རྡོ་རྗེ་གྲོ་ལོད་ཀྱི་ཕྱི་སྒྲུབ་ལེའུ་དགུ་པའི་ཟབ་གནད།― KMC020_Page_0055 ―
[མ་དཔེ་གཟིགས་ན་འདིར་གནོན།]
བརྡའ་ཡིག ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་ཀྱི༔ ཕྱི་སྒྲུབ་ཀུན་ཏུ་བཟང་པོ་ཡི༔ ལེའུ་དགུ་པའི་ཟབ་གནད་བཞུགས༔ སུས་ཀྱང་བཅོས་བསླད་མ་བསྲེ་ཞིག༔ ༔རིག་འཛིན་མི་འགྱུར་རྡོ་རྗེའི་གཏེར་མ་བསླ་མེད་པའོ༔ ― KMC020_Page_0056 ―
[མ་དཔེ་གཟིགས་ན་འདིར་གནོན།]
བརྡའ་ཡིག ༼ཨཱོཾ༽ རྒྱ་གར་སྐད་དུ༔ ཤྲཱི་དྷརྨ་དྷཱ་ཏུ༔ ཛྙཱ་ན་པཉྩ་སཱ་ག་ར༔ ཧེ་རུ་ཀ་ཡེ་ཏནྟྲ་ནཱ་མ༔ བོད་སྐད་དུ༔ དཔལ་ཆོས་དབྱིངས་ཡེ་ཤེས་ལྔ་ཡི་རྒྱ་མཚོ་ཧེ་རུ་ཀའི་རྒྱུད་ཅེས་བྱ་བ༔ ཐོག་མའི་སངས་རྒྱས་བཅོམ་ལྡན་འདས༔ ཀུན་བཟང་ཡབ་ཡུམ་ཞེས་བྱ་བ༔ ཐོག་མ་བར་དང་ཐ་མ་གསུམ༔ རྣམ་ཐར་སྔོན་བྱུང་འདི་ལྟ་སྟེ༔ ཨ་ཧཾ་ཨེ་ཝཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ བཅོམ་ལྡན་ཀུན་བཟང་ཡབ་ཡུམ་སྲིད་དང་ཞི་བའི་མཐའ་ལས་འདས་ཤིང་ཕ་མཐའ་ཡས༔ ཐབས་ཤེས་དབྱེར་མེད་བདེ་སྟོང་དབྱིངས་རིག་སྒྱུ་འཕྲུལ་རྟེན་འབྲེལ་ལས༔ ཀུན་ཤེས་ཀུན་བྱེད་ ― KMC020_Page_0057 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྒྱལ་པོའི་སྤྱོད་པ་རབ་འབྱམས་དཔག་པར་དཀའ༔ ཡེ་གནས་ཁྱབ་གདལ་སྲིད་པ་ཆགས་བྱེད་ཀུན་ཏུ་བཟང་པོའི་གསང་བའི་དབྱིངས༔ ཡེ་གདོད་སྟོང་ཆེན་དབྱིངས་ལས་ཡེ་ཤེས་རོལ་པ་འཆར་བྱེད་ཀུན་ཏུ་བཟང་མོའི་མཁའ༔ སྒྱུ་འཕྲུལ་དྲྭ་བའི་ཆོས་སྒོ་རབ་འབྱམས་འོད་གསལ་འཁོར་ཡུག་གནས༔ མ་འགགས་རོལ་རྩེད་སྤྲུལ་བསྒྱུར་གར་གྱི་རོལ་པར་སྣང་སྲིད་འཁོར་འདས་རབ་འབྱམས་ཀུན་བཟང་ཀློང་ལས་གྲུབ༔ རིག་སྟོང་རྩོད་བྲལ་ཆ་ལས་སྲིད་གསུམ་བཀོད་པ་གཟུགས་སུ་ཤར༔ རྒྱུ་ཡི་ཀུན་བཟང་སེམས་ཅན་ཀུན་གྱི་སྙིང་ལ་གནས་པས་རིགས་དྲུག་འཁོར་ལོ་ཀུན་ཏུ་བཟང༔ རྐྱེན་གྱི་ཀུན་བཟང་དགེ་སྡིག་འཆོལ་བུ་ཟུང་དུ་འཆར་བས་དཀར་ནག་ལས་ཀྱི་བདེན་རྫུན་དྲང་ཤན་ ― KMC020_Page_0058 ―
[མ་དཔེ་གཟིགས་ན་འདིར་གནོན།]
དབྱེ༔ འབྲས་བུའི་ཀུན་བཟང་རྒྱལ་བ་རབ་འབྱམས་ཐུགས་ལ་གནས་བཞིན་འགྲོ་ཀུན་སྡུག་བསྔལ་སེལ༔ དོན་དམ་ཀུན་བཟང་སྐྱེ་འཆི་བྲལ་བར་འགྱུར་མེད་ཚེ་ཡི་རིག་འཛིན་བསྟན༔ ཐེག་པ་རིམ་དགུ་ཡོངས་རྫོགས་ཡེ་གནས་ཕ་རོལ་ཕྱིན་བཅུ་རྫོགས༔ ཀུན་བཟང་དག་པའི་སྣང་ཆ་མཐོ་རིས་གནས་གསུམ་ལྷ་མིའི་གཟུགས་སུ་ཤར༔ ཀུན་བཟང་མ་དག་སྣང་ཆ་ངན་སོང་གསུམ་སོགས་ལོག་པའི་ལམ་དུ་གོལ༔ མ་འཁྲུལ་རང་སེམས་གཉུག་མ་ཡེ་ནས་རྒྱུ་ཡི་སངས་རྒྱས་ཉིད༔ འཁྲུལ་སྣང་བག་ཆགས་རྐྱེན་གྱུར་ཨ་འཐས་རེ་དོགས་སུ་འཁྲུལ་པ་སེམས་ཅན་རྒྱུ༔ སངས་རྒྱས་སེམས་ཅན་དབྱེ་བར་མེད་མིན་འཁྲུལ་དང་མ་འཁྲུལ་དབྱེ་བས་གསལ༔ རིག་སྟོང་རྩལ་སྦྱངས་ཐེག་ཆེན་གསང་སྔགས་ཨ་ཏི་ཁྱབ་གདལ་ཆེ༔ རིག་དང་མ་རིག་དབྱེ་བས་གསལ་ཏེ་དོན་དམ་གཏན་ལ་འབེབས༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་གྱི༔ གཞི་ཡི་ཀུན་བཟང་འཁོར་འདས་ཀྱི༔ སྣང་སྲིད་སྤྲུལ་ཚུལ་ལེའུ་སྟེ༔ སྲིད་པ་བེམ་ཏིག་དང་པའོ༔ ས་མ་ཡ་ཐུགས་རྒྱ་བརྡའ་ཐིམ༔ བརྡའ་ཡིག ༼ཨཱཿ༽ ༔གུ་རུ་དྷརྨ་དྷཱ་ཏུ་ཛྙཱན་པཉྩ་སཱ་ག་ར་ཀཱ་ཡ་ན་མོ༔ ཨ་ཧཾ་ཨེ་ཝཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ བཅོམ་ལྡན་ཀུན་བཟང་ཡབ་ཡུམ་ཆོས་དབྱིངས་ཡེ་ཤེས་ལྔ་ཡི་ཀློང༔ སྣང་བ་སྣ་ཚོགས་རྟེན་ཅིང་འབྲེལ་འབྱུང་ཡེ་ཤེས་རོལ་པར་ཤར༔ མ་དག་རྟོག་ཚོགས་ཡེ་ནས་མ་སྤངས་རང་གྲོལ་འཛིན་མེད་རྣམ་པར་དག༔ གཞི་ལམ་ ― KMC020_Page_0059 ―
[མ་དཔེ་གཟིགས་ན་འདིར་གནོན།]
འབྲས་བུ་གཉིས་འཛིན་རེ་དོགས་མེད་པར་མཐའ་རུ་ཕྱིན༔ གཞི་ཡི་ཀུན་བཟང་དུག་གསུམ་ངོ་བོ་བདེ་གསལ་མི་རྟོག་པ༔ ལམ་གྱི་ཀུན་བཟང་དུག་ལྔའི་ངོ་བོ་ཡེ་ཤེས་ལྔ་ཡི་རྒྱུ༔ འབྲས་བུའི་ཀུན་བཟང་ཕུང་པོ་ལྔ་དག་རྒྱལ་བ་རིགས་ལྔའོ༔ ཕྱི་ཡི་ཀུན་བཟང་ཚོགས་དྲུག་སྣང་བ་གང་ཤར་ཤར་གྲོལ་ལོ༔ ནང་གི་ཀུན་བཟང་རྟེན་འབྲེལ་བཅུ་གཉིས་ཉམས་སུ་མྱོང་ཞིང་སྟོང་པར་སྦྱངས་ཏེ་ཧྲུལ་པོར་བཤིག་པའོ༔ གསང་བའི་ཀུན་བཟང་རིགས་དྲུག་སྡུག་བསྔལ་མིག་གིས་ལྟ་ཞིང་ཐར་ལམ་བགྲོད་པའོ༔ ཀུན་བཟང་རྟག་པར་འཛིན་པ་ངོ་བོས་སྟོང་སྟེ་ནམ་མཁའ་ལྟར་སྦྱང་ངོ༔ ཀུན་བཟང་མི་རྟག་བརྡའ་ཆོས་དུས་བཞི་ཁམས་ལྔའི་ངོ་བོས་བསྟན་ཏེ་གསལ་བར་འཆར་བའོ༔ ཀུན་བཟང་བདེན་མེད་སྒྱུ་མའི་གྲོང་ཁྱེར་སྨིག་རྒྱུ་ལྟ་བུའོ༔ ཀུན་བཟང་རྫུན་མེད་སྒྱུ་འཕྲུལ་ཀློང་ལས་སྲིད་གསུམ་ཤར་གྲོལ་ལོ༔ མ་རིག་ཉོན་མོངས་གཉེན་པོས་ཟིན་བཞིན་ཡེ་ཤེས་ལྔ་ཡི་ཀློང༔ དྲན་རིག་གསལ་བའི་རང་མདངས་སྐུ་གསུམ་ས་ལེར་གནས༔ ཡེ་མེད་ཀུན་བཟང་སྒྲུབ་དུ་མེད་དེ་རང་ཆས་སུ་བཞུགས་པའོ༔ ཡེ་སྟོང་ཀུན་བཟང་བསྟན་དུ་མེད་དེ་ནམ་མཁའ་ལྟར་གནས་པའོ༔ ཀུན་བཟང་ཡོད་པ་མ་ཡིན་ངོ་བོས་སྟོང་སྟེ་ནམ་མཁའ་ལ་ནི་རླུང་རྒྱུ་ལྟར༔ ཀུན་བཟང་མེད་པ་མ་ཡིན་རྒྱ་མཚོའི་ཀློང་དུ་སྟོང་གཟུགས་སྣ་ཚོགས་འཆར༔ ཀུན་བཟང་བདེན་པའི་སྟོབས་ནི་ཡེ་ཤེས་ལུས་ ― KMC020_Page_0060 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཐོབ་ཕ་རོལ་ཕྱིན༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་གྱི༔ ལམ་བགྲོད་ལམ་སྦྱོང་ཟབ་མོའི་གནད༔ གསལ་བར་བསྟན་པའི་ལེའུ་སྟེ༔ ཆེ་བ་རང་དྲན་གཉིས་པའོ༔ ས་མ་ཡ་ཐུགས་རྒྱ་བརྡའ་ཐིམ༔ བརྡའ་ཡིག ༼ཧཱུྃ༽ ༔གུ་རུ་བཛྲ་ཀཱ་ཡ་ན་མོ༔ ཨ་ཧཾ་ཨེ་ཝཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ བཅོམ་ལྡན་ཀུན་བཟང་ཡབ་ཡུམ་ཐབས་ཤེས་དབྱེར་མེད་དབྱིངས་རིག་སྒྱུ་འཕྲུལ་ལས༔ སྲས་མཆོག་རིགས་ཀུན་བདག་པོ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་སྤྲུལ༔ ཀུན་བཟང་ཡབ་ཡུམ་ཕུང་པོ་ལྔ་ལས་རྒྱལ་བ་རིགས་ལྔའི་ཞིང་ཁམས་བཀོད་པ་སོ་སོར་སྨོན་ལམ་རྒྱ་མཚོར་སྤྲུལ༔ ཀུན་བཟང་ཡབ་ཡུམ་ཁམས་ལྔའི་ཆ་ལས་དབྱིངས་ཕྱུག་མ་སོགས་ལྷ་མོ་ལྔ་ཡི་ངོ་བོར་ཤར༔ ཀུན་བཟང་ཡབ་ཡུམ་དུག་གསུམ་ངོ་བོ་རྣམ་པར་དག་སྟེ་རོ་རྐྱང་དབུ་མར་སྐུ་གསུམ་ལྷ་ཚོགས་སྤྲུལ༔ ཀུན་བཟང་ཡབ་ཡུམ་རྩ་འཁོར་དྲུག་ལས་འགྲོ་བ་རིགས་དྲུག་བཀོད་པ་ལས་དང་བདེན་རྫུན་གཟུགས་སུ་ཤར༔ ཀུན་བཟང་ཡབ་ཡུམ་ཡུལ་དྲུག་རྣམ་པར་དག་སྟེ་ཐུབ་པ་རིགས་དྲུག་སྤྲུལ༔ ཀུན་བཟང་ཡབ་ཡུམ་རྣམ་ཤེས་ཚོགས་བརྒྱད་རྣམ་པར་དག་སྟེ་བྱང་ཆུབ་སེམས་དཔའ་བརྒྱད༔ ཀུན་བཟང་ཡབ་ཡུམ་གཟུགས་སྒྲ་དྲི་རོ་རེག་ཆོས་རྣམ་པར་དག་སྟེ་རྡོ་རྗེའི་ལྷ་མོ་དྲུག༔ ཀུན་བཟང་ཡབ་ཡུམ་དུག་ལྔའི་ངོ་བོ་རྣམ་པར་དག་སྟེ་ཧེ་རུ་ཀ་ལྔར་ཤར༔ ཀུན་བཟང་ཡབ་ཡུམ་ཐབས་ཤེས་རྟེན་འབྲེལ་རྣམ་པར་དག་སྟེ་དཔའ་བོ་མཁའ་ ― KMC020_Page_0061 ―
