུད་ལས་གསུངས་པ་བཅིངས་གྲོལ་གྱི་གསང་སྔགས་ཐམས་ཅད་ཀྱི་རྒྱལ་པོ་སྟེ། འདི་ལན་བདུན་བཟླས་པའི་ཆུ་གཙང་སྙིམ་པ་བདུན་དུས་གསུམ་དུ་གཏོར་ན་བཅིངས་པ་ཐམས་ཅད་གྲོལ་བར་འགྱུར། གུར་གུམ་མམ་གི་ཝཾ་གིས་སྔགས་འདི་བྲིས་ནས་གང་གི་མགོ་ལ་བཏགས་ན་དེ་ཉིད་བཅིངས་པ་ཀུན་ལས་གྲོལ་ལོ། །སྐེའམ་དཔུང་པར་བཏགས་ན་འཇིགས་པ་ཐམས་ཅད་ལས་བསྲུང་བར་འགྱུར། ལན་བདུན་བསྔགས་པའི་ཆུ་འཐུང་ན་མངལ་འཁྱིམ་པ་སོགས་སེལ་བར་བྱེད། ལན་བདུན་བསྔགས་པའི་ཏིལ་མར་སྐྱེ་བའི་སྒོར་བསྐུས་ན་སྦྲུམ་མ་བདེ་


MR25_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

བར་བཙའ་བར་འགྱུར། རྟག་ཏུ་བཟླས་ན་བཅིངས་པའི་རིགས་ཐམས་ཅད་ལས་རབ་ཏུ་གྲོལ་བར་འགྱུར་རོ་ཞེས་གསུངས་སོ། །དེས་ན་བཅིངས་པའི་རིགས་མཐའ་དག་ལ་དམིགས་པ་ཁོ་ནས་བཟླས་པ་དང་། བུམ་པར་དྲི་བཟང་གི་ཆུ་བླུགས་པར་ལྷ་བསྐྱེད་དེ་སྐུ་ལས་བདུད་རྩིའི་རྒྱུན་བབས་པར་བསམ་ཞིང་བཟླས་པའི་ཆུ་འཐུང་ཞིང་ཁྲུས་བྱས་པ་དང་། བྱེ་མའམ་ས་གཙང་མ་དང་ཡུངས་ཀར་སོགས་ལ་བཟླས་ཏེ་བཙོན་བུ་དང་ནད་པ་སོགས་ལ་བྲབས་པ་དང་། བྱད་གཏད་ཡོད་པའི་གནས་སུ་གཏོར་བ་དང་། བསྲུང་བྱ་ལ་སྔགས་བྲིས་ཏེ་གདགས་པ་དང་། སྲུང་སྐུད་ལ་བསྔགས་ཤིང་བཏགས་པ་དང་། བདུག་པ་ལ་བསྔགས་ནས་བདུག་པ་དང་། ཀུ་ཤ་དང་རྨ་བྱའི་སྒྲོ་ལ་བཟླས་ཏེ་བྱབས་པ་སོགས་ཀྱི་སྒོ་ནས་ནད་གདོན་བར་ཆད་སྐལ་བ་ངན་པ་དང་བྱད་གཏད་སོགས་ཀྱིས་བཅིངས་པ་དགྲོལ་བའི་ལས་རབ་འབྱམས་སྦྱར་བར་བྱའོ། །བྱད་དང་གདོན་གྱིས་ཟིན་པ་ལ་བྱད་ཐག་བཅད་དེ་བྱབས་ཁྲུས་བགྱིས་པས་འཕྲལ་དུ་གྲོལ་བར་འགྱུར་རོ། །གང་གི་སྒོ་གསུམ་བཅིངས་པ་དེ་ལ་ཉི་མ་སྤྲིན་གྱིས་བསྒྲིབས་པ་ལྟར་རང་དབང་མེད་ཅིང་བདེ་བའི་གོ་སྐབས་མི་འབྱུང་བར་ཐབས་འདི་བྱས་ན་བཙོན་བུ་ལྕགས་སུ་ཚུད་པ་དང་། རྟ་ཕོ་སྒྲོག་ཏུ་ཚུད་པ་ལས་བཀྲོལ་བ་བཞིན་དུ་དེ་མ་ཐག་པར་བདེ་བའི་དཔལ་ཕུན་སུམ་ཚོགས་པ་འབྱུང་བར་འགྱུར་བའི་ཕྱིར་ཤིན་ཏུ་གལ་ཆེའོ། །གལ་ཏེ་རྒྱུན་


MR25_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཉམས་ལེན་དུ་བདག་ཉིད་མཆོག་སྦྱིན་རྡོ་རྗེའི་རྣལ་འབྱོར་བསྒོམ་པར་འདོད་ན། སྟོང་པའི་ངང་ལས་རིན་ཆེན་སྣ་ཚོགས་ཀྱི་རི་བོ་སོགས་དང་། རང་ཉིད་སྐད་ཅིག་གིས་དེ་བཞིན་གཤེགས་སོགས་དང་། རང་གི་ཐུགས་ཀར་པདྨ་དཀར་པོ་ཞེས་ཚིག་ཁ་བསྒྱུར་བ་མ་གཏོགས་གཞན་འདྲའོ། །ལྷག་པའི་ལྷ་འདི་ལ་བརྟེན་ནས་ཐེ་ཚོམ་མེད་པར་ལས་སྣ་ཚོགས་བསྒྲུབ་ན་སྔོན་གྱི་ལས་ཀྱི་དབང་གི་ལུས་ལ་སྐྱོན་ཆགས་པ་དང་། སེམས་ལས་སུ་མི་རུང་ཞིང་སྡུག་བསྔལ་ཆེ་བ་དང་། དོན་ཉམས་ཤིང་བྱུར་དང་སྐལ་བ་ངན་པ་གསོ་མི་རུང་བ་དག་ཀྱང་ངེས་པར་ཞི་ནས་སྐལ་བ་བཟང་པོ་ཚེ་འདི་ལ་མྱོང་བར་བྱེད་ན་འཕྲལ་རྐྱེན་ངན་པ་ཞི་བ་སྨོས་ཅི་དགོས་ཏེ་ཚུལ་བཞིན་བསྒྲུབས་ན་མི་འགྲུབ་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པས། ཇི་ལྟར་འདོད་པའི་དོན་ལ་གསོལ་བ་བཏབ་ཅིང་དམིགས་པ་མ་ཡེངས་པར་རྩ་སྔགས་བཟླས་པ་འགའ་ཞིག་གིས་གང་ལྟར་དམིགས་པའི་ལས་འགྲུབ་པར་གདོན་མི་ཟའོ། །དེའི་ཕྱིར་ཐབས་འདི་ཡིད་བཞིན་ནོར་བུ་ལྟ་བུར་གཅེས་སྤྲས་ཀྱིས་འཆང་བར་བྱ་བ་ཡིན་ཏེ་ལག་ཏུ་བླང་བས་ཡིད་ཆེས་པར་འགྱུར་རོ། །འདི་ནི་རང་ལ་དགོས་པ་ཁྱད་པར་ཅན་བྱུང་བའི་ཚེ་ལྷག་པའི་ལྷ་ལ་གསོལ་བ་བཏབ་ནས། རབ་ཚེས་ཤིང་འབྲུག་རྒྱལ་ཟླའི་ཡར་ཚེས་དགེ་བར་བཀྲ་ཤིས་ཆོས་གླིང་གི་རི་ཁྲོད་བདེ་མཆོག་ཕོ་བྲང་དུ་མི་ཕམ་འཇམ་དཔལ་རྡོ་རྗེས་སྦྱར་བ་དགེ་ལེགས་འཕེལ། ༈ །སྲི་ཀེག་བར་ཆད་


MR25_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲེན་གྱུར་ཀུན་ལས་གྲོལ། །འགག་སེལ་འཕྲང་སྒྲོལ་རྐྱེན་ངན་ཀུན་ལས་ཐར། །བཅིངས་མནན་གཏད་དང་ཕྱོགས་ངན་དུས་སྐྱོན་ཞི། །རྒུད་བྲལ་སྐལ་བཟང་འཇིགས་མེད་བདེ་ཆེན་ཐོབ། །ནམ་མཁའ་འདྲ་སྟེ་གང་གིས་འཆིངས་བ་མེད། །རྡོ་རྗེ་འདྲ་སྟེ་སུས་ཀྱང་ཚུགས་མི་འགྱུར། །ནོར་བུ་འདྲ་སྟེ་དཔལ་གྱི་འོད་ཟེར་འབར། །པདྨ་འདྲ་སྟེ་སྐྱོན་བྲལ་ཡིད་འོང་འགྱུར། །ས་མ་ཡ། མངྒ་ལཾ། ༈ །དབྱངས་ཅན་མ་གྲུབ་པའི་མཚན་མ་ནི། དངོས་སུ་སྔར་བས་དྲན་པ་གསལ། རྨི་ལམ་དུ་བུ་མོ་གཞོན་ནུ་མས་བཟའ་བཏུང་བྱིན་པ། ཤེལ་དང་མེ་ཏོག་གི་ཕྲེང་བ་རྙེད་པ། ནམ་ལངས་གི་ཉི་མ་ཤར་བ། ཆུ་གཙང་འཐུང་དང་ཁྲུས་བྱེད་པ། མེ་ཏོག་གི་ཚལ་ན་མེ་ཏོག་ལ་རྩེ་བ། ནམ་མཁའ་འཇའ་འོད་ཀྱིས་ཟ་འོག་གི་གུར་ཁྱིམ་ལྟར་ཁེབས་པ། བྱ་དང་རི་དྭགས་སྔོན་མ་མཐོང་བ་རྨི་བ། ནམ་མཁའ་ལ་འཕུར་བ། ཞིང་རྨོ་བ། སྣག་ཚ་འཐུང་བ། རི་མཐོན་པོའི་རྩེར་ཕྱིན་པ། མཚོན་ཆ་དང་པི་ཝཾ་དང་མི་ལོང་རྙེད་པ་དང་མཐོང་བ་སོགས་རྨིའོ། །དེ་ཡང་སྒྲུབ་པ་ལ་བརྩོན་འཕྲལ་རྨིས་ན་སྤྲོ་བ་བསྐྱེད་པ་དང་། བསྒྲུབས་ནས་ཞག་བདུན་ནམ་བཅུ་གཅིག་ནས་བྱུང་ན་རྗེས་སུ་འཛིན་པ་དང་། ཞག་བཅུ་གཅིག་གམ་བཅོ་ལྔའི་དུས་སུ་བྱུང་ན་གྲུབ་པའི་མཚན་མ་སྟེ་མཚན་མ་གསུམ་དུ་འགྱུར་རོ། །གཏོར་མ་ལེགས་པར་བཤམས་ལ་བྱིན་གྱིས་བརླབ། དབྱངས་ཅན་མ་མདུན་དུ་དམིགས་ཏེ།


MR25_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཱིཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལྔའམ་བདུན་གྱིས་ཕུལ་ལ་བསྟོད་དེ་སླར་རང་ལ་བསྡུའོ། ༈ །སྦྱིན་སྲེག་བྱ་བ་ནི། མཎྜལ་བ་ཡི་རྣམ་ལྔས་ཕྱུག་པ་ལ་མཐོ་གང་ཟླུམ་སྐོར་ལ་དབྱངས་ཅན་གྱི་འཁོར་ལོ་བྲིས་ལ་དེ་རྒྱབ་སོར་བཞི་རེ་བཞི་རེས་ཁ་ཁྱེར་པད་འདབ་བཅུ་དྲུག་དང་མུ་རན་རྡོ་རྗེའི་ཕྲེང་བ་བཅས་པ་རྡུལ་ཚོན་དཀར་པོས་བྲིས། ཤིང་འབྲས་ཅན་ནམ་སྐམ་སོགས་ཀྱིས་གྲུ་བཞིར་བརྩིགས་ལ། མཆོད་རྫས་འཆད་འགྱུར་རྣམས་བཤམས། ཡེ་ཤེས་ཀྱི་བདུད་རྩིར་བྱིན་རླབས་བྱས་ནས། ཨོཾ་ཨགྣི་ཛྭ་ལ་རཾ། ཞེས་མེ་སྤར་ལ། རཾ་ལས་དྲང་སྲོང་མེ་ལྷའི་ངོ་བོ་ཡེ་ཤེས་ཀྱི་མེ་ལྕེ་རབ་ཏུ་འབར་བའི་རྣམ་པ་ཅན་དུ་གྱུར་པའི་དབུས་སུ་ལྷ་མོ་དབྱངས་ཅན་མ་དངོས་སུ་གསལ་བར་གྱུར། རང་གི་སྙིང་གའི་འོད་ཟེར་གྱིས་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ནས་ལྷ་མོ་དབྱངས་ཅན་མ་སྤྱན་དྲངས་ཏེ་ཐབ་ཀྱི་ལྷ་མོ་ལ་ཐིམ་པར་གྱུར་པར་བསམས་ལ། དེ་ལ་སྲེག་རྫས་རྣམས་རིམ་པར་བཤམས་པ་བཞིན་འབུལ་ཏེ། ཡམས་ཤིང་སོར་བརྒྱད། མེ་ཏོག་དཀར་སེར། མར་ཁུ། ཞོ་ཟན། ངཱུརྦ། ཀུ་ཤའི་མྱུ་གུ་རྣམས་རིམ་པར་འབུལ་ཞིང་། ཧྲཱིཾཿམེ་པྲཛྙཱ་ཝརྡྷ་མ་ན་ཡ་ཨོཾ། ལྷ་མོ་བདག་གི་མཆོད་པ་འདི་བཞེས་ལ་བདག་གི་ཤེས་རབ་སྤེལ་བར་མཛད་དུ་གསོལ། ཞེས་པས་རེ་རེ་བཞིན་དབུལ་ལོ། །དེ་ལྟར་ལན་གཅིག་ཚར་བ་ལ་སྦྱིན་སྲེག་ཚར་གཅིག་ཏུ་བྱས་པའི་ཉི་ཁྲི་ལྔ་སྟོང་བྱའོ། །


MR25_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཐབ་ཀྱི་ལྷ་མོར་བསྟོད་དེ་མཆོད་ནས་ཐབ་ནང་གི་དབྱངས་ཅན་མ་འོད་དུ་ཞུ་བ་འཇུག་པའི་རླུང་དང་ལྷན་ཅིག་རང་གི་སྣ་བུག་གཡོན་ནས་སྙིང་གའི་འཁོར་ལོར་ཐིམ་པར་བསམས་ལ། སོལ་བ་ཆུས་བྲན་ཏེ་དམ་ཚིག་པའི་འཁོར་ལོ་བསྡུ་བའི་ཕྱིར། སོལ་བའི་ཕྱོགས་གཅིག་ནས་སྣ་བུག་ཏུ་བཏུང་། ཐལ་བ་རི་རྩེའམ་ཆུ་ཆེན་པོ་ལ་བསྐྱལ་བས་གྲགས་པ་ཆེན་པོར་འགྱུར་རོ། །ཀུན་མཁྱེན་བསམ་ཡས་པའི་དགོངས་པ་བཞིན་དུ་མི་ཕམ་པས་བཀོད་པ་དགེ། ༈ །།ན་མོ་སྭ་ར་སྭཏྱཻ། ལྕེ་དང་མགྲིན་པ་བདེ་བ་དང་། །བློ་རྣོ་དབྱངས་སྙན་དྲན་གསལ་ཕྱིར། །དབྱངས་ཅན་མ་ཡི་རིལ་བུ་བྱ། །འབྲས་ཨ་བར་སྐྱུར་གསུམ། བུ་གསུམ་དང་ལུག་དཀར་སེར་དམར། རུ་གསུམ། །སྒྲོན་ཤིང་གོ་སྙོད་འབྲས་བུ་དུག་མོ་འབྲས་བུ་ཉུང་། །ཤིང་མངར་པི་ལིང་སྤང་རྒྱན་དཀར། །སྨན་སྣ་བཅུ་གཉིས་རྩི་བཞིན་བཏགས། །ཀ་ར་སྦྲང་རྩིས་བ་དམར་འོ་མ་བཅས། རིལ་བུ་བྱ། །སྲན་ཕོས་ཙམ་གྲིབ་སྐམ་བྱ། རེས་གཟའ་ཕུར་བུ་དར་ཚེ་སྦྱར། །ལྟོ་སྟོད་རྣམས་སུ་ལེགས་པར་བསྟེན། །ཞག་བདུན་ཟོས་པས་དིག་ལྐུགས་དང་། །རྨུགས་ཤིང་གླེན་པ་དག་ཀྱང་འཚོ། །བཅུ་གཅིག་ཟོས་ན་སྐད་ཀྱི་གདངས། །ཁྱུང་བཞིན་བཟང་ལ་མགྲིན་པ་བདེ། །ཉི་ཤུའི་མི་བརྗེད་གཟུངས་ཐོབ་ཅིང་། །བློ་ནི་མེ་དང་འདྲ་བར་འགྱུར། །ཟླ་བ་གཅིག་ཏུ་ཟོས་གྱུར་ན། །ཤ་རུས་རྡོ་ལྟར་མཁྲེགས་པ་དང་། །རྒས་


MR25_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ལོ་བརྒྱ་ཐུབ་པར་འགྱུར། །རིལ་བུ་ཟ་དུས་རང་རིལ་བུ་གཡོན་བའི་ལག་མཐིལ་དུ་བཞག་ལ། ཉིད་ནི། །དབྱངས་ཅན་མ་ནི་སྐུ་མདོག་དཀར། །ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་བཞུགས། །ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི། །བདུད་རྩིའི་བུམ་པ་ཐུགས་ཀར་འཛིན། །ལྷ་རྫས་དར་གྱི་ན་བཟའ་དང་། །རིན་ཆེན་རྒྱན་གྱིས་རྣམ་པར་བརྒྱན། །པདྨ་ཟླ་བའི་གདན་ལ་བཞུགས། །དེ་ལྟ་བུར་ནི་བསྒོམ་བྱས་ནས། །རིལ་བུ་སྲིད་ཞིའི་དྭངས་བཅུད་འདུས་པའི་ངོ་བོར་དམིགས། དག་ལ་སྔགས་བདུན་བཟླ། །དེ་ནས་ཚུལ་བཞིན་བཟང་བར་བྱ། །ཡར་ངོའི་ཚེས་གཅིག་ནས་བརྩམ་ཞོག་སྔ་ཁྲུས་བྱས་ལ་ཟོས་པས་རྨོངས་སེལ་ཡེ་ཤེས་རྒྱས་པར་བསམ། ཨོཾ་ཙནྡྲ་གོ་མི་སལ་སལ་ཕྱེ་ཕྱེ་ཧཱུྃ་ཧཱུྃ་སྭཱ་ཧཱ། གསང་བའི་མན་ངག་འདི་ཉིད་ནི། །མངོན་ཤེས་ཅན་གྱི་དྲང་སྲོང་དང་། །འཇིགས་མེད་གྲགས་པའི་རྒྱ་གཞུང་སོགས། །གུང་བསྡེབས་དམ་པའི་མན་ངག་བཞིན། །མཚོ་བྱུང་བཞད་པས་བྲིས་པ་དགེ། ༄༅། །འདིར་སྨན་སྦྱོར་རྐྱང་པས་ཀྱང་ནུས་པ་འབྱུང་མོད། ལྷ་སྔགས་ཀྱིས་བསྒྲུབ་ན་ཕན་ནུས་ཆེ་བས་རིལ་བུ་རྣམས་རིན་ཆེན་སྣོད་དུ་བླུགས་ལ་སྟེགས་བུར་བཀོད། བདག་བསྐྱེད་བཟླས་པ་བཅས་སོང་རྗེས། མདུན་རྟེན་བསང་སྦྱངས། སྟོང་པའི་ངང་ལས་དབྱངས་ཅན་མ་བདག་བསྐྱེད་ལྟར་བསྒོམ། མཆོད་ཅིང་བསྟོད། མདུན་བསྐྱེད་ཀྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། འཕགས་པ་མཆོད།


MR25_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ། ཤེས་རབ་ཀྱི་སྣང་བ་ལ་བཀོད། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ། མཁྱེན་བརྩེ་ནུས་པའི་ཡེ་ཤེས། བརྟན་གཡོའི་དྭངས་བཅུད་ཐམས་ཅད་བསྡུས་ནས་ཐུགས་ཀའི་ས་བོན་ལ་ཐིམ་པར་བསམས་ལ་ཧྲཱིཾཿཞེས་ཅི་ནུས་བཟླ། མཐར་དབྱངས་གསལ་སོགས་བཟླའོ། །ཐུན་མཐར་གཏོར་མ་ཕུལ་རྗེས་ལྷ་རིལ་བུར་བསྟིམ། རྟེན་སྙིང་གིས་མེ་ཏོག་འཐོར་གསུངས་སོ། ༈ །དབྱངས་ཅན་མའི་སྨན་མར་ནི། འཇམ་དཔལ་དཔའ་བོ་གཅིག་གྲུབ་ཀྱི་རྒྱུད་ལས། ཤུ་དག་དཀར་པོ། ཤིང་མངར་སེནྡྷ་བ། །ཚྭ། ཨ་རུ་བཅའ་དྲོད་ཅན། སྒ་ལ་ལ་ཕུད། །ཚངས་པ་ཟེར་རོ། །རུ་རྟ་པི་ལིང་། པི་ཟི་ར་དཀར་པོ། བཅས། །རྣམ་བཏགས་ངག་ནི་དག་པར་བྱེད། །ལྷ་ལ་མེ་ཏོག་དྲི་བཟང་སོགས། །ནངས་པར་ཡང་དག་མཆོད་ནས་ནི། །ལན་བདུན་སྔགས་བྱས་ཟོས་ན་ནི། །ཟླ་བ་དྲུག་གིས་ཐོས་འཛིན་བྱེད། །ཟླ་བ་གསུམ་གྱིས་ཚིག་བདག་འགྱུར། །ཟླ་བ་གཅིག་གིས་བློ་ལྡན་ཞིང་། །ཁུ་བྱུག་གཞོན་ནུའི་སྐད་བཞིན་དུ། །དབྱངས་སྙན་པ་ནི་སྐྱེ་བར་འགྱུར། །ཞེས་གསུངས། ཡང་དེའི་སྦྱོར་སྡེ། ར་ཡི་འོ་མ་ཨ་རུ་ཚ་བ་གསུམ། །སྒ་སྐྱ་པི་ལིང་ཕོ་རིས་ནག་གོ་པ་ཋ་སྔོ་ཨ་ག་བྷི་ད་བྷི་ཞེས་མ་ནུ། ཤུ་དག་དཀར་པོ། སེ་ཀྲུ་ཕོ་བ་རིས་སེནྡྷ་པ། སིནྡྷུའི་ཡུལ་གྱི་མ་ཎི་མནྟྲའི་རི་ལས་བྱུང་བའི་རྒྱམ་ཚྭ་བཟང་པོ། ར་འོ་བྲེ་བཞི་མར་དུ་བྲེ་གང་བསྐོལ་བ་དབྱངས་ཅན་མར། །ཟླ་གཅིག་


MR25_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཟོས་ན་བླ་མེད་ཚིག་བདག་འགྲུབ། །ཟླ་དྲུག་ངག་གི་དབང་ཕྱུག་མངོན་སུམ་འགྱུར། །ཞེས་དང་། བདུད་རྩི་སྙིང་པོའི་རྒྱུད་ལས། ཨ་རུ་ར་དང་ཤིང་ཀུན་ཚ་བ་གསུམ། །ཤུ་དག་པ་གོ་ཡུལ་ངོས་བཟུང་སྣང་། ཏྲ་ལྕེ་མྱང་ཚྭ་རྣམས་དང་། །ར་དཀར་འོ་མ་མར་བསྐོལ་དབྱངས་ཅན་མར། །བློ་འཕེལ་དྲན་གསལ་ངག་ཚིག་སྙན་ཕྱིར་བསྟེན། །ཅེས་གསུངས་པ་རྣམས་ཁོག་འདྲ་ལ། །མང་ཉུང་ཅུང་ཟད་རེ་འདུག་པ་གང་ལྟར་བྱས་ཀྱང་རུང་མོད། འདིར་ལག་ལེན་དུ་ཨ་རུ་གསེར་མདོག་བཟང་པོ། སྒ་སྐྱ་བི་ལིང་ཕོ་བ་རིས་དཀར་ནག་གཉིས་བཅས། ཚ་བ་གསུམ། མ་ནུ་དང་གོ་ཡུ། རྒྱ་གར་སིནྡྷུའི་ཡུལ་གྱི་མ་ཎི་མནྟྲའི་རི་ལས་བྱུང་བའི་ལན་ཚྭ་བཟང་པོ་སོགས་ལྕེ་མྱང་ཚྭའི་རིགས་ཤིན་ཏུ་ཞིམ་ཞིང་མདོག་དམར་བའམ། མ་འབྱོར་ན་རྒྱམ་ཚྭ་བཟང་པོའམ་ལན་ཚྭ་མདོག་དམར་ལ་ཞིམ་པས་ཀྱང་རུང་། ཤུ་དག་དཀར་པོ་བཅས་སྨན་སྣ་བརྒྱད་པོ་འདི་ཡིན་ལ། དེ་སྟེང་ཤིང་མངར་རུ་རྟ་ལ་ལ་ཕུད་ཟི་ར་དཀར་པོ་བཞི་བསྣན་པས་སྨན་སྣ་བཅུ་གཉིས་ལ་ཤིང་ཀུན་དྲི་བྲོ་ཙམ་བཏབ་ཀྱང་རུང་། ཨ་ནུ་ཤུ་དག་ཤིང་མངར་རུ་རྟ་མ་ནུ་གོ་ཡུ་རྣམས་མང་བར་བྱས་ལ་གཞི་བཟུང་། ཚ་བ་གསུམ་དེའི་ཕྱེད་ཆ་ཙམ་བྱ། གྲང་བ་ཅན་ལ་མང་བར་བྱས་ཀྱང་ལེགས། ལྕེ་མྱང་ཚྭ་ཨ་རུ་སོགས་དྲུག་པོ་བསྡོམས་པའི་བཞི་ཆའམ་དྲུག་ཆ་ཙམ་གང་འགབ། ལ་ལ་ཕུད་ཟི་ར་གཉིས་དེ་མཉམ་ཙམ་བྱས་ན་ལེགས་སྙམ་རང་གི་


MR25_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ལ་ཤར། དཔའ་བོ་གཅིག་གྲུབ་ལས། སྨན་རྣམས་སྲང་གཅིག །རའོ་བྲེ་བཞི། མར་བྲེ་གང་གི་ཚད་དུ་བྱ། རིམ་གྱིས་མེ་ཆུང་ལ་བསྐོལ་བར་བྱའོ་ཞེས་གསུངས། སྨན་སྣ་བཅུ་གསུམ་པོ་ཆུར་བསྐོལ་བའི་ཁུ་བར་སྨན་མར་བྱ་བའམ། ཚ་བ་གསུམ་དང་ཤིང་ཀུན་བཞི་མ་གཏོགས་གཞན་ཁུ་བ་འདོན་པ་དང་། དེ་བཞི་ཁ་ཚར་དུ་བཏབ་པ་གང་བདེས་རུང་། སྨན་རྣམས་ཁུ་བ་བཏོན་ལ་ར་དཀར་མོའི་འོ་མ་བྲེ་བཞི་སོགས་སྨན་གྱི་མང་ཉུང་དང་བསྟུན་ལ་བསྐོལ། ར་དཀར་གྱི་མར་ལ་གཞི་བྱས་ཏེ་བ་དམར་ཟལ་གྱི་མར་སོགས་མར་ལེགས་པས་བསྐྱེད་དེ། སྨན་མར་གྱི་ལག་ལེན་ཚུལ་བཞིན་བྱས་ལ། བཟའ་མོས་པའི་ཕྱིར་ཤིང་མངར་རམ་མངར་གསུམ་གྱིས་ཁ་བླངས་ཏེ། བདག་མདུན་དབྱངས་ཅན་མར་གསལ་བས་སྲིད་ཞིའི་དྭངས་བཅུད་དང་ངག་གི་དབང་ཕྱུག་གི་དངོས་གྲུབ་བསྡུས་ལ་སྨན་མར་ལ་བསྟིམས་པས་ཅི་ནུས་སུ་བསྒྲུབ། ཚེས་གཅིག་ནས་བརྩམ་སྟེ་དབྱངས་ཅན་མ་ལ་མེ་ཏོག་དང་དྲི་བཟང་སོགས་ཀྱིས་མཆོད་ཅིང་བསྟོད་ལ་ངག་གི་དངོས་གྲུབ་སྩོལ་བའི་འདོད་གསོལ་བཅས་ཞོག་པ་ལྟོ་སྟོང་ནངས་རེ་བཞིན་བྱ་སྒོང་ཙམ་རེ་བཟའ། དེ་ཡང་དབྱངས་ཅན་མའི་སྐུའི་མདུན་དུ་མཆོད་པ་ཕུལ་ལ། ཨོཾ་ཨརྐ་མཱ་ལི་ནི་ཀི་ནི་ཀི་ནི་སྭཱ་ཧཱ། དཔའ་བོ་གཅིག་གྲུབ་ན། ཁི་ཎི་ཁི་ཎི། ཞེས་འདུག་པས་དེ་ལྟར་སྔགས་འབྲུ་བཅུ་དྲུག་པ་བཟླའོ། །སྔགས་འདི་དང་པོར་འབུམ་བཟླས་པའི་བསྙེན་པ་སྔོན་དུ་


MR25_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བར་བྱས་ལ། སླར་སྨན་མར་ཟ་བའི་ཚེ་སྔགས་ལན་བདུན་རེ་བཟླ་སྟེ་དབྱངས་ཅན་གྱི་ཕྱག་གིས་རྩོལ་བར་བསམས་ལ། ཟླ་བ་གཅིག་གི་བར་དུ་ཟོས་ན་ངག་གི་དངོས་གྲུབ་འཐོབ་ལ། སྨན་མར་མེད་ཀྱང་མར་འགའ་ཞིག་གམ་ཆུ་ལ་དེ་ལྟར་བཟླས་ཏེ་ཟླ་བ་དྲུག་གི་བར་དུ་ཟོས་ན་ཡང་ངག་གི་དངོས་གྲུབ་འཐོབ་ཅེས་དཔའ་བོ་གཅིག་གྲུབ་ཀྱི་རྒྱུད་དང་དགེ་བའི་འདོད་འཇོ་ཞེས་པ་མགོན་པོ་ཀླུ་སྒྲུབ་ཀྱི་གདམས་ངག་ལས་གསུངས་སོ། །ད་ལྟར་གནས་གཙང་མར་གྲིབ་རྩོག་ལ་འཛེམ་ཞིང་གཙང་སྦྲ་དང་ཚངས་པར་སྤྱོད་པའི་ཚུལ་ལ་གནས་ཏེ་ལྷ་སྔགས་ཀྱི་རྣལ་འབྱོར་དང་ལྡན་པས་ཤ་ཆང་སྒོག་སོགས་ཟས་ངན་སྤངས་ལ་དཀར་གསུམ་བཟའ་ཞིང་། ཟླ་བ་གཅིག་ནས་དྲུག་གི་བར་དུ་བརྩོན་པས་ཚིག་སྨྲ་བ་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་ཞིང་། དབྱངས་སྙན་པ་དང་སྨྲ་བ་དག་ཅིང་གསལ་ལ་བློ་གྲོས་གསལ་བས་ལེགས་བཤད་ཀྱི་འབྱུང་གནས་ངག་གི་དབང་ཕྱུག་ཆེན་པོའི་དངོས་གྲུབ་འཐོབ་པར་འགྱུར་རོ། །གཞན་ཡང་ལུས་ཀྱི་ཚེ་དང་སྟོབས་དང་མདངས་འཕེལ་བ་དང་། ནད་མེད་པ་དང་། ལུས་སེམས་བདེ་བ་སོགས་ཡོན་ཏན་དཔག་ཏུ་མེད་པ་དང་ཐུན་མོང་གི་གྲུབ་པ་རྣམས་ཀྱང་འབྱུང་ལ། མཐར་ཐུག་ངག་གི་དཔལ་མོས་རྗེས་སུ་བཟུང་ནས་སངས་རྒྱས་ཀྱི་སར་རིམ་གྱིས་འགྲོ་བའི་རྒྱུར་ཡང་འགྱུར་རོ། །ཞེས་པའང་དཔལ་མོ་འདིའི་བྱིན་རླབས་ཆ་ཙམ་ཐོབ་པ་མི་ཕམ་


MR25_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོས་བྲིས་པ་དགེའོ། །ས་ཕག་ཟླ་ཚེས་ལ་རྫ་རྒྱལ་རི་ཞོལ་དུའོ། །མངྒ་ལཾ། ༈ ། དབྱངས་ཅན་མ་དམར་མོའི་གསང་སྒྲུབ་ཛྙཱ་ན་དཪྴ་བཞུགས་སོ། །ན་མོ་སྭ་ར་སྭ་ཏྱེ་བཱ་ད་ཡ། འདིར་དབྱངས་ཅན་དམར་མོ་བསྒྲུབ་པར་འདོད་པས་ཡིད་མཐུན་གྱི་གནས་དགེ་བར་བ་ཡི་ལྕི་བ་ས་ལ་མ་ལྷུང་བས་བྱུགས་པའི་མཎྜལ་ལ་མེ་ཏོག་གི་ཚོམ་བུ་བཀོད་པ་དེར་རྫའམ་རིན་པོ་ཆེའི་བུམ་པར་གྲོང་ཆོས་ཀྱིས་མ་གོས་པའི་བུ་མོ་གཙང་མས་བླང་བའི་ཆུ་བླུགས་ལ། རིན་ཆེན་ལྔ་དང་འབྲུ་ལྔ་བཟང་པོ་དྲུག །སིནྡྷུ་ར་རྣམས་མེ་ལོང་གི་ནང་དུ་ལེགས་པར་སྦྱར་བའི་རྫས་ལྡན་བཤམས། དར་དམར་ཁ་གང་གིས་ཁ་བཅད་དེ་བཞག་པའི་མཐར་ཉེར་སྤྱོད་འབུལ་གཏོར་སོགས་ཇི་འབྱོར་པའི་མཆོད་པ་གཙང་མ་བཀོད་མཛེས་ཀྱིས་བསྐོར། རང་ཉིད་ཀྱི་ལུས་དྲི་བཟང་གིས་བྱུགས། བདེ་བའི་སྟན་ལ་འཁོད་ནས་སྐྱབས་སེམས་ཚོགས་བསགས་བྱས་རྗེས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་དུ་རང་སེམས་ཧྲཱིཾཿ དམར་པོ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་དང་མ་རིག་པའི་མུན་པ་བསལ་ནས་ཤེས་རབ་ཀྱི་སྣང་བ་ལ་བཀོད། འོད་ཟེར་ཚུར་འདུས་ཏེ་ཡོངས་སུ་གྱུར་པ་ལས་ཡེ་ཤེས་ཀྱི་མེ་ལོང་ཞིག་ཏུ་གྱུར། དེ་འོད་དུ་ཞུ་བ་ལས་རང་ཉིད་སྒྲ་དབྱངས་


MR25_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་བྱེ་རུའི་མདོག་ལྟར་དམར་བ་ཞལ་གཅིག་ཕྱག་གཉིས། གཡས་ནོར་བུ་རིན་པོ་ཆེ་དང་གཡོན་ཡེ་ཤེས་ཀྱི་མེ་ལོང་བསྣམས་པ། བཅུ་དྲུག་ལོན་པའི་ན་ཚོད་ཅན། ཞི་འཛུམ་སྒེག་པའི་ཉམས་ལྡན་ནུ་མ་འབུར་ཞིང་རྒྱས་པ། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། སྐ་རགས་དོ་ཤལ་ལ་སོགས་པས་བརྒྱན་ཅིང་། དར་སྣ་ཚོགས་པའི་ཤམ་ཐབས་ལྷབ་ལྷུབ་ཏུ་གསོལ་བ། ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་པའི་ཚུལ་གྱིས་པད་ཟླའི་གདན་ལ་བཞུགས་པ། འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ། མེ་ལོང་ནང་གི་གཟུགས་བརྙན་ལྟར་དྭངས་གསལ་རྙོགས་པ་མེད་པར་གསལ་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ཧཱུྃ་གི་འོད་ཟེར་ལྕགས་ཀྱུ་ལྟ་བུས་རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས་པ་ལ་མེ་ཏོག་ལ་སོགས་པས་མཆོད་ནས། ཛཿཧཱུྃ་བྃ་ཧོཿས་རང་ལ་བསྟིམ། དེ་ནས་མདུན་གྱི་བུམ་པ་བསང་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཡོངས་སུ་རྫོགས་ཤིང་བདུད་རྩིས་གང་བའི་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་དུ་ཡི་གེ་ཧྲཱིཿ དམར་པོ་ལས་སོགས་གོང་ལྟར་ལ། རང་ཉིད་ཅེས་པའི་ཚིག་དོར་ལ། ཡེ་ཤེས་པ་དེ་ལ་བསྟིམ་པར་བྱ། བདག་དང་མདུན་བསྐྱེད་ཀྱི་ཐུགས་


MR25_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་ཟླ་སྟེང་ཧྲཱིཾཿ དམར་པོའི་མཐར། ཨོཾ་སྭ་ར་སྭ་ཏྱཻ་ཧྲཱིཾཿཧྲཱིཾཿཧྲཱིཾཿ་སྭཱ་ཧཱ། ཞེས་པས་བསྐོར་བཀློག་པའི་ཚུལ་དུ་སྔགས་བཟླ་ཞིང་། དེའི་ཚེ་ཡིག་འབྲུ་རྣམས་ལས་འོད་ཟེར་དཔག་མེད་འཕྲོས། རང་གིས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་དང་མ་རིག་པའི་མུན་པ་ཐམས་ཅད་བསལ། ཤེས་བྱ་ཀུན་ལ་ཐོགས་པ་མེད་པའི་བློ་གྲོས་རྒྱས་པར་བསམས་ལ། རྩ་སྔགས་ཡི་གེ་བཅུ་པ་ལ་བསྙེན་པ་འབུམ་བྱ། ཐུན་མཐར་གཏོར་མ་འབུལ་བར་འདོད་ན། གཏོར་མ་དཀར་གསུམ་བརྒྱན་པ་བསང་སྦྱངས། འབྲུ་གསུམ་འོད་དུ་ཞུ་བ་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོར་དམིགས། ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབས། ལྷ་མོའི་ཞལ་ནས་འོད་ཀྱི་སྦུ་གུས་གཏོར་མའི་བཅུད་གསོལ་བས་མཉེས་པར་བསམས་ལ། རྩ་སྔགས་ལ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ། ཞེས་བཏགས་པ་ལན་གསུམ་གྱིས་ཕུལ་ལ་མཆོད་ཅིང་བསྟོད། གཟུངས་སྤོབས་ཤེས་རབ་ཀྱི་སྣང་བ་ཁྱད་པར་ཅན་སྩོལ་བའི་འདོད་གསོལ་བྱ། ཐུན་འཇོག་ཁར་མདུན་གྱི་ལྷ་མོ་འོད་དུ་ཞུ་ནས་བུམ་པའི་ཆུ་ལ་བསྟིམ། བདག་གི་ཐུགས་ཀའི་ཧྲཱིཾ་ལས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་རང་འཕགས་པའི་ཚོགས་ཐམས་ཅད་དང་། འཇིག་རྟེན་ན་མཁས་ཤིང་ཤེས་རབ་ཅན་དུ་གྱུར་པ་ཐམས་ཅད་ཀྱི་ཤེས་རབ་མ་ལུས་


MR25_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཧྲཱིཾཿ ཡིག་གི་རྣམ་པར་བསྡུས་ནས་རང་གི་སྙིང་གའི་ས་བོན་ལ་ཐིམ་པས་ལུས་ཐམས་ཅད་འོད་ཀྱིས་གང་སྟེ་ཤེས་རབ་ཕུན་སུམ་ཚོགས་པ་ཐོབ་པར་བསམ་ཞིང་། དགེ་བ་འདི་ཡིས་སོགས་བསྔོ་བ་དང་སྨོན་ལམ་ཤིས་བརྗོད་བྱའོ། །བསྙེན་པ་གྲུབ་ནས་བུམ་པའི་ཆུས་ཁྲུས་བྱ་ཞིང་འཐུང་། བསྙེན་པའི་དུས་བུད་མེད་དང་མི་འགྲོགས་གྲིབ་ལ་འཛེམ་ཞིང་གཙང་སྦྲ་བྱ་བ་གལ་ཆེ། འདི་གཞན་ལས་ཁྱད་པར་འཕགས་པ་ཡིན་པས། འདིའི་མཚམས་ཞག་བདུན་ལས་མི་དགོས་ཏེ། དེས་གོ་བ་དང་འཛིན་བློ་འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པར་འགྱུར་རོ། །བློ་འཕེལ་འདི་ལས་ཟབ་པ་རྒྱ་བོད་གཉིས་ན་མེད་ཅེས་གསུངས། འདི་གཤིན་རྗེ་གཤེད་ཀྱི་ཡུམ་གྱི་ཆོས་སྡེར་གཏོགས་གསུངས། འདིའི་སྔོན་དུ་དབྱངས་ཅན་མ་དཀར་པོའི་བསྙེན་པ་སོང་ནས་འདི་བསྒྲུབ་ན་བར་ཆད་གང་གིས་ཀྱང་མི་ཚུགས། འདི་ནི་རྒྱ་གར་གྱི་པཎ་གྲུབ་བིཀྵ་པ་ར་མ་ནས་བརྒྱུད་དེ། ཁ་ཆེ་པཎ་ཆེན་དང་ས་པཎ་ཕྱ་པ་ཆོས་སེང་དང་ལྔ་པ་ཆེན་པོ་སོགས་ཀྱི་ཐུགས་་་་རྩིས་ཆེ་བའི་གདམས་པ་ལགས་སོ། །ཞེས་པའང་རབ་ཚེས་ཤིང་འབྲུག་ཟླ་བ་དྲུག་པའི་དཀར་ཕྱོགས་དགའ་བ་དང་པོར་རྒྱལ་ཕུར་གྱི་འགྲུབ་སྦྱོར། པདྨ་དཀར་པོ་དང་རྡོ་རྗེ་དང་གཡུང་དྲུང་དང་ལྗོན་ཤིང་གི་བརྡ་རིས་སོགས་དུས་ཀྱི་མཚན་མ་དགེ་བ་ཀུན་ལྡན་ལ། རུ་དམ་ཡང་ཁྲོད་དུ་འཇམ་དཔལ་དགྱེས་པས་


MR25_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བ་དགེ་ལེགས་སུ་གྱུར་ཅིག། མངྒ་ལཾ། ༈ །བོ་དོང་ལུགས་ཀྱི་དབྱངས་ཅན་དམར་མོའི་གསང་སྒྲུབ་ལྷ་ལྔ་ནི། དམར་མོ་ཕྱག་བཞི་དང་པོ་གཉིས་ཡབ་འཁྱུད། མཐའ་གཉིས་ཀྱིས་པི་ཝཾ། ཡབ་འཇམ་དཔལ་ཕྱག་བཞི་པས་འཁྱུད་པ། འཁོར་ཤེས་རབ་མ། བློ་གྲོས་མ། དྲན་པ་མ། ཡིད་གཞུང་མ་བཞི་དཀར་མོ་རལ་གྲི་པད་དཀར་འཛིན་པ། རྩ་སྔགས་ཨོཾ་ཨཱཿཧཱུཾ་ཧྲཱིཾཿསྭཱ་ཧཱ་དང་། ཐུན་མཐར། པི་ཙུ་པི་ཙུ་སོགས་བཟླ་བ་ཡོད་དོ། །མངྒ་ལཾ། ༈ ། ཐབས་ལ་མཁས་པའི་སྒོ་ནས་སྔགས་སྒྲུབ་པའི་ཆོ་ག་ཁྱད་པར་ཅན་བཞུགས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། འདིར་བྱང་ཆུབ་སེམས་དཔའ་གང་གིས་ཐབས་ལ་མཁས་པའི་སྒོ་ནས་རིག་སྔགས་བསྒྲུབ་པའི་ཆོ་ག་ཁྱད་པར་ཅན་དམ་ཚིག་གསུམ་བཀོད་ལས་གསུང་བ་ནི། སྔ་དྲོ་དང་པོར་བདག་འབུལ་བ་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་་མོ་ཞེས་བགྱི་བ་ཆོས་ཀྱི་དབྱིངས་སུ་གཏོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་ཐམས་ཅད་ལ་དབུལ་བར་བགྱིའོ། །ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་རྣམས་ཀྱིས་ཀྱང་བདག་ལ་རྣམ་པ་ཐམས་ཅད་དང་དུས་ཐམས་ཅད་དུ་བྱིན་གྱིས་བརླབས་པ་དང་ཡོངས་སུ་གཟུང་བར་གྱུར་ཅིག །བདག་


MR25_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གྲུབ་པ་དང་མཆོག་སྩོལ་ཅིག །ཅེས་བྱའོ། །དེ་ནས་སྡིག་པ་བཤགས་པར་བྱ་སྟེ། བདག་ཅག་གི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལས་སྐྱེས་པའི་སྡིག་པ་ཐམས་ཅད་སོ་སོར་བཤགས་པར་བགྱིའོ། །ཇི་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐུགས་བསྐྱེད་པ་གང་དང་མཁྱེན་པ་གང་གིས་བཤགས་པ་མཛད་པའི་ཚུལ་དེས་བདག་གིས་ཀྱང་ཡོངས་སུ་བཤགས་པར་བགྱིའོ། །ཞེས་བྱའོ། །དེ་ནས་བསོད་ནམས་ལ་ཡི་རང་བྱ་བ་ནི། གང་དུས་གསུམ་དུ་གཤེགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་དང་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཚོགས། སེམས་ཅན་གྱི་ཁམས་རྣམ་པར་སྦྱོང་བར་བྱེད་པ། སེམས་ཅན་གྱི་ཁམས་ཡོངས་སུ་སྲུང་བར་བྱེད་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དེ་དག་ལ་རྗེས་སུ་ཡི་རང་བ། བླ་ན་མེད་པས་རྗེས་སུ་ཡི་རངས་བར་བྱས་ཏེ། ཇི་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔས་མཁྱེན་པ་ལྟར་བདག་ཀྱང་དེ་ལྟར་རྗེས་སུ་ཡི་རང་བར་བགྱིའོ། །དེ་ནས་མཆོད་པ་བྱ་སྟེ། སེམས་ཅན་གྱི་ཁམས་ན་གང་ང་ཡིར་མེད་ཅིང་ཡོངས་སུ་བཟུང་བ་མེད་པའི་མཆོད་པའི་ཚོགས་དེ་དག་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ལ་དབུལ་བར་བགྱིའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་རླབས་ཀྱི་


MR25_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་དང་། བདག་གི་བསོད་ནམས་ཀྱི་སྟོབས་དང་། རིག་པའི་གསང་སྔགས་ཀྱི་སྟོབས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་མཆོག་ཏུ་རྒྱ་ཆེ་བ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་མཆོག་རྒྱ་ཆེན་པོའི་གོང་མ་ལས་བླ་མར་མངོན་པར་བསྒྲུབ་པའི་མཆོད་པའི་སྤྲིན་ཆེན་པོ་རབ་ཏུ་འབབ་པར་གྱུར་ཅིག །ཅེས་བསམས་ལ་མཆོད་པ་མངོན་པར་སྒྲུབ་བྱེད་རིག་པའི་རྒྱལ་མོ་འདི་ལན་བརྒྱད་བརྗོད་པར་བྱའོ། །ན་མཿསརྦ་བུདྡྷཱ་བོ་དྷི་སཏྭཱ་ནཱཾ། སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་ས་མནྟ་སྭཱ་ཧཱ། དེས་ཇི་ལྟར་སྨོན་པ་བཞིན་འབྱུང་སྟེ་དེ་དག་གིས་མཁྱེན་ནོ། །དེ་ནས་སངས་རྒྱས་བྱང་སེམས་ཐམས་ཅད་ལ་ཡོན་ཏན་བསྔགས་པའི་གྲགས་པ་སྣ་ཚོགས་ཀྱི་གླུའི་སྤྲིན་རྒྱ་མཚོ་རབ་འབྱམས་ཚིག་ཏུ་བརྗོད་པར་བསམས་ལ་བསྟོད་པ་དཔེ་མེད་པ་ངེས་པར་སྒྲུབ་བྱེད་རིག་པའི་རྒྱལ་མོ་འདི་ལན་བརྒྱད་བརྗོད་པར་བྱའོ། །ན་མཿསརྦ་བུདྡྷཱ་བོ་དྷི་ས་ཏྭཱ་ནཱཾ། སརྦ་ཏྲ་སཾ་ཀུ་སུ་མི་ཏཱ་ཨ་བྷི་ཛྙཱ་ན་རཱ་ཤི་ནཱི་ན་མོ་སྟུ་ཏེ་སྭཱ་ཧཱ། དེས་དེ་བཞིན་དུ་ཡོན་ཏན་བསྔགས་པའི་སྤྲིན་གྱི་རྒྱ་མཚོ་རབ་ཏུ་འབྱུང་བས་དེ་ལྟར་དད་པར་བྱའོ། །དེའི་འོག་ཏུ་སེམས་ཅན་གྱི་ཁམས་ལ་དམིགས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྲུལ་པའི་སྤྲིན་གྱིས་སེམས་ཅན་གྱི་ཁམས་


MR25_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དུ་སྡུག་བསྔལ་མ་ལུས་པ་ཞི་བ་དང་། བདེ་བ་ཐམས་ཅད་མངོན་པར་སྒྲུབ་པ་དང་། ཟག་པ་མེད་པའི་དགེ་བའི་སྦྱོར་བ་ཡང་དག་པར་འབྱུང་བ་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་གྲུབ་པའི་མཆོག་དེ་དག་གིས་གྲུབ་པར་འགྱུར་བ་ཉིད་སྩོལ་ཅིག །ཅེས་བསམས་ལ་སེམས་ཅན་གྱི་ཁམས་ལ་དམིགས་པའི་སྨོན་ལམ་རྒྱ་ཆེན་པོ་བཏབ་སྟེ། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་སྤྲུལ་པའི་སྤྲིན་མངོན་པར་སྒྲུབ་པའི་རྒྱུ་དང་། སེམས་ཅན་གྱི་ཁམས་ཐམས་ཅད་རྣམ་པར་སྦྱོང་བར་བྱེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རབ་ཏུ་ཞི་བྱེད་རིག་པའི་རྒྱལ་པོ་ཆེན་པོ་འདི་ལན་བརྒྱད་བརྗོད་པར་བྱའོ། །ན་མཿསརྦ་བུདྡྷཱ་བོ་དྷི་སཏྭཱ་ནཱཾ། ན་མོ་སྟུ་ཏེ་མ་ཧཱ་བཛྲ་སརྦ་སཏྭ་ཧི་ཏཾ་ཀ་ར་ཏིཥྛ་སརྦ་ཏྲ་སརྦེ་ཥཱཾ་དྷརྨཱ་ཎཾ་ཨ་དྷིཥྛཱ་ཡ་སྭཱ་ཧཱ། འདི་བརྗོད་པ་ཙམ་གྱིས་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་བྱིན་རླབས་ཀྱི་སྟོབས་ཀྱིས་དེ་དག་གིས་སྤྲུལ་པའི་སྤྲིན་རྒྱ་ཆེན་པོ་མོས་པས་མངོན་པར་སྤྲུལ་ནས་སེམས་ཅན་གྱི་ཁམས་ཐམས་ཅད་དུ་སངས་རྒྱས་བྱང་སེམས་ཀྱིས་མཛད་པ་བྱེད་པར་འགྱུར་རོ། །དེ་ནས་བསྔོ་བ་བྱ་སྟེ། དེ་ལྟར་བླ་ན་མེད་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་རྗེས་སུ་ཡི་རངས་པ་ལ་སོགས་པའི་དགེ་བའི་རྩ་བ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །


MR25_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱའོ། །དེ་ནས་གསོལ་བ་གདབ་པར་བྱ་སྟེ། བདག་སྡུག་བསྔལ་བར་གྱུར་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་རྣམ་པ་ཐམས་ཅད་དུ་བྱིན་གྱིས་བརླབས་པ་དང་། བདག་ལ་གྲུབ་པའི་མཆོག་སྩལ་དུ་གསོལ། ཞེས་བྱས་ལ། དེ་ནས་དམིགས་པ་བཅས་སྔགས་གང་འདོད་དེ་ཅི་ནུས་སུ་བཟླའོ། །དེའི་འོག་ཏུ་བླ་ན་མེད་པའི་ཡོན་ཏན་གྱི་མངའ་བདག་སངས་རྒྱས་བྱང་སེམས་ཐམས་ཅད་ལ་ཕྱག་བྱས་ནས་ལྡང་པར་བྱའོ། །དེ་ནས་སངས་རྒྱས་བྱང་སེམས་ཀྱི་སྤྱོད་པ་སྟོན་པའི་སྡོང་པོ་བཀོད་པ་སོགས་མདོ་སྡེ་རྣམས་མཆོད་ཅིང་ཀློག་པའམ། ཐ་ན་ཕྱག་བྱས་ནས་ཟས་བཟའ་བར་བྱ་སྟེ། དང་པོ་སྔགས་འདིས་ལན་བརྒྱད་སྔགས་པའི་ཁམ་གྱི་དང་པོས་ལྷ་ཉིད་ལ་དབུལ་པར་བྱ་ཞིང་། དེའི་འོག་ཏུ་བཟའ་བར་བྱའོ། །དེ་ལ་སྔགས་འདི་ཡིན་ཏེ། ན་མཿསརྦ་བུདྡྷ་བོདྷི་སཏྭཱ་ནཱཾ། ཨོཾ་བ་ལིཾ་དཱ་ཏེ། ཏེ་ཛོ་མཱ་ལཱི་ནི་སྭཱ་ཧཱ། ཁ་ཟས་ཀྱིས་དུབ་པ་སྤངས་ནས་ཕྱི་དྲོའི་བྱ་བ་ཐམས་ཅད་སྔ་དྲོ་བཞིན་དུ་བྱ། ཉལ་བ་ན་ཡང་སངས་རྒྱས་བྱང་སེམས་ཐམས་ཅད་ལ་མགོ་བོས་ཕྱག་བྱས་ཏེ་བསྟོད་ནས་མལ་སྟན་ལ་འདུག་ཅིང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་བརླབས་པ་དང་བླ་ན་མེད་པའི་དངོས་གྲུབ་ཀྱི་མཆོག་བདག་ལ་སྩོལ་ཅིག་རྣམ་པར་


MR25_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

འཚེ་བ་ཐམས་ཅད་རབ་ཏུ་ཞི་བར་མཛད་དུ་གསོལ། །ཅེས་གསོལ་བ་བཏབ་ལ་མཚན་གྱི་ཐོག་མཐར་མི་ཉལ་བར་མདོ་འདོན་པ་སོགས་བྱའོ། །འདི་ནི་བྱང་ཆུབ་སེམས་དཔའི་ཐེག་པ་པས་ཐབས་དང་ཤེས་རབ་ལ་མཁས་པའི་ཆོ་ག་ཡིན་ནོ། །དེ་ལྟར་སངས་རྒྱས་འདོད་པས་སྔགས་འབུམ་བཟླས་ན་སངས་རྒྱས་བྱང་སེམས་མཐོང་ཞིང་ཏིང་ངེ་འཛིན་དང་གཟུངས་སོགས་གྲུབ་སྟེ་ཕྱིར་མི་ལྡོག་པའི་ས་ལ་ཞུགས་པའི་བར་དུ་འགྱུར་རོ། །བདག་རིག་འཛིན་དུ་གྱུར་ཅིག་ཅེས་ཡིད་ལ་བྱེད་པས་འབུམ་བཟླས་ཏེ། ཚེས་བཅུ་གསུམ་མམ། བཅུ་བཞིའམ། བཅོ་ལྔའི་ཉིན་མཚན་གསོ་སྦྱོང་བླང་། ཅི་འབྱོར་པའི་མཆོད་པ་བཤམས། དཀྱིལ་འཁོར་ལ་མེ་ཏོག་བཀྲམ་ལ། མཆོད་རྟེན་ནམ། བླུགས་སྐུའམ་ཆོས་ཀྱི་གླེགས་བམ་བཞག་ལ། དེའི་མདུན་དུ་ཀུ་ཤའི་ཁྲེས་སམ། ལོ་མ་ལ་བདག་ཉིད་འདུག་སྟེ། སངས་རྒྱས་བྱང་སེམས་རྣམས་ལ་མཆོག་སློང་ཕྱིར་ཕྱག་བྱས་ནས་ལྕགས་ཀྱི་འཁོར་ལོ་སོགས་བཟུང་ཞིང་དམིགས་བཟླས་བྱས་པས་ཇི་སྲིད་འབར་བ་ན་རིག་པ་འཛིན་པ་འགྲུབ་བོ། །ཞེས་གསུངས་སོ། །དམ་ཚིག་གསུམ་བཀོད་ཀྱི་རྒྱུད་ལས་མི་ཕམ་པས་བཏུས་ཏེ་སྦྱར་བས་གཞན་ལ་ཕན་པ་རྒྱ་ཆེན་འབྱུང་བར་གྱུར་ཅིག། ༈ །། ཤིན་ཏུ་ཟབ་པ་ཡི་གེ་གཅིག་པའི་སྒྲུབ་སྐོར་བཞུགས་སོ། །ཨཱཿ རང་བཞིན་


MR25_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་དབྱིངས་ལས་སྐད་ཅིག་གིས། །རང་ཉིད་འཇམ་དཔལ་རྡོ་རྗེ་གུར་གུམ་མདོག །ཕྱག་གཡས་མཆོག་སྦྱིན་གཡོན་པས་ཨུཏྤལ་བསྣམས། །དར་དང་རིན་ཆེན་རྒྱན་རྫོགས་པད་ཟླའི་སྟེང་། །རྡོ་རྗེའི་སྐྱིལ་ཀྲུང་འོད་ཟེར་རབ་འཕྲོ་བའི། །ཐུགས་ཀར་ཟླ་སྟེང་ཡེ་ཤེས་སྙིང་པོ་གསལ། །མྃ་ཞེས་གསང་སྔགས་རྒྱལ་པོ་འདི། །ཅི་འགྲུབ་བར་ནི་བཟླ་བར་བྱ། །འཇིགས་པ་ཀུན་ཞི་ཚེ་བསོད་རྒྱས། །ཁྱད་པར་འགྲོ་ཀུན་དབང་དུ་བྱེད། །བདུད་དང་བར་ཆད་ཐམས་ཅད་སྒྲོལ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །འདི་ཉིད་གཅིག་པུས་འགྲུབ་པར་བྱེད། །ཟབ་པོ་གསང་ངོ་སྙིང་ལ་ཆོངས། །ས་མ་ཡ། ཨཱཿ རང་བཞིན་འོད་གསལ་དབྱིངས་ལས་སྐད་ཅིག་གིས། །རང་ཉིད་འཇམ་དཔལ་དཔའ་བོ་ཟླ་བའི་མདོག །ཕྱག་གཡས་མཆོག་སྦྱིན་གཡོན་པས་ཨུཏྤལ་བསྣམས། །དར་དང་རིན་ཆེན་རྒྱན་རྫོགས་པད་ཟླའི་སྟེང་། །རྡོ་རྗེའི་སྐྱིལ་ཀྲུང་འོད་ཟེར་རབ་འཕྲོ་བས། །ཐུགས་ཀར་ཟླ་སྟེང་ཡེ་ཤེས་སྙིང་པོ་གསལ། །སྲིད་ཞིའི་གཟུངས་དང་སྤོབས་པ་བློ་གྲོས་བསྡུས། །རང་གི་སྙིང་གའི་ཨ་ལ་ཐིམ་པར་བསམ། །ཨ་ཞེས་གསང་སྔགས་ཐམས་ཅད་ཀྱི། །རྩ་བ་ཡི་གེའི་རྒྱལ་པོ་བཟླ། །འདི་


MR25_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ན་ནི་སྔགས་ཀུན་གྲུབ། །གསང་སྔགས་མཐའ་དག་བཟླས་པ་རྫོགས། །ཚེ་བསོད་གཟུངས་སྤོབས་བློ་གྲོས་སོགས། །གང་འདོད་དངོས་གྲུབ་མཆོག་སྩོལ་ལོ། །ས་མ་ཡ། ཡང་ན། ཐུགས་ཀར་ཟླ་སྟེང་ཀུན་ཏུ་བཟང་མོ་ནི། །ཤེས་རབ་ཕར་ཕྱིན་དཀར་མོ་སྐྱིལ་ཀྲུང་བཞུགས། །རྒྱན་མེད་གཅེར་བུ་མཉམ་གཞག་རྡོ་རྗེ་འཛིན། །ཐུགས་ཀར་ཟླ་བར་ཡི་གེའི་རྒྱལ་པོ་བསམ། །ཐམས་ཅད་མཉམ་ཉིད་ངང་བཞག་ཨ་ཉིད་བཟླ། །ཟབ་མོ་དབུ་མ་ཤེས་རབ་ཕར་ཕྱིན་གྱི། །དགོངས་པ་སྙིང་ལ་འཆར་བའི་ཐབས་མཆོག་གོ། ཨཱཿ རང་ཉིད་འོད་གསལ་དབྱིངས་ལས་སྐད་ཅིག་གིས། །རང་ཉིད་འཇམ་དཔལ་གཞོན་ནུ་འཆར་ཁའི་མདངས། །རལ་གྲི་དང་ནི་ཨུཏྤལ་པོ་ཏི་བསྣམས། །དར་དང་རིན་ཆེན་རྒྱན་རྫོགས་པད་ཟླའི་སྟེང་། །རྡོ་རྗེའི་སྐྱིལ་ཀྲུང་འོད་ཟེར་རབ་འཕྲོ་བའི། །ཐུགས་ཀར་ཟླ་སྟེང་ཡེ་ཤེས་སྙིང་པོ་གསལ། །འཁོར་འདས་ཀུན་གྱི་ཤེས་རབ་དངས་བཅུད་བསྡུས། །རང་གི་ཐུགས་ཀའི་ས་བོན་དག་ལ་བསྟིམ། །དྷཱིཿ ཞེས་གསང་སྔགས་སྙིང་པོ་ནི། །ཅི་མང་བཟླས་པས་དུས་མྱུར་དུ། །ཤེས་རབ་གཏེར་ཁ་བརྡོལ་བར་འགྱུར། །ས་མ་ཡ། ཡང་ན། ཨཿ རང་བཞིན་འོད་གསལ་དབྱིངས་ལས་སྐད་ཅིག་གིས། །རང་ཉིད་འཇམ་དཔལ་གཞོན་ནུར་གསལ་བ་ཡི། །ཐུགས་དབུས་པད་ཟླའི་སྟེང་དུ་རིན་ཆེན་ཏོག །


MR25_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་མདོག་ལོངས་སྐུའི་ཆས་ཅན་མཆོག་སྦྱིན་དང་། །མཉམ་གཞག་ཕྱག་རྒྱས་གསེར་གྱི་འཁོར་ལོ་བསྣམས། །དེ་ཡི་ཐུགས་ཀར་འཁོར་ལོ་སེར་པོ། རྩིབས་བཞིའི་དབུས། །ཡེ་ཤེས་སྙིང་པོ་གསལ་ལ་བཟླས་པ་བྱ། །བྷྲཱུྃ་ཞེས་རིག་པའི་རྒྱལ་པོ་བཟླ། །སྲུང་དང་ཞི་རྒྱས་དབང་དྲག་ལས། །ཇི་ལྟར་འདོད་པ་བཟླས་པས་འགྲུབ། །ཡང་། ཨཱཿ རང་བཞིན་འོད་གསལ་སོགས། །འཇམ་དཔལ་དཀར་པོ་སེར་པོ་གང་རུང་གསལ། མངོན་རྟོགས་འདོན་ཆ་འདྲ། མུ་ཞེས་གསང་སྔགས་གསང་བ་ཆེ། །རིག་པའི་རྒྱལ་པོ་ཅི་འགྲུབ་བཟླ། །ཞི་སོགས་རབ་འབྱམས་ལས་རྣམས་དང་། །ཁྱད་པར་སྲུང་དང་ཞི་དང་དཀྲོལ། །གསོ་དང་ཚེ་བསོད་དབང་རྣམས་འགྲུབ། །དྲན་དང་བཀླགས་པས་མྱུར་འགྲུབ་བྱེད། །ས་མ་ཡ། ཨཱཿ རང་བཞིན་འོད་གསལ་དབྱིངས་ལས་སྐད་ཅིག་གིས། །རང་ཉིད་འཇམ་དཔལ་དཔའ་བོ་ཟླ་བའི་མདོག །སོགས་འདྲ་ལ། ཐུགས་ཀར་ཟླ་སྟེང་ཡེ་ཤེས་སེམས་དཔའ་ནི། །རྣམ་སྣང་དཀར་པོ་བྱང་ཆུབ་མཆོག་རྒྱ་ཅན། །དེ་ཡི་ཐུགས་ཀར་ཟླ་བར་ཡི་གེ་ཨོཾ། །རབ་དཀར་བདུད་རྩིའི་འོད་ཟེར་འབར་བར་བསམ། །ཨོཾ་ཞེས་གསང་སྔགས་ཀུན་གྱི་སྲོག །རིག་པའི་སྙིང་པོ་ཇི་མང་བཟླ། །འདི་དང་ཞི་དང་བཀྲ་ཤིས་པ། །མཆོག་སྦྱིན་དངོས་གྲུབ་ཐམས་ཅད་ཐོབ། །ས་མ་ཡ།


MR25_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཨཿ རང་བཞིན་འོད་གསལ་དབྱིངས་ལས་སྐད་ཅིག་གིས། །རང་ཉིད་འཇིག་རྟེན་དབང་ཕྱུག་རཱ་གའི་མདོག །ཡིད་འཕྲོག་ལང་ཚོ་དར་དང་རིན་ཆེན་བརྒྱན། །མཆོག་སྦྱིན་དང་ནི་པདྨ་དམར་པོ་བསྣམས། །པད་ཟླའི་གདན་ལ་ཕྱེད་སྐྱིལ་ཚུལ་གྱིས་བཞུགས། །ཐུགས་ཀར་པདྨ་དམར་པོའི་ཟེའུ་འབྲུའི་དབུས། །ཡེ་ཤེས་སྙིང་པོ་ཨཾ་ཡིག་དམར་པོ་ལས། །མཁའ་ཁྱབ་འོད་འཕྲོས་བྱིན་རླབས་དངོས་གྲུབ་བསྡུས། །ཨཾ་ཞེས་རིག་པའི་རྒྱལ་པོ་བཟླ། །བྱིན་བས་དངོས་གྲུབ་སྤྲིན་བཞིན་འདུ། །ས་གསུམ་ཐམས་ཅད་དབང་དུ་བྱེད། །ཇི་ལྟར་འདོད་པའི་མཆོག་ཐོབ་བོ། །ཨཱཿ རང་བཞིན་འོད་གསལ་དབྱིངས་ལས་སྐད་ཅིག་གིས། །རང་ཉིད་སྤྱན་རས་གཟིགས་དབང་ཟླ་བའི་མདོག །ཕྱག་གཡས་མཆོག་སྦྱིན་གཡོན་པས་པད་དཀར་བསྣམས། །དར་དང་རིན་ཆེན་རྒྱན་རྫོགས་པད་ཟླའི་སྟེང་། །ཕྱེད་སྐྱིལ་ཚུལ་བཞུགས་ཐུགས་ཀར་ཟླ་བ་ལ། །ཡེ་ཤེས་སྙིང་པོའི་འོད་དཀར་མཁའ་ཁྱབ་འཕྲོས། །སྣང་སྲིད་ཀུན་ཀྱང་ལྷ་ཡི་ངོ་བོར་གསལ། ཧྲཱིཿཞེས་གསང་སྔགས་རྒྱལ་པོ་ནི། །འཁོར་བ་དོངས་སྤྲུགས་སྙིང་པོ་བཟླ། །མཐོང་ཐོས་དྲན་རེག་གྲོལ་བྱེད་ཅིང་། །རང་གཞན་དོན་གཉིས་ལྷུན་གྲུབ་འགྱུར། །ཡང་ན་ཆོ་ག་དེ་བཞིན་ལ། །ཐུགས་ཀར་ཟླ་བ་ལ། ཞེས་པའི་རྗེས་སུ། ཚེ་དཔག་མེད་པ་དམར་གསལ་ལོངས་སྐུའི་ཆས། །མཉམ་


MR25_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་ཕྱག་རྒྱས་བདུད་རྩིའི་བུམ་པ་བསྣམས། །ཐུགས་ཀར་ཟླ་སྟེང་ཚེ་ཡི་སྙིང་པོ་ཧྲཱིཿ འོད་དམར་འབར་བས་འཁོར་འདས་ཚེ་བཅུད་བསྡུས། །གཞོམ་མེད་བདུད་རྩིའི་ལུས་ནང་གང་བར་བསམ། །ཧྲཱིཿཞེས་ཅི་མང་བཟླས་པ་ཡིས། །རྡོ་རྗེའི་ཚེ་དང་ལང་ཚོ་ནི། །རིང་པོར་མི་ཐོགས་འགྲུབ་པར་བྱེད། །ཚེ་སྒྲུབ་ཀུན་གྱི་ཟབ་པ་སྟེ། །རང་གི་སྙིང་ལ་འཆང་བར་བྱ། །ས་མ་ཡ། ཨཱཿ རང་བཞིན་འོད་གསལ་དབྱིངས་ལས་སྐད་ཅིག་གིས། །རང་ཉིད་རྡོ་རྗེ་འཛིན་པ་ནམ་མཁའི་མདོག །གཡས་པས་རྡོ་རྗེ་གཡོན་པས་སྡིགས་མཛུབ་མཛད། །དར་དང་རིན་ཆེན་རྒྱན་རྫོགས་ཕྱེད་སྐྱིལ་གྱིས། །པད་ཟླའི་སྟེང་བཞུགས་ཡེ་ཤེས་འོད་ཟེར་འབར། །ཐུགས་དབུས་ཉི་མར་ཐུགས་སྲོག་ཧཱུྃ་མཐིང་གི། འོད་ཀྱིས་ཐམས་ཅད་ལྷར་བྱས་བྱིན་རླབས་བསྡུས། །ཧཱུཾ་ཞེས་སྔགས་ཀྱི་རྒྱལ་པོ་ནི། །ཅི་འགྲུབ་བར་ནི་བཟླས་པ་ཡིས། །རྟགས་དང་མཚན་མ་མངོན་དུ་འབྱུང་། །གང་དང་ཅི་ལ་དམིགས་པ་ཡི། །དངོས་གྲུབ་དེ་དང་དེ་བཞིན་དུ། །ཐོགས་མེད་འགྲུབ་པོ་ས་མ་ཡ། །ཨཱཿ རང་བཞིན་འོད་གསལ་དབྱིངས་ལས་སྐད་ཅིག་གིས། །རང་ཉིད་ནམ་མཁའི་སྙིང་པོ་སྔོ་བསང་མདོག །གཡས་པས་རལ་གྲི་གཡོན་པས་ནོར་བུ་བསྣམས། །དར་དང་རིན་ཆེན་རྒྱན་རྫོགས་ཕྱེད་སྐྱིལ་གྱིས། །པད་ཟླའི་སྟེང་བཞུགས་


MR25_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཀུན་དྲི་ཞིམ་ཁྱབ། །ཐུགས་ཀར་ཟླ་སྟེང་རིན་འབྱུང་ལོངས་སྐུའི་ཆས། །མཆོག་སྦྱིན་མཉམ་གཞག་དབང་གི་རྒྱལ་པོ་བསྣམས། །དེ་ཡི་ཐུགས་དབུས་ཟླ་སྟེང་རིན་པོ་ཆེར། །གསང་སྔགས་རྒྱལ་པོ་གསེར་གྱི་མདོག་ཅན་ལས། །འོད་འཕྲོས་སྣང་སྲིད་རྣམ་དག་དཔལ་གྱི་བཅུད། །རང་གི་སྙིང་གར་ཐིམ་པས་མཆོག་གྲུབ་གྱུར། །ཏྲཱྃ་ཞེས་ཡིད་བཞིན་ནོར་བུ་ཡི། །སྙིང་པོ་ཆེན་པོ་འདི་བཟླས་པས། །ཡིད་ལ་རེ་བའི་དཔལ་ཐམས་ཅད། །ལག་པའི་མཐིལ་ན་གནས་དང་མཚུངས། །དཔག་བསམ་ཤིང་དང་བུམ་བཟང་དང་། །ནོར་བུ་བཞིན་དུ་འདོད་དགུ་འགྲུབ། །ས་མ་ཡ། ཡང་ན་གོང་བཞིན། ནམ་སྙིང་ཐུགས་ཀ་རུ། །སྟོང་པའི་ཐིག་ལེ་སྔོན་པོ་ཚོན་གང་དབུས། །ཁཾ་ཡིག་ཡེ་ཤེས་ནམ་མཁའི་སྙིང་པོ་བསམ། །ཁཾ་ནི་འབུམ་བཟླས་དེ་ལ་བརྟེན་པའི་ལས། །ནམ་མཁའི་བྱེད་པ་མཐའ་དག་ཀུན་ནས་སྤྱད། །ས་མ་ཡ། ཨཱཿ རང་བཞིན་འོད་གསལ་དབྱིངས་ལས་སྐད་ཅིག་གིས། །རང་ཉིད་ས་ཡི་སྙིང་པོ་གསེར་གྱི་མདོག །ཡིད་བཞིན་ནོར་བུ་རིན་ཆེན་བུམ་པ་འཛིན། །དར་དང་རིན་ཆེན་རྒྱན་རྫོགས་པད་ཟླའི་སྟེང་། །དཔག་བསམ་ཤིང་ལ་སྐུ་རྒྱབ་བརྟེན་ནས་བཞུགས། །སྣང་སྲིད་འདོད་ཡོན་རོལ་མོའི་སྤྲིན་ཕུང་འཁྲིགས། །ཐུགས་ཀར་ཟླ་སྟེང་ཡིད་བཞིན་ནོར་བུའི་དབུས། །དྭངས་གསལ་


