Nitartha Digital Library
Tibetan
གླེགས་བམ་བཅུ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
མངོན་པ་ཀུན་བཏུས་ཀྱི་རྣམ་གྲངས་སྣ་ཚོགས་བཤད་པ།
   
   
   
   
   
   
   
   


 
previousམངོན་པ་ཀུན་བཏུས་ཀྱི་རྣམ་གྲངས་སྣ་ཚོགས་བཤད་པ།next

མངོན་པ་ཀུན་བཏུས་ཀྱི་རྣམ་གྲངས་སྣ་ཚོགས་བཤད་པ།


MR12_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པ་ཀུན་བཏུས་ཀྱི་རྣམ་གྲངས་སྣ་ཚོགས་བཤད་པ།


MR12_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བཏུས་སྤྱི་སྡོམ། ཕུང་པོ་སོགས་ལས་བརྩམས་ཏེ་དུ་དང་ཅིའི་ཕྱིར་ཉེར་ལེན་རྣམས། མཚན་ཉིད་དེ་ཡི་གནས་རྣམས་ཏེ། །གོ་རིམ་དོན་དང་དཔེར་དབྱེ་དང་། །བསྡུས་པ་ལ་སོགས་བཞི་པོ་ནི། །བསྡུས་པ་སྦྱོར་བ་དང་མཚུངས་ལྡན་དང་ལྡན་པ་དེ་ཉིད། རྣམ་པ་ངེས་དང་སའི་དབྱེ་བ་བཞི། བདེན་པ་དང་ཆོས་དང་ཐོབ་པ་དང་ཡང་དག་འབེལ་གཏམ། རྣམ་པར་ངེས་པའི་དབྱེ་བ་སྟེ། ཀུན་ལས་བསྡུས་པའི་སྤྱི་སྡོམ་མོ། །ཞེས་གསུངས། ཕུང་པོ་རྣམས་ནི་དུ། ཁམས་རྣམས་ནི་དུ། སྐྱེ་མཆེད་རྣམས་ནི་དུ། ཞེས་པས་གྲངས་བསྟན། ཅིའི་ཕྱིར་ཕུང་པོ་རྣམས་ལྔ་ཁོ་ན་སོགས་ཀྱིས་གྲངས་ཀྱི་ངེས་པ་བསྟན། ཅིའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་རྣམས་ཞེས་བརྗོད་པས་ཉེར་ལེན་གྱིས་དོན་བཤད། དེ་བཞིན་གཟུགས་སོགས་ཀྱི་མཚན་ཉིད། གཟུགས་ཀྱི་ཕུང་པོ་རྣམ་པར་གནས་པ། རྒྱུ་འབྱུང་བ་བཞི་གང་། དེའི་འབྲས་བུ་གཟུགས་སོགས་ཀྱི་རྣམ་པར་གནས་པ་བཤད། ཅིའི་ཕྱིར་


MR12_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོ་རྣམས་གོ་རིམས་སུ་བརྗོད་ཅེ་ན་ཕུང་ཁམས་སྐྱེ་མཆེད་སོགས་ཀྱི་གོ་རིམ། དཔེ་གང་། གཟུགས་ནི་དབུ་བའི་གོང་བུ་ལྟ་བུའོ་སོགས། ཕུང་ཁམས་སྐྱེ་མཆེད་ཀྱི་རབ་ཏུ་དབྱེ་བ་གང་། སྡོམ་དུ། རྫས་ཡོད་ཤེས་བྱ་གཟུགས་ཅན་སོགས། ཟག་བཅས་བྱུང་ལ་སོགས་པ་དང་། འདས་དང་རྐྱེན་ལ་སོགས་པ་རྣམས། མཚན་ཉིད་ཇི་ལྟར་གྲངས་དུ་ཞིག་དགོས་པ་ཅི་ཡི་ཕྱིར་ཞེས་གསུངས། ཇི་ལྟར་ན་རྫས་སུ་ཡོད་པ་ཡིན། རྫས་སུ་ཡོད་པ་རྣམས་ནི་དུ། ཅིའི་ཕྱིར་རྫས་སུ་ཡོད་པར་བསྟན། རྫས་སུ་ཡོད་པ་ནི་དབང་པོའི་སྤྱོད་ཡུལ། གང་གིས་ཡིད་ཀྱི་བརྗོད་པ་ལ་མི་ལྟོས་པ་ནི། མིང་མ་བཟུང་ཡང་དོན་དེ་ཉིད་དབང་པོས་འཛིན་པ་དང་གཟུགས་སོགས་རྡུལ་རྫས་ཀྱི་གང་བུར་བུམ་བློ་འབྱུང་བ་ལྟར། དོན་བཞིན་ལ་མི་ལྟོས་པར་དེའི་བློ་འབྱུང་བའོ། །ཐམས་ཅད་ཀྱང་རྫས་སུ་ཡོད་པའོ་བདག་ལ་རྫས་སུ་མངོན་པར་ཞེན་པ་སྤོང་བའི་ཕྱིར་རོ། །རྫས་ཡོད་ལས་