[མ་དཔེ་གཟིགས་ན་འདིར་གནོན།]
འགྲོར་ཤར༔ ཀུན་བཟང་ཡབ་ཡུམ་གནས་ཡུལ་དུར་ཁྲོད་ཞིང་དང་ཚནྡྷོ་འདུ་བ་འཐུང་སྤྱོད་སྐུ་ལ་རྫོགས་ཤིང་རྣམ་པར་དག་པའི་སྒྱུ་འཕྲུལ་ལས༔ དཔའ་བོ་གིང་དང་མ་ཚོགས་མཁའ་འགྲོ་དབང་ཕྱུག་ཉེར་བརྒྱད་ཕྲ་མེན་ལྷ་ཚོགས་ཤར༔ ཀུན་བཟང་ཡབ་ཡུམ་འདུ་བྱེད་ལྔ་བཅུ་རྣམ་པར་དག་ཅིང་རང་སར་གྲོལ་བའི་སྒྱུ་འཕྲུལ་ལས༔ ཡེ་ཤེས་ཁྲོ་བོ་རྡོ་རྗེའི་རིགས་དང་རིན་ཆེན་པདྨ་ལས་གྲུབ་ལྷ་ཚོགས་ཤར༔ ཀུན་བཟང་ཡབ་ཡུམ་ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་སྟེ་ཞི་རྒྱས་དབང་དྲག་རོལ༔ མ་འགགས་སྣ་ཚོགས་སྒྱུ་འཕྲུལ་རྒྱལ་བ་རབ་འབྱམས་སེམས་ཅན་དོན་ཏུ་སྤྲུལ༔ ཀུན་བཟང་ཡབ་ཡུམ་ཐབས་མཁས་འགྲོ་འདུལ་ཡོན་ཏན་རྒྱ་མཚོ་དཔག་པར་དཀའ་བའི་དོན༔ ཀུན་བཟང་ཡབ་ཡུམ་སྨོན་ལམ་རྒྱ་མཚོ་ཕྲིན་ལས་རབ་འབྱམས་འགྲུབ་པར་འགྱུར་བའི་གཞི༔ ཀུན་བཟང་ཡབ་ཡུམ་ཡེ་ཤེས་རྒྱ་མཚོའི་ཕ་རོལ་ཕྱིན་ཏེ་གཞོམ་གཞིག་བྲལ་བའི་ལུས༔ ཀུན་བཟང་ཡབ་ཡུམ་བདེན་པའི་བདེན་ཚིག་གཞལ་དུ་མེད་དེ་གསང་སྔགས་ཡེ་གེར་ཤར༔ ཀུན་བཟང་ཡབ་ཡུམ་ཆོས་ཀྱི་སྐུ་སྟེ་འགྱུར་བ་མེད་པའི་སངས་རྒྱས་ཉིད༔ ཀུན་བཟང་ཡབ་ཡུམ་ལོངས་སྤྱོད་རྫོགས་སྐུ་གང་ལ་གང་འདུལ་སྤྲུལ་པ་འགྱེད༔ ཀུན་བཟང་ཡབ་ཡུམ་སྤྲུལ་པའི་གར་གྱི་རོལ་པས་སྣང་སྲིད་ཁྱབ༔ ཀུན་བཟང་ཡབ་ཡུམ་རྡོ་རྗེའི་སྐུ་སྟེ་སྐྱེ་འཆི་བྲལ་བའི་ཕ་རོལ་སོན༔ སྐུ་བཞི་འདུ་འབྲལ་ ― KMC020_Page_0062 ―
[མ་དཔེ་གཟིགས་ན་འདིར་གནོན།]
མེད་པ་ཆོས་དབྱིངས་ཀུན་ཏུ་བཟང་༔ སྐུ་ལྔ་ལྷུན་གྲུབ་ཡེ་ཤེས་ལྔ་ཡི་ཀློང་སྟེ་ཀུན་བཟང་ཧེ་རུ་ཀ༔ སྐུ་གསུམ་འགྱུར་མེད་ཆོས་ཉིད་རོལ་པའི་ཀུན་བཟང་དེ་ལྟར་རོ༔ ཀུན་བཟང་སྔོན་བྱུང་ཏནྟྲ་འདི་ནི་དཔག་པར་དཀའ་བའི་དོན༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་གྱི༔ འབྲས་བུ་སྤྲུལ་བསྒྱུར་སྤྲུལ་སྐུའི་གར༔ གསལ་བར་བསྟན་པའི་ལེའུ་སྟེ༔ ཨ་ཏི་རྫོགས་ཆེན་གསུམ་པའོ༔ ཤྲཱི་ཛྙཱན་ཙིཏྟ་བཛྲ་ས་མ་ཡ་རཀྴ༔ ཧཱུྃ་དུ་རཀྵ་བྷྲཱུྃ༔ བརྡའ་ཡིག ༼ཀ༽ ༔མ་ཧཱ་གུ་རུ་ཏིཥྛ་དྷྭ་ཛ་ན་མོ༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་གྱི༔ ཟབ་གནད་བསྐྱེད་རྫོགས་གདམས་པ་བསྟན༔ མ་འོངས་འགྲོ་དྲུག་སེམས་ཅན་རྣམས༔ ཆོས་སྐུ་ཀུན་བཟང་འདི་ལྟར་བསྒྲུབ༔ ཨ་ཧཾ་ཨེ་ཝྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ དངོས་གཞི་འཆི་བ་མི་རྟག་སྙིང་ནས་འདི་ལྟར་བསྒོམ༔ འཁོར་བའི་འཁོར་ལོར་འཁྱམས་པའི་རིགས་དྲུག་སེམས་ཅན་རྣམས༔ སྒྱུ་ལུས་མི་རྟག་སྟོན་དུས་མེ་ཏོག་འདྲ་སྟེ་ནམ་ཡལ་མེད༔ ཚེ་འདི་མི་རྟག་ཉི་མའི་གྲིབ་སོ་འདྲ་སྟེ་ཡད་མ་ཡུད༔ ནོར་རྫས་མི་རྟག་རྩྭ་རྩེའི་ཟིལ་པ་འདྲ་སྟེ་སེར་སྣའི་གསོག་འཇོག་སྤང་༔ འཁོར་གཡོག་ཟླ་གྲོགས་གཉེན་འདུན་མཚོང་དུས་མགྲོན་པོ་འདྲ་སྟེ་སོ་སོར་བྱེར༔ གློ་བུར་བར་ཆད་རླུང་ལྟར་ལྡང་བས་སེམས་ཉིད་མར་མེ་ནམ་ཁྱེར་མེད༔ འདུས་བྱས་ལས་ལ་ཟིན་དུས་མེད་པས་སྒྱུ་མའི་གྲོང་ཁྱེར་རྫུན༔ ཟིན་མེད་བྱ་བས་རང་མགོ་འཁོར་བས་འཁོར་བར་ཡང་ཡང་འཁྱམས༔ ― KMC020_Page_0063 ―
[མ་དཔེ་གཟིགས་ན་འདིར་གནོན།]
འཁོར་བའི་འཁོར་ལོ་ཟད་དུ་མེད་པས་ཉི་ཟེར་རྡུལ་ལྟར་འཚུབས༔ ཕྱི་མའི་ལས་ལུས་ཅི་ལྟར་ལེན་མེད་དམྱལ་བར་ཞེ་རེ་འཇིགས༔ སྐྱབས་གནས་དཔུང་གཉེན་བར་དོར་མེད་པའི་སྐབས་དེར་སྡུག་བསྔལ་གཙེས༔ ལས་ཉོན་སྡིག་སྒྲིབ་ཡེ་ནས་བསགས་པས་འདི་ཡང་དག་རེ་དཀའ༔ ཉོན་མོངས་དུག་ལྔ་གཉེན་པོས་མ་ཟིན་ཁ་ཡན་འདིས་ནི་རང་རེ་ཕུང་༔ རློམ་སེམས་སེར་སྣ་ཨ་འཐས་རེ་ལྟོས་ཞེན་ཆགས་འདིས༔ ཅི་བྱ་གཏོལ་མེད་གཅེར་བུ་སེར་བས་བདས་འདྲ་ཞིག༔ ནམ་ཞིག་མི་རྟག་འཆི་བའི་དུས་དེར་འོང་སྲིད་དོ༔ གང་བྱས་གཏད་མེད་ཤ་འཁོན་གཤེད་མས་བཟུང་འདྲ་ཞིག༔ ནམ་ཞིག་མི་རྟག་འཆི་བའི་དུས་དེར་འོང་སྲིད་དོ༔ ཚེ་འདིའི་གསོག་འཇོག་ཚོང་མགྲོན་ཇག་པས་བཅོམ་འདྲ་ཞིག༔ ནམ་ཞིག་མི་རྟག་འཆི་བའི་དུས་དེར་འོང་སྲིད་དོ༔ ཕྱི་མའི་སོ་ནམས་རྒྱ་མཚོ་དུས་ཀྱི་སྐེམ་འདྲ་ཞིག༔ ནམ་ཞིག་མི་རྟག་འཆི་བའི་དུས་དེར་འོང་ངེས་སོ༔ ཕྱི་མའི་ས་ལམ་ལམ་མཁན་མེད་པའི་རྐང་མགྱོགས་ཤིག༔ འཇིགས་རུང་སྲིན་པོའི་ཡུལ་དུ་འཁྱར་འདྲའི་སྡུག་བསྔལ་ཞིག༔ ནམ་ཞིག་མི་རྟག་འཆི་བའི་དུས་དེར་འོང་ངེས་སོ༔ དགེ་སྡིག་འབྲས་བུ་གང་ཐོབ་མེད་པའི་བཏང་སྙོམས་ལས༔ ས་བོན་མེས་ཚིག་མྱུ་གུ་འདྲ་བའི་དུས་ཚོད་ཅིག༔ ནམ་ཞིག་མི་རྟག་འཆི་བའི་དུས་དེར་འོང་སྲིད་དོ༔ ཚེ་འདིར་དོན་མེད་སྡིག་པའི་ལས་བསགས་ཆོས་ལ་སྨད༔ ― KMC020_Page_0064 ―
[མ་དཔེ་གཟིགས་ན་འདིར་གནོན།]