MR25_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་གསེར་མདོག་ས་བོན་ལས། །ཅི་འདོད་དངོས་གྲུབ་ཆར་དུ་འབབ་པར་བསམ། །སྭཱཾ་ཞེས་གསང་སྔགས་རྒྱལ་པོ་བཟླ། །ཅི་ལ་རེ་ཡང་དེ་དག་སྩོལ། །བསོད་ནམས་དཔལ་འབྱོར་རྒྱ་ཆེ་བར། །ནམ་མཁའ་མཛོད་དང་མཉམ་པ་ཐོབ། །ས་མ་ཡ། ཨཱཿ རང་བཞིན་འོད་གསལ་དབྱིངས་ལས་སྐད་ཅིག་གིས། །རང་ཉིད་རྡོ་རྗེ་ཁུ་ཚུར་མ་རྒད་མདོག །ཁྲོ་འཛུམ་དར་དང་རིན་ཆེན་རྒྱན་གྱིས་སྤྲས། །ཕྱག་གཉིས་རལ་གྲི་དང་ནི་རྒྱ་གྲམ་བསྣམས། །ཐུགས་ཀར་ཟླ་སྟེང་རྡོ་རྗེ་རྒྱ་གྲམ་དབུས། །ཡེ་ཤེས་སྙིང་པོ་སྔགས་ཀྱི་རྒྱལ་པོ་གསལ། །ཧཱ་ཞེས་གསང་སྔགས་རྒྱལ་པོ་ནི། །ཅི་ཙམ་ནུས་པར་བཟླས་པ་ཡིས། །འཕར་དང་དགོད་དང་བདེ་བ་འབར། །བགད་པ་ཙམ་གྱིས་ལས་ཀུན་བྱེད། །གང་དང་ཅི་ཡིས་ལས་རྣམས་ཀྱང་། །ཐོགས་པ་མེད་དོ་ས་མ་ཡ། །ཡང་ན་ཧཾ་ཞེས་བཟླ་བ་དང་། །རླུང་གི་ལྗང་གུའི་རང་བཞིན་དམིགས། །བསྐྱོད་དང་ཡང་དང་འགྲོ་བ་སོགས། །རླུང་གི་བྱེད་ལས་ཐམས་ཅད་འགྲུབ། །ས་མ་ཡ། ཡང་ན། ཐུགས་ཀར་ཟླ་སྟེང་དོན་ཡོད་གྲུབ་པ་ནི། །ལྗང་གུ་སྐྱབས་སྦྱིན་མཉམ་གཞག་རྒྱ་གྲམ་བསྣམས། །དེ་ཡི་ཐུགས་ཀར་ཟླ་སྟེང་རྒྱ་གྲམ་ལ། །ཡེ་ཤེས་སྙིང་པོ་སྔགས་ཀྱི་རྒྱལ་པོ་གསལ། །ཞེས་བྱས་ཧཱ་ཡིག་བཟླ་བར་བྱ། །ཨཱཿ རང་བཞིན་འོད་གསལ་དབྱིངས་ལས་སྐད་ཅིག་གིས། །


MR25_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་རིགས་བྱེད་ལྷ་མོ་སྐུ་མདོག་དམར། །གཞོན་མཛེས་ཡིད་འཕྲོག་དར་དང་རིན་ཆེན་བརྒྱན། །ཕྱག་གཉིས་ཨུཏྤལ་དམར་པོའི་མདའ་གཞུ་འགེངས། །ཞབས་གཉིས་བརྐྱང་བསྐུམ་པད་ཉིའི་སྟེང་དུ་འགྱིང་། །ཐུགས་དབུས་ཉི་མར་ཡེ་ཤེས་སྙིང་པོ་གསལ། །འོད་དམར་ཀུན་ཁྱབ་སྲིད་ཞིའི་དྲངས་བཅུད་བསྡུས། །ཧྲཱིཿཞེས་ཡི་གེ་འབྲུ་གཅིག་པ། །བརྒྱ་སྟོང་ཁྲི་འབུམ་བཟླས་པ་ཡིས། །འཇིག་རྟེན་མཐའ་དག་དབང་དུ་བྱེད། །མེ་ཏོག་དམར་པོར་སྔགས་བཏབ་པས། །གང་ལ་བྱིན་པ་དེ་དབང་གྱུར། །དེ་བཞིན་གང་འདོད་དམིགས་ལས་འགྲུབ། །ས་མ་ཡ། ཡང་ན་གླི་ཞེས་འབྲུ་གཅིག་བཟླ། །འོད་དམར་ལྕགས་ཀྱུས་དམིགས་བྱ་ཀུན། །རང་དབང་མེད་པར་གདུང་ཞིང་འདུ། །ཤིན་ཏུ་གསང་ངོ་ས་མ་ཡ། །ཨཱཿ རང་བཞིན་འོད་གསལ་དབྱིངས་ལས་སྐད་ཅིག་གིས། །རང་ཉིད་རྡོ་རྗེ་དབྱངས་ཅན་ཟླ་བའི་མདོག །ཕྱག་གཉིས་ཐུགས་ཀར་རིན་ཆེན་པི་ཝཾ་བསྒྲེངས། །དར་དང་རིན་ཆེན་རྒྱན་རྫོགས་པད་ཟླའི་སྟེང་། །ཙོག་པུའི་ཚུལ་བཞུགས་ཡིད་འོང་འོད་ཟེར་འཁྲུགས། །ཐུགས་དབུས་ཟླ་བ་ལ་གནས་འབྲུ་གཅིག་གསལ། །འཁོར་འདས་དྭངས་བཅུད་རང་གི་སྙིང་གར་བསྟིམ། །ཧྲཱིཾཿ ཞེས་རིག་རྒྱལ་འབྲུ་གཅིག་པ། །བཟླས་པས་བློ་གྲོས་མཚུངས་མེད་དང་། །ངག་གི་དབང་ཕྱུག་མྱུར་ཐོབ་ལ། །གཞན་ཡང་ཚེ་དང་སྤོབས་པ་སོགས། །སྲིད་


MR25_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཞིའི་ཡོན་ཏན་ཇི་སྙེད་འགྲུབ། །ས་མ་ཡ། འོད་གསལ་ངང་ལས་སྐད་ཅིག་ནོར་རྒྱུན་མ། །དཀར་མོ་རྒྱན་རྫོགས་བཞེངས་སྟབས་བུམ་པ་བསྣམས། །ལྟེ་བར་འདོད་འབྱུང་བདུད་རྩི་བུམ་པའི་དབུས། །བཾ་ཡིག་དཀར་པོ་བདུད་རྩིའི་འོད་ཟེར་འཕྲོ། །བཾ་ཞེས་ཅི་མང་བཟླ་བར་བྱ། །ཟས་སྐོམ་འཕེལ་དང་ལུས་སྐམ་གསོ། །བསིལ་དང་འཇམ་དང་ཞི་བའི་ལས། །ཆུ་ཡི་བྱེད་ལས་ཀུན་ཀྱང་བྱ། །ས་མ་ཡ། འོད་གསལ་ངང་ལས་སྐད་ཅིག་གོས་དཀར་མོ། །དམར་པོ་རྒྱན་རྫོགས་པདྨ་དམར་པོ་བསྣམས། །ཕྱེད་སྐྱིལ་རབ་བཞུགས་ཐུགས་ཀར་ཉི་མའི་དབུས། །རཾ་ཡིག་དམར་པོ་ཡེ་ཤེས་འོད་ཟེར་འབར། །རཾ་ཞེས་འབུམ་དུ་བཟླ་བྱས་ན། །མཚམས་མེད་ལ་སོགས་ལས་ཀུན་སྲེག །དབང་དང་བསྐམ་དང་གསད་སྲེག་སོགས། །མེ་ཡི་ལས་ཀུན་དེ་ཡིས་བྱ། །ས་མ་ཡ། སྐད་ཅིག་རང་ཉིད་ཕོ་རྒྱུད་ཀྱི། །རྗེ་བཙུན་དབང་ཕྱུག་དམར་པོ་ནི། །རྩེ་གསུམ་ཐོད་ཁྲག་ཕྱག་ན་བསྣམས། །དུར་ཁྲོད་རྒྱན་ཆས་ཡོངས་སུ་རྫོགས། །སྙིང་གར་འོད་དམར་ཀློང་དཀྱིལ་ན། །སྲོག་གི་སྙིང་པོ་ཏྲི་དམར་པོ། །ཕོ་རྒྱུད་ཡོངས་ཀྱི་སྲོག་ཏུ་དམིགས། །ཏྲི་ཞེས་ཅི་མང་བཟླས་པ་ཡིས། །ཕོ་རྒྱུད་འདུ་ཞིང་བྱིན་ཆེན་འབེབས། །དངོས་གྲུབ་ཅི་ཡང་རུང་སྟེ་སྒྲུབ། །རྟགས་མ་བྱུང་ན་ཏྲི་ཛཿཞེས། །བཟླས་པ་ཁོ་ནས་ལས་ཀུན་བྱེད། །སྐད་ཅིག་རང་


MR25_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མོ་རྒྱུད་ཀྱི། །རྗེ་བཙུན་རལ་གཅིག་སྐུ་མདོག་སྨུག །རལ་པ་གཡེང་ཞིང་གཅེར་བུའི་ཚུལ། །མི་ལྤགས་གཡང་གཞི་ལྡིང་ཐབས་གྱོན། །ཕྱག་ན་ཞིང་དབྱུག་ཙིཏྟ་བསྣམས། །དེ་ཡི་སྙིང་གར་འོད་ལྔའི་ཀློང་། །དྭངས་མའི་ཡི་གེ་ཏྲག་སྨུག་ནག །འཁོར་འདས་ཡོངས་ཀྱི་དབྱིག་ཏུ་བསམ། །མ་ཏྲག་ཛཿཞེས་བཟླས་པ་ཡིས། །མ་མོ་འདུ་ཞིང་དངོས་གྲུབ་སྟེར། །ཐོགས་པ་མེད་པར་ལས་རྣམས་སྒྲུབ། །ཤིན་ཏུ་གསང་ལ་བསྒྲུབ་པར་བྱ། །ལས་ལ་བསྐུལ་ཞིང་བྷྱོ་དང་བཅས། །འབྲུ་བཞི་སྙིང་གར་བསམས་ལ་བཟླ། །འདི་འདྲའི་མན་ངག་ཁྱད་པར་ཅན། །གཞན་ལ་མེད་དོ་ཤིན་ཏུ་གསང་། །ས་མ་ཡ་རྒྱ་རྒྱ། ཁམས་སྨྱོན་དཔའ་བོ་དབང་ཆེན་པདྨ་བཞད་པའི་རྡོ་རྗེས་ལྕགས་གླང་ཟླ་ཚེས་ལ་འཕྲལ་བབས་བཀྲ་ཤིས་སོ། ༈ །མི་འཁྲུགས་མངོན་རྟོགས་བདེ་ལམ་བཞུགས། རང་ཉིད་བཅོམ་ལྡན་འདས་མི་འཁྲུགས་པར་གསལ་བའི་ཐུགས་ཀར་པད་ཟླ་ལ་གནས་པའི་ཧཱུྃ་གི་འོད་ཟེར་གྱིས་བླ་མ་དང་གཉིས་སུ་མེད་པ་བཅོམ་ལྡན་འདས་མི་འཁྲུགས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས་ལ། ན་མོ་ན་མ་མཱི། ཕྱག་བྱས། མ་ཧཱ་པཱུ་ཛ་ཧོཿ མཆོད། བདུན་རྣམ་དག་བྱས་ལ་རང་གནས་སུ་གཤེགས། ཤུནྱ་ཏས་སྦྱངས། ཆོས་ཀུན་


MR25_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དག་སྟོང་ཉིད་ལས། །འགག་མེད་སྙིང་རྗེར་ཡོངས་ཤར་བ། །ཟླ་སྟེང་ཧཱུཾ་གི་འོད་ཟེར་གྱིས། །འགྲོ་བའི་སྒྲིབ་སྦྱངས་མི་འཁྲུགས་གྱུར། །སླར་ཡང་འཕགས་པ་ཐམས་ཅད་ཀུན། །མི་འཁྲུགས་རྣམ་པར་སྤྱན་དྲངས་ཏེ། །ས་བོན་ལ་ཐིམ་ཡོངས་གྱུར་ལས། །བདག་ཉིད་བཅོམ་ལྡན་མི་འཁྲུགས་པ། །སྐུ་མདོག་སྔོན་པོ་མཚན་དཔེར་ལྡན། །ཕྱག་གཡས་ས་གནོན་ཕྱག་རྒྱ་དང་། །གཡོན་པས་མཉམ་གཞག་རྡོ་རྗེ་འཛིན། །སྐུ་ལ་ཆོས་གོས་རྣམ་གསུམ་གསོལ། །འོད་དང་འོད་ཟེར་ཀུན་ནས་འཕྲོ། །གླང་ཆེན་གྱིས་བཏེགས་རིན་ཆེན་ཁྲིར། །པད་ཟླའི་གདན་ལ་སྐྱིལ་ཀྲུང་བཞུགས། །ཐུགས་ཀར་པད་ཟླ་ལ་གནས་པའི། །ཧཱུྃ་གི་འོད་ཀྱིས་མཁའ་ཁྱབ་ཀྱི། །རྒྱལ་བས་ཤིན་ཏུ་ཟབ་པ་ཡི་གེ་གཅིག་པའི་སྒྲུབ་སྐོར་སོགས། རྒྱལ་བས་དབང་བསྐུར་འབྲུ་གསུམ་མཚན། །སླར་ཡང་ཐུགས་ཀའི་ཧཱུྃ་འོད་ཀྱིས། །མངོན་དགའི་ཞིང་ནས་མི་འཁྲུགས་པ། །མདུན་མཁར་སྤྱན་དྲངས་མཆོད་པས་མཆོད། །ཛཿཧཱུྃ་བྃ་ཧོཿས་རང་ལ་བསྟིམ། །ཐུགས་ཀའི་ཧཱུྃ་ཡིག་གནས་གྱུར་པ། །དབུས་སུ་མི་འཁྲུགས་རང་འདྲ་རྒྱལ་པོ་དང་། །ཕྱོགས་བཞིར་རྣམ་སྣང་རིན་ཆེན་འབྱུང་། །འོད་དཔག་མེད་དང་དོན་གྲུབ་བཞི། །མཆོག་གི་སྤྲུལ་སྐུའི་རྣམ་པ་ཅན། །དཀར་སེར་དམར་དང་ལྗང་བའི་མདོག །རྣམ་སྣང་བྱང་ཆུབ་མཆོག་སོགས་ཕྱག་རྒྱ་མཛད། །གཞན་གསུམ་མཆོག་སྦྱིན་མཉམ་གཞག་སྐྱབས་སྦྱིན། ཡེ་


MR25_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སེམས་དཔའ་མི་འཁྲུགས་པའི། །ཐུགས་ཀར་པད་ཟླ་ལ་གནས་པའི། །ཏིང་འཛིན་སེམས་དཔའ་ཧཱུྃ་གི་མཐར། །བཟླ་བྱའི་སྔགས་ཀྱིས་བསྐོར་བ་ནི། །མེ་ལོང་ནང་གི་གཟུགས་བཞིན་གསལ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་ར་ཎི་མེ་སརྦ་སཏྭ་ནཱཉྩ་སྭཱ་ཧཱ། རྩ་བའི་སྔགས་འདི་ཅི་ནུས་བཟླ། །བཟླས་ཚེ་སྔགས་ཀྱི་འོད་ཟེར་གྱིས། །འཕགས་མཆོད་བྱིན་རླབས་རང་ལ་བསྡུ། །མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀྱི། །སྒྲིབ་སྦྱང་རྒྱལ་བའི་གོ་འཕང་བཀོད། །འོད་ཟེར་ཚུར་འདུས་རང་ལ་ཐིམ། །དེ་འདྲའི་དམིགས་པ་ཡང་ཡང་བྱ། །ཟབ་གསལ་གཉིས་མེད་ཡེ་ཤེས་ཀྱི། །དོན་ལ་མ་ཡེངས་རྟག་ཏུ་བསྒོམ། །ཐུན་མཐར་ཐལ་མོ་སྦྱར་བྱས་ཏེ། །བཟླས་བརྗོད་བྱས་པའི་དགེ་བ་གང་། །འགྲོ་ཀུན་བྱང་ཆུབ་ཆེ་ཐོབ་པའི། །མཆོག་གི་དངོས་གྲུབ་རྒྱུ་རུ་ནི། །བཅོམ་ལྡན་འདས་ལ་དབུལ་བར་བགྱི། །ཞེས་བྱས་ལ། སྔགས་དང་ཟླ་བ་སངས་རྒྱས་སྐུར། །རིམ་བཞིན་བསྡུས་ཏེ་ཡེ་ཤེས་པ། །རང་གི་ལུས་ནས་དབྱུང་ནས་ནི། །མདུན་གྱི་ནམ་མཁར་བཞུགས་པ་ལ། །གོང་བཞིན་མཆོད་ཅིང་བསྟོད་ནས་སུ། །ནོངས་བཤགས་མ་འབྱོར་བ་སོགས་བྱ། །ཁྱེད་ཀྱིས་སེམས་ཅན་སོགས་དང་། ཨོཾ་ཨཱཿཧཱུྃ་མུཿ ཞེས་གཤེགས་སུ་གསོལ། རང་དམ་ཚིག་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པས་བགེགས་དང་བར་ཆད་བསྲུང་བར་བསམ། དགེ་བ་འདི་ཡིས་མྱུར་དུ་བདག །མི་འཁྲུགས་


MR25_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་འགྲུབ་སོགས་སྨོན་ལམ་དང་བཀྲ་ཤིས་བརྗོད་པར་བྱའོ། །ཇོ་བོ་དཱི་པཾ་ཀ་རའི་གཞུང་ལ་བརྟེན་ནས་ཞྭ་དམར་ཆོས་ཀྱི་དབང་ཕྱུག་གིས་མཛད་པའི་ཆོ་ག་ལས་སྙིང་པོ་བསྡུས་ཏེ་མི་ཕམ་པས་ཞེ་འཛོང་བཀྲ་ཤིས་ཆོས་གླིང་དུ་བྲིས་པ་དགེའོ། །མངྒ་ལཾ། ༈ །མི་འཁྲུགས་པ་ལ་བརྟེན་ནས་གཤིན་པོའི་སྒྲིབ་སྦྱོང་དུ་ཕུང་པོ་བསྲེགས་ན། ཇི་སྐད་དུ། གཟུངས་བཟླས་པའི་ཆུའམ་ཡུངས་ཀར་བྱེ་མ་སོགས་རོ་ལ་གཏོར་བ་དང་ཁྲུས་བྱས་ཏེ་བསྲེགས་པའམ། ཡང་ན་མཆོད་པར་བཞག་ལ་རིག་སྔགས་བྲིས་ཏེ་མགོ་ལ་བཏགས་ན་ཞག་བདུན་གྱིས་ངན་སོང་ལས་ཐར་བར་གསུངས་པ་ལྟར་བུམ་ནང་མི་འཁྲུགས་བསྐྱེད་བཟླས་ཡེ་ཤེས་ཀྱི་ཆུས་ཁྲུས་བྱ། སྔགས་ཀྱི་བྱེ་མས་བྲབས། གཟུངས་སྔགས་དང་བཅས་ཏེ་བསྲེགས་པའམ། ཡང་ན་གཟུངས་བྲིས་པ་མགོར་བཏགས་ཏེ་ཕུང་པོ་དུར་དུ་གཞུག་པར་བྱའོ། །གཟུངས་བཟླ་ཚེ། གང་གི་ཆེད་བརྗོད་བྱེད་བཞིན་ཚེ་འདས་ཀྱི་མིང་བཅུག་པའི་མཆོད་རྟེན་འབུམ་བཏབ། རྒྱ་ཆེར་མཆོད་ནས་ཆུ་ལ་གཤེགས་པར་གསུང་བ་འདིའི་དམིགས་བསལ་ཏེ། སཱཙྪ་ཐམས་ཅད་དེ་ལྟར་མི་བྱ་གསུངས། ཡང་ན་ལམ་མདོར་མཆོད་རྟེན་བྱས་ནས་མཆོད། དགེ་འདུན་ལ་མཆོད་སྟོན་གསོལ་ནས་ཚེ་འདས་ཀྱི་མིང་ནས་སྨོས་ལ་འདིའི་དགེ་བའི་རྩ་བར་གྱུར་ཅིག བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བ་སོགས་སྨོན་


MR25_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་བཏབ་ན་དེ་བཞིན་སྐྱེས་ནས་ལུང་སྟོན་ཅིང་ལེགས་སོ་སྦྱིན་པར་བྱེད་དོ། ༈ །མིང་བྱང་ལ་བརྟེན་ན་ཚེ་འདས་ཀྱི་གཟུགས་ཀྱི་སྙིང་གར་ནྲྀ་མིང་བྱང་བཅས་སམ། ཡང་ན་ས་བོན་ཙམ་བྲིས་པ་དེ་དམིགས་བྱ་དངོས་སུ་བསྐྱེད་ལ་བདེན་པས་དགུག །སུཾ་བྷ་ནིས་བགེགས་བསྐྲད། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །དཀོན་མཆོག་གསུམ་པོ་དུག་མི་མངའ། །དཀོན་མཆོག་བདེན་པས་དུག་བཅོམ་མོ། །ཞེས་བརྗོད་ཅིང་ཀུ་ཤས་བྱབས་ལ་སྔགས་བརྗོད་པས་དུག་བཅོམ། བུམ་པའི་ཆུས་བཀྲུ། རྩ་སྔགས་བརྗོད་ཅིང་མིང་བྱང་སྲེག །ཐལ་བ་སཱཙྪ་གདབ་པར་བྱའོ། ༈ །དེ་ཡང་མདུན་བསྐྱེད་དམ། བུམ་པར་བཅོམ་ལྡན་མི་འཁྲུགས་པ། །དཔལ་བེའུ་ལ་སོགས་འཛིན་པ་ཡི། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་བསྐོར། །ཡེ་ཤེས་སྤྱན་དྲངས་གཉིས་མེད་གྱུར། །ཅེས་དམིགས་ལ་མཆོད་བསྟོད་བྱ་ཞིང་སྐུ་ལས་བདུད་རྩི་བབས་པས་བུམ་པ་གང་བ་དང་། མཐར་འོད་དུ་ཞུ་བུམ་ཆུར་བསྟིམ་པར་བྱའོ། ། ༈ གཏོར་མ་འབུལ་ན། གཏོར་མའི་སྟེང་དུ་ཨ་ལས་ཟླ་དཀྱིལ་ལ་གནས་པའི་ཧཱུྃ་གི་འོད་ཟེར་དཀར་པོའི་ཚོགས་འཕྲོས་ནས་གཏོར་མ་ལ་ཐིམ་པས་གཏོར་མ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་ཟད་མི་ཤེས་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབ། རང་གི་ཐུགས་ཀའི་ཧཱུྃ་གི་འོད་ཀྱིས་མངོན་དགའི་


MR25_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ནས་མི་འཁྲུགས་རྒྱལ་པོ་འཁོར་བཅས་སྤྱན་དྲངས་ཏེ་མདུན་མཁར་བཞུགས་པའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་གསོལ་བར་བསམ། ཨ་ཀཱ་རོས་འབུལ། ཉེར་སྤྱོད་ཀྱིས་མཆོད་ཅིང་བསྟོད། འདོད་གསོལ་བྱས་ལ། ཨོཾ་ཨཱཿཧཱུྃ་མུཿ ས་སླར་གཤེགས་གསོལ་བྱའོ། །དབང་བསྐུར་འདོད་ན་ལྷའི་དལ་དུ་ཆུ་ཅོད་པན་ཙམ་གྱིས་དབང་ནོད་པར་བྱའོ། །ཞྭ་དམར་པའི་གཞུང་ལས་སོ། ༈ །བཅོམ་ལྡན་མི་འཁྲུགས་རྒྱལ་པོ་འཁོར་བཅས་ཀྱིས། །ཟག་མེད་བདུད་རྩིའི་མཆོད་གཏོར་འདི་བཞེས་ལ། །བདག་ཅག་བྱང་ཆུབ་བར་དུ་རྗེས་འཛིན་ཞིང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། ༈ །གཏོར་མའི་མགྲོན་ཐམས་ཅད་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར། ༈ །འཕགས་པ་སྤྱན་རས་གཟིགས་སེང་གེ་སྒྲའི་སྒྲུབ་ཐབས་ཡིད་བཞིན་རེ་སྐོང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡ། འདིར་འཕགས་པ་སྤྱན་རས་གཟིགས་ཀྱིས་ཁམས་གསུམ་གྱི་དྲེགས་པ་མ་ལུས་པ་དབང་དུ་བསྡུས་པའི་དཔའ་བོ་ཆེན་པོ་ཀླུའི་སྡེ་དཔོན་སེང་གེ་སྒྲའི་སྒྲུབ་ཐབས་ཉམས་སུ་ལེན་པར་འདོད་པས། ནངས་པར་ལངས་ནས་དྲི་བཟང་གི་ཆུས་ཁྲུས་བྱས། གཙང་སྦྲ་ལ་གནས་པས་ཡིད་མཐུན་གྱི་གནས་སུ་སྟན་བདེ་བ་ལ་འདུག །སེང་གེ་སྒྲའི་སྐུ་ལུག་མའམ་བྲིས་སྐུ་ཡོད་ན་བཀྲམ། མདུན་དུ་བའི་ལྕི་བའི་མཎྜལ་


MR25_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་སོགས་མཆོད་པ་བཀྲམ། དེ་ལྟར་མ་གྲུབ་ནའང་དམིགས་བཟླས་རུང་ལ། ཐོག་མར་ཁ་བསང་བ་སོགས་བྱས་ཏེ། རང་གི་སྙིང་གར་ཨ་ལས་ཟླ་བའི་སྟེང་དུ་ཧྲཱིཿདཀར་པོ་ལས་འོད་འཕྲོས་པས་བཅོམ་ལྡན་འདས་སེང་གེ་སྒྲ་བླ་མ་དང་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས་ཏེ་མདུན་གྱི་ནམ་མཁར་བཞུགས་པར་བསམས་ལ། ན་མོ་གུ་རུ་སིདྷ་ནཱ་ད་མཎྚ་ལ་ས་པ་རི་ཝཱ་ར་མ་ཧཱ་པཱུ་ཛ་མེ་གྷ་ཧོཿ ཞེས་ཕྱག་བྱ་ཞིང་དངོས་འབྱོར་ཡིད་སྦྲུལ་གྱི་མཆོད་པ་རྒྱ་ཆེན་པོས་མཆོད། དཀོན་མཆོག་གསུམ་ལ་སོགས་བདུན་རྣམ་དག་བྱ། དེ་ནས་ཚད་མེད་བཞི་བསྒོམས་ལ། ཨོཾ་ཤཱུ་ནྱ་ཏས་སྦྱངས། སྟོང་པའི་ངང་ལས་སྙིང་རྗེ་ཆེན་པོའི་སྨོན་ལམ་གྱི་འཕེན་པས་པཾ་ལས་པདྨ། ཨ་ལས་ཟླ་བ། དེའི་སྟེང་དུ་ཨཱཿདཀར་པོ་ལས་སེང་གེ་ཟླ་བའི་མདངས་ཅན། དེའི་སྟེང་དུ་ཨཾ་ལས་གྱུར་པའི་པདྨ་དཀར་པོའི་ལྟེ་བ་ལ་ཧྲཱིཿདཀར་པོ་འོད་ཟེར་ཀུན་ནས་འཕྲོ་བས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ་ཧྲཱིཿལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་སྤྱན་རས་གཟིགས་སེང་གེ་སྒྲ་སྐུ་མདོག་རབ་ཏུ་དཀར་ཞིང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། རལ་པའི་ཅོད་པན་བཅིངས་ཤིང་འོད་དཔག་མེད་པས་དབུ་ལ་བརྒྱན་པ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་ཀླུ་བརྒྱད་སྦྲུལ་གྱིས་ཚངས་སྐུད་བྱས་པ། སྟག་གི་པགས་པའི་ཤམས་ཐབས་ཅན། ཕྱེད་


MR25_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིལ་དུ་གཡས་བརྐྱང་བས་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པ། ཕྱག་གཡས་པུས་མོ་ལ་བརྟེན་ཏེ་བརྐྱང་བས་པདྨ་མེད་ཀྱང་ཆོག་པདྨ་དཀར་པོའི་སྟེང་ན་ཝཱ་རུ་ཎ་སྦྲུལ་དཀར་པོས་དཀྲིས་པའི་རྩེ་གསུམ་དཀར་པོ་མི་མགོ་ཅན་འཛིན་པ། ཕྱག་གཡོན་ཕྱག་མཐིལ་ས་ལ་སྦྱར་བའི་མཐེབ་མཛུབ་ཀྱིས་པདྨ་དཀར་པོའི་སྟེང་དུ་རལ་གྲི་དཀར་པོ་དང་། དེ་དང་ཉེ་བར་གནས་པའི་པདྨ་དཀར་པོའི་སྟེང་དུ་མེ་ཏོག་དྲི་བཟང་པོ་སྣ་ཚོགས་པས་བཀང་བའི་བྲམ་ཟེའི་ཐོད་པ་དཀར་པོ་བསྣམས་པ། དབུའི་ཐད་ནས་དེ་བཞིན་གཤེགས་པ་ལྔ་འཕྲོ་བ། སྤྲུལ་པའི་སྐུ་དཔའ་བོ་ཆེན་པོ་དཀའ་ཐུབ་བསམ་གཏན་ལ་གནས་པའི་ཚུལ་ཅན་དུ་གསལ། རང་གི་སྙིང་གར་ཟླ་བ་ལ་གནས་པའི་ཧྲཱིཿཡིག་གི་འོད་ཀྱིས་འོག་མིན་ནས་ཡེ་ཤེས་སེམས་དཔའ་རང་འདྲ་བ་སངས་རྒྱས་བྱང་སེམས་ཀྱིས་བསྐོར་བ་སྤྱན་དྲངས་ནས་རང་ལ་ཐིམ། སླར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་རིགས་ལྔའི་རྣམ་པར་སྤྱན་དྲངས་ཏེ་དབང་བསྐུར་ནས་འོད་དཔག་ཏུ་མེད་པས་རྒྱས་གདབ་པར་བསམ་མོ། །དེ་ལྟ་བུ་ལ་དམིགས་བཞིན་བཟླ་བྱའི་སྔགས་ནི། ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་ཧཱུྃ་ཕཊ། ཅེས་པ་སྙིང་པོ་སྟེ་འོད་དཔག་མེད་སོགས་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་གསུངས་པ་འདི་ལན་གཅིག་བརྗོད་པས་སྡིག་པ་ཀུན་བྱང་། སྲིད་པར་ཉམ་ངར་མི་འགྲོ། མཚོན་དང་ནད་དང་དགྲ་དང་ཆོམ་པོ་ཀླུ་སོགས་ཀྱིས་མི་


MR25_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

འཚེ། རྟག་ཏུ་དཔལ་དང་ལྡན། བུད་མེད་ཀྱི་ལུས་སུ་མི་འགྱུར། རྟག་ཏུ་སྐྱེ་བ་དྲན། ཤི་ནས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །གཟུངས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཨཱཪྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ཀ་ཊེ། བི་ཀ་ཊེ། ནི་ཀ་ཊེ། ཀ་ཊཾ་ཀ་ཊེ། ཀ་རོ་ཊེ། ཙི་ཏི་ཛྭ་འདི་བཞག་ཀྱང་ཆོག ལ་ཀ་རོ་ཊི་ཏིའང་། བཱི་ར་ཡེ་སྭཱ་ཧཱ། གཟུངས་འདིས་ལྷ་ཀླུ་ལ་སོགས་པའི་དུག་ནད་ཐམས་ཅད་ཞི། གཟུངས་འདི་ནི་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུས་གསུངས་ཤིང་སྒྲིབ་པ་ཐམས་ཅད་སེལ། སྙིང་ནད་འབར་བ་སོགས་གསོ་དཀའ་བའི་ནད་ཀུན་ལས་གྲོལ་ནས་ཕྱི་མ་བདེ་བ་ཅན་དུ་སྐྱེ། འདི་གལ་ཏེ་ཉི་མ་བདུན་ནམ། བཅུ་གསུམ་མམ། རིང་ཡང་ཞག་ཉེར་གཅིག་ལ་བསྒྲུབ་ན་མཚམས་མེད་པ་ལྔ་བྱས་པས་ཀྱང་གྲུབ་པར་འགྱུར་ལ། གལ་ཏེ་མ་གྲུབ་ན་ང་ཉིད་མཚམས་མེད་ལྔ་བྱས་པར་འགྱུར་ཞེས་འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་བཞེས་ཡིན་ནོ། །ནངས་པར་ལངས་ནས་ཆུ་དྲི་ཞིམ་པོས་ཁྲུས་བྱས་ཏེ་གཙང་སྦྲ་ལ་གནས་པས་སེང་གེ་སྒྲའི་སྤྱན་སྔར་སྙིང་པོ་གཟུངས་དང་བཅས་པ་ཟློས་ན་དེའི་ལུས་ལ་མཛེ་ཤུ་ཕོལ་འབྲས། མེ་དབལ། གག་ལྷོག སྦོས་པ། དམུ་ཆུ། མཁལ་རྡོལ། སྐམ་པ། རིམས་དང་དུག་དང་ནད་སྣ་ཚོགས་འདུ་བ། གློ་ནད། དབུགས་མི་བདེ་བ་སོགས་རླུང་མཁྲིས་


MR25_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བད་ཀན་འདུས་པའི་ནད་ཐམས་ཅད་ལས་ཐར་བར་འགྱུར་རོ། །བྱད་དང་གཤེད་བྱེད་དུས་མིན་འཆི་བ་སོགས་འཚེ་བ་ཐམས་ཅད་ལས་ཐར་ཞིང་། གནོད་བྱེད་མ་ལུས་པ་ཚར་ཆོད་པར་འགྱུར་རོ། །གཟུངས་འདི་སངས་རྒྱས་ཀུན་གྱི་བྱིན་གྱིས་བརླབས་པའོ། །འདི་འཛིན་འཆང་འབྲི་ན་ནག་པོ་ཆེན་པོ་དང་རྒྱལ་པོ་བཞི་ཝཱ་རུ་ཎ་སོགས་མཐུ་བོ་ཆེ་ཐམས་ཅད་དེའི་རྗེས་སུ་འབྲངས་ནས་དཔག་ཚད་སྟོང་ཚུན་ཆད་ཀྱི་ལོག་འདྲེན་དང་རྒོལ་བ་ཐམས་ཅད་འཇོམས། བྲི་སྒོམ་སྔགས་ཕྱག་རྒྱ་ནོར་བ་སོགས་འདི་བཟླས་པས་སེལ། འདི་ནི་ཆོ་ག་མི་དགོས་པར་ལས་ཐམས་ཅད་འགྲུབ་པ་སྟེ། བསྟོད་ཅིང་གཟུངས་སྔགས་ཟློས་པ་དེ་མཚམས་མེད་ལྔའི་ལས་སྒྲིབ་ལས་ཐར། བསྐལ་པ་སྟོང་དུ་ངན་སོང་དང་བུད་མེད་ཀྱི་ལུས་སུ་མི་འགྱུར། དཀྱིལ་འཁོར་ཐམས་ཅད་དུ་ཞུགས་ཤིང་སྔགས་ཐམས་ཅད་ཟློས་པར་འགྱུར་རོ་ཞེས་གསུངས། སེང་གེ་སྒྲའི་སྐུ་གཟུགས་ཀྱི་མདུན་དུ་བ་ཡི་ལྕི་བ་སྔར་ས་ལ་མ་ལྷུང་བ་བླངས་ཏེ། སོ་སོར་མ་འདྲེས་པའི་དཀྱིལ་འཁོར་བརྒྱད་བྱས་ལ། མཎྜལ་རེ་ལ་མེ་ཏོག་ཚོམ་བུ་ལྔ་ལྔ་བཀྲམ། དེར་མེ་ཏོག་བདུག་པ་སྤོས་དང་ཕྲེང་བ་ཕྱེ་མ་རྣམས་ཀྱིས་མཆོད་ནས་མཎྜལ་རེ་རེ་ལ་གཟུངས་ལན་བཅུ་གསུམ་བཅུ་གསུམ་རེ་བཟླས་ལ་ལྕི་བ་དེ་བསྡུས། དེ་ནས་ལན་བདུན་གྱིས་ལྕི་བ་ལྷག་མ་ལ་སྔགས་ཤིང་ནད་པ་ལ་བྱུགས་ན་ནད་ཐམས་ཅད་ཉེ་བར་ཞིའོ། །


MR25_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་རྗེས་སུ་མཆོད་ཅིང་བསྟོད། སྤྲོ་ན་གཟུངས་ཀྱི་ནང་གི་བསྟོད་པ་དེ་འདོན། མཇུག་ཏུ་མི་དམིགས་པར་བསམས་ལ་དགེ་བ་བསྔོ་བར་བྱའོ། །འདི་ལ་སྙིང་རྗེ་ཀླུ་འདུལ་ཞེས་ཀྱང་བྱ། སྙིང་ནད་སེལ་བ་ཞེས་ཀྱང་བྱ་སྟེ། ཀླུ་གཉན་དང་ས་བདག་གི་ནད་གསོ་དཀའ་བ་སོགས་ནད་ཐམས་ཅད་འཇོམས་པར་མཆོག་ཏུ་བསྔགས་ཤིང་། སྒྲིབ་པ་དང་རྒུད་པ་ཐམས་ཅད་ཟད་ཅིང་མཆོག་ཏུ་སྐལ་བ་བཟང་པོ་དང་ཡིད་ལ་འདོད་པའི་དངོས་གྲུབ་མཐར་ཐུག་གི་འབྲས་བུ་དཔལ་བདེ་བ་ཆེན་པོ་སྟེར་བས་ན་བདག་ལེགས་སུ་འདོད་པས་དང་དུ་བླང་བར་བྱའོ། །འདི་ནི་གཟུངས་དང་རྒྱ་གཞུང་རྣམས་ཀྱི་དགོངས་པ་སླད་མེད་བཞིན་རབ་ཚེས་མེ་བྱ་གྲོ་བཞིན་ཟླ་བའི་ཡར་ཚེས་དྲུག་པ་གཟའ་ཕུར་བུ་དང་རྒྱུ་སྐར་ས་རི་རྩེ་བའི་དུས་བཟང་པོ་ལ་བཤད་སྒྲུབ་ཆོས་གླིང་དུ་འཇམ་དཔལ་དགྱེས་པས་བཀོད་པ་སྟེ། འདིས་ཀྱང་སེམས་ཅན་ཐམས་ཅད་ལ་ཕན་བདེ་མི་ཟད་པ་སྦྱིན་པར་ཤོག་ཅིག།། ༈ །།སེང་གེ་སྒྲའི་གཟུངས་ལས་གསུང་བའི་བསྟོད་པ་ནི། ཨོཾ། ཐུགས་རྗེ་ཆེན་པོ་སྤྱན་གཟིགས་མཚན་བརྒྱ་རྩ་བརྒྱད་ལ། ཀྱེ་ཀྱེ་སངས་རྒྱས་བཅོམ་ལྡན་འདས། བྱ་བ་བྱས་སོགས་ནས་འདྲ་འདུག བཅོམ་ལྡན་འདས། །བྱ་བ་བྱས་ཤིང་བྱད་པ་བྱས། །ཁུར་བོར་བདག་དོན་རྗེས་སུ་བརྙེས། །སྲིད་པར་སྦྱོར་བ་ཡོངས་སུ་ཟད། །ཡང་དག་མཐའ་ལས་རྣམ་པར་གྲོལ། །སེམས་དཔའ་དབང་བསྒྱུར་ཐམས་ཅད་ཀྱི། །མཆོག་ཏུ་


MR25_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་ཕྱིན་ཐོབ་པ། །སྲིད་ལས་བརྒལ་ཞིང་ཚོགས་གཉིས་རྫོགས། །ཨཱཿ གཞན་ལ་ཕན་བརྩོན་ཐུགས་རྗེ་ཅན། །སེམས་ཅན་ཀུན་ལ་མཆོག་ཏུ་བྱམས། །ཁམས་གསུམ་ཀུན་གྱི་གཉེན་གཅིག་པུ། །མཐའ་ལས་སེམས་ཅན་སྒྲོལ་ལ་མཁས། །ཧྲཱིཿ འགྲོ་བ་ཉམ་ཐག་ཀུན་ཏུ་སྐྱོབ། །དྲི་མ་གསུམ་སྤངས་ཕ་རོལ་ཕྱིན། །མངོན་ཤེས་དྲུག་བརྙེས་ནྱ་གྲོ་བུ། །སྐྱེས་བུ་ཆེན་པོའི་མཚན་རྣམས་ནི། །སུམ་ཅུ་རྩ་གཉིས་དག་དང་ལྡན། །དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས། །སྐུ་མདོག་ཤེལ་གྱི་ཁ་དོག་འདྲ། །གངས་རི་ཉི་ཤར་ལྟ་བུར་མཚོན། །སྐུ་ཚད་ཆེ་ལ་འོད་ཟེར་འབར། །རིགས་ལྔ་སངས་རྒྱས་སྐུ་ལ་འཕྲོ། །དབུ་སྐྲ་ཐོར་ཚུགས་གྱེན་ལ་བརྫེས། །དབུ་ལ་འོད་དཔག་མེད་པ་བཞུགས། །ཀླུ་རྣམས་ཐམས་ཅད་འདུལ་མཛད་པ། །རྩེ་གསུམ་སྦྲུལ་གྱིས་རབ་ཏུ་དཀྲིས། །རིགས་གསུམ་མགོན་པོའི་བྱིན་རླབས་འཛིན། །དུག་གསུམ་རྩད་ནས་གཅོད་ལ་བསྟོད། །སྐྱོན་གྱིས་མ་གོས་པདྨ་བསྣམས། །ཤེས་རབ་ཕུན་སུམ་རལ་གྲི་འབར། །ཉོན་མོངས་དག་པ་བྲམ་ཟེའི་མགོ། །མེ་ཏོག་དྲི་ཞིམ་ཚོགས་ཀྱིས་བཀང་། །ཀླུ་རྣམས་ཀུན་ནས་དབང་བསྡུས་པས། །སྤྲུལ་གྱི་ཚངས་སྐུད་མཛེས་ལ་བསྟོད། །སིཾ་ཧ། པདྨ་དག་གི་གདན་ལ་བཞུགས། །བདུད་བཞི་ཟིལ་གྱིས་གནོན་མཛད་པ། །སེང་གེ་དཀར་པོའི་གདན་ལ་བཞུགས། །འདོད་པའི་དོན་


MR25_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བསྒྲུབ་པའི་ཕྱིར། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །བ་སྤུ་ཉག་མ་རེ་རེ་ཡང་། །སེམས་ཅན་ཀུན་གྱི་མཆོག་ཏུ་གྱུར། །ཕྱག་འཚལ་ཐུགས་རྗེ་ཅན་ལ་བསྟོད། །ཏཱ། དམ་ཆོས་རྒྱལ་ཚབ་དབང་བསྐུར་བ། །ལྷ་མོ་སྒྲོལ་མ་རྗེས་སུ་འབྲང་། །འཇིགས་པ་བརྒྱད་སྐྱོབ་སྐུ་མདོག་ལྗང་། །གནོད་པ་སེལ་བ་མི་འཇིགས་སྦྱིན། །ཨུཏྤལ་ཐུགས་རྗེའི་བདག་ཉིད་ཅན། །བཏུད་དེ་སྤྲུལ་པ་མང་པོ་འགྱེད། །ཧཱུྃ། གོས་དཀར་མ་ནི་བཀའ་བཞིན་བྱེད། །ཡིད་བཞིན་འཁོར་ལོ་བདེ་བར་བསྐོར། །འདོད་པའི་དོན་ཡོད་སྡུག་བསྔལ་ཞི། །འཇིགས་པ་བརྒྱད་པོ་སེལ་ལ་བསྟོད། །ཕཊ། ཧ་ཡ་གྲཱི་ཝ་ཁྲོ་བོའི་སྐུ། །འཕགས་པ་རྟ་མགྲིན་བདུད་བཞི་འཇོམས། །ཀྲོདྷ་མགྲིན་སྔོན་གདུག་པ་འདུལ། །ཀླུ་བདུད་འདུལ་མཛད་ཧཱུྃ་གིས་བསྟོད། །ནཱ། ནམ་མཁའ་ཀླུ་རྒྱལ་ཝཱ་རུ་ཎ། །ཆུ་ལྷ་སྟོན་པའི་ཞལ་མཐོང་ཞིང་། །བསྟན་ལ་རབ་དགའ་ཀླུ་རྣམས་འདུལ། །ས་དང་པོ་ཡི་བདེན་པ་མཐོང་། །བདེ་བར་གཤེགས་པའི་རིང་བསྲེལ་འཛིན། །ཀླུ་རྒྱལ་བྱང་ཆུབ་སེམས་ལ་བསྟོད། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཨོཾ་ཀ་ཊེ་བི་ཀ་ཊེ་ནི་ཀ་ཊེ། ཀ་ཏཾ་ཀ་ར་སྭཱ་ཧཱ། གང་གིས་བསྟོད་ཅིང་ཟློས་པ་དེའི་མཚམས་མེད་པ་ལྔ་བྱས་པའི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་བར་འགྱུར་རོ། །དཀྱིལ་འཁོར་ཐམས་ཅད་དུ་ཞུགས་ཤིང་སྔགས་ཐམས་ཅད་བཟླ་བར་འགྱུར་རོ། །


MR25_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པ་སྟོང་གི་བར་དུ་ངན་སོང་དང་བུད་མེད་ཀྱི་ལུས་སུ་མི་སྐྱེའོ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །མངྒ་ལཾ། ༈ །སེང་གེ་སྒྲའི་གཟུངས་ཀྱི་ལོ་རྒྱུས་ལས། སྔོན་བཅོམ་ལྡན་འདས་རི་བོ་ཏ་ལའི་རྩེ་མོར་བཞུགས་དུས། མ་ག་དྷའི་རྒྱལ་པོ་དབང་ཕྱུག་འོད་ཅེས་འཁོར་དང་བཙུན་མོ་ལོངས་སྤྱོད་རྒྱ་ཆེན་པོ་ལྡན་ཀྱང་། མཛེ་ཕོལ་དབུགས་མི་བདེ་བའི་སྙིང་ནད་འབར་བས་མནར་བ་དེ་བསལ་ཕྱིར་འཇམ་དཔལ་གྱིས་བཅོམ་ལྡན་འདས་ལ་ཞུས། རྒྱལ་པོ་དེའི་ཁང་པར་ཀླུའི་དུག་གིས་གང་ནས་འདུག་པ་ལ་གཟུངས་འདིས་དུག་ཕྱུངས་ཏེ་ཞི་བར་གསུངས། སྔོན་ཞིང་འདིར་འཇམ་དཔལ་ཤེས་རབ་ཆེན་པོ། སྤྱན་རས་གཟིགས་སྙིང་རྗེའི་མཆོག་ཅེས་པར་གྱུར་ནས་གཞན་དོན་བྱེད་པ་ལ། དེར་གྲོགས་ལ་ཕན་བཏགས་ཕྱིར་འཇམ་དཔལ་གྱི་རལ་གྲིས་རང་བཀུམ་པ་དང་། སྙིང་རྗེ་མཆོག་གིས་ནམ་མཁའ་དང་བར་སྣང་ས་ཡི་ལྷ་ཀླུ་སོགས་ཀྱིས་བསད་དོ་སྙམ་དུ་བརྟུལ་ཞུགས་ཆེན་པོས་ནམ་མཁའ་བར་སྣང་ས་གཞིའི་དྲེགས་པ་ཅན་ཐམས་ཅད་ཁ་ཊྃ་གྱིས་བསྡིགས་ནས་དབང་དུ་བསྡུས་པ་དེ་སེང་གེ་སྒྲ་ཡིན་ཅེས་གསུངས་སོ། །མངྒ་ལཾ། ༈ ། མི་འཇིགས་པ་སྦྱིན་བྱེད་མཆོག་ཏུ་ཟབ་པ་རིག་པའི་ལྷ་མོ་ལྔའི་སྒྲུབ་ཐབས་བཞུགས། ན་མོ་གུ་རུ་མཉྫུ་གྷོཥཱ་ཡ། འདིར་འཇིགས་མེད་རིག་པའི་ལྷ་མོ་ལྔའི་སྒྲུབ་ཐབས་ལས། དང་


MR25_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གདུགས་དཀར་མོ་སྒྲུབ་པར་འདོད་པས། མདུན་གྱི་ནམ་མཁར་བཅོམ་ལྡན་འདས་མ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་བཞུགས་པར་དམིགས་ལ། དཀོན་མཆོག་གསུམ་ལ་སོགས་ཚིགས་བཅད་གསུམ་ཚར་གསུམ་བརྗོད་ནས། ཚད་མེད་བཞི་བསྒོམ། ཤཱུ་ནྱ་ཏས་སྦྱངས། ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་བཀོད་པ་ལས་བྱུང་བའི་རྡོ་རྗེ་སྲུང་བའི་འཁོར་ལོའི་དབུས་སུ་བགེགས་དང་ལོག་འདྲེན་བརྫིས་པའི་གདན་གྱི་སྟེང་དུ་པདྨ་དང་ཉི་མ་ལ་གནས་པའི་གདུགས་དཀར་པོ་ཨོཾ་གྱིས་མཚན་པ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཏེ་ཡོངས་སུ་གྱུར་པ་ལས། འཕགས་པ་གཞན་གྱིས་མི་ཐུབ་པ་དཀར་མོ་ཞལ་གཅིག་ཕྱག་གཉིས། གཡས་མཆོག་སྦྱིན། གཡོན་གདུགས་དཀར་པོ་བསྣམས་པའི་དབུ་ཡི་སྟེང་དུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་དང་བཅས་པ། མེ་དཔུང་འབར་བའི་དབུས་ན་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་། ཕོ་ཉ་དང་ཕོ་ཉ་མོ་དང་མཆོད་པའི་སྤྲིན་གྱི་འོད་ཟེར་འཕྲོ་བ། སངས་རྒྱས་ཀུན་གྱིས་དབང་བསྐུར་བ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རིམ་གྲོ་བྱེད་པ། འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་མཆོད་ཅིང་བསྟོད་ལ་བཀའ་སྒྲུབ་པའི་སྐུ་ཅན་དུ་གྱུར། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ


MR25_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་ཧཱུྃ། དེ་ལས་འོད་འཕྲོས་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿརང་ལ་གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་དབང་གི་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས་ཏེ་དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་དབང་བསྐུར་ཞིང་། རིགས་བདག་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་གྱུར། ཐུགས་ཀར་ཟླ་བ་ལ་ཨོཾ་ཡིག་དཀར་པོ་སྔགས་ཕྲེང་བཅས་པ་གསལ་བཏབ་ལ། ཏདྱ་ཐཱ། ཨོཾ་ཨ་ན་ལེ་ཨ་ན་ལེ། ཁ་ས་མེ་ཁ་ས་མེ། བཻ་ར་བཻ་ར། སཽ་མེ་སཽ་མེ། སརྦ་བུདྡྷ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུྃ་ཕཊ། ཨོཾ་མ་མ་ཧཱུྃ་ནི་སྭཱ་ཧཱ། ཞེས་བཟླ་ཞིང་། ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སྣང་བ་ཐམས་ཅད་བཅོམ་ལྡན་འདས་མའི་སྐུ་དང་སྔགས་ཀྱི་རང་སྒྲར་ཤར་བས་ནད་གདོན་བྱད་ལྟེམས་འཇིགས་པ་ཞི་བ་སོགས་ཇི་ལྟར་བསམ་པའི་ལས་སྒྲུབ་ཅིང་། བྱིན་རླབས་དངོས་གྲུབ་ཐམས་ཅད་ཚུར་བསྡུས་ནས་རང་གི་ཐུགས་སྲོག་ལ་ཐིམ་པར་བསམ། མཐར་ཡེ་ཤེས་པ་མདུན་དུ་བཞུགས་པ་ལ། ཨརྒྷཾ་སོགས་ཀྱིས་མཆོད། ཕྱིར་ཟློག་ཆེན་མོ་རིག་སྔགས་རྒྱལ། །གཞན་གྱིས་མི་ཐུབ་སྟོབས་ཆེན་མ། །གདུགས་དཀར་ཆེན་མོ་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའི་ཚོགས་བཅས་བསྟོད། །འདི་ལ་འདས་གཏོར་


MR25_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

མི་དགོས། བྱེད་པར་སྤྲོ་ན། དཀར་གཏོར་འབྲུ་གསུམ་གྱིས་བདུད་རྩིའི་རྒྱ་མཚོར་བྱིན་གྱིས་བརླབས་ལ། རྩ་སྔགས་དང་ཨ་ཀཱ་རོས་འབུལ། མཆོད་ཅིང་བསྟོད་ལ། བཅོམ་ལྡན་འདས་མས་བདག་ལ་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ་ཞེས་འདོད་དོན་ལ་གསོལ་བ་བཏབ། འཇིག་རྟེན་པའི་གཏོར་མ་ནི། གཙང་མའི་ཟས་ཀྱི་དཀར་གཏོར་གཅིག་དང་། ཤ་ཆང་སྒོག་བཙོང་སོགས་སྣ་ཚོགས་ཀྱིས་སྦགས་པའི་དམར་གཏོར་གཅིག་བཤམས། སྔགས་དྲུག་ཕྱག་དྲུག་གི་བྱིན་གྱིས་བརླབས། ཨ་ཀཱ་རོ་བདུན་གྱིས་གཙང་རིགས་རྣམས་དང་འབྱུང་པོ་རྣམས་ལ་བསྔོ། དེ་ནས་ཆ་གསུམ་གཏོར་མའང་བཏང་ན་ལེགས། ཐུན་མཚམས་སུ་བྲིས་སྐུའི་མདུན་གཟུངས་མདོ་ཅི་ནུས་སུ་བཀླག་གོ། ཐུན་མཐར་འདོད་དོན་ལ་གསོལ་བ་བཏབ་ཅིང་བཟོད་པར་གསོལ་ལ་མི་དམིགས་པར་མཉམ་པར་བཞག་ནས་སླར་དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པར་བྱའོ། །རྡོ་རྗེ་གཙུག་ཏོར་ཕྱིར་བཟློག་ཆེན་མོ་འདི་ནི་གདོན་དང་འཇིགས་པ་བྱད་སྟེམས་ཐམས་ཅད་ཀྱི་གཉེན་པོ་མཆོག་ཏུ་བསྔགས་པ་རྨི་ལམ་ངན་པ་སོགས་བཀྲ་མི་ཤིས་པའི་མཚན་མ་ཐམས་ཅད་སེལ་ཞིང་གཞན་གྱིས་མི་ཐུབ་པ་མཆོག་ཏུ་དགེ་བར་བྱེད་དོ། །འདིའི་རྗེས་གནང་ནི་རྒྱ་མཚོ་བཞིན་ནོ། ༈ །གཉིས་པ་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་སྒྲུབ་ཐབས་ནི་སྔོན་འགྲོ་གོང་འདྲ་ལ། སྟོང་པའི་ངང་ལས་ཟླ་བ་དང་ཉི་མ་


MR25_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བའི་སྟེང་དུ་དྷྭཾ་སེར་པོ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་བདག་ཉིད་གཡུལ་ལས་སྒྲོལ་བར་བྱེད་པའི་ཁྲོ་མོ་སེར་མོ་ཡིད་དུ་འོང་བའི་གཟུགས་ཅན། ཞལ་བཞི་ཕྱག་བཞི་པ། ཞལ་རེ་རེ་བཞིན་ཁྲོ་བའི་སྤྱན་གསུམ་དམར་ཟླུམ་མཛེས་པ། རྩ་བའི་ཞལ་དང་པོ་སེར་ཞིང་གཡས་དཀར་གཡོན་དམར་བ། སྟེང་གི་ཞལ་འཇིགས་ཤིང་རྔམ་པ་དུ་བའི་མདོག་ཅན་རལ་བ་གྱེན་དུ་བརྫེས་ཤིང་ཐོད་སྐམ་ལྔས་དབུ་ལ་བརྒྱན་པ། གཡས་པའི་དང་པོ་ན་རལ་གྲི་གདེངས་པ། གཉིས་པ་ན་འཁོར་ལོ་འཛིན་པ། གཡོན་དང་པོས་སྡིགས་མཛུབ་དང་བཅས་པས་ཞགས་པ་ནག་པོ་དང་། འོག་མས་རྡོ་རྗེས་མཚན་པའི་གཏུན་ཤིང་དཀར་པོ་བསྣམས་པ། ན་བཟའ་སྔོན་པོ་དང་རིན་པོ་ཆེའི་རྒྱན་ཆས་ཡོངས་སུ་རྫོགས་པ། ལྟོ་བ་འཕྱངས་བའི་ཚུལ་ཅན་སྐུའི་གཡོན་ཕྱོགས་སུ་ཁ་ཊྭཱྃ་ལ་འཁྱུད་པའི་ཉམས་ཀྱིས་པདྨ་དང་ཉི་མའི་གདན་ལ་གཡོན་བརྐྱང་བའི་སྟབས་ཀྱིས་བཞུགས་པའོ། །ཡེ་ཤེས་པ་བཀུག་བསྟིམ་དབང་བསྐུར་གོང་འདྲ་ལ། རིགས་ཀྱི་བདག་པོ་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཐུགས་ཀར་ཟླ་བ་ལ་དྷྭཾ་ཡིག་སྔགས་ཕྲེང་བཅས་གསལ་བཏབ་ཅིང་། ཨོཾ་བྷ་ག་ཝ་ཏེ་དྷྭ་ཛཱ་གྲ་ཀཻ་ཡཱུ་རེ་པ་ར་སཻ་ནྱ། བི་དྷཱནྶ་ན་ཀྲཱ་ས་སཻ་ནྱ་པ་རི་ལ་ནི་ཨུ་ལུ་ཀཱ་མུ་ཁི་ཁ་ཁ་ཁཱ་ཧི་ཁཱ་ཧི། བ་ར་


MR25_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

སཻནྱ་མ་ཨ་ནནྟ་ཛེ། ཨ་ནནྟ་མུ་ཁེ་པྲ་ཧ་ར་པྲ་ཧ་ར་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སྲིད་ཞིའི་གཟི་བརྗིད་སྤོབས་པ་སྟོབས་ཐམས་ཅད་བསྡུས་ནས་རང་ལ་ཐིམ་པས་ཕྱོགས་ལས་རྣམ་པར་རྒྱལ་བའི་མཐུ་ཐོབ་པར་དམིགས་ལ་སྔགས་ཅི་ནུས་བཟླ། རྗེས་གོང་ལྟར་བསྡུ་བའམ་བར་སྐབས་སུ་རྒྱལ་མཚན་རྩེ་མོ་དྲག་མོའི་སྐུར་གནས་བསྒྱུར་ཏེ་བསྒོམ་པར་འདོད་ན། རང་གི་ཐུགས་ཀར་གནས་པའི་དྷྭཾ་ཡིག་འབར་པའི་འོད་ཀྱིས་རང་ཉིད་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་རྡོ་རྗེ་རོ་ལངས་མར་གྱུར་པ་མཐིང་ནག་དྲག་མོ། ཞལ་བཞི་མཐིང་ག །ཕྱག་བརྒྱད་ཀྱི་གཡས་རྣམས་རལ་གྲི་གཏུན་ཤིང་འཁོར་ལོ་མདའ། གཡོན་རྣམས་རྩེ་གསུམ་ཞགས་པ་གཞུ་སྡིགས་མཛུབ། ཞབས་བཞིས་བདུད་བཞི་མནན་པ། ཁྲོ་མོའི་ཆ་ལུགས་དང་རྒྱན་དང་ན་བཟའ་ཡོངས་སུ་རྫོགས་པ། དེའི་བ་སྤུའི་ཁུང་བུ་ཐམས་ཅད་ལས་འོད་ཟེར་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱས། མིང་པོ་གསུམ་གྱི་དམག་ཚོགས་བསྐུལ་པས་གདུག་པ་ཅན་ཐམས་ཅད་ཚར་བཅད་པར་བསམས་ལ་གོང་གི་སྔགས་བཟླའོ། །རྗེས་གོང་དང་འདྲའོ། །འདི་ནི་ལྷ་མིན་སོགས་གདུག་པའི་གཡུལ་ལས་རྒྱལ་བ་དང་། ཚངས་སོགས། བགེགས་མཐའ་དག་ཉམས་པ་དང་དྲན་པ་ཙམ་


MR25_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མི་འཇིགས་པའི་སྤོབས་པ་སྩོལ་བ་དང་། སྟོབས་དང་གཟི་བརྗིད་མཚུངས་པ་མེད་པ་ཐོབ་པ་དང་། དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་དང་། ཕྱོགས་ལས་རྣམ་པར་རྒྱལ་བའི་མཐུ་ཕུན་སུམ་ཚོགས་པ་སྒྲུབ་པར་བྱེད་པ་ལ་མཆོག་ཏུ་བསྔགས་པའོ། །འདིའི་རྗེས་གནང་ཞི་བར་རྒྱ་མཚོ་དང་། དྲག་པོར་བཟླས་ལུང་ཙམ་འོད་དཔག་མེད་བཞིན་ནོ།། །།གསུམ་པ་སོ་སོར་འབྲང་མ་ནི། སྔོན་འགྲོ་གོང་འདྲ་ལ། སྟོང་པའི་ངང་ལས་ཨ་ལས་ཟླ་དཀྱིལ་ལ་གནས་པའི་པྲྃ་སེར་པོ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་སོ་སོར་འབྲང་མ་ཆེན་མོ་སེར་མོ་ཞལ་བཞི་ཕྱག་བརྒྱད་པ། རྩ་བའི་ཞལ་དང་པོ་སེར་བ། གཡས་དཀར་གཡོན་དམར་རྒྱབ་སྔོ་བ། ཕྱག་གཡས་རྣམས་ཀྱིས་རལ་གྲི་འཁོར་ལོ་རྩེ་གསུམ་མདའ། གཡོན་རྣམས་ཀྱིས་དགྲ་སཏྭ་གཞུ་ཞགས་པ་རྡོ་རྗེ་བསྣམས་པ། དར་གྱི་སྟོད་གཡོགས་སོགས་སྣ་ཚོགས་པའི་ན་བཟའ་དང་རིན་ཆེན་སྣ་ཚོགས་པའི་དབུ་རྒྱན་སོགས་རྒྱན་ཐམས་ཅད་ཡོངས་སུ་རྫོགས་པ། འོད་དམར་པོའི་དཀྱིལ་འཁོར་གྱི་དབུས་ན་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་རོལ་བའི་སྟབས་ཀྱིས་བཞུགས་པ། དེའི་དཔྲལ་བར་སོགས་སྔར་འདྲ། རིགས་ཀྱི་བདག་པོ་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པར་གྱུར།


MR25_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་ཟླ་བ་ལ་པྲྃ་སེར་པོའི་མཐར་སྔགས་ཀྱིས་བསྐོར་བ་གསལ་ཞིང་འཕྲོ་འདུ་བཅས། ཨོཾ་མ་ཎི་དྷཱ་རི་བཛྲཱི་ཎི་མ་ཧཱ་པྲ་ཏི་ས་རེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་སོ། །མངོན་རྟོགས་བསྡུས་པ་ལ་དགའ་བས་ན། སྟོང་པའི་ངང་ལས་པྃ་ལས་སྣ་ཚོགས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་རང་སེམས་སྲྃ་དཀར་པོ་ལས་འོད་ཟེར་འཕྲོས་འདུས་རང་ཉིད་འཕགས་མ་སོ་སོར་འབྲང་མ་དཀར་མོ་ཞལ་གཅིག་ཕྱག་གཉིས། གཡས་རལ་གྲི་ཕྱར་ཞིང་གཡོན་འཁོར་ལོ་ཐུགས་ཀར་འཛིན་པ། སྒེག་ཅིང་འཛུམ་པ་དར་དང་རིན་པོ་ཆེའི་རྒྱན་ཅན། ཞབས་ཟླུམ་པོའི་སྟབས་ཀྱིས་བཞུགས་པ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་འོད་ཀྱིས་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ སླར་ཡང་ཐུགས་ཀའི་འོད་ཀྱིས་དབང་གི་ལྷ་རྣམས་སྤྱན་དྲངས། དེ་རྣམས་ཀྱིས་ཨོཾ་བཛྲཱིར་བྷ་ཝ་ཨ་བྷི་ཥཱིཉྩ་ཧཱུྃ། ཞེས་གསུངས་ཤིང་དབང་བསྐུར། རིགས་ཀྱི་བདག་པོ་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་བསམས་ལ། སྤྲོ་བསྡུའི་དམིགས་པ་བཅས་གོང་གི་སྔགས་ཅི་ནུས་བཟླ། མཐར་ཁ་ནང་ནས་འཇམ་དཔལ་དབྱངས་དཔག་ཏུ་མེད་པ་སྤྲུལ་ཏེ་སེམས་ཅན་ཐམས་ཅད་ཀྱི་དོན་བྱས་པར་བསམས་ལ། སྔགས་ཉེར་གཅིག་བཟླ། འདོད་དོན་ལ་གསོལ་བ་བཏབ་ཅིང་དགེ་བ་བསྔོ། གཏོར་མ་ཕུལ་བ་སོགས་གོང་འདྲའོ། །འདི་ནི་བུ་ནོར་དབང་ཐང་


MR25_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་དང་གཟི་བརྗིད་སྤེལ་བ་དང་། གནོད་པའི་རིགས་དང་གདོན་དང་ནད་མ་རུངས་པ་ཞི་བར་བྱེད་པ་སོགས་ལས་ཐམས་ཅད་བྱེད་པ་དང་། སྲུང་བའི་རྒྱལ་པོ་རྡོ་རྗེའི་རྫོང་དམ་པར་བསྔགས་པའོ། །རྗེས་གནང་སྤྱི་དང་འདྲའོ།། །།བཞི་པ་རྗེ་བཙུན་སྒྲོལ་མ་ནི། སྔོན་འགྲོ་གོང་འདྲ། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་སྟེང་ཨུཏྤལ་སྔོན་པོ་ཏཱྃ་གྱིས་མཚན་པ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་བདག་ཉིད་རྗེ་བཙུན་སྒྲོལ་མ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྗང་གུ་འོད་ཟེར་འབར་བ། ཕྱག་གཡས་པས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡོན་པས་ཨུཏྤལ་སྔོན་པོ་བསྣམས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡས་བརྐྱང་ཞིང་གཡོན་བསྐུམ་པའི་ཕྱེད་སྐྱིལ་གྱིས་བཞུགས་པ། དེའི་དཔྲལ་བར་ཨོཾ་སོགས་སྔར་དང་འདྲ། རིགས་ཀྱི་བདག་པོ་འོད་དཔག་ཏུ་མེད་པས་དབུ་བརྒྱན་པར་གྱུར། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་ཏཱྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཇི་ལྟར་འདོད་པའི་ལས་བསྒྲུབས་ནས་རང་ལ་ཐིམ་པར་བསམས་ལ། རིག་སྔགས་རྒྱལ་པོ་ཡི་གེ་བཅུ་པ་འདི་བཟླ་བར་བྱའོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། གཞན་


MR25_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྤྲོ་ན། སྒྲོལ་མ་རང་གིས་དམ་བཅས་པའི་གཟུངས་ཀྱང་ཅི་ནུས་སུ་འདོན། འདིས་ནི་འཇིགས་པ་བརྒྱད་སོགས་མི་མཐུན་པའི་ཕྱོགས་ཀུན་ལས་སྐྱོབ་ཅིང་མྱུར་དུ་དབུགས་འབྱིན་པ་དང་། དཔལ་དང་སྐལ་པ་བཟང་པོ་དང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་ཇི་ལྟར་རེ་བ་བཞིན་དུ་རིང་པོར་མི་ཐོགས་པར་ཐོབ་པར་འགྱུར་རོ། །རྗེས་གནང་སྤྱི་ལྟར་རོ།། །།ལྔ་པ་རྨ་བྱ་ཆེན་མོའི་སྒྲུབ་ཐབས་ནི། སྔོན་འགྲོ་གོང་དང་འདྲ། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཟླ་བའི་སྟེང་དུ་མཱྃ་ལྗང་གུ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་སྐད་ཅིག་གིས་རིག་པའི་རྒྱལ་མོ་རྨ་བྱ་ཆེན་མོ་སྐུ་མདོག་ལྗང་གུ་ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་ལྗང་གུ། གཡས་པ་ནག་པོ། གཡོན་པ་དཀར་པོ། ཞལ་ཐམས་ཅད་སྤྱན་གསུམ་པ་གཡས་གསུམ་རྨ་བྱའི་མཇུག་སྒྲོ་དང་མདའ་དང་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡོན་གསུམ་རིན་པོ་ཆེའི་ཆུན་པོ་དང་། གཞུ་དང་། བང་ན་གནས་པའི་བུམ་པ་ཅན་ནོ། །དར་གྱི་ན་བཟའ་དང་སྣ་ཚོགས་པའི་རྒྱན་གྱིས་སྤྲས་པ། གཞོན་ཞིང་སྒེག་པའི་ལང་ཚོ་ཅན་ཟླ་བའི་འོད་ཟེར་དང་ལྡན་པ། ཞབས་ཕྱེད་སྐྱིལ་གྱིས་པད་ཟླ་ལ་བཞུགས་པ། དེའི་དཔྲལ་བ་སོགས་གོང་འདྲ། ཡང་ན་ལྗང་གུ་ཞལ་གཅིག་


MR25_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཉིས་གཡས་མཆོག་སྦྱིན་དང་གཡོན་རྨ་བྱའི་མདོངས་བསྣམས་པ་ཅན་དུ་བསྒོམ་མོ། །ཡེ་ཤེས་པ་དགུག་ཅིང་དབང་བསྐུར་བ་སོགས་གོང་དང་འདྲ་ལ། རིགས་ཀྱི་བདག་པོ་དོན་ཡོད་གྲུབ་པས་རྒྱས་གདབ་པར་བྱའོ། །ཐུགས་ཀར་ཟླ་བའི་སྟེང་དུ་མཱྃ་ལས་སྔགས་ཀྱི་ཕྲེང་བས་བསྐོར་བ་གསལ་བཏབ་ལ། ཨོཾ་ཨཱཿམ་ཧཱ་མཱ་ཡཱུ་རི་བིདྱ་རཱ་ཛྙཱི་ཧཱུྃ་ཧཱུྃ་ཕཊ། ཅེས་ཅི་ནུས་བཟླ། འཕྲོ་འདུའི་དམིགས་པ་སྤྱི་དང་བདུད་རྩིའི་འོད་ཟེར་དཀར་པོས་ནམ་མཁའི་ཁམས་བཀང་བས་བརྟན་གཡོའི་དུག་བཅོམ་ནས་དྭངས་བཅུད་རྣམས་རང་ལ་ཐིམ་པར་བསམས་པ་སོགས་གང་འདོད་བྱའོ། །འདི་ནི་རིག་པའི་རྒྱལ་མོ་ཆེན་མོ་དྲན་པ་ཙམ་གྱིས་འཚེ་བ་ཀུན་ལས་སྲུང་བ་དང་། ཚེ་དང་ལང་ཚོ་སྤེལ་བ་དང་། སྡིག་པ་འཇོམས་པ། བཀྲ་ཤིས་པ་སོགས་ལས་ཀུན་བྱེད་པ། ཁྱད་པར་དུ་བརྟན་གཡོའི་དུག་ཞི་བ་སོགས་ལ་མཆོག་ཏུ་བསྔགས་པ་རྒྱ་ཆེན་པོས་རྒྱལ་བའི་ཞིང་ཀུན་ཏུ་དུས་གསུམ་དུ་བསྔགས་པའོ། །རྗེས་གནང་སྤྱི་ལྟར་རོ། །དེ་ལྟར་རིག་པའི་ལྷ་མོ་ལྔར། །བསྙེན་པ་ཙམ་ཞིག་ཐེང་བས་ཀྱང་། །བར་ཆད་ཀུན་བྲལ་དོན་ཀུན་འགྲུབ། །སྔགས་ཀྱི་དངོས་གྲུབ་མ་ལུས་ཐོབ། །ཅེས་མི་ཕམ་འཇམ་དཔལ་རྡོ་རྗེས་རབ་ཚེས་ས་གླང་མགོ་ཟླའི་ཚེས་ཉི་མ་དགེ་བའི་དུས་སུ་གྲུབ་པར་བགྱིས་པ་མངྒ་ལཾ། ༈ །རིག་པའི་རྒྱལ་མོ་གསུམ་གྱི་སྒྲུབ་ཐབས་


MR25_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་སོ། །དེ་བཞིན་གཤེགས་པ་རིགས་ཀྱི་འཁོར་ལོས་སྒྱུར་བ་ཆེན་མོ་སངས་རྒྱས་སྤྱན་མ་བསྒྲུབ་པར་འདོད་པས། སྐྱབས་སེམས་རྗེས། ཤཱུ་ནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པད་ཟླ་ལ་རང་སེམས་ལཱྃ་ལས་སངས་རྒྱས་སྤྱན་མ་དཀར་མོ། གཡས་འཁོར་ལོ་མིག་འབྲས་ཀྱིས་མཚན་པ་དང་གཡོན་པདྨ་དཀར་པོ་འཛིན་པ། རྒྱན་དང་ན་བཟའ་དཀར་པོ་ཅན་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་ཐུགས་ཀར་ཟླ་སྟེང་ལཱྃ་ལས་འོད་འཕྲོས། ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿས་གཉིས་མེད་དུ་བསྟིམ། སྙིང་གར་ཟླ་བར་སྔགས་ཕྲེང་ས་བོན་དང་བཅས་པ་དམིགས་ལ། ཨོཾ་རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨཪྠ་སཱ་དྷ་ནི་མ་མ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཅི་ནུས་བཟླས་མཐར། ཨརྒྷཾ་སོགས་ཀྱིས་མཆོད། སྤྱན་ནི་འཁོར་ལོས་མཛེས་པ་སྟེ། །འཆི་བ་སློང་བར་བྱེད་པའི་མཆོག བདག་ཅག་སྡུག་བསྔལ་གྱུར་པ་ལ། །ལྷ་མོ་ཁྱོད་ཀྱིས་བསྐྱབ་པར་མཛོད། །ཅེས་དང་དགེ་བ་བསྔོ་བར་བྱའོ། །འདིས་ནི་ནད་ཐམས་ཅད་ཞི་བ་དང་རིམས་ཀུན་བཟློག་པ་སོགས་ཞི་བའི་ལས་ལ་མཆོག་ཏུ་བསྔགས་ཤིང་ཚེ་དང་མདངས་སོགས་འཕེལ་ལ། གཞན་ཡང་ལུས་ཉམས་པ་སོགས་གསོ་བའི་རིག་སྔགས་ཀྱི་རྒྱལ་པོ་དམ་པ་ཡིན་ནོ། །རྗེས་གནང་བརྒྱ་རྩ་བཞིན་ནོ། ༈ །པདྨའི་རིགས་ཀྱི་རྒྱལ་མོ་གོས་དཀར་མོ་བསྒྲུབ་པར་འདོད་པས། སེམས་བསྐྱེད་