MR12_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་སྟེ་མིང་དང་དོན་གཞན་ལ་ལྟོས་པ། དབང་པོའི་སྤྱོད་ཡུལ་བརྗོད་པ་དང་དེ་ལས་གཞན་ལ་ལྟོས་པ་བཏགས་ཡོད། ཐམས་ཅད་ཀྱང་བཏགས་པས་ཡོད་པའོ། །བདག་ལ་བཏགས་པར་མངོན་ཞེན་སྤོང་ཕྱིར་བཏགས་པའི་ཡོད་པར་བརྟག་གོ། ཇི་ལྟར་ན་ཀུན་རྫོབ་ཏུ་ཡོད་སོགས། ཀུན་ནས་ཉོན་མོངས་པར་འགྱུར་བའི་དམིགས་པ་ནི་ཀུན་རྫོབ་ཏུ་ཡོད་པའོ། །ཐམས་ཅད་ཀྱང་ཀུན་རྫོབ་ཏུ་ཡོད་པའོ། །བདག་ལ་ཀུན་ཉོན་གྱི་རྒྱུར་མངོན་ཞེན། ཇི་ལྟར་ན་དོན་དམ་པར་ཡོད་སོགས། རྣམ་པར་དག་པར་འགྱུར་བའི་དམིགས་པ་ནི་དོན་དམ་པར་ཡོད་པའོ། །ཐམས་ཅད་ཀྱང་དོན་དམ་པར་ཡོད་པའོ། །བདག་ལ་རྣམ་པར་དག་པའི་རྒྱུར་མངོན་ཞེན་སྤང་བའི་ཕྱིར་རོ། །ཇི་ལྟར་ན་ཤེས་པར་བྱ་བ་ཡིན་སོགས། ཤེས་བྱ་ནི་རྣམ་པ་ལྔ་སྟེ། གཟུགས་དང་སེམས་དང་སེམས་བྱུང་དང་། ལྡན་མིན་འདུ་བྱེད་དང་། འདུས་མ་བྱས་སོ་ཞེས་གཞི་ལྔ་པོ་ཕུང་སོགས་ཀྱི་དབྱེ་བར་བཤད། གང་དུ་གཟུགས་ཉོན་མོངས་པ་དང་རྣམ་བྱང་ངམ། གང་སེམས་ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་ངམ། གང་གིས་སེམས་བྱུང་ཆགས་སོགས་ཀུན་ནས་ཉོན་མོངས་པ་དང་དད་སོགས་རྣམ་བྱང་ངམ། དེའི་གནས་སྐབས་ལྡན་མིན་དང་། རྣམ་པར་བྱང་བ་འདུས་མ་བྱས་གང་ཡིན་པའི་དབང་དུ་བྱས་ནས། ཐམས་ཅད་ཀྱང་ཤེས་པར་བྱ་བའོ། །ཡང་ཤེས་བྱའི་ཆོས་རྣམས་ནི་མོས་པའི་ཤེས་པའི་སྤྱོད་ཡུལ་ཐོས་པ་དང་། རིགས་པའི་ཤེས་པའི་སྤྱོད་ཡུལ་བསམ་པ་དང་། རྣམ་པར་འཕྲོ་བ་མེད་པའི་ཤེས་པའི་སྤྱོད་ཡུལ་བསྒོམ་པ་དང་། སོ་སོ་རང་གིས་ཤེས་པའི་སྤྱོད་ཡུལ་དོན་དམ་པ་ཤེས་པ་དང་། གཞན་གྱི་བདག་