འཆི་ཁའི་སྐྱབས་གནས་ཆོས་ལས་མེད་པས་བསམ་རེ་ཕྱིས༔ དཔེར་ན་ནམ་མཁར་བྱ་འཕུར་བྱ་གྲིབ་ཁྱི་ཡིས་དེད་འདྲ་ཞིག༔ ནམ་ཞིག་མི་རྟག་འཆི་བའི་དུས་དེར་འོང་ངེས་སོ༔ ཚེ་འདིར་ལུས་ལ་རྟག་པར་འཛིན་ཅིང་གཅེས་པར་བཟུང་༔ མི་རྟག་མངོན་འཆར་བར་དོར་ཡིད་ལུས་གཅེར་བུར་རྒྱུག༔ གཏད་མེད་ལྟོས་བྲལ་བྱ་སྤུ་རླུང་གིས་ཁྱེར་འདྲ་ཞིག༔ ནམ་ཞིག་མི་རྟག་འཆི་བའི་དུས་དེར་འོང་ངེས་སོ༔ ཚེ་འདིར་གཡོ་སྒྱུས་རྣམ་གཡེང་དགེ་བའི་ལས་ལ་ལོག་པར་ལྟ༔ ཕྱི་མའི་འབྲས་བུ་སྲིན་བུའི་ཁ་ཆུས་རང་འཐུམ་རང་ཉིད་འཆི་འདྲ་ཞིག༔ ནམ་ཞིག་མི་རྟག་འཆི་དུས་འདི་ཕྱིའི་མཚམས་དེར་འོང་ངེས་སོ༔ ཚེ་འདིར་གསང་སྔགས་ཁྱད་གསོད་རྣལ་འབྱོར་ཡོངས་ལ་སྨོད༔ ནམ་ཞིག་མི་རྟག་བྱུང་དུས་དབང་བཞི་ལེན་པར་སེམས༔ ཐུགས་རྗེའི་ལྕགས་ཀྱུ་མྱུར་ཡང་འཛིན་པར་མི་ནུས་པས༔ དཔེར་ན་སྲུབས་མེད་རྡོ་བ་རྒྱ་མཚོའི་ཀློང་དཀྱིལ་ནས༔ ཉ་བའི་ལྕགས་ཀྱུས་རྡོ་བ་མ་བླངས་ལྟར༔ དམ་ཚིག་མ་བསྲུངས་འདྲེན་པར་མེད་མོ་ཨང་༔ ཕྱི་རབ་རྗེས་འཇུག་ཐུགས་ལ་དེ་ལྟར་ཞོག༔ འཆི་བ་མི་རྟག་བསྒོམ་ཚུལ་འདི༔ ངེས་དོན་ལེགས་པའི་ལེའུ་སྟེ༔ ཆོས་རྣམས་ཀུན་གྱི་གཞི་མ་བཞི་པའོ༔ ས་མ་ཡ་ཐུགས་རྒྱ་བརྡའ་ཐིམ༔ བརྡའ་ཡིག ༼ཁ༽ ༔གུ་རུ་ཏིཥྛ་གརྦྷ་ཡེ་ན་མོ༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་གྱི༔ ཟབ་གནད་གསང་སྔགས་དམ་ཚིག་ནི༔ མིག་འབྲས་ལྟ་ ― KMC020_Page_0065 ―
[མ་དཔེ་གཟིགས་ན་འདིར་གནོན།]
བུར་སྲུང་བའི་ཐབས༔ ཕྱི་རབས་དོན་དུ་འདི་ལྟར་བསྟན༔ ཨ་ཧཾ་ཨེ་ཝཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ གསང་སྔགས་ཟབ་གནད་དམ་ཚིག་སྡོམ་པའི་ལེགས་ལམ་ནི༔ ཕྱི་ཡི་དམ་ཚིག་འགྲོ་ལ་ཉེར་འཚེའི་བསམ་སྦྱོར་སྤངས་ཏེ་གཞན་ཕན་བྱང་ཆུབ་བསྒྲུབ༔ ནང་གི་དམ་ཚིག་ལྷ་སྔགས་ཏིང་འཛིན་བརྩོན་འགྲུས་ལྕགས་ཀྱིས་འབེབས༔ གསང་བའི་དམ་ཚིག་ཞེ་འདོད་འཛིན་པ་ཡལ་བར་དོར་ཞིང་ཟབ་མོའི་ཆོས་ལ་འབུངས༔ ཕྱི་ལྟར་རིགས་དྲུག་སེམས་ཅན་སངས་རྒྱས་ཐོབ་ཕྱིར་སྨོན་ལམ་སེམས་བསྐྱེད་བརྩོན༔ ནང་ལྟར་འབྲེལ་ཐོགས་སེམས་ཅན་སངས་རྒྱས་ཐོབ་ཕྱིར་ལྷ་སྔགས་ཏིང་འཛིན་བསྟེན༔ གསང་ལྟར་རང་རིག་ཡེ་ཤེས་བསྒྲུབ་ཕྱིར་རང་སེམས་དཔང་དུ་བཙུགས༔ ཕྱི་ཡི་དམ་ཚིག་རྒྱལ་བའི་བཀའ་ཉན་རང་སེམས་དཔང་དུ་བཙུགས༔ ནང་གི་དམ་ཚིག་རིགས་དྲུག་སྡུག་བསྔལ་རང་ཞལ་ལྟ་ཞིང་སྡིག་སྤང་དགེ་བ་བསྒྲུབ༔ གསང་བའི་དམ་ཚིག་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་ཕྱི་རོལ་ལྷ་རྣམས་དོར༔ ཕྱི་ལྟར་དམ་ཚིག་ཁྲུས་དང་གཙང་སྦྲ་དཀྱིལ་འཁོར་མཆོད་གཏོར་ལྷག་བསམ་ལས་ལ་འབུངས༔ ནང་ལྟར་དམ་ཚིག་བསྐྱེད་རྫོགས་ཟབ་མོའི་དོན་ལ་ནན་ཏན་བསྐྱེད༔ གསང་ལྟར་དམ་ཚིག་ལྷ་དང་བླ་མ་དབྱེར་མེད་གཅིག་ཏུ་བསྒྲུབ༔ ཕྱི་ཡི་དམ་ཚིག་ཁ་ན་མ་ཐོའི་ངག་འཁྱལ་སྐུར་འདེབས་སྤང་༔ ནང་གི་དམ་ཚིག་རྩ་རླུང་ཐིག་གསུམ་དབྱེར་མེད་བསྲེ་བ་ ― KMC020_Page_0066 ―
[མ་དཔེ་གཟིགས་ན་འདིར་གནོན།]
གནད༔ གསང་བའི་དམ་ཚིག་ང་བདག་འཛིན་པ་དབྱིངས་སུ་གཏོར་བར་བྱ༔ ཕྱི་ལྟར་དམ་ཚིག་རྒྱལ་བ་རབ་འབྱམས་སྐྱབས་སུ་བཙལ་ཞིང་དཔང་དུ་བཙུགས༔ ནང་ལྟར་དམ་ཚིག་རྒྱལ་བ་རབ་འབྱམས་ལུས་ལྟར་བསྒོམ་ཞིང་བླང་དོར་བྲལ༔ གསང་ལྟར་དམ་ཚིག་རྒྱལ་བ་རབ་འབྱམས་དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོས་མཆོད༔ ཕྱི་ཡི་དམ་ཚིག་རྒྱལ་བ་རབ་འབྱམས་སྣང་སྲིད་འཁོར་འདས་གང་བར་བསྐྱེད༔ ནང་གི་དམ་ཚིག་རིགས་དྲུག་འཁོར་ལོའི་འགྲོ་ཀུན་རྒྱལ་བ་རབ་འབྱམས་སྐུ་རུ་གསལ་བར་བསྐྱེད༔ གསང་བའི་དམ་ཚིག་ཡེ་སྦྱོར་ཡེ་སྒྲོལ་ཡེ་སྟོང་ཡེ་གནས་ཡེ་ཤེས་ལྔ་ཡི་ཀློང་དུ་བཞག༔ ཡང་གསང་དམ་ཚིག་རྩ་བའི་བླ་མ་སངས་རྒྱས་ཀུན་འདུས་འགྱུར་མེད་རྡོ་རྗེའི་སྐུ་རུ་བསྒོམ༔ ཡེ་གསང་དམ་ཚིག་མཆེད་དང་ལྕམ་དྲལ་ཡི་དམ་ལྷ་རུ་བསྒོམ༔ ཐུགས་གསང་དམ་ཚིག་དུག་ལྔ་དུག་གསུམ་རང་ཞལ་ལྟ་ཞིང་སྐུ་ལྔ་སྐུ་གསུམ་ངོ་བོར་སྦྱང་༔ སྦས་གསང་དམ་ཚིག་རང་ཉིད་ལྷར་བསྐྱེད་ལས་རྒྱའི་དྷཱ་ཀི་མཁའ་འགྲོར་བསྒོམ༔ དེ་ལའང་ཚིག་རྩུབ་ངག་འཁྱལ་སྤངས་ཏེ་ལྷ་རུ་ཤེས་པར་བྱ༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་གྱི༔ ཟབ་གནད་དམ་ཚིག་རྡོ་རྗེ་ཆེ༔ མ་ཉམས་ལེགས་བསྲུངས་ཚེ་གཅིག་ལ༔ སངས་རྒྱས་སྒྲུབ་བྱེད་ལེའུ་སྟེ༔ ངེས་པའི་ས་བགྲོད་ལྔ་པའོ༔ ས་མ་ཡ་ཐུགས་རྒྱ་བརྡའ་ཐིམ༔ བརྡའ་ཡིག ༼ག༽ ༔གུ་རུ་ས་མ་ཡ་མ་ཧཱ་ན་མོ༔ ཨ་ ― KMC020_Page_0067 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཧཾ་ཨེ་ཝྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་གྱི༔ ཟབ་གནད་དཀའ་སྤྱད་སྙིང་ཐིག་ལས༔ སྡིག་བཤགས་དགེ་བ་སྒྲུབ་པའི་ལས༔ མྱུར་འགྲུབ་དབུགས་དབྱུང་འདི་ལྟ་སྟེ༔ ཨ་ཧཾ་ཨེ་ཝྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ དང་པོའི་སངས་རྒྱས་ཀུན་ཏུ་བཟང་ནས་ཐུབ་པའི་བར༔ རྒྱལ་བ་རབ་འབྱམས་སེམས་བསྐྱེད་དམ་ཚིག་དཔང་དུ་བཙུགས༔ ལོག་པའི་ལམ་དོར་ལེགས་པའི་བཀའ་སྤྱད་ཕ་རོལ་ཕྱིན༔ ས་བཅུ་ཡོངས་རྫོགས་རྡོ་རྗེའི་ས་ལ་རབ་ཏུ་གནས༔ དེ་ཡང་གསང་སྔགས་དམ་ཚིག་གནད་དུ་བསྣུན་པའི་ཕྱིར༔ རྒྱལ་བ་རབ་འབྱམས་གསང་སྔགས་ཆོས་ལ་བརྟེན་ནས་སངས་རྒྱས་སོ༔ བར་དུ་བཅོམ་ལྡན་རྒྱལ་བ་ཤཱཀ་ཐུབ་སྤྱན་སྔ་རུ༔ ཉ་བ་ལྔ་བརྒྱས་སྔོན་བྱས་ལས་ལ་སྐྱོ་བ་སྐྱེས༔ སངས་རྒྱས་དཔང་བཙུགས་སྔར་བྱས་སྡིག་སྒྲིབ་བཤགས་ཤིང་སྦྱངས༔ ཉ་བ་ལྔ་བརྒྱ་ཉ་དང་ཟུང་རྣམས་དག་པའི་ཞིང་ཁམས་སུ༔ ཚེ་གཅིག་སངས་རྒྱས་མངོན་གྱུར་ལུས་མ་བཞག་པར་གཤེགས༔ ཡང་གཅིག་བཅོམ་ལྡན་རྒྱལ་བ་ཤཱཀ་ཐུབ་སྤྱན་སྔ་རུ༔ དགའ་བོ་སོར་ཕྲེང་སློབ་དཔོན་བཀའ་ལས་མ་འདས་ཤིང་༔ མངོན་སྤྱོད་ལས་ལ་རང་བསྐུལ་སྒྲོལ་བའི་ལས་ཟད་ཚེ༔ སངས་རྒྱས་ཞལ་མཐོང་གསང་སྔགས་ཟབ་མོའི་ཆོས་རྣམས་ཐོས༔ དགའ་བོ་སོར་ ― KMC020_Page_0068 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཕྲེང་སྔར་བྱས་སྡིག་སྒྲིབ་བཤགས་ཤིང་སྦྱངས༔ སངས་རྒྱས་དཔང་བཙུགས་ཡང་དག་དོན་ལ་རྩེ་གཅིག་བསྒྲིམས༔ དགའ་བོ་སོར་ཕྲེང་མཚམས་མེད་ལས་ཀྱིས་མ་བསྒྲིབས་ཏེ༔ དགའ་བོས་ཚེ་གཅིག་སངས་རྒྱས་ས་ཐོབ་ཕ་རོལ་ཕྱིན༔ འབྲེལ་ཐོགས་ཐམས་ཅད་ཡང་དག་སངས་རྒྱས་ས་ལ་བཀོད༔ ལུས་མ་བཞག་པར་དག་པའི་ཞིང་དུ་གཤེགས་པའོ༔ གསང་སྔགས་དམ་ཚིག་གནད་དུ་བསྣུན་ན་ལྟར་རོ༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་གྱི༔ ཟབ་གནད་སྡིག་བཤགས་དགེ་བཅུ་སྒྲུབས༔ ཐེ་ཚོམ་ང་བདག་རང་སར་སྤོངས༔ དག་ཚངས་སྐུ་གསུམ་ལེའུ་སྟེ༔ ལེགས་པའི་ལམ་སྟོན་དྲུག་པའོ༔ ས་མ་ཡ་ཐུགས་རྒྱ་བརྡའ་ཐིམ༔ བརྡའ་ཡིག ༼གྷ༽ ༔མ་ཧཱ་གུ་རུ་དྷརྨ་ཀཱ་ཡ་ན་མོ༔ བླ་མ་ཀུན་བཟང་ཡབ་ཡུམ་གྱི༔ ཟབ་གནད་སྙིང་ཁྲག་ཐིགས་པ་འདི༔ ཉམས་མྱོང་ཚེ་གཅིག་སངས་རྒྱས་འགྲུབ༔ གསང་བའི་གནད་ཐེམ་འདི་ལྟ་སྟེ༔ ཨ་ཧཾ་ཨེ་ཝྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕུང་ཁམས་ཤ་ཁྲག་ལུས་ལས་རང་སེམས་ཡེ་ཤེས་ཐོན༔ རང་རིག་ལྷ་སྐུ་སྟོང་གསལ་ནམ་མཁའི་འཇའ་ལྟར་འཁོར་འདས་ཁྱབ་པར་བསྒོམ༔ དེ་ཡང་གསལ་བ་སྟོང་པ་འོད་ཀྱི་ཕུང་པོར་བསྒོམ༔ མཚན་དང་དཔེ་བྱད་ཁ་དོག་སྐུ་གསུམ་རོལ་པས་བསྒྱུར༔ ༼ང༽ ༔གསལ་སྟོང་སྐུ་ཡི་རྩ་འཁོར་སྤོས་རེང་དུད་པ་ལྟར༔ རྩ་གསུམ་དཀར་མཐིང་དམར་བ་འོད་ཀྱི་སྦུ་གུར་བསྒོམ༔ དེ་ཡང་འཁོར་འདས་ཐམས་ཅད་རང་གི་ལུས་ལ་རྫོགས༔ དེ་ཡང་གསལ་བ་བརྟན་པ་རང་དབང་ཐོབ་པར་བྱོས༔ ༼ཙ༽ ༔གྲགས་སྟོང་སྔགས་ཀྱི་འཁོར་ལོ་རྩ་འཁོར་དབུས་སུ་ ― KMC020_Page_0069 ―
[མ་དཔེ་གཟིགས་ན་འདིར་གནོན།]
པདྨའི་ལྟེ་བར་བསྒོམ༔ དེ་ཡང་ནམ་མཁའི་འཇའ་ཚོན་ཡིག་འབྲུར་ཤར་བ་ལྟར༔ འབྲུ་ཚུགས་ལེགས་པར་གྲུབ་པ་སྟན་ལ་ཁབ་བཙུགས་ལྟར༔ གསལ་བ་སྟོང་པ་འོད་ཟེར་འབར་བ་རང་དབང་ཐོབ་པར་བྱོས༔ ༼ཚ༽ ༔རང་རིག་མ་ཡེངས་ཡེངས་མེད་ཡེ་སྟོང་རིག་རྩལ་གང་ཤར་ཤར་གྲོལ་རང་ཞལ་གཅེར་གྱིས་ལྟ་བའོ༔ ཀུན་བྱེད་རྒྱལ་པོ་བཙོན་དུ་མི་བཟུང་འཁོར་འདས་ཁྱབ་པར་བརྟན་པར་ལྟ་བའོ༔ བལྟ་བྱ་ལྟ་བྱེད་མཁན་པོ་ཡེ་ནས་མ་རྙེད་ཡེ་ནས་མ་མཐོང་དྲན་རིག་ཚོར་བ་ནམ་མཁའི་རླུང་རྒྱུ་ལྟར༔ སྣ་ཚོགས་སྣང་བ་རིག་པའི་རང་མདངས་སྣང་བའི་ཡུལ་དུ་བག་ཆགས་ལས་ནི་གྲུབ་པའོ༔ སྲིད་རྩེ་མན་ཆད་ན་རག་ཡན་ཆད་སྟོང་པར་སྦྱོང་ཞིང་སྐད་ཅིག་ཉིད་ལ་གཅེར་གྱིས་བལྟས་པས་ཉམས་རྟོགས་འདྲེས་པའོ༔ རང་སེམས་རིག་རྩལ་ཧུར་ཕྱུང་ངར་བསྐྱེད་གཅེར་གྱིས་བལྟས་ཤིང་མ་ཡེངས་ངང་དུ་དེ་ལ་གནས་ན་རྟོགས་པ་འཆར་བའོ༔ ༼ཛ༽ ༔མིག་གིས་འདུ་བྱེད་ཟིམ་བུར་བལྟས་པས་ཉི་ཟླའི་ཟེར་ལ་བསྟེན༔ འོད་ལྔའི་ཐིག་ལེ་སྣ་ཚོགས་འཆར་བ་རིག་པའི་རང་མདངས་སོ༔ འོད་སྐུད་ལྕགས་ཐག་ཕྲ་ལ་འཁྱུག་པ་རིག་པའི་འགྱུར་བར་བལྟ༔ འོད་ཁྱིམ་སྣ་ལྔ་ངོས་བཟུང་མེད་པར་ཁྱབ་པར་གནས་པ་རིག་པ་གནས་པའོ༔ དེ་ཡང་ཕྱི་ཡི་ཡུལ་དུ་ཉི་ཟླའི་མདངས་ལ་སྣང་ཡུལ་སྦྱང་བའོ༔ ནང་གི་ཚོར་བ་བག་ཆགས་ཡུལ་ལས་སྣ་ཚོགས་འཆར་ ― KMC020_Page_0070 ―
[མ་དཔེ་གཟིགས་ན་འདིར་གནོན།]
བའོ༔ ཕྱི་ཡི་འོད་ཀྱི་ཐབས་ལ་བསྟེན་ཏེ་ནང་གི་དྲན་རིག་གཏན་ལ་འབེབས་པའོ༔ རང་སེམས་དྲན་རིག་བརྗོད་མེད་པོ་ཡང་དེ་ལྟར་བཞུགས་པའོ༔ ༼ཛྷ༽ ༔ཚེ་འདིར་རྩལ་སྦྱངས་བར་དོར་འཇིགས་སྐྲག་གྲོགས་སུ་འགྱུར་བའོ༔ འཇའ་ཟེར་འཇིགས་གཟུགས་རང་ངོ་ཤེས་ཏེ་ཞི་ཁྲོའི་ལྷ་ཚོགས་མཇལ་བའོ༔ ཡུལ་སྣང་ཚོགས་དྲུག་སྣང་བ་རང་སར་དག་ཅིང་ཡེ་ཤེས་ལུས་ཐོབ་བོ༔ རྒྱལ་བ་རབ་འབྱམས་ཞིང་བཀོད་སྨོན་ལམ་མཛད་ཕྲིན་རང་གིས་ཐོབ་པར་འགྱུར༔ བཅོམ་ལྡན་ཀུན་བཟང་ཡབ་ཡུམ་གྱི༔ ཟབ་གནད་སྙིང་ཁྲག་ཐིགས་པ་ལས༔ བླ་ན་མེད་པའི་ཡེ་ཤེས་མཆོག༔ ཆོས་སྐུ་མྱུར་འགྲུབ་བདུན་པའོ༔ ཤྲཱི་ཛྙཱ་ན་ཙིཏྟ་བཛྲ་ས་མ་ཡ་རཀྵ༔ ཧཱུྃ་དུ་རཀྵ་བྷྲཱུྃ༔ བརྡའ་ཡིག ༼ཉ༽ ༔ཤྲཱི་མ་ཧཱ་གུ་རུ་བུདྡྷ་ན་མོ༔ བཅོམ་ལྡན་ཀུན་བཟང་ཡབ་ཡུམ་གྱི༔ ཟབ་གནད་ལས་བྱང་བསྟན་པ་ནི༔ དཀྱིལ་འཁོར་རྟེན་རྫས་གཞུང་དུ་གསལ༔ དངོས་གཞི་སྐྱབས་སེམས་ཡན་ལག་བདུན༔ རྩ་ཆིངས་ཁོག་དབུབ་ལྟ་བུར་བྱེད༔ མ་ཡེངས་ངང་དུ་འདི་སྐད་དོ༔ ༼ཊ༽ ཧཱུྃ་ཧཱུྃ་ཧཱུྃ༔ འཁོར་འདས་ཡེ་སྟོང་ཀློང་ཆེན་ལས༔ ང་ནི་ཡེ་ནས་འགྱུར་མེད་སྐུ༔ ཡེ་ནས་སྟོང་ཞིང་སྐྱེ་འཆི་བྲལ༔ སྐྱེ་མེད་དོན་གྱི་རིག་རྩལ་ཤར༔ འགགས་མེད་འཁྲུལ་པའི་རང་མདངས་ལས༔ ཐར་མེད་འཁོར་ ― KMC020_Page_0071 ―
[མ་དཔེ་གཟིགས་ན་འདིར་གནོན།]
བའི་བཙོན་རར་ཚུད༔ མཐོང་བཞིན་མ་མཐོང་འཁོར་བར་འཁྱམས༔ ད་ནི་དེ་ལས་རང་གཞན་སྒྲོལ༔ ༼ཋ༽ ༔ཧེ་ཧེ་ཧེ༔ རང་གཞན་སེམས་ཅན་ཐམས་ཅད་ཀུན༔ ཟིན་མེད་ཚེ་འདིའི་འདུན་གྲོས་གཡེངས༔ མི་ཚེ་སྟོང་ཟད་སྙོམ་ལས་མཁན༔ རིགས་དྲུག་འཁོར་ལོར་མི་འཇིགས་སམ༔ ཆོས་རྣམས་ཀུན་གྱི་ངོ་བོ་ཉིད༔ ཚུལ་བཞིན་རང་ཞལ་མ་མཐོང་བས༔ ཐར་མེད་འཁོར་བ་རང་གིས་བསྒྲུབས༔ ད་ནི་དེ་ལས་སྒྲོལ་བར་བྱ༔ ༼ཌ༽ ༔ཧོ་ཧོ་ཧོ༔ རང་ཉིད་ཀུན་བཟང་ཕྱི་ཡི་ཡུལ༔ སྲིད་གསུམ་རབ་འབྱམས་གཞལ་ཡས་ཁང་༔ ཕྱི་ནང་མ་སྒྲིབས་ས་ལེ་བ༔ ནང་བཅུད་རིགས་དྲུག་སྐྱེ་འགྲོའི་གཟུགས༔ བདེན་མེད་སྒྱུ་མ་ལྷ་ཡི་སྐུ༔ སྐྱེ་འཆི་བྲལ་བའི་ཡེ་ཤེས་ལུས༔ འཁོར་འདས་ཟང་ཐལ་ཀུན་བཟང་ཀློང་༔ འགྱུར་མེད་ཡེ་ཤེས་ཕ་རོལ་ཕྱིན༔ ཕྱིར་མི་ལྡོག་པའི་ས་ལ་གནས༔ ༼ཌྷ༽ ༔ཨོཾ་ཨཱཿཧཱུྃ༔ ཕྱི་སྣོད་སྣང་སྲིད་ཡེ་ནས་སྟོང་༔ ཀུན་བཟང་ཡངས་པའི་ཀློང་དུ་ ― KMC020_Page_0072 ―
[མ་དཔེ་གཟིགས་ན་འདིར་གནོན།]
གྲོལ༔ ནང་བཅུད་སེམས་ཅན་ཡེ་ནས་སྟོང་༔ རིག་རྩལ་ཆོས་སྐུའི་ཀློང་དུ་འདས༔ ༼ཎ༽ ༔ཧཱུྃ༑ འཁྲུལ་མེད་རིག་རྩལ་རང་མདངས་ལས༔ སྐྱེ་མེད་ཧཱུྃ་ཡིག་མཐིང་ག་ཤར༔ ཆོས་དབྱིངས་སྙིང་པོ་ཡི་གེ་ཨ༔ ཧཱུྃ་ཨ་ཐབས་ཤེས་དབྱེར་མེད་ངང་༔ རང་རིག་ཆོས་དབྱིངས་ཀུན་ཏུ་བཟང་༔ སྟོང་གསལ་ནམ་མཁའི་མདངས་ལྟར་སྔོ༔ ཞི་འཛུམ་མཉམ་བཞག་དཔལ་བེའུ་བསྣམས༔ མཚན་དང་དཔེ་བྱེད་རྒྱན་རྣམས་བཀླུབས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཆོས་དབྱིངས་ཀུན་ཏུ་བཟང་མོ་དཀར༔ ཆུ་ཟླ་ལྟ་བུར་གསལ་འཚེར་སྡུག༔ ལོངས་སྤྱོད་རྫོགས་པའི་རྒྱན་རྣམས་བཀླུབས༔ ཕྱག་གཉིས་ཡབ་ཀྱི་མགུལ་ལ་འཁྱུད༔ རྡོ་རྗེ་དྲིལ་བུ་བསྣོལ་སྟབས་འཛིན༔ ཞི་འཛུམ་བདེ་གསལ་ཉམས་རྩལ་འབར༔ ཞབས་གཉིས་ཕྱེད་སྐྱིལ་ཡབ་ལ་འཁྲིལ༔ ཐབས་ཤེས་ཟུང་འཇུག་བདེ་སྟོང་འབར༔ ཉི་ཟླ་པདྨའི་གདན་སྟེང་དུ༔ འཇའ་འོད་ཟེར་གསུམ་ཀློང་དུ་ ― KMC020_Page_0073 ―
[མ་དཔེ་གཟིགས་ན་འདིར་གནོན།]