MR25_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཤཱུ་ནྱ་ཏས་སྦྱངས། སྟོང་པའི་ངང་ལས་རང་གི་སྙིང་གར་པཱྃ་བཀོད་པའི་འོད་ཀྱིས་སྣང་བ་ཐམས་ཅད་དཀྱིལ་འཁོར་གྱི་འཁོར་ལོར་བསྒྱུར། སླར་འདུས་རང་ཉིད་ལ་ཐིམ་སྟེ་ཡོངས་སུ་གྱུར་པ་ལས་རང་ལྷ་མོ་གོས་དཀར་མོ་སྐུ་མདོག་དམར་པོ། ཕྱག་གཡོན་པདྨའི་ཁུ་ཚུར་གྱིས་པདྨ་དམར་པོའི་སྡོང་བུ་བརླ་གཡོན་པའི་སྟེང་དུ་འཛིན་ཅིང་། གཡས་པས་དེ་ཉིད་ཐུགས་ཀར་ཁ་ཕྱེ་ནས་དེའི་ལྟེ་བར་གནས་པའི་ནོར་བུ་དམར་པོ་ལ་གཟིགས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་སྟོད་གཡོགས་དཀར་པོ་སོགས་དར་དང་རིན་པོ་ཆེས་བརྒྱན་པ། རིག་སྔགས་ཀྱི་འཁོར་ལོས་སྒྱུར་བ་ཆེན་མོའི་ཆ་བྱད་ཡོངས་སུ་རྫོགས་པའོ། །ཐུགས་ཀ་ནས་འོད་ཟེར་འཕྲོས། ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ རང་ལ་ཐིམ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། སྙིང་གར་པདྨ་དམར་པོ་ཁ་སྦྱོར་གྱི་དབུས་སུ་ཟླ་བ་ལ་ས་བོན་སྔགས་ཕྲེང་དང་བཅས་པ་གསལ་བཏབ་སྟེ། ཨོཾ་ཀ་ཊེ། པི་ཀ་ཊེ། ཐིའང་། ནི་ཀ་ཊེ། ཀ་ཊཾ་ཀ་ཊེ་སྭཱ་ཧཱ། ཅི་ནུས་བཟླ། འདིས་ནི་ནད་དང་སྡིག་པ་སོགས་ཞི་བ་དང་། བློ་དང་ཏིང་འཛིན་ནོར་སྒྲུབ་པ་དང་། དབང་དུ་བྱེད་པ་སོགས་ལས་རབ་འབྱམས་མཆོག་ཏུ་བྱེད་པ་པདྨའི་རིགས་ཀྱི་འཁོར་ལོས་སྒྱུར་བ་ཆེན་མོ་ཉིད་ཡིན་ནོ། །བཟླས་པས་ཚེ་ཟད་པའང་རིང་དུ་འཚོ་བར་འགྱུར་རོ། །བཟླས་ལུང་འོད་དཔག་མེད་དང་


MR25_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

འདྲའོ།། ༈ །།རྡོ་རྗེ་རིགས་ཀྱི་རྒྱལ་མོ་མཱ་མ་ཀཱི་བསྒྲུབ་པར་འདོད་པས། སྐྱབས་སེམས་ཚད་མེད་རྗེས། ཤཱུ་ནྱ་ཏས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཧཱུྃ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ལྷ་མོ་མཱ་མ་ཀཱི་ཨིནྡྲ་ནཱི་ལ་ལྟར་སྔོ་བ། ཕྱག་གཡས་ཡེ་ཤེས་ཀྱི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་མེ་ལྕེའི་ཟེར་འཕྲོ་བ་ཕྱར་བའི་ཚུལ་དུ་འཛིན་པ། གཡོན་པས་ཨུཏྤལ་སྔོན་པོའི་ཞགས་པ་དང་བཅས་ཏེ་སྡིགས་མཛུབ་མཛད་པ། སྡེ་བརྒྱད་ཀྱི་གཙོ་བོ་དྲེགས་པ་ཅན་ཁ་སྦུབ་ཏུ་བསྒྱེལ་བའི་སྟེང་དུ་པད་ཉི་ཟླ་གདན་ལ་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། དར་སྔོན་པོའི་སྟོད་གཡོགས་དང་སྟག་ལྤགས་ཀྱི་སྨད་དཀྲིས་ཅན། སྤྲུལ་དང་རིན་པོ་ཆེ་དང་མེ་ཏོག་གིས་བརྒྱན་པ། བཅུ་དྲུག་ལོན་པའི་ལང་ཚོ་ཅན་སྤྱན་གསུམ་དང་ལྡན་ཞིང་མཆེ་བའི་མྱུ་གུ་གཙིགས་པ་ཁྲོ་ཆགས་འདྲེས་པའི་ཉམས་ཅན། དབུ་སྐྲ་ཕྱེད་ལྟག་པར་བཅིངས་ཤིང་ཕྱེད་གྲོལ་བ། སངས་རྒྱས་མི་བསྐྱོད་པས་དབུ་ལ་བརྒྱན་ཅིང་ཚ་ཟེར་འཁྲུགས་པའི་དབུས་ན་བཞུགས་པའོ། །ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀར་རིན་ཆེན་ལྗང་གུ་ཆ་དགུ་པ་དང་། ལྟེ་བར་པདྨ་འདབ་བརྒྱད། ༢མགྲིན་པར་ཉི་མའི་གདན་དགུ། ༣དེ་རྣམས་ལ་རིགས་ལྔ་ཡབ་ཡུམ་བཞིའི་ཕྱག་མཚན་༢དང་སྐུ་༢དང་ས་བོན་༣རྣམས་བཀོད།


MR25_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་འོག་སོར་བཞིའི་གནས་སུ་ཐོད་པ་ལ་གནས་པའི་རྡོ་རྗེའི་ལྟེ་བར་ས་བོན་སྔགས་ཕྲེང་བཅས་བཀོད་ལ། ཨོཾ་ཀུ་ལཱནྡྷ་རཱི་བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ཅེས་དང་། ཨོཾ་ཤངྐ་རི་ཤཱནྟིཾ་ཀ་རི། གྷུཊྚ་གྷུཊྚ། གྷུཊྚེ་ནི་གྷུཊྚ་ན། གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཅི་འགྲུབ་བཟླ། སྔགས་ཀྱི་འོད་ཟེར་གོང་ནས་གོང་དུ་སྤྲོས་ཏེ་སྤྱི་བོ་ནས་ཐོན་པ་དང་། ཡང་གོ་བཟློག་སྟེ་ཚུར་བསྡུ་བ་དང་། ཡང་གསང་བའི་ལམ་ནས་སྤྲོ་བསྡུ་ཅི་ནུས་བྱ། ཐུན་མཐར་གཏོར་མ་ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབས་ལ་རྩ་སྔགས་དང་། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧེས་འབུལ་ལ་མི་དམིགས་པར་བསམ་མོ། །བྱིན་རླབས་བྱེད་ན་ཟུར་དུ་གསལ། འདིས་ནི་བགེགས་འཇོམས་པར་བསྔགས་ཤིང་། དཔུང་བཟང་གིས་ཞུས་པ་ལས། རྡོ་རྗེའི་རིགས་གཙོ་བོ་ཉ་མོ་ཡི་ཚོགས། །རིག་པ་མང་པོས་བརྟེན་པའི་ལྷ་མོ་དེ། །ཟློས་པ་མཐོང་ན་བགེགས་རྣམས་ཕུང་བ་དང་། །རྔམ་པ་འདོན་ཞིང་ཤིན་ཏུ་སྐྲག་པར་འགྱུར། །ཞེས་གསུང་བ་རྡོ་རྗེའི་རིགས་ཀྱི་འཁོར་ལོས་སྒྱུར་བ་ཆེན་མོ་ལས་ཐམས་ཅད་གེགས་མེད་པར་བྱེད་པའི་གསང་སྔགས་ཁྱད་པར་ཅན་ཏེ་སྲུང་བའི་མཆོག་གོ། །སྒྲུབ་ཐབས་ཀྱི་ཡིག་རྙིང་ལས་མི་ཕམ་པས་བཏུས་པ་དགེའོ། ༈ །སྤྱན་གཟིགས་ཡི་གེ་ཕྱེད་དང་བཞི་པའི་སྒོམ་བཟླས་བཞུགས་སོ། །ནད་དང་སྡུག་བསྔལ་ཞི་ཞིང་རྨི་ལམ་ངན་པ་བཟློག་པ་དང་ཚེ་སྒྲུབ་


MR25_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཏུ་གྱུར་པ་དབང་གི་ལས་སོགས་ལས་ཀུན་འགྲུབ་པའི་ཕྱིར་སྤྱན་རས་གཟིགས་ཡི་གེ་ཕྱེད་དང་བཞི་བའི་སྒོམ་བཟླས་བྱ་བར་འདོད་པས། སྐྱབས་སེམས་སྟོང་ཉིད་བསྒོམ་པ་སྔོན་དུ་འགྲོ་བས། རང་གི་མདུན་དུ་སྐད་ཅིག་གིས་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ན་བཟའ་སྔོན་པོ་གསོལ་བ། གཡས་སྐྱབས་སྦྱིན་མཛད་ཅིང་གཡོན་པདྨ་དཀར་པོ་བསྣམས་པ། ཚངས་པར་སྤྱོད་པའི་ཆ་ལུགས་ཅན་རལ་པའི་ཐོར་ཚུགས་དང་ལྡན་པའི་ཐུགས་ཀར་ཟླ་བ་ལ་སྔགས་ཕྲེང་གསལ་བཏབ་སྟེ། མོས་གུས་གདུང་བ་ཆེན་པོས། ཨོཾ་ཨ་རོ་ལི་ཀྲ། ཅེས་ལན་གཅིག་བརྗོད། ཨ་རོ་ལི་ཀྲ ཅེས་བརྒྱ་རྩ་བཟླའོ། །དེའི་ཚུལ་གྱིས་ཨོཾ་ཅན་གཅིག་གིས་མགོ་དྲངས་ནས་གཞན་བརྒྱ་བརྒྱ་བཟླ་བ་ཇི་ནུས་བྱའོ། །མཐར་སྡིག་སྒྲིབ་སྦྱང་བ་དང་བར་ཆད་ཞི་བ་སོགས་ཀྱི་གསོལ་བ་དྲག་ཏུ་བཏབ་ནས་རང་ལ་ཐིམ་པས་རྣམ་སྨིན་གྱི་ལུས་སྦྱངས་ཏེ་འོད་ཀྱི་རང་བཞིན་གྱི་ལྷ་སྐུར་གསལ་བར་གྱུར་པ་དེ་ཡང་མི་དམིགས་པར་སྦྱངས་ཏེ་ཅུང་ཟད་མཉམ་པར་བཞག་ལ་དགེ་བ་བསྔོའོ། །དེ་ལྟར་བྱས་པས་རྨི་ལམ་དུ་དགེ་སློང་ཆོས་གོས་སྔོན་པོ་གྱོན་པས་ལུང་སྟོན་པ་སོགས་འབྱུང་ངོ་། །འདི་ལ་བཟླས་ལུང་ཙམ་མཛད་པའི་ལུང་ཡོད་ཀྱང་རྗེས་གནང་བྱེད་ན་བརྒྱ་རྩ་བཞིན་བྱའོ། །ཛེ་ཏཱ་རི་དང་བ་རི་བའི་ཐུགས་དམ་སྙིང་པོའོ། །ཞེས་མི་ཕམ་


MR25_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

པས་སོ། ༈ །ན་མོ་མཉྫུ་ཤྲཱི་ཡེ། འདིར་ལྷ་མོ་སྐུལ་བྱེད་མའི་སྒོ་ནས་རྨི་ལམ་བརྟག་ཅིང་པྲ་དབབ་པའི་ཆོ་ག་ལ། གནས་བཟང་ཞིང་ཤིན་ཏུ་དབེན་པར་མཎྜལ་གྱི་དབུས་སུ་ཆུ་གཙང་གིས་བཀང་བའི་བུམ་པ་དར་དཀར་པོའི་མགུལ་ཆིངས་ཅན་གྱི་སྟེང་དུ་མེ་ལོང་བཞག པཱུ་ཛ་ལྔ་བཤམས། རང་གི་སྙིང་གའི་ཙུཾ་ཡིག་ཟླ་བ་ལྟ་བུའི་འོད་ཟེར་གྱིས་ལྷ་མོ་སྐུལ་བྱེད་མ་ལ་རྒྱལ་བ་སྲས་དང་བཅས་པས་བསྐོར་བ་སྤྱན་དྲངས། ཨོཾ་བཛྲ་པུཥྤེ་ཧཱུྃ། ནས། དྷཱུ་བྤེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱའི་བར་གྱིས་མཆོད། དེ་ནས། དཀོན་མཆོག་གསུམ་ལ་སོགས་ལན་གསུམ། དེ་ནས་ཚད་མེད་བཞི་བསྒོམ། ཚོགས་ཞིང་རང་གནས་སུ་གཤེགས་པར་བསམ། དེ་ནས་ཨོཾ་ཤཱུ་ནྱ་ཏ་སོགས་བརྗོད་པས། ཆོས་ཐམས་ཅད་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལས། མདུན་གྱི་ནམ་མཁར་ཙུཾ་ལས་ལྷ་མོ་སྐུལ་བྱེད་མ་སྟོན་ཀའི་ཟླ་བ་ལྟར་དཀར་བ། ཞལ་གཅིག་ཕྱག་བཞི་མ། གཡས་དང་པོ་མཆོག་སྦྱིན། གཡོན་དང་པོ་པདྨ་ལ་གནས་པའི་གླེགས་བམ། འོག་མ་གཉིས་ཀྱིས་ལྷུང་བཟེད་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། འོད་དང་འོད་ཟེར་མུ་མེད་པར་འཕྲོ་ཞིང་ལྟ་བས་ཆོག་མི་ཤེས་པ་པདྨ་དང་ཟླ་བ་ལ་སེམས་མའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའི་སྤྲིན་ཆེན་པོ་སྤྲོ་


MR25_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་སྡུད་པའི་རང་བཞིན་ཅན་དུ་བསྒོམ། དེ་ལ་བཱུ་ཛ་ལྔས་མཆོད། སྤྲོ་ན་གཏོར་མ་ཕུལ། སྣང་སྲིད་མངོན་པར་ཤེས་པ་གསལ་བའི་གསོལ་བ་རྩེ་གཅིག་ཏུ་བཏབ་ལ། ལྷ་མོའི་ཐུགས་ཀར་ཟླ་བ་ལ་གནས་པའི་གཉིས་པའི་དང་པོ་དབྱངས་ལྔ་པས་བརྒྱན་པ་ལ་བཞི་པའི་ཐ་མ་ང་རོའི་ཚུལ་གྱིས་ཞུགས་པའི་སྲོག་གི་ཡི་གེའི་མཐར་རིག་སྔགས་སྐར་མའི་ཕྲེང་བ་ལྟ་བུས་བསྐོར་བ་གསལ་བཏབ་ལ། བདག་གིས་སྔགས་བཟླས་པའི་རྐྱེན་གྱིས་ལྷ་མོའི་ཐུགས་རྒྱུད་བསྐུལ་ནས། ཐུགས་ཀའི་འོད་ཟེར་བདག་དང་སྒྲུབ་རྫས་ལ་ཐིམ་པས་སྣང་སྲིད་དུས་གསུམ་སྒྲིབ་མེད་དུ་གསལ་བར་བསམས་ལ། སངས་རྒྱས་བྱེ་བ་ཕྲག་བདུན་གྱི་བྱིན་གྱིས་བརླབ་པ། མཆོག་གང་འདོད་མྱུར་དུ་སྟེར་ཞིང་ཕན་ཡོན་བསམ་གྱིས་མི་ཁྱབ་པའི་སྔགས་འདི་རྟགས་མ་མཐོང་བར་དུ་བཟླའོ། །ཨོཾ་ན་མཿསཔྟཱ་ནཱཾ། སམྱཀྶཾ་བུདྡྷ་ཀོ་ཊཱི་ནཱཾ། ཏདྱ་ཐཱ། ཨོཾ་ཙ་ལེ་ཙུ་ལེ་ཙུནྡེ་སྭཱ་ཧཱ། བིཏྱ་ས ཏྱ་བཱ་དཱི་ནི་བ་ར་དེ་ཀ་ཐཱ་ཡ་སྭཱ་ཧཱ། ཞེས་བསྙེན་པར་བྱའོ། །དེ་ནས་རྨི་ལམ་བརྟགས་ན་སངས་རྒྱས་ཀྱི་སྐུའམ་གདུང་གི་སྤྱན་སྔར་ཇི་འབྱོར་པའི་མཆོད་པ་ཕུལ་ལ་སྔགས་འདི་བརྒྱ་རྩ་བརྒྱད་བཟླས་ཏེ་ཆུས་གདོང་བཀྲུས་ལ་མི་སྨྲ་བར་ཉལ་ན་རྨི་ལམ་དུ་དགེ་བ་དང་མི་དགེ་བ་སྟོན་པར་འགྱུར་རོ། །པྲ་དབབ་ན་གནས་དུས་བཟང་པོར་ཁྱེའུའམ་བུ་མོ་གཙང་མ་གྲོང་


MR25_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱིས་མ་གོས་པ་ཁྲུས་བྱས། གོས་དྲི་མེད་བགོས། ལུས་ལ་ཙནྡན་དཀར་པོ་ལ་སོགས་པའི་དྲི་བཟང་པོ་བྱུགས། མདུན་དུ་མཎྜལ་གྱི་སྟེང་ལ་མེ་ལོང་ངམ། མར་མེའམ། སྣོད་ཆུས་བཀང་བ་དྭངས་པའམ་རལ་གྲི་བཞག་སྟེ། མདུན་གྱི་ལྷ་མོ་ལ་མཆོད་ཅིང་གསོལ་བ་བཏབ་ནས་རྟེན་དེ་དང་པྲ་རྟེན་ལ་ཐིམ་པར་བསམས་ལ་སྔགས་བཟླ་ཞིང་བཏང་། པྲ་རྟེན་གྱི་མིག་ཨོཾ་ལས་བྱིན་གྱིས་བརླབས་ལ་སྔགས་བཏབ་ནས་བལྟར་བཅུག་པས་ཇི་ལྟར་བསམ་པའི་དགོས་པ་ཕྱིན་ཅི་མ་ལོག་པ་གཟུགས་བརྙན་གྱི་ཚུལ་དུ་འཆར་བས་གང་འདོད་པ་དྲི་བར་བྱ་ཞིང་། མཐར་སེ་གོལ་བཏབ་པས་གཤེགས་སུ་གསོལ་ལོ། །དང་པོར་གསང་ཞིང་སྔགས་བཟླ་བའི་ཚེ་ཤིན་ཏུ་གཙང་སྦྲ་དང་ལྡན་པས་བསྒྲུབ་ན་མྱུར་དུ་འགྲུབ་པར་འགྱུར་རོ། །དུས་གསུམ་དུ་བུམ་པའི་ཆུས་ཁྲུས་བྱའོ། །ཞེས་པ་འདི་ནི་འཇམ་དཔལ་དཔའ་བོ་གཅིག་གྲུབ་ལས་གསུང་བ་བླ་མའི་མན་ངག་གིས་བརྒྱན་ཏེ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་རབ་བྱུང་བཅོ་ལྔ་པའི་ཤིང་ཁྱི་ཟླ་བ་བཅུ་པའི་ཡར་ངོ་ཚེས་བཅུའི་སྲོད་སྒྲོན་མེ་གསལ་བའི་འོད་ལ་བརྟེན་ཏེ་ཡུད་ཙམ་ལ་བྲིས་པ་འདིས་ཐར་འདོད་དང་གདུལ་བྱ་རྣམས་ལ་བླང་དོར་གྱི་ལམ་གསལ་བར་གྱུར་ཅིག ། མངྒ་ལཾ། ༈ །ནོར་གྱི་རྒྱུན་མ་བསྒྲུབ་པར་འདོད་པས། སྐྱབས་སེམས་ཚད་མེད་བསྒོམ་པ་རྣམས་སྔོན་དུ་བཏང་


MR25_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ནས། སྟོང་པའི་ངང་ལས་སྐད་ཅིག་གིས་གཏེར་བུམ་པད་ཟླའི་སྟེང་དུ་པཾ་སེར་པོ་ལས། ནོར་གྱི་རྒྱུན་མ་གསེར་མདོག་བཅུ་དྲུག་ལོན་པའི་ན་ཚོད་ཅན། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་གཡས་བརྐྱང་བའི་ཕྱེད་སྐྱིལ་གྱིས་བཞུགས་པ། ཕྱག་གཡས་མཆོག་སྦྱིན་གྱི་འབྲས་ཀྱི་སྙེ་མ་དང་། ཕྱག་གཡོན་རིན་པོ་ཆེའི་ཆར་འབེབས་བཞིན་པའི་བུམ་པ་བསྣམས་པ། དཔག་ཏུ་མེད་པའི་གྲོགས་མོའི་ཚོགས་ཀྱིས་བསྐོར་ཞིང་རིན་ཆེན་འབྱུང་ལྡན་གྱི་དབུ་རྒྱན་ཅན་དུ་གསལ་ལ། སྤྲོ་ན་ཡེ་ཤེས་དྲང་བསྟིམ་དབང་བསྐུར་བྱ། ཐུགས་ཀར་ཟླ་བ་ལ་བྃཿསེར་པོའི་མཐར་སྔགས་ཀྱིས་བསྐོར་བ་དམིགས་ལ། ཨོཾ་བ་སུ་དྷཱ་རི་མ་ཧཱ་བ་སུ་བྲྀཥྚི་ནི་པ་ཏ་ན་བ་སུ་སྭཱ་ཧཱ། ཞེས་བཟླ། ཡང་ན། ཨོཾ་བ་སུདྷ་ར་རཏྣ་ནི་དྷཱ་ན་ཀྵེ་ཏྲེ་སྭཱ་ཧཱ། ཞེས་བཟླ། ཐུན་མཚམས་སུ་གྲུབ་ན་ནོར་རྒྱུན་མའི་མདོ་གཟུངས་བཀླག བྲིས་སྐུར་མེ་ཏོག་དྲི་བཟང་སྔགས་ཀྱིས་ཕུལ་ལ་འདོད་དོན་ལ་གསོལ་བ་གདབ། འདི་བདུད་རྩི་སྨན་གྱི་ལྷ་མོ་ཡིན་པས་ནད་སེལ། ཚེ་རབས་ཐམས་ཅད་དུ་རིགས་མཐོ་བ་སོགས་ཡོན་ཏན་ཀུན་འགྲུབ། ཟས་ནོར་དཔལ་འབྱོར་མཆོག་ཏུ་འཕེལ་བར་བྱེད་པའི་གདམས་པའོ། །རྗེས་སྤྱི་ལྟར་བྱ། མེ་བྱ་ཟླ་༧ཚེས་༦ལ་མི་ཕམ་པས་སོ། ༈ །སྐྱབས་སེམས་སྔོན་བཏང་། སྐད་ཅིག་པདྨ་ཉི་ཟླའི་གདན་སྟེང་དུ། །རང་ཉིད་མཁའ་འགྲོ་སྨེ་


MR25_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས་མཐིང་ནག་འཚེར། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ཞི་མ་ཁྲོ། །རིགས་ལྔའི་དབུ་རྒྱན་དར་སྔོན་ཤམ་ཐབས་གསོལ། །ཞབས་གཉིས་མཉམ་གཤིབས་དྲང་པོར་བཞེངས་སྟབས་ཅན། །ཅུང་ཟད་ཞལ་གདངས་ཕྱག་གཉིས་ཐུགས་ཀར་བསྣོལ། །བཻ་ཌཱུར་བུམ་པ་བདུད་རྩིས་གང་བ་བསྣམས། །ཐུགས་དབུས་ཧྲཱིཿམཐིང་སྔགས་ཀྱིས་བསྐོར་བ་ལས། །འོད་འཕྲོས་སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །རང་འདྲའི་རྣམ་པ་སྤྱན་དྲངས་རང་ཐིམ་པས། །སྡིག་སྒྲིབ་མི་གཙང་ཉམས་གྲིབ་ཐམས་ཅད་དག །བཟླས་པའི་རྐྱེན་གྱིས་སྔགས་ཀྱི་ཕྲེང་བ་ལས། །འོད་ཟེར་མེ་ཡི་ཚྭ་ཚྭ་ལྟ་བུར་འཕྲོས། །རང་གི་ནད་གདོན་སྡིག་སྒྲིབ་མི་གཙང་ཀུན། །བྱ་སྤུ་མེས་བསྲེགས་བཞིན་དུ་ལྷག་མེད་བཅོམ། །ཨོཾ་ཁརྑཾ་ཛིརྑཾ་བི་མཱ་ན་སེ་ཨུ་ཙུཥྨ་ཀྲོ་དྷི་ནཱི་ཧཱུྃ་ཕཊ་སྭཱ་ཧཱ། ནངས་སྔ་བྱ་རོག་མ་གྲགས་གོང་། །བརྒྱ་རྩ་བརྒྱད་དམ་ཉེར་གཅིག་དང་། །བདུན་བཟླས་སྣ་བུག་ཕུ་ཡིས་བཏབ། །གྲིབ་དང་མི་གཙང་ཐམས་ཅད་སེལ། །ཟས་སོགས་གྲིབ་ཅན་དོགས་རིགས་ལ། །སྔགས་ཀྱི་འོད་ཟེར་མེ་དཔུང་གིས། །མི་གཙང་ཉམས་གྲིབ་ཚིག་པར་བསམ། །བདུན་སོགས་བཟླས་པས་སྐྱོན་ཀུན་ཞི། །ཕྱག་གི་བུམ་པའི་ཆུ་རྒྱུན་གྱིས། །ཁྲུས་བྱས་བསམས་ལ་བཀྲུ་བས་ཀྱང་། །བུམ་པར་ཨ་ཡི་ཚེ་བཅུད་བསྡུས། །


MR25_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཡི་དངོས་གྲུབ་ཐོབ་པར་འགྱུར། །གུ་རུ་ཆོས་ཀྱི་དབང་ཕྱུག་གི། ཟབ་ཆོས་དྷཱིཿཡིས་ཚིགས་བཅད་སྤེལ། །ཆུ་སྟག་ཟླ་༥ཚེས་༡༢ལ་པདྨ་འཁྱིལ་པ་བསམ་གཏན་བདེ་ཆེན་གླིང་དུ་སྦྱར་བ་དགེའོ། ༈ །སྟོབས་པོ་ཆེའི་སྒྲུབ་ཐབས་ཟབ་མོ་ནི། པད་ཉི་དགྲ་བགེགས་བསྣོལ་སྟེང་རང་ཉིད་ནི། །སྟོབས་ཆེན་དུད་ཁ་ཐོ་བ་ཞགས་པ་བསྣམས། །རྡོ་རྗེའི་སྐུ་ཅན་སྲིད་པའི་གཏོས་དང་མཉམ། །དུར་ཁྲོད་ཆས་རྫོགས་བརྐྱང་བསྐུམ་མེ་ཀློང་བཞུགས། །དབྱིངས་ནས་ཡེ་ཤེས་སྤྱན་དྲངས་གཉིས་མེད་ཐིམ། །ཐུགས་ཀར་ཉི་དཀྱིལ་ཧཱུྃ་ལ་སྔགས་ཀྱིས་བསྐོར། །འོད་ཟེར་འཕྲོ་འདུས་གང་འདོད་ལས་ཀུན་བསྒྲུབ། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ་སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ། མདུན་དུ་གནམ་ལྕགས་རི་བོ་གྲུ་བཞིའི་སྟེང་། །གང་འདོད་གདོན་བཀུག་འགུལ་དབང་མེད་པར་བཅིངས། །གནམ་ལྕགས་ཐོ་བས་བཅོམ་ཞིང་མེ་ཡིས་བསྲེག །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤར་བར་བྱ། །ཨོཾ་བཛྲ་ཀྲོདྷ་མ་ཧཱ་བཱ་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བི་དྷྭནྶ་ཡ་ཛ་ཊི་ལམྦོ་དྷ་ར་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ། བརྒྱ་རྩ་ཙམ་གྱིས་གདོན་ཐུལ་རྟགས་ཀྱང་འབྱུང་། །ཤིན་ཏུ་ཟབ་པོ་ཡིད་ཆེས་རྙེད་པ་ཉིད། །ཆུ་སྟག་མགོ་ཟླའི་ཉེར་གཉིས་མིག་དམར་དང་། །མེ་བཞིའི་དུས་ཀྱི་ཉི་ཤར་དྷཱིས་བྲིས་དགེ། །། ཡུམ་ཆེན་མུ་ཁ་ལེའི་སྒྲུབ་ཐབས་ནི། སྐྱབས་


MR25_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་སྔོན་བཏང་། སྟོང་པའི་ངང་ལས་པདྨའི་སྟེང་། །རང་ཉིད་ཡུམ་ཆེན་མུ་ཁ་ལེ། །དམར་སེར་ཞལ་གཅིག་ཕྱག་གཉིས་མ། །གཡས་པ་རལ་གྲི་གཡོན་པ་ན། །བདུད་རྩིས་གང་བའི་བུམ་པ་བསྣམས། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །དར་དང་རིན་ཆེན་རྒྱན་ཆས་རྫོགས། །རང་འདྲའི་ཡེ་ཤེས་སྤྱན་དྲངས་བསྟིམ། །གསང་གནས་ཆོས་འབྱུང་གྲུ་གསུམ་དུ། །སྒྲ་གཅན་སྔོན་པོ་སྦྲུལ་མགོ་དགུ། །བརྩེགས་སྟེང་བྱ་རོག་མགོ་བོས་མཚན། །ཕྱག་ན་མདའ་གཞུ་འཛིན་པར་གསལ། །གསང་བའི་སྔགས་འདི་ཅི་ནུས་བགྲང་། །ཨོཾ་ཧཱུྃ་ཧྲཱིཿམ་ཏྲི་ཨ་སུཿསྭཱ་ཧཱ། དེ་ཡིས་གཟའ་ནད་མ་བྱུང་བསྲུང་། །བྱུང་བའང་ཞི་ཞིང་གྲོལ་བར་འགྱུར། །གཞན་དོན་བུམ་པར་ལྷ་བསྐྱེད་ལ། །སྔགས་བཟླས་བུམ་ཆུ་འཐུང་དང་ཁྲུས། །བྱས་པས་གཟའ་སོགས་གདོན་ནད་གྲོལ། །རྩ་སྔགས་རཀྵ་རཀྵ་ཡི། །སྲུང་ཤམ་སྤེལ་བ་བྲིས་ནས་སུ། །སྨྱུགས་མར་བཅུག་ལ་ཚོན་ལྔ་ཡི། །སྐུད་པས་དཀྲིས་ཤིང་རབ་གནས་བཅས། །མགུལ་དུ་བཏགས་ན་སྲུང་བའི་མཆོག །མི་ཕམ་རྣམ་པར་རྒྱལ་བས་བྲིས། །དགེ། རཱ་བ་ནས་བརྒྱུད་པའོ། །༄༅། །དམ་ཚིག་རྡོ་རྗེའི་བཟླས་པ་ནི། སངས་རྒྱས་ཆོས་དང་སོགས་ལན་གསུམ། རང་གི་སྙིང་གར་པད་ཟླ་རྒྱས་པའི་སྟེང་། །ཧཱ་ལས་རལ་གྲི་ཆང་ཟུང་ཧས་མཚན་པ། །དེ་ལས་དམ་ཚིག་རྡོ་རྗེ་སྐུ་མདོག་ལྗང་། །


MR25_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ལྗང་ནག་འབར་བའི་ཞལ་གསུམ་ཕྱག་དྲུག་པ། །རང་འདྲའི་ཡུམ་འཁྱུད་རྒྱན་གྱིས་མཛེས་པའི་སྐུ། །གནས་གསུམ་ཡི་གེ་གསུམ་གྱིས་རབ་མཚན་ཞིང་། །ཐུགས་ཀར་སྣ་ཚོགས་རྡོ་རྗེའི་ལྟེ་བའི་དབུས། །ཧ་ཡིག་གི་མཐར་སྔགས་ཀྱིས་བསྐོར་བར་གྱུར། །སྣ་ཚོགས་རྡོ་རྗེ་ལས་བྱུང་བདུད་རྩིའི་རྒྱུན། །ལུས་ནང་ཡོངས་སུ་གཏམས་ཤིང་བྱིན་བརླབས་པས། །བག་མེད་དབང་གིས་དམ་ཚིག་ཉམས་ཆགས་སོགས། །སྒོ་གསུམ་སྡིག་སྒྲིབ་མ་ལུས་དག་གྱུར་ཅིག །ཨོཾ་ཨཱཿཔྲཛྙཱ་དྷྲྀཀ྄་ཧཱ་ཧཱུྃ། ཅི་མང་བཟླས་མཐར། དགེ་བ་འདི་ཡིས་བླ་མ་ཡི་དམ་ལྷས། །རྗེས་སུ་བཟུང་སྟེ་དེང་ནས་བྱང་ཆུབ་བར། །བླ་མ་ལྷ་ཡི་དམ་ཚིག་མ་ལུས་པ། །སྲུང་བའི་མཚམས་ལས་འདའ་བར་མ་གྱུར་ཅིག །ཅེས་པ་འདི་ནི་རྗེ་བཙུན་ངག་དབང་སྐལ་བཟང་བསྟན་པའི་སྒྲོན་མེ་མཁས་གྲུབ་རྒྱ་མཚོས་མཛད་པ་དགེ་ལེགས་འཕེལ།། །།དམ་ཚིག་རྡོ་རྗེའི་སྒོམ་བཟླས་ནི། རང་ཡི་དམ་ལྷར་གསལ་བའི་སྤྱི་བོར་པད་ཟླའི་སྟེང་དུ་ཁཾ་ལས་རལ་གྲི་ཁཾ་མཚན་སྤྲོ་བསྡུས་གཅིག་ཏུ་གྱུར་པ་ལས། བཅོམ་ལྡན་འདས་དམ་ཚིག་རྡོ་རྗེ་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་གཡས་རལ་གྲི་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཡུམ་དམ་ཚིག་སྒྲོལ་མ་ལྗང་གུ་གྲི་ཐོད་བསྣམས་པས་འཁྱུད་པ། གཉིས་ཀའང་ཅུང་ཟད་འཛུམ་ཞིང་ཡུད་ཙམ་ཁྲོ་བ་རལ་པའི་ཐོར་ཚུགས་ཅན།


MR25_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་དར་གྱི་ཤམ་ཐབས་ཅན་ཟླ་བ་ལ་རྒྱབ་བརྟེན་པའི་སྤྱི་མགྲིན་ཐུགས་ཀའི་སྟོད་གསུམ་ལ་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ། ཐུགས་ཀའི་ནང་དུ་ཟླ་གདན་ལ་ཁཾ་ལས་རལ་གྲི་ཁཾ་མཚན་ལྗང་གུས་མཚན་པར་བསམས། ཐུགས་ཀའི་ཁཾ་ལས་འོད་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་དམ་ཚིག་རྡོ་རྗེའི་རྣམ་པར་སྤྱན་དྲངས་ཏེ་བསྟིམ། ཡབ་ཡུམ་གཉིས་ཀའི་སྤྱི་བོར་དོན་ཡོད་གྲུབ་པའི་དབུ་རྒྱན་རང་ཆས་སུ་ཡོད་པར་བསྒོམ། ཐུགས་ཀའི་ཁཾ་ལས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་དཀར་པོ་བབས་པས་ཡབ་ཡུམ་གྱི་སྐུ་གང་། སྐུ་ལས་བདུད་རྩིའི་རྒྱུན་བདག་གི་སྤྱི་གཙུག་ནས་མར་བབས་པས་ལས་སྒྲིབ་སྤྱི་དང་ཁྱད་པར་དམ་ཚིག་ཉམས་པ་ཐམས་ཅད་ནག་ཉིལ་གྱིས་བཀྲུས་ནས་འོག་སྒོ་གཉིས་དང་རྐང་མཐིལ་ནས་ཐོན། ལུས་ཐམས་ཅད་བདུད་རྩིས་དཀར་མེར་གྱིས་གང་བར་བསམས་ལ། ཨོཾ་ཨཱཿཁཾ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་མང་དུ་བཟླས་ལ། ཐུན་འཇོག་ཁར། བླ་མ་ཡབ་ཡུམ་གཉིས་སྤྱི་བོ་ནས་མར་ཐིམ་པས་སྡིག་པ་ཐམས་ཅད་དག་ནས་བདག་གི་རྒྱུད་བྱིན་གྱིས་བརླབ་པར་བསམས། དེ་ལྟར་བདུན་འབུམ་སོགས་གྲངས་དང་དུས་དང་མཚན་མའི་བསྙེན་པ་མཐར་འདོན་པར་བྱའོ། །ས་སྐྱའི་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གསུང་གི་སྙིང་པོ་བསྡུས་པའོ། །མངྒ་ལཾ། ༈ །གྲིབ་སེལ་སྦྱིན་


MR25_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

སྲེག རྫ་གསར་གཞན་དུ་ལོངས་མ་སྤྱད་པར་སོལ་མེ་བཞག །སྲེག་རྫས་ཏིལ་ནག་འབའ་ཞིག་མདུན་དུ་བཞག །བདག་ལྷག་པའི་ལྷར་བསྒོམས་ལ། འབར་བའི་མེའི་ནང་དུ་ཟ་བྱེད་རྡོ་རྗེ་མཁའ་འགྲོ། རྡོར་དྲིལ་ཐུགས་ཀར་བསྣོལ་བའི་མཐེའུ་ཆུང་སྦྲེལ་ཞིང་སྡིགས་མཛུབ་བརྐྱང་བར་སྐད་ཅིག་གིས་གསལ། བདག་གི་སྣ་བུག་གཉིས་ནས་ཡི་གེ་ཀཾ་ལས་སྡིག་པའི་གཟུགས་རྒྱུན་མི་འཆད་པར་བྱུང་སྟེ་ཏིལ་ལ་ཐིམ་པར་བསམ། ཨོཾ་སརྦ་ཌཱ་ཀི་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ད་ཧ་ན་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླ་ཞིང་། རྡོ་རྗེ་མཁའ་འགྲོའི་ཞལ་དུ་ཐིམ་པར་བསམ། དེས་རིགས་དྲུག་གི་སྐྱེ་གནས་ཀྱི་བག་ཆགས་མ་ལུས་པ་དག་པར་བསམ། གྲངས་མི་བཟུང་། ལུས་ལས་དྲི་མ་མང་པོ་བྱུང་བ་དང་། ཁྲུས་བྱེད་པ། གོས་དཀར་པོ་གྱོན་པའི་རྨི་ལམ་མ་བྱུང་གི་བར་དུ་བྱ། འདི་རྡོ་རྗེ་མཁའ་འགྲོ་ལས་ཀྱང་གསུངས། གནས་སྦྱོང་གི་ཉམས་སྐྱེས་མ་སྐྱེས་གཉིས་ཀས་ཐུན་མོང་དུ་བྱ་བ། གནས་སྦྱོང་འབྱམས་པ་སོགས་དུཿཁ་གཅོད་པའི་མཆོག་ཀྱང་འདི་ཡིན་ནོ། །ངན་སོང་གི་དུཿ ཁ་གཅོད། ཚེ་འདས་ཀྱི་མིང་ངམ་གོས་སམ་རུས་པ་ལ་ཏིལ་བསྐོར་ཞིང་བསྲེག་ན་དེའི་སྡིག་པ་འདག །དག་རྟགས་ཚེ་ལྡན་བཞིན་ནོ། །སྡིག་པ་ཆེ་བ་ལ་སྲོག་ཆགས་མང་པོ་མངོན་དུ་བྱུང་ནས་བྱེད་དུ་མི་སྟེར་བ་ཡོད། འདི་བྱིན་རླབས་ཤིན་ཏུ་ཆེ་བས་གྲིབ་དང་གནས་སྦྱོང་འབྱམས་པ་གཉིས་ཀ་


MR25_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

དགོས། དུས་གཞན་དུ་བྱས་ཀྱང་དགའ། འདི་ཞུ་ནན་ཆེ་བ་ལ་གུད་དུ་སྟོན་ཞེས་འདུག །ས་སྐྱའི་རྗེ་བཙུན་གྲགས་པའི་གསུང་རབ་ལས་སོ། །དགེ། ༈ །རྫ་གསར་སྣོད་དུ་སོལ་མེ་དང་སྲེག་རྫས་ཏིལ་ནག་འབའ་ཞིག་བཞག་བདག་ཉིད་ལྷག་པའི་ལྷར་གསལ་ལ། །འབར་བའི་མེ་ནང་སྐད་ཅིག་གིས། །ཟ་བྱེད་རྡོ་རྗེ་མཁའ་འགྲོ་ནག །རྡོར་དྲིལ་ཐུགས་ཀར་བསྣོལ་བ་ཡིས། །ཕྱག་གཉིས་སྡིགས་མཛུབ་མཐེའུ་ཆུང་སྤྲེལ། །བདག་གི་སྣ་བུག་གཉིས་ནས་ནི། །ཀཾ་ལས་སྡིག་གཟུགས་རྒྱུན་མར་བྱུང་། །ཏིལ་ལ་ཐིམ་ཞིང་དེ་ཉིད་ལྷའི། །གདངས་པའི་ཞལ་དུ་ཐིམ་པར་དབུལ། །ཨོཾ་སརྦ་ཌཱ་ཀི་ནི་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ད་ཧ་ན་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླས་མེར་བསྲེགས་སྒྲིབ་དག་བསམ། །གྲངས་ཀྱི་ངེས་པ་མི་བཟུང་བར། །སྡིག་སྒྲིབ་དག་པའི་རྟགས་དང་སྦྱར། །རྡོ་རྗེ་མཁའ་འགྲོ་ལས་གསུངས་འདི། །ངན་སོང་རྒྱུ་དང་སྡིག་སྒྲིབ་དང་། །ཉམས་གྲིབ་བཙོག་གྲིབ་སྦྱོང་བའི་མཆོག །གནས་སྦྱོང་འབྱམས་སོགས་དུཿཁ་གཅོད། །ཚེ་འདས་མིང་ངམ་རུས་པ་གོས། །བསྐོར་ཞིང་ཏིལ་བསྲེག་དེ་སྒྲིབ་འདག །སྡིག་ཅན་དག་ལ་སྲོག་ཆགས་ནི། །མང་པོས་བགྱིད་དུ་མི་སྟེར་བའོ། །འདི་ནི་བྱིན་རླབས་ཤིན་ཏུ་ཆེ། །ཞུ་ནན་ཆེ་བར་གུད་དུ་སྟོན། །ཅེས་རྗེ་བཙུན་གྲགས་པས་གསུངས། དྷཱི་མིང་ཅན་གྱིས་བསྡུས་པའོ། །


MR25_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

མངྒ་ལཾ། ༈ །སྡིག་སྦྱོང་ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་ནི། སྤོས་ཕོར་མེ་དང་བཅས་པའི་མདུན་དུ་རྡོ་རྗེ་མཁའ་འགྲོའི་མཆོད་པ་དང་། མཎྜལ་ལམ་མེ་ལོང་ལྟ་བུའི་སྟེང་དུ་ཏིལ་ནག་པོ་ལ་སྡིག་པའི་གཟུགས་བྱས་པ་བཤམས། རྡོ་རྗེ་མཁའ་འགྲོའི་བསྐྱེད་ཆོག་གི་ལས་སྔགས་ཀྱིས་བསངས་ལ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་ཞི་བའི་ཐབ་ཁུང་དཀར་པོ་ཟླུམ་པོ་ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བས་བསྐོར་བའི་ནང་དུ་ཛྭ་ལ་རཾ། ཞེས་ཡེ་ཤེས་ཀྱི་མེ་སྦར་བའི་དབུས་སུ་པཾ་ལས་པདྨ། རཾ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་རྡོ་རྗེ་མཁའ་འགྲོ་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་ཐུགས་ཀར་ཧཱུྃ་མཛད་ཀྱི་ཕྱག་རྒྱས་རྡོར་དྲིལ་འཛིན་པ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཞབས་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་ཤིང་ཞལ་རབ་ཏུ་གདངས་པར་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་གྱུར། ཨོཾ་བཛྲ་ཌཱ་ཀི་ནི་ཨརྒྷཾ་སོགས་ཀྱིས་མཆོད། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་པ་ཆེ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། དམིགས་ཡུལ་རྣམས་ཀྱི་རྐང་མཐིལ་གཉིས་སུ་རླུང་


MR25_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

གི་དཀྱིལ་འཁོར་ལྟེ་བར་ཡེ་ཤེས་ཀྱི་མེ་འབར་བ། སྙིང་གར་སྡིག་པའི་ས་བོན་པཾ་ནག་པོ་ལ་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་འདུས། ལྟེ་བའི་ཡེ་ཤེས་ཀྱི་མེ་འབར་བའི་འོད་ཟེར་གྱིས་སྙིང་གའི་པཾ་དེད་ནས་སྡིག་པ་ར་ཅན་གྱི་རྣམ་པར་གྱུར་ནས་ཏིལ་ནག་པོ་ལ་སྡིག་པའི་གཟུགས་བྱས་པ་ལ་ཐིམ་པར་གྱུར་པར་བསམས་ཏེ། མཛུབ་མོ་དང་མཐེ་བོའི་དབུས་སུ་ཧཱུྃ་བསམས་ལ། དེས་སྡིག་པའི་གཟུགས་ལས་བཅད་དེ་ཁྲོ་བོའི་ཞལ་དུ་ཕུལ་ནས་གསོལ་བར་མོས་ཏེ། ཨོཾ་བཛྲ་ཌཱ་ཀི་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པ་ད་ཧ་ན་བྷསྨིཾ་ཀུ་རུ་སྭཱ་ཧཱ། དམིགས་ཡུལ་མོའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླས་ཤིང་ཏིལ་མེ་ལ་བསྲེགས་པས་སྡིག་པ་དག་པར་བསམ། སླར་ཡང་མཆོད་བསྟོད་བྱས་ཏེ། ཨོཾ་བཛྲ་མུཿ ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་བདག་ཉིད་ལ་ཐིམ་པའམ་མེ་འབར་བའི་རྣམ་པར་གྱུར་པར་བསམ། དེ་ལྟར་རྡོ་རྗེ་མཁའ་འགྲོའི་སྐྱེད་ཆོག་རྗེ་འདུལ་བ་འཛིན་པའི་ཊཱིཀ་ཆེན་དང་ཕྱི་མའི་རྒྱུད་དོན་གསལ་བ་ལས་བྱུང་བའོ། །མངྒ་ལཾ། ༈ ། སྒྲུབ་ཐབས་སྣ་ཚོགས་བཞུགས་སོ། །ཤེས་རབ་ཕར་ཕྱིན་མའི་སྒྲུབ་ཐབས་ནི། སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །ཞེས་སྐྱབས་


MR25_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དང་། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ཚད་མེད་བཞི་བསྒོམས་ལ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པད་ཟླའི་སྟེང་། །རང་ཉིད་ཤེས་རབ་ཕར་ཕྱིན་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར། །ཕྱག་གཡས་མཆོག་སྦྱིན་པད་དཀར་དང་། །གཡོན་པས་ཤེར་ཕྱིན་གླེགས་བམ་བསྣམས། །རྡོ་རྗེའི་སྐྱིལ་ཀྲུང་རྒྱན་ཀུན་ལྡན། །ལྟེ་བར་ཟླ་བ་ལ་གནས་པའི། །ས་བོན་ཨོཾ་གྱི་ཡི་གེ་ལས། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་བསྟིམ། །དེའི་གསལ་སྣང་ལ་སེམས་བཟུང་སྟེ། ཨོཾ་ཧཱུྃ་པི་ཙུ་པི་ཙུ་པྲཛྙཱ་ཝརྡྷ་ནི། ཛྭ་ལ་ཛྭ་ལ་མེ་དྷ་ཝརྡྷ་ནི། དྷི་རི་དྷི་རི་བུདྡྷི་ཝརྡྷ་ནི་སྭཱ་ཧཱ། ཤེས་རབ་འཕེལ་བའི་གཟུངས་ཐམས་ཅད་ཀྱི་རྒྱལ་པོ་འདིའི་ཚིག་འབྲུ་གཅིག་ཐོས་པ་ན་ཡང་ཚེ་འདིར་ཤེས་རབ་ཆེན་པོར་འགྱུར་བ་སོགས་བསྔགས་པ་ཚད་མེད་ཅིང་མདོ་རྒྱུད་དུ་མར་གསུངས་པ་འདི་ཉིད་ཤེར་ཕྱིན་མའི་སྔགས་སུའང་འགྱུར་པས་ཅི་ནུས་བཟླའོ། །ཉེ་སྙིང་། ཨོཾ་པྲཛྙེ་མ་ཧཱ་པྲཛྙེ་ཧཱུྃ་སྭཱ་ཧཱ། ཞེས་པའང་ཅི་རིགས་བཟླ། མཐར་སྤྲོ་ན་མཎྜལ་འབུལ་བ་སོགས་དང་ཤེར་ཕྱིན་གྱི་མདོ་ཅི་རིགས་བཀླག ལྷར་སྣང་མི་དམིགས་པར་བསམས་ལ། སླར་ལྷའི་ང་རྒྱལ་གྱིས། དགེ་བ་འདི་ཡིས་མྱུར་དུ་བདག །ཤེས་རབ་ཕར་ཕྱིན་འགྲུབ་གྱུར་ནས་སོགས་


MR25_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

བསྔོ་སྨོན་དང་བཀྲ་ཤིས་ཀྱི་ཚིགས་བཅད་ཅི་རིགས་བརྗོད་པར་བྱའོ། །ཞེས་པའང་མི་ཕམ་འཇམ་དཔལ་དགྱེས་པས་སྤེལ་བ་མངྒ་ལཾ། ༈ །རྨ་བྱ་ཆེན་མོའི་སྒོམ་བཟླས་འདོད་པས། སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་ནས། ཨཱཿ རང་བཞིན་འོད་གསལ་སྟོང་པ་ཆེན་པོའི་ངང་། །སྣ་ཚོགས་པདྨ་ཟླ་སྟེང་མཱཾཿལྗང་ལས། །འོད་འཕྲོས་དོན་གཉིས་བྱས་ཏེ་ཚུར་འདུས་པས། །རང་ཉིད་སྐད་ཅིག་རིག་པའི་རྒྱལ་མོ་ནི། །རྨ་བྱ་ཆེན་མོ་ཞལ་གཅིག་ཕྱག་གཉིས་པ། །མ་རྒད་མདོག་ཅན་ཕྱག་གཡས་མཆོག་སྦྱིན་ཅན། །གཡོན་པས་རྨ་བྱའི་མདངས་སྒྲོ་ལེགས་པར་བསྣམས། །ཞབས་གཉིས་ཕྱེད་སྐྱིལ་དར་དང་རིན་ཆེན་བརྒྱན། །རབ་དཀར་འོད་ཟེར་འབར་བའི་ཀློང་ན་བཞུགས། །གནས་གསུམ་ཡི་གེའི་འོད་ཀྱིས་རང་འདྲའི་ལྷ། །སྤྱན་དྲངས་དམ་ཡེ་གཉིས་སུ་མེད་པ་ལ། །ཡེ་ཤེས་ལྔ་ལྡན་རིགས་ལྔས་དབང་བསྐུར་ནས། །རིགས་བདག་དོན་ཡོད་གྲུབ་པས་དབུར་བརྒྱན་པའི། །ཐུགས་དབུས་ཟླ་སྟེང་མཱཾ་མཐར་སྔགས་ཀྱིས་བསྐོར། །བདུད་རྩིའི་འོད་ཟེར་དཀར་པོ་མཁའ་ཁྱབ་འཕྲོས། །བརྟན་གཡོའི་དུག་གཞིལ་དྭངས་བཅུད་རང་ལ་ཐིམ། །ཨོཾ་ཨཱཿམ་ཧཱ་མ་ཡཱུ་རི་བིདྱ་རཛྙཱི་ཧཱུྃ་ཧཱུྃ་ཕཊ། རིག་སྔགས་རྒྱལ་པོ་ཡི་གེ་བཅུ་བཞི་པ། །འབུམ་ཕྲག་བཅུ་བཞིའི་གྲངས་ཀྱི་བཟླས་པས་འགྲུབ། །བརྟན་གཡོའི་དྭངས་མ་བཅུ་བཞི་དབང་


MR25_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ནས། །མངོན་མཐོ་ངེས་ལེགས་ཡོན་ཏན་བཅུ་བཞི་འགྲུབ། །ཅེས་ལྷུན་གྲུབ་སྟེང་དུ་ཤིང་རྟ་རྒྱལ་ཟླའི་ཡར་ཚེས་དགུ་ལ་འཇམ་དཔལ་དགྱེས་པས་བྲིས་པ་དགེའོ། །མངྒ་ལཾ། ༈ །རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་སྒོམ་བཟླས་བྱ་བར་འདོད་པས། སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་ལ། སྟོང་ལས་ཟླ་ཉི་ཁ་སྦྱོར་དྷྭཾ་སེར་ལས། འོད་འཕྲོས་དོན་བྱས་ཚུར་འདུས་ལྷར་གྱུར་ཏེ། །སེར་མོ་ཡིད་འོང་ཞལ་བཞི་ཕྱག་བཞི་མ། །རྩ་ཞལ་གསེར་མདོག་གཡས་དཀར་གཡོན་དམར་ཞིང་། །སྟེང་ཞལ་འཇིགས་ལ་རྔམས་པ་དུ་བའི་མདོག །ཞལ་ཀུན་ཁྲོ་བའི་སྤྱན་གསུམ་དམར་ཟླུམ་མཛེས། །རལ་པ་གྱེན་བརྫེས་ཐོད་སྐམ་ལྔ་ཡིས་བརྒྱན། །གཡས་གཉིས་རལ་གྲི་གདེངས་ཤིང་འཁོར་ལོ་འཛིན། །གཡོན་པས་སྡིགས་མཛུབ་དང་བཅས་ཞགས་པ་ནག །རྡོ་རྗེས་མཚན་པས་གཏུན་ཤིང་དཀར་པོ་བསྣམས། །མཐིང་མདོག་ན་བཟའ་རིན་ཆེན་རྒྱན་ཆས་རྫོགས། །ལྟོ་བ་འཕྱང་ཚུལ་གཡོན་ཕྱོགས་ཁ་ཊྭཱྃ་དཀར། །འཁྱུད་པའི་ཉམས་ཀྱིས་པད་ཉིར་གཡོན་བརྐྱངས་བཞུགས། །གནས་གསུམ་ཡི་གེས་ཡེ་ཤེས་སྤྱན་དྲངས་བསྟིམ། །རིགས་ལྔས་དབང་བསྐུར་མི་བསྐྱོད་དབུར་བརྒྱན་པའི། །ཐུགས་ཀར་ཟླ་སྟེང་དྷྭཾ་ཡིག་སྔགས་ཕྲེང་ལས། །མཁའ་ཁྱབ་འོད་འཕྲོས་འཕགས་མཆོད་འགྲོ་སྒྲིབ་སྦྱང་། །སྲིད་ཞིའི་གཟི་བརྗིད་སྤོབས་པ་སྟོབས་ཀུན་བསྡུས། །


MR25_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཐིམ་ཕྱོགས་ལས་རྣམ་རྒྱལ་མཐུ་ཐོབ་བསམ། །ཨོཾ་བྷ་ག་ཝ་ཏི་དྷྭ་ཛ་ཀྲ་ཀེ་ཡཱུ་ར་པ་ར་སཻནྱ་བི་དྷྭནྶ་ན་ཀྲཱ་ས་སཻནྱ་པ་རི་ལ་ནི་ཨུ་ལུ་ཀཱ་མུ་ཁི་ཁ་ཁ་ཁཱ་ཧི་ཁཱ་ཧི། པ་ར་སཻནྱ་མ་ཨ་ནནྟ་བྷུ་ཛེ་ཨ་་་ནནྟ་མུ་ཁེ་པྲ་ཧ་ར་པྲ་ཧ་ར་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། རིག་སྔགས་དམ་པ་འདི་ཉིད་གང་འགྲུབ་བཟླ། སྐབས་སུ་དྲག་མོར་བསྒོམ་ན། རང་ཐུགས་དྷྭཾ་ཡིག་འབར་བའི་འོད་ཀྱིས་ནི། །རྒྱལ་མཚན་རྩེ་མོའི་དཔུང་རྒྱན་དྲག་མོའི་སྐུར། །གནས་གྱུར་རྡོ་རྗེ་རོ་ལངས་མཐིང་ནག་སྐུ། །ཞལ་བཞི་མཐིང་ག་ཕྱག་བརྒྱད་གཡས་བཞི་ན། །རལ་གྲི་གཏུན་ཤིང་འཁོར་ལོ་མདའ་བསྣམས་ཤིང་། །གཡོན་བཞི་རྩེ་གསུམ་ཞགས་པ་གཞུ་སྡིགས་མཛུབ། །ཞབས་བཞིས་བདུད་བཞི་མནན་ཅིང་ཁྲོ་བོ་ཡི། །རྒྱན་དང་ཆ་ལུགས་ན་བཟའ་ཡོངས་སུ་རྫོགས། །བ་སྤུ་ཀུན་ལས་འོད་ཟེར་རབ་འཕྲོས་པས། །བདེ་གཤེགས་ཀུན་མཉེས་མིང་པོ་གསུམ་གྱི་བདག །བསྐུལ་བས་གདུག་པ་ཐམས་ཅད་ཚར་བཅད་གྱུར། །གོང་གི་གསང་སྔགས་ཅི་ཙམ་ནུས་པ་བཟླ། །དེས་ནི་བགེགས་རྣམས་ཉམས་ཤིང་གཡུལ་ལས་རྒྱལ། །གཟི་བརྗིད་སྤོབས་པ་སྟོབས་འཕེལ་དོན་ཀུན་འགྲུབ། །འཇིགས་མེད་ཕྱོགས་ལས་རྣམ་རྒྱལ་མཐུ་ཐོབ་འགྱུར། །ཤིང་རྟ་རྒྱལ་ཟླའི་དགའ་བ་གསུམ་པར་ལྷུན་གྲུབ་སྟེང་དུ་མི་ཕམ་རྣམ་པར་རྒྱལ་བས་བཀོད་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། ༈ །།སོར་འབྲང་


MR25_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

མའི་སྒོམ་བཟླས་བྱ་བར་འདོད་པས། སྐྱབས་སེམས་སོགས་སྔོན་དུ་བཏང་ལ། སྟོང་པའི་ངང་ལས་སྣ་ཚོགས་པད་ཟླའི་སྟེང་། པྲྃ་ཡིག་དཀར་པོའི་འོད་ཟེར་འཕྲོ་འདུ་ལས། །རང་ཉིད་སོ་སོར་འབྲང་མ་སྐུ་མདོག་དཀར། ཞལ་གཅིག་ཕྱག་གཉིས་རལ་གྲི་འཁོར་ལོ་འཛིན། །སྒེག་འཛུམ་དར་དང་རིན་ཆེན་རྒྱན་ཆས་རྫོགས། །ཞབས་གཉིས་ཟླུམ་པོའི་སྟབས་ཀྱིས་བཞུགས་པ་ཡི། །གནས་གསུམ་ཡི་གེས་ཡེ་ཤེས་སྤྱན་དྲངས་བསྟིམ། །རིགས་ལྔས་དབང་བསྐུར་རྣམ་སྣང་དབུར་བརྒྱན་པའི། །ཐུགས་ཀར་ཟླ་སྟེང་པྲྃ་ཡིག་སྔགས་ཕྲད་ལས། །འོད་འཕྲོས་འཕགས་མཆོད་སེམས་ཅན་སྒྲིམ་པ་སྦྱངས། །འཁོར་འདས་ལམ་གྱི་དགེ་མཚན་དཔལ་ཡོན་ཀུན། །འོད་ཟེར་བདུད་རྩིའི་རྣམ་པས་རང་ལ་ཐིམ། །ཨོཾ་མ་ཎི་དྷཱ་རི་བཛྲཱི་ཎི་མ་ཧཱ་པྲ་ཏི་ས་རེ་ཧཱུྃ་ཧཱུྃ་ཕཌ། གསང་སྔགས་རྒྱལ་པོ་འདི་ཉིད་བཟླ། །ཐུན་གྱི་མཐར། ལྷ་མོའི་མཁའ་ལས་འཇམ་དཔལ་དཔག་མེད་འཕྲོས། །ཕྱོགས་བཅུའི་སེམས་ཅན་ཀུན་གྱི་དོན་བྱས་བསམ། །སླར་ཡང་རིག་སྔགས་ཅི་རིགས་བཟླས་པ་ཡིས། །གདོན་སོགས་བར་ཆད་གང་གིས་མི་ཚུགས་ཤིང་། །བུ་ནོར་མངའ་ཐང་དཔལ་དང་འབྱོར་པའི་མཚོ། །ཡང་ངོའི་ཟླ་བ་བཞིན་དུ་རྒྱས་པར་འགྱུར། །ལྷུན་གྲུབ་སྟེང་དུ་རྟ་ལོར་དྷཱིས་བྲིས་དགེ། ༈ །།གདུགས་དཀར་མོ་བསྒྲུབ་བར་འདོད་པས། རང་བཞིན་འོད་གསལ་


MR25_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཆེན་པོ་ལས། །སྐད་ཅིག་དྲན་རྫོགས་ཕྱིར་ཟློག་ཆེན་མོའི་སྐུ། །དཀར་གསལ་ཕྱག་གཉིས་མཆོག་སྦྱིན་གདུགས་དཀར་བསྣམས། །དར་དང་རིན་ཆེན་རྒྱན་ཆས་ཡོངས་སུ་རྫོགས། །རྡོ་རྗེའི་སྐྱིལ་ཀྲུང་རྣམ་སྣང་དབུ་རྒྱན་ཅན། །མེ་དཔུང་ཀློང་བཞུགས་ཕོ་ཉའི་སྤྲིན་སྤྲོ་ཞིང་། །རྒྱལ་བས་དབང་བསྐུར་སེམས་དཔའི་ཚོགས་ཀྱིས་བཀུར། །འཇིག་རྟེན་སྐྱོང་བ་རྣམས་ཀྱིས་མངོན་མཆོད་པའི། ། ཐུགས་ཀར་ཟླ་སྟེང་ཨོཾ་ཡིག་སྔགས་ཕྲེང་གི། འོད་ཀྱིས་དོན་གཉིས་བྱས་ཤིང་ཁྱད་པར་དུ། །ནད་གདོན་བྱད་སྟེམས་འཇིགས་དང་ཉེར་འཚེ་ཀུན། །སྲུང་བཟློག་ཞི་བའི་ཕྲིན་ལས་མཛད་པར་གྱུར། །ཨོཾ་སརྦ་ཏ་ཏཱ་ག་ཏ་ཨུཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུྃ་ཕཊ། ཨོཾ་མ་མ་ཧཱུྃ་ནི་སྭཱ་ཧཱ། རིག་སྔགས་འདི་བཟླས་མི་མཐུན་ཕྱོགས་ཀུན་ཞི། །གཞན་གྱིས་མི་ཐུབ་ཕྱིར་ཟློག་ཆེན་མོར་གྲགས། །ལྷུན་གྲུབ་སྟེང་དུ་རྟ་ལོར་དྷཱིས་བྲིས་དགེ། །། ༄༅། །འོད་ཟེར་ཅན་མ་ནི། སྟོང་པའི་ངང་ལས་པདྨ་ཟླ་བའི་སྟེང་། །མཱཾ་ལས་མྱ་ངན་མེད་པའི་འོད་ཟེར་ཅན། །གསེར་མདོག་ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་དང་། །གཡོན་པས་མྱ་ངན་མེད་པའི་ལྗོན་ཤིང་བསྣམས། །དར་དང་རིན་ཆེན་རྒྱན་ཅས་ཡོངས་སུ་རྫོགས། །ཞབས་གཉིས་ཕྱེད་སྐྱིལ་པད་ཟླའི་གདན་ལ་བཞུགས། །ཐུགས་ཀར་ཟླ་སྟེང་མཱཾ་ལ་སྔགས་ཀྱིས་བསྐོར། །འོད་འཕྲོས་ཞི་དང་སྲུང་སོགས་ལས་


MR25_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་འགྲུབ། །ཨོཾ་མཱ་རི་ཙྱཻ་སྭཱ་ཧཱ། གཞན་གྱིས་མི་ཐུབ་ཞི་དང་སྲུང་བ་དང་། །ཕ་རོལ་ཕྱོགས་ལས་རྒྱལ་བའི་མཐུ་གྲུབ་འགྱུར། །མི་ཕམ་པས་སོ། ༈ །རིགས་བྱེད་མ་ནི། སྟོང་པའི་ངང་ལས་པད་ཉི་རོ་གདན་སྟེང་། །ཧྲཱིཿལས་རིགས་བྱེད་དབང་མོ་སྐུ་མདོག་དམར། །ཞལ་གཅིག་ཕྱག་བཞི་ཡིད་འཕྲོག་གཞོན་འཛུམ་ཁྲོ། །དང་པོའི་ཕྱག་གཉིས་ཨུཏྤལ་མདའ་གཞུ་འགེངས། །ཐ་མའི་ཕྱག་གཉིས་ལྕགས་ཀྱུ་ཞགས་པ་བསྣམས། །སྤྱན་གསུམ་དམར་ཟླུམ་དབུ་སྐྲ་དམར་སེར་བརྫེས། །ཐོད་སྐམ་ལྔས་བརྒྱན་ཐོད་རློན་དོ་ཤལ་འཕྱང་། །རུས་པའི་རྒྱན་དང་དར་དཔྱངས་སྟག་ཤམས་སྤྲས། །གཡས་བརྐྱང་བསྐུམ་གར་སྟབས་ཉི་མའི་རྒྱབ་ཡོལ་ཅན། །འོད་དམར་ཀློང་བཞུགས་སྲིད་ཞིའི་དྭངས་བཅུད་འགུགས། །གནས་གསུམ་ཡི་གེས་ཡེ་ཤེས་སྤྱན་དྲངས་བསྟིམ། །རིགས་ལྔས་དབང་བསྐུར་སྣང་མཐས་དབུར་བརྒྱན་པའི། །ཐུགས་དབུས་ཉི་སྟེང་ཧྲཱིཿལ་སྔགས་ཀྱིས་བསྐོར། །འོད་འཕྲོས་སྲིད་ཞིའི་ཕུན་ཚོགས་དབང་བསྡུས་གྱུར། །ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། གང་ཞིག་དྲན་དང་བཟླས་པ་ཙམ་གྱིས་ཀྱང་། །འཇིག་རྟེན་གསུམ་པོ་དབང་དུ་བྱེད་པའོ། །མི་ཕམ་པས་སོ། ༈ །བདུད་རྩི་ཐབས་སྦྱོར་སྒྲུབ་ན། སྟོང་པའི་ངང་ལས་པད་ཉི་ལོག་འདྲེན་སྟེང་། །ཧཱུྃ་ལས་ཁྲོ་བོ་བདུད་རྩི་འཁྱིལ་པ་ནི། །ལྗང་སྔོན་རྡོ་རྗེ་དགྲ་སྟཱ་ཞགས་པ་


MR25_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས། །ཁྲོ་བོའི་ཆས་རྫོགས་ཞབས་གཉིས་བརྐྱང་བསྐུམ་བཞུགས། །ཡེ་ཤེས་མེ་དཔུང་འབར་བའི་དབུས་ན་འགྱིང་། །ཐུགས་ཀར་ཉི་སྟེང་ཧཱུྃ་ལ་སྔགས་ཀྱིས་བསྐོར། །བགེགས་རྣམས་ཚར་བཅད་དོན་གཉིས་ལྷུན་གྲུབ་གྱུར། །ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། དྲན་པ་ཙམ་གྱིས་བགེགས་ཀུན་མཐར་བྱེད་ཅིང་། དངོས་གྲུབ་ཀུན་མཆོག་ཡིད་བཞིན་སྩོལ་བའོ། །མི་ཕམ་རྡོ་རྗེས་སྤེལ་བ་དགེ། ༄༅། །སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་བཞུགས་སོ། །སྐྱབས་སེམས་བྱ་ཞིང་ཤུ་ནྱས་སྦྱང་། །སྟོང་པའི་ངང་ལས་ས་བོན་ཏཱཾ་ལས། །པདྨ་དཀར་པོའི་དབུས་གནས་པ། །ཟླ་བའི་གཟུགས་ཀྱི་གདན་སྟེང་དུ། །རང་ཉིད་རྗེ་བཙུན་སྒྲོལ་མ་ནི། །རྡོ་རྗེའི་སྐྱིལ་ཀྲུང་རབ་བཅིངས་ཤིང་། །མཆོག་སྦྱིན་ཨུཏྤལ་འཛིན་པ་མོ། །སྟོན་ཟླའི་འོད་ལྟར་དཀར་བའི་མདོག །ཟླ་བ་ལ་ནི་རྒྱབ་བརྟེན་པ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །བཅུ་དྲུག་ལོ་ལོན་སྐུ་མངའ་བའོ། །རྫོགས་སངས་རྒྱས་ཀུན་དེ་ཡི་སྲས། །ཡུམ་གྱུར་འདོད་པའི་གཟུགས་འཛིན་མ། །དེ་ཡི་སྙིང་གར་ཟླ་བ་ཡི། འཁོར་ལོ་རྩིབས་བརྒྱད་དག་གི་དབུས། །རང་འདྲའི་ཡེ་ཤེས་སེམས་མ་ནི། །དཀར་མདངས་འཕགས་མ་སྒྲོལ་མ་བསྒོམ། །རྩིབས་བརྒྱད་ལ་ནི་ཡི་གེ་བརྒྱད། །ཨོཾ་དང་ཧཱ་ཡི་ཡི་གེའི་དབུས། །བསྒྲུབ་བྱའི་མིང་ལྡན་ལྟེ་བར་


MR25_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། གསང་སྔགས་ཡི་གེ་བཅུ་པ་བཟླ། །ཚངས་དབང་ཁྱབ་འཇུག་ཟླ་བ་ཉི། །དྲག་པོ་ཕྱོགས་སྐྱོང་འདོད་པའི་ལྷས། །སྤུ་ཡི་རྩེ་ཡང་བསྐྱོད་མི་ནུས། །འཆི་བ་ལས་རྒྱལ་སྒྲོལ་མ་བཞིན། །གཉེར་མ་སྐྲ་དཀར་སྐལ་ངན་དང་། །ནད་དང་དབུལ་ཕོངས་ཉམས་པར་བྱེད། །སེང་གེ་ལ་སོགས་འཇིགས་ཆེན་བརྒྱད། །སྡུག་བསྔལ་ཚོགས་རྣམས་སེལ་བར་བྱེད། །བཟའ་དང་བཏུང་བ་གོས་དང་ནི། །ཁང་བཟང་རིན་ཆེན་ལྡན་མི་སློད། །རལ་གྲི་མིག་སྨན་རྐང་བྱུག་དང་། །བུམ་པ་བཟང་སོགས་དངོས་གྲུབ་འགྱུར། །སྙན་ངག་རྩོད་དང་མི་བརྗེད་དང་། །ཤེས་རབ་གཅིག་ཏུ་དྲི་མ་མེད། །འདོད་པ་གཞན་ཡང་སྒྲུབ་བྱེད་པ། །འཁོར་ལོ་འདི་ལས་རབ་ཏུ་འབྱུང་། །ཞེས་དགྲ་དབང་གྲགས་པའི་རྒྱ་གཞུང་ནས་བཏུས་ཏེ་དྷཱིས་སྦྱར་བ་དགེ། ༈ །།ཕྱག་རྡོར་སྒྲུབ་ཐབས་ནི། སྔོན་འགྲོ་དང་རྗེས་སྤྱི་དང་འདྲ། དངོས་གཞི། སྟོང་པའི་ངང་ལས་པད་ཉིའི་སྟེང་། །ཧཱུྃ་ལས་བྱུང་བའི་རྡོ་རྗེ་འཛིན། །ཨུཏྤལ་མཐིང་གའི་མདོག་ལྟ་བུ། །ཡུད་ཙམ་འཛུམ་ལ་མཆེ་བ་ནི། །ཅུང་ཟད་གཙིགས་པ་ཁྲོ་བའི་ཉམས། །གཡས་ཀྱི་ཕྱག་ན་རྡོ་རྗེ་གསོར། །མེ་ཏོག་གཞུ་དང་མདའ་ལྔ་གཡོན། །ཁྲ་བོའི་སྟོད་གོས་ཀོ་རློན་གྱི། །སྨད་གཡོགས་དར་དང་རིན་པོ་ཆེའི། །རྒྱན་རྣམས་ཀུན་གྱིས་ལེགས་པར་སྤྲས། །


MR25_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་ལ་དེ་བཞིན་གཤེགས་པས་བརྒྱན། །གཡས་བསྐུམ་ཨུ་མའི་ནུ་མར་འཚིར། །གཡོན་བརྐྱང་ལྷ་ཆེན་འདོན་གཡོན་མནན། །ཡེ་ཤེས་འོད་ཟེར་ཀུན་ནས་འཕྲོ། །ཐུགས་ཀར་ཉི་སྟེང་ཧཱུྃ་ཡིག་ལ། །སྔགས་ཕྲེང་བསྐོར་ལས་འོད་ཟེར་འཕྲོས། །འཕགས་མཆོད་སེམས་ཅན་སྒྲིབ་པ་སྦྱང་། །བྱིན་བས་དངོས་གྲུབ་དྭངས་བཅུད་བསྡུས། །ཚུར་འདུས་རང་ལ་ཐིམ་པར་བསམ། །ཊཀྐི་ཧཱུྃ་ཛཿཞེས་སྙིང་པོ་བརྗོད་པ་ཙམ་གྱིས་རྡོ་རྗེའི་རི་ལྟར་མི་གཡོ་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་བསྐྱོད་ཅིང་འདྲེན་ན་སེམས་ཅན་གཞན་ལྟ་ཅི་སྨོས། གང་དྲན་པ་ཙམ་གྱིས་འཇིགས་པ་ཐམས་ཅད་ལས་གྲོལ་བ་དང་། བརྗོད་པ་ཙམ་གྱིས་མཚམས་མེད་པ་ཐམས་ཅད་ལྷག་མེད་དུ་བྱང་བ་དང་། ཐམས་ཅད་ལས་སྲུང་བ་དང་། ཕྱག་ན་རྡོ་རྗེས་འདོད་པའི་དོན་ཐམས་ཅད་ཀྱི་མཆོག་ཇི་འདོད་སྩོལ་ཞིང་རྟག་པར་རྗེས་སུ་འབྲངས་ནས་གྲུབ་པ་ཐམས་ཅད་མངོན་དུ་བསྩལ་བར་མཛད་དོ། །འདི་བསྒྲུབ་ན་བཅོམ་ལྡན་སེམས་དཔའི་མཆོག་འདོད་པའི་ཁྲོ་བོ་བཅས་གྲུབ་པར་འགྱུར་ཞིང་། སྙིང་པོ་འདི་བདག་ཉིད་ཆེ་བ་སྟེ། ཊཀྐི་ཞེས་བྱ་བ་འདོད་པའོ། །ཧཱུྃ་ཞེས་བྱ་བ་ནི་ཁྲོ་བོའོ། །དེ་གཉིས་དགུག་པའི་ཛཿཞེས་བྱ། དེ་བཟླས་པས་སེམས་ཅན་ཐམས་ཅད་ཀྱི་སྙིང་དུ་སྡུག་པ་སོགས་སུ་འགྱུར་ལ། དེའི་སྙིང་ལས་རྡོ་རྗེ་འབྱུང་ཞིང་སེམས་ཅན་ཐམས་ཅད་ཀྱིས་མི་སོད་པ་མི་ཚུགས་པ་