MR12_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཤེས་པའི་སྤྱོད་ཡུལ་གཞན་སེམས་ཤེས་པ་དང་། འོག་མ་ཤེས་པའི་སྤྱོད་ཡུལ་ཆོས་ཤེས་དང་། གོང་མ་ཤེས་པའི་སྤྱོད་ཡུལ་རྗེས་ཤེས་དང་། རྣམ་པར་སུན་འབྱིན་པའི་ཤེས་པའི་སྤྱོད་ཡུལ་སྡུག་བསྔལ་དང་། ཀུན་ནས་མི་ལྡང་བ་ཤེས་པའི་སྤྱོད་ཡུལ་ཀུན་འབྱུང་དང་། མི་སྐྱེ་བ་ཤེས་པའི་སྤྱོད་ཡུལ་འགོག་པ་དང་། ཤེས་པ་ཤེས་པའི་སྤྱོད་ཡུལ་ལམ་དང་། མཐར་ཐུག་པ་ཤེས་པའི་སྤྱོད་ཡུལ་ཟད་མི་སྐྱེ་ཤེས་པ་དང་། དོན་ཆེན་པོ་ཤེས་པའི་སྤྱོད་ཡུལ་ཐེག་ཆེན་ཤེས་པ་སྟེ་ཤེས་པ་བཅུ་གསུམ་གྱི་སྤྱོད་ཡུལ་གྱི་ཕྱིར་ཡང་ངོ་སྟེ་ཤེས་བྱའོ། །དེ་ནི་བདག་ལ་ཤེས་པ་པོ་དང་མཐོང་བ་པོར་མངོན་ཞེན་སྤང་བའི་ཕྱིར་རོ། །ཇི་ལྟར་རྣམ་པར་ཤེས་པར་བྱ་བ་ཡིན། རྣམ་པར་ཤེས་པར་བྱ་བ་རྣམས་དུ་ཞིག །ཅིའི་ཕྱིར་རྣམ་པར་ཤེས་པར་བྱ་བར་བརྟག་ཅེ་ན། རྣམ་པར་མི་རྟོག་པ་རྣམ་ཤེས་ཚོགས་ལྔ་དང་། རྣམ་པར་རྟོག་པ་ཡིད་ཤེས་དང་། རྒྱུ་ཀུན་གཞིའི་རྣམ་ཤེས་དང་། འཇུག་པ་དེ་ལས་གཞན་པའི་ཤེས་པ་དང་། རྒྱུ་མཚན་དབང་པོ་དང་དོན་དང་། རྒྱུ་མཚན་ལས་བྱུང་བ་དེའི་རྣམ་ཤེས་དང་། མི་མཐུན་པ་ཆགས་སོགས་གསུམ་དང་། གཉེན་པོ་ཆགས་བྲལ་སོགས་གསུམ་དང་། ཕྲ་བའི་རྣམ་པར་ཤེས་པར་དཀའ་བའི་རྣམ་རིག་བདུན་རབ་ཏུ་དབྱེ་བས་ཀྱང་རྣམ་པར་ཤེས་པར་བྱ་བར་བལྟའོ། །ཐམས་ཅད་ཀྱང་རྣམ་པར་ཤེས་པར་བྱ་བ་དག་གོ། བདག་ལ་མཐོང་བ་པོ་ལ་སོགས་པར་མངོན་ཞེན་སྤང་བའི་ཕྱིར་རོ། །ཤེས་དཀའ་བ་ཕྲ་བའི་རྣམ་རིག་བདུན་ནི། མ་རིག་པའི་རྣམ་རིག་ཕྲ་བ་སྣོད་ཀྱི་རྣམ་པར་རིག་པ་ཕྲ་བ་སྟེ། དུས་ཐམས་ཅད་དུ་རྣམ་པ་ཡོངས་སུ་མ་ཆད་པའི་ཕྱིར་རོ། །སྣ་ཚོགས་ཀྱི་རྣམ་རིག་ནི་ཤེས་པ་གཅིག་གི་རྣམ་པ་སྣ་ཚོགས་ཡིན་པ་རྣམ་