གསལ༔ ༼ཏ༽ ༔ཧྲཱིཿཧྲཱིཿཧྲཱིཿ སྤྱི་བོར་རོ་རྐྱང་དབུ་མའི་རྩེར༔ པདྨ་གེ་སར་འདབ་སྟོང་རྒྱས༔ ཉི་ཟླ་ཐབས་ཤེས་གཟི་འོད་འབར༔ དེ་དབུས་བླ་མ་རིག་འཛིན་མཆོག༔ པདྨ་སམྦྷ་སྐུ་མདོག་དཀར༔ ཞི་མ་ཁྲོ་འཛུམ་མཚན་དཔེས་བརྒྱན༔ པད་ཞྭ་ཕོད་ཁ་ཆོས་གོས་གསོལ༔ རྡོ་རྗེ་ཐོད་པ་ཁ་ཊྭཱཾ་བསྣམས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཡུམ་མཆོག་ཡེ་ཤེས་མཁའ་འགྲོ་སྔོ༔ ཞི་འཛུམ་སྤྱན་གསུམ་སྐྲ་གྲོལ་མ༔ ཕྱག་གཉིས་མདའ་དར་ཚེ་བུམ་བསྣམས༔ ཡབ་ཀྱི་མགུལ་དུ་འཁྱུད་ཅིང་རྩེ༔ ཞབས་གཉིས་ཕྱེད་སྐྱིལ་འཁྲིལ་སྦྱོར་རོལ༔ བརྗོད་མེད་ཡེ་ཤེས་ཉམས་རྩལ་འབར༔ འཆི་མེད་ཆོས་སྐུའི་ཕ་རོལ་ཕྱིན༔ འཇའ་འོད་ཟེར་གསུམ་ཀློང་དུ་གསལ༔ ༼ཐ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ དཔྲལ་བ་ཆོས་ཉིད་འཁོར་ལོའི་དབུས༔ པདྨ་ཉི་ཟླ་བརྩེགས་པའི་ཁྲིར༔ རིགས་ཀུན་བདག་པོ་བཅོམ་ལྡན་འདས༔ རྡོ་རྗེ་སེམས་དཔའ་ཡབ་ཡུམ་དཀར༔ ཞི་འཛུམ་མཚན་ ― KMC020_Page_0074 ―
[མ་དཔེ་གཟིགས་ན་འདིར་གནོན།]
དཔེའི་གཟི་འོད་འབར༔ ཞལ་གཅིག་ཕྱག་གཉིས་འཁྲིལ་སྦྱོར་རོལ༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔ གཡོན་པས་དྲིལ་བུ་དཀུ་སྐེད་བསྟེན༔ ཞབས་གཉིས་རྡོར་སྐྱིལ་ཕྱེད་སྐྱིལ་འཁྲིལ༔ འོད་ལྔའི་ཐིག་ལེའི་ཀློང་དུ་གསལ༔ ཉམས་ཆགས་སྦྱོང་བྱེད་ཚུལ་དུ་བསྒོམ༔ ༼ད༽ ༔ཨཱོཾ་ཨཱོཾ་ཨཱོཾ༔ ཀླད་པ་དུང་ཁང་གཞལ་ཡས་ཁང་༔ བདེ་ཆེན་འཁོར་ལོའི་རྩ་འཁོར་དབུས༔ པདྨ་ཉི་ཟླ་བརྩེགས་པའི་ཁྲིར༔ ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད༔ རྣམ་པར་སྣང་མཛད་ཡབ་ཡུམ་དཀར༔ ཞལ་གཅིག་ཕྱག་གཉིས་འཁྲིལ་སྦྱོར་རོལ༔ ཆོས་འཆད་ཕྱག་རྒྱས་འཁོར་ལོ་བསྣམས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ འོད་ལྔའི་ཐེག་ལེའི་ཀློང་དུ་གསལ༔ ༼དྷ༽ ༔ཧྲཱིཿཧྲཱིཿཧྲཱིཿ མགྲིན་པ་ལོངས་སྤྱོད་འཁོར་ལོའི་དབུས༔ པདྨ་ཉི་ཟླ་བརྩེགས་པའི་ཁྲིར༔ སོར་རྟོག་ཡེ་ཤེས་ངོ་བོ་ཉིད༔ སྣང་བ་མཐའ་ཡས་ཡབ་ཡུམ་དམར༔ ཞལ་གཅིག་ཕྱག་གཉིས་འཁྲིལ་སྦྱོར་རོལ༔ ཕྱག་གཉིས་ ― KMC020_Page_0075 ―
[མ་དཔེ་གཟིགས་ན་འདིར་གནོན།]
མཉམ་བཞག་པདྨ་བསྣམས༔ ཞབས་གཉིས་རྡོར་སྐྱིལ་ཕྱེད་སྐྱིལ་འཁྲིལ༔ འོད་ལྔའི་ཐེག་ལེའི་ཀློང་དུ་གསལ༔ ༼ན༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས༔ པདྨ་ཉི་ཟླ་བརྩེགས་པའི་ཁྲིར༔ མེ་ལོང་ཡེ་ཤེས་ངོ་བོ་ཉིད༔ མི་བསྐྱོད་རྡོ་རྗེ་ཡབ་ཡུབ་མཐིང་༔ ཞལ་གཅིག་ཕྱག་གཉིས་འཁྲིལ་སྦྱོར་རོལ༔ ས་གནོན་མཉམ་གཞག་རྡོ་རྗེ་བསྣམས༔ ཞབས་གཉིས་རྡོར་སྐྱིལ་ཕྱེད་སྐྱིལ་འཁྲིལ༔ འོད་ལྔའི་ཐིག་ལེའི་ཀློང་དུ་གསལ༔ ༼པ༽ ༔ཏྲཱཾ་ཏྲཱཾ་ཏྲཱཾ༔ ལྟེ་བ་སྤྲུལ་པའི་འཁོར་ལོའི་དབུས༔ པདྨ་ཉི་ཟླ་བརྩེགས་པའི་ཁྲིར༔ མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད༔ རིན་ཆེན་འབྱུང་ལྡན་ཡབ་ཡུམ་སེར༔ ཞལ་གཅིག་ཕྱག་གཉིས་འཁྲིལ་སྦྱོར་རོལ༔ མཆོག་སྦྱིན་མཉམ་བཞག་རིན་ཆེན་བསྣམས༔ ཞབས་གཉིས་རྡོར་སྐྱིལ་ཕྱེད་སྐྱིལ་འཁྲིལ༔ འོད་ལྔའི་ཐིག་ལེའི་ཀློང་དུ་གསལ༔ ༼ཕ༽ ༔ཨཱཿཨཱཿཨཱ༔ གསང་གནས་བདེ་སྤྱོད་འཁོར་ལོའི་དབུས༔ པདྨ་ཉི་ཟླ་བརྩེགས་པའི་ ― KMC020_Page_0076 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཁྲིར༔ བྱ་གྲུབ་ཡེ་ཤེས་ངོ་བོ་ཉིད༔ དོན་ཡོད་གྲུབ་པ་ཡབ་ཡུམ་ལྗང་༔ ཞལ་གཅིག་ཕྱག་གཉིས་འཁྲིལ་སྦྱོར་རོལ༔ སྐྱབས་སྦྱིན་མཉམ་བཞག་རྒྱ་གྲམ་བསྣམས༔ ཞབས་གཉིས་རྡོར་སྐྱིལ་ཕྱེད་སྐྱིལ་འཁྲིལ༔ འོད་ལྔའི་ཐིག་ལེའི་ཀློང་དུ་གསལ༔ ༼བ༽ ༔ཧཱུྃ༑ རང་ཉིད་ཀུན་བཟང་ལུས་དཀྱིལ་ལྷ༔ སྐུ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ རྒྱལ་བ་རབ་འབྱམས་ཞིང་ཀུན་ཁྱབ༔ འཁོར་བཅས་སྤྱན་དྲངས་རང་ལ་བསྟིམ༔ ཨོཾ་ཨཱཿཧཱུྃ་བོདྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཏ་ཐ་ག་ཏ་སརྦ་བཛྲ་ས་མ་ཡ་ཛཿཧཱུྃ་བཾ་ཧོཿ ༼བྷ༽ ༔ཧཱུྃ༑ འཁོར་འདས་ཡེ་སྟོང་ཀློང་ཆེན་ནས༔ ཀུན་བཟང་ཡབ་ཡུམ་གཤེགས་སུ་གསོལ༔ བདེ་ཆེན་དབང་གི་གཞལ་ཡས་ནས༔ པད་འབྱུང་ཡབ་ཡུམ་གཤེགས་སུ་གསོལ༔ རིགས་རྣམས་ཀུན་བདག་དཔའ་བོ་ཆེ༔ རྡོར་སེམས་ཡབ་ཡུམ་གཤེགས་སུ་གསོལ༔ འོག་མིན་ཆོས་དབྱིངས་ཞིང་ཁམས་ནས༔ རྣམ་སྣང་ཡབ་ཡུམ་ ― KMC020_Page_0077 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཤེགས་སུ་གསོལ༔ ཤར་ཕྱོགས་མངོན་དགའི་ཞིང་ཁམས་ནས༔ མི་བསྐྱོད་ཡབ་ཡུམ་གཤེགས་སུ་གསོལ༔ ལྷོ་ཕྱོགས་ཡོན་ཏན་བཀོད་ཞིང་ནས༔ རིན་འབྱུང་ཡབ་ཡུམ་གཤེགས་སུ་གསོལ༔ ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས༔ སྣང་མཐའ་ཡབ་ཡུམ་གཤེགས་སུ་གསོལ༔ བྱང་ཕྱོགས་ལས་གྲུབ་ཞིང་ཁམས་ནས༔ དོན་གྲུབ་ཡབ་ཡུམ་གཤེགས་སུ་གསོལ༔ འདས་དང་མ་བྱོན་དུས་གསུམ་གྱི༔ རྒྱལ་བ་རབ་འབྱམས་གཤེགས་སུ་གསོལ༔ བླ་མ་ཡི་དམ་དཔའ་བོའི་ཚོགས༔ མཁའ་འགྲོ་ཆོས་སྐྱོང་གཤེགས་སུ་གསོལ༔ རྒྱལ་བ་རབ་འབྱམས་རྒྱ་མཚོའི་ཚོགས༔ དད་མོས་གདུང་བས་སྤྱན་འདྲེན་ན༔ བརྩེ་བ་ཆེན་པོའི་ཐུགས་དམ་གྱིས༔ སྐད་ཅིག་ཉིད་ལ་འདིར་གཤེགས་ཤིག༔ ཨོཾ་ཨཱཿཧཱུྃ་བོ་ངྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙ་ན་དྷཱ་ཏུ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཏ་ཐཱ་ག་ཏ་སརྦ་བཛྲ་ས་མ་ཡ་ཛཿཧཱུྃ་བཾ་ཧོཿ ༼མ༽ ༔ཧཱུྃ༑ སྟོང་གསུམ་སྟོང་ཆེན་ཀུན་གང་བའི༔ པདྨ་ ― KMC020_Page_0078 ―
[མ་དཔེ་གཟིགས་ན་འདིར་གནོན།]