MR25_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་ལུས་སུ་འགྱུར་བ་དང་ལན་གཅིག་བཟླས་པས་འགྲུབ་པར་གསུངས་ཏེ། འདིའི་ལས་ཀྱི་ཚོགས་ཤིན་ཏུ་མང་པོ་དག་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོགས་པ་དང་། རིག་པ་མཆོག་གི་རྒྱུད་སོགས་ལས་བསྟན་ཏོ། །རྒྱུད་གཞན་ན་སྔགས་འདི་ཉིད་ཁྲོ་བོ་འདོད་པའི་རྒྱལ་པོའི་སྔགས་སུའང་གསུངས་ལ། དགུག་པའི་གསང་སྔགས་ཀྱི་རྒྱལ་པོ་དངོས་གྲུབ་ཐམས་ཅད་ཡིད་བཞིན་དུ་སྩོལ་བ་ཕྱག་ན་རྡོ་རྗེའི་སྙིང་པོ་དམ་པའོ། །ཞེས་པའང་མི་ཕམ་འཇམ་དཔལ་རྡོ་རྗེས་སྤེལ་བ་དགེ། ༈ །།ཕྱག་རྡོར་བདག་བསྐྱེད་བཞུགས། སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་། སྭ་བྷཱ་ཝས་སྟོང་པར་སྦྱངས་ལ། སྟོང་པའི་ངང་ལས་པདྨ་ཟླ་བའི་སྟེང་། །བདག་ཉིད་ཕྱག་ན་རྡོ་རྗེ་ནམ་མཁའི་མདོག །ཕྱག་གཡས་རྡོ་རྗེ་གཡོན་པས་དྲིལ་བུ་བསྣམས། །དར་དང་རིན་ཆེན་རྒྱན་སྤྲས་ཕྱེད་སྐྱིལ་ཅན། །ཡེ་ཤེས་འོད་ཟེར་འཁྲུགས་པའི་ཀློང་ན་བཞུགས། །དབྱིངས་ནས་ཡེ་ཤེས་སྤྱན་དྲངས་གཉིས་མེད་བསྟིམ། །ཐུགས་ཀར་ཟླ་སྟེང་ཧཱུྃ་ལ་སྔགས་ཀྱིས་བསྐོར། །འོད་འཕྲོས་དོན་བྱས་ཐམས་ཅད་ལྷར་གྱུར་བསྒོམ། །ཨོཾ་བཛྲ་པཱ་ཎི་ཧཱུྃ། ཞེས་པ་དམིགས་པ་མ་ཡེངས་པར། །ཅི་འགྲུབ་བཟླས་པས་རྟགས་རྣམས་འབྱུང་། །ཡེ་ཤེས་ཐིག་ལེའི་རྒྱུད་ལས་ནི། །ལྷ་མོ་སྔགས་ནི་ཡི་གེ་དྲུག །ཐམས་ཅད་འདོད་པའི་དོན་སྒྲུབ་བྱེད། །གདུག་པ་ཐམས་ཅད་


MR25_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་བྱེད་ཅིང་། །ནད་རྣམས་ཀུན་ནི་ཟད་པར་བྱེད། །དངོས་གྲུབ་ཐམས་ཅད་རབ་ཏུ་སྦྱིན། །ཐམས་ཅད་མཁྱེན་པས་མ་ཐུབ་པ། །ཁྲོ་བོའི་ལྟ་བས་བཟླས་པ་ན། །སྐད་ཅིག་གིས་ནི་ཐམས་ཅད་གསོད། །ཞི་བའི་ལྟ་བས་བཟླས་པ་ན། །མཐའ་ཡས་པ་ཡི་ནད་གཞི་བྱེད། །ཅེས་གསུངས་གཞན་ཡང་རྒྱུད་དུ་མར། །གསུངས་པའི་ཕྱག་རྡོར་སྔགས་འདི་ཡིན། །ཐུན་མཐར་མཆོད་བསྟོད་བསྡུ་ལྡང་དང་། །དགེ་བསྔོ་བཀྲ་ཤིས་བརྗོད་པར་བྱ། །ཞེས་པའང་རབ་ཚེས་ཀུན་ལྡན་ནག་ཟླའི་ཚེས་ལྔར་མི་ཕམ་པས་བྲིས་པ་དགེའོ། ༈ །འཇམ་དཔལ་མཆོག་སྦྱིན་རྡོ་རྗེའི་སྒྲུབ་ཐབས་ནི། སྐྱབས་སེམས་ཚད་མེད་བསྒོམ་པ་སྔོན་བཏང་ནས། །སྟོང་པའི་ངང་ལས་རིན་ཆེན་སྣ་ཚོགས་ཀྱི། །རི་ཡི་རྩེ་མོར་པད་དཀར་ཟླ་བའི་སྟེང་། །རང་ཉིད་འཇམ་དཔལ་མཆོག་སྦྱིན་རྡོ་རྗེ་ནི། །གུར་གུམ་མདོག་ཅན་ཟུར་ཕུད་ལྔ་དང་ལྡན། །ཐོར་ཚུགས་ནོར་བུ་སྙན་གོང་ཨུཏྤལ་བརྒྱན། །དར་རས་སྨད་གཡོགས་དར་གྱི་བླ་གོས་སོགས། །དར་དང་རིན་ཆེན་རྒྱན་རྫོགས་མཛེས་འཛུམ་ཞལ། །མཚན་དཔེའི་དཔལ་འབར་ཡིད་འོང་གཞོན་ནུའི་གཟུགས། །སངས་རྒྱས་ཀུན་གྱི་འོད་ཟེར་དབུ་ལ་འབེབས། །ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་ལེགས་བརྐྱང་ཞིང་། །རྡོ་རྗེས་མཚན་པའི་ཨུཏྤལ་སྔོན་པོ་གཡོན། །སྐུ་ལས་བྱུང་བའི་འོད་ཟེར་དྲ་བ་དང་། །ཡེ་ཤེས་མེ་ལྕེ་འབར་དབུས་སྐྱིལ་ཀྲུང་


MR25_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས། །ཐུགས་ཀའི་པད་ཟླར་མྃ་ལ་སྔགས་ཀྱིས་བསྐོར། །འོད་ཟེར་འཕྲོ་འདུས་རང་གཞན་དོན་གཉིས་བྱས། །སྣང་སྲིད་ཐམས་ཅད་ལྷ་ཡི་རང་བཞིན་བསྒོམ། །ཨོཾ་མཉྫུ་ཤྲཱི་བཱ་ར་ད་བཛྲ་མཾ་སྭཱ་ཧཱ། དྲན་པ་ཙམ་གྱིས་མཆོག་རྣམས་ལེགས་སྩོལ་ཞིང་། །བདུད་དང་བར་ཆད་མཐའ་དག་མཐར་བྱེད་པ། །དེ་ཕྱིར་དམ་པ་སྦྱིན་པའི་རྡོ་རྗེ་ཞེས། །མཐའ་ཡས་རྒྱལ་བའི་ཞིང་དུ་གྲགས་པའོ། །ཐུན་མཐར་མཆོད་དང་མཎྜལ་འབུལ་བྱས་ལ། །ཕྱག་འཚལ་མཆོག་སྦྱིན་རྡོ་རྗེ་མཆོག །འཇམ་པའི་དབྱངས་ནི་སྟོབས་པོ་ཆེ། །དཔའ་བོ་ཆེན་པོ་ཆེར་གྲགས་པ། །མ་དུལ་རྟག་ཏུ་འདུལ་མཛད་ལའོ། །ཞེས་བསྟོད་བཟོད་པར་གསོལ་ཞིང་བསྡུ་ལྡང་དང་། །དགེ་བསྔོ་སྨོན་ལམ་ཤིས་པ་བརྗོད་པར་བྱ། །རབ་ཚེས་ལྕགས་གླང་གྲོ་བཞིན་ཟླ་བ་ཡི། །ཚེས་བཞི་དགེ་བའི་དུས་སུ་ཤྲཱི་སེང་ཧར། །འཇམ་དཔལ་དགྱེས་པའི་རྡོ་རྗེས་ལེགས་སྤེལ་བས། །འགྲོ་ཀུན་དངོས་གྲུབ་མཆོག་གི་དཔལ་ཐོབ་ཤོག། མངྒ་ལཾ། ༈ །མི་གཡོ་བའི་སྒྲུབ་ཐབས་ལ། སྔོན་རྗེས་སྤྱི་ལྟར་དངོས་གཞི་ནི། སྟོང་པའི་ངང་ལས་པད་ཉི་བདུད་བཞིའི་སྟེང་། །མི་གཡོ་མགོན་པོ་མཐིང་ནག་ཁྲོ་བོའི་སྐུ། །ཕྱག་གཡས་རལ་གྲི་གཡོན་པས་ཞགས་པ་འཛིན། །དུར་ཁྲོད་ཆས་རྫོགས་ཞབས་གཡོན་པུས་བཙུགས་བཞུགས། །ཡེ་ཤེས་མེ་དཔུང་འབར་བའི་དབུས་ཉིད་ན། །


MR25_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

གར་དགུའི་ཉམས་ལྡན་ཐུགས་ཀར་ཉི་མའི་སྟེང་། །ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས། །འོད་འཕྲོས་དོན་བྱས་བྱིན་རླབས་དངོས་གྲུབ་བསྡུས། །ཨོཾ་ཙཎྚ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། གཟུངས་སྔགས་ཀྱི་རྒྱལ་པོ་ཡི་གེ་བཅུ་པ་འདི་ལན་གཅིག་བརྗོད་པ་ལས་འཛམ་གླིང་གི་ལྷ་ཀླུ་གནོད་སྦྱིན་ལ་སོགས་པ་ཀུན་ཞི་བར་འགྱུར་རོ། །རིམས་སོགས་ནད་ཐམས་ཅད་ལས་ཐར་བ་དང་། ལན་གཅིག་བརྗོད་པས་མཚམས་མེད་པ་ལ་སོགས་པའི་སྡིག་པ་ཐམས་ཅད་ངེས་པར་བསྲེག་པར་འགྱུར་རོ། །ལས་ཀྱི་ཚོགས་ཤིན་ཏུ་མང་པོ་བྱེད་པ་བདུད་སོགས་བར་ཆད་ཀུན་གྱི་གཉེན་པོ་བླ་ན་མེད་པའོ། །མི་ཕམ་པས་སྦྱར་བ་དགེ། ༄༅། །སྟོབས་པོ་ཆེའི་སྒྲུབ་ཐབས་ནི། སྟོང་པའི་ངང་ལས་པདྨ་ཉི་མའི་སྟེང་། །རང་ཉིད་སྐད་ཅིག་ཁྲོ་རྒྱལ་སྟོབས་པོ་ཆེ། །མདོག་དམར་སྤྱན་གསུམ་མཆེ་གཙིགས་ཁྲོ་བོའི་སྐུ། །གཡས་ཀྱི་ཕྱག་གཉིས་རྔ་ཡབ་བེ་ཅོན་དང་། །གཡོན་གཉིས་མཆོག་སྦྱིན་དང་ནི་ཞགས་པ་བསྣམས། །སྟག་ཤམས་ལ་སོགས་དུར་ཁྲོད་རྒྱན་ཆས་རྫོགས། །ཞབས་གཉིས་བཞེངས་སྟབས་ལོག་འདྲེན་ཕོ་མོ་བརྫིས། །ཡེ་ཤེས་མེ་དཔུང་འབར་བའི་དབུས་ན་བཞུགས། །ཐུགས་ཀར་ཉི་སྟེང་ཧཱུྃ་ལ་སྔགས་ཀྱིས་བསྐོར། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བཱ་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བི་དྷྭ་ནྶ་ན་ཛ་ཊི་ལ་མྦོ་ད་ར་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ་སྭཱ་ཧཱ། རིག་པའི་རྒྱལ་པོ་སྟོབས་པོ་ཆེ་འདི་


MR25_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པ་ཙམ་གྱིས་ཉེ་བར་འཚེ་བ་ཐམས་ཅད་རླག་པར་བྱེད་དོ། །སྤྱོད་ལམ་དང་ལམ་དུ་འཇུག་དུས་དང་ཆུ་བརྒལ་བ་སོགས་ཀྱི་དུས་སུ་གཅིག་གམ་གསུམ་བརྗོད་ན་སྲུང་བའི་མཆོག་སྟེ་འཇིགས་པ་གང་ཡང་མི་འབྱུང་། འདི་ཚེས་གྲངས་དང་རྒྱུ་སྐར་ཟས་བསྙུང་བ་དང་གཙང་སྦྲ་སོགས་ལ་མི་ལྟོས་པར་སྔོན་དུ་སུམ་འབུམ་བཟླས་པས་བསྙེན་པ་བྱས་པར་འགྱུར་རོ། །དེ་ནས་པ་ལ་ཤའམ་བིལ་བའི་ཤིང་གི་མེ་ལ་འབྲས་ཡོས་སམ་ཏིལ་མར་བཅས་ལན་བརྒྱད་སྟོང་གིས་སྦྱིན་སྲེག་བྱས་ན་འགྲུབ་བོ། །དེ་ནས་ལས་ཀྱི་ཚོགས་སྣ་ཚོགས་སྦྱིན་སྲེག་སོགས་ཀྱིས་གྲུབ་བོ། །ཁྲོས་བཞིན་བཟླས་ན་དགྲ་འཆིའོ། །གང་ལ་དམིགས་ཏེ་ཁྲི་གཅིག་བཟླས་ན་དེ་བྲན་དུ་འགྱུར་ཞིང་དེ་ལྟར་མིན་ན་འཆིའོ། །དམག་གི་ནང་དུ་རང་བསྡད་དེ་བཟླས་ན་རང་ཕྱོགས་རྒྱལ། ཉི་མ་འཆར་ཁར་ལན་བརྒྱ་རྩ་བརྒྱད་བཟླས་ན་ཁ་ཟས་རོ་དྲུག་ལྡན་པ་འགྲུབ། མདའ་ལ་ལན་བརྒྱད་སྟོང་བཟླས་ཏེ་འཕང་ན་ཕ་རོལ་གྱི་དམག་རེངས་ཤིང་མཚོན་འདེབས་པར་མི་ནུས་སོ། །ཡིད་ལ་བཟླས་བརྗོད་བྱས་ན་ཆོམ་རྐུན་རེངས་པར་འགྱུར་རོ། །དྲན་པ་ཙམ་གྱིས་ངན་འགྲོར་མི་འགྲོ་ཞིང་། མཚམས་མེད་པའི་ལས་སྒྲིབ་ལས་ཐར། དངོས་གྲུབ་འདི་དག་བཟླས་བརྗོད་བྱས་པ་ཙམ་གྱིས་འགྲུབ། གཟུངས་འདི་ཐོས་པ་ཙམ་གྱིས་འཇིག་རྟེན་འདས་མ་འདས་ཀྱི་དཀྱིལ་འཁོར་ཐམས་ཅད་དུ་དབང་བསྐུར་བ་ཐོབ་པ་དང་། ཕ་རོལ་གྱིས་བྱས་


MR25_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རིག་སྔགས་ཐམས་ཅད་བཤིག་ཅིང་བཅོམ་པར་འགྱུར། གདོན་གྱི་རིགས་སུ་གཏོགས་པ་ཐམས་ཅད་འཇོམས་ཤིང་དེ་དག་གིས་མི་ཚུགས། དུག་ལ་སོགས་པའི་གནོད་པ་ཐམས་ཅད་ཀྱིས་མི་ཚུགས། དུས་མིན་འཆི་བ་སོགས་འཇིགས་པ་ཐམས་ཅད་མེད་པར་འགྱུར། དོན་ཐམས་ཅད་གྲུབ་པར་འགྱུར། སྔགས་ཐམས་ཅད་འགྲུབ་ཅིང་བཀྲ་ཤིས་པར་བྱེད་དོ། །ཡིད་ལ་ཇི་ལྟར་འདོད་པའི་མཆོག་འཐོབ་བོ། །དབུལ་བ་དང་ལོ་ཉེས་པ་ཞི། ཆར་མི་འབབ་པའི་ཚེ་བཟླས་པས་ཕེབ། གསང་སྔགས་བྲིས་ཏེ་སྤྱི་བོར་བཏགས་པས་མཚོན་ཆ་སྲུང་ངོ་། །དུག་ལ་རྨ་བྱའི་སྒྲོ་ལ་བཟླས་ཏེ་བྱབས་པས་སེལ། རིམས་ལ་ཚོན་སྣ་ལྔའི་སྐུད་པར་བཏབ་སྟེ་བཏགས་པས་སྲུང་མཚམས་བཅད་པར་ཆུའམ་ཡུངས་ཀར་རམ་ཐལ་བས་བྱའོ། །འདིས་སྲུང་བ་བྱས་ན་དངོས་གྲུབ་ཀྱི་རྫས་ལ་གདོན་གྱིས་གླགས་མི་རྙེད། སྦྲུལ་གྱིས་ཟིན་པ་ཤི་ནས་རོ་བསྲེགས་ཟིན་པ་ཡང་ཐལ་བ་ལ་དེའི་གཟུགས་བྱས་ཏེ་བསྒྲུབས་པས་དེ་ཅི་འདྲ་བ་སླར་ཡང་ལྡང་བར་འགྱུར་བ་སོགས་ལས་ཀྱི་ཚོགས་ཤིན་ཏུ་མང་པོ་བྱེད། བདག་གི་ཁྲག་དང་ལན་ཚྭ་སྦྱར་བས་སྦྱིན་སྲེག་བྱས་ན་གང་གི་མིང་སྨོས་པ་དེ་དབང་དུ་འགྱུར་རོ། །ཞག་གསུམ་སྨྱུང་བ་བྱས་ལ་ཐབ་ཁུང་རྡོ་རྗེའི་དབྱིབས་འདྲ་བར་གུ་གུལ་གྱི་རིལ་བུ་བརྒྱད་སྟོང་སྦྱིན་སྲེག་བྱས་ན་བགེགས་ཐམས་ཅད་ཞིའོ། །དེ་ལ་སོགས་པ་ལས་སྣ་ཚོགས་བཟླས་ཏེ་


MR25_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་པ་བསྒྱུར་བས་ཀྱང་བྱེད་དོ། །རིག་པ་མཆོག་གི་རྒྱུད་སོགས་ལ་བརྟེན་ཏེ་མི་ཕམ་པས་སྦྱར་བ་དགེ་ལེགས་འཕེལ། ༈ །རྟ་མགྲིན་གྱི་སྒྲུབ་ཐབས་ནི། སྐྱབས་སེམས་ཚད་མེད་སྔོན་དུ་བཏང་། སྟོང་པའི་ངང་ལས་ཧྲཱིཿལས་སྐད་ཅིག་གིས། །རྟ་མགྲིན་དམར་པོ་ཞལ་གཅིག་ཕྱག་གཉིས་པ། །དུར་ཁྲོད་ཆས་རྫོགས་ཡེ་ཤེས་མེ་དཔུང་འབར། །དབུ་གཙུག་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར། །ཕྱག་གཡས་པདྨའི་བེ་ཅོན་མཁའ་ལ་ཕྱར། །གཡོན་པས་ཐོད་པར་བདུད་བཞིའི་སྙིང་ཁྲག་རོལ། །བརྐྱང་བསྐུམ་ཞབས་ཀྱིས་པད་ཉི་རོ་གདན་བཞུགས། །དབྱིངས་ནས་ཡེ་ཤེས་སྤྱན་དྲངས་དབྱེར་མེད་བསྟིམ། །ཐུགས་དབུས་པདྨ་ཉི་སྟེང་ཧྲཱིཿཡིག་མཐར། །སྔགས་ཕྲེང་འཁོར་བའི་འོད་ཀྱིས་དོན་ཀུན་བསྒྲུབ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཧྱ་གྲཱི་བཱ་ཡ། ན་མོ་ལོ་ཀི་ཤྭ་ར་ཡ། ཏདྱ་ཐཱ། ཨོཾ་ཧྲཱིཿཀུ་ལུ་ཡུ་ལུ་ནཱི་ལ་ཀཎྛ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བྷནྡྷ་བྷནྡྷ། མཱ་ར་ཡ་མཱ་ར་ཡ། ཧཱ་ཧཱ་ཧཱ་ཧཱ། བཛྲ་ཀྲོ་དྷ་ཧྱ་གྲཱི་བ་ཧྲཱིཿཧཱུྃ་ཕཊ། དེ་བཞིན་གཤེགས་པ་རབ་བདུན་གྱིས་གསུངས་པ་པདྨ་ཧྱ་གྲཱི་བའི་གཟུངས་འདི་ལན་གཅིག་བརྗོད་པས་སྡིག་པ་ཀུན་ལས་ཐར་ཞིང་ངན་སོང་གི་སྒོ་གཅོད། ཀླུ་སོགས་གདོན་ཐམས་ཅད་ཀྱིས་མི་འཚེ། བྱད་དང་དུག་ལས་གྲོལ། སངས་རྒྱས་ཀུན་གྱིས་རྗེས་སུ་འཛིན། བྱེ་བ་དང་རྒྱང་བསྲིང་བ་མཐུན་པར་བྱེད་པ་སོགས་ཡིན་


MR25_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་དཔག་ཏུ་མེད་དོ། །ལན་གཅིག་བཀླག་ན་སྡིག་པ་སེལ། གཉིས་ཀྱིས་དཔལ་དང་ལྡན། འབུམ་གྱིས་ཚེ་རིང་། འབུམ་བཅུ་བཟླས་ན་ཞལ་དངོས་སུ་མཐོང་། པདྨ་ཅན་གྱི་ཞིང་དུ་འགྲོའོ། །ནད་རླུང་མཁྲིས་བད་ཀན་དང་ཀླུ་གདོན་གྱིས་སྙིང་མི་དགའ་བ་སོགས་ལུས་ཀུན་ན་པ། དམུ་སྐྲན་ཟ་ཁུ་གཞོག་ཕྱེད་སོགས་ནད་རིགས་གག་ལྟོག །ཚ་ཚེག་ཚེག་བྱེད་པ་མཛེ་ཕོལ་དང་གདོན་རིགས་ཐམས་ཅད་ཐུབ་བོ་ཞེས་གསུངས་སོ། །འདིའི་སྒོ་ནས་ཀླུའི་བྱད་གདོན་ཁྲོལ་བ་ཡོད་དོ། །ཞེས་པ་འདི་མི་ཕམ་པས་བྲིས་པའོ། ༈ །གཉན་འཇོམས་འཇམ་དཔལ་ནག་པོའི་སྒྲུབ་ཐབས་བཞུགས། སྐྱབས་སེམས་རྗེས། པད་ཉིའི་སྟེང་དུ་སྐད་ཅིག་གིས། །རང་ཉིད་འཇམ་དཔལ་ནག་པོ་ནི། །ཕྱག་གཡས་རལ་གྲི་མེ་འབར་གདེངས། །མེ་ཏོག་ཧ་ལོའི་སྡོང་པོ་གཡོན། །སྤྱན་གསུམ་མཆེ་གཙིགས་སྐྲ་སོགས་དམར། །སྟག་ཤམས་སྦྲུལ་དང་མི་སྡུག་བརྒྱན། །གཡས་བསྐུམ་གཡོན་བརྐྱང་བཞེངས་སྟབས་ཀྱིས། །ཡེ་ཤེས་མེ་འབར་དབུས་ན་བཞུགས། །ཨོཾ་པྲ་སོད། ཆུ་སོད། དུར་ཏ་སོད། དུར་མི་སོད། གཉན་ཁ་ལ་སོད། གཉན་མགོ་ལ་སོད། ཀཾ་ཤཾ་ཏྲཾ། རྦད་རྦད་རྦུད་རྦུད་ཐུམ་སོད་སྭཱ་ཧཱ། བྱིན་བས་དབང་བསྐུར་སྤྱན་འདྲེན་མེད། །སྐད་ཅིག་དྲན་རྫོགས་སྔགས་བཟླས་པས། །


MR25_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

གྲིབ་དང་གཉན་རིགས་ཐམས་ཅད་འཇོམས། །གཙང་དང་མི་གཙང་འབགས་སྲུང་མེད། །ཉེར་གཅིག་དག་གམ་བརྒྱ་བཟླས་ཀྱང་། །ཀུན་ཐུབ་སྔགས་རྒོད་ཟབ་མོ་སྟེ། །ཕུའམ་མཆིལ་མ་བཏབ་པས་ཆོག །ཚར་ཆེན་ནས་བརྒྱུད་དོ། །འཇམ་དཔལ་ནག་པོའི་ཆོ་ག་མི་ཕམ་པས་སྤེལ་བ་དགེའོ། །དུས་མཐར་གཉན་ནད་ཀྱི་གཉེན་པོ་ཁྱད་པར་ཅན་ཡིན་ནོ། ༈ །འཇལ་དཔལ་ནཱ་ག་རཀྴའི་སྒྲུབ་ཐབས་ཕ་ལམ་རྡོ་རྗེའི་རལ་གྲི་མེ་འབར་བཞུགས་སོ། །སྐྱབས་སེམས་ཚད་མེད་བསྒོམ་པ་རྣམས་སྔོན་དུ་བཏང་། སེམས་ཅན་ཐམས་ཅད་གཏི་མུག་གི་གདོན་ལས་བསྐྱབ་པར་བྱ་བའི་ཆེད་དུ་འཇམ་དཔལ་ནཱ་ག་རཀྴ་བསྒྲུབ་པར་བྱའོ་སྙམ་དུ་སེམས་བསྐྱེད་ལ། ཧཱུྃ། བདག་ཉིད་སྟོང་བ་སྐྱེ་མེད་ཆོས་སྐུའི་ངང་། །རང་སེམས་ཕེཿ ནག་འོད་ཟེར་དམར་པོ་འཕྲོས། །འཇིག་རྟེན་ཀླུ་དང་བདེ་གཤེགས་མཆོད་བྱས་ཏེ། །ཐམས་ཅད་འོད་ཞུ་ཚུར་འདུས་ཕེཿའོད་ཞུ། །ཨོཾ་ཕེ་ལཾ་ཧཱུྃ་ཞེས་རང་སྒྲ་བརྗོད་པ་ཡིས། །རིག་པའི་རྒྱལ་པོ་ཀླུ་བདུད་མགོ་དགུ་པ། །ཞལ་གཅིག་ཕྱག་གཉིས་མཐིང་ནག་གཡས་གཡོན་ཕྱག །གཡས་སྦྲུལ་ཞགས་གཡོན་ཐོད་པར་ནཱ་གའི་སྙིང་ཁྲག་འཐུང་། །དབུ་ནི་སྲིད་རྩེ་སྦྲུལ་མཇུག་རྒྱ་མཚོར་བརྐྱང་། །སྣང་སྲིད་དྲེགས་པ་མ་ལུས་དབང་དུ་སྡུད། །གདུག་པའི་ཀླུ་གཉན་བདུད་ཀྱི་གཉེན་པོར་བསྒོམ། །ཨོཾ་


MR25_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་སྦྲུལ་ནག་མཐོ་གང་ཡེ་ཤེས་ཐུགས། །ཕེཿལཾ་ཡང་སྙིང་འབྲུ་བཞིས་བསྐོར་བར་བསྒོམ། །ཨོཾ་ཕེཿལཾ་ཧཱུྃ། གསང་སྔགས་རྒྱལ་པོ་འབྲུ་བཞི་པ། །འོད་འཕྲོས་འཕགས་མཆོད་འགྲོ་སྒྲིབ་སྦྱང་། །ཚུར་འདུས་ལུས་གང་ནད་སོགས་བསྲེག །མ་ཡེང་ཆུ་བོའི་རྒྱུན་ལྟར་བཟླ། །རིག་པའི་ལམ་གྱི་ང་ངོ་རང་བཀླག །མཆན། རྒྱལ་པོ་ཚེ་འདིར་འགྲུབ། །ཤིན་ཏུ་གདུག་པའི་གདོན་ལ་ནི། །སླར་ཡང་དྲག་ཏུ་ཆེར་ཁྲོས་པས། །མཐིང་ནག་སྦྲུལ་དགུའི་གདངས་ཀ་ཅན། །དབུས་མའི་སྤྱི་པོར་མི་བསྐྱོད་བཞུགས། །གཡས་བརྒྱད་གྲི་གུག་འབར་བ་བསྣམས། །གཡོན་བརྒྱད་སྦྲུལ་གྱི་ཞགས་པ་ཐོགས། །རལ་བར་སྡོམ་སྡིག་ཚ་ཚ་འཕྲོ། །སྐུ་ནི་རི་རབ་རྒྱབ་བརྟེན་ཞིང་། །དབུ་ནི་སྲིད་པའི་རྩེ་མོར་སླེབ། །ཞབས་ནི་སྦྲུལ་མཇུག་རྒྱ་མཚོར་བརྐྱང་། །ཀླུ་རིགས་ལྔ་ཡིས་སྐུ་ལ་བརྒྱན། །གདོལ་བ་ནག་པོ་ཞབས་འོག་གནོན། །སྐུ་སྟོད་སྲིན་པོ་ཁྲོས་པའི་གཟུགས། །གྲུ་གསུམ་སྤྱན་བསྒྲད་མཆེ་བ་གཙིགས། །འཇིགས་པ་ཨག་ཤིའི་སྒྲ་ཆེན་སྒྲོགས། །ཀླུ་གཉན་ས་བདག་ཟས་སུ་ཟ། །སྐུ་ལས་དུག་རླང་མེ་རི་འབར། །སྔགས་ཀྱི་འོད་ཟེར་ཡེ་ཤེས་མེས། །གནོད་བྱེད་ཀླུ་གཉན་ས་བདག་ཀུན། །ཕྲུལ་ཐུལ་གཞོབ་ཏུ་བསྲེགས་པར་བསམ། །ནག་པོ་ཏི་པ་ཙ་ཡ་ནཱ་ག་རཀྴ་ཨོཾ་ཕེ་ལཾ་ཧཱུྃ། ཞེས་བར་ཀླུ་


MR25_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

གནད་ནས་གཟིར་བའི་སྔགས། ཨོཾ་ན་མོ་བུདྡྷཱ་ཡ། བཛྲ་ཀཱི་ལི་ཀཱི་ལ་ཡ། ནཱ་ག་དུ་ཙ་ནྦྷེ་ཙ་ནྦྷེ་མི་ལི་མི་ལི་བྷནྡྷ་བྷནྡྷ་ནཱ་ག་ནི་སྭཱ་ཧཱ། ཞེས་པ་འདི་ཉིད་བཟླས་ཙམ་གྱིས། །གནོད་བྱེད་ཀླུ་གཉན་སྲོག་རྩ་འཚིག །དགོས་གལ་མི་ཆེ་ལས་མི་སྦྱོར། །ཤིན་ཏུ་ཟབ་བོ་ས་མ་ཡ། །ཐུན་མཐར་གཏོར་མ་ཉ་སྦྲུལ་སོགས་ཀྱི་ཤས་བརྒྱན་པ། ཨ་ཀ་རོས་ཡེ་ཤེས་ཀྱི་བདུད་རྩིར་བརླབ། སྒྲུབ་སྔགས་ནག་པོ་ཏི་པ་ཙ་ཡ་སོགས་ལ་གཏོར་སྔགས་ཨེ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པས་འབུལ། །སླར་ཡང་ཉེར་སྤྱོད་བཛྲ་པུཥྤེ་སོགས་ཀྱི་སྔགས་ཀྱིས་མཆོད། །ཧཱུྃ། འཇིགས་ཆེན་སྒྲ་སྟེ་རབ་ཀྱི་མཆོག །འཇིགས་པ་མ་ལུས་སེལ་བ་པོ། །འཇམ་དཔལ་ནཱ་ག་རཀྴ་ལ། །གུས་པས་ཕྱག་འཚལ་མཆོད་ཅིང་བསྟོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བདག་ལ་བྱང་ཆུབ་སྙིང་པོའི་བར། །ཀླུ་གཉན་ས་བདག་ལ་སོགས་པའི། །མི་མཐུན་གདོན་དང་བྱད་གཏད་སོགས། །ཕས་རྒོལ་ཕྱོགས་ལས་རྣམ་རྒྱལ་བའི། །དངོས་གྲུབ་དམ་པ་སྩལ་དུ་གསོལ། །སྐྱེ་ཀུན་ཁྱེད་ཀྱི་རྗེས་འཛིན་ཞིང་། །མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ། །ཞེས་བྱའོ། །ཐུན་མཐར། ལྷར་སྣང་མི་དམིགས་འོད་གསལ་དབྱིངས་སུ་ཐིམ། །ལྷར་ཡང་ཟུང་འཇག་སྒྱུ་མའི་ལྷ་སྐུར་ལྡང་། །ཨོཾ་ཕེ་ལཾ་ཧཱུྃ། དགེ་བ་འདི་ཡིས་མྱུར་དུ་བདག །ནཱ་ག་རཀྴ་འགྲུབ་གྱུར་སོགས་བསྔོ་སྨོན་དང་བཀྲ་ཤིས་པས་མཐའ་བརྒྱན་པར་བྱའོ། །ཞེས་པའང་མི་ཕམ་འཇམ་དཔལ་རྡོ་རྗེས་མེ་བྱ་ཁྲུམ་ཟླའི་ཚེས་བཅོ་བརྒྱད་ཀྱི་དགུང་མོ་ལྷག་པའི་ལྷ་འདི་ཉིད་ལ་གུས་པས་གསོལ་བ་བཏབ་ཏེ་རྡོ་རྗེ་གཙུག་ལག་གི་རྒྱུད་ཀྱི་དགོངས་པ་བཞིན་བྲིས་པ་འདིས་འབྲེལ་


MR25_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་ཏེ་འཇམ་དཔལ་ཁྲོ་བོའི་གོ་འཕང་ཚེ་འདིར་འགྲུབ་པར་གྱུར་ཅིག །འདིའི་ལས་མཐར་ཀླུའི་གདོན་ཁྲོལ་དང་གཏད་ཁྲོལ་ལ་སོགས་པ་གཞན་དུ་ཤེས་པར་བྱའོ། མངྒ་ལཾ། ༈ །ཀིང་དམར་རྒྱུན་ཁྱེར་ཟབ་མོ་ཡ་མའི་སྙིང་ཐིག་བཞུགས་སོ། །ཨ། སྐད་ཅིག་དྲན་རྫོགས་འཇམ་དཔལ་གཤིན་རྗེའི་གཤེད། །དམར་ནག་གཅེར་བུ་ལྕགས་ཀྱུ་ཐོ་བ་འཛིན། །ཁམས་ནག་རལ་བ་ཕྱེད་བརྫེས་ཕྱེད་མཐུར་འཕྱངས། །སྟོབས་ལྡན་མེ་རླུང་འཁྲུགས་པའི་ཀློང་ན་གསལ། །ཐུགས་ཀར་ཉི་དཀྱིལ་ཧཱུྃ་ལ་སྔགས་ཕྲེང་བསྐོར། །འོད་འཕྲོས་སྣང་སྲིད་ལྷར་གསལ་སྟོབས་ནུས་བསྡུས། །ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ཧཱུྃ་ཕཊ། དགྲ་ཆོས་བྱེད་ན་མདུན་དུ་ལིངྒའམ་དམར་གཏོར་བཤམས། །ཧཱུྃ་ཨེ་ལས་གྲུ་གསུམ་བྲུབ་ཁུང་ཐར་མེད་ནང་། །ནྲྀ་ལས་དམ་ཉམས་བྱད་མ་དངོས་སུ་གསལ། །འགུགས་འཆིང་སྡོམས་མྱོས་ཁྲོ་ཚོགས་ཕོ་ཉ་ཡིས། །དགྲ་བགེགས་བཀུག་ནས་གཟུགས་ལ་དབྱེར་མེད་བསྟིམ། །བླ་འགུགས་སྔགས་ཅུང་ཟད་བཟླ། །དགྲ་བོའི་ལུས་ལ་ལྷན་སྐྱེས་ལྷ་འདྲེའི་དངོས། །དཀར་ནག་སྦྲུལ་གཉིས་གཡས་གཡོན་ལུས་ལ་འཁྲིལ། །སྙིང་ཁྲག་ཟ་ཁ་མ་མཐུན་འཛིང་ཞིང་འཐབ། །སྤྱི་བོར་གནམ་ལྕགས་རྡོ་རྗེ་རྒྱ་གྲམ་གྱིས། །གསོར་ལྟར་བསྣུན་པས་ཀླད་ཁྲག་སྙིང་ཁྲག་


MR25_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེས། །སྦྲུལ་ཆེན་གཉིས་འཇིབས་ཆེས་ཆེར་སྟོབས་ལྡན་གྱུར། །ཨོཾ་ཀིང་ཀང་སོགས་སྔགས་བདུན་དེ་བཟླ་ཞིང་དམོད་པ་ཐལ་རྡེབ་བྱ། ལྷན་སྐྱེས་ངོ་བོ་སྦྲུལ་དེ་མི་དམིགས་གྱུར། །བདག་མདུན་སྐུ་ལས་སྣ་ཚོགས་མཚོན་ཆའི་ཆར། །གནམ་ས་དྲག་འཁྲུགས་ཐོག་སེར་བཞིན་བབས་པས། །དགྲ་བགེགས་ཤ་ཁྲག་རུས་པ་དམར་ཆིལ་བཏང་། །བསད་སྔགས་ཚར་གསུམ་བཟླ། ཨ་ལས་དམར་གྱི་དུང་ཆེན་རྒྱ་ཆེ་བར། །དགྲ་བགེགས་ཤ་ཁྲག་རུས་པའི་བ་ལིཾ་ཏ། །འདོད་ཡོན་ཀུན་ལྡན་བདེ་བ་ཆེན་པོའི་གཏེར། །ལྷ་ཚོགས་བཀའ་སྡོད་བཅས་པས་དགྱེས་གསོལ་གྱུར། །རྩ་སྔགས་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁཱ་ཧི། གསུམ་མམ་བདུན་བརྗོད། །ཨེ་འཇིགས་བྱེད་ལས་ཀྱི་གཤིན་རྗེ་འཁོར་བཅས་ཀྱིས། །དམ་ཉམས་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། །མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ལ། །བསམ་ངན་སྦྱོར་རྩུབ་བྱེད་པའི་དགྲ་བགེགས་དང་། །རིག་སྔགས་རྦོད་གཏོང་བྱེད་པའི་དམ་ཉམས་འདི། །རྗེས་ཤུལ་མེད་པར་ཐལ་བའི་རྡུལ་དུ་རློག །འགལ་རྐྱེན་བར་ཆད་མི་མཐུན་གནོད་པའི་ཚོགས། །གནོད་བྱེད་དགྲ་དང་བགེགས་ཀྱི་སྟེང་དུ་བཟློག །སྒྲུབ་མཆོག་བདག་ཅག་ལྟོས་པར་བཅས་པ་རྣམས། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་


MR25_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །ཅེས་བྱས་ལ་གཏོར་མ་ཕུལ། མཐར་མི་དམིགས་མཉམ་པ་ཉིད་དུ་བཞག་པར་བྱའོ། །གློ་བུར་ལས་བཅོལ་དགྲ་ཆོས་འདི། །མི་ཕམ་རྣམ་པར་རྒྱལ་བས་སྤེལ། །ཀུན་ལྡན་ལྕགས་བྱི་ཟླ་༣ཚེས་༡༩ལའོ། །ཕྱོགས་ལས་རྣམ་རྒྱལ་མཐུ་གྲུབ་ཤོག། མངྒ་ལཾ། ། ༈ །ཛཾ་བྷ་ལའི་སྒྲུབ་ཐབས་ནི། རང་ཉིད་སྐད་ཅིག་དཔལ་ལྡན་ཛཾ་བྷ་ལ། །གསེར་མདོག་དར་དང་རིན་ཆེན་རྒྱན་གྱིས་མཛེས། །ཕྱག་གཡས་ཤིང་ཐོག་བི་ཛ་པཱུ་ར་ཀ། གཡོན་པས་རིན་ཆེན་གཏེར་གྱི་ནེའུ་ལེ་འཛིན། །ཕྱེད་སྐྱིལ་པདྨ་ཟླ་བའི་གདན་ལ་བཞུགས། །ཐུགས་ཀར་ཟླ་སྟེང་ཛཾ་ལ་སྔགས་ཀྱིས་བསྐོར། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲ་ཡ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ། གང་ཐོས་ནས་ཚེ་རབས་ཐམས་ཅད་དུ་དབུལ་བ་དང་རྒུད་པའི་སྐལ་བ་རྒྱུན་ཆད་དེ་དཔལ་དང་སྐལ་བ་བཟང་པོ་ཕུན་སུམ་ཚོགས་པར་བྱེད་པ། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་སྦྱིན་ཅིང་མཆོག་ཐམས་ཅད་འདོད་པ་བཞིན་དུ་སྩོལ་བའི་གསང་སྔགས་ཁྱད་པར་ཅན་སྔགས་ཀྱི་མགོན་པོ་དང་བཅས་པ་ཅི་ནུས་བཟླ་ཞིང་། སྙིང་པོ་འབྲུ་བཅུ་པ་ཉིད་གཙོ་བོར་བཟླའོ། །ཐུན་མཚམས་མཎྜལ་སོགས་ཀྱིས་མཆོད་ཅིང་བསྟོད་ལ་གསོལ་བ་གདབ། རྗེས་མི་དམིགས་པར་བསམས་ནས་དགེ་བསྔོ་ཤིས་བརྗོད་བྱའོ། །ཞེས་པའང་མི་ཕམ་པས་སོ། ༈ །ཛཾ་བྷ་ལའི་ཆུ་


MR25_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་བཞུགས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སྣོད་བྷྲཱུྃ་ལས་རིན་པོ་ཆེའི་གཞལ་ཡས་ཁང་གི་དབུས་སུ་པད་ཟླ་ལ་གནས་པའི་ཛཾཿདཀར་པོ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། ཛཾ་བྷ་ལ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། བཱུ་ཛ་པཱུ་ར་ཀ་དང་གཏེར་གྱི་ནེའུ་ལེ་འཛིན་པ། ཨུཏྤ་ལ་དང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་ཞིང་ཞི་ཞིང་འཛུམ་ལ་སྒེག་པའི་ཉམས་དང་ལྡན་པ། ཞབས་ཕྱེད་སྐྱིལ་གྱིས་གཏེར་བུམ་དང་དུང་གི་སྟེང་ན་རོལ་པ། སྐུ་ཤ་རྒྱས་ཤིང་བདེ་བའི་ཉམས་འགྱུར་འབར་བའི་སྐུ་ལས་སྐྱེས་པའི་འོད་ཟེར་གྱི་ཕྲེང་བ་རབ་ཏུ་འཁྲུགས་པའི་ཀློང་ན་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་དུས་རྒྱལ་བའི་བསོད་ནམས་ཚད་མེད་པའི་རང་བཞིན་ཡེ་ཤེས་ཀྱི་སྐུ་གཅིག་པུ་དཔལ་ལྡན་ཛཾ་བྷ་ལ་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿས་དམ་ཚིག་པ་ལ་གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་རིགས་ལྔའི་རྣམ་པར་སྤྱན་དྲངས། ཡེ་ཤེས་ཀྱི་བདུད་རྩིས་དབང་བསྐུར། སྐུ་གང་། དྲི་མ་དགཆུའི་ལྷག་མ་ཡར་ལུད་པ་ལས་རིན་འབྱུང་གཙོ་བོར་གྱུར་པའི་རིགས་ལྔས་དབུ་བརྒྱན་པར་གྱུར། རང་གི་སྙིང་ག་ནས་སྤྲོས་པའི་


MR25_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོའི་ཚོགས་ཀྱིས་མཆོད་པར་གྱུར། ཧཱུྃ། དྲི་མེད་ཡིད་འོང་སོགས། ཨཱཪྻ་ཛཾ་བྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས། ཤབྡ་པྲ་ཏཱིཙྪ་ཏོཿ མཆོད་གཟུངས་བཟླ། ནོར་གྱི་དབང་ཕྱུག་མས་བསྟོད། རང་གི་ལག་པ་གཡས་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ཨཾ་ཛཾ་ཁཾ་ཧཱུྃ་ལས་དེ་བཞིན་གཤེགས་པ་ལྔ་ཟླ་བ་དང་ལྷན་ཅིག་ཡེ་ཤེས་ཀྱི་བདུད་རྩིར་ཞུ་བ་མིང་མེད་ཀྱི་རྩ་བ་ནས་བྱུང་སྟེ་ཛཾ་བྷ་ལའི་དབུར་བབས་པས་ཟག་མེད་ཀྱི་བདེ་བས་ཐུགས་ཡོངས་སུ་མཉེས་ཤིང་དངོས་གྲུབ་ཐམས་ཅད་ཡིད་བཞིན་དུ་སྩོལ་བར་གྱུར། མིང་མེད་ཀྱི་རྩ་བའི་ལག་པའི་བར་དུ་ཆུ་རྒྱུན་ཕབ་པ་ལྷའི་དབུར་བླུགས་ལ། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ། ཞེས་བརྒྱ་རྩ་སོགས་འབུལ། ཐུན་མཐར་མཆོད་ཅིང་བསྟོད་པ་ཅི་རིགས་པས་བསྟོད་ལ་དངོས་གྲུབ་འབྱུང་བར་གསོལ་བ་བཏབ། ཛཾ་ལྷ་འོད་ཞུ་རང་ལ་བསྟིམས་ནས་དགེ་བསྔོ་བཀྲ་ཤིས་བརྗོད། དེས་ནི་རྒྱལ་ཀུན་ཡེ་ཤེས་གསང་བའི་མཛོད། །ནམ་མཁའ་ལྟ་བུའི་ཡེ་ཤེས་སྐུ་ཉིད་ལས། །ཚད་མེད་བསོད་ནམས་དཔལ་གྱི་སྤྲིན་བཟང་གིས། །འདོད་དགུ་ཡིད་བཞིན་འཇོ་བ་ཆོས་ཉིད་དོ། །རབ་ཚེས་ཤིང་སྤྲེལ་ཟླ་༢ཚེས་༢༥ལ་མི་ཕམ་པས་སོ། །ནོར་བུ་བསམ་འཕེལ་དགེའོ། ༈ །ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། ཛཾ་བྷ་ལའི་སྔགས་ནི། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་མུ་ཁེ་བྷྱཿསརྦ་ཐཱ། ཀུ་རུ་


MR25_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཅུ་རུ་མ་རུ་ཛཾ་བྷ་ཛ་ལོད་བྷ་བ་སྭཱ་ཧཱ། འདི་རྟག་ཏུ་དྲན་ན་ཅི་འདོད་འགྲུབ། སྒྲུབ་འདོད་ན་ཉི་མ་འགྱུར་ཚེ་རི་རྩེར་སོང་ལ་ས་ཡ་བཟླས་ན་རྒྱལ་སྲིད་དམ་གཏེར་ཆེན་སྩོལ། གི་ཝཾ་ལ་ལན་གཅིག་བསྔགས་ཏེ་མིག་བསྐུས་གང་བལྟས་དབང་དུ་བྱེད། མཚན་མོ་གདོང་བསྔགས་གང་འདོད་རྨི་ལམ་སྟོན། ཕྱུང་ཅུང་འདོད་པས་ཞག་བདུན་ལན་གསུམ་ཉི་མའི་གཟུགས་བརྙན་ལ་སྔགས་ལན་གཅིག་བཏབ་པའི་མེ་ཏོག་ཕོག་པར་བོར་ན་རྙེད་གསུངས། རྟག་ཏུ་བརྗོད་ན་དཔལ་ཆེ། གོས་འདོད་པས་མེ་ཏོག་ཁ་དོག་ཇི་འདྲ་བ་ཆུར་བོར་ན་དེའི་མདོག་འདྲ་བའི་གོས་རྙེད་གསུངས་སོ། །མངྒ་ལཾ། ༈ །གནོད་གནས་དབང་པོའི་རྟོགས་པ་ལས། སྔགས་ཀྱི་རྒྱལ་པོ་འདི་ནི་ཕན་ཡོན་ཆེན་པོ་ངོ་མཚར་བ་སྡུག་བསྔལ་ཅན་ཀུན་སྐྱོབ་པ། བུམ་བཟང་དཔག་བསམ་ནོར་བུ་ལྟ་བུར་མངོན་འདོད་སྒྲུབ་པ། དགེ་རྩ་མ་སྐྱེད་པས་མི་ཐོས་པ། འདི་འཛིན་པ་ཕྱིར་མི་ལྡོག་པར་འཚང་རྒྱ། མཐོང་བ་ཙམ་གྱིས་ནད་དང་དབུལ་བ་ཡིད་མི་བདེ། ལུས་ཟུག་རྔུ་ཞི། འདིའི་ཕན་ཡོན་སངས་རྒྱས་ཀུན་གྱི་མཐའ་ཐུག་པར་བརྗོད་མི་ནུས། སངས་རྒྱས་ཐམས་ཅད་ཀྱི་སྙིང་པོའི་སྙིང་པོའོ། །སྔོན་བདག་ཅག་གི་སྟོན་པ་སངས་རྒྱས་འདི་ཤིང་འཚོང་བར་སྐྱེས་དུས་དགེ་སློང་ཞིག་གིས་དེའི་དབུལ་བ་བཅད་ཕྱིར་སྔགས་འདི་བསྟན་པས་དོན་གྲུབ་ནས་རྒྱལ་པོར་གྱུར། སྦྱིན་པའི་


MR25_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཕར་ཕྱིན་རྫོགས་ནས་ས་ཐོབ་སྟེ་རིམ་གྱིས་སངས་རྒྱས་སོ་ཞེས་གསུངས། འདིས་སྡིག་པ་ཀུན་ལས་གྲོལ་ལོ། །ལག་གཉིས་ཐལ་མོ་མཉམ་པར་སྦྱར་ལ་གུང་མོ་གཉིས་ཕྱིར་བཟློག་པ་དེ་མིང་མེད་གཉིས་ཀྱི་རྩེ་མོ་གཉིས་ལ་སྦྱར་ལ། མཛུབ་མོ་གཉིས་ཚིགས་གསུམ་པ་བཅགས་ནས་དེར་བཞག་སྟེ་མཐེ་བོང་ཕྱོགས་སུ་སྦྱར། མཐེའུ་ཆུང་གཉིས་ཁབ་ཀྱི་རྣམ་པ་ལྟར་བྱས་པ་བཅོམ་ལྡན་འདས་ཛཾ་བྷ་ལའི་རྩ་བའི་ཕྱག་རྒྱ་སྟེ། འདི་བཅང་བ་ཙམ་གྱིས་གནོད་གནས་དབང་པོ་ཉེ་བར་གནས་ནས་སྒྲུབ་པོ་ལ་བལྟ་ཞིང་མཆོག་སྟེར་བར་འགྱུར་རོ། །སྔགས་ནི་གོང་གི་རྩ་སྔགས་སོ། །དེས་ལས་སྣ་ཚོགས་ཚད་མེད་བྱེད་དེ། རྒྱུད་འབུམ་ཝ༩༩པར་བལྟའོ། །འདི་འབུམ་གཅིག་གིས་རྒྱལ་པོ། འབུམ་གཉིས་ཀྱིས་གནོད་སྦྱིན་མོ། གསུམ་གྱིས་སེམས་ཅན་ཐམས་ཅད་འགུགས། ལྷ་སོགས་ཐམས་ཅད་འོང་ནས་མཆོག་སྟེར་བས་རྒྱལ་བའི་སྔགས་ཀྱི་རྒྱལ་པོ་ཇི་འདོད་པའི་དོན་བྱེད་པར་བཟུང་བར་བྱའོ། །མངྒ་ལཾ། ༈ །ནོར་རྒྱུན་མའི་སྒྲུབ་ཐབས་ནི། རང་ཉིད་སྐད་ཅིག་གཏེར་གྱི་བུམ་པའི་སྟེང་། །ནོར་རྒྱུན་ལྷ་མོ་སྔོ་བསང་མཛེས་པའི་སྐུ། །དར་དང་རིན་ཆེན་མེ་ཏོག་རྒྱན་གྱིས་སྤྲས། །ཕྱག་གཉིས་ལྟེ་བར་གཏེར་གྱི་བུམ་པ་བསྣམས། །ཞབས་གཉིས་བཞེངས་པའི་སྟབས་སུ་བཞུགས་ནས་


MR25_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །སྨན་དང་གཏེར་རྣམས་ཀུན་གྱི་སྲུང་མ་མཛད། །འོད་ཟེར་རབ་འབར་ནོར་གྱི་ཆར་འབེབས་བསམ། །ཨོཾ་ཤྲཱི་བ་སུ་ནི་དྷ་ན་ཀྵེ་ཏྲེ་སྭཱ་ཧཱ། སུམ་འབུམ་བཟླ་ཞིང་ཐུན་མཚམས་མཎྜལ་སོགས། །མཆོད་པ་འབུལ་ཞིང་འདོད་དོན་གསོལ་བ་གདབ། །ཇི་ལྟར་འདོད་པའི་དངོས་གྲུབ་ཐམས་ཅད་དང་། །མི་ཟད་གཏེར་གྱི་དཔལ་རྣམས་རབ་ཏུ་སྩོལ། །བདུད་རྩི་ཆེན་པོ་འཁོར་ལོ་འབར་བའི་རྒྱུད་ནས་བཏུས་ཏེ་མི་ཕམ་པས་བྲིས་པ་དགེ། ༈ །།ལྷ་ཡི་བླ་མ་སྒྲུབ་པ། སྐྱབས་སེམས་སྔོན་བཏང་། རང་ཉིད་འཇམ་དཔལ་གཞོན་ནུར་གསལ་བ་ཡི། །མདུན་དུ་དམར་སེར་པདྨའི་དཀྱིལ་འཁོར་ལ། །སྲྀཾ་ཛཾ་ལས་བྱུང་བློ་ལྡན་ཡབ་ཡུམ་ནི། །ལྷ་ཡི་བླ་མ་གསེར་མདོག་དྲང་སྲོང་ཆས། །དཔག་བསམ་ཤིང་དང་ལྷ་ཡི་རིལ་བ་བསྣམས། །འཇམ་དཔལ་གཞོན་ནུའི་ཅོད་པན་རལ་པ་མཛེས། །དེ་མདུན་ལྷ་མོ་གྲུབ་པ་སྐུ་མདོག་དཀར། །ལྷ་རྫས་ཡོ་བྱད་ཡིད་འཕྲོག་ལྷ་མོའི་ཚུལ། །རིན་ཆེན་འོད་འབར་གཏེར་གྱི་བུམ་པ་འཛིན། །ཚེ་འཛིན་རྣམ་པར་རྒྱལ་མའི་ཅོད་པན་ཅན། །ཡབ་ཡུམ་ཕྱེད་སྐྱིལ་ཚུལ་བཞུགས་ཕན་ཚུན་གཟིགས། །ཡེ་ཤེས་སྤྱན་དྲངས་དམ་ཡེ་དབྱེར་མེད་ལ། །ལྷ་རྫས་མེ་ཏོག་ལ་སོགས་མཆོད་པས་མཆོད། །གུས་པས་འདུད་ཅིང་བསྔགས་པའི་དབྱངས་ཀྱིས་བསྟོད། །བདག་ཐུགས་འོད་


MR25_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་ཡབ་ཡུམ་ཐུགས་ཀར་ཕོག །དགྱེས་རབ་མཆོག་གྱུར་བདུད་རྩིའི་འོད་ཟེར་འཕྲོས། །རྒུད་པ་ཀུན་སྦྱོང་བདེ་ལེགས་གྲུབ་པར་གྱུར། །ཨོཾ་སྲྀ་ཧཔྶ་ཏ་ཡེ་ཛ་ཡེ་སརྦ་ཨརྠ་སིདྡྷ་ཡེ་སྭཱ་ཧཱ། ལྷ་རྫས་ཁང་བཟང་ཡིད་འཕྲོག་མེ་ཏོག་ཚལ། །ལྷ་ཡི་བུ་དང་བུ་མོ་གར་བྱེད་དང་། །ཉི་ཟླ་ཤར་བ་རྨིས་ན་གྲུབ་པའི་རྟགས། །རིམ་བཞིན་བདེ་ལེགས་དང་ནི་ཡོན་ཏན་དང་། །ཚེ་འཕེལ་བློ་གྲོས་འཕེལ་བའི་ལྟས་ཡིན་ཏེ། །དེས་མཚོན་རྨི་ལྟས་བཟང་པོ་སྣ་ཚོགས་འབྱུང་། །གཞན་ཡང་དངོས་གྲུབ་རྣམ་པ་མང་པོ་ཐོག །རྒྱལ་དང་ཕུར་བུ་ཡབ་ཡུམ་སྒྲུབ་པའི་ཐབས། །སྔོན་མེད་འདི་ནི་མེ་བྱ་ཟླ་༩ཚེས་༢༨ལ། །དྷཱི་ཡི་མིང་ཅན་རིག་རྩལ་ཉམས་ལས་ཤར། །སྐལ་བཟང་དགེ་ལེགས་བཀྲ་ཤིས་འདོད་འཇོར་འགྱུར། །མངྒ་ལཾ། ༈ །དབྱངས་ཅན་དཀར་མོའི་སྒྲུབ་ཐབས་ནི། སྐྱབས་སེམས་ཚད་མེད་བསྒོམས་བྱས་ལ། སྟོང་པའི་ངང་ལས་པད་དཀར་ཟླ་བའི་སྟེང་། །རང་ཉིད་རྡོ་རྗེ་དབྱངས་ཅན་ཟླ་བའི་མདངས། །གཞོན་སྒེག་ཡིད་འཕྲོག་མཚན་དཔེའི་དཔལ་འབར་མ། །ཞལ་གཅིག་ཕྱག་གཉིས་བཻ་ཌཱུར་པི་ཝཾ་བསྒྲེང་། །དར་དང་རིན་ཆེན་རྒྱན་རྫོགས་ཙོག་པུར་བཞུགས། །ཐུགས་ཀར་ཟླ་སྟེང་ས་བོན་ཧྲཱིཾཿ དཀར་པོ། །དེ་ལས་འོད་འཕྲོས་སྲིད་ཞིའི་དྭངས་བཅུད་དང་། །གཟུངས་སྤོབས་བློ་གྲོས་མ་ལུས་རབ་བསྡུས་ནས། །རང་གི་སྙིང་གའི་ས་བོན་ལ་


MR25_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་པས། །འཇིགས་མེད་ངག་གི་དབང་ཕྱུག་གྲུབ་པར་གྱུར། །ཧྲཱིཾཿ ཞེས་ཡི་གེ་གཅིག་པ་ཅི་ནུས་བཟླས་མཐར་དབྱངས་གསལ་རྟེན་སྙིང་གི་ནུས་པ་བརྟེན་པར་བྱས་ལ་དགེ་བསྔོ་ཤིས་བརྗོད་བྱའོ། །མི་ཕམ་པས་སོ། ༈ །རྗེས་གནང་གཅིག་ཤེས་ཀུན་འགྲོལ་བཞུགས་སོ། །སྒྲུབ་ཐབས་རྒྱ་མཚོ་དང་བརྒྱ་རྩའི་རྗེས་གནང་གཅིག་ཤེས་ཀུན་འགྲོལ་ལ། མདུན་དུ་མཎྜལ་ལ་དྲི་བཟང་གི་ཚོམ་བུ་ལྷ་གྲངས་ལྟར་བཀོད་པའི་མཐར་མཆོད་ཡོན་སོགས་བསྐོར་བཤམས་ཀྱི་མདུན་དུ་འབུལ་གཏོར་དང་བཅས་པ་བཤམས། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ་ཏིང་ཤག་དང་། གཞན་མཆོད་ནས་མཎྜལ་ཆབ་སོགས་འདུ་བྱས་ནས། །ནམ་མཁའ་དང་མཉམ་པའི་སོགས་སྐྱབས་འགྲོ་དང་། །སངས་རྒྱས་ཆོས་ཚོགས་སོགས་ཚད་མེད་བཞི་བསྒོམ། །རང་ཉིད་ཀྱི་ཐུགས་ཀར་ཟླ་བ་སོགས་ལ་ལྷ་གང་ཡིན་པའི་ས་བོན་གསལ་བའི་འོད་ཀྱིས་ལྷ་ཆྒཻ་མོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། མཆོད་པ་ཨརྒྷཾ་སོགས། གཞུང་ལྟར་དང་། རྒྱུན་བཤགས། དཀོན་མཆོག་གསུམ་ལ་སོགས་ཚར་གསུམ། དེ་ནས་ཤཱུ་ནྱ་ཏས་སྦྱངས། སྟོང་པའི་ངང་ལས་སོགས་ལྷ་དམ་ཚིག་པ་བསྐྱེད། དེ་ཡི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་རྣམས་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་བཛྲ་ས་མཱ་ཛཿ སྤྱན་དྲངས།


MR25_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཛཿཧཱུྃ་བྃ་ཧོཿས་རང་ལ་བསྟིམ། སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་རིགས་ལྔ་འཁོར་དང་བཅས་པའི་རྣམ་པར་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ སྤྱན་དྲངས། ཨོཾ་པཉྩ་ཀུ་མཆོད་པ་མ་བྱས་ཀྱང་རུང་། ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་རང་གཞུང་ནས་དབང་བསྐུར་སོགས་ཡོད་ན་དེ་སྦྱར། དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུངས་ཤིང་དབང་བསྐུར་བས་རིགས་བདག་གང་ཡིན་གྱིས་དབུར་བརྒྱན་པར་བསམ། དབང་ལྷ་རྣམས་རང་ལ་ཐིམ་པར་བསམ། དེས་བདག་བསྐྱེད་གྲུབ། འདིར་དུས་རྒྱུན་བསྙེན་པ་སོགས་བྱེད་ན་གཞུང་ན་བཟླས་དམིགས་ཡོད་ན་དེ་སྦྱར་ལ་བཟླ། མེད་ན་ཐུགས་ཀར་ཟླ་དཀྱིལ་སོགས་ལ་ས་བོན་སྔགས་ཕྲེང་བཅས་ཡིད་ཀྱིས་གསལ་བཏབ་ལ་སྔགས་བཟླ་རྒྱུ་ཙམ་ཡིན། འོད་ཟེར་འཕྲོ་འདུ་དང་ལས་ཀྱི་དམིགས་པ་སོགས་ཡིད་ཀྱིས་བྱའོ། །མཆན། རྗེས་གནང་དུས་བདག་བསྐྱེད་རྗེས་བཟླས་པ་ཅི་རིགས་བྱས་ལ། དེ་ནས་མདུན་གྱི་མཆོད་པར་ཆབ་བྲན་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསངས། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་


MR25_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་ཀུན་ཏུ་བཟང་པོའི་རྣམ་ཐར་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་དཔག་ཏུ་མེད་པར་གྱུར། སོ་སོའི་ཕྱག་རྒྱ་བཅས། ཨོཾ་ཨརྒྷ྄ཾ་ཨཱཿཧཱུྃ་ནས། ཤབྡ་ཨཱཿཧཱུྃ་བར་དང་། ཨོཾ་བཛྲ་སྥ་ར་ཎ་ཁཾ་ཞེས་པས་མཁའ་ཁྱབ་ཏུ་སྤེལ་བར་བྱའོ། །དེ་ནས་མདུན་གྱི་ཚོམ་བུ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་དྲི་ཡི་མཎྜལ་གྱི་དབུས་སུ་ལྷ་གང་ཡིན་བདག་བསྐྱེད་ལྟར་བསྐྱེད་ཅིང་ཡེ་ཤེས་པ་བསྟིམས་ལ་དབང་བསྐུར་བའི་བར་བྱ། འདི་ལ་མངོན་པར་དབང་བསྐུར་བ་ཞེས་ཁ་བསྒྱུར་བ་ཙམ་མ་གཏོགས་འདྲའོ། །དེ་ནས་ལྷ་གང་ཡིན་གྱི་སྔགས་ལ། ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་སོ་སོའི་ཕྱག་རྒྱ་སེ་གོལ་གྱི་སྒྲ་དང་བཅས་པས་ཕུལ། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་ཝརྟ་ཡེ་བྷྱཿསྭཱ་ཧཱ། ཞེས་པས་མཆོད་ལ་ལྷ་གང་ཡིན་གྱི་བསྟོད་པ་བརྗོད། ལྷ་དེའི་རིག་སྔགས་བདུན་ཙམ་བཟླས་པས་མཉེས་པར་བྱའོ། །དེ་ནས་གཏོར་མ་ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབ། སྤྲོ་ན་བྱིན་རླབས་དམིགས་པ་སྦྱར། ལྷ་སྔགས་ལ་ཨ་ཀཱ་རོ་བཏགས་པ་གསུམ་གྱིས་འབུལ། ལྷ་མོ་ཡིན་ན་བཅོམ་ལྡན་འདས་མས་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་འདོད་གསོལ་བྱའོ། །དེ་ལྟར་གྲུབ་ནས་རྗེས་གནང་བགྱིད་པ་ལ་མཆོད་


MR25_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

གཡོག་པས་ཆབ་འགྱེད། མེ་ཏོག་བཀྱེ་བསྡུ་གྲུབ་པ་དང་། མེ་ཏོག་ཁྱེད་རང་གིས་བཟུང་། སློབ་དཔོན་གྱིས། ཕྱེད་མཎྜལ་ཕུལ་རྒྱུར་ཡར་ཕུལ། གསོལ་བཏབ་དུས་ཐལ་མོ་སྟོང་པ་མི་བྱ། མེ་ཏོག་འཛིན་པར་བྱའོ། །འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཆོས་བཤད་རྒྱས་བསྡུས་གང་འོས་རང་བློས་དཔྱད། བསྡུ་ན་འདི་ཙམ་གྱིས་འཐུས་སོ། །ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་ལྷག་པའི་ལྷའི་རྗེས་གནང་ཟབ་མོ་ཞུ་བར་བགྱིད་དོ་སྙམ་དུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང་བཅས་ཏེ་གསན་འཚལ། དེ་ལ་འདིར་ལྷ་གང་ཡིན་པའི་ལོ་རྒྱུས་ཕན་ཡོན་སོགས་རྒྱས་བསྡུས་གང་འཚམ་སའང་བློས་སྦྱར། མཆན། རྗེས་གནང་སྒྲུབ་པར་བྱེད་པ་ལ། སློབ་བསྡུ་ན། ངེད་ཀྱི་བྱ་བ་རྣམས་སྔོན་དུ་སོང་ནས། ཞེས་སྦྱར། དཔོན་གྱིས་བདག་བསྐྱེད་བཟླས་པ་དང་བཅས་པ་མདུན་གྱི་དྲིའི་མཎྜལ་གྱི་དབུས་སུ་ལྷ་བསྐྱེད་ཅིང་མཆོད་བསྟོད་བཟླས་པས་མཉེས་པར་བྱ་བ་གཏོར་མ་ཕུལ་བ་རྣམས་སྔོན་དུ་སོང་ནས། ད་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་བྱས་ལ་སློབ་བུ་རྣམས་ཀྱིས་མཎྜལ་ཕུལ་ཟིན་པ་དང་། ཡང་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད་ཅིག །རྒྱ་མཚོ་ལྟར་ན། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །བདག་ནི་འགྲོ་ལ་ཕན་དོན་དུ། །གཙོ་ཆེན་ཁྱོད་ལ་གསོལ་འདེབས་ཀྱི། །མ་ལུས་རྗེས་གནང་སྩལ་དུ་གསོལ། །ཞེས་པས་གསོལ་བ་


MR25_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་བོ། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །ལྷག་པའི་ལྷ་ཡི་ངོ་བོ་ཉིད། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་རྗེས་གནང་སྩལ་དུ་གསོལ། །ཞེས་ལན་གསུམ་བྱ། དེ་ནས་རྒྱུད་དག་པར་བྱ་བའི་ཕྱིར་མདུན་གྱི་ལྷ་དང་སངས་རྒྱས་བྱང་སེམས་རྣམས་ཀྱི་དྲུང་དུ་རྒྱུན་བཤགས་དང་སྐྱབས་གསུམ་སྔོན་དུ་འགྲོ་བས་བྱང་ཆུབ་ཀྱི་སེམས་གཟུང་བ་ལ་སོགས་པ་བགྱིད་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་ནས། འགྲུབ་པར་ཤོག་བར་ལན་གསུམ་བྱ། ཁྱད་པར་དུ་བཅོམ་ལྡན་འདས་ལྷ་མོའི་རྗེས་གནང་སྩལ་དུ་གསོལ་སྙམ་པའི་འདུན་པས་འདིའི་རྗེས་ཟློས་ཀྱང་གསུངས་ཤིག །སློབ་དཔོན་དགོངས་སུ་གསོལ། །བདག་ལ་བཅོམ་ལྡན་འདས་ལྷ་མོའི་རྗེས་གནང་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་ལན་གསུམ་འདེབས་པར་བྱའོ། །ད་སྦྱོར་བ་རྗེས་གནང་གི་གཞི་འགོད་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛད་པར་ཞུ། ཨོཾ་ཤཱུ་ནྱ་ཏ་སོགས། ཕྱི་ནང་གི་དངོས་པོ་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་གདན་གང་ཡིན་གྱི་སྟེང་དུ་ཁྱེད་རང་རྣམས་ལྷ་གང་ཡིན་དེའི་བདག་བསྐྱེད་ལྟར་ཐུགས་ཀར་ཧཱུྃ་ཡིག་རྣམས་ཀྱིས་མཚན་པར་གྱུར། ཅེས་པའི་བར་བརྗོད་པས་གསལ་བཏབ་ལ། ད་རྗེས་གནང་དངོས་གཞི་


MR25_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གསུམ་ལས། དང་པོ་སྐུའི་རྗེས་གནང་གི་སླད་དུ་སློབ་དཔོན་ཡང་རང་གིས་བསྒོམ་པ་དང་འདྲ་བའི་ལྷ་དེ་དངོས་ཡིན་སྙམ་པའི་མོས་གུས་བྱས་པས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ལྷའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བས། སློབ་དཔོན་དང་མདུན་བསྐྱེད་ཀྱི་ལྷ་དང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་ལྷ་མོ་འཁོར་དང་བཅས་པའི་སྐུ་ཆེ་ཆུང་མ་ངེས་པ་དཔག་ཏུ་མེད་པ་བྱོན། ཁྱེད་རྣམས་ཀྱི་སྤྱི་གཙུག་ལ་སོགས་པ་བ་སྤུའི་བུ་ག་རྣམས་ནས་ཆར་བབ་པ་བཞིན་སིབ་སིབ་ཐིམ་པར་མོས་པ་མཛོད་ཅིག །རྩ་སྔགས་དང་། ཨཱ་ཝེ་ཤ་ཡ་ཛཿཧཱུྃ་བཾ་ཧོཿས་གཉིས་མེད་བསྟིམ། དྲིལ་བུ་དང་ཏིང་ཤག་འཁྲོལ་ཞིང་གུ་གུལ་སོགས་སྤོས་བདུག་ལ་འཇམ་རོལ་རྒྱུན་རིང་བ་བྱའོ། །རྒྱ་མཚོ་ལྟར་ན། བར་འདིར་སྒྲུབ་ཐབས་རང་གཞུང་གི་དབང་བསྐུར་བའི་དམིགས་པ་དེ་ཕོག་ལ་རིགས་ཀྱི་བདག་པོས་དབུར་བརྒྱན་པའི་བར་བརྗོད་དོ། །དེས་རྗེས་གནང་གི་གཞི་འགོད་པའམ་སྐུའི་རྗེས་གནང་སོང་ནས་གསུང་གི་རྗེས་སུ་གནང་བའམ་བཟླས་པའི་ལུང་སྦྱིན་པ་ལ། སློབ་དཔོན་གྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ས་བོན་ཨ་དང་ཧྲཱིཿ གང་ཡིན་དེ་སྨོས་


MR25_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེ་ལས་སྔགས་ཀྱི་ཕྲེང་བ་བྱུང་བ་ཞལ་ནས་འཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཟླ་བའི་སྟེང་དུ་ས་བོན་ཨ་སོགས་གང་ཡིན་ལ་ཐིམ། དེའི་དུས་སུ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་མཐུ་དང་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྔགས་ཕྲེང་དང་ལྷན་ཅིག་ཞལ་དུ་ཞུགས་ཤིང་། སྙིང་གའི་ས་བོན་ལ་ཐིམ་པར་མོས་པ་མཛོད་ལ་སྔགས་འདིའི་རྗེས་ཟློས་ལན་གསུམ་བྱས་པས་དང་པོས་བྱིན་གྱིས་བརླབ། གཉིས་པས་དབྱེར་མེད་དུ་འདྲེས། གསུམ་པས་བརྟན་པར་བྱས་པའི་མོས་པ་མཛོད། ཅེས་བྱས་ལ་སྔགས་གང་ཡིན་པ་དེ་ལན་གསུམ་རྗེས་ཟློས་བྱའོ། །དེ་ལྟར་བཟླས་ལུང་ཕོག་པ་ལ་སླར་ཡང་རིག་སྔགས་ཀྱི་བྱིན་གྱིས་བརླབས་པའི་ལུང་སྦྱིན་པའི་ཆེད་དུ་སློབ་དཔོན་ལ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད། དེ་ལྟར་ཕུལ་བའི་མེ་ཏོག་དེ་ཉིད་སླར་ཡང་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་ཏེ་ཁྱེད་རང་གི་སྤྱི་བོར་ཕུལ་བས་སྙིང་གའི་ས་བོན་ལ་ཐིམ་པའི་མོས་པ་མཛོད་ཅིག །སློབ་དཔོན་གྱིས་རྩ་སྔགས་ཀྱིས་བསྔགས་པའི་མེ་ཏོག་སྤྱི་བོར་འཐོར་ཞིང་། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་


MR25_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འགོ་བར་མཛད་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ལ་ལྷ་ཆྒཻ་མོ་འཁོར་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག །ཅེས་བྱའོ། །གསུམ་པ་དམ་བཅའ་བའི་ལུང་གི་ཕྱིར། ལྷ་ཆྒཻ་མོ་འདི་ཉིད་ཇི་སྲིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཡི་དམ་དུ་བཟུང་ངོ་བདག་ཐུགས་ཀྱིས་མ་བཏང་ཞིག་སྙམ་པས་འདིའི་རྗེས་ཟློས་གསུངས་ཤིག །སློབ་དཔོན་དགོངས་སུ་གསོལ། བདག་རིག་པ་འཛིན་པ་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ལྷ་ཆྒཻ་མོ་འཁོར་དང་བཅས་པ་ཡི་དམ་གྱི་ལྷར་བཟུང་ནས་འདིའི་གསང་སྔགས་ཀྱང་ཅི་ནུས་སུ་འདོན་པར་དམ་བཅའ་ལགས་སོ། །ཞེས་ལན་གསུམ་བརྗོད། རྒྱ་མཚོ་ལྟར་ན་དམ་བཅའི་ལུང་འདི་མེད་ཀྱང་ཆོག་པར་མཛད། དེས་དངོས་གཞིའི་ལུང་གསུམ་སོང་ནས། ད་ནི་ཐུགས་ཀྱི་བྱིན་གྱིས་བརླབ་པའི་རྗེས་གནང་གི་སླད་དུ། མདུན་གྱི་ལྷ་ལ་མོས་གུས་དུང་དུང་བ་དང་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པ་མཛད་པས། མདུན་བསྐྱེད་ཀྱི་ལྷའི་ཐུགས་ཀ་ནས་རང་འདྲ་བའི་སྐུ་སོར་ཚད་ཙམ་ཞིག་ཕྱག་མཚན་གྱི་ཚོགས་དཔག་ཏུ་མེད་པ་དང་བཅས་པ་རྒྱངས་ཏེ་བྱོན། ཁྱེད་རང་རྣམས་ཀྱི་ཐུགས་ཀར་ཞུགས་ཏེ་


MR25_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གའི་ས་བོན་དང་དབྱེར་མེད་དུ་འདྲེས་པས་རྒྱུད་བྱིན་གྱིས་བརླབ་པའི་མོས་པ་མཛོད། ཅེས་བྱས་ལ་གནས་ལུགས་ལ་ཅུང་ཟད་རེ་མཉམ་པར་བཞག །བྱིན་བརླབས་འདི་བརྒྱ་རྩའི་ཡིག་རྙིང་ན་མེད་ཀྱང་བླ་མ་རྣམས་ཀྱི་ཕྱག་ལེན་དེ་ལྟར་མཛད་དོ། །སྤྲོ་ན་སྐབས་འདིར་སྒྲུབ་ཐབས་ཀྱི་ལུང་བྱ། དེས་ནི་ལྷ་མོའི་རྗེས་གནང་ལུང་དང་བཅས་པ་ལེགས་པར་གྲུབ་པ་ཡིན་ལ། ལྷ་འདི་ཉིད་ཡི་དམ་གྱི་ལྷར་འཛིན་ཅིང་དམ་ཚིག་ལས་མི་འདའ་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་ལན་གསུམ་གྱིས་དམ་བཅའ་བཟུང་ལ། སླར་ཡང་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་ཞིག་ཕུལ་བར་ཞུ། ཞེས་བྱས་ལ་མཎྜལ་འབུལ་དུ་གཞུག་མཎྜལ་དུ་མ་ཟད་རང་གི་ལུས་ལོངས་སྤྱོད་དགེ་བའི་རྩ་བ་ཐམས་ཅད་ཀྱང་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་དུ་དམིགས་ནས་འབུལ་ན་ཆ་ཤས་ནས་བཞེས་ལ་ལོངས་སྤྱད་དུ་གསོལ་སྙམ་པའི་ཡིད་ཀྱིས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་བདག་བྲན་དུ་སོགས་ལན་གཅིག་གམ་གསུམ་དུ་རྗེས་ཟློས་བྱའོ། །དེ་ལྟར་ལྷ་ཆྒཻ་མོའི་རྗེས་སུ་གནང་བ་ལེགས་པར་གྲུབ་པ་ཡིན་པས་འདིའི་སྒོ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་པ་དང་། དགེ་བའི་རྩ་བ་རྣམས་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བའི་ཐུགས་འདུན་གནང་བར་ཞུ། འཇམ་དཔལ་དཔའ་བོས་སོགས་བསྔོ་བ་དང་སྨོན་ལམ་ཅི་རིགས་བྱའོ། །


MR25_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ཡང་སློབ་དཔོན་གྱིས་མཆོད་བསྟོད་བཟོད་གསོལ་བྱས་རྗེས། ཨོཾ་བཛྲ་མུཿ ས་ཚོམ་བུའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་ཛཿཧཱུྃ་བྃ་ཧོཿས་རང་ལ་བསྟིམས་ནས་དགེ་བསྔོ་ཤིས་བརྗོད་ཀྱིས་ལས་རྗེས་བསྡུ་བར་བྱའོ། །འདིར་བ་རི་བརྒྱ་རྩ་དང་སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་ལ་བར་ལྔའི་མཚམས་སྦྱོར་སོགས་ཕྲན་བུ་རེའི་ཁྱད་པར་ལས་དབྱེ་བ་ཆེར་མེད་ལ། དེ་ནི་གཞུང་སོ་སོའི་ཕྱག་ལེན་བཞིན་དུ་མཛད་པའང་ལེགས་མོད་ཀྱི། ཚིག་གི་མཚམས་སྦྱར་ཚུལ་ཙམ་ལ་གང་ལྟར་བྱས་ཀྱང་འགལ་བ་མེད་ངེས་པས་འདིར་ནི་བརྒྱ་རྒྱམ་གཉིས་སོགས་རྗེས་གནང་ཀུན་གྱི་སྤྱི་འགྲོར་རུང་བར་མཐོང་ནས་དཀྱུས་གཅིག་ཏུ་སྦྱར་བ་ཡིན་ལ། ཐོག་མར་རྗེས་གནང་ཞུ་བའི་གསོལ་འདེབས་ཚིགས་བཅད་མི་འདྲ་བ་གཉིས་པོ་སོ་སོ་གང་ཡིན་པའི་ལུགས་ལྟར་གང་རུང་རེའམ་གཉིས་ཀ་བྱས་ཀྱང་རུང་བར་མངོན་ནོ། །ཞེས་མི་ཕམ་རྡོ་རྗེས་བྲིས་པ་དགེ་ལེགས་འཕེལ། ༈ །བཟླས་ལུང་བྱ་བ་ལ། འོད་དཔག་མེད་སོགས་ལ། སློབ་དཔོན་གྱིས་བདག་ལ་རིག་སྔགས་དམ་པ་སྩལ་དུ་གསོལ། ལན་གསུམ་གསོལ་བཏབ་རྗེས་ཟློས་བྱ། སེམས་བསྐྱེད་གསལ་བཏབ་ཤཱུ་ནྱ་ཏས་སྦྱངས་ལ། མངོན་རྟོགས་ལྟར་སློབ་མ་ལྷར་བསྐྱེད། ཐུགས་ཀར་ཧཱུྃ་ཞེས་པའི་བར་དུའོ། །དེ་ནས་གསུང་གི་རྗེས་གནང་གི་ལུང་བཞིན་རྗེས་སུ་བཟླས་པའི་ལུང་སྟེར་བ་ཡིན་ནོ། །འདི་རྒྱུད་སྡེ་བཞི་གང་


MR25_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

རུང་གི་དབང་ཐོབ་པ་ལ་བྱེད་པ་ཡིན་གྱི་གཞན་དུ་མིན་ནོ། །གང་བའི་ཟླ་བ་ལས་བརྒྱུད་པའི་སྒྲུབ་ཐབས་བཅུ་དྲུག་སྐོར་གྱི་ཉེ་སྲས་བརྒྱད་པོ་ཐམས་ཅད་བཟླས་ལུང་ཁོ་ན་རེད། རིགས་གསུམ་བྱམས་པ་མ་གཏོགས་ཉེ་སྲས་གཞན། མཱ་ཀི་གོས་དཀར་སྤྱན་མའི་སྒེར་སྒྲུབ། སངས་རྒྱས་རབས་བདུན་སོགས་གང་ཟླའི་བརྒྱུད་པ་རིན་འབྱུང་མ་གཏོགས་གཞན་ན་མེད་འདྲ་སྙམ། མངྒ་ལཾ། ༈ །ལྷ་གང་ལའང་གཏོར་མ་འབུལ་བའི་ཆོ་ག་འདི་བཞིན་བྱས་ན་ཆོག་སྟེ། དཔེར་ན་རྗེ་བཙུན་སྒྲོལ་མ་ལ་མཚོན་ན། དཀར་དམར་གྱི་གཏོར་མ་ལྟ་བུ་ལྷ་སོ་སོ་ལ་རུང་བའི་ཁ་ཟས་བཟང་དགུས་བསྐོར་བ་བཤམས། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་ལྷའི་ཞལ་ཟས་རོ་བརྒྱ་དང་ལྡན་པའི་གཏོར་མ་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཟེར་མ་ལས་འདོད་པའི་ཡོན་ཏན་རབ་འབྱམས་ཀྱི་སྤྲིན་ཕུང་འཕྲོ་བ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཆེན་པོའི་རང་བཞིན་དུ་གྱུར། ཅེས་བརྗོད་ཅིང་བསམས་ལ། ཨོཾ་ཨཱཿཧཱུྃ་ཧོཿཞེས་ལན་གསུམ་དང་། ཨ་ཀཱ་རོས་བྱིན་གྱིས་བརླབས། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རྗེ་བཙུན་སྒྲོལ་མ་འདིར་ལྷ་སོ་སོ་གང་འདོད་ལ་ཁ་བསྒྱུར། འཁོར་དང་བཅས་པ་མདུན་གྱི་ནམ་མཁའ་ཨོཾ་བཛྲ་ས་མཱ་ཛཿཞེས་པས་སྤྱན་དྲངས། པདྨ་ཀ་


MR25_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལ་ཡེ་སྟྲཾ་གྱིས་གདན་ཕུལ། དེ་རྣམས་ཀྱི་ལྗགས་འོད་ཟེར་གྱི་སྤུ་གུས་གཏོར་མའི་དྭངས་བཅུད་དྲངས་ཏེ་གསོལ་བས་ཟག་མེད་ཀྱི་བདེ་བས་སྐུ་གསུང་ཐུགས་ཀྱི་རྒྱུད་ཡོངས་སུ་དགྱེས་ཤིང་ཚིམ་པར་གྱུར། ཨོཾ་ཨཱ་ཪྻ་ཏཱ་ར། འདི་ལྷ་སོ་སོ་གང་འདོད་པའི་མཚན་སྔགས་ལ་ཁ་བསྒྱུར་བྱ། ས་པ་རི་ཝཱ་ར་ཨེ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་གསུམ་མམ་བདུན་གྱིས་འབུལ་བར་བྱ། ཨརྒྷཾ་སོགས་ཀྱིས་མཆོད་ཅིང་བསྟོད་འཁོར་བ་ལས་སྒྲོལ་སོགས། ལ། འདོད་གསོལ་གང་འདོད་དམ། རྗེ་བཙུན་འཕགས་མ་སྒྲོལ་མ་འདི་ལྷ་གང་འདོད་ལ་ཁ་བསྒྱུར། འཁོར་བཅས་ཀྱིས། །ཟག་མེད་བདུད་རྩིའི་མཆོད་གཏོར་འདི་བཞེས་ལ། །བདག་ཅག་བྱང་ཆུབ་བར་དུ་རྗེས་འཛིན་ཞིང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །བཛྲ་མུཿ གཏོར་མའི་མགྲོན་ཐམས་ཅད་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར། ཅེས་བྱའོ། །འདིར་གཏོར་མགྲོན་གྱི་ཞར་ལ་འདས་མ་འདས་ཀྱི་གཏོར་མ་སྟབས་གཅིག་བཏང་བར་འདོད་ན། སྤྱན་འདྲེན་སྐབས། རྗེ་བཙུན་སྒྲོལ་མ་ལ་སྲིད་པ་དང་ཞི་བས་བསྡུས་པའི་གཏོར་མའི་མགྲོན་མ་ཚང་བ་མེད་པའི་འཁོར་གྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ གཙོ་བོའི་ཞེས་བསྒྱུར། གཙོ་མོའི་ཐུགས་ཀའི་འོད་ཟེར་གྱིས་རེག་པ་ཙམ་གྱིས་སྲིད་ཞིའི་མགྲོན་ཐམས་ཅད་རྗེ་བཙུན་སྒྲོལ་མའི་འདིར་ལྷ་གང་འདོད་དེར་ཁ་བསྒྱུར། སྐུར་གྱུར་པའི་ལྗགས་སོགས་སྦྱར། སྒྲོལ་


MR25_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིད་བཞིན་འཁོར་ལོའི་སྒྲུབ་པ་ལ་ཞུགས་པའི་དུས་སུ་མི་ཕམ་པས་སྦྱར་བ་དགེ་ལེགས་སུ་གྱུར་ཅིག མངྒ་ལཾ། ༈ །།ལྷ་སྣ་ཚོགས་ཀྱི་བཟླས་དམིགས་མདོར་བསྡུས་ནི། སྦྱོར་རྗེས་སྤྱི་ལྟར་བྱས་ལ། མཱཾ། འཇམ་དབྱངས་གསེར་མདོག་རལ་གྲི་པོ་ཏི་ཅན། །ཨོཾ་མཉྫུ་ཤྲཱི་མཱཾ་སྭཱ་ཧཱ། ཡང་ན། ཨ། སྐུ་མདོག་དཀར་པོ་མཆོག་སྦྱིན་གཡོན་ཨུཏྤལ། །ཨོཾ་ཝཱ་ཀྱེ་དཾ་ན་མཿ སྙིང་པོའི་སྔགས་འདིས་ལོངས་སྤྱོད་འཕེལ་ཞེས་འཇམ་དཔལ་རྩ་རྒྱུད་ལས་སོ། །ཡང་ན་གོང་བཞིན། ཉེ་སྙིང་། ཨོཾ་ཝཱ་ཀྱཻ་ཧཱུྃ། སེམས་ཅན་ཐམས་ཅད་དགུག་གསུང་། ཞེས་སོ། །ཡང་ན། དྷཱིཿ གསེར་མདོག་རལ་གྲི་ཨུཏྤལ་པོ་ཏི་འཛིན། ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཡང་ན། མུ། དམར་སེར་རལ་གྲི་པུསྟི་འཛིན་པའོ། །ཨོཾ་ཝཱ་གཱི་ཤྭ་རི་མུ། ཡང་ན། མུཾ། མདོག་དམར་རལ་གྲི་དང་ནི་ཨུཏྤལ་བསྣམས། །ཨོཾ་མུཾ་ཤྲཱི་ཨ་ར་ག་ཡ་སྭཱ་ཧཱ།། ༈ །།ཧྲཱིཿ སྤྱན་གཟིགས་དཀར་པོ་མཆོག་སྦྱིན་པད་དཀར་བསྣམས། །ཨོཾ་མ་ཎི་པདྨེ་ཧཱུྃ། ཡང་ན། ཨྃ། མདོག་དམར་མཆོག་སྦྱིན་པདྨ་དམར་པོ་བསྣམས། །ཨ་ཨ་རོ་ལི་ཀྲ། ཡང་ན། ལྃ། མདོག་དཀར་གཡས་པས་མཆོག་སྦྱིན་གཡོན་པད་དཀར། །ཨོཾ་ལོ་ཀ་ནཱ་ཐ་ལྃ་སྭཱ་ཧཱ། ཡང་ན། ཧྲཱིཿ མདོག་དམར་པདྨ་དམར་པོ། ཐུགས་ཀར་འཛིན་ཅིང་འབྱེད། །ཨོཾ་ཧྲཱིཿཧཱུྃ་པདྨ་པྲི་ཡ་སྭཱ་ཧཱ། ༈ །ཕྱག་རྡོར་སྔོན་པོ་རྡོ་རྗེ་དྲིལ་བུ་འཛིན། །


MR25_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

།ཨོཾ་བཛྲ་པཱ་ཎི་ཧཱུྃ། ཡང་ན། ཧཱུྃ། མཐིང་ག་མཆོག་སྦྱིན་པདྨ་རྡོ་རྗེ་བསྣམས། །ཨོཾ་ཊཀྐི་ཧཱུྃ་ཛཿ ཡང་ན། ཧཱུྃ། སྔོན་པོ་གཡས་ན་རྡོ་རྗེ་གཡོན་སྡིགས་མཛུབ། །ཨོཾ་ཀུ་རུ་བྷ་ན་ར་ཧ་སྭཱ་ཧཱ། ༈ །ཨྃ། ནམ་སྙིང་སྔོ་བསང་རལ་གྲི་རིན་ཆེན་འཛིན། །ཨོཾ་ཨཱ་ཀཱ་ཤ་གརྦྷཱ་ཡ་སྭཱ་ཧཱ། ཡང་ན། ཏྲྃ། མདོག་དཀར་གཡས་ན་རལ་གྲི་ཐོགས་པའོ། །ཏྲྃ་བཱ་པཱ་ཊ་ཊ་ཧ་ཧ། ཡང་ན། གྃ། སྔོ་བསང་གཡས་ན་རལ་གྲི་བསྣམས་པའོ། །ཨོཾ་ག་ག་ན་གཉྫ་གཾ་སྭཱ་ཧཱ། ཡང་ན། ཏྲྃ། གསེར་གྱི་མདོག་ཅན་རལ་གྲི་འཛིན་པའོ། །ཏྲྃ་ཨ་གརྦྷཱ་ཡ་སྭཱ་ཧཱ། ༈ །ཀྵིཾ། ས་སྙིང་གསེར་མདོག་རྡོ་རྗེ་རིན་ཆེན་བསྣམས། །ཨོཾ་ཀྵི་ཏི་གརྦྷ་ཀྵིཾ་སྭཱ་ཧཱ། ཡང་ན། ཀྵི། སྐུ་མདོག་དཀར་པོ་མྱུ་གུ་དྲིལ་བུ་འཛིན། །ཨོཾ་ཀྵི་ཧི་རཱ་ཛ་ཡ་སྭཱ་ཧཱ། ཡང་ན། ཨི། ལྗང་གུ་མཆོག་སྦྱིན་པད་སྟེང་ནོར་བུ་བསྣམས། །ཨོཾ་ཀྵི་ཏི་ཧ་རཱ་ཛ་ཡ་སྭཱ་ཧཱ། ༈ །མེཾ། །བྱམས་པ་གསེར་མདོག་ཀླུ་ཤིང་རིལ་བ་བསྣམས། ཨོཾ་མཻ་ཏྲི་དྷཱ་ར་ཎི་སྭཱ་ཧཱ། ཡང་ན། མཻཾ། གསེར་མདོག་མཆོག་སྦྱིན་རིལ་བ་འཛིན་པའོ། །ཨོཾ་མཻ་ཏྲི་ནཱ་ཐ་མཻཾ་སྭཱ་ཧཱ། ཡང་ན། མཻཾ། གསེར་མདོག་མཆོག་སྦྱིན་ཀླུ་ཤིང་འཛིན་པའོ། །ཨོཾ་མཻ་ཏྲི་ཌི་ཌྷ་ཙིཏྟེ་ཏིཥྛ་ཧོཿ ཡང་ན། མེ། དམར་སེར་ཆོས་འཆད་ཕྱག་རྒྱ་མཛད་པའོ། །ཨོཾ་མུ་ནི་མུ་ནི་སྨ་ར་སྭཱ་ཧཱ། ༈ ནཾ། སྒྲིབ་སེལ་མཐིང་ག་གཡས་ན་རལ་གྲི་བསྣམས། །ཨོཾ་


MR25_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་ནི་བ་ར་ཎི་བིཥྐཾ་བྷི་ནི་སྭཱ་ཧཱ། ཡང་ན། གསེར་མདོག་མཆོག་སྦྱིན་ནོར་བུ་བསྣམས་པའོ། །ཨོཾ་ནི་ས་རཱ་ཡ་སྭཱ་ཧཱ། ཡང་ན། །སྐུ་མདོག་ལྗང་གུ་པོ་ཏི་དྲིལ་བུ་འཛིན། །ནི་ས་རཾ་བྷ་ཡ་སྭཱ་ཧཱ། ཡང་ན། སྐཾ། མདོག་དཀར་བུམ་པ་པད་སྟེང་ཟླ་རྒྱས་བསྣམས། །ཨོཾ་ཨ་མྲྀ་ཏ་བིནྡུ་ཛཱ་བ་མ་ཧཱ་སུ་ཁ་སྭཱ་ཧཱ། ༈ །སཾ། ཀུན་བཟང་དཀར་པོ་གཡས་ན་ནོར་བུ་བསྣམས། །ཨོཾ་ས་མནྟ་བྷ་དྲ་སཾ་སྭཱ་ཧཱ། ཡང་ན། སཾ། སྔོ་བསང་མཆོག་སྦྱིན་དཔལ་འབྲས་གཡོན་ནོར་བུ། །ཨོཾ་སཱཾ་ཧྲཱིཿཀཱ་ཡ་སྭཱ་ཧཱ། ཡང་ན། སཾ། མདོག་དམར་གང་བུམ་པད་སྟེང་ཉི་མ་བསྣམས། །ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། ཨོཾ་ཨསྟ་བ་ར་བྷོ་གི་སྭཱ་ཧཱ། ཡང་ན། ཧཱུྃ། གསེར་གྱི་མདོག་ཅན་སྙེ་མ་དྲིལ་བུ་འཛིན། །ཧཱུྃ་སྭ་རཱ་ཛ་ཡ་སྭཱ་ཧཱ། ཡང་ན། སྭྃ། དཀར་དམར་མཆོག་སྦྱིན་པད་སྟེང་ནོར་བུ་བསྣམས། །ཨོཾ་སྭཾ་ཧྲཱིཿརཱ་ཛ་ཡ་སྭཱ་ཧཱ། ༈ །ཧཱུྃ། རྡོ་རྗེ་ཁུ་ཚུར་མཐིང་ག་ཁུ་ཚུར་མཛད། །ཨོཾ་རུ་ཊུ་རུ་ཊུ་ཧཱུྃ་ཕཊ། ཙཾ། རྡོ་རྗེ་འཁོར་ལོ་སྔོན་པོ་འཁོར་ལོ་བསྣམས། །ཨོཾ་བཛྲ་ཙཀྲ་ཧཱུྃ། གཾ། ནམ་མཁའ་མཛོད་སྔོན་ཕྱག་གཉིས་མཉམ་གཞག་ཅན། །ཨོཾ་ག་ག་ན་སཾ་བྷ་ཝ་བཛྲ་བཱ་ཙ་ཧོཿ ཡང་ན། གྃ། སྐུ་མདོག་དཀར་པོ་ནམ་མཁའ་མཛོད་རྒྱ་ཅན། །ཨོཾ་ག་ག་ན་གཉྫོ་གཾ་སྭཱ་ཧཱ། རཾ། ལག་ན་རིན་ཆེན་སྔོ་བསང་ནོར་བུ་འཛིན། །ཨོཾ་རཏྣ་པཱ་ཎི་ར་མུ་སྭཱ་ཧཱ། ཏྲཱཾ། རིན་ཆེན་འབྱུང་བ་གསེར་


MR25_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་པདྨ་བསྣམས། །ཨོཾ་རཏྣཱ་ཀ་ར་ཧྲཱིཿརཏྣཾ་ད་ད་སྭཱ་ཧཱ། བཾ། རྡོ་རྗེ་སྙིང་པོ་སྔོན་པོ་རྡོ་རྗེ་བསྣམས། །ཨོཾ་བཛྲ་གརྦྷ་ཧཱུྃ། མྃ། བློ་གྲོས་མི་ཟད་མདོག་དཀར་ཆོས་འཆད་མཛད། །ཨོཾ་ཨཀྵ་ཡ་མ་ཏི་སྭཱ་ཧཱ། སཱཾ། བློ་གྲོས་རྒྱ་མཚོ་དཀར་པོ་མཉམ་དུང་འཛིན་པ། གཞག་མཛད། །ཨོཾ་སཱ་གར་མ་ཏི་ས་ར་སྭཱ་ཧཱ། པྲྃ། ཤེར་ཕྱིན་དཀར་མོ་མཆོག་སྦྱིན་གླེགས་བམ་བསྣམས། །ཨོཾ་པྲཛྙེ་མ་ཧཱ་པྲཛྙེ་གདན་བཞི་དང་པེ་ཊ་ལས། ཧཱུྃ་སྭཱ་ཧཱ། ཡང་ན། ཨ། མདོག་དཀར་མཆོག་སྦྱིན་གླེགས་བམ་བསྣམས། །ཨོཾ་ཤྲུ་ཏི་སྨྲཾ་ཏི་བི་ཛ་ཡེ་སྭཱ་ཧཱ། ཡང་ན། ཨ། མདོག་དཀར་མཉམ་གཞག་རྡོ་རྗེ་བསྣམས་པའོ། །ཨ་གཅིག་པུ་བཟླ། ཨཾ། སྨེ་བརྩེགས་མཐིང་ག་བཞེངས་སྟབས་བུམ་པ་བསྣམས། །ཨོཾ་རྐུ་ཏི་ཕཊ། ཧཱུྃ། རྡོ་རྗེ་རྒྱལ་མོ་མཐིང་ག་རྡོ་རྗེ་བསྣམས། །ཨོཾ་ཤཱུ་ལི་ནི་སྭཱ་ཧཱ། དྷྭཾ། རྒྱལ་མཚན་རྩེ་མོ་གསེར་མདོག་མཆོག་སྦྱིན་རྒྱལ་མཚན་བསྣམས། །ཨོཾ་བཛྲ་དྷྭ་ཛ་ཨ་གྲ་གུ་ཧྱ་ཧཱུྃ། ཡང་ན། དྷྭཾ། སེར་མོ་རལ་གྲི་དང་ནི་འཁོར་ལོ་བསྣམས་པའོ། །ཨོཾ་སརྦ་གྲ་ཧ་ན་ཀྵེ་ཏྲ་དྷྱ་མི་ཀ་ར་ཎི་སྭཱ་ཧཱ། ཡང་ན། ཧཱུྃ། མཐིང་ནག་ཁྲོ་ཚུལ་རལ་གྲི་དང་ནི་རྩེ་གསུམ་བསྣམས། །ཨོཾ་ཧཱུྃ་སྭཱ་ཧཱ། ཨོཾ། རྣམ་སྣང་དཀར་པོ་བྱང་ཆུབ་མཆོག་རྒྱ་འཁོར་ལོ་བསྣམས། །ཨོཾ་བཛྲ་བཻ་རོ་ཙ་ན་ཨོཾ། ཡང་ན། ཨོཾ་ཛི་ན་ཛིཀ །ཅེས་བཟླ། ཧཱུྃ། རྡོར་སེམས་


MR25_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

མཐིང་ག་ས་གནོན་མཉམ་གཞག་རྡོ་རྗེ་འཛིན། །ཨོཾ་བཛྲ་ཨཀྵོ་བྷྱཿཧཱུྃ། ཡང་ན། ཧཱུྃ་བཛྲ་དྷྲྀཀ྄། །ཏྲྃ། རིན་འབྱུང་གསེར་མདོག་མཆོག་སྦྱིན་མཉམ་གཞག་ནོར་བུ་བསྣམས། །ཨོཾ་རཏྣ་སཾ་བྷ་ཝ་ཏྲཾ། ཡང་ན། སྭ་རཏྣ་དྷྲྀཀ྄། །ཅེས་བཟླ། ཧྲཱིཿ སྣང་མཐའ་དམར་པོ་མཉམ་གཞག་པདྨ་དམར་པོ་འཛིན། །ཨོཾ་ཨ་མི་ཏཱ་བྷ་ཧྲཱིཿ ཡང་ན། ཨཾ་ཨ་རོ་ལཱིཀྲ། ཅེས་བཟླ། ཨཱ། དོན་གྲུབ་ལྗང་གུ་སྐྱབས་སྦྱིན་མཉམ་གཞག་རྒྱ་གྲམ་བསྣམས། །ཨོཾ་ཨ་མོ་གྷ་སིདྡྷི་ཨཱཿ ཡང་ན། ཧ་པྲཛྙཱ་དྷྲྀཀ྄། ཅེས་བཟླ། ཧཱ། དམ་ཚིག་རྡོ་རྗེ་ལྗང་གུ་རྒྱ་གྲམ་དྲིལ་བུ་འཛིན། །ཨོཾ་ཨཱཿཔཛྙཱ་དྷྲྀ་ཀ་ཧཱ་ཧཱུྃ། མུཾ། དབྱིངས་ཕྱུག་མཐིང་ག་རྡོ་རྗེ་དྲིལ་བུ་འཛིན། །ཨོཾ་བཛྲ་དྷ་ཏྭེ་ཤྭ་རི་ཧཱུྃ། ལྃ། སྤྱན་མ་དཀར་མོ་མཆོག་སྦྱིན་འཁོར་ལོ་བསྣམས། །ཨོཾ་ག་ག་ན་ལོ་ཙ་ནི་ཧཱུྃ། མཾ། མཱ་མ་ཀི་མཐིང་རྡོ་རྗེ་ཞགས་པ་བསྣམས། །ཨོཾ་ཀི་རི་ཀི་རི་མཱ་མ་ཀི་ཧཱུྃ། པཱཾ། གོས་དཀར་དམར་མོ་མཆོག་སྤྱིན་པདྨ་བསྣམས། །ཨོཾ་པཎྚར་བཱ་སི་ནི་བ་ར་དེ་སྭཱ་ཧཱ། ཏཱྃ། སྒྲོལ་མ་ལྗང་གུ་མཆོག་སྦྱིན་ཨུཏྤལ་བསྣམས། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཧྲཱིཿ རིགས་བྱེད་དམར་མོ་ཨུཏྤལ་མདའ་གཞུ་འགེངས། །ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། ཡང་ན། ཨོཾ་གཱི། ཞེས་བཟླའོ། །འདི་རྣམས་མི་ཕམ་པས་བྲིས་པ་དགེའོ། ༈ །།སྔགས་བླ་མེད་ཀྱི་དམིགས་བཟླས་ཉུང་ངུ་དབང་ཐོབ་དམ་


MR25_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་མ་གཏོགས་མི་བསྟན་ནོ། །དཔལ་ཆེན་མཐིང་ནག་རྡོ་རྗེ་དྲིལ་བུ་འཛིན། །གནམ་ཞལ་དུང་ཁྲག་དྲིལ་བུ་འཛིན་པས་འཁྱུད། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། ཡང་ན། ཨོཾ་མ་ཧཱ་ཀྲོ་དྷ་ཧཱུྃ་ཕཊ། འབྲུ་བདུན་འདི་ཁྲོ་བོ་འབུམ་གྱིས་དབང་བསྐུར་བ་ཆེ་མཆོག་དང་མ་མོ་མངོན་རྫོགས་གཉིས་ཀའི་ཡང་སྙིང་དང་ཕྱག་ན་རྡོ་རྗེའི་རྩ་བའི་སྔགས་སུ་བཀའ་བརྒྱད་ལྡེའུ་མིག་གི་རྒྱུད་ལས་གསུངས། ཡང་ན་ངེས་འབྱུང་ཕྱི་མའི་རྒྱུད་ལས་གསུང་བ། ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། ཅེས་བཟླའོ། །ཡང་དག་མཐིང་ནག་རྡོ་རྗེ་དྲིལ་འཛིན་ཡུམ་དང་འཁྱུད། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཡང་ན། ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཕཊ། ཅེས་སོ། །གཤིན་རྗེ་གཤེད་མཐིང་བེ་ཅོན་ཐོད་ཁྲག་བསྣམས། །ཨོཾ་ཨ་ཀྲོ་ཏེ་ཀ་ཧཱུྃ་ཕཊ། རྟ་མགྲིན་དམར་ནག་པདྨ་དུང་ཁྲག་བསྣམས། །ཨོཾ་ཧྱ་གྲཱི་བ་ཧཱུྃ་ཕཊ། ཕུར་པ་ལྗང་ནག་ཕྱག་གཉིས་ཕུར་པ་འདྲིལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། མངོན་རྫོགས་མཐིང་ནག་བྱ་ཁྱུང་ཞིང་དབྱུག་ཐོགས། །ཨོཾ་མ་ཧཱ་ཀྲོ་དྷ་ཧཱུྃ་ཕཊ། ཡང་ན། ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊ། ཅེས་སོ། །རིག་འཛིན་དཀར་པོ་ཐོད་དབྱུག་དྲིལ་བུ་བསྣམས། །ཨོཾ་ཀཱ་ལ་རཱུ་པ་ཧཱུྃ་ཕཊ། ཡང་ན། ཨོཾ་བཛྲ་སརྦ་གུ་རུ་ཧཱུྃ་ཕཊ། ཅེས་སོ། །དྲེགས་འདུལ་མཐིང་ནག་ཐོ་བ་མདུང་ཐུང་ཅན། །ཨོཾ་བཛྲ་ཙཎྚ་སརྦ་དུཥྚཱན་ཧཱུྃ་ཕཊ། སྟོབས་ལྡན་ནག་པོ་ལྕགས་ཀྱུ་སྦྲུལ་ཞགས་ཅན། །


MR25_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་སརྦ་དུཥྚཾ་ཧཱུྃ་ཕཊ། བདེ་མཆོག་མཐིང་ནག་རྡོ་རྗེ་དྲིལ་བུ་འཛིན། །ཕག་མོ་དམར་མོ་གྲི་ཐོད་འཛིན་པས་འཁྱུད། །ཨོཾ་ཧྲཱིཿཧ་ཧ་ཧུཾ་ཧཱུྃ་ཕཊ། དུས་ཀྱི་འཁོར་ལོ་མཐིང་གསལ་རྡོར་དྲིལ་ཅན། །སྣ་ཚོགས་ཡུམ་གྱུར་སེར་མོས་འཁྱུད་པའོ། །ཨོཾ་ཨཱཿཧཱུྃ་ཧོ་ཧྐྵྨླྺྼྻྃ་སྭཱ་ཧཱ། དགྱེས་རྡོར་མཐིང་ནག་རྡོ་རྗེ་དྲིལ་བུ་འཛིན། །བདག་མེད་དམར་མོ་གྲི་ཐོད་འཛིན་པས་འཁྱུད། །ཨོཾ་དེ་བ་བི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། གསང་འདུས་མཐིང་ག་རྡོ་རྗེ་དྲིལ་འཛིན་ཡུམ་དང་འཁྱུད། །ཨོཾ་ཨཱཿབཛྲ་དྷྲྀ་ཀ་ཧཱུྃ། འཇམ་པའི་རྡོ་རྗེ་གུར་གུམ་མདོག་ཅན་རལ་གྲི་དང་། །དྲིལ་བུ་འཛིན་པ་ཡུམ་དང་བཅས་པའོ། །ཨོཾ་ཨཱཿམཾ་ཧཱུྃ། རྡོ་རྗེ་འཇིགས་བྱེད་མཐིང་ནག་མ་ཧེའི་ཞལ། །གྲི་གུག་དང་ནི་ཐོད་ཁྲག་བསྣམས་པའོ། །ཨོཾ་ཧྲཱིཿཥྚྲཱྀཿཝི་ཀྲྀ་ཏ་ན་ན་ཧཱུྃ་ཕཊ། གཤིན་རྗེ་གཤེད་དམར་པོ་དང་ནག་པོ་བེ་ཅོན་ཐོད་ཁྲག་བསྣམས་པའོ། །ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ། ༈ །གང་ཞིག་ཐམས་ཅད་དམ་གང་རུང་རེ་དྲན་པས་ཀྱང་བར་ཆད་ཐམས་ཅད་སྲུང་ཞིང་དངོས་གྲུབ་སྩོལ་བའི་ལྷ་མཆོག་ཁྲོ་བོ་བཅུ་ནི། སྟེང་དུ་ཧཱུྃ་མཛད་སྔོ་སྐྱ་ཕྱག་གཉིས་མདའ་གཞུ་འགེངས། །ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀ་ར་ཧཱུྃ་གརྫ་གརྫ་ཧཱུྃ་ཕཊ། ཤར་དུ་རྣམ་རྒྱལ་དཀར་པོ་འཁོར་ལོ་ཏྲི་ཤུལ་བསྣམས། །ཨོཾ་བཛྲ་ཀྲོདྷ་བི་ཛ་ཡ་ཧཱུྃ་ཧ་ན་ཧ་ན་ཧཱུྃ་ཕཊ། ཤར་ལྷོར་དབྱུག་སྔོན་སྔོན་པོ་མེ་དབལ་དབྱུག་ཐོ་བསྣམས། །ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དནྟ་ཧཱུྃ་ད་ཧ་ད་ཧ་ཧཱུྃ་ཕཊ།


MR25_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་ཕྱོགས་གཤེད་སྔོ་ཐོད་དབྱུག་དགྲ་སཏྭ་བསྣམས། །ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ་པ་ཙ་པ་ཙ་ཧཱུྃ་ཕཊ། ལྷོ་ནུབ་མི་གཡོ་མགོན་པོ་སྨུག་ནག་རལ་གྲི་ཞགས་པ་བསྣམས། །ཨོཾ་བཛྲ་ཀྲོ་དྷ་ཨཱཪྱ་ཨ་ཙ་ལ་ཧཱུྃ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ནུབ་ཏུ་རྟ་མགྲིན་དམར་པོ་སྤུ་གྲི་ཞགས་པ་བསྣམས། །ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ནུབ་བྱང་འདོད་རྒྱལ་དམར་སྐྱ་བ་དན་རྔ་ཡབ་བསྣམས། །ཨོཾ་བཛྲ་ཀྲོདྷ་ཨ་པ་ར་ཛི་ཏ་ཧཱུྃ་ཏིཥྛ་ཏིཥྛ་ཧཱུྃ་ཕཊ། བྱང་དུ་བདུད་རྩི་འཁྱིལ་ལྗང་རྒྱ་གྲམ་དྲིལ་བུ་བསྣམས། །ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྚ་ལཱི་ཧཱུྃ་ཙྪིནྡྷ་ཙིནྡྷ་ཧཱུྃ་ཕཊ། བྱང་ཤར་རྣམ་རྒྱལ་མཐིང་ག་རྡོ་རྗེ་སྦྲུལ་ཞགས་བསྣམས། །ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ་བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ། འོག་ཏུ་སྟོབས་ཆེན་དུད་ཁ་ཐོ་བ་ཞགས་པ་བསྣམས། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ་སྥོཊ་སྥོཊ་ཧཱུྃ་ཕཊ། ཁྲོ་བཅུ་ཀུན་གྱི་ས་བོན་ཧཱུྃ་ཡིན་ནོ། ༈ །བྱང་སེམས་ཉེ་བའི་སྲས་བརྒྱད་མཁའ་འགྲོ་ཁྲོ་མོའི་ཚུལ་བསྟན་ཀཽ་རེ་ལ་སོགས་པ་བརྒྱད་ནི་དངོས་གྲུབ་ཤིན་ཏུ་མྱུར་ཏེ། ཤར་ཀཽ་རི་དཀར་མོ་སྔོན་མོའང་ཞིང་དབྱུག་དུང་ཁྲག་ཅན། །ཨོཾ་བཛྲ་ཀཽ་རི་ཛཿཛ་ཧཱུྃ། སྟོང་བརྒྱ་རྩ་བརྒྱད་བཟླས་ཏེ་ལས་བཅོལ་ན་སངས་རྒྱས་ཉིད་ཀྱང་འགུགས་པར་འགྱུར་ཞིང་གཞན་ལྟ་ཅི། གཏོར་མ་དང་དམར་གྱི་ཨརྒྷཾ་ཕུལ་ལ་ཆྒཻ་མོ་ཁུག་ཅེས་ཕྲིན་ལས་བཅོལ་ལ་རུ་ལུ་འབྲུ་བརྒྱད་བསྒྲགས་པས་ཐམས་ཅད་འགུགས་པར་བྱེད་དོ། །ལྷོ་ཙཽ་རི་སེར་མོ་མདའ་


MR25_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

གཞུ་འགེངས་པའོ། །ཨོཾ་བཛྲ་ཙཽ་རཱི་ཧཱུྃ་ཛཿ སྟོང་བརྒྱ་རྩ་བཟླས་ཏེ་གོང་བཞིན་བཅོལ་ན་ཕྱག་ན་རྡོ་རྗེའི་མཐུ་ཡང་རྡུལ་ཙམ་མེད་པར་བྱེད་ན་གཞན་ལྟ་ཅི་སྨོས། ནུབ་ཕྲ་མོ་དམར་མོ་ཆུ་སྲིན་རྒྱལ་མཚན་ཕྱར། །ཨོཾ་བཛྲ་པྲ་མོ་ཧཱ་ཧཱུྃ་ཛཿ སྟོང་བརྒྱ་རྩ་བརྒྱད་བཟླས་ཏེ་བཅོལ་ན་ཕྱག་རྡོར་ཀྱང་དབང་དུ་བྱེད་དོ། །བྱང་བཻ་ཏ་ལི་ལྗང་རྡོ་རྗེ་ཞིང་ཆུང་འཛིན། །ཨོཾ་བཛྲ་བཻ་ཏཱ་ལི་ཧཱུྃ་ཛཿ གོང་བཞིན་བཟླས་ཤིང་བཅོལ་བས་འཇིག་རྟེན་འདས་མ་འདས་ཀྱི་དངོས་གྲུབ་ཐམས་ཅད་འགྲུབ་བོ། །ཤར་ལྷོར་པུཀྐ་དམར་སེར་བྱིས་པའི་རྒྱུ་མ་འདྲེན། །ཨོཾ་བཛྲ་པུཀྐ་སི་ཧཱུྃ་ཛཿ བཟླས་ཤིང་བཅོལ་བས་གང་ཅི་ཡང་རུང་སྟེ་འཆིང་ཞིང་འདྲེན་པར་བྱེད་དོ། །ལྷོ་ནུབ་གྷསྨ་རཱི་ལྗང་རྡོ་རྗེ་དུང་ཁྲག་དཀྲུགས། །ཨོཾ་བཛྲ་གྷསྨ་རཱི་ཧཱུྃ་ཛཿ བཟླས་ཤིང་བཅོལ་བས་ཕྱག་ན་རྡོ་རྗེ་ཡང་མྱོས་པར་བྱེད་དོ། །ནུབ་བྱང་སྨེ་ཤ་ནི་མཐིང་བམ་རོའི་སྙིང་ནས་ཟ། །ཨོཾ་བཛྲ་ཀརྨ་སྨཻ་ཤ་ནི་ཧཱུྃ་ཛཿ བཟླས་བཅོལ་གྱིས་གང་བྱ་བ་ཐམས་ཅད་འགྲུབ་བོ། །བྱང་ཤར་གཏུམ་མོ་སེར་སྐྱ་བྷནྡྷ་ཞིང་དབྱུག་བསྣམས། །ཨོཾ་བཛྲ་ཙཎྚ་ལཱི་ཧཱུྃ་ཛཿཞེས་གོང་བཞིན་བཟླས་ཤིང་བཅོལ་ན་ཟ་མ་མ་ནིང་ལ་ཡང་རྒྱུད་འཕེལ་བར་ནུས་ན་གཞན་ལ་ལྟ་ཅི་སྨོས། ཀཽ་རཱི་བརྒྱད་ཀྱི་ས་བོན་ཧའོ། །འདི་ཐམས་ཅད་ཁྲོས་ན་གཅེར་བུ་སྨུག་ནག་དུར་ཁྲོད་ཀྱི་ཆས་ཅན། གཡས་ཏྲི་ཤུལ་གཡོན་རྔེའུ་ཆུང་འཛིན་པ། མེ་རི་སྨུག་ནག་འབར་བས་ཐམས་


MR25_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བསྲེག་ཅིང་ཟད་པར་བྱས་ནས་མཐར་དཔལ་ཆེན་པོའི་སྐུ་ལ་ཐིམ་པར་བསམ། དེ་བཞིན་ཕྲ་མེན་བརྒྱད་དང་། དེའི་རྒྱབ་ཏུ་བྱ་རོག་དང་ཀངྐ་སོགས་རོ་ལ་ལྡིང་བའི་དཔལ་གྱི་ཕོ་ཉ་བསྒོམ། དེ་ཐམས་ཅད་ཀྱི་སྲོག་གི་སྙིང་པོ་བསྡུ་ན། ཧཱུྃ་ཧ་ཧེ་ཕཊ་ཧཱུྃ། ཞེས་བཟླ། བྷྱོ་རཾ་ཀྱང་བཏགས་པ་ཡོད། འདི་དག་གིས་ཉུ་ལེ་དང་དམ་སྲི་སོགས་གདོན་དྲག་པོ་དག་རིག་སྔགས་ཀྱི་རྦོད་གཏོང་སོགས་གདུལ་དཀའ་ཐམས་ཅད་འདུལ་བ་སྟེ། དེ་ལྟར་ཤེས་ནས་དུས་སུ་གང་འདོད་པའི་ལས་ལ་སྦྱར་བར་བྱའོ། །སྡིག་པ་བསྲེག་པ་ལ། རང་ཉིད་དཔལ་ཆེན་པོའི་ཐུགས་ཀར་ཡ་མཐིང་ནག་ལས་ལྕགས་ཀྱི་སྡིག་པ་མགོ་དགུ་པ་ཡེ་ཤེས་ཀྱི་མེ་དཔུང་འབར་བ་བསྒོམས་ལ། ཨོཾ་ཨཱཿཧཱུྃ་བཛྲ་ཡཀྴ་ཀྲོ་ཏ་སརྦ་དུཥྚཱན་ཧ་ན་ཧ་ན་ཧཱུྃ་ཕཊ། ཞེས་བཟླ་ཞིང་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཧབ་ཧབ་ཟ་ཞིང་ཐུལ་ཐུལ་བསྲེགས་པས་ལྷག་མེད་དུ་སོང་བར་བསམ་པས་ལུས་གདོན་དང་ནད་དང་སྡིག་སྒྲིབ་ཐམས་ཅད་རྨིང་ནས་ཞི་བར་འགྱུར་རོ། །ཏིལ་སོགས་ལ་ནད་གདོན་སྡིག་སྒྲིབ་བསྟིམ་ནས་མེ་ལ་བསྲེག་སྟེ། ཨོཾ་སརྦ་པཱ་བཾ་ཀ་ད་ཧ་ན་བཛྲ་ཡཀྵ་ཛྭ་ལ་རཾ་རཾ། ཞེས་སྡིག་པ་བསྲེགས་པའི་སྔགས་འདིས་མེ་དཔུང་འབར་བའི་དབུས་ན་རྡོ་རྗེ་ཁྲོ་བོ་གནོད་སྦྱིན་ལེན་པའི་ཕྱག་རྒྱ་ཅན་ཞལ་གདང་བའི་ཁར་སྲེག་རྫས་འབུལ་ལོ། །གཞན་ཡང་མུ་སྟེགས་སོགས་ཀྱི་རིག་སྔགས་


MR25_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གནོད་པ་བྱེད་པ་བཟློག་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་གསང་བ་གསུམ་གྱི་བདག་པོས་རྡོ་རྗེ་མཚོན་ཆའི་ཏིང་འཛིན་ལ་བཞུགས་ནས་སྔགས་གསུང་བ། ཨོཾ་བཛྲ་ཛྭ་ལ་བཛྲ་ཧཱུྃ། མནྟྲ་སུཾ་བྷ་ནི་ཨོཾ་བཛྲ་ཛྭ་ལ་ཧཱུྃ། ཨོཾ་བྷྲཱུྃ་ཧཱུྃ་བྷྲཱུྃ་ཏྲཱྃ་བྷྲཱུྃ་ཧྲཱིཿབྷྲཱུྃ་ཨཱཿབྷྲཱུྃ། འདི་གསུངས་མ་ཐག་ཕྱོགས་བཅུ་ནས་མཚོན་ཆར་བབས་པས་ལག་ན་རྡོ་རྗེ་ཡང་ཁ་སྦུབ་ཏུ་བསྒྱེལ་ནས་ཁྲག་སྐྱུགས་ལ་གནོད་སྦྱིན་སོགས་བརྒྱལ་ནས་ལུས་དུམ་བུར་ཆད་པར་འགྱུར་རོ། །དེ་གསོ་ཕྱིར། ཨོཾ་བཛྲ་སཏྭ་རཱ་ཛ་ཛཿཞེས་གསུངས་ཏེ་གསོས་སོ། །སྔགས་འདི་ནི་སུས་ཀྱང་འདའ་མི་ནུས་ཏེ། བདག་དཔལ་ཆེན་པོ་ཀོ་སེང་བཀའ་ཉན་ཁྲོ་བཅུ་སོགས་ཀྱིས་བསྐོར་བ་གསལ་ལ། རས་སོགས་ལ་ཕ་རོལ་གྱི་ལྷ་ཡི་གཟུགས་བྲིས་པའམ། ཡང་ན་རྩ་གཟུགས་སྐུད་ནག་གིས་བཅིངས་ལ་བསྐུལ་ཏེ་ཕོ་ཉ་མངགས། རིག་སྔགས་ཐམས་ཅད་བཀུག་ལ་བསྟིམ། སྔགས་བཟླ་ཞིང་འཁོར་ལོ་སོགས་མཚོན་ཆས་གཏུབས། ཧོམ་དུ་མེ་སྦར་ལ་རཾ་ལས་མེ་ལྷ་བསྐྱེད་དེ་མཆོད་ཅིང་། ཚ་ཞིང་རྩུབ་ལ་གནག་པའི་ཤིང་དང་ཆང་སོགས་སྦྱར་ཏེ་བསྲེགས་ལ་ཞལ་བསྟབ་བྱས་པས་ལྷ་རྣམས་ཀྱིས་ཧ་ཧའི་སྒྲ་བཅས་ལྷག་མེད་གསོལ་བར་བསམས་ལ། གླུ་གར་གྱིས་མཆོད། མཐར་ལྷ་རྣམས་རང་ལ་བསྟིམ། དེས་རང་སྲུང་ཞིང་གཞན་འཇོམས་པར་འགྱུར་རོ་ཞེས་ཐབས་ཞགས་ལས་གསུངས་བའི་མན་ངག་ཁྱད་


MR25_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཅན་ཏེ་གུ་ཧྱ་ཨྠྀི།། ༈ །།དེ་ལྟར་ཚོགས་ཀྱི་དལ་དུ་སྤྱན་འདྲེན་པ། ཨོཾ་ཨེ་ཨ་རལླི་ཧོཿ ཧྲིཾ་ཧྲིཾ་ཧྲིཾ་ཧྲིཾཿ ཞེས་དང་། བསྐུལ་བའི་དོན་དུ། ལྷ་མོ་བློ་ལྡན་ཚོགས་ཀྱི་བདག །ཧེ་རུ་རུ་དཔལ་ལ་ཕྱག་འཚལ་ལོ། །སློབ་དཔོན་ལ་ནི་བརྙས་བྱེད་དང་། །རྣལ་འབྱོར་བར་དུ་གཅོད་པ་དང་། །དམ་ཚིག་གཉན་པོ་འདྲལ་བ་དང་། །རྡོ་རྗེའི་སྤུན་ལ་འཁུ་བྱེད་རྣམས། །ཁྱོད་ཀྱིས་རྡུལ་དུ་བརླག་ནས་ནི། །གནོད་སེམས་མ་ལུས་གཏན་ནས་ཕྱུངས། །ཞེས་བྱའོ། །བསྟོད་པ་ནི། ཨེ་མའོ་ཆོས་ཀྱི་དོན་བྱུང་བ། །ཆོས་རྣམས་དག་པ་བདག་མེད་པ། །ནམ་མཁའ་དང་ནི་མཉམ་པའི་གནས། །རྡོ་རྗེ་རྒྱལ་པོར་ཕྱག་འཚལ་ལོ། །ཞེས་སོ། །བསྟབ་པ་ནི། འབྱུང་པོའི་ཤ་ནི་ཤིན་ཏུ་ཞིམ། །འབྱུང་པོའི་ཁྲག་ནི་ཤིན་ཏུ་ཞིམ། །འབྱུང་པོའི་རུས་པ་ཞིམ་པ་སྟེ། །གསོལ་ཏེ་ཐམས་ཅད་དགྱེས་པར་མཛོད། །ཅེས་བྱའོ། །གཞན་ཡང་བསྐལ་པ་མེ་ལྟར་སོགས་ཀྱི་བསྟོད་པ་དང་རྡོ་རྗེའི་གླུ་གར་བྱའོ། །ལས་ཟབ་མོ་ཞིག་དགོས་པའི་དབང་གིས་འཕྲོས་སུ་སྤེལ་བའོ། །དཔལ་གྱི་བཀའ་སྡོད་ཐམས་ཅད་ཁྲོམ་ཚོགས་པ་བཞིན་མདུན་དུ་བསྐྱེད་ལ། ཨོཾ་བཛྲ་ཙཎྚ་སརྦ་དུཥྚཾ་ཨེ་ཛ་བྷྱོཿ ཞེས་བཟླས་པས་གྲུབ་བོ། །ཧཱུྃ། མགོན་པོ་མཐིང་ནག་བིང་ཆེན་ཐོད་ཁྲག་ཐོགས། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ཏ་ཧཱུྃ་ཕཊ། མཾ། ལྷ་མོ་ནག་མོ་རལ་གྲི་


MR25_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་ཁྲག་འཛིན། །ཨོཾ་རུ་རུ་རོ་རུ་ཏཱིཀྵ་བ་དྷྭ་སི་སྭཱ་ཧཱ། ཏྲི། རྡོར་ལེགས་དམར་སྨུག་རྡོ་རྗེ་ཙིཏྟ་བསྣམས། །ཨོཾ་བཛྲ་སཱ་དྷུ་ས་མ་ཡ་རཱ་ཙ་ཧྲི་ཛཿ གློ་བུར་ཡེ་འདྲོག་སུམ་བརྒྱ་དྲུག་ཅུའི་བདག་པོ་དགྲ་བླ་ཆེན་པོ་དམ་ཅན་རྡོ་རྗེ་ལེགས་པའི་སྔགས་སོ། །རཱཾ། སྒྲ་གཅན་དུད་ཁ་མདའ་གཞུ་འཛིན་པའོ། །ཨོཾ་རཱ་ཧུ་ལ་ཛ་བ་ཏི་ཧཱུྃ། ཡང་ན། རཱ་ཧུ་ལ་མ་ཏྲིག་ཛ་ཛཿ གཾ ལྷ་ཆེན་ཚོགས་བདག་དཀར་པོ་གླང་པོའི་གདོག ། དགྲ་སྟྭ་དང་ནི་ལ་ཕུག་བསྣམས་པའོ། །ཨོཾ་གུ་མ་ག་ཎ་པ་ཏི་སྭཱ་ཧཱ། མཾ། མ་མོ་སྲིད་རྒྱལ་དཀར་མོ་འཁོར་ལོ་མེ་ལོང་བསྣམས། ཨོཾ་ཨེ་ཀ་ཛ་རཱ་ཛ་དུ་ས་མ་ཡ་རུ་རུ་ནཾ་བྷྱོཿ སྲིད་པའི་རྒྱལ་མོ་ཛ་དུར་གྱི་སྔགས་སོ། །དུ། བདུད་པོ་ནག་པོ་བམ་ཤིང་བདུད་ཞགས་བསྣམས། །ཨོཾ་མ་ར་ན་རུ་ཏྲ་ཏྲང་ཀཱ་ལ་བྷྱོ། ཡ་བདུད་ཀུན་གྱི་གཙོ་བོ་ནག་པོ་མེའི་ཁ་རླངས་ཅན་གྱི་སྔགས་སོ། །ཡ། གཤིན་རྗེ་མཐིང་ནག་བེ་ཅོན་འཁོར་ལོ་བསྣམས། །ཡ་མ་རཱ་ཙ་ས་མ་ཡ་ཛཿ ཏྲག །རལ་གཅིག་སྨུག་ནག་ཙིཏྟ་གཡུ་སྦྱང་བསྣམས། །ཏྲག་རཀྴ་ཁ་མུ་ཏྲ་ཛཿ ཤུ། བཙན་རྗེ་དམར་པོ་མདུང་དམར་ཟངས་ཞགས་བསྣམས། །ཤུ་ལ་རཱ་ཙ་ཏྲི་ནི་ཏྲཾ་ཡཾ་ཤ་ཛཿ ཀྵ། གནོད་སྦྱིན་མཐིང་ནག་རིན་ཆེན་རལ་གྲི་བསྣམས། །ཧྲི་བཛྲ་ཡཀྵ་བཛྲ་ཇི་ཏ་ཧྲིང་ཛཿ ཕུཿ ཀླུ་རྒྱལ་སྔོན་པོ་བུམ་པ་རུས་སྦལ་འཛིན། །ནཱ་ག་རཱ་ཙ་ས་མ་ཡ་ཕུ་ཛཿ ཙ། རྒྱལ་པོ་ལི་བྱིན་དཀར་པོ་ཤེལ་གྲི་དར་དཀར་བསྣམས།


MR25_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བི་ཧ་ར་རཱ་ཙ་ཧྲིཾ་ཧྲིཾ་ཛཿ སྲོག་བདག་རྒྱལ་པོ་ལི་བྱིན་ཧ་རའི་སྔགས་སོ། །ཡང་ན། ཏྲི་དུ་རུ་ཧྲི་དུ་རུ་དུ་རུ་ཧ་ར་ཏི་ཛཿ ཞེས་སོ། །སྡེ་བརྒྱད་སྤྱི་སྔགས་ནི། སརྦ་དུ་ཏྲི་ཧྲིཾ་ཧྲིཾ་ཛཿ ཡང་ན། བཛྲ་སརྦ་དུཥྚཾ་ཨེ་ཛ་ཛ་ཧྲིང་ཧྲིང་། ཡང་ན། ཨ་ཡ་མ་དུ་རུ་ཙ་ཤ་ན་ཛ་ཛཿཞེས་པ་འདི་དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཀྱི་སྔགས་སོ། །དེ་ལྟར་གོང་གི་སྔགས་འདི་དག་ཡོད་སར་སྡེ་བརྒྱད་ཀྱིས་འཁུ་མི་ནུས་ཤིང་བཀའ་བཞིན་བྱེད་ན་བཟླས་པས་ལྟ་ཅི་སྨོས་སོ། །ཁྲོཾ། རྡོ་རྗེའི་ཁྱུང་ཆེན་སྦྲུལ་ཟ་འདབ་གཤོག་བགྲད། །ཨོཾ་ག་རུ་ཊ་ཧཱུྃ་ཕཊ། མཁའ་ལྡིང་གི་སྔགས་སོ། །ཡང་ན། ཨོཾ་པཀྵིཾ་སྭཱ་ཧཱ། ཞེས་སོ། །ཚངས་པ་སེར་པོ་འཁོར་ལོ། །དབང་ཕྱུག་དམར་པོ་ཏྲི་ཤུལ། ཁྱབ་འཇུག་སྔོན་པོ་མདུང་ཐུང་འཛིན་པའི་འཁོར་དུ་འཇིག་རྟེན་པའི་ལྷ་ཆེན་པོ་ཀུན་གྱིས་བསྐོར་བར་དམིགས་ལ། ཨོཾ་བྷཱུ་རྦྷུ་བ་སྭཱཿསྭ་སྟི་ན་མ་སྭཱ་ཧཱ། ཚངས་པ་དྲག་པོ་ཁྱབ་འཇུག་སོགས་འཇིག་རྟེན་གསུམ་གྱི་དབང་ཕྱུག་ལྷ་ཆེན་པོ་རྣམས་ཀྱི་སྙིང་པོ་འདི་ཉེར་གཅིག་བཟླས་པས་འཁོར་བཅས་འོང་བར་འགྱུར་ལ། དེར་གཏོར་མ་བྱིན་པས་འགྲུབ་བོ་ཞེས་རྒྱུད་ལས་གསུངས་ཏེ། འདི་བཟླས་པས་བཀྲ་ཤིས་པར་བྱེད་དོ། །ཞེས་འདི་རྣམས་ཟབ་པའི་སྒྲུབ་ཐབས་འཇམ་དཔལ་དགྱེས་པས་སྤེལ་བ་དགེ་ལེགས་འཕེལ། ༈ །རྡོ་རྗེ་འཇིགས་བྱེད་སྒྲུབ་པའི་ཐབས། །བདུད་ལས་རྣམ་པར་


MR25_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་བཞུགས། །རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཁྲོ་བོའི་རྒྱལ་པོ་ལ་བཏུད་ནས། །གང་དེ་སྒྲུབ་པའི་རིམ་པ་དག །རྒྱུད་ལས་གསུང་བཞིན་བཤད་པར་བྱ། །དབང་ཐོབ་དམ་ལྡན་རྣལ་འབྱོར་པས། །བདེ་བའི་སྟན་ལ་ལྷོ་ཕྱོགས་སུ། །ཁ་བལྟས་སྐྱབས་སེམས་རྡོར་སེམས་སྒོམ་བཟླས་ཀྱང་། སྔོན་བཏང་སྟེ། རང་ཉིད་སྐད་ཅིག་གཤིན་རྗེའི་གཤེད། །མཐིང་ནག་མ་ཧེའི་ཞལ་ཅན་ནི། །གྲི་ཐོད་འཛིན་པར་གསལ་བ་ཡི། །ཐུགས་ཀའི་ཉི་མར་ཧཱུྃ་མཐིང་ལས། །འོད་འཕྲོས་བླ་མ་མི་བསྐྱོད་པས། །དབུར་བརྒྱན་རྡོ་རྗེ་འཇིགས་བྱེད་ལ། །སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས། །བསྐོར་བ་མདུན་མཁར་སྤྱན་དྲངས་ནས། །ན་མོ་གུ་རུ་བྷྱཿ ན་མཿཤྲཱི་བཛྲ་བྷཻ་ར་ཝེ་མཎྜལ་བྷྱཿ ཞེས་བླ་མ་དང་ལྷ་ལ་ཕྱག་འཚལ་ནས། ཨོཾ་བཛྲ་ལཱ་སྱེ་ཧཱུྃཿ ཨོཾ་བཛྲ་མཱ་ལེ་ཏྲཱཾཿ ཨོཾ་བཛྲ་གཱི་རྟཱི་ཧྲཱིཿ ཨོཾ་བཛྲ་ནཱི་རྟཱི་ཨཱཿ ཨོཾ་བཛྲ་དྷཱུ་པེ་ཧཱུྃཿ ཨོཾ་བཛྲ་པུཥྤེ་ཏྲཱཾ། ཨོཾ་བཛྲ་དཱི་པེ་ཧྲཱིཿ ཨོཾ་བཛྲ་གནྡྷེ་ཨཱཿ སྒེག་ཕྲེང་གླུ་གར་བདུག་སྤོས་དང་། །མེ་ཏོག་མར་མེ་དྲི་ཆབ་མ། །དཀར་སེར་དམར་ལྗང་ཚན་གཉིས་ཀྱི། །ལྷ་མོ་དཔག་ཏུ་མེད་པས་མཆོད། །སླར་ཡང་དཔལ་ཆེན་ཐུགས་ལ་བསྟིམ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་རྒྱུན་བཤགས་ལན་གསུམ། སྲས་བཅས་སངས་རྒྱས་ཐམས་ཅད་དང་། ཞེས་སོགས་སྡོམ་བཟུང་ལན་གསུམ་ཞིང་དག་པ་ལ་བརྟེན་ཚོགས་བསགས་


MR25_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །བྱ། དེ་ནས་ལྷ་རྣམས་ཀྱིས་རིགས་ཀྱི་བུ་ཁྱོད་དངོས་གྲུབ་མཆོག་གི་སྐལ་བ་དང་ལྡན་པས་ལམ་རིམ་གཉིས་བསྒོམ་ཞེས་གནང་བ་བྱིན་ནས། ཚོགས་ཞིང་རང་གནས་སུ་གཤེགས་པའམ་མི་དམིགས་པར་བསམ་མོ། །བྱམས་སོགས་ཚད་མེད་ཞིང་མ་དག་པ་ལ། བཞི་བསྒོམ་པ་འདི་རྣམས་བསོད་ནམས་ཚོགས་བསག་གོ། དེ་ནས་ཡེ་ཤེས་ཚོགས་བསགས་པ། །ཤཱུནྱ་ཏ་ཡིས་མི་དམིགས་བསྒོམ། །སྟོང་པའི་ངང་ལས་པི་ཡིག་ལས། །པདྨ་འདབ་མ་བརྒྱད་པའི་དབུས། །སྔོན་གྱི་སྨོན་ལམ་ལས་བྱུང་བ། །རཾ་ལས་ཉི་དཀྱིལ་སྟེང་དུ་ནི། །ཧཱུྃ་ལས་སྣ་ཚོགས་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་ལྟེ་བ་མཐིང་ག་རྡོ་རྗེ་ཉིད། །ཧཱུྃ་གིས་མཚན་ཚོགས་གཉིས་ཟུང་འཇུག་གི་རང་འབྲས་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྒོམ་པ་ལ། པའི་འོད་ཟེར་གྱིས། །སྲ་བརྟན་རྡོ་རྗེའི་གུར་ཁང་གི། ཕྱི་རོལ་ཡེ་ཤེས་མེ་དཔུང་འབར། །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊཿ ལན་གསུམ་བརྗོད་ལ་བྱིན་གྱིས་བརླབས། །སྲུང་བའི་འཁོར་ལོ་དེ་ཡི་དབུས། །ཨེ་ལས་ཆོས་ཀུན་བཟང་ཞུ་བའི་འབྱུང་མཐིང་ནག་འབར། །ཡངས་ཤིང་རྒྱ་ཆེ་དེའི་དབུས་སུ། །ཡྃ་ལས་ང་དཀྱིལ་ལྗང་སྔོན་ནི། །སྲ་བརྟན་གཞི་ལ་ཁྲག་ཞག་གི། རྒྱ་མཚོ་རྦ་ཀློང་འཁྲུགས་པའི་དཀྱིལ། །ཐོད་སྐམ་ར་བ་ཟླུམ་པོ་ནི། །སྒོ་གཅིག་དང་ལྡན་དེ་ཡི་སྟེང་། །ཀེང་རུས་ཀྱིས་ཕུབ་རྣམ་སྣང་ཞུ་བའི་གཞལ་མེད་ཁང་། །ཞི་བའི་རིན་ཆེན་གཞལ་ཡས་ཁང་ཕྱི་རོལ་དུ་ཡོད་ན་ནང་ནས་ཕར་ནག་ལྗང་དམར་སེར་དཀར་བའི་རྩིགས་པ་ལྔ་ཅན་


MR25_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསུངས། རྭ་ལོའི་བཅུ་གསུམ་མར་རིན་ཆེན་གཞལ་ཡས་ཁང་སྤྱི་ལྟར་མཛད་འདུག །གཡང་གཞིའི་བློ་ར་རྒྱུ་རློན་གྱི། །ལྔ་ལྡི་རུས་ཕྲེང་སོགས་ཀྱིས་བརྒྱན། །དེ་ཡི་ཕྱི་རོལ་དུར་ཁྲོད་བརྒྱད། །ཕྱོགས་སྐྱོང་ཞིང་སྐྱོང་ཤིང་དང་སྤྲིན། །མེ་ཆུ་མཆོད་རྟེན་ཀླུ་དང་བཅས། །གྲུབ་པ་དཔའ་བོ་རྣལ་འབྱོར་མ། །འདྲེ་སྲིན་མཁའ་འགྲོ་མཁའ་འགྲོ་མ། །རོ་དང་རོ་ལངས་ཤ་ཟ་དང་། །འབྱུང་པོས་ཡོངས་སུ་གང་བས་བསྐོར། །ཕོ་བྲང་དབུས་སུ་བྃ་ཡིག་ལས། །པདྨ་འདབ་མ་སྟོང་ལྡན་དབུས། །ཨ་ལས་ཟླ་བའི་དཀྱིལ་འཁོར་སྟེང་། །རང་སེམས་དྷཱིཿཡིག་ཉི་མའི་མདངས། །ཚད་མེད་འོད་ཟེར་རབ་འཕྲོས་པས། །སེམས་ཅན་དོན་བྱས་སླར་འདུས་ཏེ། །ཡོངས་གྱུར་བདག་ཉིད་འཇམ་པའི་དབྱངས། །གསེར་མདོག་ཞལ་གཅིག་ཕྱག་གཉིས་པ། །བསྒྱིང་བཅས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །ཕྱག་གཡས་འབར་བའི་རལ་གྲི་དང་། །ཕྱག་གཡོན་ཨུཏྤལ་ལར་གནས་པའི། །ཤེས་རབ་ཕར་ཕྱིན་པུ་སྟི་འཛིན། །ཟུར་ཕུད་ལྔ་ལྡན་རིན་ཆེན་དང་། །སྣ་ཚོགས་དར་གྱི་ན་བཟས་བཀླུབས། །ཞི་འཛུམ་སྒེག་པའི་ཉམས་དང་ལྡན། །དཔག་མེད་འོད་ཟེར་འཕྲོ་བ་ཡི། །མེ་ལོང་ལྟ་བུའི་ཡེ་ཤེས་མངོན་བྱང་དང་པོ་རྒྱུ་རྡོ་རྗེ་འཛིན་པ། ཐུགས་ཀར་ཉི་སྟེང་ཧཱུྃ་ལས་འོད། །ཕྱོགས་བཅུར་འཕྲོས་པས་སངས་རྒྱས་དང་། །བྱང་སེམས་རྣམས་ཀྱི་ཐུགས་ཀར་ཕོག །དེ་རྣམས་ཐུགས་ལས་གཤིན་རྗེའི་གཤེད། །དཔག་ཏུ་མེད་པ་


MR25_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ན་དྲངས་ནས། །བདག་ལ་ཐིམ་ཞིང་ཡོངས་གྱུར་པས། །འོད་ཆེན་འབར་བའི་ཕུང་པོར་མཉམ་ཉིད་མངོན་བྱང་གཉིས་པ། གྱུར། །དེ་ལས་སླར་ཡང་འོད་ཟེར་འཕྲོས། །སྲས་བཅས་རྒྱལ་བའི་ཐུགས་ཀ་ནས། །དབྱངས་གསལ་རྩ་སྔགས་སྙིང་པོ་དང་། །ཉེ་སྙིང་རང་སྒྲ་འབྲུག་སྒྲ་ལྟར། །སྒྲོགས་པ་དཔག་མེད་བཀུག་བསྟིམས་པས། །ཧཱུྃ་ཡིག་མཐིང་ག་ཆེན་པོར་གྱུར། །སོར་རྟོག་མངོན་བྱང་གསུམ་པ། དེ་ལས་འོད་ཟེར་དཔག་མེད་འཕྲོས། །སྲས་བཅས་རྒྱལ་བའི་ཐུགས་ཀ་ནས། །རྡོ་རྗེ་ཐོད་པ་གྲི་གུག་སོགས། །ཕྱག་མཚན་དཔག་མེད་བཀུག་ནས་སུ། །བསྟིམས་པས་རྡོ་རྗེ་ནག་པོ་ནི། །རྩེ་ལྔ་གདེངས་བ་ཧཱུྃ་མཚན་གྱུར། །བྱ་གྲུབ་མངོན་བྱང་བཞི་པ། དེ་ལས་འོད་ཟེར་དཔག་མེད་ཀྱིས། །མཁའ་ཁྱབ་སྣོད་རྣམས་གཞལ་ཡས་ཁང་། །བཅུད་རྣམས་གཤིན་རྗེའི་ཁྲོ་ཚོགས་བྱས། །སླར་འདུས་ཡོངས་སུ་གྱུར་པ་ལས། །བདག་ཉིད་ཁྲོ་བོའི་རྒྱལ་པོ་ཆེ། །རྡོ་རྗེ་འཇིགས་བྱེད་དུ་གྱུར་པ། །ཆོས་དབྱིངས་མངོན་བྱང་ལྔ་པའོ། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །གཅིག་ཏུ་བསྡུས་པ་འཇམ་པའི་དབྱངས། །ཐུགས་རྗེས་གདུག་པ་འདུལ་བའི་ཕྱིར། །ཁྲོ་བོར་གྱུར་པ་གཤིན་རྗེའི་གཤེད། །ཞལ་དགུ་སུམ་ཅུ་རྩ་བཞིའི་ཕྱག །བཅུ་དྲུག་ཞབས་ཀྱི་གཡས་རྣམས་བསྐུམ། །གཡོན་བརྐྱང་རྣམ་པར་བསྒྱིང་པས་བཞུགས། །རྩ་ཞལ་མ་ཧེ་ཁྲོས་པའི་གདོང་། །ཧཱུྃ་དང་ཕཊ་ཀྱི་སྒྲ་སྒྲོག་པ། །སྟེང་


MR25_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་དམར་པོ་རྒྱ་ཆེར་བཞད། །དེ་སྟེང་འཇམ་དཔལ་གཞོན་ནུའི་ཞལ། །གསེར་གྱི་མདོག་ཅན་ཤིན་ཏུ་འཛུམ། །སྤྱན་གསུམ་ཅན། གཡས་པའི་རྭ་ཡི་ཕྱོགས་རྭ་ལུགས་བརྩེགས་ཞལ་ཡིན་ཅེས་གསུངས། འཁོར་ཞལ་བྱེད་ན་དེ་ལྟར་ཆོག །དགེ་ལུགས་ཀྱིས་འཁོར་ཞལ་བྱེད། ཀྱི་ཞལ། །དང་པོ་སྔོན་པོ་མཆེ་བ་གཙིགས། །གཉིས་པ་དམར་པོ་ལྗགས་འདྲིལ་ཞིང་། །གསུམ་པ་སེར་པོ་ཁྲོ་གཉེར་ཅན། །གཡོན་པའི་རྭ་ཡི་ཕྱོགས་ཀྱི་ཞལ། །དང་པོ་དཀར་པོས་རྨོངས་པར་བྱེད། །གཉིས་པ་དུད་ཁས་རེངས་པར་བྱེད། །གསུམ་པ་ནག་པོས་གསོད་པར་བྱེད། །ཁྲོ་ཞལ་ཐམས་ཅད་སྤྱན་གསུམ་ལྡན། །མདུན་ནས་རྒྱབ་ཏུ་དཔུང་པ་ལག་མགོ་བར། གཡས་པའི་ཕྱག་རྣམས་རིམ་པ་བཞིན། །མདུན་ནས་བི་ཏི་བལ་ཞེས་སྨད་རྡོ་རྗེ་རྩེ་གཅིག་རྣམ་པ་རྨ་བྱའི་སྒྲོ་བརྒྱད་པའི་མཚོན་རྩེ་གཅིག་ཡང་ཟེར། གྲི་གུག་འཕང་མདུང་གཏུན་ཤིང་དང་། །འཇང་མོ་སྐེད་ཉག་ཆུ་གྲི་གྱོང་ཟེའི་གློག་གྲི་ལྟག་དགྱེ་རྡོ་རྗེ་རྩེ་གཅིག་པ། །ཡར་མར་དབུས་ར་ཁོན། དགྲ་སཏྭ་ཁ་ཆེ་ཞིང་ལུ་བའི་མཚམས་སུ་རྡོ་རྗེ་ཕྱེད་པ་ཡིན་མདའ་མདུང་ལྕགས་ཀྱུ་དང་། །དབྱུག་པ་ཁ་ཊྭཱྃ་འཁོར་ལོ་དང་། །རྡོ་རྗེ་རྩེ་ལྔ་ཐོ་པ་དང་། །རལ་གྲི་རྔེའུ་ཆུང་ཅང་ཏེའུ་རིམ་བཞིན་འཛིན། །གཡོན་པ་རྣམས་ཀྱིས་རིམ་བཞིན་དུ། །ཁྲག་གིས་གང་བའི་ཐོད་པ་དང་། །མགོ་ཕུབ་རྐང་པ་ཞགས་པ་གཞུ། །མཆོག་མ་ནས་འཛིན། རྒྱུ་མ་དྲིལ་བུ་ལག་པ་དང་། །རོ་རས་མི་འཕན་རྩེ་གསུམ། སྐྱེས་བུ་གསལ་ཤིང་གིས་ཕུག །མེ་ཐབ་གྲུ་གསུམ་འབར་བ། ཐོད་ཚལ་སྡིགས་མཛུབ་དང་། །དུར་ཁྲོད་རས་ཀྱི་འཕན་རྩེ་གསུམ་པ་བཟོས་པོ་ང་ལ་ཕྱར་བའི་