འདབ་སྟོང་རྒྱས་པའི་ཚལ༔ མ་རིག་མུན་པ་སེལ་བའི་མཆོག༔ ཉི་ཟླའི་དཀྱིལ་འཁོར་གཟི་འོད་འབར༔ རྒྱལ་བ་རབ་འབྱམས་ལྷ་ཚོགས་ལ༔ གདན་དུ་འབུལ་ལོ་བཞུགས་སུ་གསོལ༔ ཐུགས་རྗེའི་ཕྲིན་ལས་དུས་ལ་བབ༔ བརྩེ་བས་འགྲོ་ཀུན་ལམ་སྣ་དྲོངས༔ ༼ཡ༽ ཨཱ་ོཾཨཱཿཧཱུྃ༔ རྒྱལ་བ་རབ་འབྱམས་ལྷ་ཚོགས་ལ༔ བདག་སོགས་འགྲོ་རྣམས་ཐམས་ཅད་ཀྱིས༔ དད་མོས་གདུང་ཤུགས་དྲག་པོ་ཡིས༔ གངྒའི་བྱེ་སྙེད་ལུས་སྤྲུལ་ཏེ༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ༼ར༽ ༔ཐུགས་རྗེའི་བྱིན་རླབས་ཆར་རྒྱུན་གྱིས༔ ལས་དང་ཉོན་མོངས་སྡིག་སྒྲིབ་ཀུན༔ སྐད་ཅིག་ཉིད་ལ་ཞི་བར་མཛོད༔ ༼ལ༽ ༔ཨཱོཾ་ཨཱཿཧཱུྃ༔ རྒྱལ་བ་རབ་འབྱམས་ལྷ་ཚོགས་ལ༔ དག་བྱེད་ཁྲུས་ཆབ་དམ་པ་དང་༔ མེ་ཏོག་བདུག་སྤོས་ཕྱེ་མ་དང་༔ སྣང་གསལ་འོད་ཟེར་དཀྱིལ་འཁོར་འཚེར༔ ལྷ་ཡི་ཞལ་ཟས་རོ་བརྒྱར་ལྡན༔ རྔ་བོ་ཆེ་སོགས་གདུང་བའི་དབྱངས༔ དངོས་འབྱོར་ཡིད་སྤྲུལ་ ― KMC020_Page_0079 ―
[མ་དཔེ་གཟིགས་ན་འདིར་གནོན།]
མཆོད་པར་འབུལ༔ ཚེ་བསོད་དབང་ཐང་རྒྱས་པར་མཛོད༔ ༼ཝ༽ ༔ཨཱོཾ་ཨཱཿཧཱུྃ༔ རྒྱལ་བ་རབ་འབྱམས་ལྷ་ཚོགས་ལ༔ ཀུན་བཟང་སྨོན་ལམ་ལས་གྲུབ་པའི༔ སྣང་སྲིད་འཁོར་འདས་ཀུན་གང་བའི༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ བདག་པོས་བཟུང་དང་མ་བཟུང་བའི༔ ཟད་མེད་རབ་འབྱམས་མཆོད་རྫས་འབུལ༔ དགྱེས་པའི་ཚུལ་གྱིས་བཞེས་ནས་ཀྱང༔ སྣང་སྲིད་དབང་དུ་འདུས་བར་མཛོད༔ ༼ཤ༽ ༔ཨཱོཾ་ཨཱཿཧཱུྃ༔ རྒྱལ་བ་རབ་འབྱམས་ལྷ་ཚོགས་ལ༔ རིགས་ལྔ་སྙོམས་འཇུག་བདུད་རྩི་ལྔ༔ དུག་ལྔ་རྣམ་དག་ཤ་ཆེན་ལྔ༔ དུག་གསུམ་རྣམ་དག་སྨན་རཀ་གཏོར༔ དམ་རྫས་ཚོགས་ཀྱི་འཁོར་ལོར་ལྡན༔ ཐབས་ཤེས་ཟུང་འཇུག་བདེ་གསལ་ཉམས༔ མ་ཆགས་ཆགས་མེད་ཆགས་བྲལ་དོན༔ བླ་མེད་གསང་བའི་མཆོད་པ་འབུལ༔ བར་ཆད་བདུད་དཔུང་ཞི་བར་མཛོད༔ ༼ཥ༽ ༔ཨཱོཾ་ཨཱཿཧཱུྃ༔ མཁའ་དབྱིངས་རྣམ་དག་ཧེ་རུ་ཀ༔ ཀུན་བཟང་ཡབ་ཡུམ་ ― KMC020_Page_0080 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཐུགས་དམ་བསྐང་༔ སྐྱེ་འཆི་སྤངས་པའི་ཧེ་རུ་ཀ༔ པད་འབྱུང་ཡབ་ཡུམ་ཐུགས་དམ་བསྐང་༔ ཉམས་ཆགས་སྦྱོང་བྱེད་ཧེ་རུ་ཀ༔ རྡོར་སེམས་ཡབ་ཡུམ་ཐུགས་དམ་བསྐང་༔ གཏི་མུག་རྣམ་དག་ཧེ་རུ་ཀ༔ རྣམ་སྣང་ཡབ་ཡུམ་ཐུགས་དམ་བསྐང་༔ ཞེ་སྡང་རྣམ་དག་ཧེ་རུ་ཀ༔ མི་བསྐྱོད་ཡབ་ཡུམ་ཐུགས་དམ་བསྐང་༔ ང་རྒྱལ་རྣམ་དག་ཧེ་རུ་ཀ༔ རིན་འབྱུང་ཡབ་ཡུམ་ཐུགས་དམ་བསྐང་༔ འདོད་ཆགས་རྣམ་དག་ཧེ་རུ་ཀ༔ སྣང་མཐའ་ཡབ་ཡུམ་ཐུགས་དམ་བསྐང་༔ ཕྲག་དོག་རྣམ་དག་ཧེ་རུ་ཀ༔ དོན་གྲུབ་ཡབ་ཡུམ་ཐུགས་དམ་བསྐང་༔ བསྐང་བྱ་ཀུན་བཟང་འོད་གསལ་མཁའ༔ སྐོང་བྱེད་ཀུན་ཏུ་བཟང་མོའི་དབྱིངས༔ དབྱེར་མེད་ཡེ་ཤེས་ལྔ་ཡི་ཀློང་༔ སྐུ་གསུམ་རོ་གཅིག་ངང་དུ་བསྐང་༔ ཉག་གཅིག་རྩད་གཅོད་ཀློང་དུ་བསྐང་༔ ཡེ་གསང་ཡེ་དག་ངང་དུ་བསྐང་༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན༔ འབད་མེད་ལྷུན་གྲུབ་ ― KMC020_Page_0081 ―
[མ་དཔེ་གཟིགས་ན་འདིར་གནོན།]
དངོས་གྲུབ་སྩོལ༔ ཚེ་བསོད་དབང་ཐང་ལོངས་སྤྱོད་དཔལ༔ ཕུན་ཚོགས་དབང་དང་དངོས་གྲུབ་སྩོལ༔ ༼ས༽ ༔ཧོཿཧོཿཧོཿ རྒྱལ་བ་རབ་འབྱམས་ལྷ་ཚོགས་རྣམས༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ བདག་སོགས་འཁྲུལ་པའི་སེམས་ཅན་རྣམས༔ ཉོན་མོངས་དུག་གསུམ་དུག་ལྔས་ཡེངས༔ ཡེ་ཤེས་ཀློང་དུ་མ་རྟོགས་པས༔ མ་རྟོགས་ལོག་རྟོགས་མཐོལ་ལོ་བཤགས༔ ཀུན་བཟང་ཀློང་དུ་བཟོད་པར་གསོལ༔ བདག་སོགས་འཁྲུལ་པའི་སེམས་ཅན་རྣམས༔ དགེ་སྡིག་ཕན་གནོད་མ་ཤེས་པས༔ སྲོག་བཅད་གནོད་པ་བསྐྱལ་བ་དང་༔ གསང་སྔགས་ཁྱད་དུ་བསད་པ་རྣམས༔ དེ་དག་ཀུན་བཟང་ཀློང་དུ་བཤགས༔ མཁའ་དབྱིངས་ཀློང་དུ་བཟོད་པར་གསོལ༔ ༼ཧ༽ ༔ཨོཾ་ཨཱཿཧཱུྃ༔ ཆོས་དབྱིངས་རྒྱལ་བ་ཀུན་ཏུ་བཟང་༔ སྣང་སྲིད་འཁོར་འདས་ཀུན་གྱི་ཡབ༔ མཁའ་གསང་ཡེ་གདོད་ཆོས་ཀྱི་སྐུ༔ ཀུན་ཏུ་བཟང་པོ་ཁྱོད་ལ་བསྟོད༔ འཁོར་འདས་སྲིད་པ་ ― KMC020_Page_0082 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཆགས་བྱེད་གཞི༔ འགག་མེད་སྣ་ཚོགས་སྤྲུལ་པའི་ཀློང་༔ རྒྱལ་བ་རབ་འབྱམས་སྐྱེད་པའི་ཡུམ༔ ཀུན་ཏུ་བཟང་མོ་ཁྱོད་ལ་བསྟོད༔ ཧཱུྃ༑ སྐྱེ་འཆི་སྤངས་པའི་ཡེ་ཤེས་སྐུ༔ སྐུ་ལྔ་ལྷུན་གྲུབ་འདུས་མ་བྱས༔ འཆི་མེད་རྡོ་རྗེའི་སྐུར་སྟོན་པ༔ པད་འབྱུང་ཡབ་ཡུམ་སྐུ་ལ་བསྟོད༔ ཧཱུྃ༑ ཀུན་བཟང་ཐུགས་སྤྲུལ་ཧེ་རུ་ཀ༔ རིགས་རྣམས་ཀུན་བདག་དཔའ་བོ་ཆེ༔ ཉམས་ཆག་སྦྱོང་བྱེད་བཅོམ་ལྡན་འདས༔ རྡོར་སེམས་ཡབ་ཡུམ་སྐུ་ལ་བསྟོད༔ ཧཱུྃ༑ བཅོམ་ལྡན་ཀུན་ཏུ་བཟང་པོ་ཡི༔ གཟུགས་སོགས་ཕུང་པོ་ལྔ་ཡི་ཚོགས༔ ཡེ་ནས་མ་སྤངས་རྣམ་པར་དག༔ རྣམས་སྣང་མི་བསྐྱོད་རིན་ཆེན་འབྱུང་༔ སྣང་མཐའ་དོན་གྲུབ་རིགས་ལྔར་བསྟོད༔ ཨཱཿ ཆོས་དབྱིངས་ཀུན་ཏུ་བཟང་མོ་ཡི༔ འབྱུང་ལྔ་ཁམས་ལྔའི་ངོ་བོ་ཉིད༔ ཡེ་ནས་མ་སྤངས་རྣམ་པར་དག༔ དབྱིངས་ཕྱུག་སྤྱན་མ་མཱ་མ་ཀི༔ གོས་དཀར་སྒྲོལ་མ་རིགས་ལྔར་བསྟོད༔ ཧཱུྃ༑ བཅོམ་ལྡན་ཀུན་བཟང་ཡབ་ཡུམ་གྱི༔ ཆགས་ ― KMC020_Page_0083 ―
[མ་དཔེ་གཟིགས་ན་འདིར་གནོན།]
སོགས་མ་སྤངས་རྣམ་པར་དག༔ ཐབས་ཤེས་བདེ་གསལ་སྤྲུལ་པ་མཆོག༔ དཔའ་བོ་མཁའ་འགྲོའི་སྐུ་ལ་བསྟོད༔ ཧཱུྃ༑ བཅོམ་ལྡན་ཀུན་བཟང་ཡབ་ཡུམ་གྱི༔ ཕྲིན་ལས་མ་སྤངས་རྣམ་པར་དག༔ ཞི་རྒྱས་དབང་དྲག་རིག་རྩལ་ལས༔ གང་ལ་གང་འདུལ་སྤྲུལ་པ་འགྱེད༔ ཆོས་སྐྱོང་སྲུང་མའི་ཚོགས་ལ་བསྟོད༔ ཧཱུྃ༑ བསྟོད་བྱ་ཀུན་བཟང་དབྱིངས་སུ་བསྟོད༔ བསྟོད་བྱེད་ཀུན་བཟང་མཁའ་རུ་བསྟོད༔ བསྟོད་བྱ་བསྟོད་བྱེད་མེད་པར་བསྟོད༔ བརྗོད་མེད་མཉུག་མ་མངོན་གྱུར་ཤོག༔ བཅོམ་ལྡན་ཀུན་བཟང་ཡབ་ཡུམ་གྱི༔ ཟབ་གནད་ལས་བྱང་ཞལ་གདམས་མཆོག༔ དངོས་གྲུབ་ཀུན་འབྱུང་ལེའུ་སྟེ༔ འབད་མེད་ལྷུན་གྲུབ་བརྒྱད་པའོ༔ ས་མ་ཡ་ཐུགས་རྒྱ་བརྡའ་ཐིམ༔ བརྡའ་ཡིག ༼ཀྵ༽ ༔གུ་རུ་ཨ་བྷི་ཥིཉྩ་དེ་ཝ་ན་མོ༔ བཅོམ་ལྡན་ཀུན་བཟང་ལས་མཐའ་ལས༔ རང་གཞན་སྨིན་གྲོལ་དབང་བསྐུར་གནད༔ རྡོ་རྗེའི་གསང་ལམ་འདི་ལྟ་སྟེ༔ བགེགས་བསྐྲད་མཚམས་བཅད་སྲུང་འཁོར་དང་༔ སྐྱབས་སེམས་ཡན་ལག་བདུན་པ་དང་༔ བྱིན་འབེབས་ཏིང་འཛིན་སྤྱན་འདྲེན་བར༔ དྲག་པོ་རྩལ་གྱི་གཞུང་ལྟར་བྱའོ༔ ― KMC020_Page_0084 ―
[མ་དཔེ་གཟིགས་ན་འདིར་གནོན།]