MR25_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན། །ཐ་མ་ཡི་ནི་ཕྱག་གཉིས་ཀྱིས། །གླང་མགོ་གཡས་མཇུག་གཡོན་འཕྲེད་ལ་གསོལ། ཆེན་ཀོ་རློན་གོས་སུ་གྱོན། །མདུན་ནས་རྒྱབ་ཏུ། ཞབས་གཡས་རྣམས་ཀྱིས་རིམ་བཞིན་དུ། །མི་དང་མ་ཧེ་གླང་བོང་བུ། །རྔ་མོ་ཁྱི་ལུག་ཅེ་སྤྱང་མནན། །གཡོན་རྣམས་རིམ་བཞིན་བྱ་རྒོྶད་དང་། །འུག་པ་ཁྲ་དང་བྱ་རོག་དང་། །ནེ་ཙོ་ཁྱུང་ཆེན་རི་སྐེག་སྐྱ་ག་བྲ་མོའམ་རྒྱ་བྱ་ལ་བཞེད་ཡོད་གསུངས། བཞད། །བྱ་དཀར་ཁྲུང་ཁྲུང་འདྲ། མནན་ཁ་གཡོན་བསྟན། ཅིང་ཞབས་རྣམས་ཐམས་དེ་རྣམས་ཁ་གཡས་ཕྱོགས་བསྟན། མདུན་དང་རྒྱབ་ནས། ཅད་ཀྱིས། །དེའི་འོག་ཏུ། ཕུང་བདུད་དཀར་པོ། ཚངས་པ་སེར་པོ། དབང་ལྷའི་བདུད་སེར་པོ། པོ་དཀར་པོ། ཉེ་དབང་འཆི་བདག་བདུད་ནག་པོ། སྔོན་པོ། དང་། །དྲག་དབང་ཕྱུག་ཉོན་བདུད་དམར་མོ། པོ་ནག་པོ། གཞོན་ནུ་ལྗང་གུ། གདོང་དྲུག་རྣམས། །བསྒྱེལ་ནས་ཁ་སྦུབ་ཉིད་དུ་མནན། །ཚངས་དབང་གཡས་ཞབས་གནོད་ན། ཉེ་དབང་དྲག་པོ་གཉིས་གཡོན་ཞབས་མནན། གཡས་བརྒྱད་ཞབས་གནོན་ནད་བརྒྱད་འཇོམས། གཡོན་བརྒྱད་ཀྱིས་གདོན་བརྒྱད་འཇོམས། མི་མགོ་ཕུང་བདུད་དཀར་པོ། ཐམས་ཅད་མི་གཟུགས། སྐམ་པོ་ལྔ་ལྔ་ཡིས། །ཁྲོ་ཞལ་རྣམས་ཀྱིས་དབུ་ལ་བརྒྱན། །མི་མགོ་ཁྲག་འཛག་ལྔ་བཅུ་དང་། །སྦྲུལ་ནག་ཆུན་པོས་དོ་ཤལ་བྱས། །དབུ་སྐྲ་སེར་པོ་གྱེན་དུ་འབར། །སྤྱན་རྩ་དམར་པོ་གློག་ལྟར་འཁྱུགས། །རུས་རྒྱན་དྲུག་གིས་སྐུ་ལ་བརྒྱན། །མགྲིན་པར་རུས་པའི་དྲ་མིག་བཅུ་དྲུག་པ། རྒྱབ་ཏུ་རྐུན་མའི་སྐྲའི་ཚངས་སྐུད་སྐེད་རྒྱན་དྲ་མིག་རེ་བཞི་པ། ཐལ་ཆེན་སྐྱེས་བུ་གསོན་བསྲེགས་ཀྱི་ཐལ་བ་སོར་མོ་ལྔ་རིས། མཆོག་གི་ཚོམ་བུ་དང་། །ཁྲག་ཞགས་རང་བྱུང་ཡིན་


MR25_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

བར་གསུངས། དམར་པོའི་ཐིག་ལེ་དང་། །ཞག་ཆེན་ཟོ་རིས་གྲི་གུག་རི་མོ་འདྲ་བ། རྣམས་ཀྱིས་མཚན། །ལིངྒ་དམར་པོ་གྱེན་དུ་ལངས། །སྐུ་ལས་སྤྲུལ་པའི་ཕོ་ཉ་འཕྲོ། །སྒེག་པ་དཔའ་བ་མི་སྡུག་པ། །དགོད་པ་དྲག་ཤུལ་འཇིགས་སུ་རུང་། །སྙིང་རྗེ་རྔམ་དང་ཞི་བ་ཡི། །གར་དགུའི་རོ་དང་ལྡན་པ་ཡིས། །ཡེ་ཤེས་མེ་དཔུང་དབུས་ན་བཞུགས། །དེ་ལྟར་གསལ་བའི་དཔྲལ་མགྲིན་སྙིང་། །ཨོཾ་དཀར་ཨཱཿདམར་ཧཱུྃ་སྔོན་གསལ། །མིག་ནི་ས་ཡི་སྙིང་པོ་དང་། །རྣ་བར་ཕྱག་རྡོར་དེ་དེ་ཡིན་པར་མོས་པས་ཆོག སྣ་ནམ་སྙིང་། །ལྕེ་ནི་འཇིག་རྟེན་དབང་ཕྱུག་སྟེ། །ལུས་ནི་སྒྲིབ་པ་རྣམ་པར་སེལ། །ཡིད་ནི་ཀུན་ཏུ་བཟང་པོ་ཞེས། །ལྷག་པར་མོས་པ་ཉིད་དུ་བྱ། །ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། །རང་བཞིན་གནས་ནས་འཇིགས་བྱེད་ལ། །སངས་རྒྱས་བྱང་ཆུབ་སེམས་དཔའ་བརྒྱད། དང་། །ཁྲོ་བོ་ཁྲོ་བཅུ། ཁྲོ་མོའི་ཚོགས་ཀྱིས་ནི། །ཡོངས་སུ་བསྐོར་བ་སྤྱན་དྲངས་གྱུར། །རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བཅས། །ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱ་ན་བཛྲ་བྷཻ་ར་ཝ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་རིགས་ལྔ། ཧོཿ ཞེས་བརྗོད་མདུན་དུ་བྱོན་པ་ལ། །སྔར་ལྟར་ལྷ་མོ་བརྒྱད་ཀྱིས་མཆོད། །བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཆེན་པོ་རྣམས། །ཐུགས་རྗེའི་རང་བཞིན་ཅན་རྣམས་ཀྱིས། །ཁྱེད་ཀྱིས་བདག་ལ་དབང་བསྐུར་སྩོལ། །ཞེས་པས་གསོལ་བ་བཏབ་བྱས་པས། །དེ་བཞིན་གཤེགས་པ་དབང་


MR25_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་ལྷ། འཇིགས་བྱེད་ཞལ་ཕྱག་རྒྱས་བསྡུས་ཅི་རིགས་པ་རིགས་ལྔ་དང་ཙ་རྩི་ཀ་དཀར་མོ། ཕག་མོ་སེར་མོ། དབྱངས་ཅན་མ་དཀར་མོ། གཽ་རི་ལྗང་སྔོན་ཏེ་ཡུམ་བཞི་དང་། ཐམས་ཅད་ཀྱིས། །ཡེ་ཤེས་བདུད་རྩིའི་བུམ་པ་ཡིས། །སྤྱི་བོའི་ཡབ་རྣམས་ཀྱིས་དགོངས་པ་མཛད། ཡུམ་བཞིས་རིན་ཆེན་བུམ་པའི་ཆུས་དབང་བསྐུར། གཙུག་ནས་ཁྲུས་བྱས་ཏེ། །བྱང་སེམས་རྣམས་ཀྱིས་བཀྲ་ཤིས་བརྗོད། །ཁྲོ་བོ་ཁྲོ་མོས་བགེགས་བསྐྲད་ཅིང་། །ཀུན་གྱིས་ཁྲོ་བོའི་ཕྱག་མཚན་དང་། །རྒྱན་ཆས་རྣམས་ཀྱིས་མངའ་གསོལ་མཛད། །གཙུག་ནས་ཁྲུས་བྱས་ཏེ། །བྱང་སེམས་རྣམས་ཀྱིས་བཀྲ་ཤིས་བརྗོད། །ཁྲོ་བོ་ཁྲོ་མོས་བགེགས་བསྐྲད་ཅིང་། །ཀུན་གྱིས་ཁྲོ་བོའི་ཕྱག་མཚན་དང་། །རྒྱན་ཆས་རྣམས་ཀྱིས་མངའ་གསོལ་མཛད། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ཨོཾ་བཛྲ་ཨུ་ད་ཀ་ཨབྷི་ཥཱིཉྩ་སུ་ར་ཏི་ས་མ་ཡ་སཏྭཾ། ཞེས་གསུངས་དབང་བསྐུར་བདུད་རྩིའི་ཆུ། །སྤྱི་བོའི་གཙུག་ནས་ཞུགས་པ་ཡིས། །ལུས་གང་དྲི་མ་ཐམས་ཅད་དག །དབང་བཞི་ཐོབ་ཅིང་ཁྱད་པར་དུ། །འཇམ་དཔལ་ཁྲོ་བོའི་ཕྲིན་ལས་དང་། །མཐུ་སྟོབས་མཆོག་ལ་དབང་པར་བྱས། །ཆུ་ཡི་ལྷག་མ་ཡར་ལུད་པས། །མི་བསྐྱོད་པ་ཡིས་དབུར་བརྒྱན་བསམ། །རང་གི་ཐུགས་ལས་ལྕགས་ཀྱུ་སོགས། །སྤྲོས་པས་ཡེ་ཤེས་ལྷ་ཡི་ཚོགས། །


MR25_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བཀུག་ཅིང་ཉེ་བར་བྱོན་པ་དང་། །བསྟིམ་ཞིང་མཉེས་བཞིན་བཞུགས་པར་བསམ། །ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ བཀུག །ཨོཾ་བཛྲ་པཱ་ཤ་ཧཱུྃ། ཉེ་བར་བྱོན། ཨོཾ་བཛྲ་སྥོཊ་བཾ། རང་ལ་བསྟིམ། ཨོཾ་བཛྲ་གཎྚེ་ཧོཿ དེ་ཐམས་ཅད་རང་ལ་མཉེས་བཞིན་བཞུགས་པར་བསམ། དེ་ནས་རང་གི་སྙིང་ནང་དུ། །ཟླ་སྟེང་རྒྱུ་ཡི་རྡོ་རྗེ་འཛིན། །ལྕགས་ཀྱུ་དཀར་མོས་ཐུགས་ཀར་རེག །ཞགས་པ་སེར་མོས་མགྲིན་པར་རེག །ལྕགས་སྒྲོག་དམར་མོས་ཞབས་ནས་རེག །དྲིལ་བུ་ལྗང་གུ་དྲིལ་བུའི་སྒྲས་མཉེས། ཕྱག་གཡོན་དཀུར་བརྟེན། གཡས་ལྕགས་ཀྱུ་སོགས་དང་། ལྕགས་སྒྲོག་མས་ཕྱག་གཉིས་ཀྱིས་ལྕགས་སྒྲོག་འཛིན་པ། ལྟ་བུའི་ཡེ་ཤེས་སེམས་དཔའ་ཡི། །ཐུགས་ཀར་རྡོ་རྗེ་རྩེ་ལྔ་པ། །ནག་པོའི་ལྟེ་བར་ཏིང་འཛིན་སེམས། །ཧཱུྃ་ཡིག་མཐིང་ནག་འབར་བར་བསམ། །དམ་ཚིག་ཕྱག་རྒྱ་གནས་གསུམ་གཏུག །ཧྲི་ཥྚཱིཿ བརྗོད་པས་བྱིན་གྱིས་བརླབ། །བདུད་རྩི་བྱིན་རླབས་ལྕེར་མྱང་བས། །ལུས་ནང་བདེ་ཆེན་སྐྱེས་པར་བསམ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་བཛྲ་སྭ་བྷཱ་བ་ཨཏྨ་ཀོ྅ཧཾ། ཞེས་བརྗོད། དེ་ནས་རང་གི་ཐུགས་ཀ་ནས། །མཆོད་རྫས་སྣ་ཚོགས་ཐོགས་པ་ཡི། །ལྷ་མོ་དཔག་མེད་སྤྲོས་པས་མཆོད། །གཟུགས་སྒྲ་ལ་སོགས་དྲུག་པོ་འདི། །དངོས་མེད་ནམ་མཁའ་ལྟ་བུ་ལ། །ལོངས་སྤྱོད་ཡུལ་དུ་དུ་མར་སྣང་། །ཤེལ་ལ་ཚོན་ནི་ཇི་བཞིན་ནོ། །འདོད་པ་ལྔ་དང་ཆོས་རྣམས་ལ། །རྣལ་འབྱོར་རྟག་ཏུ་སྤྱོད་པར་ཤོག ། ཨ་ལ་ལ་ཧོཿ རྟག་ཏུ་སྐྱོང་


MR25_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་གནས་པར་མཛོད། །མི་འཛིན་སྒྱུ་མ་ལྟ་བུ་ལ། །དགྱེས་པའི་གར་གྱིས་རོལ་པར་མཛོད། །རེག་བྱ་འགག་པ་མེད་པ་ལ། །མི་གཡོ་བཞིན་དུ་རོལ་བར་མཛོད། ཧོཿ ཆགས་པ་མེད་བཞིན་ཆགས་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་ནས་ལྷ་མོ་དེ་དག་གིས། །བདག་ལ་དབྱངས་ཀྱིས་བསྟོད་པར་བསམ། །དུར་ཁྲོད་རྒྱན་གྱིས་ལེགས་བརྒྱན་པའི། །ཞེ་སྡང་གཤིན་རྗེ་གཤེད་པོ་ནི། །དངོས་མེད་ནམ་མཁའ་ལྟ་བུ་ལས། །ཐུགས་རྗེ་སྤྲུལ་པའི་སྐུར་སྟོན་པའི། །ཡེ་ཤེས་ཁྲོ་རྒྱལ་རབ་འཇིགས་པ། །དུད་ཁ་མུན་ཆེན་ཁྱོད་ལ་བསྟོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་ཏེ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད། ལྷ་མོ་རང་གི་ཐུགས་ཀར་བསྡུ། །རྟེན་དང་བརྟེན་པའི་དཀྱིལ་འཁོར་ནི། །སྣང་ལ་རང་བཞིན་མེད་པ་ཡི། །གསལ་སྣང་ངང་ལ་མཉམ་པར་བཞག །ཏིང་འཛིན་སེམས་དཔའི་ཁོར་ཡུག་ཏུ། །ཉེ་སྙིང་བར་གྱི་ཁོར་ཡུག་ཏུ། །སྙིང་པོ་ཕྱི་ཡི་ཁོར་ཡུག་ཏུ། །རྩ་བའི་སྔགས་ཀྱིས་བསྐོར་བ་ཉིད། །གཡས་ཕྱོགས་འཁོར་བའི་འོད་ཟེར་གྱིས། །འཕགས་མཆོད་སེམས་ཅན་སྒྲིབ་པ་སྦྱང་། །ལས་བཞིའི་ཕྲིན་ལས་རབ་གྲུབ་ཅིང་། །ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་ཀྱི། །བྱིན་བས་བསྡུས་ནས་བདག་ཐིམ་བསམ། །ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཉེ་བའི་སྙིང་པོའོ། །ཨོཾ་ཧྲི་ཥྚིཿ ཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ། སྙིང་པོའོ། །ཨོཾ་


MR25_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎཱ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡཀྵེ་ཡཙྪ་ནི་རཱ་མ་ཡ་ཧཱུྃ་ཕཊ། ཅེས་རྩ་སྔགས་རྣམས་ཅི་འགྲུབ་བཟླའོ། །ཐུན་མཚམས་གཏོར་མ་འབུལ་བ་ནི། །ཤ་ཁྲག་ལ་སོགས་གཏོར་མ་བཤམས། །སྭ་བྷཱ་ཝ་ཡིས་སྟོང་པར་སྦྱངས། །སྟོང་པའི་ངང་ལས་ཀྃ་གསུམ་ལས། །ཐོད་སྒྱེད་གསུམ་སྟེང་ཡྃ་ལས་ང་། །རྃ་ལས་མེ་ཡི་དཀྱིལ་འཁོར་སྟེང་། །ཨཱཿལས་ཐོད་པ་རྒྱ་ཆེ་བ། །དཀར་པོ་དཔྲལ་བ་རང་བསྟན་ནང་། །ཤར་ལྷོ་ནུབ་བྱང་དབུས་སུ་ནི། །གོ་ཀུ་ད་ཧ་ན་ལས་ནི། །བ་ལང་ཁྱི་དང་རྟ་གླང་ཆེན། །མི་ཤ་རྣམས་ཀྱི་སྟེང་རིམ་བཞིན། །བི་མུ་ཤུ་མ་ར་རྣམས་ལས། །དྲི་ཆེན་དྲི་ཆུ་བྱང་ཆུབ་སེམས། །ཤ་ཆེན་དྭངས་མ་རཀྟ་ལྔ། །དེ་སྟེང་རིམ་བཞིན་དབུས་ནས་བརྩམ། །ཡ་ཀྵ་མ་མེ་ད་རྣམས་བཀོད། །རང་ཐུགས་འོད་འཕྲོས་ང་གཡོས་པས། །མེ་སྤར་ཤ་ལྔ་བདུད་རྩི་ལྔ། །ཡི་གེ་ལྔ་དང་བཅས་པ་ཞུ། །སྤྲིས་མ་སྣ་ཚོགས་རྡོ་རྗེའི་ཚུལ། །དབུས་སུ་མི་བསྐྱོད་ཤར་རྣམ་སྣང་། །ལྷོ་རུ་རིན་འབྱུང་ནུབ་སྣང་མཐའ། །བྱང་དུ་དོན་ཡོད་གྲུབ་པ་རྣམས། །ཡུམ་བཅས་སྙོམས་ཞུགས་བདེ་བའི་སྒྲས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །སྤྱན་དྲངས་རིགས་ལྔའི་ཞལ་དུ་ཞུགས། །ཐུགས་ཀར་རྗེས་ཆགས་མེས་འོད་ཞུ། །དེ་ཚེ་བདེ་བ་ཆེན་པོའི་མེས། །ཡབ་ཡུམ་འོད་ཞུ་འོག་གི་ནི། །བདུད་རྩིར་འདྲེས་པས་ཁ་དོག་དང་། །དྲི་རོ་ནུས་


MR25_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་ཕུན་སུམ་ཚོགས། །ཡེ་ཤེས་བདུད་རྩིའི་རྒྱ་མཚོར་བསམ། །ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ཡང་ཡང་བརྗོད་པས་བྱིན་གྱིས་བརླབ། །མདུན་དུ་དྷཱིཿལས་འཇམ་དབྱངས་ལ། །སྲས་བཅས་རྒྱལ་ཀུན་ཁྲོ་བོ་ཡི། །རྣམ་པར་སྤྱན་དྲངས་ཐིམ་པ་ལས། །རྡོ་རྗེ་འཇིགས་བྱེད་བདག་བསྐྱེད་ལྟར། ཉིད་དུ་བསྐྱེད། །དབང་བསྐུར་ཡེ་ཤེས་བསྟིམ་བྱས་ཏེ། །དེ་འཁོར་འཇིག་རྟེན་འདས་མ་འདས། །གཏོར་མགྲོན་ཐམས་ཅད་བསམ་པའི་ཞལ། །འོད་ཀྱི་སྦུ་གུས་གཏོར་མའི་བཅུད། །གསོལ་ཞིང་མཆོག་ཏུ་དགྱེས་པར་བསམ། །བསྟབ་པའི་ཕྱག་རྒྱ་དང་བཅས་པས། །སྔགས་ཚན་གསུམ་པོའི་ཐ་མ་ནི། །སརྦ་བིགྷྣཱན་ཤཱ་ཏྲུཾ་མཱ་ར་ཡ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཕཊ། གསུམ་མམ་བདུན་དབུལ་སྔར་བཞིན། མཆོད་ཅིང་བསྟོད། །གཤིན་རྗེ་གཤེད་པོ་འཁོར་བཅས་ཀུན། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ་བར་བྱ། །ཅི་འདོད་བསྩལ་བར་བསམ། །ཡིག་བརྒྱས་ལྷག་ཆད་ཁ་བསྐང་ཞིང་། །ནོངས་པ་དག་ནི་བཟོད་པར་གསོལ། །ལས་གཤིན་དག་ལ་གཏོར་འབུལ་ནི། །གཏོར་མ་བྱིན་གྱིས་བརླབས་ནས་སུ། །མདུན་དུ་པད་ཉི་མ་ཧེའི་སྟེང་། །ཡ་ལས་ཐོད་དབྱུག་ཡས་མཚན་ལས། །ལས་གཤིན་མདོག་ནག་མ་ཧེའི་གདོང་། །ཐོད་དབྱུག་ཞགས་འཛིན་དུར་ཁྲོད་ཆས། །ལིངྒ་དམར་པོ་


MR25_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

གྱེན་དུ་འགྲེངས། །གཤིན་རྗེའི་ཚོགས་ཀྱིས་བསྐོར་བར་བསམ། །གནས་གསུམ་འབྲུ་གསུམ་བྱིན་གྱིས་བརླབ། །རང་གི་ཐུགས་ནས་འོད་འཕྲོས་པས། །ལྷོ་ཕྱོགས་རིམ་བདུན་ས་འོག་ནས། །གཤིན་རྗེ་འཁོར་བཅས་སྤྱན་དྲངས་གྱུར། །ཨོཾ་ཀཱ་ལ་རཱུ་པ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཞེས་བརྗོད། ཛཿཧཱུྃ་བྃ་ཧོཿ གཉིས་མེད་བསྟིམ། རང་ཐུགས་འོད་ཀྱིས་གཤིན་རྗེ་གཤེད། །རིགས་ལྔ་མདུན་དུ་སྤྱན་དྲངས་ལ། །ཨོཾ་ཡ་མཱནྟ་ཀ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤབྡ་ཨཱཿཧཱུྃ། ཞེས་པས་མེ་ཏོག་ལ་སོགས་མཆོད། འདི་ལ་མངོན་པར་དབང་བསྐུར་གསོལ། །ཞེས་པས་གསོལ་བཏབ་ལྷ་རྣམས་ཀྱིས། །ཨོཾ་བཛྲ་ཨུ་ད་ཀ་ཨ་བྷི་ཥཱིཉྩ་ཧཱུྃ། ཞེས་གསུངས་དབང་བསྐུར་དྲི་མ་དག །དབང་ཐོབ་རྡོ་རྗེ་རྩེ་ལྔ་པ། །ཁ་དོག་ནག་པོས་དབུར་བརྒྱན་བསམ། །ཨོཾ་ཀཱ་ལ་རཱུ་པ་ས་མ་ཡ་སཏྭཾ། ཞེས་པས་དམ་ལ་བཞག་ནས་སུ། །ཨོཾ་ཀཱ་ལ་རཱུ་པ་ས་མ་ཡ་གྲྀཧྞེ་དཾ་ཨརྒྷཾ་པུཥྤཾ་དྷཱུ་བཾ་དཱི་བཾ་གནྡྷེ་ནཻ་ཝི་ཏྱེ་སྭཱ་ཧཱ། ཨོཾ་ཀཱ་ལ་རཱུ་པ་སརྦ་བིགྷྣཱན་ཤཱ་ཏྲུཾ་མཱ་ར་ཡ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཕཊ། གསུམ་མམ་བདུན་གྱིས་ཕུལ་ནས་སུ། །ཧཱུྃ། འཆི་བདག་ནག་པོ་ལྷོ་ཕྱོགས་ཀྱི། །རིམ་པ་བདུན་གྱི་ས་འོག་ནས། །སྲོག་ལ་རྔམ་པའི་གཤིན་རྗེ་ནི། །ནག་པོ་མ་ཧེའི་གདན་སྟེང་དུ། །ཡ་ལས་བྱུང་བའི་དབྱུག་པ་ནི། །ཐོད་པ་མཚན་པ་ལས་བྱུང་བ། །གཏིང་ནས་ཁྲོས་པ་མ་ཧེའི་གདོང་། །ཟ་བྱེད་ཞལ་གདངས་མཆེ་བ་གཙིགས། །ཁྲོས་པའི་སྤྱན་གསུམ་དམར་པོ་འཁྲུགས། །སྐྲ་


MR25_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

སེར་སྨ་ར་གྱེན་དུ་བརྫེས། །ལག་གཡོན་ཞགས་པས་དགྲ་བགེགས་འཆིང་། །ལག་གཡས་དབྱུག་པས་རྡུལ་དུ་རློག །ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་ཚོགས། །བྲན་རྭ་ལོའི་མངོན་རྟོགས་ཡིད་བཞིན་གཏེར་མཛོད་ན་བཞུགས་པའི་ཕྲིན་བཅོལ་འདིའོ། །དང་བཅས་པའི་དུས་ལ་བབ། །ཤ་ཆེན་ཁྲག་ཞག་ཆེན་པོ་ཡི། །གཏོར་མ་རྒྱ་མཚོའི་མཆོད་པ་བཞེས། །རྒྱལ་བས་བསྒོས་པའི་དམ་ཚིག་དང་། །སྙིང་རྗེས་དགྲ་བགེགས་མྱུར་དུ་སྒྲོལ། །སྡང་བའི་དགྲ་དང་གནོད་པའི་བགེགས། །ཟུངས་ཤིག་ཆིངས་ཤིག་རྣམ་པར་སྡོམས། །ཁུག་ཅིག་དྲོངས་ཤིག་དབང་དུ་བསྡུས། །སོད་ཅིག་སྐྲོད་ཅིག་རེངས་པར་བརླག་པར་གྱིས་ཞེས་ཀྱང་འདུག་ཆོད་ཅིག་ཅེས་པའང་འདུག གྱིས། །ཕྱེས་ཤིག་ནོན་ཅིག་རྨུགས་པར་གྱིས། །ཐུལ་ཅིག་ཆོམས་ཤིག་རྣམ་པར་ཤིགས། །རྡུལ་ཕྲན་ཙམ་ཡང་མེད་པར་གྱིས། །ཞེས་པས་ཕྲིན་ལས་བཅོལ་ནས་ནི། །ཨོཾ་ཀཱ་ལ་རཱུ་པ་ཧཱུྃ་ཕཊ། ཅེས་པ་ཅི་རིགས་བཟླ་བར་བྱ། །དེས་ཀྱང་ཇི་ལྟར་བསྒོས་པའི་དོན། །ཇི་བཞིན་བྱེད་པར་ཁས་བླང་བསམ། །སླར་ཡང་མཆོད་ཅིང་བཟོད་པར་གསོལ། །སེམས་ཅན་ཐམས་ཅད་བདེ་གྱུར་སོགས་སྨོན་ལམ་ཚིགས་བཅད་དང་། བགེགས་དང་ལོག་པར་འདྲེན་པ་རྣམས། །གདུལ་དཀའ་འདུལ་བྱེད་དཔའ་བོ་ནི། །ཤིན་ཏུ་གཏུམ་པའི་ཁྲོ་གཟུགས་ཀྱིས། །མ་རུངས་པ་རྣམས་ཚར་གཅོད་ཤོག །ཅེས་པའི་སྨོན་ལམ་གདབ་ནས་སུ། །


MR25_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་བྷཻ་ར་ཝ་ས་པ་རི་ཝཱ་ར་བཛྲ་མུཿ ཞེས་པས་བཅོམ་ལྡན་འཁོར་བཅས་དང་། །ཨོཾ་ཀཱ་ལ་རཱུ་བ་ས་པ་རི་ཝཱ་ར་བཛྲ་མུཿ ཞེས་པས་ལས་གཤིན་འཁོར་བཅས་ཀྱི། །ཡེ་ཤེས་པ་རྣམས་རང་གནས་གཤེགས། །དམ་ཚིག་པ་རྣམས་བདག་ལ་བསྡུ། །གཏོར་མ་ཕྱི་རོལ་གཤེགས་པར་བྱ། །དེ་ནི་གཏོར་མའི་རྣལ་འབྱོར་རོ། །ཁ་ཟས་དགྲ་བགེགས་ཤ་ཁྲག་དམིགས། །ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བརླག །རང་ཉིད་འཇིགས་བྱེད་ཕྱག་གཉིས་པའི། །ལྟེ་བར་གཏུམ་མོའི་མེ་འབར་བའི། །མེ་ལྕེའི་ཕྲེང་བས་ཁྱབ་པའི་དབུས། །སྙིང་གར་ལྷ་མཆོག་གཤིན་རྗེའི་གཤེད། །བླ་མ་སངས་རྒྱས་བྱང་སེམས་བསྐོར། །ལྟོ་བར་འཇིག་རྟེན་ལྷ་ཚོགས་དམིགས། །ལག་གཉིས་དགང་བླུགས་སྦྱོར་བ་ཡིས། །བཟའ་བཏུང་སྲེག་རྫས་སྣ་ཚོགས་ཀྱིས། །ལྷ་ཚོགས་ཀུན་མཉེས་ཚིམ་པར་བསམ། །ཁ་ཟས་དག་གི་རྣལ་འབྱོར་རོ། །ཉལ་ཚེ་དངོས་ཀུན་རང་ལ་བསྡུ། །རང་ལུས་སྙིང་གའི་ཧཱུྃ་ལ་བསྡུ། །ཧཱུྃ་ཡིག་ཇེ་ཕྲར་སྟོང་པར་ཡལ། །མི་དམིགས་ངང་དུ་ཉལ་བར་བྱ། །འདི་ནི་ཉལ་བའི་རྣལ་འབྱོར་རོ། །ལྡང་ཚེ་སྐད་ཅིག་ལྷ་སྐུར་ལང་། །ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། །སྣོད་བཅུད་རྟེན་དང་བརྟེན་པ་ཡི། །དཀྱིལ་འཁོར་ཐམས་ཅད་གསལ་བར་དམིགས། །ཧཱུྃ་ཞེས་བརྗོད་པ་ལྡང་བའོ། །གང་དུ་སྤྱོད་ལམ་ཅི་བྱེད་ཀྱང་། །ཨོཾ་བརྗོད་སྣང་ཀུན་ལྷ་སྐུ་དང་། །ཨཱཿ


MR25_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་གྲགས་ཚད་སྔགས་དང་ནི། །ཧཱུྃ་གིས་བསམ་ཚད་ཐུགས་སུ་དམིགས། །ལྷ་ལ་ལྷ་མཆོད་སྒྱུ་མའི་ངང་། །ཞེན་མེད་སྤྱོད་ལམ་རྣལ་འབྱོར་རོ། །ཚུལ་འདིར་གནས་པའི་རྣལ་འབྱོར་པ། །མི་མཐུན་ཕྱོགས་ལས་རྣམ་རྒྱལ་ཞིང་། །འདས་དང་མ་འདས་དངོས་གྲུབ་ཐོབ། །རྡོ་རྗེ་འཆང་གི་གོ་འཕང་འགྲུབ། །གལ་ཏེ་རྫོགས་རིམ་བསྒོམ་འདོད་ན། །ཀྱེ་རྡོར་ལ་སོགས་གཞུང་བཞིན་བྱ། །ཞེས་པ་ཆོས་རྒྱལ་འཕགས་པའི་གཞུང་། །གཞིར་བཞག་རྭ་ལུགས་འཇིགས་བྱེད་ཀྱི། །མངོན་རྟོགས་ཚིགས་སུ་བཅད་པ་འདི། །ཆུ་སྟག་ཟླ་༦ཚེས་༡༣དྷཱིས་བྲིས་དགེ། ༈ །།རྡོ་རྗེ་འཇིགས་བྱེད་ཕྱག་གཉིས་པའི་སྒྲུབ་ཐབས། སྐྱབས་སེམས་རྗེས། སྟོང་པའི་ངང་ལས་པད་ཉིའི་སྟེང་། །སྣ་ཚོགས་རྡོ་རྗེ་ཧཱུྃ་མཚན་ལས། །འོད་འཕྲོས་རྡོ་རྗེའི་སྲུང་འཁོར་དབུས། །ཆོས་འབྱུང་ནང་དུ་རླུང་དཀྱིལ་ལ། །བྃ་ལས་པདྨ་འདབ་བརྒྱད་པའི། །ཁོར་ཡུག་ཁྲག་ཞག་རྒྱ་མཚོའི་ཁྲོད། །དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར། །པད་དབུས་ཟླ་སྟེང་རང་སེམས་དྷཱིཿ འཕྲོས་འདུས་འཇམ་དཔལ་ཕྱེད་སྐྱིལ་ཅན། །རལ་གྲི་ཨུཏྤལ་པོད་བཅས་བསྣམས། །དར་དང་རིན་ཆེན་རྒྱན་ལྡན་པ། །དེ་ཡི་ཐུགས་ཀའི་དྷཱིཿཡིག་ལས། །འོད་འཕྲོས་སངས་རྒྱས་བྱང་སེམས་ཀུན། །སྤྱན་དྲངས་རང་ལ་ཐིམ་པའི་མོད། །རང་ཉིད་ཡ་མཱནྟ་ཀ་ནི། །སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། །མ་


MR25_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཧེའི་གདོང་ཅན་གྲི་ཐོད་འཛིན། །ཐོད་པ་སྐམ་རློན་རྒྱན་དང་ནི། །རུས་རྒྱན་དྲུག་གསོལ་གཅེར་བུའི་གཟུགས། །དམར་སེར་རལ་པ་གྱེན་དུ་བརྫེས། །སྤྱན་གསུམ་ཞལ་ནས་ཧཱུྃ་ཕཊ་སྒྲོགས། །མ་ཧེའི་གདན་ལ་དོར་སྟབས་བཞུགས། །གནས་གསུམ་ཡི་གེའི་འོད་ཟེར་གྱིས། །གཤེད་པོ་རིགས་ལྔར་སངས་རྒྱས་དང་། །བྱང་སེམས་ཚོགས་ཀྱིས་བསྐོར་བ་རྣམས། །སྤྱན་དྲངས་མཆོད་པས་མཉེས་པར་གྱུར། །དབང་བསྐུར་གསོལ་བ་བཏབ་པ་ཡིས། །བུམ་ཆུས་དབང་བསྐུར་སྒྲིབ་པ་དག །ཆུ་ལྷག་སྤྱིར་འཁྱིལ་མི་བསྐྱོད་བརྒྱན། །ལྷ་རྣམས་རང་ལ་གཉིས་མེད་ཐིམ། །སྙིང་ནང་ཡེ་ཤེས་སེམས་དཔའ་ནི། །འཇམ་དཔལ་ཞི་བ་ཚོན་གང་བའི། །ཐུགས་ཀར་ཏིང་འཛིན་སེམས་དཔའ་ཧཱུྃ། །ཐ་མར་རྩ་བའི་སྔགས་ཀྱིས་བསྐོར། །དེ་ལས་འོད་ཟེར་རབ་འཕྲོས་པས། །སྒྲིབ་སྦྱངས་བགེགས་བཅོམ་བྱིན་བསྡུས་བསམ། །ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཅེས་བཟླ་དགེ་བ་བྱང་ཆུབ་བསྔོ། །ཐུན་མཐར་འོད་གསལ་དབྱིངས་སུ་བསྡུ། །གཏོར་མ་ཚོགས་མཆོད་ལ་སོགས་པ། །ཐུན་མཚམས་རྣལ་འབྱོར་གཞན་བཞིན་སྤྱད། །ཆོས་རྒྱལ་འཕགས་པའི་གསུང་ལ་བརྟེན། །མདོར་བསྡུས་ཚིགས་བཅད་མི་ཕམ་པས་སོ། ༈ །དུས་འཁོར་ལྷན་སྐྱེས་སྒྲུབ་ཐབས་ནི། །སྣ་ཚོགས་ནོར་བུ་ཞེས་བྱ་བཞུགས། སྐྱབས་སེམས་ཚད་མེད་བཞི་བསྒོམ་ལ། །ཤཱུ་ནྱ་ཏ་ཡིས་སྟོང་པར་སྦྱངས། །སྟོང་


MR25_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངང་ལས་སྐད་ཅིག་གིས། །རླུང་མེ་ཆུ་ས་ལྷུན་པོ་དང་། །པདྨ་ཟླ་ཉི་དུས་མེའི་སྟེང་། །རང་ཉིད་དུས་ཀྱི་འཁོར་ལོ་ནི། །མཐིང་ག་ཞལ་གཅིག་ཕྱག་གཉིས་པ། །རྡོ་རྗེ་དྲིལ་འཛིན་ཡུམ་ལ་འཁྱུད། །ཞབས་ནི་གཡས་དཀར་༡གཡོན་དམར་༢བ ། །བརྐྱང་༡བསྐུམ་༢དབང་ཕྱུག་༡དཀར་པོ། འདོད་ལྷ་༢དམར་པོ། མནན། །ཐོར་ཚུགས་ཡིད་བཞིན་ནོར་བུ་དང་། །ཟླ་བ་ཕྱེད་པས་རབ་ཏུ་བརྒྱན། །རྡོ་རྗེའི་རྒྱན་དང་སྟག་ཤམས་ཅན། །མཐེབ་འཛུབ་གུང་སྲིན་མཐེའུ་ཆུང་རྣམས། །རིམ་བཞིན་སེར་དཀར་དམར་ནག་ལྗང་། །ཕྱག་སོར་གཉིས་ཀྱི་ཚིགས་གསུམ་པོ། །རྩ་བ་ནས། རིམ་བཞིན་གནག་དཀར་དམར་བའོ། །རྡོ་རྗེ་སེམས་དཔས་དབུ་ལ་བརྒྱན། །མེ་རི་མདོག་ལྔའི་དབུས་ན་བཞུགས། །སྣ་ཚོགས་ཡུམ་ནི་སྐུ་མདོག་སེར། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། །གྲི་གུག་ཐོད་པ་འཛིན་པས་འཁྱུད། །གཡས་བསྐུམ་གཡོན་བརྐྱང་ཡབ་དང་སྦྱོར། །གཅེར་བུ་ཕྱག་རྒྱ་ལྔ་ཡིས་བརྒྱན། །དབུ་སྐྲ་ཕྱེད་བཅིངས་ཕྱེད་གྲོལ་བའོ། །གཉིས་ཀའི་དཔྲལ་བར་ཨོཾ་དཀར་པོ། །མགྲིན་པར་ཨཱཿདམར་ཐུགས་ཧཱུྃ་སྔོན། །ལྟེ་བར་ཧོ་སེར་གཙུག་ཏོར་དུ། །ཧཾ་ལྗང་གསང་བར་ཀྵ་སྔོན་བསམ། །ཨོཾ་ཨཱཿཧཱུྃ་ཧོ་ཧཾ་ཀྵཿ ཞེས་བརྗོད་གོ་ཆ་བགོ་བར་བྱ། །ཐུགས་ཀར་ཡེ་ཤེས་སྙིང་པོའི་སྲོག །རྣམ་བཅུ་དབང་ལྡན་བརྩེགས་མར་གསལ། །གཞུང་ན་ཨོཾ་ཁོ་ན་ལས་གཞན་


MR25_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །ཨོཾ་ཨཱཿཧཱུྃ་ཧོ་ཧྐྵྨླྺྼྻྃ་སྭཱ་ཧཱ། ཞེས་པ་སྔགས་རྒྱལ་ཅི་ནུས་བཟླ། །ཐུན་མཚམས་དགེ་བསྔོ་མི་དམིགས་བསམ། །རྡོ་རྗེ་བཞི་ཡི་ཡི་གེ་ཡིས། །ཐོག་དྲངས་ལེགས་སྟེར་མཐའ་རྟེན་ཅན། །རྣམ་བཅུ་དབང་ལྡན་ཆེ་བ་པོ། །གསང་སྔགས་རྒྱལ་པོ་འདི་བཟླས་པས། །ཕྱི་ནང་གསང་བའི་སྣང་སྲིད་ཀུན། །མཐུན་པའི་གྲོགས་འགྱུར་བར་ཆད་ཞི། །ཅི་འདོད་དངོས་གྲུབ་ཡིད་བཞིན་འགྲུབ། །རབ་ཚེས་ལྕགས་གླང་ཟླ་༨ཚེས་༡ལ། །འཇམ་དཔལ་དགྱེས་པས་སྤེལ་བ་དགེ། ༈ །།གཤེད་དམར་ལྷན་སྐྱེས་སྒྲུབ་ཐབས་ནི། །སྐྱབས་སེམས་བྱས་ལ། རང་གི་སྙིང་ནང་པད་ཉི་ཧཱུྃ་དམར་པོའི། །འོད་ཀྱིས་སྒྲིབ་བྱང་རང་ཉིད་གཤིན་རྗེའི་གཤེད། །དམར་པོ་ཕྱག་གཡས་རྡོ་རྗེའི་ཐོད་དབྱུག་ཕྱར། །གཡོན་པས་བདུད་བཞིའི་ཁྲག་བཀང་ཐོད་པ་བསྣམས། །ཐོད་པ་སྐམ་རློན། སྦྲུལ་རུས་༦རྒྱན་སྟག་ལྤགས་ཤམ་ཐབས་ཅན། །སྐྲ་སེར་དམར་ཟླུམ་སྤྱན་གསུམ་མཆེ་བཞི་གཙིགས། །རོ་ལངས་དམར་མོ་ཐོད་པ་སྐམ་རློན་རུས་རྒྱན་ལྔ་ཅན། གྲི་ཐོད་འཛིན་པས་འཁྱུད། །པད་ཉི་མ་ཧེ་དམར་པོའི་གདན་ཉིད་ལ། །གཡས་བསྐུམ་མ་ཧེའི་རྭ་བར་གཡོན་བརྐྱང་ཚང་རའི་སྟེང་ཡེ་ཤེས་མེ་ཀློང་བཞུགས། །གནས་གསུམ་ཡི་གེས་སྐུ་གསུང་ཐུགས་བྱིན་རླབས། །གཤེད་པོ་རིགས་ལྔར་སངས་རྒྱས་བྱང་སེམས་ཀྱིས་བསྐོར་བའི་དབང་ལྷ་སྤྱན་དྲངས་མཆོད་ཅིང་གསོལ་བཏབ་པས། །


MR25_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་རྡོ་རྗེ་སེམས་དཔའ་སྤྱི་བོར་བརྒྱན། །དབང་ལྷ་རང་ལ་ཐིམ། ཐུགས་ཀར་རང་འདྲའི་སེམས་དཔའ་ཚོན་གང་བའི། །ཐུགས་སྲོག་ཧཱུྃ་སྔོན་པོ། ལ་སྔགས་ཕྲེང་གཡས་སུ་འཁོར། །འོད་ཀྱིས་སྒྲིབ་སྦྱངས་ཚོགས་རྫོགས་བྱིན་རླབས་བསྡུས། །ཨོཾ་ཧྲཱིཥྚྲཱི་ཝི་ཀྲི་ཏ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་ཅི་ནུས་བཟླ། གཏོར་མ་འབུལ་ཞིང་ཁ་ཟས་ལྷ་ལ་མཆོད། །ཐུན་མཐར་རང་གི་ཐུགས་སྲོག་འོད་ཀྱིས་སྣོད་བཅུད་རང་ལ་ཐིམ། རང་ཡང་ཐུགས་སྲོག་ནཱ་དའི་བར་ཐིམ་ནས་མི་དམིགས་འོད་གསལ་དུ་བསྡུས་ལ། སྟོང་པའི་ངང་ཉལ་ལྷ་ཡི་སྐུ་རུ་ལྡང་། །སྤྱོད་ལམ་ལྷ་སྔགས་ཡེ་ཤེས་རོལ་པར་སྤྱད། །ཆོས་འཕགས་གསུང་བཞིན་ཚིགས་བཅད་དྷཱིས་སྤེལ་དགེ། ༈ །།བདེ་མཆོག་ལྷན་སྐྱེས་སྒྲུབ་ཐབས་ནི། །སྐྱབས་སེམས་ཚད་མེད་བཞི་བསྒོམས་ནས། །སྟོང་པའི་ངང་ལས་སྐད་ཅིག་གིས། །རང་ཉིད་བདེ་མཆོག་ལྷན་སྐྱེས་ནི། །སྔོན་པོ་སྤྱན་གསུམ་མཆེ་བ་གཙིགས། །རྡོ་རྗེ་དྲིལ་འཛིན་ཡུམ་ལ་འཁྱུད། །ཐོར་ཚུགས་རྩེ་མོར་ནོར་བུ་དང་། །གཡོན་པར་ཚེས་གཅིག་ཟླ་བས་བརྒྱན། །མཚོག་སྟེང་སྣ་ཚོགས་རྡོ་རྗེས་མཚན། །མི་མགོ་སྐམ་པོ་ལྔས་དབུར་བརྒྱན། །རློན་པ་ལྔ་བཅུའི་དོ་ཤལ་ཅན། །རུས་རྒྱན་དྲུག་ལྡན་སྟག་ཤམས་མཛེས། །པདྨ་ཉི་མའི་གདན་སྟེང་དུ། །གཡས་བརྐྱང་ཨུ་མ་དམར་མོ་དང་། །གཡོན་བསྐུམ་


MR25_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་བྱེད་ནག་པོ་མནན། །གར་གྱི་ཉམས་དགུ་དང་ལྡན་ཞིང་། །མི་བསྐྱོད་པ་ཡིས་དབུ་ལ་བརྒྱན། །ཡུམ་མཆོག་ཕག་མོ་དམར་གསལ་ནི། །སྤྱན་གསུམ་མཆེ་གཙིགས་སྐྲ་གྲོལ་ཞིང་། །སྐམ་རློན་ཐོད་པའི་རྒྱན་དང་བཅས། །སྤྱི་གཙུག་རྣམ་པར་སྣང་མཛད་བཞུགས། །གཡས་པ་སྡིགས་མཛུབ་གྲི་གུག་བསྡིགས། །གཡོན་པ་ཐོད་ཁྲག་ཡབ་ལ་འཁྱུད། །གཅེར་བུ་ཕྱག་རྒྱ་ལྔ་ཡིས་བརྒྱན། །བདེ་ཆེན་ཡབ་དང་མཉམ་པར་སྦྱོར། །ཡེ་ཤེས་མེ་དཔུང་དབུས་ན་བཞུགས། །བདག་གི་ཐུགས་ནས་རིགས་ལྔ་ཡིས། །སངས་རྒྱས་དཔག་ཏུ་མེད་པ་འཕྲོས། །འགྲོ་ཀུན་ལྷན་སྐྱེས་གོ་འཕང་བཀོད། །ཚུར་འདུས་རང་ལ་ཐིམ་པར་བསམ། །བདག་དང་སེམས་ཅན་ཐམས་ཅད་ཀུན། །ཧེ་རུ་ཀ་ཡི་བདག་ཉིད་དུ། །སྣང་ལ་རང་བཞིན་མེད་པར་བསྒོམ། །དེ་ལྟར་བསྐྱེད་རིམ་ལ་མཉམ་པར་བཞག་པ་ཅི་ནུས་སུ་བྱའོ། །སྔགས་བཟླ་བར་འདོད་ན། །རང་ཐུགས་པད་ཉིར་ཧཱུྃ་སྔོན་པོ། །ཡུམ་གྱི་ཐུགས་ཀར་བཾ་དམར་གསལ། །ཧཱུྃ་ལས་སྔགས་ཕྲེང་འོད་ཟེར་གྱི། །རྣམ་པས་རང་གི་ཞལ་ནས་ཐོན། །ཡུམ་གྱི་ཞལ་ཞུགས་མཁའ་ནས་བརྒྱུད། །ཡབ་ཀྱི་རྡོ་རྗེའི་ལམ་ལས་ནི། །ཐུགས་ཀར་འཁོར་བའི་སྡིག་སྒྲིབ་སྦྱངས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རྒྱས། །རྒྱལ་ཀུན་ཡེ་ཤེས་བདག་ཞུགས་བསམ། །ཨོཾ་ཧྲཱིཿཧ་ཧ་ཧུཾ་ཧཱུྃ་ཕཊ། །ཡབ་ཀྱི་


MR25_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་དང་། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནི་ཡེ་བཛྲ་ཝརྞ་ནཱི་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཡུམ་གྱི་སྔགས་ཏེ་དེ་གཉིས་སྤྲེལ་བའམ་སོ་སོར་ཅི་ནུས་བཟླའོ། །རྫོགས་རིམ་ལུས་བསྲིང་ལྟེ་བའི་དབུས། །ཨ་ཤད་ཕྲ་རྩུབ་ངར་ལྡན་མེས། །ནུས་པས་སྡིག་སྒྲིབ་ནད་གདོན་བསྲེག ། སྤྱི་བོའི་ཧཾ་ལས་བྱང་སེམས་བབ། །ལུས་ཁྱབ་བདེ་བས་རྣམ་རྟོག་འགགས། །ཟུང་འཇུག་ངང་ལ་གནས་པར་བསྒོམ། །ཉལ་ཁར་ཧཱུྃ་ལས་འོད་འཕྲོས་པས། །སྣོད་བཅུད་འོད་ཞུ་ཧཱུྃ་གི་བར། །རིམ་ཡལ་འོད་གསལ་སྟོང་ངང་ཉལ། །ལྡང་ཚེ་ཧེ་རུ་ཀར་བསམས་ལ། །ཧཱུྃ་ལས་འོད་འཕྲོས་སྣོད་བཅུད་ལྷར། །བལྟས་པས་ལྡང་བའི་རྣལ་འབྱོར་རོ། །ཁྲུས་ནི་རང་བཞིན་གྱི་གནས་ནས། །སངས་རྒྱས་རིགས་ལྔས་རིན་པོ་ཆེའི། །བུམ་པའི་ཡེ་ཤེས་བདུད་རྩིའི་ཆུས། །སྒོ་གསུམ་དྲི་མ་སྦྱང་བར་བསམ། །ཡིག་བརྒྱ་བཟླས་ལ་ཁྲུས་བྱའོ། །མཆོད་པ་ཨོཾ་ཨཱཿཧཱུྃ་གིས་བརླབ། །ལྷ་རྣམས་སྤྱན་དྲངས་མདུན་དུ་བསམ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སཾ་བྷ་ར་མཎྚ་ལ་ཨརྒྷཾ་ལ་སོགས་པས་མཆོད། བསྟོད་པའི་ཚིགས་ཀྱང་ཅིག་རིགས་བརྗོད། བདུན་རྣམ་དག་དཀོན་མཆོག་གསུམ་ལ་སོགས་དང་། སྡོམ་བཟུང་བྱ། གཏོར་མ་ཐོད་སྣོད་བདུད་རྩིར་བརླབ། །ཕེཾ་བཅས་འབར་བའི་ཕྱག་རྒྱ་ཡིས། །མགྲོན་བཀུག་འབྲུ་གསུམ་སྔགས་ཀྱིས་ཕུལ། །མཆོད་བསྟོད་འདོད་དོན་གསོལ་བ་བཏབ། །བཛྲ་


MR25_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

མུཿཡིས་གཤེགས་སུ་གསོལ། །ཁ་ཟས་འབྲུ་གསུམ་བདུད་རྩིར་བརླབ། །ལྟེ་བའི་གཏུམ་མོའི་མེ་འབར་དབུས། །སྙིང་གར་བླ་མ་སངས་རྒྱས་དང་། །བྱང་སེམས་ལྟེ་བར་ཆོས་སྐྱོང་དང་། །འཇིག་རྟེན་པ་ཡི་ཚོགས་བཅས་དམིགས། །མཆོད་པར་བསམས་ནས་ལག་གཡོན་གྱིས། །སྤྱད་པ་ཟས་ཀྱི་རྣལ་འབྱོར་རོ། །སྤྱོད་ལམ་ཧཱུྃ་ཞེས་བརྗོད་པ་ཡིས། །རང་དང་སྣང་བ་ལྷར་གསལ་ལ། །ཨོཾ་ཨཱཿཧཱུྃ་གིས་བརྟན་བྱས་ནས། །ལྷ་སྔགས་ཏིང་འཛིན་རོལ་པ་ཆེ། །འཁོར་གསུམ་ཞེན་མེད་ངང་དུ་སྤྱད། །དབང་ཐོབ་ཞུ་བདེར་རིམ་གོམས་པས། །འདུ་ཤེས་གསུམ་གྱིས་རིག་པ་ལ། །སྙོམས་འཇུག་བདེ་བ་སྤེལ་བྱས་ཏེ། །ལྷ་མཆོད་དགའ་བཞིའི་ཡེ་ཤེས་བསྐྱེད། །ཐུན་དང་ཐུན་མཚམས་ཉམས་ལེན་ལ། །བར་མེད་བརྩོན་པའི་རྣལ་འབྱོར་པས། །རིམ་གཉིས་ཏིང་འཛིན་རྩལ་རྫོགས་ནས། །ཧེ་རུ་ཀ་དཔལ་ཚེ་འདིར་འགྲུབ། །བདེ་མཆོག་སྙིང་པོའི་སྒྲུབ་ཐབས་འདི། །དམ་པའི་གསུང་བཞིན་དྷཱིས་བྲིས་དགེ། ༈ །ཀྱེ་རྡོར་དཔའ་བོ་གཅིག་པ་སྒྲུབ་པའི་ཐབས། །ཡིད་མཐུན་གནས་སུ་བདེ་བའི་སྟན་ལ་འདུག །གཞན་དོན་ཕྱག་ཆེན་དངོས་གྲུབ་ཐོབ་པའི་ཕྱིར། །ཧེ་རུ་ཀ་དཔལ་བསྒོམ་པར་བྱ་སྙམ་ནས། །རང་གི་སྙིང་ནང་འོག་ཏུ་ཟླ་བ་དང་། །སྟེང་དུ་ཉི་དཀྱིལ་དེ་གཉིས་བར་དུ་ནི། །སྣ་ཚོགས་རྡོ་རྗེ་དབུས་ནས་རིམ་བཞིན་དུ། །


MR25_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་མཐིང་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་བ་ཧཱུྃ་མཐིང་མཚན་ལས། །འོད་འཕྲོས་ལུས་གང་སྒྲིབ་དག་ཤེལ་ལྟར་གྱུར། །དེ་ལས་སྐད་ཅིག་རང་ཉིད་ཧེ་རུ་ཀ །དབུས་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། །མཆེ་བ་བཞི་གཙིགས་ཕྱག་གཡས་རྡོ་རྗེ་བསྣམས། །གཡོན་པས་ཐོད་པ་ཁྲག་བཀང་ཐུགས་ཀར་འཛིན། །གྲུ་མོ་གཡོན་ན་ཁ་ཊྭཱཾ་ག་ཡིས་མཚན། །དབུ་སྐྲ་སེར་པོ་གྱེན་བརྫེས་ཐོད་སྐམ་བརྒྱན། །ལྔས། བརྒྱན། ཐོད་རློན་ལྔ་བཅུའི་དོ་ཤལ་རུས་པའི་རྒྱན་དྲུག་གསོལ། །གཡས་བརྐྱང་གཡོན་བསྐུམ་ཕྱེད་སྐྱིལ་ཚུལ་གྱིས་ནི། །པད་ཉི་རོ་སྟེང་མེ་དཔུང་དབུས་ན་བཞུགས། །འབྲུ་གསུམ་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་། ཡི་གེས་སྐུ་གསུང་ཐུགས་བྱིན་བརླབས། །ཕྱོགས་བཅུའི་བདེ་གཤེགས་ཀུན་གྱིས་དབང་བསྐུར་བས། །སྤྱི་བོར་མི་བསྐྱོད་རིགས་ཀྱི་བདག་པོས་བརྒྱན། །དེ་ལྟའི་གསལ་སྣང་དག་ལ་མཉམ་པར་བཞག །གལ་ཏེ་སྐྱོན་སྔགས་ཀྱི་བཟླས་པ་ནི། །ཐུགས་ཀའི་ཧཱུྃ་ལས་སྔགས་ཀྱི་ཕྲེང་བ་བྱུང་། །ལྟེ་བ་ནས་ཐོན་ཞལ་ཞུགས་ཧཱུྃ་ལ་ཐིམ། །དེ་ལྟར་རྒྱུན་མི་འཆད་པར་འཁོར་བར་དམིགས། །ཨོཾ་དེ་བ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་མ་ཡེངས་ཇི་ལྟར་ནུས་པ་བཟླ། །དེ་ནས་རྫོགས་པའི་རིམ་པ་བསྒོམ་པ་ནི། །མཚན་མོ་ཉལ་བའི་དུས་སུ་སྙིང་དབུས་མར་མེའི་རྣམ་པ་


MR25_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཆེས་ཕྲ་བ། །རྟ་རྔའི་ཚད་མཉམ་རིང་ཐུང་སོར་གཉིས་ཙམ། །དེ་ཡི་རྩེ་མོར་ནོར་བུ་ལྗང་གུ་ནི། །གྲུ་གསུམ་སྲན་མ་ཙམ་ལ་སེམས་བཟུང་བྱ། །ཉིན་མོ་མེ་དང་ནོར་བུ་ཀླད་པའི་སྟེང་། །བྱིངས་ན་ཚངས་པའི་བུ་གའི་སྟེང་དུ་བསྒོམ། །རྒོད་ན་སྙིང་གི་དཀྱིལ་དུ་ཕབ་ལ་བསྒོམ། །དེ་ནི་སེམས་གནས་བྱེད་པའི་རྫོགས་རིམ་མོ། །ཉལ་དུས་རང་ཉིད་ལྷ་ཡི་རྣམ་པ་དེ། །ཧཱུྃ་ལ་བསྡུ་ཞིང་མི་དམིགས་སྟོང་ངང་ཉལ། །སད་དུས་སྟོང་པའི་ངང་ལས་སླར་ལྡང་ཞིང་། །ལྷ་རྣམས་སྤྱན་དྲངས་བདུད་རྩིའི་དབང་བསྐུར་ཁྲུས། །ཁ་ཟས་གཡོན་པའི་མཐེབ་སྲིན་གྱིས་རེག་ལ། །ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བསྒྱུར་ལྷ་མཆོད། །སྤྱོད་ལམ་ཀུན་ཏུ་སྣང་གྲགས་ལྷ་སྔགས་སྤྱད། །གཏོར་མར་ཕུད་བྲན་འབྲུ་གསུམ་བདུད་རྩིར་བརླབ། །ལྷ་དང་ཆོས་སྐྱོང་རིགས་དྲུག་ཐམས་ཅད་ཀྱང་། །ལྷག་པའི་ལྷར་བསྒོམ་ཨ་ཀཱ་རོ་ཡིས་ཕུལ། །ཡིག་བརྒྱ་བརྗོད་ཅིང་མགྲོན་རྣམས་མི་དམིགས་བསམ། །འཕགས་པའི་གསུང་བཞིན་མི་ཕམ་པས་བཀོད་དགེ ༈ །།འདིའི་བརྒྱུད་པ་རྡོ་རྗེ་འཆང་ནས། དྷ་བྱང་ཆུབ་དང་། དེས་བ་རི་ལོ་ཙཱ། དེས་ས་ཆེན། དེས་གྲགས་རྒྱལ། དེས་ས་པཎ། དེས་ཆོས་འཕགས་སོགས་ལས་སོ། ། ༈ དམ་ཚིག་རྡོ་རྗེའི་བཟླས་པ་བྱ་ཐབས་མདོར་བསྡུས་པ་ནི། བདག་གི་སྙིང་དབུས་པད་ཟླ་རྒྱས་པའི་སྟེང་། །ཧཱ་ལས་དམ་ཚིག་རྡོ་རྗེ་སྐུ་མདོག་ལྗང་། །རལ་གྲི་


MR25_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་འཛིན་དམ་ཚིག་སྒྲོལ་ལྗང་མོ་གྲི་ཐོད་ཅན། མས་འཁྱུད། །དར་གཉིས་ཀ་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས། །ཐུགས་ཀར་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱཿ སྔགས་ཀྱིས་བསྐོར་གསལ་སྣ་ཚོགས་རྡོ་རྗེ་ལས། །བདུད་རྩིའི་རྒྱུན་བབ་ལུས་གང་སྒྲིབ་དག་བསམ། །ཨོཾ་ཨཱཿཔྲཛྙཱ་དྷྲྀ་ཀྲ་ཧཱ་ཧཱུྃ། ཅི་མང་བཟླས་མཐར་དགེ་བསྔོ་མི་དམིགས་བཞག །དམ་པ་གོང་མའི་ལུང་བཞིན་མི་ཕམ་པས་བྲིས། །འདི་དམ་ཚིག་ཉམས་ཆག་སྦྱོང་བའི་གཉེན་པོ་ཡིན། ༈ །དཔལ་ཡང་དག་གི་སྒོ་ནས་ཉམས་ཆག་སྦྱོང་བའི་ཐབས། བདག་གི་སྙིང་གར་པདྨ་ཉི་མའི་དབུས། །རང་བྱུང་ཡེ་ཤེས་ཡང་དག་ཧེ་རུ་ཀ །མཐིང་ནག་བཞེངས་སྟབས་རྡོ་རྗེ་དྲིལ་བུ་བསྣམས། །དུར་ཁྲོད་ཆས་རྫོགས་ཀྲོ་དྷཱི་ཤྭ་རིས་གྲི་ཐོད། འཁྱུད། །ཐུགས་ཀར་རིན་ཆེན་ཟུར་བརྒྱད་དབུས་སུ་ཧཱུྃ། །ཐ་མར་འབྲུ་བརྒྱད་གསལ་ལས་བདུད་རྩིའི་རྒྱུན། །བབ་པས་ལུས་གང་སྒྲིབ་དག་དབང་ཐོབ་གྱུར། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། །ཅི་ནུས་བཟླ་ཞིང་དགེ་བསྔོ་མཉམ་ཉིད་བསྒོམ། །དམ་པ་གོང་མའི་ལུང་བཞིན་དྷཱིས་བྲིས་དགེ། ༈ །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་ཉམས་ཆག་སྦྱོང་བའི་ཐབས། རང་གི་སྙིང་དབུས་གདོད་ནས་ལྷུན་གྲུབ་པའི། །རྡོར་དབྱིངས་དཀྱིལ་འཁོར་ཞི་བ་བཞི་བཅུ་རྩ་གཉིས། རང་གསལ་ཆུ་ཟླ་ལྟར། །དྭངས་ལ་རྙོགས་


MR25_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

མེད་སྐུ་ལས་བདུད་རྩིའི་རྒྱུན། །བབ་པས་ལུས་གང་སྒྲིབ་དག་ཆོས་སྐུ་ཐོབ། །ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཅི་འགྲུབ་བཟླ་ཞིང་དགེ་བསྔོ་བྱ། །རང་སེམས་རང་བཞིན་འོད་གསལ་བ། །མཉམ་པ་ཉིད་ཀྱི་དོན་བསྒོམ་མོ། །ཟབ་པའི་གདམས་པ་དྷཱིས་སྤེལ་དགེ། ༈ །།མཁའ་འགྲོ་སྡེ་ལྔ་ལ་བརྟེན་ནས་ཉམས་གྲིབ་སྦྱང་ཐབས། རང་གི་སྙིང་གར་པད་ཉི་རོ་གདན་ལ། །ཕག་མོ་སྡེ་ལྔ་ཡེ་ཤེས་འོད་ཀྱི་སྐུ། །སོ་སོའི་ཐུགས་ཀར་རང་སྲོག་ས་བོན་ཨ་ཧ་རི་ནི་ས། མཚན། །བདུད་རྩིའི་རྒྱུན་བབ་ལུས་གང་སྒྲིབ་དག་གྱུར། །ཨ་ཧ་རི་ནི་ས་ཧཱུྃ། ཞེས་བརྗོད་དགེ་བ་བསྔོ་ཞིང་སྟོང་ཉིད་བསྒོམ། །རབ་ཚེས་ཤིང་སྦྲུལ་ཟླ་༡༠ཚེས་༡༥དྷཱིས་སྤེལ་དགེ། ༈ །།དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའ་ལ་བརྟེན་ནས་ཉམས་གྲིབ་སྦྱང་བའི་ཐབས་ནི། བདག་གི་སྙིང་དབུས་པདྨ་ཟླ་བའི་སྟེང་། །རྩ་བའི་བླ་མ་དཔལ་ལྡན་རྡོ་རྗེ་སེམས། །དཀར་གསལ་རྡོ་རྗེ་དྲིལ་འཛིན་ལོངས་སྐུའི་ཆས། །བདེ་ཆེན་སྙེམས་མ་ཡུམ་དང་མཉམ་པར་སྦྱོར། །སྐུ་ལས་འོད་ཟེར་བདུད་རྩི་དཀར་པོའི་རྒྱུན། །བབ་པས་ལུས་གང་ནད་གདོན་སྡིག་སྒྲིབ་དང་། །དམ་ཚིག་ཉམས་ཆགས་ཐམས་ཅད་དག་གྱུར་ནས། །བདེ་ཆེན་མཉམ་ཉིད་རྡོ་རྗེའི་སྐུ་ཐོབ་གྱུར། །ཨོཾ་བཛྲ་སཏྭ་ཧཱུྃ། ཞེས་ཅི་འགྲུབ་བཟླས་ནས་དགེ་བསྔོ་ཤིས་བརྗོད་བྱའོ། །ས་སྤྲེལ་ཟླ་༣ཚེས་༩ལ་མི་ཕམ་པས་བྲིས་པ་མཆོག་ཏུ་


MR25_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

དགེའོ། ༈ །།མངའ་བདག་ཉང་རིན་པོ་ཆེའི་གཏེར་ཁ་དང་། །གྲོལ་ཐིག་ལས་བྱུང་དམ་གྲིབ་ཉེས་པ་ཀུན་སེལ་ནི། ན་མོ། བླ་མ་མཆོག་གསུམ་ཡི་དམ་ལྷར། །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ། །བླ་མེད་བྱང་ཆུབ་མཆོག་ཐོབ་ཕྱིར། །སྨེ་བ་བརྩེགས་པ་བསྒོམ་པར་བགྱི། །སྟོང་པའི་ངང་ལས་སྐད་ཅིག་གིས། །སྣ་ཚོགས་པད་ཉིའི་གདན་སྟེང་དུ། །རང་ཉིད་ཁྲོ་ཆེན་སྨེ་བརྩེགས་ནི། །མཐིང་ནག་འོད་ཟེར་ཀུན་འཕྲོ་བ། །ཕྱག་གཉིས་ཐུགས་ཀར་སྡིགས་མཛུབ་མཛད། །ཁྲོ་བོའི་ཆ་ལུགས་རྫོགས་པར་བསྒོམ། །གནས་གསུམ་ཡི་གེའི་འཕྲོ་འདུ་ལས། །ཞི་ཁྲོའི་ཚོགས་ཀུན་སྤྱན་དྲངས་ཐིམ། །ཐུགས་ཀར་པད་ཉིར་ཧཱུྃ་མཐིང་མཐར། །བཟླས་སྔགས་མགལ་མེའི་འཁོར་ལོ་བཞིན། །མེ་ཡི་ཚྭ་ཚྭ་འཁྲུག་ཅིང་འཕྲོ། །གནོད་བྱེད་ཉམས་གྲིབ་ཀུན་བསྲེག་གྱུར། །ཨོཾ་ཨིས་ཙི་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ། ཨུ་ཊ་མི་ཊ་ཡ་ཏོར་ཡ་སོགས། མོན་ཊ་ཀྲོ་ཏ་ཡ༴ ཨག་ཀྲོ་ཏ་ཡ༴ ཨ་བྷཱུ་ཀྲོ་ཏ་ཡ༴ ཨུ་ཊ་ཤ་ཏ་ཡ༴ ཨེ་ལིང་ཨེ་ཊ་ཡ༴ ལ་མོན་ཊ་ཡ༴ ཨས་ནི་པིས་ནི་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ། ཨོཾ་བྷུ་ར་ཀུམ་ཧཱ་པྲཱ་ཎ་ཡེ་ར་ཙི་ར་ཀི་བི་མ་ལེ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ་ཏོར་ཡ་ཏོར་ཡ་སྭཱ་ཧཱ། ཞེས་ཉམས་གྲིབ་ཆེན་པོ་ལ་བརྒྱ་རྩ། འབྲིང་བདུན་གསུམ་ཉེར་གཅིག ། ཆུང་ངུ་ལ་བདུན་བཟླས་ལ་སྣ་བུག་ཏུ་ཕུས་བཏབ་པས་ཉམས་


MR25_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

གྲིབ་ཐམས་ཅད་ཉི་མས་མུན་པ་ལྟར་འཇོམས་པར་གསུངས་སོ། །ས་མ་ཡ། རྒྱ། བསྟོད་པ་ནི། བདག་མེད་ལྟ་བའི་ཧེ་རུ་ཀས། །བདག་འཛིན་རཱུ་དྲ་བསྒྲལ་བའི་ཚེ། །སྣམ་ནས་ཁྲོ་བོའི་རྒྱལ་པོ་བྱུང་། །གདུལ་དཀའ་འདུལ་མཛད་ཉིད་ལ་འདུད། །ཅེས་སོ། །འདོན་ཆ་འདི་གཏེར་གཞུང་འབའ་ཞིག་ཡིན་ནོ། །དགེ། ༈ །།རྨི་ལམ་ངན་པ་དང་ལྟས་ངན་སོགས་བཟློག་པ་ལ་ཟབ་པའི་གཙུག་ཏོར་འབར་བའི་སྒྲུབ་ཐབས་བཞུགས་སོ། །རང་ཉིད་སྐད་ཅིག་གཙུག་ཏོར་འབར་བ་ནི། །དམར་སེར་རབ་ཁྲོས་སྤྱན་གསུམ་མཆེ་བ་གཙིགས། །གཡས་པ་རལ་གྲི་གཡོན་པ་སྡིགས་མཛུབ་རྩེར། །མེ་ཡི་འཁོར་ལོ་རྩིབས་བརྒྱད་ཤུགས་དྲག་འཁོར། །དབུ་སྐྲ་དམར་སེར་གྱེན་བརྫེས་སྟག་ཤམས་ཅན། །གཡས་བརྐྱང་སྟབས་བཞུགས་སྐུ་ལས་མེ་འབར་བས། །གནོད་བྱེད་ཐམས་ཅད་རྩྭ་སྦུར་བཞིན་བསྲེག་བསྒོམ། །ན་མཿས་མནྟ་བུདྡྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཏདྱ་ཐཱ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ་ཧཱུྃ། ཛྭ་ལ་ཛྭ་ལ། པྲ་ཛྭ་ལ་ཛྭ་ལ། ཏིཥྛ་ཏིཥྛ་ཥྚིཿ་ཕཊ་ཕཊ། སརྦ་དུ་རྣི་མི་ཏེ་དུ་རྶྭ་པྣ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སངས་རྒྱས་སྟོང་གི་སྔགས་འདི་ནི། །གཙུག་ཏོར་འབར་བ་ཞེས་གྲགས་ཏེ། །ལས་རྣམས་གང་དག་སྟོང་ཕྲག་དང་། །བརྒྱད་ཅུ་དང་ནི་དགུ་ཕྲག་ལྔ། །རྣམ་པ་སྣ་ཚོགས་ལས་རྣམས་དང་། །བཀྲ་ཤིས་དཔལ་གྲགས་ཐམས་ཅད་བྱེད། །རྨི་ལམ་ངན་


MR25_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཚན་མ་ངན། །ལན་གཅིག་བཟླས་བས་སེལ་བར་བྱེད། །བགེགས་རྣམས་མ་ལུས་རབ་ཏུ་འཇིགས། །ཚེ་དང་བསོད་ནམས་འཕེལ་བར་འགྱུར། །ཞེས་གསུངས་པའི་སྔགས་བཟླ་བར་བྱའོ། །ཤིན་ཏུ་ཟབ་པ་ཡིན་ནོ། །ཨྠྀི། བླ་མ་གོང་མའི་གདམས་པ་བཞིན། རབ་ཚེས་མེ་རྟ་ཟླ་ཚེས་ལ་མི་ཕམ་པས་བྲིས་པ་དགེ། ༈ །།གཤིན་རྗེ་གཤེད་དགྲ་འཇོམས་ནག་པོའི་སྒྲུབ་ཐབས་བཞུགས་སོ། །སྐྱབས་སེམས་ཚད་མེད་སྔོན་བཏང་སྟེ། ཨཱཿ སྟོང་ཉིད་འོད་གསལ་ངང་ལས་སྐད་ཅིག་གིས། །རང་ཉིད་གཤིན་རྗེའི་གཤེད་པོ་སྐུ་མདོག་ནག ། ཞལ་གཅིག་ཕྱག་གཉིས་གཡས། བེ་ཅོན་སྡིགས་གཡོན་ཐུགས་ཀར། མཛུབ་ཅན། །ཁྲོ་ཚུལ་ཀུན་ལྡན་དུར་ཁྲོད་ཆས་རྣམས་རྫོགས། །པད་ཉི་མ་ཧེར་ཞབས་གཉིས་དོར་སྟབས་འགྱིངས། །ཞལ་ནས་དྲག་སྔགས་མེ་མཚོན་ཐོག་སེར་འཁྲུགས། །གནོད་བྱེད་སྟོབས་འཕྲོག་ཚེ་བསོད་དྭངས་བཅུད་སྡུད། །མེ་དཔུང་དབུས་བཞུགས་ཐུགས་ཀར་ཉི་སྟེང་ཧཱུྃ། །སྔགས་ཕྲེང་འཁོར་བའི་འོད་ཟེར་སྤྲོ་བསྡུ་ཡིས། །དགྲ་བགེགས་ཚར་བཅད་ཁྲོ་ཚོགས་ནུས་སྟོབས་ཀུན། །བསྡུས་ནས་རང་ཐིམ་ཕྱོགས་ལས་རྣམ་རྒྱལ་ཞིང་། །རྡོ་རྗེ་གསུམ་གྱི་དངོས་གྲུབ་ཐོབ་པར་གྱུར། །ཨོཾ་ཧྲཱིཿཥྚྭཱིཿཝི་ཀྲྀ་ཏཱ་ན་ན་སརྦ་ཤཱ་ཏྲུཾ་ནཱ་ཤ་ཡ་སྟྭམྦྷ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། སྔགས་ཀྱི་ཕྲེང་བ་ཉེར་བཞི་པ། །མ་ཡེངས་ཏིང་འཛིན་ལྡན་


MR25_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིས། །བརྒྱ་རྩ་ལ་སོགས་བགྲང་གྱུར་ན། །བསམ་སྦྱོར་ངན་པའི་དགྲ་དང་བགེགས། །ཐལ་བར་བརླག་འགྱུར་གདོན་མི་ཟ། །བདག་ལ་བསམ་སྦྱོར་ངན་པ་ཡི། །སྡང་བའི་དགྲ་དང་གནོད་པའི་བགེགས། །ཡ་མཱནྟ་ཀའི་མཐུ་སྟོབས་ཀྱིས། །ཟིལ་གྱིས་ནོན་ཅིང་བརླག་གྱུར་ཅིག ། ཅེས་ཀྱང་བྱའོ། །རྒྱུད་ཀྱི་དགོངས་པ་བཞིན་རྒྱ་སྟོད་སྣ་ཆེན་བྲག་དཀར་དུ་མི་ཕམ་པས་བཀོད་པ་དགེའོ། །མངྒ་ལཾ། ༈ །།ལྷ་མཆོག་དྲག་པོ་སུམ་སྒྲིལ་སྒྲུབ་ཐབས་ཁྲོ་ཆུ་ཁོལ་མ་བཞུགས། སྐྱབས་སེམས་ཚད་མེད་བསྒོམ་པ་སྔོན་དུ་བཏང་ནས། ཨཱཿ སྟོང་ཉིད་འོད་གསལ་ངང་ལས་ནི། །སྐད་ཅིག་རང་ཉིད་འཇམ་དཔལ་དབྱངས། །གཤིན་རྗེ་ཀླུ་ཡི་སྲིན་པོ་ཆེ། །སྐུ་མདོག་ནག་པོ་ཧ་ལའི་མདོག །སྲིན་པོའི་ཞལ་ཅན་འཇིགས་སུ་རུང་། །སྦྲུལ་མགོ་དགུ་ཡི་གདེངས་ཀ་གཡོ། །སྐུ་སྨད་སྦྲུལ་གྱི་མཇུག་མ་ཅན། །བཅོ་བརྒྱད་ཕྱག་གི་གཡས་པ་དགུས། །གྲི་གུག་གཡོན་དགུ་སྦྲུལ་ཞགས་བསྣམས། །རི་རབ་པད་ཉི་ཟླ་སྟེང་བཞུགས། །སྐུ་དང་ཞལ་ལས་མེ་འབར་བས། །ནད་དང་གདོན་བགེགས་ཐུལ་ཐུལ་བསྲེག །དེ་ཡི་མགྲིན་པར་པད་ཉིའི་སྟེང་། །རྟ་མགྲིན་ནཱ་ག་ཀླུ་འདུལ་ནི། །དམར་པོ་དོར་ཐབས་ཁྲོ་བོའི་སྐུ། །དབུ་གཙུག་རྟ་ཞལ་རྔམ་སྒྲ་སྒྲོགས། །ཕྱག་གཉིས་གྲི་གུག་ཐོད་ཁྲག་བསྣམས། །དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན། །རང་གི་ཐུགས་ཀའི་


MR25_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་ནི། །ཕྱག་རྡོར་གཏུམ་པོ་ཁྲོ་ཆེན་ནི། །མཐིང་ནག་དོར་སྟབས་ཁྲོ་ཞལ་གཙིགས། །ཕྱག་ན་རྡོ་རྗེ་དྲིལ་བུ་བསྣམས། །དུར་ཁྲོད་ཆས་རྫོགས་ཁྱུང་ལྔས་བརྒྱན། །པདྨ་ཉི་ཟླར་གདོན་བགེགས་མནན། །ལྷ་གསུམ་སྐུ་ལས་ཡེ་ཤེས་ཀྱི། །མེ་དཔུང་དྲག་འབར་གདོན་བགེགས་བསྲེགས། །དྲག་སྔགས་འདི་ཉིད་དྲིལ་ལ་བཟླ། །ཨོཾ་ཨཱཿཧཱུྃ་ནག་པོ་ཏི་པ་ཙ་ཡ་ནཱ་ག་རཀྴ་ཕེ་ལང་ཧཱུྃ། ཧྲཱིཿཔདྨཱནྟ་རྡོ་རྗེ་འཇིགས་བྱེད་སྒྲུབ་ཐབས་སོགས། ཀྲིཏ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ནཱ་ག་སརྦ་རྦད་ནན། ཧཱུྃ་བཛྲ་ཙཎྚ་མ་ཧཱ་ཀྲོདྷ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ། ག་རུ་ཎ་ནཱ་ག་པྲ་མ་ཏི་གཏུབས། ནཱ་ག་པྲ་མ་ཏི་མྱོགས་མྱོགས་རྦད་ཧཱུྃ་ཕཊ། ནུབ་རེར་བརྒྱ་རྩ་ཙམ་བཟླས་པས། །གདོན་བགེགས་ཐུལ་བའི་རྟགས་འབྱུང་ཞིང་། །ནད་གདོན་བར་ཅད་ཀུན་ལས་རྒྱལ། །སྐུ་གསུང་ཐུགས་ཀྱི་ལས་རྒྱུད་ལས། །མི་ཕམ་རྣམ་པར་རྒྱལ་བས་བྲིས། །ཟབ་པའི་མཐར་ཐུག་རྡོ་རྗེའི་རྒྱའོ། །ཤིང་འབྲུག་ཟླ་༡༢ཚེས་༨ལ་རྒྱ་སྟོང་སྣ་ཆེན་བྲག་དཀར་གྱི་སྒྲུབ་གནས་སུ་བཀོད་པ་དགེའོ། །མངྒ་ལཾ། ༈ །།ཚེ་སྒྲུབ་གསང་བ་འདུས་པའི་རྒྱུན་གྱི་ཉམས་ལེན་སྙིང་པོར་དྲིལ་བ་འཆི་མེད་རྡོ་རྗེའི་སྲོག་སྒྲུབ་ནི། ཞག་རེ་རེ་བཞིན་དུ་ཐོ་རངས་བྱ་རོག་མ་གྲགས་ལག་རིས་མི་མཐོང་ཙམ་ན་མལ་ནས་ལངས་ལ། ཞེས་གསུངས། ནས་ཉི་མ་མ་ཤར་བའི་བར་གྱི་ཆ་གང་རུང་ལ་མལ་ནས་ལངས་ཏེ་ཙོག་པུར་


MR25_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་ལ་སྐྱབས་སེམས་བྱ། རང་ཚེ་དཔག་མེད་དམར་པོ་ཚེ་བུམ་ཅན། པར་གསལ་བའི་སྤྱི་བོར་པདྨ་དཀར་པོ་འདབ་སྟོང་གི་དབུས་སུ་ཨོ་རྒྱན་པདྨ་ཚེ་དཔག་ཏུ་མེད་པ་ཡབ་དམར་པོ་ལོངས་སྤྱོད་རྫོགས་སྐུ་ཚེ་བུམ་འཛིན་པ། ཡུམ་གསང་ཡེ་དམར་མོ་པད་ཕྲེང་དང་ཚེ་བུམ་བསྣམས་པའོ། །ཡབ་ཡུམ་འོད་ཀྱི་སྐུ་ཅན་དུ་གསལ་ལ་མོས་གུས་དྲགས་པོས་ཚེ་ཡི་དངོས་གྲུབ་སྩོལ་བར་གསོལ་བ་ཡིད་ཀྱིས་བཏབ་པའི་མོད་ལ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་ཡེ་ཤེས་དང་། ཕྱི་སྣོད་འབྱུང་ལྔ། ནང་བཅུད་ལྷ་དང་དྲང་སྲོང་སོགས་འཁོར་བཅས་ཀྱི་ཚེ་བཅུད་དཔལ་ཡོན་ཐམས་ཅད་འཆི་མེད་བདུད་རྩིའི་རྣམ་པར་འདུས་ཏེ་ཕྱིའི་བུམ་པ་གང་བའི་རྒྱུན་དང་། ཡབ་ཡུམ་གྱི་སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་བདུད་རྩི་ནར་གྱིས་བྱུང་བས། རང་གི་སྤྱི་བོ་ནས་ལུས་གང་། ཚེ་ཡི་བར་ཆད་ཐམས་ཅད་ཞི། དྭངས་མས་སྙིང་གའི་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་ཉི་ཟླའི་གྭའུའི་ནང་གི་སྲོག་རྟེན་འབྲུ་ཨ་ནྲྀ་ཧཱུྃ། གསུམ་དབུས་སུ་སྲོག་མི་འགྱུར་བའི་ཡི་གེ་ནྲྀ་ལྗང་གུ་འོད་ལྔ་འཕྲོ་བ། གཡས་སུ་སྲོག་མི་འགྱུར་བའི་ཡི་གེ་ཨ་དཀར་པོ། གཡོན་སྲོག་མི་འགྱུར་བའི་ཡི་གེ་ཧཱུྃ་མཐིང་ག་དེ་གསུམ་བཀྲག་འོད་ལྡན་པར་བསམ། གསོས་ཏེ་བཀྲག་མདངས་ལྡན་པར་བསམས་ལ། ཨོཾ་གུ་རུ་ཨཱ་ཡུཿསིདྡྷི་ཧཱུྃ་ཧྲཱིཿཨཱ་མཱ་ར་ཎི་ཛི་ཝནྟི་ཡེ་སྭཱ་ཧཱ། བརྒྱ་རྩ་བཟླ། མཐར་ཉི་ཟླའི་གྭའུ་ཁ་འགྲིགས་རྡོ་རྗེ་རྒྱ་གྲམ་གྱི་རྭ་བཞིས་རྒྱས་གདབ།


MR25_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མགྲིན་གྱི་སྔགས་ཀྱིས་བཅིངས་པས་བསྲུང་། །དེའི་སྟེང་དུ་སྤྱི་བོའི་བླ་མ་ཡབ་ཡུམ་ཡེ་ཤེས་ཀྱི་བདུད་རྩིར་ཞུ་བ་དབུ་མའི་ལམ་ནས་མར་བབས་ཤིང་སྲོག་རྟེན་ལ་ཐིམ་པས་གཞོམ་གཞིག་དང་བྲལ་བར། བྱིན་གྱིས་བརླབ། ཚེ་དཔག་མེད་ཚོན་གང་བ་ཞིག་དབང་རྟགས་སུ་བཞུགས་པས་རྒྱས་གདབ་པར་བསམས་ལ་ཚེ་གཟུངས་ཚར་གཅིག་བརྗོད་དེ་སྟོང་པ་ཉིད་དུ་བློ་བཞག །སླར་ཡང་། སྟོང་པའི་ངང་ལས་རྨ་བྱ་བརྒྱད་ཀྱིས་བཏེགས་པའི་ཁྲི་པད་ཉི་ཟླ་གདན་ལ་པདྨ་རཱ་གའི་རྡོ་རྗེ་ཚོན་གང་བ་ལྟེ་བར་ཧྲཱིཿ དམར་པོས་མཚན་པ་ལས་འོད་ཟེར་འཕྲོ་འདུས་རང་ཉིད་ཚེ་དཔག་མེད་དམར་པོ་ལོངས་སྐུའི་ཆས་ཅན་འཇའ་འོད་ཀྱི་གུར་ན་བཞུགས་པ། ཕྱག་གཉིས་མཉམ་གཞག་གི་གསེར་བུམ་བདུད་རྩིས་གང་བ་བསྣམས་པའི་སྙིང་པདྨ་དཀར་པོ་ཤེལ་གོང་དག་པ་ལྟ་བུ་བུམ་དབྱིབས་ཀྱི་དབུས་སུ་ཉི་ཟླའི་གདན་ལ་ཡེ་ཤེས་སེམས་དཔའ་ཚེ་དཔག་མེད་དཀར་པོ་མཉམ་གཞག་ཚེ་བུམ་ཅན་རང་འདྲའི་ཡུམ་དང་འཁྱུད་པ། འོད་དང་འོད་ཟེར་འབར་བ། དེའི་ཐུགས་ཀར་གསེར་གྱི་རྡོ་རྗེའི་ལྟེ་བར་ཉི་ཟླའི་གའུར་ཧྲཱིཿ དམར་པོའི་ཁོག་པར་ནྲྀ་ལྗང་གུ། དེའི་མཐར་རྩ་བའི་སྔགས་ཀྱིས་བསྐོར་བརགསལ། རླུང་རོ་གསུམ་བསལ་ལ། འཇམ་རླུང་བཟུང་བས། རྩ་ཁམས་ཐམས་ཅད་བདེ་དྲོད་ཆིལ་གྱིས་བྱུང་བས་ཡེ་ཤེས་སེམས་དཔལ་ཡབ་ཡུམ་སྦྱོར་བ་མཛད་པའི་


MR25_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་ཀྱི་བདུད་རྩིས་སྙིང་ནང་དང་ལུས་གང་། ཤངས་དང་གནས་གསུམ་བ་སྤུའི་བུ་ག་ཀུན་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཚེ་དཔག་ཏུ་མེད་པ་དང་། བརྟན་གཡོ་སྣོད་བཅུད་ཀྱི་ཚེ་བསོད་དཔལ་འབྱོར་ཐམས་ཅད་དང་། རང་གི་ནྲྀ་འཁྱམས་པ། སྣང་སྲིད་འཁོར་འདས་ཐམས་ཅད་ཨ་ནྲྀ་ཧཱུྃ་གི་རྣམ་པར་འུབ་ཀྱིས་བསྡུས་པ། རང་གི་གནས་གསུམ་ནས་ཞུགས། དེས་ལུས་གང་། དྭངས་མ་ཐམས་ཅད་སྙིང་གའི་ནྲྀ་ལ་ཐིམ་པས་བཀྲག་མདངས་འབར། ལུས་བཅུ་དྲུག་ལང་ཚོ་དང་ལྡན་ཅིང་གཞོམ་མེད་རྡོ་རྗེའི་ཚེ་གྲུབ་པར་བསམས་ལ། བུམ་ཅན་བདུན་ནམ་ཉེར་གཅིག་བཟུང་། དེ་རྗེས་གོང་གི་དམིགས་པ་བྱས་ལ། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་བཛྲ་ཨཱ་ཡུཿཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ བརྒྱ་རྩ་བརྒྱད་བཟླ། དེ་ནས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་སྤྲིན་ཕུང་ཕྱོགས་བཅུར་འཁྲིགས་པས་ཚེ་བཅུད་བསྡུ་ཞིང་ཚེ་ཡི་དབང་བསྐུར་བར་བསམས་ལ། ཚེ་ལྷ་རྣམས་གསུམ་འཇམ་དཔལ་དམར་པོ་སོགས་གང་འདོད་སྙིང་པོ་ཚར་རེ་དང་། ཚེ་འགུགས་རྒྱས་བསྡུས་ཅི་རིགས་བྱ། མཐར་སྣང་སྲིད་ཐམས་ཅད་ཚེ་ཡི་འོད་ཟེར་དཀར་དམར་དང་འབྲུ་གསུམ་གྱིས་གང་བ་ཐམས་ཅད་བདག་ལ་ཐིམ། བདག་ཐུགས་ཀའི་ཕྱག་མཚན་ས་བོན་གྱི་བར་དུ་བསྡུས་ནས། དེའང་ནམ་མཁའ་ལ་ཐིམ་སྟེ་སྟོང་ཉིད་འགྱུར་མེད་མཉམ་པ་ཉིད་ལ་བློ་


MR25_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བཞག །དེ་ནས་དགེ་བསྔོ་ཤིས་བརྗོད་བྱའོ། །དེས་རྡོ་རྗེ་སེམས་དཔའི་ཚེ་དང་ལང་ཚོ་འགྲུབ་པར་གདོན་མི་ཟའོ། །རབ་ཚེས་མེ་སྤྲེལ་ཟླ་༥ཚེས་༡༡གཟའ་སྐར་དགེ་བ་ལ་འཆི་མེད་མཆོག་གྲུབ་གླིང་དུ་མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེས་བཀོད་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ། ༈ །སྐྱབས་སེམས་སོགས་སྔོན་དུ་སོང་ནས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པདྨ་ཉི་ཟླའི་སྟེང་དུ་ཧཱུྃ་ལས་བདག་ཉིད་ཁྲོ་རྒྱལ་རྡོ་རྗེ་གཙུག་ཏོར་མཐིང་ནག་དུས་མཐའི་སྤྲིན་ལྟ་བུ། རྩ་ཞལ་ཉིས་བརྒྱ་མཐིང་ལ་རྔམ་པ། གཡས་ཞལ་ཉིས་བརྒྱ་སེར་པོ་འཛུམ་པ། རྒྱབ་ཞལ་ཉིས་བརྒྱ་དམར་པོ་ཆགས་པ། གཡོན་ཞལ་ཉིས་བརྒྱ་ལྗང་གུ་གཏུམ་པ། སྟེང་ཞལ་ཉིས་བརྒྱ་དཀར་པོ་བཞད་པའི་དབུ་སྟོང་དང་ལྡན་པ། བྱེ་བ་བརྒྱ་ཕྲག་འབུམ་གྱི་སྤྱན་མངའ་བ། དམར་ཟླུམ་སྡང་མིག་གློག་ལྟར་ཀུན་ཏུ་གཟིགས་ཤིང་། རྫི་སྨིན་ཨག་ཚོམ་དམར་སེར་མེ་ལྟར་འབར་བ། གནམ་ལྕགས་རལ་གྲི་ཕྱར་བའི་ཕྱག་སྟོང་མངའ་ཞིང་། དུར་ཁྲོད་འབར་བའི་ཆས་ཅན་ཞབས་གཉིས་དོར་སྟབས་སུ་བགྲད་པ། གར་རྡོ་རྗེ་འཇིགས་བྱེད་སྒྲུབ་ཐབས་སོགས། གར་དགུའི་ཉམས་ཀྱིས་སྲིད་གསུམ་ཟིལ་གྱིས་གནོན་ཅིང་བསྐལ་པའི་མེ་དཔུང་འཁྲུགས་པའི་ཀློང་ན་བཞུགས་པའོ། །ཞལ་གདངས་པའི་ཡ་སོ་ཧཱུྃ་ལས་ཁྲོ་བོ་བཅུ་དང་མ་སོ་ཧྲཱིཿལས་ཁྲོ་མོ་བཅུ་རུ་གཙིགས་པ། མགྲིན་པར་ཉི་མ་དང་ཟླ་བ། ལྗགས་


MR25_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

རྣོ་ངར་རལ་གྲི་འབར་བའི་རྣམ་པར་སྐྱོང་བའི་གནས་གསུམ་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་ལས་འོད་འཕྲོས། རྡོ་རྗེ་གསུམ་གྱི་ལྷ་ཚོགས་བསྡུས་ཏེ་ཐིམ་པས། སྤྱི་བོར་རྣམ་སྣང་དཀར་པོ། མགྲིན་པར་སྣང་མཐའ་དམར་པོ། ཐུགས་ཀར་མི་བསྐྱོད་པ་མཐིང་ག་གསུམ་ཞལ་གཅིག་ཕྱག་གཉིས་ལོངས་སྐུའི་ཆས་ཅན། གཡས་སོ་སོའི་རང་རྟགས་འཁོར་ལོ་པདྨ་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པས་མཚན་པར་གྱུར། ཡང་ན། གནས་ལྔར་འབྲུ་ལྔའི་སྤྲོ་བསྡུས་རིགས་ལྔའི་ཁྲག་འཐུང་ཞལ་གཅིག་ཕྱག་གཉིས་གཡས་རང་རྟགས་དང་། གཡོན་དུང་ཁྲག་འཛིན་པ་དུར་ཁྲོད་ཀྱི་ཆས་ཅན་གར་དགུའི་ཉམས་ཀྱིས་འབར་བའི་སྟབས་སུ་བཞུགས་པའོ། །སླར་ཡང་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་བསྟིམ། མཆོད་བསྟོད་བྱ། རང་གི་སྐུ་ལས་རྡོ་རྗེའི་མེ་ལྕེ་འབར་བ་སྔགས་ཀྱི་ཚྭ་ཚ་དང་བཅས་པར་འཕྲོས་པས་ཕ་རོལ་རིག་སྔགས་བྱད་མ་མཁན་དང་གནོད་བྱེད་ཐམས་ཅད་བྱ་སྒྲོ་མེས་བསྲེགས་པ་ལྟར་རྡུལ་བུན་བུན་འཚིག་ཅིང་སྟོང་པར་བསམས་ལ། ངག་འགྲོལ་གཟུངས་རིང་ཐུང་གང་འགྲུབ་བཟླ། འོད་གསལ་དུ་བསྡུ་ཞིང་ཕྱག་རྒྱ་ཆེན་པོའི་ངང་དུ་མཉམ་པར་བཞག་གོ། བུམ་ཁྲུས་བྱེད་ན། རྒྱུན་འབབ་ཆུ་དང་བ་དམར་ཟལ་འོ་མར་རྫས་བཏབ་བུམ་པར་དམིགས་ནས། བྷྲཱུྃ་ལས་རིན་


MR25_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་རྫོགས་པ་བདུད་རྩིའི་ཆུས་གང་བའི་དབུས་སུ་ལྷ་སྔར་ལྟར་བསྐྱེད་བསྟིམ་མཆོད་བསྟོད་བྱ། རང་སྲོག་སྔགས་ཀྱི་འོད་ཟེར་སོགས་གཟུངས་རིང་ཐུང་གང་འགྲུབ་བཟླ། དེའང་རྒྱལ་ཕུར་རམ་རྒྱལ་ལ་བྱ། མཐར་དུང་ཆོས་ཀྱི་ཆུ་འབྲུ་གསུམ་གྱི་རྣམ་པར་ཕུལ་བས་ལྷ་རྣམས་བདུད་རྩིར་ཞུ་བར་བསམས་ལ་ཁྲུས་བྱའོ། །བདག་མདུན་སྟབས་གཅིག་ཏུ་བསྒྲུབ་ཀྱང་རུང་ངོ་། །མི་ཕམ་པས་གཞུང་ལྟར་བྲིས་པ་མངྒ་ལཾ། ༈ །འཇིགས་བྱེད་ཟིན་བྲིས་ཐོར་བུའི་སྐོར་བཞུགས་སོ། །མ་ཏི་པཎ་ཆེན་གྱི་དངོས་སློབ་ལོ་ཙཱ་བ་རྡོ་རྗེ་དཔལ་གྱིས། ཡ་མ་སོ་གཉིས་ནི། གོང་དུ་གཤིན་རྗེའི་རྒྱལ་པོ་རྟག་པར་བདག །འདྲེན་པ་གང་ཞིག་བདག་ལ་རིང་དུ་བརྩེ། །ངེས་པར་གནོད་སྦྱིན་མིན་གང་བརྩེ་བ་གང་། །གང་ཞིག་ནད་མེད་སྩོལ་མཛད་གནོད་སྦྱིན་ལ། །ཞེས་བསྒྱུར། འདིར་སྔགས་འཁོར་སྐབས། རྡོར་སེམས་ཐུགས་ཀར་རྒྱུའི་འཇམ་དཔལ། དེའི་ཐུགས་ཀར་ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པ་སྔོན་པོ། དེའི་ལྟེ་བར་འཁོར་ལོ་རྩིབས་བརྒྱད་པ་གུར་ཐབས། དེའི་ནང་དུ་པདྨ་དམར་པོ་འདབ་བརྒྱད། དེ་གཉིས་ཀྱི་ལྟེ་བ་སྤྲད་ཅིང་པད་འདབ་བརྒྱད། འཁོར་ལོའི་རྩིབས་བརྒྱད་ཀྱི་ནང་དུ་སོང་བ། ལྟེ་བར་ཧཱུྃ་སྔོན་པོའི་མཐར་ཉེ་སྙིང་དང་། དེའི་མཐར་སྙིང་པོ་གཉིས་གཡས་བསྐོར། འདབ་མའི་སྟེང་


MR25_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

གི་བར་སྣང་ལ། ཤར་དུ་ཡ་མ་རཱ་ཛ། མེར་ས་དོ་མེ་ཡ། ལྷོར་ཡ་མེ་དོ་རུ། སྲིན་པོར་ཎ་ཡོ་ད་ཡ། ནུབ་ཏུ་ཡ་དཱ་ཡོ་ནི། རླུང་དུ་ར་ཡཀྵེ་ཡ། བྱང་དུ་ཡཀྵེ་ཡཙྪ། དབང་ལྡན་དུ་ནི་རཱ་མ་ཡ་རྣམས་ལངས་ཐབས་སུ་ཡོད་པའི་སྟེང་དུ་ཨོཾ། འོག་ཏུ་ཧཱུྃ་ཕཊ་རྣམས་ཁ་དོག་སྔོན་པོ། འདི་ནས་དབུས་ཀྱི་ཧཱུྃ་གི་ཀླད་ཀོར་དུ་ཡ་བསྒོམ། ཨོཾ་བརྒྱད་འཁོར་ལོའི་རྩིབས་ནང་དུ་བསྒོམ། ཧཱུྃ་ཕཊ་བརྒྱད་འདབ་བརྒྱད་ཀྱི་རྩ་བར་འགོད་ཅེས་འགའ་ཞིག་ལས་བྱུང་བར་མཆན། དེ་རྣམས་ལས་ལས་དང་མཐུན་པའི་འོད་ཟེར་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་ཞིང་། ཞི་རྒྱས་ལ་སོགས་པའི་ཕྲིན་ལས་སོ་སོའི་དམིགས་པ་དཀྱུས་བཞིན་གསལ་བཏབ་ལ། ཉེ་སྙིང་། སྙིང་པོ། ཡ་མ་སོ་གཉིས་ལ་མགོར་ཨོཾ། མཇུག་ཏུ་ཧཱུྃ་ཕཊ་སྦྱར་བའམ། རྟོག་གསུམ་སྔགས་བཅུ་དང་། རྟོག་བདུན་ལས་ཧཱུྃ་མེད་པར་ཕཊ་གཉིས་སྦྱར་བ་ཡོད། སྔགས་རྣམས་ཅི་ནུས་བཟླས་མཐར། ཡ་མཱནྟ་ཀ་དྲུག་འབུམ། ཧྲཱིཿཥྚཱི་སུམ་འབུམ། ཡ་མ་རཱ་ཛ་འབུམ་བཅས་བསྙེན་ཚད་དོ། །བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། མྱུར་དུ་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཀྱི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་


MR25_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་ལ། སྣོད་བཅུད་གཞལ་ཡས་ཁང་གདན་བཅས་རང་ལ་བསྟིམ། རང་ལྷའི་ང་རྒྱལ་གྱིས་གཏོར་མའི་རྣལ་འབྱོར་སོགས་ལ་འཇུག་པར་བྱའོ། །སྲུང་འཁོར་སྐབས་ཐུན་མིན་རྭ་ལུགས་ཨུཥྞཱི་ཥའི་ཁྲོ་བཅུའི་སྲུང་འཁོར་ནི། སྟོང་པའི་ངང་ལས་པྃ་ལས་པདྨ་རྃ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས་པས། སྲ་བརྟན་མི་ཕྱེད་པའི་རྡོ་རྗེའི་ས་གཞི་འབྲུ་ཡུངས་བརྡལ་བ་ལྟ་བུ་སྔོན་པོ། རྭ་བ་ཟླུམ་པོ། རྡོ་རྗེ་གྱེན་འགྲེང་ནག་པོ། དྲ་བ་གུར་དེའང་ཟླུམ་པོ། བླ་རེ་ནང་གི་སྟེང་། ཡངས་ཤིང་རྒྱ་ཆེ་བའི་ཕྱི་རོལ་ཏུ་བསྐལ་པའི་མེ་ལྟ་བུའི་ཡེ་ཤེས་ཀྱི་མེ་རི་འབར་བའི་སྲུང་བའི་འཁོར་ལོར་གྱུར། དེ་ནས་གཙུག་ཏོར་སྲུང་བ་ནི། དེའི་དབུས་སུ་བྷྲཱུྃ་ལས་འཁོར་ལོ་སེར་པོ་གུར་ཐབས་རྩིབས་བཅུ་པའི་ལྟེ་བ་དང་རྩིབས་རྣམས་ཀྱི་ནང་དུ་རཾ་ལས་ཉི་དཀྱིལ་རེ་རེ། དབུས་ཀྱི་ཉི་སྟེང་རང་ཉིད་ཧཱུྃ་ལས་གཙུག་ཏོར་འཁོར་ལོས་སྒྱུར་བ་སེར་པོ། གཡས་འཁོར་ལོ། གཡོན་བསྡིགས་མཛུབ་དང་བཅས་པས་ཞགས་པ་འཛིན་པ། དེའི་ཐུགས་ཀ་ནས་ཧཱུྃ་བཅུ་འཕྲོས་པས་ཤར་དུ་གཤིན་རྗེའི་གཤེད་སྔོ་ནག་གཡས་ཐོ་བ། ལྷོར་ཤེས་རབ་མཐར་བྱེད་དཀར་པོ་གཡས་དབྱུག་པ། ནུབ་ཏུ་པདྨ་མཐར་བྱེད་དམར་པོ་གཡས་པདྨ། བྱང་དུ་བགེགས་མཐར་བྱེད་སྔོ་ནག་གཡས་རྡོ་རྗེ། ཤར་ལྷོར་འདོད་


MR25_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྔོ་ནག་གཡས་ལྕགས་ཀྱུ། ལྷོ་ནུབ་དབྱུག་སྔོན་ཅན་སྔོ་ནག་གཡས་དབྱུག་ཏོ། ནུབ་བྱང་སྟོབས་པོ་ཆེ་སྔོ་ནག་གཡས་རྩེ་གསུམ། བྱང་ཤར་མི་གཡོ་བ་སྔོ་ནག་གཡས་རལ་གྲི། སྟེང་དུ་ཧཱུྃ་མཛད་སྔོ་ནག་གཡས་རྡོ་རྗེ། འོག་ཏུ་གནོད་མཛེས་སྔོ་ནག་གཡས་གཏུན་ཤིང་འཛིན་པ། ཐམས་ཅད་ཀྱང་གཡས་ཕྱག་མཚན་ཕྱར་ཞིང་གཡོན་ཐུགས་ཀར་བསྡིགས་མཛུབ་མཛད་པ། ཁྲོ་བོའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། འཁོར་རྣམས་ཞལ་ནང་དུ་གཟིགས་ཤིང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་སུ་བཞུགས་པའོ། །དེ་རྣམས་ཀྱི་མིག་ཀྵིཾ། རྣ་ཛྲི། སྣ་ཁཾ། ལྕེ་གཾ དཔྲལ་བ་ྈྐཾ ལྟེ་བཾ། བར་ཡི་གེ་དྲུག །གནས་གསུམ་ཨོཾ་སོགས་འབྲུ་གསུམ་མཚན་པའི་ཧཱུྃ་ལས་འོད་འཕྲོས། རང་བཞིན་གྱི་ཁྲོ་བོ་རྣམས་སྲུང་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས། ཤབྡའི་བར་གྱིས་མཆོད། ཛཿཧཱུྃ་བྃ་ཧོཿཞེས་གཉིས་སུ་མེད་པར་བསྟིམ། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་འཕྲོས་པས་དབང་ལྷ་རིགས་ལྔ་ཨོཾ་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས་པ་ལ། པུཥྤེ་སོགས་ཀྱིས་མཆོད། བཅོམ་ལྡན་འདས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་སོགས་ནས། ཤྲེ་ཡེ་ཧཱུྃ། ཞེས་གསུངས་ཤིང་བུམ་ཆུས་དབང་བསྐུར།


MR25_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས། ཤེས་རབ་མཐར་བྱེད་ལ་རྣམ་སྣང་། པདྨ་མཐར་བྱེད་ལ་སྣང་མཐའ། གཞན་ཐམས་ཅད་ལ་མི་བསྐྱོད་པས་དབུར་བརྒྱན། ཨོཾ་ཨཱཿརཱུ་པ་བཛྲི་ཎི་ཧཱུྃ། དེ་བཞིན་ཤབྡ། གནྡྷེ། རཱ་ས། སྤརྴེ་རྣམས་སོ་སོའི་ཕྱག་རྒྱ་བཅས་ལྷ་མོ་ལྔས་མཆོད། འཁོར་ལོའི་རྩིབས་རྣོན་པོའི་བར་མཚམས་བརྒྱད་དུ་མེ་ང་གི་སྟེང་དུ་དགྲ་བགེགས་ཀྱི་གཟུགས་སྤྱི་ཚུགས་སུ་གནས་པ། འཁོར་ལོ་གཡས་སུ་འཁོར་བས་ཉལ་ཉལ་གཏུབ་ཅིང་ཁྲོ་བོ་རྣམས་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་འབྲུག་ལྟར་སྒྲོགས་པར་བསྒོམས་ལ། ཨོཾ་ཨཱཿཨུཥྞཱི་ཥ་བཛྲ་ཙཀྲ་ཝརྟི། སརྦ་ལོ་ཀི་ཀ །ལོ་ཀཏྟོ་ར་ཎི། ཡནྟྲ་མནྟྲ་པྲ་ཡོ་གི་ནི། སརྦ་བི་ཥ་བི་ཙུ་རྞྞཱ་ཡ། བི་ཙུ་ཀྲྀ་ཡ། མ་མ་ཀྲྀ་ཏེ། ཡེ་ན་ཀེ་ན་ཙིཏྟ་ཀྲྀ་ཏཱ་ནི་ཏཱ་ནི། སརྦ་བི་གྷྣཱན། ཚིནྡྷ་ཚིནྡྷ། བྷིནྡྷ་བྷིནྡྷ། ཀ་མཱ་ཡ། ཀི་མྤ་ཡ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། བི་དྷྭཱཾ་ས་ཡ་བི་དྷྭཱཾ་ས་ཡ། ཤ་ཏ་ས་ཧ་སྲ་སརྦ་བི་ཥ་བི་ཙུ་རྞྞཱ་ཡ་བི་ཙུརྞྟཱ་ཡ། བཛྲ་ཨུཥྞཱི་ཥ་ཙཀྲ་ཝརྟི། བྷྲཱུྃ་བྷྲཱུྃ་བྷྲཱུྃ། རཀྵ་རཀྵ་རཀྵ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་ཉེར་གཅིག་སོགས་བཟླས་མཐར། ཨོཾ་བྷ་ཡ་ནཱ་ས་ནི། ཏྲཱ་ས་ནི། སརྦ་མཱ་ར། པྲ་ཏྱཾ་གི་ར། བི་ནཱ་ས་ནི། ཨེ་ཀེ་ཙི་ཏ། དུཥྚཱཾ་སཏྭ་མ་མ་བི་རཱུ་པ་ཀཾ ཀུརྦནྟི་ཏཱ་ནི། སརྦ་མཱ་ར་ཎི། པྲ་ཏྱཾ་ཀ་རི་ཎི།


MR25_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

སཱ་ཏ་ཏུ་ཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་བཟླས་ལ་བདེན་བརྗོད་དང་། དགྲ་བགེགས་གདུག་པའི་བསམ་སྦྱོར་ངན་པ་ཞི་བར་གྱུར་ཅིག གལ་ཏེ་མ་ཞི་ན་དེ་དག་གི་ལུས་ངག་ཡིད་གསུམ་བཅིང་བ་དང་། མཐུ་སྟོབས་རྫུ་འཕྲུལ་བརླག་པར་གྱུར་ཅིག དེས་བཟླས་པའི་སྔགས་ཀྱི་ནུས་པས་བརླག་པ་དང་། དེས་བསྒྲུབས་པའི་ལྷ་འདྲེས་དེ་ཉིད་ཀྱི་ཤ་ཟ་བར་གྱུར་ཅིག དེས་སྦྱོར་བ་ངན་པ་བྱས་པའི་འབྲས་བུ་ཁོ་རང་ལ་འབྱུང་བར་གྱུར་ཅིག ཅེས་བརྗོད་ཐལ་མོ་ལན་གསུམ་བརྡབ། སངས་རྒྱས་ཀྱིས་ནི་བདུད་ཕམ་སོགས་བདེན་པ་དང་། ཁྲོ་བོ་འབར་བའི་ཚོགས་རྣམས་ཀྱིས། །དགྲ་བགེགས་རྣམས་ནི་ཐམས་ཅད་ཀྱི། །ལུས་ངག་ཐལ་བའི་རྡུལ་དུ་རློག །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཞེས་བརྗོད་དོ། །འདི་ཕྱིར་བཟློག་ལ་ཟབ་བོ། ༈ །ཨོཾ་ཤྲཱི་དཔལ་ཡ་མཱནྟ་ཀ་གཤིན་རྗེའི་གཤེད་ས་མ་ཡ་དམ་ཚིག །མ་ནུ་པཱ་ལ་ཡ་རྗེས་སུ་སྐྱོངས་ཤིག །ཡ་མཱནྟ་ག་ཏྭེ་ནོ་པ། ཉིད་ཀྱི་ཉེ་བར་གནས་པའོ། །ཏིཥྛ་བརྟེན་པར་བཞུགས། དྲྀ་ཌྷོ་བརྟན་པ། མེ་བྷ་ཝ་བདག་ལ་མཛོད། སུ་ཏོ་ཥྱོ་ཤིན་ཏུ་དགྱེས་པར། མེ་བདག་ལ། བྷ་ཝ། མཛོད། ཨ་ནུ་རཀྟོ་མེ་བྷ་ཝ་བདག་ལ་རྗེས་སུ་ཆགས་པར་མཛོད། སུ་པོཥྱོ་མེ་བྷ་ཝ་བདག་ལ་ཤིན་ཏུ་རྒྱས་པར་མཛོད། སརྦ་སིདྡྷི་མྨེ་པྲ་ཡཙྩ། དངོས་གྲུབ་ཐམས་ཅད་བདག་ལ་སྩོལ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ། ཤྲེ་ཡཿཀུ་རུ་ཧཱུྃ་ལས་ཐམས་ཅད་


MR25_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་སེམས་ལ་དགེ་ལེགས་སུ་གྱིས། ཧ་ཧ་ཧ་ཧ་ཧོཿ བཞད་དགྱེས། བྷ་ག་ཝཱན། བཅོམ་ལྡན་འདས། ཡ་མཱནྟ་མཱ་མེ་མུཉྩ། བདག་གྲོལ་བར། ཡ་མཱནྟ་ཀོ་བྷ་ཝ། གཤིན་རྗེའི་གཤེད་ཅན་དུ་གྱུར་ཅིག །མ་ཧཱ་ས་མ་ཡ་སཏྭ་དམ་ཚིག་སེམས་ཆེན་པོ། ཨཱཿཧཱུྃ་ཕཊ། ཅེས་སོ། །ས་སྐྱའི་སྒྲུབ་ཐབས་སྤར་མ་ལས་སོ། ༈ །ཡང་བཟླས་དམིགས་ལ། རང་ཐུགས་ཧཱུྃ་གི་སྙིང་། མཐར། ཡ་མཱནྟ་ཀ ཧྲྀཥྚི། ཡ་མ་རཱ་ཙ་རྣམས་བསྐོར། དེ་ནས་མེ་རླུང་གི་ཁྲོད་ནས་འཇིགས་བྱེད་ཀྱི་སྐུ་ཕྲ་མོ་གྲངས་མེད་འཕྲོས། མ་ཧེའི་ཞལ་གྱི་ཤངས་བུག་གཡས་ནས་ཐོན། བར་ཆད་ཐམས་ཅད་ཚར་བཅད། སྣོད་བཅུད་ཐམས་ཅད་ལ་ཕོག་པས་འཇིགས་བྱེད་རྟེན་བརྟེན་པར་བཅས་པའི་དཀྱིལ་འཁོར་དུ་གྱུར། འོད་ཚུར་འདུས། མ་ཧེའི་ཞལ་གྱི་ཤངས་བུག་གཡོན་ནས་སྔགས་ཕྲེང་རྣམས་ལ་ཐིམ་པར་བསམ།། ༈ །།གཏོར་མའི་སྐབས། མཎྜལ་ལ་ཆོས་འབྱུང་གི་ནང་པད་འདབ་བརྒྱད་ཀྱང་བྲི། འདས་གཏོར་ཟླུམ་པོའམ། ཡང་ན་སྟོད་གྲུ་གསུམ་མི་རྣོ་བ། སྨད་ཟླུམ་པོ་མཐེབ་ཀྱུས་བསྐོར་བ། ལས་གཤིན་གཏོར་མ་གྲུ་གསུམ་རྣོ་བ་མཐེབ་ཀྱུ་མེད་པའོ། །དྲུག་ཅུའི་གཏོར་མ་ཕྱོགས་གསུམ་ནས་བདུན་བརྩེགས་གསུམ་གསུམ་བྱེད་པ་ར་བ་སྔ་མའི་ལུགས། འདི་ལ་ལོགས་གསོ་བ་མེད་འདྲ། ཕྱོགས་གསུམ་བདུན་


MR25_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས་གཉིས་གཉིས་བསྒྲིགས་པའི་ནང་ཆོས་འབྱུང་ཟུར་གསུམ་གྱི་ཕྱིའི་ཐད་སོར། བདུན་བདུན་བརྩེགས་པ་ར་བ་ཕྱི་མ་རྣམས་ཀྱི་ཕྱག་བཞེས་སོ། །གཉིས་ཀར་ཡང་ཟན་ལེབ་གཅིག་ལྷན་པ་སྟེང་ནས་འགེབས་བྱེད་ནང་དུ་དགྲ་བགེགས་ཀྱི་མིང་རུས་ལྡན་པའི་ལིངྒ་སྤྱི་ཚུགས་སུ་བཞག །བར་ཐམས་ཅད་ཤ་ཁྲག་སྒོག་ཙོང་གི་དུམ་བུ་རེ་བཞིས་བཀང་། འདི་གཉིས་ཀ་ཟུར་དགུ་ཡིན་འདུག དགུ་ཟུར་བྱེད་ན་ཕྱོགས་རེར་གསུམ་འགྲིགས་བདུན་བརྩེགས་བྱས་པས་དགུ་གསུམ་རེ་གསུམ། གཅིག་ཁ་ཁེབ་བྱ། འདིར་བ་སྔ་མ། ཕྱོགས་རེར་གཉིས་བསྒྲིགས་དགུ་བརྩེགས། ལོགས་སུ་གསུམ་རེ་དགུ་བརྩེགས་བྱ། དགུ་ཟུར་བདུན་དགུ་རེ་གསུམ། གཅིག་ཁ་ཁེབ་སྟེ་འདི་མིན་མི་འགྲིགས་དཔྱད། ཟུར་དགུར་སྐྱེར་རྩང་ཐོད་སྐམ་བརྒྱན། བར་ཐམས་ཅད་སྲད་བུས་སྦྲེལ། གྲངས་འཛིན་མཐེབ་ཀྱུའམ་ཤ་དུམ་ཉི་ཤུ་ལ་སོགས་པས་ཁ་སབ་བྱ། ཕྲིན་ལས་རྫོགས་ནས་ཟོར་དུ་བཏང་། ལམ་གསར་ཟོར་ལམ་དབྱེ། རྙིང་པར་མི་དགོས་གསུངས། ༈ །ཕྱོགས་སྐྱོང་ནི་རི་རབ་རྩེར་གནས། ཤར་དུ་བརྒྱ་བྱིན་མིག་སྟོང་རྡོ་རྗེ་ཅན་གླང་པོ་ས་སྲུང་ཞོན་པ། གཤིན་རྗེ་ལྷོ་ཕྱོགས་ས་འོག་རིམ་བདུན་ནམ་དགུར་གནས། རིམ་བདུན་ནི་གདན་བཞིའི་སྒྲུབ་ཐབས་འཕགས་པ་ལྷས་མཛད་པར། གཞི། རྣམ་གཞི། གཞི་ཉིད། གཞི་མེད། རོ་ཡི་གཞི། གཞི་བཟང་། ངེས་པའི་གཞི་ཞེས་བདུན་དུ་བཤད།


MR25_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་མ་ཧེ་ཞོན་པའམ་ཝ་རུ་ཎ། ཆུ་ལྷ་ཀླུའི་རྒྱལ་པོ་རྒྱ་མཚོ་དང་ལྷག་མ་ཅན་ཡང་ཟེར། ཆུ་སྲིན་ཞོན་པ་ཀླུ་ཆེན་འཁོར་དུ་ཡོད་པའོ། །གནོད་སྦྱིན་བྱང་གནས་གཏེར་དགུའི་བདག་པོ། དབང་ཕྱུག་གི་ལིངྒ་འདེགས་པའི་ཆེད་དུ་བྱིན་པའི་མི་ལ་ཞོན་པ། རྣམ་ཐོས་སྲས། མིའམ་ཅི་དབང་། ལུས་ངན། ནོར་སྦྱིན། ངལ་བསོས་པོ་སོགས་མིང་གི་རྣམ་གྲངས་སོ། །དབང་ལྡན་ནི་དབང་ཕྱུག་ཆེན་པོ་སྟེ། འདོད་ཁམས་སྤྱི་དང་རི་གངས་ཅན་ལ་གནས་པ། གླང་ཁྱུ་མཆོག་ཞོན་པ། མིག་གསུམ་ཐོར་ཚུགས་ཟླ་བས་བརྒྱན་པ། མགྲིན་པ་སྔོ་བ་རྩེ་གསུམ་ཐོད་པ་འཆང་བ། གུ་ལངས་བདེ་འབྱུང་། ཕྱུགས་བདག །ཞི་བ། དྲག་པོ་སོགས་ཀྱི་མིང་ཅན་འབྱུང་པོ་ཀུན་གྱི་དབང་པོ་བྱེད་ཚེ་འབྱུང་པོ་གཞན་གྱིས་མི་ཐུབ་པར་གྲགས། མེ་ལྷ་ཚངས་པའི་དྲང་སྲོང་བི་ཤྭ་ན་རའི་བུ། དྲང་སྲོང་ཆ་བྱེད་རལ་བ་ཨག་ཚོམ་འཕྱང་བ། རའམ་ལུག་ཞོན་བགྲང་ཕྲེང་རིལ་བ་ཅན། བྱིན་ཟ། བསྲེག་ཟ། གཙུག་ཕུད་ཅན། ལྕེ་བདུན་པ་ཞེས་སོགས་མིང་ཅན་ནོ། །སྲིན་པོ་མཚན་མོ་ཀུན་ཏུ་ཁྱབ་རྒྱུ། མི་ལ་གནོད་པ་སྲིན་པོར་བཏགས། རང་གིས་བསད་པའི་རོ་ལ་ཞོན་པ། རལ་གྲི་ཅན། རྟག་ཏུ་རྫུན་སྨྲ་བས་བདེན་བྲལ། ལངྐའི་བདག་པོ། མགྲིན་བཅུ་པ། སྒྲ་སྒྲོགས་སུ་ཞེས་འབོད། རླུང་ལྷ་ནུབ་བྱང་ཤྭ་


MR25_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཞོན་པ། རླུང་རས་ཀྱི་བ་དན་འཛིན་པ། མྱུར་འགྲོ། སྣ་ཚོགས་བདག་པོ། ནམ་མཁའི་བདག་པོའང་ཟེར། སྟེང་དུ་ཚངས་པ་གཟུགས་ཁམས་སུ་གནས་པ། གདོང་བཞི་ངང་པ་ཞོན་པ། ཚངས་དབྱུག་དག་བྱེད་རིལ་བ། བགྲང་ཕྲེང་འཛིན་པ། ལྷ་རྒན་པོ། མེས་པོ། བྱེད་པོ། སྐྱེརྒུའི་བདག་པོ། རང་བྱུང་། དབྱིག་གི་སྙིང་པོ་སོགས་སུ་འབོད། འོག་ཏུ་སའི་ལྷ་མོ་ནི། ས་ཐམས་ཅད་ལ་ཁྱབ་པར་གནས་པ། གསེར་མདོག་བུམ་འཛིན་ཞི་མཛེས་ཅན། བརྟན་མ་དང་ནོར་འཛིན་མ་སོགས་སུ་བཏགས་པ་སྟེ། འཇིག་རྟེན་སྐྱོང་བའི་གཙོ་བོ་འདི་བཅུའོ། །གཤེད་དམར་དང་། དགྲ་ནག་ལས་དབང་པོའི་གཡོན་དུ་ཉེ་དབང་ཞེས་ནོར་ལྷའི་བུ་གཉིས་པ་ཁྱབ་འཇུག་ཅེས་འཇིག་རྟེན་ཁྱབ་ཀྱང་། ལྷའི་དབང་པོའི་བློན་པོར་བྱས་ཏེ་སུམ་ཅུ་རྩ་གསུམ་ན་གནས་པ། མདོག་ནག་ཁྱུང་ཞོན། འཁོར་ལོ། སྐྱེ་ལྔའི་དུང་། དབྱུག་པ། རལ་གྲི། ནོར་བུ་ཀོ་ཏུར་བྷ་འཛིན་པ། སྲེད་མེད་བུ་སོགས་ཟེར། དབང་ལྡན་གྱི་གཞོན་ནུ་ཚོགས་བདག་ནི། དབང་ཕྱུག་ཨུ་མ་གཉིས་ལ་བུ་གཉིས་བྱུང་བའི་ཕུ་བོ་སྟེ་རྩ་གསུམ་སོགས་འདོད་ལྷའི་གནས་ན་ཡོད་པ། གླང་པོ་ཆེའི་གདོང་ཅན། མཆེ་གཙིགས་ལྟོ་འཕྱང་དགྲ་སཏྭ་དང་མདུང་འཛིན་པ། བྱི་བ་ལ་གནས་པ། བགེགས་རིགས་ཀུན་གྱི་གཙོ་བོ། བི་ན་ཡ་ཀ ལོག་འདྲེན། བགེགས་ཀྱི་


MR25_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ། མ་གཉིས་པ་སོགས་ཟེར། ཚངས་པའི་མདུན་དུ་ཉི་མ་དང་རྒྱབ་ཏུ་ཟླ་བ་གཉིས་ནི་གོ་ལའི་ལམ་གྱི་ཉི་ཟླའི་དཀྱིལ་འཁོར་ལ་གནས་པ། ཉི་མ་དམར་པོ་ལག་གཉིས་པདྨ། རྟ་བདུན་གྱི་སྟེང་ན་གནས་པ། ཟླ་བ་དཀར་པོ་ལག་གཉིས་ཀུ་མུ་ད་བསྣམས་པ། ངང་པ་ལ་ཞོན་པའོ། །སའི་ལྷ་མོའི་གཞོན་ནུ་ཐག་བཟང་རིས་ནི། ལྷ་མིན་གྱི་དབང་པོ་རི་རབ་རྩ་བའི་ཁོང་སེང་གསེར་གྱི་ས་གཞིར་གནས་པ། འཐབ་མོ་ལ་དགའ་བས་གོ་གྱོན་ཅིང་རལ་གྲི་བེ་ཏ་ཞེས་པ་སོ་གཅིག་པ་འཛིན་པ་ཤིང་རྟ་ལ་གནས་པའོ། །དེ་ལྟར་འབྱུང་པོའི་གཙོ་བོ་བཅོ་ལྔའི་འཁོར་དུ་སྲིད་པ་གསུམ་འབྱུང་པོའི་ཚོགས་གཞན་གྱིས་བསྐོར་བའོ། །འདི་དག་ཡེ་ཤེས་ཀྱི་རང་སྣང་ཡང་ཡིན་ལ། འཇིག་རྟེན་པའི་གཙོ་བོའི་ཚུལ་འཆང་ཡིན་པས་མཆོད་པར་འོས་ཀྱང་ཕུར་བཏབ་པས་འབྱུང་པོ་གཞན་གནོན་པའི་ཐབས་མཁས་ཡིན་ནོ། ༈ །འཇིགས་བྱེད་ཞལ་འགོད་ལུགས་གསུམ་སྟེ། ལ་ལི་ཏའི་གཞུང་ཆུང་ངམ་གཅིག་གིས་སློབ་དཔོན་ཨ་བོ་ཞེས་པས་མཛད་ཟེར་བའི་རྗེས་འབྲང་ཙོང་ཁ་པས་བཞེད་པ་དང་། ལ་ལི་ཏའི་ཞེ་དགུ་མའི་སྒྲུབ་ཐབས་དང་། ས་སྐྱ་པ་དང་སྐྱོ་པ་རྣམས་ཀྱིས་བཞེད་པའི་འཁོར་ཞལ། རྭ་ལོས་བཞེད་པ་བརྩེགས་ཞལ་ཏེ། དེའི་སྒྲུབ་ཐབས་སུ། རྭའི་གཡས་སྔོན་པོ་དེ་སྟེང་


MR25_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ། དེ་སྟེང་སེར་པོ་སོགས་གསུངས་པ་བཞིན་ནོ། །དེ་ལྟར་ན་ཞལ་གསུམ་བརྩེགས་པའི་སྟེང་མའི་ཐད་ཙམ་རྭ་རྩེ་སླེབས་པར་བཞེད། འཁོར་ཞལ་བྱེད་ན་རྩ་ཞལ་གྱི་གཡས་སུ་ཞལ་གསུམ་མདུན་ནས་རྒྱབ་ཏུ་ཕར་སྔོ་དམར་སེར། གཡོན་ནས་ཕར་དཀར་དུད་ཁ་ནག་པོའོ། །བརྩེགས་ཞལ་ལ་གཡས་གཡོན་གྱི་རྭ་དང་རྣ་བ་མཆོག་གི་འགྲམ་ནས་རྩ་ཞལ་གྱི་གཡས་གཡོན་ཞལ་གཉིས་བྱ། ཞལ་ཐམས་ཅད་ཀྱི་མགྲིན་པ་རང་སོར་བཞིའོ། །ཕྱག་རྣམས་གཡས་གཡོན་གྱི་བཅུ་བདུན་པོ་མདུན་ནས་རྒྱབ་ཏུ་ཕར་རིམ་བསྒྲིགས་དཔུང་པ་ཕྱག་མགོའི་བར་ཚང་བ་སོ་བཞིའོ། །ཕྱག་མཚན་ནི་སྟེང་དུ་ཕྱར་བ། ཐད་ཀར་གདེངས་པ། འོག་ཏུ་བརྐྱངས་པ་སོགས་སྣ་ཚོགས་སོ། །ཕྱག་རྒྱབ་མ་གཉིས་ཀྱིས་གླང་ཀོ་བསྣམས་པ། ཞབས་བརྒྱད་མདུན་ནས་རྒྱབ་ཏུ་བསྒྲིགས་པས་སྲོག་ཆགས་རེ་རེ་མནན་པའོ། ༈ །གཏོར་ཆོག་ལ། གཏོར་མ་དྲུག་ཅུ་རྩ་བཞི་བྱེད་པ་ལ། མདའ་གང་ཚད་ཀྱི་མཎྜལ་གྲུ་བཞི་རེ་ཁཱ་ཉིས་རིམ་ཅན་གྱི་དབུས་སུ་ཆོས་འབྱུང་རྩེ་མོ་ལྷོར་བསྟན་བྲི། དེར་པདྨ་འདབ་བཅུ་བྱས་ལ་མེ་ཏོག་གི་ཚོམ་བུ་བཀོད། པདྨ་དང་བཅས་ཆོས་འབྱུང་ནག་པོ། དེའི་ཕྱི་རོལ་གྱི་ངོས་གསུམ་དམར་པོ། རེ་ཁཱ་གཉིས་ཀྱི་བར་ནག་པོ་བྱ། དེའི་ཕྱི་རོལ་ཏུ་ཉི་མ་སྦྲེལ་བར་བྱེད་ན་རང་གི་གཡས་མཎྜལ་གྱི་གཡོན་དུ་


MR25_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཉི་མ་རྗེས་མ། རང་གི་གཡོན་མཎྜལ། གཡས་སུ་ཐོད་པ་སོགས་ཀྱི་སྣོད་དུ་ཁྲག་གི་མཆོད་ཡོན་སོགས་དྲག་པོའི་ཉེར་སྤྱོད་རྐང་གླིང་གི་རོལ་མོའི་བར་བཤམས། རང་གི་གཡས་མཎྜལ་གཡོན་དུ་ཕྱེ་ཕུད་ལས་འདས་གཏོར་ཆུང་བར་བྱས་པ་དང་། ཉི་མ་དང་པོ་རྣམས་ལ་དེའི་འཁྲིས་སུ་ཕྱོགས་སྐྱོང་དང་ལས་གཤིན་གྱི་གཏོར་མ་གྲུ་གསུམ་རེའང་བཤམས། ཉི་མ་རྗེས་མའི་ཉིན་མཎྜལ་གཡས་ཀྱི་མཆོད་པ་རྣམས་ཀྱི་གཤམ་དུ་ལས་གཤིན་གྱི་ལྷག་མ་ལས་ཆེ་བར་བྱས་པ་བཤམས། དེ་གཉིས་ཀ་ནང་ཤ་ཁྲག་སྒོག་ཙོང་དང་བ་དན་སྣ་ཚོགས་པས་བརྒྱན། ཆོས་འབྱུང་གི་པདྨའི་མདུན་དུ་གཏོར་མ་དྲུག་ཅུ་རྩ་བཞི་པ་བཞག དེ་ཡང་ཟན་ལེབ་གྲུ་བཞི་གཅིག་ལ་ཚངས་ཐིག་རྒྱ་གྲམ་དུ་བཏབ་ནས་དུམ་བུ་བཞིར་བྱས་ལ། དེ་རེ་རེའང་བཞི་བཞིར་བྱས་པས་གྲུ་བཞི་བཅུ་དྲུག་འབྱུང་། དེ་དག་ཟུར་བཞི་ནས་རྒྱ་གྲམ་དུ་བཅད་པས་གྲུ་གསུམ་དྲུག་ཅུ་རྩ་བཞི་བྱས་ལ། དེ་གཏོར་སྣོད་དུ་ནང་གྲུ་གསུམ་པའི་ལྕགས་མཁར་ཟུར་དགུ་པར་བྱས་པའི་ཕྱི་ངོས་གསུམ་དུ་གྲུ་གསུམ་བདུན་བརྩེགས་སུ་བརྩེགས་པ། དེ་ནང་དགྲ་བགེགས་ལིངྒ་མགོ་མཇུག་བཟློག་པ་གཞུག །ཤ་ཁྲག་སྒོག་རྩོང་སོགས་དྲུག་ཅུ་རྩ་བཞིས་བརྒྱན། གཏོར་མ་འདི་མཎྜལ་སྟེང་དུ་འཇོག་པ་གཞུང་གི་དགོངས་པ་མིན་ཞེས་


MR25_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཁྱེན་གཉིས་པས་འཆད་མོད་ཀྱི། དགྲ་ནག་གི་དཀའ་འགྲེལ་ལས་དཀྱིལ་འཁོར་གྲུ་གསུམ་བྱས་ལ། དེར་ཕྱི་རོལ་གྱི་ལྷ་རྣམས་ཀྱང་གཏོར་མས་ཚིམ་པར་བྱ་ཞིང་། གཏོར་མའང་དེར་སྦྱིན་པར་བྱ་ཞེས་བཤད་པ་དང་འགལ་ལོ་ཞེས་བཤད། དང་པོ་བདག་གི་རྣལ་འབྱོར་བཟླས་པ་བཅས་བྱ། དེ་ནས་མཆོད་གཏོར་ཞག་ཁ་ཤས་བྱེད་ན་ཉིན་དང་པོ་རྣམས་ལ་གཏོར་མ་བྲན་པ་བཟླས་པའི་སྐབས་ཕྱག་ལེན་མཛད། ནང་མཆོད་ལྟར་བྱིན་རླབས་རྒྱས་པར་བྱས་ལ་མདུན་གྱི་ནམ་མཁར་པྃ་ལས་པདྨ་སོགས། ས་མཱ་ཛཿབར་དང་། ཧཱུྃ། འཇམ་དཔལ་ཁྲོས་སོགས་ཧྲྀཥྚཱིས་གནས་གསུམ་སྲུང་བའི་བར་བྱས་ནས་སྔགས་གསུམ་གྱི་མཐར་གཏོར་སྔགས་བཏགས་པས་འབུལ། སྟོང་གསུམ་འདིའམ། མི་ཐུང་སྒེག་སོགས་དང་འཇམ་དཔལ་ཁྲོས་པ་སྦྲེལ། རྡུལ་ཕྲན་ཙམ་ཡང་མེད་པར་གྱིས་བར་བྱ། དེ་ནས་ཕྱོགས་སྐྱོང་གི་གཏོར་མ་བྱིན་བརླབ། རང་ཐུགས་འོད་ཀྱིས་ཕྱོགས་སྐྱོང་བཀུག །ཨིནྡྲཱ་ཡ་སོགས་གཏོར་མ་ཕུལ་ནས་ཕྲིན་བཅོལ་བྱ། དེ་ནས་ལས་གཤིན་གཏོར་མ་བྱིན་བརླབ་ལ་འབུལ། དེ་ནས་སྒྲུབ་པོ་རྣམས་བཞེངས་ལ་ལས་གཏད་བྱ། འདོད་གསོལ། ཡིག་བརྒྱ་སོགས་རྗེས་ཆོག་བྱ། ཉིན་ཐ་མར་མདུན་གྱི་མཎྜལ་བསང་སྦྱངས། གཙོ་བོ་འཇིགས་བྱེད་


MR25_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད། དེའི་ཐུགས་ནས་ཁྲོ་བོ་ལྕགས་ཀྱུ་ཞགས་པ་ཐོགས་པས་ཕྱོགས་སྐྱོང་བཀུག་སྟེ་རང་གནས་སུ་འཁོད་པ། ཤར་དུ་བརྒྱ་བྱིན་དཀར་པོ་སོགས་གསལ་བཏབ། ཕུར་བཏབ་བྱ། དེ་ནས་ལྷ་རྣམས་ཀྱི་དཔྲལ་བར་ཨོཾ་སོགས་གནས་གསུམ་བྱིན་བརླབ། ཡེ་ཤེས་སྤྱན་དྲངས། དབང་བསྐུར་རྒྱས་གདབ་བྱ། ཞབས་འོག་གི་གདོང་ཅན་རྣམས་ཀྱང་སྤྲོས་པའི་ཕོ་ཉས་དགྲ་བགེགས་བཀུག ལིངྒར་བཀུག་བསྟིམ་བྱ་ཞིང་བསྒྲལ། ཕུང་པོ་མཆོད་གཏོར་དུ་བྱ། མདུན་གྱི་མཆོད་པ་བསང་སྦྱང་། དྲག་པོའི་མཆོད་པར་བྱིན་བརླབ། དྲག་པོའི་མཆོད་པ་ཚིགས་བཅད་ཀྱིས་དབུལ། ནང་མཆོད་བྱིན་བརླབ་དབུལ། མི་ཐུང་མས་བསྟོད་པ་བྱ། དེ་ནས་དང་པོ་འདས་གཏོར་ནང་མཆོད་ལྟར་བརླབ། གཙོ་བོའི་སྔགས་གཏོར་སྔགས་བཏགས་པས་ཕུལ། ཉེར་སྤྱོད་ནང་མཆོད་བཅས་འབུལ། ཕྲིན་ལས་བསྐུལ་ལ། ཧཱུྃ། འཇམ་དབྱངས་ཁྲོས་པའི་སོགས་ནས། ཤ་ཆེན་ཁྲག་ཞག་ཆེན་པོ་ཡི། གཏོར་མ་རྒྱ་མཚོ་མཆོད་པར་བཞེས་སོགས་མེད་པར་བྱ་བར་བརྗོད། དེ་ནས་ཕྱོགས་སྐྱོང་གཏོར་མ་བྱིན་བརླབས་བྱ། ཕྱོགས་སྐྱོང་རྣམས་ཀྱི་ཞལ་འོད་ཀྱི་སྦུ་གུས་གཏོར་མ་གསོལ་བར་བསམ། ཨོཾ་ཨིནྡྲཱ་ཡ་ཧྲཱིཿ ཡ་མཱ་ཡ་ཥྚྜིཿ ཝ་རུ་ཎཱ་ཡ་ཝི། ཀུ་བེ་ར་ཡཱ་ཀྲྀ། ཨི་ཤྭ་རཱ་ཡ་ཏ། ཨགྣ་ཡེ་


MR25_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ། ནཻ་རྟི་ཏྱཱ་ན། ཝ་ཡ་ཝེ་ན། པྲཧྨ་ཎཱ་ཡ་ཧཱུྃ། པྲྀ་ཐི་བི་བྷྱཿཕཊ། ཧ་ཧ་ཧ། ཧི་ཧི་ཧི། ཧཱུྃ་ཧཱུྃ་ཧཱུྃ། ཕེཾ་ཕེཾ་ཕེཾ། ཧ་ཧི་ཧཱུྃ་གཉིས་རེ། དེ་མཐར་ཕཊ་སྭཱ་ཧཱ་སྦྱར་བའང་ཡོད། མཆན། ཞེས་པ་དྲུག་ཅུ་རྩ་བཞིས་ཕུལ་ལ། ཨོཾ་ཨརྒྷཾ་སོགས་ཀྱིས་མཆོད། ཕྱོགས་སྐྱོང་འཁོར་དང་བཅས་པའི་ཞལ་དུ་ཨོཾ་ཨཱཿཧཱུྃ་ཞེས་ནང་མཆོད་ཕུལ། བདུད་བཞི་པོ་ནི་སོགས་ཀྱིས་བསྟོད། ཕྲིན་བཅོལ། ཧཱུྃ། གཤིན་རྗེའི་གཤེད་ཀྱི་རྣམ་སྤྲུལ་ལས་སོགས་བྱ། དེ་ནས་ལས་གཤིན་གཏོར་མ་བྱིན་བརླབ། ཕྲིན་བཅོལ་བར་སྒྲུབ་ཐབས་ལྟར་བྱ། ཉིན་ཐ་མར་ཚོགས་བཏང་། ལྷག་མའི་བར་བྱ། ལས་རྡོར་གྱིས་དང་པོ་ལས་གཤིན། དེ་ནས་དྲུག་ཅུ་པ་ཁྱེར་ལ་འཕེན་སར་འགྲོ། གཏོར་མ་རྣམས་ལ་ཕུད་བྲན། བཅོམ་ལྡན་གཤིན་རྗེའི་གཤེད་པོའི་བཀའ་སོགས་འདོན། ཡ་མ་ད་དྷི་ཞེས་བྱ་བ། ལག་ན་ལྕགས་ཀྱུང་༴ གང་ཞིག་གཟུང་བར་འདོད། གཟུང་བ་ཙམ་གྱིས་འཛིན་པར་བྱེད། ཅེས་དེ་རྗེས་སློབ་དཔོན་གཏོར་མ་ཡོད་སར་ཁྲོ་བོའི་གོམ་པས་སོང་ལ་ཕྲིན་ལས་བཅོལ། ཀཱ་ལ་རཱུ་པ་ཨརྒྷཾ་ཨཱཿཧཱུྃ། གསུམ་དང་མནའ་ཆུ་བླུད། རྡོ་རྗེ་སྙིང་གར་བཞག་སྟེ་བཀའ་དམ་བསྒྲགས། སློབ་དཔོན་གྱིས་གཏོར་མ་འཕངས། ཧྲྀཥྚཱི་བརྗོད། ངོར་ཆེན་ཀུན་དགའ་བཟང་པོས་མཛད་པ་ལས་སོ། ༈ །ལས་གཤིན་སྔགས། ཨོཾ་ཀཱ་ལ་རཱུ་པ། ནག་པོའི་


MR25_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས། བྷི་མ་ལཀྵ་ཧཱུྃ། འཇིགས་པའི་གནོད་སྦྱིན། མ་ཧཱ་རོ་ཥ་ཎ། འཇིགས་བྱེད་ཆེན་པོ། ན་ར་སིདྡྷ་ཡ། མི་ཡིས་གྲུབ་པ། སརྦ་བྷཱུ་ཏ་ཨ་དྷཱི་པ་ཏ་ཡེ། འབྱུང་པོ་ཐམས་ཅད་ཀྱི་བདག་པོ། ཡ་མ་རཱ་ཛ་གཤིན་རྗེའི་རྒྱལ་པོ། ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། བར་ན་བཅུ་བཞི་འཕྲི་བ་ནི་ཧཱུྃ་རྩ་བསྙེན། ཡ་མ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ་བཅས་སྔགས་རིང་ངོ་། །མ་ཕྱེ་བ་ཉི་མའི་བསྙེན་པ་གསུངས། ཨོཾ་ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་ཧཱུྃ་ཕཊ། ཅེས་ཡི་གེ་བཅུ་གཉིས་པ་དང་། ཨོཾ་ཀཱ་ལ་རཱུ་པ་ཧཱུྃ་ཕཊ་སྔགས་བདུན་པ། ཨོཾ་ཧྲཱིཿཙ་མུནྟྲི་རྨོངས་བྱེད། བྃ་ཧཱུྃ་ཕཊ། ཡུམ་གྱི་སྙིང་པོའོ། ༈ །དྲུག་ཅུའི་གཏོར་ཆོག་བསྡུས་པ་ལ། འདས་གཏོར་གཡས། དང་དྲུག་ཅུ་རྩ་བཞི་པ། དབུས་། ལས་གཤིན་གྱི་གཏོར་མ་གཡོན་གསུམ་བཤམས་པའི་མདུན་དུ་དྲག་པོའི་ཉེར་སྤྱོད་བཤམས། བདག་བསྐྱེད་བཟླས་པ་བཅས་བྱ། དེ་ནས་མདུན་གྱི་མཆོད་པ་དྲག་མཆོད་ལྟར་དང་། གཏོར་མ་རྣམས་ནང་མཆོད་ལྟར་བྱིན་བརླབ་བྱ། ༈ ལས་གཤིན་བསྙེན་པ་གཏོང་ན་གོང་བསྙེན་ཚད་ལྡན་སོང་ཟིན། འཇིགས་བྱེད་བདག་བསྐྱེད་སྔོན་བཏང་། རང་འཇིགས་བྱེད་ཀྱི་ཐུགས་ཀའི་སྔགས་ཕྲེང་ལས་འོད་འཕྲོས། མདུན་གྱི་ལས་གཤིན་གྱི་ཐུགས་ཀར་ཧཱུྃ། ཡུམ་ཐུགས་ཧྲཱིཿགཉིས་ཀ་མཐིང་ག་གསལ། དེ་འཁོར་བཅས་ལ་ཕོག་པས་འདར་ཕྲི་ལི་ལི་


MR25_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཅིང་ལས་གང་བཅོལ་བསྒྲུབ་པར་བསམས་ལ། མ་ཡེངས་པར། ཧྲྀཥྚཱི་ཕྲེང་སྐོར་གཅིག་གིས་གཉའ་བ་མནན་པའི་རྩ་སྔགས་རིང་བ། སྙིང་པོ་བཅུ་གཅིག་པ། ཉེ་སྙིང་བདུན་པ་རྣམས་བཟླ། གྲངས་བཅོ་ལྔ་པ་ཡན་འབུམ། དེ་མན་འབྲུ་གྲངས་འབུམ་གཅིག་ཁ་སྐོང་དང་བཅས་པ་བཟླའོ་གསུངས། ༈ །འཇིགས་བྱེད་ལྷ་དགུ་ནི། གཙོ་བོ་འཇིགས་བྱེད་ཞལ་དགུ་ཕྱག་སོ་བཞི། དེ་ལ་ཕྱག་མཚན་སོ་བཞིས་བསྐོར། སྒོ་མཚམས་སུ་ཕེཾ་ཡིག་ལས་བྱུང་རོ་ལངས་བརྒྱད། མདོག་ནག་ལྕེ་བརྐྱང་ཧ་ཧ་ཞེས་དྲག་དགོད་ལག་པ་གདེངས་པ་དུར་ཁྲོད་ཆས་ཅན་བརྒྱད་ཀྱིས་བསྐོར་བའོ། ། ༈ རྒྱུད་ཀྱི་དངོས་བསྟན་མེད་ཀྱང་དགྲ་ནག་གི་རྒྱུད་རྟེན་བླ་མའི་མན་ངག་གིས་འཇིགས་བྱེད་ལ་གཏི་མུག་གཤིན་རྗེ་སོགས་རིགས་བཞི། ཙ་རྩི་ཀ་སོགས་ཡུམ་བཞི། ཐོ་བ་གཤིན་རྗེ་གཤེད་སོགས་སྒོ་བ་བཞི་སྟེ་ལྷ་བཅུ་གསུམ་མ་རྭ་ལུགས་ཐུན་མིན་དང་། དེ་ཡང་ཤར་དུ་གཏི་མུག་གཤིན་རྗེ་དཀར་པོ། ལྷོར་སེར་སྣ་སེར་པོ། ནུབ་ཏུ་འདོད་ཆགས་དམར་པོ། བྱང་དུ་ཕྲག་དོག་ལྗང་གུ། དེ་རྣམས་རང་འོད་ཡུམ་སྦྱོར། ཤར་ཙ རྩི་ཀ་དཀར་མོ། ལྷོ་ནུབ་ཕག་མོ་སྔོན་མོ། ནུབ་བྱང་དབྱངས་ཅན་དམར་མོ། བྱང་ཤར་གཽ་རཱི་ལྗང་སྔོན་རྣམས་རང་འོད་ཡབ་སྦྱོར། ཤར་སྒོར་ཐོ་བ་གཤིན་རྗེའི་གཤེད་སྔོན་པོ། ལྷོ་སྒོར་དབྱུག་པ་དཀར་པོ།


MR25_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་སྒོར་པདྨ་དམར་པོ། བྱང་སྒོར་རལ་གྲི་གཤིན་རྗེའི་གཤེད་ལྗང་གུ་རང་འོད་ཡུམ་འཁྱུད། རིགས་བཞི་ཡུམ་བཞི་སྒོ་བ་བཞི་བཅས་ཐམས་ཅད་ཞལ་གསུམ་ཕྱག་དྲུག་པའོ། །འདིའི་སྒྲུབ་ཐབས་ནི། འཇིགས་བྱེད་མངོན་རྟོགས་ཡིད་བཞིན་གཏེར་མཛོད་ཅེས་རྭ་ལོ་ཙཱ་བས་སྙེ་ནང་གླང་ཡུལ་དུ་སྦྱར། སྤར་ལྡེབ་༡༦ཡོད། ལྷ་བཅུ་གསུམ་པ་འདི་སྒྲུབ་ཐབས་རྒྱས་པ་ཡིན། གཞན་གཙོ་བོའི་སྒྲུབ་ཐབས་དྲི་མེད་སྣང་བ། ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས་ཁམས་གསུམ་ཟ་བྱེད། ཞལ་གཅིག་ཕྱག་བཞི་དྲི་མེད་ཆུ་རྒྱུན། ཞལ་གཅིག་ཕྱག་གཉིས་རིན་ཆེན་དོན་བསྡུས་དང་ལྔ་རྭ་ལོས་མཛད་པ་ཡོད་དོ། །༈ །འཇིགས་བྱེད་རྭ་ལུགས་བརྒྱུད་འདེབས་ནི། རྡོ་རྗེ་འཇིགས་བྱེད་རྡོ་རྗེ་རོ་ལངས་མ། །ལ་ལི་ཏ་དང་ཨ་མོ་གྷ་བཛྲ། །ཡེ་ཤེས་འབྱུང་གནས་པདྨ་བཛྲ་ཞབས། །བལ་པོ་བྷ་རོ་རྭ་ལོ་རྡོ་རྗེ་གྲགས། །ར་བ་ཆོས་རབ་རྭ་ཡེ་ཤེས་སེང་གེ་དང་། །ར་བ་འབུམ་སེང་རོང་པ་སྒ་ལོ་དང་། །ཤེས་རབ་རོང་པ་སེང་གེ་བག་སྟོན་ཆེན་པོ་དང་གཞོན་ནུ་ཚུལ་ཁྲིམས། །ཚུལ་ཁྲིམས་རྒྱལ་མཚན་ཤེས་རབ་དཔལ་བཟང་དང་། །དགེ་བ་རྒྱལ་མཚན་ཤེས་རབ་ཟླ་བ་གྲ་ཐང་བ་དང་། །ཀུན་སྤངས་ཆོས་རྗེ་ཚར་ཆེན་བློ་གསལ་རྗེ། །མཁྱེན་བརྩེའི་དབང་ཕྱུག་དགོན་གསར་བསོད་ནམས་མཚན། །བསླབ་གསུམ་དབང་ཕྱུག་