དབང་རྣམས་ཀུན་ལ་ལྡེ་མིག་གོ༔ ༼ཨོཾ༽ ༔ཨོཾ་ཨཱཿཧཱུྃ༔(ཚེ་ཡི་བུམ་མཆུ་མཆན) བཅོམ་ལྡན་ཀུན་བཟང་འཁོར་དང་བཅས༔ ཆོས་དབྱིངས་སྐྱེ་མེད་དཀྱིལ་འཁོར་ནས༔ དགྱེས་པའི་གར་གྱི་ཉམས་དགུར་ལྡན༔ བདེ་སྟོང་སྟངས་སྟབས་རོལ་རྩེད་འཕྱོ༔ འཇའ་འོད་ཐིག་ལེ་ཐིག་ཕྲན་འཁྲིགས༔ འུར་འུར་ཆེམ་ཆེམ་སྟོང་གསུམ་ལྡིར༔ སྐུ་ལས་སྐུ་འཕྲོས་སྟོང་གསུམ་གང་༔ བདག་སོགས་འགྲོ་ཀུན་ལུས་ལ་ཐིམ༔ སྡིག་སྒྲིབ་ནད་གདོན་བར་ཆད་བསལ༔ ཡེ་ཤེས་ལྷ་ཡི་ལུས་སུ་གྱུར༔ འགྱུར་མེད་སྐུ་ཡི་རྒྱས་བཏབ་སྟེ༔ འཆི་མེད་རྡོ་རྗེའི་ཚེ་མཆོག་བརྙེས༔ ནམ་མཁའི་འཇའ་ཚོན་ལྟར་གསལ་བའི༔ ཡེ་ཤེས་སྐུ་ཡི་དབང་ཐོབ་ཤོག༔ ༼ཨཱཿ༽ ༔ཨོཾ་ཨཱཿཧཱུྃ༔(རུ་རྟ) བཅོམ་ལྡན་ཀུན་བཟང་ཡབ་ཡུམ་དང༔ རྒྱལ་བ་རབ་འབྱམས་ལྷ་ཚོགས་ཀྱི༔ གསུང་མཆོག་གསང་སྔགས་ཡིག་འབྲུའི་ཚོགས༔ མཁའ་ལས་སྐར་མདའ་ཆད་པ་ལྟར༔ སྣང་སྲིད་འཁོར་འདས་ཀུན་ཁྱབ་པའི༔ གསུང་མཆོག་རྡོ་ ― KMC020_Page_0085 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྗེའི་རྒྱས་བཏབ་སྟེ༔ སྲིད་གསུམ་འཕར་འདར་རྔམ་པའི་སྒྲ༔ འཇིགས་བྲལ་སེང་གེའི་ང་རོ་ལྡན༔ བདག་སོགས་འགྲོ་ཀུན་དག་ལ་ཞུགས༔ ངག་འཁྱལ་སྡིག་སྒྲིབ་ཉེས་སྐྱོན་བསལ༔ འགག་མེད་ཚངས་དབྱངས་དྲུག་ཅུ་ཐོབ༔ རྒྱལ་བ་རབ་འབྱམས་ཆོས་ཀུན་ལ༔ འཆད་རྩོད་རྩོམ་པའི་དབང་ཐོབ་ཤོག༔ ༼ཧཱུྃ༽ གཏོར་མ་ ༔ཨོཾ་ཨཱཿཧཱུྃ༔ བཅོམ་ལྡན་ཀུན་བཟང་ཡབ་ཡུམ་དང་༔ རྒྱལ་བ་རབ་འབྱམས་ལྷ་ཚོགས་ཀྱི༔ ཐུགས་མཆོག་བཟོད་མེད་སྙིང་རྗེ་ཁྲོས༔ ཡེ་ཤེས་ལྔ་ཡི་མེ་དཔུང་འབར༔ རིགས་དྲུག་སྡུག་བསྔལ་ཆུ་བོ་སྐེམ༔ ཉོན་མོངས་ལས་སྒྲིབ་དབྱིངས་སུ་བསྲེགས༔ ཞེན་ཆགས་སྲིད་པའི་གྲོང་ཁྱེར་རྣམས༔ སྐུ་གསུམ་རོལ་པའི་རླུང་གིས་གཏོར༔ སྐྱེ་མེད་ཆོས་ཀྱི་དབྱིངས་སུ་བསྟིམས༔ ཐར་མེད་འཁོར་བའི་འཁོར་ལོ་ཞིག༔ འཁོར་འདས་ཆོས་དབྱིངས་ཀློང་དུ་ཐིམ༔ ཡེ་སྟོང་ཡེ་ཤེས་གཉུག་མའི་སེམས༔ སྐུ་གསུམ་སྐུ་ལྔའི་བདག་ཉིད་ཆེ༔ ཡེ་ ― KMC020_Page_0086 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྫོགས་ཡེ་གནས་ཆོས་ཀྱི་སྐུ༔ འཕོ་འགྱུར་མེད་པའི་ཐུགས་རྡོ་རྗེ༔ བདག་སོགས་འགྲོ་ཀུན་ཡོངས་ལ་ཁྱབ༔ སྲིད་དང་ཞི་བའི་དགྲ་ལས་རྒྱལ༔ འགྱུར་མེད་རྡོ་རྗེའི་རྒྱས་བཏབ་སྟེ༔ ཉག་གཅིག་རྩད་གཅོད་དབང་ཐོབ་ཤོག༔ ༼བ༽ མདའ་དར་༔ཨོཾ་ཨཱཿཧཱུྃ༔ བཅོམ་ལྡན་ཀུན་བཟང་ཡབ་ཡུམ་དང་༔ རྒྱལ་བ་རབ་འབྱམས་ལྷ་ཚོགས་རྣམས༔ ཡེ་ཤེས་ལྔ་ཡི་ལུས་མཆོག་ལྡན༔ ཕུང་པོ་ལྔ་ཉིད་རྣམ་པར་དག༔ ཐུགས་རྗེའི་འོད་ཟེར་སྤྲིན་སྤུངས་འཐིབས༔ བྱིན་རླབས་བདུད་རྩིའི་ཆར་རྒྱུན་འབེབས༔ དེང་འདིར་བདག་སོགས་འགྲོ་རྣམས་ལ༔ གཟུགས་སོགས་ཕུང་པོ་ལྔ་ཡི་ཚོགས༔ བཅོམ་ལྡན་རིགས་ལྔའི་སྐུར་གྱུར་ཏེ༔ ཡེ་ཤེས་ལྔ་ཡི་ལུས་མཆོག་ཐོབ༔ རབ་འབྱམས་རྒྱ་མཚོའི་ཡོན་ཏན་ཞིང་༔ འབད་མེད་ལྷུན་གྲུབ་འགྲོ་བའི་དོན༔ གཞལ་དུ་མེད་པའི་དབང་ཐོབ་ཤོག༔ ༼ཛྲ༽ ཕུར་བུ་ ༔ཨོཾ་ཨཱཿཧཱུྃ༔ བཅོམ་ལྡན་ཀུན་བཟང་ཡབ་ཡུམ་དང་༔ རྒྱལ་བ་རབ་འབྱམས་ལྷ་ ― KMC020_Page_0087 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཚོགས་རྣམས༔ ཕྲིན་ལས་རབ་འབྱམས་རྒྱ་མཚོའི་ཚོགས༔ ཐོགས་མེད་ནམ་མཁའི་གློག་ལྟར་འཁྱུག༔ བྱིན་རླབས་དྲག་པོའི་ཐོག་ལྟར་འབེབས༔ སྔོན་ལས་འཕྲལ་རྐྱེན་གདོན་བགེགས་རྣམས༔ བསྐྲད་ཅིང་བསྒྲལ་ཏེ་རང་སར་དག༔ བདག་སོགས་འགྲོ་རྣམས་ཐམས་ཅད་ལ༔ ཞི་རྒྱས་དབང་དྲག་ཕྲིན་ལས་ཀུན༔ བསམ་པ་ཇི་བཞིན་ལྷུན་གྲུབ་ཏེ༔ གཞོམ་གཞིག་འཕོ་འགྱུར་མེད་པ་ཡི༔ ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་ཀྱི༔ ཕྲིན་ལས་རྒྱ་མཚོའི་དབང་ཐོབ་ཤོག༔ ༼གུ༽ རྡོ་རྗེ་འབར་བ་དྲིལ་བུ་ ཨོཾ་ཨཱཿཧཱུྃ༔ བླ་མ་ཀུན་བཟང་ཡབ་ཡུམ་དང་༔ རྒྱལ་བ་རབ་འབྱམས་ལྷ་ཚོགས་རྣམས༔ འགྱུར་མེད་བདེ་སྟོང་ཧེ་རུ་ཀ༔ ཐབས་ཤེས་དབྱེར་མེད་ཧེ་རུ་ཀ༔ བརྗོད་མེད་བདེ་གསལ་ཧེ་རུ་ཀ༔ འཛིན་མེད་སྟོང་གསལ་ཧེ་རུ་ཀ༔ ཀུན་བཟང་ཆགས་མེད་ཡབ་ཀྱི་གསང་༔ རིག་མ་ཆགས་བྲལ་ཡུམ་གྱི་མཁའ༔ ཆགས་མེད་ཆགས་བྲལ་ཟུང་འཇུག་རྒྱ༔ མཁའ་དབྱིངས་ཐབས་ ― KMC020_Page_0088 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཤེས་དབྱིངས་རིག་སྐུ༔ དྲན་རིག་བདེ་གསལ་ཉམས་རྩལ་འབར༔ མ་བཅོས་གཉུག་མའི་ཡེ་ཤེས་ཀློང་༔ མི་རྟོག་བདེ་སྟོང་ལས་ཀྱི་རྒྱ༔ ཉམས་མྱོང་ཚོར་བ་རྣམ་པར་དག༔ སྐུ་གསུམ་ཡེ་ཤེས་ལྔ་ཡི་མཛོད༔ སྐུ་བཞི་འདུ་འབྲལ་མེད་པར་འཛིན༔ ཉག་གཅིག་ཡེ་རྫོགས་ལས་ཕྱག་རྒྱ༔ ས་བཅུ་ཡོངས་རྫོགས་གསང་བའི་དབང་༔ ཉམ་ང་མེད་པའི་བརྟུལ་ཞུགས་མཆོག༔ གསང་བ་བླ་མེད་དངོས་གྲུབ་སྩོལ༔ དེང་འདིར་བདག་སོགས་འགྲོ་རྣམས་ལ༔ དབང་བཞི་ཡོངས་རྫོགས་དངོས་གྲུབ་སྩོལ༔ ས་བཅུ་ཡོངས་རྫོགས་དབང་ཐོབ་ཤོག༔ ༼རུ༽ མདུང་ཐུང་དབང་རྫས་ ༔ཨོཾ་ཨཱཿཧཱུྃ༔ བཅོམ་ལྡན་ཀུན་བཟང་ཡབ་ཡུམ་དང་༔ རྒྱལ་བ་རབ་འབྱམས་ལྷ་ཚོགས་རྣམས༔ འདས་དང་ད་ལྟ་མ་འོངས་པར༔ ཕྲིན་ལས་མངོན་སྤྱོད་བརྟུལ་ཞུགས་འབར༔ དགྲ་བགེགས་འདུལ་བར་དམ་བཅས་པ༔ བསྟན་དང་འགྲོ་ལ་གནོད་བྱེད་པའི༔ གཟུགས་ཅན་སྡང་དགྲ་གཟུགས་མེད་བགེགས༔ ― KMC020_Page_0089 ―
[མ་དཔེ་གཟིགས་ན་འདིར་གནོན།]
དམ་སྲི་དམ་ཉམས་མ་རུང་རྣམས༔ ཚར་གཅོད་བསྐྲད་རེངས་རྨུགས་རླག་བཅོམ༔ སྲེག་གཏོར་མིང་མེད་ཐལ་བར་རླག༔ བཟློག་མནན་གཟིར་བའི་ལས་སྒྲུབ་ཕྱིར༔ འཇིགས་རུང་དྲག་པོའི་སྐུར་སྟོན་ནས༔ ཕྲིན་ལས་མཐུ་སྟོབས་གཅིག་བསྡུས་པ༔ ཕྱི་ལྟར་རྒྱལ་བ་ཀུན་ཏུ་བཟང་༔ ནང་ལྟར་བཅོམ་ལྡན་དོན་ཡོད་གྲུབ༔ གསང་ལྟར་ཀརྨ་ཧེ་རུ་ཀ༔ ཡང་གསང་བདུད་མགོན་ཏྲཀྴད་རྗེ༔ སྲིད་གསུམ་འཁོར་འདས་བདག་པོ་ཡི༔ སྐུ་གསུང་ཐུགས་མཆོག་ཡོན་ཏན་དང་༔ ཕྲིན་ལས་མངོན་སྤྱོད་དབང་མཆོག་རྣམས༔ དེང་འདིར་བདག་སོགས་འགྲོ་རྣམས་ལ༔ ཐོགས་མེད་རིག་རྩལ་དངོས་གྲུབ་སྩོལ༔ འདུ་འབྲལ་མེད་པའི་དབང་ཐོབ་ཤོག༔ ༼པད༽ ཐོད་ཆང་ ༔ཨོཾ༑ དམ་རྫས་མྱོས་བྱེད་ཨ་མྲྀ་ཏ༔ རྩ་བརྒྱད་སྟོང་སྦྱར་བདུད་རྩིའི་མཆོག༔ ནད་བརྒྱ་སེལ་བའི་སྨན་གཅིག་པུ༔ རྒྱལ་བ་རབ་འབྱམས་ལྷ་ཚོགས་ཀྱི༔ བྱང་སེམས་ཐབས་ཀྱི་བདུད་རྩི་ ― KMC020_Page_0090 ―