MR25_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་དང་། །བསོད་ནམས་མཆོག་ལྡན་བཟང་པོ་རྒྱལ་མཚན་དང་། །ངག་དབང་ཀུན་དགའ་རྣམས་ལ་གསོལ་བ་འདེབས། །མཆོག་དང་ཐུན་མོང་དངོས་གྲུབ་དུས་འདིར་སྩོལ། །ཅེས་བྱའོ། ༈ །དགེ་ལུགས་དྲུག་ཅུའི་གཏོར་ཆོག་སྲིད་གསུམ་རྣམ་རྒྱལ་འདོན་ཆ་ནི། སྟོང་ངང་སྲུང་འཁོར་དབུས། གནམ་ལྕགས་ལས་གྲུབ་ལྕགས་མཁར་ནག་པོ་ཟུར་དགུ་པ་འཇིགས་སུ་རུང་བའི་ལྟོ་བར་བྷྲཱུྃ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་མཚན་ཉིད་རྫོགས་དབུས། པདྨ་ཉི་མ་ཧཱུྃ་ལས་རྡོ་རྗེ་འཇིགས་བྱེད་མངོན་རྟོགས་ལྟར། དེའི་མདུན་དུ་པད་ཉིར་དགྲ་བགེགས་གདན་ལ་ཆོས་རྒྱལ་མངོན་རྟོགས་ལྟར་བསྒོམ། ཕྱོགས་སྐྱོང་བཅུ་བཀུག་སྟེ་རང་གནས་སུ་འཁོད་ལ། ཤར་དུ་དབང་པོ་དམར་སེར་སོགས། སྟེང་ཚངས་པ་སེར། འོག་ཏུ་སའི་ལྷ་མོ་སེར་མོ། དེ་དག་གི་འཁོར་དུ་སྲིད་གསུམ་གྱི་འབྱུང་པོའི་ཚོགས་དང་བཅས་པའོ། །གཙོ་འཁོར་ཐམས་ཅད་སྐྱེ་མཆེད་བྱིན་བརླབ། གནས་གསུམ་འབྲུ་གསུམ་མཚན། སྤྱན་དྲངས། བཞུགས་གསོལ། དབང་བསྐུར་རྒྱས་གདབ། མཆོད་བསྟོད་ཕུལ་ལ་ནང་མཆོད་འབུལ། འཇིགས་བྱེད་དང་། ལས་གཤིན་ཕྱོགས་སྐྱོང་བཅས་ལ་གཏོར་མ་ཕུལ། ཨེ་ཁང་བསྐྱེད་བཀུག བསྒྲལ་བསྐུལ་ཅི་རིགས་བྱ། ཟོར་ཁ་བསྒྱུར། ༈ ། དྲུག་ཅུའི་གཏོར་ཆོག་བསྡུས་པ་ལ། འདས་


MR25_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་གཡས་དང་དྲུག་ཅུ་རྩ་བཞི་པ་དབུས་། ལས་གཤིན་གྱི་གཏོར་མ་གཡོན་གསུམ་བཤམས་པའི་མདུན་དུ་དྲག་པོའི་ཉེར་སྤྱོད་བཤམས། བདག་བསྐྱེད་བཟླས་པ་བཅས་བྱ། དེ་ནས་མདུན་གྱི་གཏོར་མ་རྣམས་ནང་མཆོད་ལྟར་བྱིན་བརླབ་བྱ། མདུན་གྱི་མཎྜལ་གྱི་དབུས་སུ་རྡོ་རྗེ་འཇིགས་བྱེད་བསྐྱེད་གནས་གསུམ་བྱིན་བརླབས་ཡེ་ཤེས་གཞུག དེའི་ཐུགས་ཀ་ནས་ཁྲོ་བོ་ལྕགས་ཀྱུ་ཞགས་པ་ཐོགས་པའི་ཚོགས་སྤྲོས་པས་ཕྱོགས་སྐྱོང་བ་བཅུ་བཀུག་སྟེ་སོ་སོའི་གནས་སུ་འཁོད་པ་ནི། ཤར་དུ་བརྒྱ་བྱིན་དཀར་པོ་མིག་སྟོང་ལྡན་པ་གླང་ཆེན་ཞོན་ཅིང་རྡོ་རྗེ་འཛིན་པ། ལྷོར་གཤིན་རྗེ་སྔོན་པོ་མ་ཧེ་ཞོན་ཅིང་བེ་ཅོན་འཛིན་པ། ནུབ་ཏུ་ཆུ་ལྷ་དཀར་པོ་ཆུ་སྲིན་ཞོན་ཅིང་སྦྲུལ་ཞགས་འཛིན་པ། བྱང་དུ་གནོད་སྦྱིན་སེར་པོ་རྟ་ལ་ཞོན་ཅིང་ནེའུ་ལེ་འཛིན་པ། བྱང་ཤར་དུ་དབང་ལྡན་དཀར་པོ་གླང་ལ་ཞོན་ཅིང་རྩེ་གསུམ་འཛིན་པ། ཤར་ལྷོར་མེ་ལྷ་དམར་པོ་ར་སྐྱེས་ཞོན་ཅིང་ཕྱག་བཞི་པ་གཡས་གཉིས་བགྲང་ཕྲེང་དང་མཆོག་སྦྱིན། གཡོན་གཉིས་དབྱུག་གུ་རྩེ་གསུམ་དང་གུནྡྷེ་འཛིན་པ། ལྷོ་ནུབ་ཏུ་སྲིན་པོ་ནག་པོ་རོ་ལངས་ལ་ཞོན་པ་རལ་གྲི་འཛིན་པ། ནུབ་བྱང་དུ་རླུང་ལྷ་དུད་ཁ་ཤྭ་བ་ཞོན་ནས་བ་དན་འཛིན་པ། སྟེང་དུ་ཚངས་པ་སེར་པོ་ངང་པ་ལ་ཞོན་ཅིང་གུནྡྷེ་འཛིན་པ། འོག་ཏུ་ས་ལྷ་སེར་པོ་ཕག་ལ་ཞོན་པ་བུམ་པ་འཛིན་པ། གཞན་


MR25_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དེ་དག་གི་འཁོར་དུ་ཞིང་སྐྱོང་དང་མ་མོ་མཁའ་འགྲོ་སོགས་སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་མ་ལུས་པ་གནས་པར་གྱུར། སླར་ཡང་རང་གི་ཐུགས་ཀའི་འོད་ཟེར་གྱིས་ལས་ཀྱི་གཤིན་རྗེ་འཁོར་དང་བཅས་པ་སྤྱན་དྲངས་པ་མདུན་དུ་འཁོད་པར་གྱུར། རང་གི་ཐུགས་ཀའི་འོད་ཀྱི་མདུན་བསྐྱེད་འཁོར་བཅས་བསྐུལ། དེ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་ཕོ་ཉའི་ཚོགས་ཀྱིས་དགྲ་བགེགས་བྱད་མ་རྣམས་བཀུག་ནས་ལིངྒ་དང་གཏོར་མ་ལ་ཐིམ་པར་གྱུར། དགུག་གཞུག་བྱ། སླར་ཡང་ཁྲོ་བོ་དང་ཕོ་ཉ་མཚོན་ཆའི་ཚོགས་ཀྱིས་བསྒྲལ་བར་བསམས་ལ། ཡ་མ་སོ་གཉིས་སྤུ་གྲི་བཅས་བཟླ། དེ་ནས་དགྲ་བགེགས་བསྒྲལ་བའི་དྲག་པོའི་ཉེར་སྤྱོད་དང་གཏོར་མ་བྱིན་གྱིས་བརླབས་ནས། སོ་སོར་གཙོ་བོའི་ཞལ་རྡོ་རྗེ་སྦུ་གུས་གཏོར་མའི་བཅུད་གསོལ་བར་བསམས་ལ། ཨོཾ་བཛྲ་བྷེ་ར་ཝ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གཙོ་བོ་ལ་འབུལ། ཉེར་སྤྱོད་དང་ནང་མཆོད་ཕུལ་ལ་བསྟོད་ཅིང་ཕྲིན་ལས་བཅོལ། དེ་ནས་གཏོར་མ་རེ་བཞི་པའང་ཕྱོགས་སྐྱོང་ལ་འབུལ་ཏེ། ཕྱོགས་སྐྱོང་རྣམས་ཀྱི་ཞལ་ནས་འོད་ཀྱི་སྦུ་གུ་བྱུང་བས་གཏོར་མ་གསོལ་བར་བསམས་ལ། རྡོར་ཐལ་ཁ་ཕྱེ་ལ། ཨོཾ་ཨིནྡྲ་ཡ་ཧྲཱིཿསོགས། ཕེཾ་བར་དྲུག་ཅུ་རྩ་བཞིས་འབུལ་ལ་ཨརྒྷཾ་སོགས་ཀྱིས་མཆོད། །ཧཱུྃ། གཤིན་རྗེ་གཤེད་ཀྱི་


MR25_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་འཕྲུལ་ལས། །འཇིག་རྟེན་སྐྱོང་བའི་ཚུལ་འཛིན་པ། །ཕྱོགས་སྐྱོང་བཅུ་བོ་འཁོར་བཅས་ཀྱིས། །སྔོན་ཚེ་རྒྱལ་བས་བཀའ་བསྒོས་བཞིན། །འདིར་གཤེགས་མཆོད་སྦྱིན་གཏོར་མ་བཞེས། །འཇམ་དཔལ་རྡོ་རྗེའི་རྣལ་འབྱོར་བདག །སྲུང་ཞིང་སྐྱབས་དང་སྦ་བ་ཡིས། །ཕྱི་ནང་བར་ཆད་ཀུན་ལས་སྲུངས། །སྡང་བའི་དགྲ་དང་གནོད་པའི་བགེགས། །རྡུལ་ཕྲན་ཙམ་ཡང་མེད་པར་མཛོད། །དེ་ནས་ལས་གཤིན་ལ་གཏོར་འབུལ་ཕྲིན་བཅོལ་བཅས་སྒྲུབ་ཐབས་ལྟར་བྱའོ། །རྗེས་སུ་གཙོ་འཁོར་ཐུན་མོང་ལ་མཆོད་བསྟོད་ཕྲིན་ལས་བཅོལ་བ་ནི། །ཧཱུྃ དགྲ་བགེགས་བྱད་མ་རྣམས་ནི་བསྒྲལ་བ་ཡི། །ཁྲག་ཞག་ཨརྒྷཾ་དབང་ལྔའི་མེ་ཏོག་དང་། །ཚིལ་ཆེན་བདུག་སྤོས་ཞུན་ཆེན་སྣང་གསལ་ཚོགས། །མཁྲིས་པའི་དྲི་ཆབ་ཤ་རུས་ཞལ་ཟས་དང་། །རྐང་གླིང་རོལ་མོ་གཡང་གཞིའི་བླ་རེ་དང་། །རྒྱུ་རློན་ལྡ་ལྡི་ཀེང་རུས་རྒྱན་ཕྲེང་སོགས། །བདེ་སྟོང་རྣམ་རོལ་དྲག་པོའི་མཆོད་པའི་སྤྲིན། །རབ་འབྱམས་ནམ་མཁའ་གང་བས་མཆོད་པར་བགྱི། །ཨོཾ་ཤྲཱི་བཛྲ་བྷེ་ར་ཡ་ས་པ་རི་ཝཱ་ར་ཨརྒྷཾ་སོགས། ཤབྡ་པཱུ་ཛ་མེ་གྷ་པྲ་ཏཱིཙྪ་སྭཱ་ཧཱ། བསྟོད་པ་ནི། གཏུམ་ཆེན་རབ་འབར་སོགས་དང་། བསྟོད་པར་འོས་པ་སོགས་ཀྱིས་བསྟོད། ཕྲིན་ལས་བཅོལ་བ་ནི། །ཧཱུྃ རྒྱལ་བ་ཀུན་


MR25_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མཁྱེན་རབ་འཇམ་པའི་དབྱངས། །རབ་ཁྲོས་མ་ཧེའི་གདོང་ཅན་གཤིན་རྗེའི་གཤེད། །ས་གསུམ་འཇིགས་མཛད་ཞལ་དགུས་ཁམས་གསུམ་ཟ། །བཅུ་དྲུག་ཞབས་ཀྱིས་བདུད་བགེགས་དྲེགས་པ་བརྫིས། །སུམ་ཅུ་རྩ་བཞི་རྔམ་པའི་ཕྱག་བསྐྱོད་ཅིང་། །ཡེ་ཤེས་མེ་དཔུང་འབར་བའི་ཀློང་དཀྱིལ་ན། །གར་དགུའི་ཉམས་ལྡན་བདུད་དཔུང་ཟིལ་གྱིས་གནོན། །ཁྲོ་བོ་ཀུན་གྱི་རྗེ་བཙུན་དཔལ་ཆེན་པོ། །སྔོན་གྱི་ཐུགས་བསྐྱེད་དམ་བཅའ་ཇི་བཞིན་དུ། །བདག་ཅག་བྱང་ཆུབ་སྒྲུབ་པའི་རྣལ་འབྱོར་ལ། །ཐུགས་རྗེས་དགོངས་ཤིང་གནས་འདིར་གཤེགས་མཛད་དེ། །ཤ་ཆེན་ཁྲག་ཞག་རྒྱ་མཚོའི་གཏོར་མ་བཞེས། །བདག་ལ་བར་དུ་གཅོད་པའི་དགྲ་དང་བགེགས། །འགུགས་འཆིང་གསོད་སོགས་དྲག་པོའི་ཕྲིན་ལས་ཀྱིས། །རྡུལ་ཕྲན་ཙམ་ཡང་མེད་པར་བརླག་པར་མཛོད། །ཧཱུྃ། ཁྲོ་བོའི་རྒྱལ་པོའི་བཀའ་ཉན་ཕྱོགས་སྐྱོང་བཅུ། །སྟེང་འོག་ཕྱོགས་མཚམས་གནས་པའི་མཐུ་བོ་ཆེ། །ཚངས་དབང་མེ་ལྷ་གཤིན་རྗེ་སྲིན་པོ་ཀླུ། །རླུང་ལྷ་གནོད་སྦྱིན་དབང་ལྡན་ས་བདག་བཅས། །ཁམས་གསུམ་འབྱུང་པོའི་འཁོར་དང་བཅས་པ་རྣམས། །རྡོ་རྗེ་འཆང་གི་བཀའ་བཞིན་འདིར་བྱོན་ལ། །ཤ་ཆེན་སོགས། ཧཱུྃ། གཤིན་རྗེ་གཤེད་པོའི་བཀའ་ཉན་ཐུགས་ཀྱི་སྲས། །ལས་ཀྱི་


MR25_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་བྷེ་བ་ས་ཏ་ནི། །ཁམས་གསུམ་སྲོག་དབུགས་སྡུད་པའི་བདག་པོ་སྟེ། །ཁྱོད་ཀྱི་འཁོར་གནས་འཇིགས་བྱེད་མ་རུངས་པ། །འགུགས་འཆིང་གསོད་གཟིར་ཟ་དང་མྱོས་སྐྲོད་སོགས། །ཐོགས་མེད་དྲག་པོའི་ཕྲིན་ལས་སྒྲུབ་བྱེད་པ། །སྣ་ཚོགས་རྫུ་འཕྲུལ་ལས་ལ་མངའ་དབང་བསྒྱུར། །འཇམ་དཔལ་རྡོ་རྗེའི་ཐ་ཚིག་འཛིན་པ་རྣམས། །ཤ་ཆེན་ཁྲག་ཞག་སོགས། དེ་ནས་དགྲ་བགེགས་རྣམས་བསྒྲལ་ཞིང་ཟོས་པའི་ལྷག་མ་དུག་མཚོན་ཐོག་མདའི་རང་བཞིན་དགྲ་བགེགས་ཀྱི་སྟེང་དུ་འཕང་བར་བསམས་ལ། །ཧཱུྃ ཕྱོགས་བཅུའི་སངས་རྒྱས་གཟུ་དང་དཔང་། །གཤིན་རྗེའི་གཤེད་པོ༴ ཕྱོགས་སྐྱོང་བཅུ་པོ༴ ལས་ཀྱི་གཤིན་རྗེ༴ སྣང་སྲིད་དྲེགས་པ༴ བདག་གིས་མ་ཉེས་མ་ལན་ནོ། །དམ་ཉམས་དགྲ་བོ་སྡིག་ཅན་འདིས། །དཀོན་མཆོག་གསུམ་གྱི་བསྟན་པ་བཤིག ། སེམས་ཅན་ཡོངས་ལ་གནོད་པ་བྱས། །སྔགས་འཆང་བདག་ལ་དོ་བསྡོ་ཞིང་། །ཉེས་པ་མེད་པར་དགྲ་རུ་ལངས། །འདི་ནི་བསྒྲལ་བའི་ཞིང་ཡིན་པས། །ཁྲོ་བོ་ཁྲོ་མོའི་མཐུ་རྩལ་སྐྱེད། །ཕྱོགས་སྐྱོང་བཅུ་ཡིས་དམག་དཔུང་སྡུས། །ལས་ཀྱི་གཤིན་རྗེས་དམག་སྣ་དྲོངས། །དགྲ་བགེགས་ལས་ངན་སྡིག་ཅན་འདིའི། །ཕ་ཚན་མ་ཚན་རིགས་རྒྱུད་དང་། །འཁོར་གཡོག་སྡེ་རིས་ནོར་ཕྱུགས་བཅས། །


MR25_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ལ་བརྣག་པ་འདི་རྣམས་ལ། །དྲག་པོ་གཏོར་མའི་ཟོར་རྒྱོབ་ཅིག །རྩ་སྤུར་མེ་ཡིས་བསྲེག་པ་བཞིན། །རྗེས་ཤུལ་ལྷག་མ་མེད་པར་མཛོད། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར། །བསྟན་དགྲ་མ་ལུས་ཚར་ཆོད་ནས། །ཕྱོགས་ལས་རྣམ་རྒྱལ་ཕྲིན་ལས་མཛོད། །ཅེས་རྒྱལ་ཟོར་འཕང་། དམོད་སྔགས་དམིགས་ནན་བྱ། ནང་དུ་ཚེ་འགུགས་དངོས་གྲུབ་ལེན་སོགས་བྱ། མེ་ལུག་ཟླ་༤ཚེས་༣༠ལ་མི་ཕམ་པས་སོ། །དགེའོ། ༈ །འཇིགས་བྱེད་བདེ་མཆོག་ཀྱེ་རྡོར་སོགས་ཀྱི་ཚོགས་མཆོད་མདོར་བསྡུས་བྱ་ན། གནས་དགེ་བར་ཤ་ཆང་སོགས་ཚོགས་ཀྱི་དམ་རྫས་དང་། འཇིག་རྟེན་འདས་མ་འདས་ཀྱི་གཏོར་མ། ཉེར་སྤྱོད་སོགས་མཆོད་པ་ཅི་འབྱོར་བཤམས། ལས་རྡོར་གྱིས་ཚོགས་ཞུ་བྱ། ཐོག་མར་ཡིག་བརྒྱས་རྒྱུད་སྦྱངས་ནས། ལྷ་གང་ཡིན་དེའི་མངོན་རྟོགས་བསྒོམ་ཞིང་བཟླས་པ་བྱ། ལྷ་དེའི་ཡང་སྙིང་ངམ། ལས་སྔགས་སམ། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྟོང་པར་སྦྱང་། སྟོང་པའི་ངང་ལས་ཨོཾ་ཨཱཿཧཱུྃ། །འོད་ཞུ་ཕྱི་ནང་གསང་བ་ཡི། །ཀུན་བཟང་མཆོད་པའི་སྤྲིན་ཆེན་པོས། །ནམ་མཁའི་ཁམས་ཀུན་གང་བར་གྱུར། །མདུན་དུ་རང་རང་གང་འདོད་པའི། །ལྷ་དེ་རིམ་པར་བསྐྱེད་པའམ། །ཡང་ན་སྐད་ཅིག་དྲན་རྫོགས་བསྐྱེད། །རྒྱས་གདབ་ཡེ་ཤེས་གཞུག་དབང་བསྐུར། །དེ་


MR25_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་རྩ་བརྒྱུད་བླ་མ་དང་། །སངས་རྒྱས་བྱང་སེམས་ཀུན་ཀྱང་དམིགས། །རང་ཐུགས་མཆོད་པའི་ལྷ་མོ་ཡིས། །མཆོད་ཡོན་སོགས་ཀྱིས་མཆོད་པར་དམིགས། །མཆོད་ཕྲེང་ངམ་བསྡུ་ན་སྔགས་ཙམ་དབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སཾ་བྷ་ར་ས་པ་རི་ཝཱ་ར་ཨརྒྷཾ་སོགས། དེ་ནས་ནང་མཆོད། བསང་སྦྱང་། སྟོང་པའི་ངང་ལས་རླུང་མེ་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཀ་པཱ་ལའི་སྣོད་དུ་ཤ་ལྔ་དང་། བདུད་རྩི་ལྔ་ཞུ་ཞིང་ཁོལ་བ་ཉིད་ཡོངས་སུ་དག་ཅིང་ཁ་དོག་དྲི་རོ་ནུས་བཅུད་ཕུན་སུམ་ཚོགས་པ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧོ་ཞེས་པས་བྱིན་གྱིས་བརླབས་ལ། ནང་མཆོད་གཡོན་པའི་མཐེབ་སྲིན་གྱིས་འཐོར་ཏེ་བདུད་རྩིའི་མཆོད་པ་དང་དེའི་ཟེར་མདངས་ལས་འདོད་ཡོན་ལྷ་མོས་ནམ་མཁའ་གང་བས་མཆོད་པས་མཉེས་པར་བསམས་ལ། ཐོག་མར་ལྷ་དེའི་བརྒྱུད་པའི་བླ་མ་རྣམས་མཆོད་དེ། དང་པོར། སངས་རྒྱས་ཀུན་གྱི་ངོ་བོ་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་དྲིན་ཅན་རྩ་བའི་བླ་མ་ཆྒཻ་མོ་རྡོ་རྗེ་འཆང་ཆེན་པོའི་ཞལ་དུ་ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་སོགས་ནས་བླ་བརྒྱུད་རྒྱས་པ་དེ་བཞིན་སྦྱར་བའམ། སྤྱིར་དྲིལ་ཏེ་བསྡུ་ན། ན་མོ་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། བདེ་གཤེགས་


MR25_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་བཀའ་བརྒྱད་ཞི་བ་རྡོ་རྗེ་དབྱིངས། ཁྲག་འཐུང་འབར་བ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ། འཁོར་ལོ་བདེ་མཆོག་ཀྱེ་རྡོ་རྗེ། གསང་བ་འདུས་པ། རྡོ་རྗེ་འཇིགས་བྱེད་ལ་སོགས་པ་རྒྱུད་སྡེ་བཞི་དང་དྲུག་གིས་བསྡུས་པའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་མ་ལུས་པའི་ཞལ་དུ་ཨོཾ་ཨཱཿཧཱུྃ། གནས་གསུམ་གྱི་དཔའ་བོ་དང་མཁའ་འགྲོ་མ་ཐམས་ཅད་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། རྡོ་རྗེ་ཆོས་སྐྱོང་བའི་སྲུང་མ་དམ་ཅན་རྒྱ་མཚོའི་ཞལ་དུ་ཨོཾ་ཨཱཿཧཱུྃ། གནས་བདག་གཞི་བདག་གྲོང་བདག་གཉུག་མར་གནས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་དཔལ་ལྡན་རྡོ་རྗེ་སེམས་དཔའི་ངོ་བོར་རྣམ་པར་དག་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞེས་བརྗོད་དེ་ཕུལ། དེ་ནས་རང་གི་ལྕེ་དང་དཔྲལ་མགྲིན་སྙིང་གར་བདུད་རྩི་རེག་པས་ལུས་ཀྱི་ལྷ་མཆོད་ཅིང་དངོས་གྲུབ་བླང་བར་བསམས་ལ། ཨོཾ་ཨཱཿཧཱུྃ་ཞེས་བརྗོད། ཡིག་ཆ་ལ་ལ་ལྟར་ན། བླ་བརྒྱུད་ཀྱི་རྗེས་སུ་ལྷ་གང་ཡིན་སོ་སོའི་ཉེ་སྙིང་སོགས་སྔགས་གང་ཡིན་ལན་གསུམ་བརྗོད་པས་ཡི་དམ་ལྷའི་དཀྱིལ་འཁོར་ལ་ཕུལ་ནས། རང་གི་ལྕེ་དང་དཔྲལ་མགྲིན་སྙིང་གར་ཐིག་ལེ་བྱས་པས་ལུས་ཀྱི་ལྷ་མཆོད། དེ་ནས་ཆོས་སྐྱོང་གོང་འདོག་


MR25_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྔགས་སམ་མཚན་ནས་བརྗོད་དེ་དབུལ། དེ་རྗེས་འཇིག་རྟེན་པ་དང་བཅས་པ་མཆོད་པར་བྱ་ཞེས་གསུངས། དེ་ནས་རྡོ་རྗེ་དྲིལ་བུ་ཐོགས་ནས་ལྷ་རྣམས་ཀྱི་བསྟོད་པ་བྱ། དེ་རྗེས་སུ་གཏོར་མ་གོང་ལྟར་བྱིན་གྱིས་བརླབས་ནས་ཡི་དམ་དང་ཆོས་སྐྱོང་དང་འབྱུང་པོ་རྣམས་ལ་མཆོད། དེ་ནས་ཚོགས་ནང་མཆོད་ལྟར་བྱིན་རླབས་བྱས་ནས། སློབ་མས་བཏེག་སྟེ་བླ་མས་བླངས་ལ་ཞུ་བ་དང་ལན་གྱི་ཚིགས་བཅད་བརྗོད། ཚོགས་ཀྱི་ཕུད་བཅད་དེ་མཆོད་གྲལ་དུ་བཞག་ནས་དཀྱིལ་འཁོར་གྱི་ལྷ་དང་བཀའ་ཉན་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་དང་འཇིག་རྟེན་པའི་བར་དུ་མཆོད་ནས། ཧོཿ བདག་ལུས་རྡོ་རྗེ་གསུམ་གྱི་རང་བཞིན་གྱི། །དཀྱིལ་འཁོར་ལྷ་ཚོགས་རྒྱལ་བ་རྒྱ་མཚོའི་ཚོགས། །བདེ་ཆེན་བདུད་རྩི་ཚོགས་ཀྱི་འཁོར་ལོ་ཡིས། །བདེ་མཆོག་མཉམ་པ་ཉིད་དུ་དགྱེས་གྱུར་ཅིག །མ་ཧཱ་སུ་ཁ་ཨ་ལ་ལ་ཧོཿ ཞེས་བརྗོད་དེ། ཚོགས་རྫས་རྣམས་གཙང་དམེ་མེད་པར་རོལ་ཞིང་། ལུས་ནང་གི་བླ་མ་ཡི་དམ་མཁའ་འགྲོ་རྣམས་མཆོད་ཅིང་ནང་གི་སྦྱིན་སྲེག་གི་ཚུལ་དུ་རོལ། ལྷག་མ་རྣམས་བསྡུས་ཁ་ཕྲུས་བཏབ། ལ། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབས། ཨོཾ་ཨུ་ཏ་བ་ལིཾ་ཏ་བྷཀྵ་སི་སྭཱ་ཧཱ། ཞེས་པའི་ལྷག་མ་ལ་དབང་བའི་འབྱུང་པོ་རྣམས་ལ་བྱིན། སྤྲོ་ན་རྡོ་རྗེའི་གླུ་དང་བཀྲ་ཤིས་ཀྱི་ཚིགས་བཅད་


MR25_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད། མཁའ་ཁྱབ་རྒྱལ་བའི་དཀྱིལ་འཁོར་དུ། །ཚོགས་ཀྱི་མཆོད་པ་ཕུལ་བ་ཡིས། །བདག་གཞན་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཅེས་སོགས་སྨོན་བདེ་མཆོག་ལས། ལྷ་མོ་ཚད་མ་སོགས་དང་། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག་སོགས། ལམ་གང་འདོད་ལེགས་པར་བཏབ། མདུན་བསྐྱེད་ལ་ནོང་བཤགས་བྱས་ནས་གཤེགས། གཏོར་མ་ཕྱིར་དོར། རང་གི་གནས་གསུམ་བསྲུང་ལ་ལས་ཀྱི་རྗེས་བསྡུ་བར་བྱའོ། །འདིར་ནང་མཆོད་གཏོར་མ་ཚོགས་གསུམ་སྟབས་གཅིག་བྱིན་རླབས་བྱས་ནས། རང་གི་ཐུགས་ཀའི་འོད་ཟེར་གྱིས་ཡི་དམ་ལྷ་གང་འདོད་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཁྲོ་བོ་ཁྲོ་མོ་བཀའ་ཉན་ཆོས་སྐྱོང་བའི་ཚོགས་འཇིག་རྟེན་པའི་ལྷ་རྣམས་དང་བཅས་པ་སྤྱན་དྲངས། དེ་རྣམས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བདུད་རྩིའི་བཅུད་དྲངས་ཏེ་གསོལ་བས་དགྱེས་པར་བསམས་ལ། སྔགས་སོ་སོས་དབུལ། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། ཡང་ན་ཚོགས་ཀྱི་བཟའ་བཏུང་འབའ་ཞིག་ནང་མཆོད་ལྟར་བྱིན་གྱིས་བརླབས་ནས། རྩ་གསུམ་ལ་ཨོཾ་ཨཱཿཧཱུྃ་གིས་ཕུལ་བས་ཆོག་སྟེ་བསྡུས་པའོ། །འདིར་ནི་གསར་མའི་ལུགས་ཀྱི་ཚོགས་མཆོད་ཐམས་ཅད་ཀྱི་སྤྱི་འགྲོས་གཅིག་ཤེས་ཀུན་འགྲོལ་ཡིན་ནོ། །རབ་ཚེས་མེ་རྟ་ཟླ་༨ཚེས་༢༥ལ་མི་ཕམ་པས་


MR25_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ། ༈ །ཨོཾ་ཨཱཿཧཱུྃ། ཕྱོགས་དུས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །དཔལ་ལྡན་རྫོགས་པའི་སངས་རྒྱས་པདྨ་སྐྱེས། །མ་ཧཱ་གུ་རུ་བློ་ལྡན་མཆོག་སྲེད་རྩལ། །འཇམ་དཔལ་རྡོ་རྗེ་རྣོན་པོའི་དཀྱིལ་འཁོར་ལྷ། །མ་ལུས་མཆོག་གསུམ་རྩ་གསུམ་ཀུན་འདུས་པ། །ཏིལ་གྱི་གོང་བུ་ཕྱེ་བ་བཞིན་བཞུགས་པའི། །སྐྱབས་གནས་བསླུ་མེད་མཆོག་གི་བདག་ཉིད་ལ། །བདག་གཞན་སྒོ་གསུམ་དགེ་ཚོགས་ལོངས་སྤྱོད་བཅས། །མ་ལུས་གཅིག་ཏུ་བློ་ཡིས་ཡོངས་བསྡོམས་ནས། །བླ་མེད་གསང་བ་མཆོག་གི་མཆོད་པ་ནི། །ཀུན་ཏུ་བཟང་པོའི་རྣམ་རོལ་བདེ་བ་ཆེ། །ཆོས་དབྱིངས་ཀུན་ཁྱབ་ཡེ་ཤེས་བདུད་རྩིའི་སྤྲིན། །ཕྱི་ནང་གསང་བ་བླ་མེད་ཚོགས་མཆོད་ཉིད། །མི་བཟད་རྒྱན་གྱི་འཁོར་ལོ་ཆེན་པོ་འདི། །གུས་པས་འབུལ་ལོ་ཐུགས་རྗེས་བཞེས་ནས་ཀྱང་། །རྡོ་རྗེའི་ཐུགས་དམ་དགོངས་པས་བཟུང་དུ་གསོལ། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་འཛིན་ཅིང་། །ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སོལ། །ཇི་ལྟར་བསམ་པ་ཡིད་བཞིན་འགྲུབ་པ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་ཆར་ལྟར་ཕོབ། །མཁའ་ཁྱབ་འགྲོ་བ་ཀུན་གྱི་ཕན་བདེའི་གཏེར། །འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་ཡེ་ཤེས་སྐུར། །འདུ་འབྲལ་མེད་པར་མངོན་པར་བྱང་ཆུབ་ནས། །


MR25_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གཉིས་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། །ཅེས་ཤློ་ཀ་བཟང་པོའི་གྲངས་ཟབ། ༈ །མདུན་གྱི་མཆོད་པ་རྣམས་ལ་ནང་མཆོད་བྲན་ བཅས་གཤམ་མདོར་བསྡུས་བརྗོད། ལ། ཡང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་གནས་ཁང་དུར་ཁྲོད་དྲག་པོའི་གཞལ་ཡས་ཁང་གི་དབུས་སུ་དམ་ཉམས་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་ཁྲག་གི་མཆོད་ཡོན། དབང་ལྔའི་མེ་ཏོག །ཚིལ་ཆེན་གྱི་བདུག་པ། ཞུན་ཆེན་གྱི་མར་མེ། མཁྲིས་པའི་དྲི་ཆབ། ཤ་རུས་ཀྱི་ཞལ་ཟས། རྐང་གླིང་གི་ཐོད་ལྔ། རྒྱུ་རློན་གྱི་ལྡ་ལྡི། ཀེང་རུས་ཀྱི་རྒྱན་ཕྲེང་ལ་སོགས་པ་དུར་ཁྲོད་དྲག་པོའི་མཆོད་རྫས་རབ་འབྱམས་ཀྱིས་ནམ་མཁའི་ཁམས་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སོགས། ཤབྡའི་བར། འདས་གཏོར་དྲུག་ཅུ། ལས་གཤིན་གཏོར་མ་གསུམ་ལ་དམིགས་ཏེ། སྟོང་པའི་ངང་ལས་རླུང་མེ་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཀ་པཱ་ལའི་སྣོད་ཡངས་ཤིང་རྒྱ་ཆེ་བར་ཤ་ལྔ་དང་བདུད་རྩི་ལྔ་དང་བཅས་པ་གནས་པ། རླུང་གཡོས། མེ་སྤར། ཐོད་པའི་བདུད་རྩི་ཞུ་ཞིང་ཁོལ་བའི་སྟེང་དུ་རིགས་ལྔ་ཡབ་ཡུམ་སྦྱོར་བའི་བདེ་བའི་སྒྲས་སངས་རྒྱས་བྱང་སེམས་ཐམས་ཅད་བཀུག་སྟེ་ཞལ་དུ་ཞུགས། ཡབ་ཡུམ་ཐམས་ཅད་རྗེས་ཆགས་ཀྱི་མེས་བདེ་བ་ཆེན་པོར་ཞུ་བ་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་གྱུར་པ་ཡེ་ཤེས་ཀྱི་བདུད་


MR25_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་ལན་གསུམ་གྱིས་བྱིན་རླབས་བྱའོ། །དེ་ནས་མདུན་གྱི་མཎྜལ་གྱི་སྟེང་དུ་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ཞལ་དགུ། ཕྱག་སོ་བཞི། ཞབས་བཅུ་དྲུག་པ། རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པར་གསལ་བའི་གནས་གསུམ་འབྲུ་གསུམ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས་ཏེ་ཐིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ནུས་པ་ཡོངས་སུ་རྫོགས་པའི་བདག་ཉིད་དུ་གྱུར། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་སྐྱོང་སྤྱན་དྲངས་གཞུང་ལྟར། སླར་ཡང་ཐུགས་ཀའི་འོད་ཀྱིས་ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་ནས་འཆི་བདག་ལས་ཀྱི་གཤིན་རྗེ་ནག་པོ་མ་ཧེའི་གདོང་ཅན་ཐོད་དབྱུག་དང་ཞགས་པ་འཛིན་པ། དུར་ཁྲོད་ཀྱི་རྒྱན་ཆས་ཅན་མ་ཧེའི་གདན་ལ་གནས་པ་འཁོར་གཤིན་རྗེའི་ཚོགས་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས་ཏེ་འཁོད་པར་གྱུར། གསེར་སྐྱེམས་མཆོད། །ཧཱུྃ འཇིགས་མཛད་ཡ་མཱནྟ་ཀའི་ལྷ་ཚོགས་རྣམས། །སྔོན་གྱི་ཐུགས་དམ་ཆེན་པོ་ཇི་བཞིན་དུ། །བདག་ཅག་བྱང་ཆུབ་སྒྲུབ་པའི་རྣལ་འབྱོར་ལ། །སྡང་ཞིང་གདུག་པའི་སེམས་འཆང་དགྲ་དང་བགེགས། །སྐད་ཅིག་ཉིད་ལ་གནས་འདིར་


MR25_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

དགུག་པ་དང་། །མངོན་སྤྱོད་དྲག་པོས་བསྒྲལ་བའི་ལས་མཛོད་ཅིག །ཅེས་བྱས་ལ། ཞབས་འོག་གི་གདོང་ཅན་རྣམས་སོགས་སྤྲུལ་པའི་ཕོ་ཉའི་ཚོགས་ཀྱིས་བཀུག་ལ། གཏོར་མ་གསུམ་པོ་ལ་ཐིམ་པར་བསམ། དགུག་པ་སྔགས་བཅས་ཅི་རིགས་བྱ། དེ་ལྟར་ལྷ་ཚོགས་རྣམས་ཀྱི་སྐུ་ལས་སྤྲོས་པའི་ཁྲོ་བོ་ཁྲོ་མོ་ཕོ་ཉ་མཚོན་ཆའི་ཚོགས་ཀྱིས་དགྲ་བགེགས་དུམ་བུར་གཏུབས་པར་བསམས་ལ། ཡ་མ་སོ་གཉིས་ཤམ་དགྲ་བགེགས་བྱད་མ་ཐམས་ཅད་མཱ་ར་ཡ་རྦད། ཅེས་ཅི་རིགས་བརྗོད་ལ་བསྒྲལ། དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་དྲག་པོའི་མཆོད་རྫས་བསམ་གྱིས་མི་ཁྱབ་པ་དང་། ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་གྲམ་ཁྲོད་ཆེན་པོའི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབ། གཙོ་བོའི་ལྗགས་སོགས། གཙོ་བོར་འབུལ། གཏུམ་ཆེན་མཐར་ཕྲིན་བཅོལ་བྱ། ཕྱོགས་སྐྱོང་གཞུང་ལྟར། ལས་གཤིན་གྱི་ལྗགས་རྡོ་རྗེའི་སོགས། ཨོཾ་ཀཱ་ལ་རཱུ་པ་སརྦ་བིགྡྷཾ་སོགས། ཧཱུྃ། འཆི་བདག་ནག་པོའི་སོགས་སྒྲུབ་ཐབས་ལྟར། དེ་ནས་ཐུན་མོང་དུ་གཏོར་མ་ཁ་གསོས་ཏེ། ཨོཾ་ཤྲཱི་ཤྲཱི་བཛྲ་བྷེ་ར་ཝ་ས་པ་རི་ཝཱ་ར་སརྦ་བིགྡྷཾ་ཤ་ཏྲཱུཾ་མཱ་ར་ཡ། ཨི་དཾ་བ་ལིཾ་ཏ་སོགས་སྒྲུབ་ཐབས་ལྟར་དང་། །ཧཱུྃ དགྲ་བགེགས་བྱད་མ་རྣམས་ནི་སོགས་


MR25_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ལྟར་བྱའོ། ༈ །སྟོང་པའི་ངང་ལས་རླུང་མེ་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཀ་པཱ་ལའི་སྣོད་དུ་ཚོགས་རྫས་ཚོགས་རྫས་ཞེས་བཞག་ན་བདུད་རྩི་ལག་མཆོད་བསྡུས་པ་འདིས་ཆོག གཏོར་མ་ཞེས་བསྒྱུར་ན་གཏོར་མ་འབུལ་བ་ཐམས་ཅད་ལ་འདིས་ཆོག དམིགས་བསལ་ཡི་དམ་ཆོས་སྐྱོང་གང་འདོད་ཀྱི་མཚན་གཞུག་པས་ཆོག་གོ། མཆན། ཞེས་བྱིན་གྱིས་བརླབས་ནས། ཤ་ལྔ་དང་བདུད་རྩི་ལྔ་ཞུ་ཞིང་ཁོལ་བ་ཉིད་ཡོངས་སུ་དག་ཅིང་ཁ་དོག་དྲི་རོ་ནུས་བཅུད་ཕུན་སུམ་ཚོགས་པ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ཚོགས་ཞིང་རྣམས་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས་ལ། འདོད་ཡོན་ལྷ་མོའི་ཚོགས་ཀྱིས་མཆོད་པར་བསམས་ལ། ན་མོ་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཞི་བ་རྡོ་རྗེ་དབྱིངས། ཁྲག་འཐུང་འབར་བ་ཆེན་པོ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར༴ འཁོར་་་ལོ་བདེ་མཆོག་ཀྱེ་རྡོ་རྗེ་གསང་བ་འདུས་པ་རྡོ་རྗེ་འཇིགས་བྱེད་ལ་སོགས་པའི་རྒྱུད་སྡེ་བཞི་དང་དྲུག་གིས་བསྡུས་པའི་ཡི་དམ་ལྷ་ཚོགས་མ་ལུས་པའི་དཀྱིལ་འཁོར༴ གནས་གསུམ་གྱི་དཔའ་བོ་


MR25_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་མ་ཐམས་ཅད་ཀྱི་ཞལ་དུ༴ བཀའ་སྲུང་དམ་ཅན་རྒྱ་མཚོའི་ཞལ་དུ༴ མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་དཔལ་ལྡན་རྡོ་རྗེ་སེམས་དཔའི་ངོ་བོར་དག་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞེས་མཆོད་ནས། བདག་ལུས་རྡོ་རྗེ་གསུམ་གྱི་རང་བཞིན་གྱི། །དཀྱིལ་འཁོར་ལྷ་ཚོགས་རྒྱལ་བ་རྒྱ་མཚོའི་ཚོགས། །བདེ་ཆེན་བདུད་རྩིའི་ཚོགས་ཀྱི་འཁོར་ལོ་ཡིས། །བདེ་མཆོག་མཉམ་པ་ཉིད་དུ་དགྱེས་གྱུར་ཅིག །མ་ཧཱ་སུ་ཁ་ཨ་ལ་ལ་ཧོཿ ཞེས་བརྗོད་ཅིང་བསམས་ལ་རོལ། ལྷག་མ་ཨོཾ་ཨཱཿཧཱུྃ་ཨུ་ཊ་བ་ལིཾ་ཏ་ཁཱ་ཧེས་བསྔོ། མཁའ་ཁྱབ་རྒྱལ་བའི་དཀྱིལ་འཁོར་དུ། །ཚོགས་ཀྱི༴ བདག་གཞན༴ དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །རྩ་བརྒྱུད་བླ་མའི་བྱིན་རླབས་སོགས་བརྗོད་དོ། །ཚོགས་འཁོར་བསྡུས་པ་འདི་དུས་དང་དུས་སུ་ཚོགས་ཀྱི་འཁོར་ལོ་ཆགས་མེད་དགོས་ཤིང་། མང་པོ་མི་ནུས་པའི་དོན་དུ་གསར་རྙིང་གང་གིའང་ཚོགས་མཆོད་མདོར་བསྡུས་ཀྱི་གོ་ཆོད་པ་ཡིན་ནོ། །མེ་རྟ་ཟླ་༨ཚེས་༢༥ལ་མི་ཕམ་པས་སོ། ༈ །ཚོགས་བསྡུས་ནི། ཧྲཱིཿ རྩ་གསུམ་ལྷ་ཚོགས་ཚོགས་ལ་སྤྱན་འདྲེན་གཤེགས། །ཕྱི་ནང་གསང་བའི་ཚོགས་ཀྱི་མཆོད་པ་འབུལ། །ཉམས་ཆག་འགལ་འཁྲུལ་ཐམས་ཅད་མཐོལ་ཞིང་བཤགས། །མི་མཐུན་བར་ཆད་དགྲ་བགེགས་


MR25_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བསྒྲལ། །ཤ་ཁྲག་རུས་གསུམ་ཡེ་ཤེས་བདུད་རྩིར་བཞེས། །ཐུགས་དམ་གཉན་པོ་ཆོས་ཀྱི་དབྱིངས་སུ་བསྐང་། །འགྱུར་མེད་བདེ་བ་ཆེན་པོའི་དངོས་གྲུབ་སྩོལ། །བཛྲ་ས་མ་ཡ་ཧོཿ ཞེས་པའང་མེ་ཕག་ཟླ་༨ཚེས་༢༦དྲང་སྲོང་དྲི་མེད་ཀྱི་རྣལ་འབྱོར་ལ་གནས་པའི་ཐུན་གསེང་དུ་མི་ཕམ་པའི་ཁ་ནས་བརྡོལ་བའོ། ༈ །ཉེར་མཁོ་སྣ་ཚོགས་འདོན་ཆ་བཞུགས། སྔགས་བཟླས་པ་ལྷ་ལ་འབུལ་བ་ནི། དུས་དེར་རིག་སྔགས་ཀྱི་གྲངས་ཅི་ཙམ་བཟླས་པ་བློས་བཟུང་ནས། ཧོཿ བདག་གིས་དུས་འདིར་བཟླས་བརྗོད་གང་བགྱིས་རྣམས། །ལྷ་མཆོག་ཁྱེད་ལ་འབུལ་ལོ་ཐུགས་རྗེས་བཞེས། །དངོས་གྲུབ་འཛད་མེད་གཏེར་དུ་བྱིན་བརླབས་ནས། །དོན་གཉིས་ལྷུན་གྲུབ་གང་འདོད་དཔལ་སྩོལ་ཅིག །རུ་ལུ་སོགས་བཟླ་རྒྱུའི་སྔགས་གང་ཡིན་ཚར་གཅིག་བཟླ་ཞིང་སེམས་རྩེ་གཅིག་པས་དེ་ལྟར་སྨོན་པར་བྱའོ། །ཤིང་འབྲུག་ཟླ་༡༡ཚེས་༦རྒྱ་བྲག་ཏུ་དྷཱིས་སོ། ༈ །ཧཱུྃ། བསྙེན་ཅིང་སྒྲུབ་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས། །ཐུགས་རྗེ་ནུས་པ་མཐུ་དང་དཔུང་བསྐྱེད་ལ། །འོད་ཟེར་ཕོ་ཉ་ཕྱག་མཚན་འཕྲོ་འདུ་ཡིས། །བདག་གི་དམིགས་བྱའི་བླ་ཚེ་ཉམས་འཁྱར་འཕྲོག་པ་དང་། །འཁོར་འདས་བརྟན་གཡོའི་ཚེ་བཅུད་དྭངས་མ་ཀུན། །འོད་ཟེར་ཐིག་ལེ་ཡིག་འབྲུའི་རྣམ་པར་བཀུག །བདག་ལ་


MR25_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་བྱར། བསྟིམ་པས་བཀྲག་མདངས་གཟི་བརྗིད་རྒྱས། །འཆི་མེད་རྡོ་རྗེའི་ཚེ་མཆོག་འགྲུབ་པར་མཛོད། །རྩ་སྔགས་གང་ཡིན་དང་། བཛྲ་ཨཱ་ཡུཿཥེ་ཧཱུྃ་ཛཿ ཚེ་བྷྲཱུྃཿ གཡུ་བྷྲཱུྃཿ གཡུ་ཚེ་ཨ་བ་ན་ཡ་བྷྲཱུྃཿ ཞེས་བརྗོད་དོ། །མི་ཕམ་པས་སོ། ༈ །ཚོགས་བསྡུས་ནི། ཚོགས་རྫས་རྣམས་ཨོཾ་ཨཱཿཧཱུྃ་ཧོཿབྱིན་གྱིས་བརླབས་ལ། རྩ་གསུམ་ལྷ་ཚོགས་ཚོགས་ལ་སྤྱན་འདྲེན་གཤེགས། །ཕྱི་ནང་གསང་བ་བདེ་ཆེན་ཚོགས་མཆོད་འབུལ། །དམ་ཚིག་ཉམས་ཆགས་ཐམས་ཅད་མཐོལ་ལོ་བཤགས། །གཉིས་འཛིན་དགྲ་བགེགས་ཆོས་ཀྱི་དབྱིངས་སུ་སྒྲོལ། །མཉམ་ཉིད་བདེ་བ་ཆེན་པོར་ཐུགས་དམ་བསྐང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཞེས་པའང་ཚོགས་གྲངས་གསོག་པ་སོགས་ལ་མཁོ་བའི་ཚོགས་བསྡུས་འཇམ་དཔལ་རྡོ་རྗེས་སོ། ༈ །ལྷ་དང་སྲུང་མ་གང་ཡིན་ལ་སྦྱར་ཆོག་པའི་བསྐང་བ་ནི། ཧཱུྃ། སྣང་སྲིད་རྣམ་དག་ངང་ལས་རང་ཤར་བ། །ཡིད་བཞིན་དགྱེས་དགུར་འཆར་བ་བསྐང་བའི་རྫས། །ཕྱི་ནང་གསང་བའི་མཆོད་ཡོན་མ་ཚང་མེད། །ཀུན་བཟང་བདེ་བ་ཆེན་པོའི་མཆོད་སྤྲིན་འདིས། །རྩ་གསུམ་དམ་ཅན་རྒྱ་མཚོའི་ དྲང་སྲོང་ཁྱབ་འཇུག་ཆེན་པོའི་སོགས་གང་འདོད་ཁ་བསྒྱུར་བྱ། ཐུགས་དམ་བསྐང་། །འཁོར་ཚོགས་སྤྲུལ་པར་བཅས་པའི་ཐུགས༴ ཐུགས་དམ་དགྱེས་བསྐང་ཉམས་ཆག་འགལ་


MR25_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་བཤགས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །བསྐང་བའི་རྒྱལ་པོ་རྡོ་རྗེའི་ཚིག་བརྒྱད་པ། །སོ་སོར་ཁ་བསྒྱུར་བཅས་ཏེ་ཐུགས་དམ་བསྐང་། །ས་མ་ཡ། མེ་སྤྲེལ་ཟླ་༡༡ཚེས་༣ལ་དྷཱིས་སོ། ༈ །བཤགས་པ་ནི། ཧཱུྃ། རྩ་གསུམ་སྲུང་མ་ དམ་ཅན་རྒྱ་མཚོའམ་ནོར་བུ་དགྲ་འདུལ་ལ་སོགས་གང་འདོད་ཁ་བསྒྱུར། གསན་ཅིང་ དགོངས་སུ་གསོལ། །མ་རིག་བདག་ཅག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ། །ལྷ་མཆོག་སྐྱེས་མཆོག་ཁྱེད་ཀྱི་སོགས་ཁ་བསྒྱུར། རྣམས་ཀྱི་ཐུགས་དང་ཅི་འགལ་བ། །སྙིང་ནས་འགྱོད་པ་དྲག་པོས་མཐོལ་ལོ་བཤགས། །སྒྲིབ་མེད་ཚངས་པ་མཆོག་གི་དངོས་གྲུབ་སྩོལ། །བཤགས་པའི་རྒྱལ་པོ་རྡོ་རྗེའི་ཚིག་དྲུག་པ། །སོ་སོར་ཁ་བསྒྱུར་བཅས་ཏེ་ཉམས་ཆག་སྦྱང་། །ས་མ་ཡ། མེ་སྤྲེལ་ཟླ་༡༡ཚེས་༣ལ་འཇམ་དཔལ་རྡོ་རྗེས་སོ། ༈ །ཡི་དམ་རྩ་གསུམ་གང་ལའང་སྦྱར་ཆོག་པའི་མེ་མཆོད་ནི། དུས་སུ་མེ་སྤར་ལ། ཟས་སྣ་དར་སྣ་རིན་ཆེན་སོགས་གང་ཡང་རུང་བའི་དངོས་པོའི་རྫས། ཨོཾ་ཨཱཿཧཱུྃ་ཧོཿ ངོ་བོ་བདེ་སྟོང་ཡེ་ཤེས་ཆེན་པོ་ལ། །རྣམ་པ་སྲིད་ཞིའི་འབྱོར་པ་མ་ཚང་མེད། །ཀུན་བཟང་བདེ་ཆེན་མཆོད་པའི་སྤྲིན་ཕུང་གིས། །ཆོས་དབྱིངས་ནམ་མཁའི་ཁམས་ཀུན་ཁྱབ་པར་གྱུར། །ཅེས་བརྗོད་ཅིང་བསམ། མེ་ལ། ཨོཾ་རྃཿ མེ་ནི་རང་བཞིན་ལྷུན་གྲུབ་པར། །མེ་ཡི་ལྷ་ཡི་ངོ་བོ་ཉིད། །


MR25_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

གོས་དཀར་ཡུམ་གྱི་རང་བཞིན་དུ། །རྣམ་དག་ཡེ་ཤེས་མེ་ལྕེ་ནི། །ཀུན་ཏུ་འབར་ཞིང་འཁྱིལ་པའི་ཀློང་། །རྩ་བ་གསུམ་གྱི་མཁའ་འགྲོ་སྡེ་ལྔ་སོགས་གང་འདོད་ཁ་བསྒྱུར། ལྷ་ཚོགས་རྣམས། །མ་འདྲེས་ཡོངས་རྫོགས་ཆུ་ཟླའི་གར། །ཏིལ་གྱི་གོང་བུ་བཞིན་དུ་བཞུགས། །གདོད་ནས་དམ་ཡེ་གཉིས་མེད་པའི། །རྡོ་རྗེའི་དབང་པོའི་གྲོང་ཁྱེར་དུ། །འདོད་ཡོན་དྲུག་ལྡན་མཆོད་པའི་སྤྲིན། །ཀུན་བཟང་བདེ་ཆེན་གཏེར་དུ་འབུལ། །དགྱེས་ཤིང་ཐུགས་དམ་བསྐངས་གྱུར་ནས། །བདག་གི་ཡིད་ལ་གང་འདོད་པའི། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །མྱུར་དུ་འགྲུབ་པར་མཛད་དུ་གསོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་གང་མོས་ཀྱི་རྩ་སྔགས་ལ་ཁ་བསྒྱུར་ཆོག་གོ། མ་ཧཱ་པཱུ་ཛ་ཁཱ་ཧི་ཁཱ་ཧི། སརྦ་སིདྡྷི་ཕཱ་ལ་ཧཱུྃ། ཞེས་ཅི་རིགས་འབུལ་མཐར་མི་དམིགས་འོད་གསལ་གྱི་དབྱིངས་སུ་བཞག་ལ་དགེ་བསྔོ་ཤིས་བརྗོད་བྱའོ། །གསེར་འཕྱངས་ཟླ་༣ཚེས་༤ལ་མི་ཕམ་པས་སོ། ༈ །བསང་བསྡུས་ནི། ཧོཿ བསང་མཆོད་ཀུན་བཟང་མཆོད་པའི་སྤྲིན་ཆེན་པོས། །བླ་མ་ཡི་དམ་སངས་རྒྱས་བྱང་སེམས་བསང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་བསང་། །དགྲ་བླ་ཝེར་མ་གནས་གཞི་གཏེར་བདག་བསང་། །འགོ་བའི་ལྷ་མགོན་གཉན་པོ་ཐམས་ཅད་བསང་། །ཚིག་རྐང་འདི་ལྷ་གང་འདོད་ཁ་བསྒྱུར་ཀྱང་ཆོག ཕྱི་སྣོད་ནང་བཅུད་དག་པ་ཆེན་པོར་བསང་། །འདོད་ཡོན་མི་ཟད་ནམ་མཁའ་མཛོད་


MR25_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མཆོད། །གེགས་ཞི་བསམ་དོན་ལྷུན་གྲུབ་བཀྲ་ཤིས་ཤོག །ཨོཾ་ཨཱཿཧཱུྃ་ཞེས་བཟླ། ཤིང་སྦྲུལ་ཟླ་༧ཚེས་༤ལ་ཁྲ་འགུའི་རི་ཁྲོད་དུ་མི་ཕམ་པས་བཀོད་པ་དགེའོ། ༈ །ཧཱུྃ། སྣང་སྟོང་རྣམ་དག་བདུད་རྩིའི་བསང་མཆོད་འདིས། །རྣམ་རྟོག་ལས་བྱུང་གྲིབ་དང་མི་གཙང་ཀུན། །དག་གསལ་རྙོགས་མེད་ཆོས་སྐུ་ཆེན་པོའི་ངང་། །བསང་ངོ་ཀུན་བཟང་སྒྲིབ་མེད་ཀློང་དུ་ཨཱཿ མནོལ་བསང་བསྡུས་པ་ཤིང་འབྲུག་ཟླ་༡༡ཚེས་༦ལ་དྷཱིས་སོ། ༈ །ཧཱུྃ། མཆོག་གསུམ་རྩ་གསུམ་སྔགས་དང་ཕྱག་རྒྱའི་མཐུས། །བརྟན་གཡོ་སྲིད་ཞིའི་ཕྱྭ་གཡང་དགེ་མཚན་ཀུན། །འདིར་ཁུག་འདིར་བསྡུས་འཕེལ་རྒྱས་མི་ནུབ་པར། །བདེ་སྐྱིད་བཀྲ་ཤིས་ལེགས་ཚོགས་དཔལ་འབར་ཤོག །ཤིང་འབྲུག་ཟླ་༡༡ཚེས་༦ལ་དྷཱིས་སོ། ༈ །རྣལ་འབྱོར་རྒྱུན་གླུད་བསྔོ་བ་ཁྱེར་བདེ་ནི། །གླུད་དང་གསུར་སོགས་གང་ཡང་རུང་། །འབྲུ་གསུམ་སཾ་བྷར་མཚན་བཞིས་བརླབ། །ཧོཿ གླུད་གཏོར་གསུར་མཆོད་སོགས། འདོད་ཡོན་ཀུན་ལྡན་འདི། །ཕྱོགས་འདིར་སྲིད་འདིར་གནས་ཤིང་རྒྱུ་བ་ཡིས། །རེ་ཞིང་ཆགས་དང་གནོད་ཅིང་འཚེ། །སྣ་ཚོགས་གཟུགས་ཅན་ཡོངས་འཚོལ་སེམས། །འབྱུང་པོའི་རིགས་སུ་གྱུར་རྣམས་ལ། །བསྔོའོ་དགའ་མགུ་ཡི་རངས་ཚིམས། །འགལ་རྐྱེན་སྡུག་བསྔལ་འཁྲུལ་སྣང་ཀུན། །བདེ་ཆེན་ཀློང་དུ་གྲོལ་གྱུར་


MR25_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས། །སྲེད་དང་ཆགས་དང་ཞེན་པ་དང་། །དྲན་དང་གཟུང་དང་བསམ་དང་རེག །གློད་དང་ཞི་དང་གྲོལ་བར་མཛོད། །ཨ་ཨཱཿཞེས་བརྗོད་ཐབས་འདི་ཡིས། །འཆི་བ་བསླུ་ཞིང་ན་བ་སེལ། །རྒུད་པ་གསོ་ཞིང་ཆོ་འཕྲུལ་ཞི། །རྐྱེན་ངན་བཟློག་ཅིང་བསམ་པ་འགྲུབ། །ས་མ་ཡ། ཤིང་འབྲུག་ཟླ་༡༡ཚེས་༦ལ་དྷཱིས་སྤེལ་བ་མངྒ་ལཾ། ༈ །མདོས་བསྔོ་ནི། ཨོཾ། ཕྱི་སྣོད་འཇིག་རྟེན་མདོས་ཁང་དུ། །ཨཱཿ ནང་བཅུད་སེམས་ཅན་མདོས་སུ་བཤམས། །ཧཱུྃ། སྣང་སྲིད་འདོད་དགུའི་སྤྲིན་ཕུང་འཕྲོ། །ཧོཿ འཁོར་འདས་མཉམ་པ་ཆེན་པོར་བསྐང་། །མདོས་གང་ལ་ཡང་དེའི་གཞུང་བསྲངས་ལ་འདིའི་དོན་ལ་དམིགས་བཞིན་རྫས་ཁ་སབ་ལ་འདི་ཉིད་གྲངས་བསགས་པས་མདོས་ཀྱི་གྲངས་ཚང་བ་སོགས་དོན་ཆེའོ། །ཤིང་ལུག་ཟླ་༦ཚེས་༤ལ་དྷཱིས་སོ། ༈ །ན་མོ་མཉྫུ་ཤྲཱི་ཡེ། ཀླུང་ཏཱ་ཞེས་པ་རྒྱ་ནག་སྐད་དེ་སྟོབས་པོ་ཤུགས་ལ་འཇུག དེ་བོད་དུ་སྲོག་ལུས་དབང་ང་གིས་ཟླས་དབྱེ་བའི་ང་རྟ་ལ་ཀླུང་ཞེས་བསྒྱུར། གསང་བའི་བརྡ་གཏེར་མ་རྣམས་ལས་ང་རྟ་ཞེས་ང་ཤུགས་སྟོབས་ཀྱི་བྱེད་པ་ཅན་གཡོ་བར་བྱེད་པ་དང་། རྟ་ནི་བཞོན་པའི་དོན་ཏེ་གང་འདོད་གནས་སུ་སླེབ་པའི་དོན་གྱིས་བཏགས་ཏེ། མ་དག་པའི་སྐབས་སུ་སྒོ་ལྔའི་རྣམ་ཤེས། དག་པའི་ཚེ་ན་


MR25_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་གྲུབ་ཡེ་ཤེས། ངོ་བོ་ནི་འཁོར་བའི་དུས་ན་ལས་ང་གི་བྱེད་རྩོལ་དང་། དག་པའི་དུས་ན་ཡེ་ཤེས་ཀྱི་རླུང་གི་བྱེད་པས་བྱ་བྱེད་དང་ཕྲིན་ལས་ཐམས་ཅད་བྱེད་པས་ན། ཆོས་དང་སྲིད་ཀྱི་ལེགས་ཚོགས་གང་ལ་ཡང་ཐོགས་པ་མེད་པར་འགྲུབ་པའི་རྟེན་ནི་རླུང་རྟ་ཡིན་པས། དེ་དར་བའི་དུས་སུ་གང་བརྩམས་ཐོགས་པ་མེད་པར་འགྲུབ་ཅིང་། ཉེས་པ་བྱས་ཀྱང་ལེགས་པར་འགྱུར་བ་ལྟ་བུ་དགེ་མཚན་དང་། སྙན་པ་འཕེལ་བར་འགྱུར་བའི་ཕྱིར་རླུང་གི་སྟོབས་བསྐྱེད་པའི་རྟེན་འབྲེལ་ལ་འབད་པ་གལ་ཆེ། དེ་ལ་དང་པོར་བསོད་ནམས་ཀྱི་རྒྱང་དཔུང་བསྐྱེད་པ་ནི་མཆོད་སྦྱིན་སྤྱི་དང་། ཁྱད་པར་རྟེན་གསུམ་ལ་སྙན་ཤལ། མར་མེ། ཆོས་སྐྱོང་དགྲ་བླ་གསོལ་པ། བྱིས་པ་དང་ཡུལ་གྱི་འཕན་དར་ཅན་ལ་སྟོན་མོ་བྱས་ནས་ལ་ཉེ་ལེགས་པོ་བརྗོད་པ་སོགས་རྟེན་འབྲེལ་དགེ་མཚན་ཅི་རིགས་བྱ་བ་དང་། ལས་ལམ་རྒྱུག་པའི་རྟེན་འབྲེལ་གྱིས་ལམ་འཕྲང་བཅོས་པ་སོགས་བྱ། ཁྱད་པར་གྱི་རྟེན་འབྲེལ་ནི་རླུང་རྟའི་བ་དན་འཛུགས་པ་ཡིན་ལ། དེ་ལའང་མི་མཐུན་གཡུལ་ལས་རྒྱལ་བའི་བ་དན་སོགས་འབྲི་ཚུལ་གྱི་རྣམ་གཞག་དུ་མ་ཡོད་ལ། སྤྱིར་རང་རང་སོ་སོའི་ཀླུང་ཁམས་ཀྱི་རང་མ་གྲོགས་གསུམ་གྱི་ཁ་དོག་གཙོར་མདོག་སྣ་ལྔའི་གདན་གྱི་ཕྲེང་བ་ཇི་མང་ཚར་དུ་དངར་བ་རི་སྤོ་མཐོན་དུ་


MR25_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲོན་ལ་བྱིན་གྱིས་བརླབས་ནས་ཆོས་སྐྱོང་དགྲ་བླ་རྣམས་ལ་འབུལ་ཞིང་། གང་བརྩམས་འགྲུབ་པའི་ཕྲིན་བཅོལ་བྱའོ། །དེ་འདྲའི་བ་དན་ཐུན་མོང་ལ་རི་མོ་འབྲི་བ་སོགས་མེད་ཀྱང་ཆོག་ལ། ནང་དུ་རི་མོ་འབྲི་བའི་ཚེ་ན་རྗེ་གཡུ་ཐོག་པས་རྡོ་རྗེ་རྩེ་ལྔ་འབྲི་བར་གསུངས་པ་དང་། གློ་བོ་ལོ་ཙཱ་བའི་བཞེད་པ་རི་ལ་ཉི་ཟླ་སྐར་གསུམ། ཀླུང་དུ་ཉ་སྦལ་དུང་གསུམ། མཁར་རྩེར་རྟགས་བརྒྱད་དང་ཁ་བསྒྱུར་གྱི་འདོད་གསོལ་བྲི་བ་སོགས་བླ་མ་མཁས་གྲུབ་རྣམས་ཀྱིས་བཞེད་པ་དང་། གཏེར་ཁ་ནས་བྱུང་བའི་རིགས་མི་འདྲ་བ་སྣ་ཚོགས་སྣང་ཡང་། འདིར་དེ་དག་གི་དགོངས་བཞེད་བསྡུས་ཏེ་རླུང་རྟའི་བ་དན་གྱི་རི་མོའི་བཀོད་པ་མདོ་བྱང་བྱས་པ་ལ། དབུས་སུ་ཕྱི་ནང་གི་དག་པ་འགྲིགས་པ་རྣམ་བཅུ་དབང་ལྡན་གྱི་ཡིག་གཟུགས་ཆ་ཚང་ལྡན་པར་བཀོད་པས་སྣོད་བཅུད་ཀྱི་རྒུད་པ་སེལ་ཞིང་བཀྲ་ཤིས་པར་བྱེད། སྟེང་དུ་དེ་བཞིན་གཤེགས་པ་སངས་རྒྱས་པའི་ཚེ་མཛོད་སྤུ་ནས་འོད་ཟེར་བྱུང་བས་བདུད་ཀྱི་གནས་དཔའ་བཀོད་པའི་མཛོད་སྤུ་ནོར་བུའི་གཟུངས་འདིས་ཕས་རྒོལ་ཚར་གཅོད་ཅིང་སྟོབས་བསྐྱེད་པར་བྱེད་པ་ཡིན་པས། ཨོཾ་ཧེ་ཧེ་ཏིཥྛ་ཏིཥྛ་བྷནྡྷ་བྷནྡྷ་དྷཱ་ར་ཡ་དྷཱ་ར་ཡ་ནི་རུནྡྷ་ནི་རུནྡྷ་ཨུ་རྩྞ་མ་ཎི་ཡེ་སྭཱ་ཧཱ། ཞེས་པ་འདི་དང་། སྐུ་རྡོ་རྗེ་འཇམ་དཔལ་རིགས་དྲུག་ལས་བྱ་གྲུབ་ཡེ་ཤེས་དོན་


MR25_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་གྲུབ་པའི་ངོ་བོ་ཡེ་ཤེས་སྐུ་ཅན་གྱི་སྔགས། ཨོཾ་མཉྫུ་ཤྲཱི་ཛྙཱ་ན་ཀཱ་ཡ་ན་མ། ཞེས་པ་དང་། སྤྱན་རས་གཟིགས་ཡིད་བཞིན་ནོར་བུའི་སྔགས། ཨོཾ་པདྨ་ཙིནྟ་མ་ཎི་ཛྭ་ལ་ཧཱུྃ། ཞེས་པ་དང་། ཕྱག་ན་རྡོ་རྗེའི་རིག་སྔགས་བཅོ་བརྒྱད་པ། ཨོཾ་བཛྲ་ཙཎྚ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊཿ ཞེས་པ་འདི་གསུམ་འབྲི་སྟེ། རིགས་གསུམ་མགོན་པོའི་སྔགས་འདི་དག་རེ་རེ་བཞིན་ཡང་རང་རང་གི་མཐུ་སྟོབས་བསྐྱེད་པ་དང་ཇི་ཙམ་འགྲུབ་པ་དང་། ཕྲིན་ལས་ཀྱི་སྟོབས་མཐུ་འཕེལ་ནས་ཕས་རྒོལ་འཇོམས་པར་བསྔགས་པས་འདི་རྣམས་བྲི། གཞན་ཡང་གཙུག་ཏོར་གདུགས་དཀར་དང་། རྒྱལ་མཚན་རྩེ་མོའི་ཉེ་སྙིང་སོགས་ཀྱང་ཇི་འདོད་བྲི། དེ་བཞིན་གཤེགས་པས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་རི་མོར་བྲིས་ཀྱང་དགེ་ལེགས་སུ་བྱེད་པ་བཀྲ་ཤིས་པའི་རྟགས་བརྒྱད་ལས་སྟེང་དུ་གདུགས་དང་རྒྱལ་མཚན། དཔལ་བེའུ་འཁོར་ལོ་བཞི་དང་། འོག་ཏུ་པདྨ་བུམ་པ། དུང་གསེར་ཉ་བཞི་བྲི། འདི་རྣམས་རི་མོ་དོད་ལ་ཡིད་འཕྲོག་པར་བྲི། ཡང་ན་རྟ་གཟུགས་དང་རྟགས་བརྒྱད་རྣམས་འོག་ཏུ་བྲི། རྒྱས་པར་དེ་སྟེང་ཕྱག་མཚན་ལྔ་བྲི། ཕྱོགས་ཀྱི་གྲྭ་བཞིར་རླུང་རྟ་ལྷ་བཞིར་གྲགས་པ་སྟེང་དུ་འབྲུག་དང་ཁྱུང་། འོག་ཏུ་སེང་གེ་དང་སྟག་གི་གཟུགས་དངོས་སུ་བྲི། དེ་ལྟར་མ་བྱུང་ན་


MR25_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

མིང་བྲིས་ཀྱང་རུང་། ལས་ཤམ་དུ་རླུང་རྟ་བསྐྱེད་པའི་སྔགས་སུ་གྲགས་པ། ཨོཾ་ཨཱཿཧཱུྃ་ཧེ་ཧེ་སྟག་སེང་ཁྱུང་འབྲུག་ལྡིར་ཡར་སྐྱེད་ཀུན་འདུས་སརྦ་འདུ་འདུ་ཧོཿ ཨོཾ་བཛྲ་ཛྙཱ་ན་ཨཱཿཡུ་ཥེ་སྭཱ་ཧཱ། ཞེས་དང་། དེ་མཐར་རྟེན་འབྲེལ་སྙིང་པོ་འདི་ཅི་ལའང་དམིགས་པ་བསྒྱུར་བས་འགྲུབ་པས་ན། རྟེན་འབྲེལ་སྙིང་པོའི་ཤམ་དུ། བདག་ཆྒཻ་མོའི་རླུང་རྟའི་སྟོབས་ཐམས་ཅད་གོང་ནས་གོང་དུ་འཕེལ་ཏེ་ཅི་བསམ་ཐོགས་པ་མེད་པར་འགྲུབ་པ་དང་། ཕྱོགས་ལས་རྣམ་པར་རྒྱལ་བར་གྱུར་ཅིག་ཅེས་སོགས་འདོད་གསོལ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་བཞད་པ་བརྒྱད་ཀྱི་གསང་སྔགས་དགྲ་ལྷ་ཝེར་མའི་གད་རྒྱངས་འདི་བྲི་སྟེ། ཧ་ཧ་ཧི་ཧི་ཧེ་ཧེ་ཧོ་ཧོཿ ཛ་ཡ་ཛ་ཡ་བི་ཛ་ཡནྟུ། ཞེས་བྲི་བར་བྱའོ། །འདི་དག་གི་རྟེན་འབྲེལ་ལས་ཀླུང་གི་སྟོབས་འཕེལ་བར་འགྱུར་ཏེ་ཁུངས་ལྡན་གྱི་ལུང་གི་དོན་བཞིན་མ་ནོར་བ་བཀོད་པ་ཡིན་ཀྱང་། རྒྱུ་མཚན་རྒྱས་པར་བྲིས་ན་ཡི་གེ་མང་དོགས་ཀྱིས་མདོར་བསྡུས་པ་སྟེ། འདི་ནི་སྐུ་ཞབས་ཏཱའི་སི་ཏུའི་དྲུང་དུ་བཞུགས་པ་བླ་མ་ཚེ་དབང་གིས་གསུང་བསྐུལ་ངོར། ཨ་ཛི་ཏ་བི་ཛ་ཡས་བཀོད་པ་དགེ་ལེགས་སུ་གྱུར་ཅིག ༈ ཨོཾ་སྭ་སྟི། ཟབ་ལས་ཆེས་ཟབ་སྒྲུབ་ཐབས་ཀུན་གྱི་དབྱིག །འཇམ་དཔལ་དགྱེས་པའི་རྡོ་རྗེའི་ཐུགས་ལས་ཕྱུང་། །རྣམ་མང་ཆོས་


MR25_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་མི་ཟད་སྤར་གྱི་འཕྲུལ། །དབྱེ་བའི་བྱེད་པོ་ཆོས་ཀྱི་བློ་གྲོས་ཀྱིས། །འཇམ་དབྱངས་བླ་མའི་བྱིན་རླབས་འཇུག་སླད་དུ། །གཞན་ཕན་སེམས་དཔའི་གཡར་དམ་བརྟན་པོ་ལས། །བྱུང་བའི་དགེ་བ་འདི་ཡིས་དུས་གསུམ་གྱི། །འགྲོ་རྣམས་རྒྱལ་བའི་གོ་འཕང་ཐོབ་གྱུར་ཅིག །ཅེས་པའང་རྣམ་དཀར་བྱེད་པོ་རང་ཉིད་ཀྱིས་སྨྲས་པ་ཤུབྷཾ། །མངྒ་ལཾ། །


previousཉེ་སྲས་བརྒྱད་ཀྱི་སྒྲུབ་པ་རིན་ཆེན་གཏེར་བུམ།next