[མ་དཔེ་གཟིགས་ན་འདིར་གནོན།]
འདིས༔ དེང་འདིར་བུ་ལ་དབང་བསྐུར་བས༔ བདེ་སྟོང་ཡེ་ཤེས་ཉམས་རྩལ་འབར༔ སྐྱེ་འཆི་མེད་པའི་དབང་ཐོབ་ཤོག༔ ཐབས་ཀྱི་དཔའ་བོར་བྱིན་གྱིས་རློབས༔ ༼མ༽ རཀྟ་ ༔ཨཱཿ དམ་རྫས་དམར་ཆེན་རཀྟ་རཾ༔ འཁོར་བ་རྒྱུད་ལྔ་བསྒྲལ་བའི་ཁྲག༔ དུག་ལྔ་དབྱིངས་སུ་བསྒྲལ་བའི་ཁྲག༔ དུག་གསུམ་རྣམ་དག་གསང་བའི་ཁྲག༔ རྒྱལ་བ་རབ་འབྱམས་ལྷ་ཚོགས་ཀྱི༔ བྱང་སེམས་ཤེས་རབ་འདུད་རྩི་འདིས༔ དེང་འདིར་བུ་ལ་དབང་བསྐུར་བས༔ རིག་སྟོང་རྩལ་འབྱངས་ཉམས་རྩལ་འབར༔ འགག་མེད་ཟང་ཐལ་དབང་ཐོབ་ཤོག༔ ཤེས་རབ་མཁའ་འགྲོར་བྱིན་གྱིས་རློབས༔ ༼སིད༽ གཏོར་མ ༔ཧཱུྃ། དམ་རྫས་བ་ལིཾ་མ་ཧཱ་བྷྲཱུྃ༔ ཤ་ལྔ་བདུད་རྩི་ལྔ་ཡི་དངོས༔ འབྲུ་བཅུད་རིན་ཆེན་ལྔ་ལས་གྲུབ༔ ཐབས་ཤེས་ཟུང་དུ་འཇུག་པའི་རྫས༔ ངོ་བོ་གནམ་ལྕགས་ཐོག་མདེལ་ལྟར༔ ཡེ་ཤེས་ལྔ་ཡི་མེ་དཔུང་འཕྱོ༔ བྱིན་རླབས་བདུད་རྩིའི་དུད་སྤྲིན་འཁྲིགས༔ རྒྱལ་བ་རབ་ ― KMC020_Page_0091 ―
[མ་དཔེ་གཟིགས་ན་འདིར་གནོན།]
འབྱམས་ལྷ་ཚོགས་ཀྱི༔ བསྟེན་རྫས་བསྒྲུབ་རྫས་གཏོར་མའི་དབང་༔ དེང་འདིར་བུ་ལ་དབང་བསྐུར་བས༔ ལས་དང་ཉོན་མོངས་སྡིག་སྒྲིབ་དག༔ ཉེས་ལྟུང་ཤེས་སྒྲིབ་མ་ལུས་བསྲེགས༔ དྲན་རིག་ཡེ་ཤེས་གཉུག་མའི་སེམས༔ སྒྲིབ་གཡོགས་གཉིས་འཛིན་འཁྲུལ་པ་ཡལ༔ ནམ་མཁའི་དཀྱིལ་ལྟར་རང་སར་གནས༔ ཡེངས་མེད་རྗེན་པ་ཉི་ལྟར་ཤར༔ འཕོ་འགྱུར་མེད་པའི་དབང་ཐོབ་ཤོག༔ ༼དྷི༽ ཚེ་རིལ་ ༔ཨོཾ་ཨཱཿཧཱུྃ༔ བླ་མ་ཀུན་བཟང་ཡབ་ཡུམ་དང་༔ རྒྱལ་བ་རབ་འབྱམས་ལྷ་ཚོགས་ཀྱིས༔ དེང་འདིར་བདག་སོགས་འགྲོ་རྣམས་ལ༔ གཞི་ལམ་འབྲས་བུ་མཐར་ཕྱིན་པའི༔ ལམ་བསྟན་རྒྱས་གདབ་དངོས་གྲུབ་སྩོལ༔ ཚོགས་ལམ་སྦྱོར་ལམ་མཐོང་བའི་ལམ༔ འཕགས་ལམ་བསྒོམ་ལམ་བླ་མེད་ལམ༔ བགེགས་འཇོམས་ཕྱིར་མི་ལྡོག་པའི་ལམ༔ སྐད་ཅིག་ཉིད་ལ་དེང་འདིར་སྩོལ༔ དུས་གསུམ་སངས་རྒྱས་དབང་ཐོབ་ཤོག༔ ༼ཧཱུྃ༽ རྒྱ་གྲམ་ ༔ཨོཾ་ཨཱཿཧཱུྃ༔ ― KMC020_Page_0092 ―
[མ་དཔེ་གཟིགས་ན་འདིར་གནོན།]
བླ་མ་ཀུན་བཟང་ཡབ་ཡུམ་དང་༔ རྒྱལ་བ་རབ་འབྱམས་ལྷ་ཚོགས་ཀྱི༔ གསང་སྔགས་སྐུ་གསུམ་རྡོ་རྗེའི་རྒྱ༔ རིག་སྔགས་སྐུ་བཞི་རིན་ཆེན་རྒྱ༔ གཟུངས་སྔགས་སྙིང་པོ་པདྨའི་རྒྱ༔ ཕྱག་རྒྱ་ལས་རྒྱ་རྒྱ་གྲམ་རྒྱ༔ ཆོས་རྣམས་ཡེ་རྫོགས་འཁོར་ལོའི་རྒྱ༔ ས་བཅུ་ཡོངས་རྫོགས་ཡེ་ཤེས་རྒྱ༔ རྡོ་རྗེ་འཛིན་པའི་ས་ཐོབ་ཕྱིར༔ གནད་འབོར་དམ་ཚིག་རཀྴ་ཧཱུྃ༔ ༼ཧྲཱིཿ༽ བཅོམ་ལྡན་ཀུན་བཟང་ཡབ་ཡུམ་གྱི༔ ཤིས་བརྗོད་དབང་གི་མཐའ་བརྟེན་ནི༔ ཧཱུྃ༑ རབ་གནས་ ཆོས་དབྱིངས་སྐྱེ་མེད་དཀྱིལ་འཁོར་དུ༔ བཅོམ་ལྡན་ཀུན་བཟང་ཡབ་ཡུམ་གྱིས༔ ཡེ་ཤེས་ལྔ་ཡི་སྤྲུལ་བསྒྱུར་འགྱེད༔ འཕོ་འགྱུར་མེད་པའི་བཀྲ་ཤིས་གང་༔ དེང་འདིར་འགྲོ་ཀུན་ཁྱབ་གྱུར་ཅིག༔ ཧཱུྃ༑ མ་འགགས་རང་གསལ་ཀློང་གསལ་ནས༔ རྒྱལ་བ་རབ་འབྱམས་ཆོས་སྒོ་གང་༔ སྐྱེ་མེད་ཆོས་སྒོའི་ཡེ་གེ་ཤར༔ འཁོར་འདས་ཀུན་ཁྱབ་བཀྲ་ཤིས་གང་༔ དེང་འདིར་འགྲོ་ཀུན་ཁྱབ་གྱུར་ཅིག༔ ཧཱུྃ༑ རྙེད་དཀའི་དལ་འབྱོར་དོན་ལྡན་པ༔ ― KMC020_Page_0093 ―
[མ་དཔེ་གཟིགས་ན་འདིར་གནོན།]
དཔག་པར་དཀའ་བའི་ཕ་རོལ་ཕྱིན༔ གཞལ་དུ་མེད་པའི་ས་ལམ་བགྲོད༔ གཞོམ་གཞིག་བྲལ་བའི་བཀྲ་ཤིས་གང་༔ དེང་འདིར་འགྲོ་ཀུན་སྨིན་གྱུར་ཅིག༔ ཧཱུྃ༑ སྣང་སྲིད་དཀྱིལ་འཁོར་རབ་འབྱམས་གང་༔ བདེ་ལེགས་ལྷུན་གྲུབ་དཔལ་དང་ལྡན༔ འབད་མེད་ལྷུན་གྲུབ་ཡིད་བཞིན་ནོར༔ འདོད་དགུ་ཀུན་འབྱུང་བཀྲ་ཤིས་གང་༔ དེང་འདིར་རིགས་དྲུག་ཁྱབ་གྱུར་ཅིག༔ ཧཱུྃ༑ རང་རིག་རིག་པའི་ངོ་བོ་ཉིད༔ མ་འགགས་འགག་མེད་ཅིར་ཡང་འཆར༔ སྟོང་གསལ་དྲན་རིག་མཁའ་ལྟར་དག༔ ཤར་གྲོལ་དུས་མཉམ་དབྱིངས་རིག་འདྲེས༔ བརྗོད་མེད་ཡེ་ཤེས་ཉི་ལྟར་ཤར༔ དེང་འདིར་འགྲོ་དྲུག་གསལ་གྱུར་ཅིག༔ འགྱུར་བ་མེད་པར་བརྟན་གྱུར་ཅིག༔ ཐབས་ཀྱི་བཀྲ་ཤིས་ཟླ་ལྟར་གསལ༔ ཤེས་རབ་བཀྲ་ཤིས་ཉི་ལྟར་ཤར༔ ལས་ཉོན་མུན་ཁྱབ་གསལ་གྱུར་ཅིག༔ ཆོས་དབྱིངས་བཀྲ་ཤིས་མཁའ་ལྟར་དག༔ འཆི་བ་མེད་པར་གནས་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་ ― KMC020_Page_0094 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཛྲ་མངྒ་ལཾ་ཏིཥྛ་ཏིཥྛ་ཏིཥྛ་བྷྲཱུཾ༔ ༼བྷྱོ༽ འགྲོ་འདྲེན་པདྨ་སཾ་བྷའི་སྙིང་ཐིག་ལས༔ གསང་སྔགས་དབང་བཞི་ཡོངས་རྫོགས་བསྐུར་བའི་ཐབས༔ ཟབ་གནད་སྙིང་ཁྲག་ཐིགས་པ་ཞེས་བྱ་བ༔ མ་འོངས་སེམས་ཅན་དོན་དུ་ཡེ་གེར་བཏབ༔ རིན་ཆེན་རྫ་ཡི་བུམ་པར་ལེགས་གཞུག་སྟེ༔ འགྱུར་མེད་རྒྱ་མཚོར་སྦས་ཤིང་བདུད་ལ་གཏད༔ མ་འོངས་རྩོད་ལྡན་སུམ་ཅུ་ཁ་རལ་དུས༔ ལྷ་སྲས་མུ་ཁྲིའི་སྐྱེ་མཐས་རྙེད་གྱུར་ཅིག༔ འདི་ནི་གྲོ་ལོད་རྩལ་གྱི་ཆ་ལག་གོ༔ ལོ་གསུམ་བར་དུ་གཞན་ལ་གསང་བ་གནད༔ ཕྱི་ལྟར་སྒྲུབ་ན་ཀུན་བཟང་ཉམས་སུ་ལོངས༔ ནང་ལྟར་སྒྲུབ་ན་རྡོ་རྗེ་དྲག་པོ་རྩལ༔ གསང་ལྟར་སྒྲུབ་ན་རྡོ་རྗེ་གྲོ་ལོད་རྩལ༔ ཡང་གསང་ཕྲིན་ལས་མགོན་པོའི་སྒྲུབ་པ་དང་༔ སྦས་གསང་རྡོ་རྗེ་གྲོ་ལོད་ཡབ་ཡུམ་གཉིས༔ ཟུང་འཇུག་བདེ་བ་ཆེན་པོར་སྒྲུབ་པ་དང་༔ ཐུགས་གསང་ཚེ་སྒྲུབ་སྙན་བརྒྱུད་གསང་རྒྱ་དང་༔ སྦས་གསང་འཁོར་འདས་རོ་གཅིག་ཤོག་ཕྲན་རྣམས༔ མཁའ་འགྲོའི་ལུང་བསྟན་གསལ་བར་མ་བྱུང་བར༔ གཞན་ལ་མ་བསྟན་རང་དང་གཞན་ལ་རྩུབ༔ དེ་ཕྱིར་སྤྱོད་ལམ་ཀུན་ལ་གཅེས་པར་གཟོབ༔ སློབ་མའི་མཚན་ཉིད་ལེགས་པར་བརྟགས་ཤིག་བུ༔ པདྨ་འབྱུང་གནས་བདག་དང་འདུ་འབྲལ་མེད༔ དངོས་གྲུབ་ཤུགས་ཀྱིས་འབྱུང་ངོ་སྐལ་ལྡན་བུ༔ མ་དག་སྣང་བ་དོར་ལ་གསོལ་བ་ཐོབ༔ ས་མ་ཡ་ཐུགས་རྒྱ་བརྡའ་ཐིམ༔ དབང་ ― KMC020_Page_0095 ―
[མ་དཔེ་གཟིགས་ན་འདིར་གནོན།]
བསྐུར་བའི་ལེའུ་སྟེ་དགུ་པའོ་༔ མ་ཧཱ་ཀཱ་ལ་ཏྲཀྴད་དུ་ས་མ་ཡ་རཀྴ་ཧཱུྃ༔ རིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱི་གཏེར་མ་སླད་མེད་མའོ༔ ༈ མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །། |