MR12_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཞག་དཀའ་བས་སོ། །ལྷན་ཅིག་འབྱུང་བའི་རྣམ་རིག་ནི་དུས་གཅིག་ཏུ་བྱུང་བའི་རྣམ་ཤེས་རྣམས་ཀྱིས་སོ་སོ་རང་གི་ཡུལ་ཇི་ལྟ་བ་བཞིན་ཡོངས་སུ་གཅོད་པ་རྣམ་པར་བཞག་དཀའ་བའི་ཕྱིར་རོ། །ཕྲ་བ་ཉིད་ཅེས་ཐམས་ཅད་ལ་སྦྱར་བར་བྱའོ། །མི་མཐུན་ཕྱོགས་ཀྱི་གཉེན་པོ་མྱུར་དུ་འབྱུང་བའི་རྣམ་རིག་ནི། ཆགས་སོགས་འཆིང་བ་ཀུན་ལྡན་གྱི་སེམས་ཏེ། ཡུད་ཙམ་ཐང་གཅིག་ཏུ་ཆགས་སོགས་དང་བྲལ་ཏེ་མི་སྐྱེ་བའོ། །བག་ཆགས་ཀྱི་རྣམ་རིག་ནི་ལས་ཀྱི་བག་ཆགས་སེམས་ལ་བསྒོས་པ་སེམས་དེ་ལས་གཅིག་ཐ་དད་མིན་ཡང་འབྲས་བུ་རིམ་གྱིས་འབྱུང་བ་རྙེད་པ་དཔྱད་དཀའ་བས་སོ། །ཉིང་མཚམས་སྦྱོར་བའི་རྣམ་རིག་ནི། ལུས་དུ་མ་འགྲུབ་པའི་ལས་ཀྱིས་བསྒོས་པའི་རྣམ་ཤེས་འཆི་དུས་ན་མི་གསལ་བ་ལས་བག་ཆགས་གང་རུང་སད་ནས་འགྲོ་བ་གང་རུང་དུ་སྐྱེ་བ་རྟོག་དཀའ་བའོ། །གྲོལ་བའི་རྣམ་རིག་ཕྲ་བ་ནི་དགྲ་བཅོམ་པའི་སེམས་མཆོག་ཏུ་སྤྲོས་མེད་ཐོབ་པ། འཁོར་བར་འདྲིས་པའི་ཟག་བཅས་ཀྱི་སྤྱོད་པ། ཐམས་ཅད་ལས་འདས་པ་དེ་ཕལ་པས་བསམ་དཀའ་བས་སོ། །རྣམ་ཤེས་དྲུག་ལས་རྣམ་རྟོག་བཅས་པ་དུ། རྣམ་རྟོག་མེད་པ་དུ་ཞེ་ན། ཡིད་ཤེས་གཅིག་པུ་རྣམ་རྟོག་དང་བཅས་པའོ། །རྣམ་རྟོག་ལ་ཡང་དབྱེ་བ་གསུམ་སྟེ། རང་བཞིན་ནམ། ངོ་བོ་ཉིད་ཀྱིས་རྣམ་པར་རྟོག་པ་རྣམ་ཤེས་ཐམས་ཅད་ཀྱིས་རང་ཡུལ་དམིགས་པ་ལ་དེ་ལྟར་འཛིན་པའོ། །རྗེས་སུ་དྲན་པའི་རྣམ་རྟོག་གང་སྔོན་མྱོང་བའི་འདུ་བྱེད་རྗེས་སུ་དྲན་པའོ། །མངོན་པར་སྤྱོད་པའི་རྣམ་རྟོག་ནི། འདས་མ་འོངས་ད་ལྟར་གྱི་ལྐོག་གྱུར་རྣམས་ལ། རྣམ་པར་རྟོག་པའོ། །ཞེས་གསུངས་པ་སྒྲ་དོན་འདྲེས་རུང་གི་རྣམ་རྟོག་ཡང་རྣམ་རྟོག་བདུན་ཏེ། དམིགས་པ་ལ་ངང་གིས་འཇུག་པའི་རྣམ་རྟོག་ཚོགས་


MR12_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པོས་རང་ཡུལ་བཟུང་བ། མཚན་བཅས་ཀྱི་རྣམ་རྟོག་རང་བཞིན་ད་ལྟ་དང་འདས་དུས་དྲན་པ། མཚན་མེད་ཀྱི་རྣམ་རྟོག་མ་འོངས་པའི་ཡུལ་ལ། མངོན་སྤྱོད་རྣམ་རྟོག་གི་དབྱེ་བ་བཞི་ལས་རེས་འགར། ཀུན་ཏུ་ཚོལ་བར་བྱེད་པའི་རྣམ་རྟོག །རེས་སོ་སོར་རྟོག་པའི་རྣམ་རྟོག །རེས་ཉོན་མོངས་ཅན་གྱི་རྣམ་རྟོག །རེས་འགར་ཉོན་མོངས་མེད་པའི་རྣམ་རྟོག་གོ་སྟེ་བཞིའོ། །མངོན་པར་ཤེས་པར་བྱ་བ་མངོན་ཤེས་དྲུག་གོ། ཇི་ལྟར་མངོན་པར་ཤེས་པར་བྱ་བ་ཡིན། མངོན་པར་ཤེས་བྱ་རྣམས་དུ། ཅི་ཕྱིར་མངོན་པར་ཤེས་པར་བརྟག་ཅེ་ན། རྫུ་འཕྲུལ་གྱིས་ཡུལ་ཀུན་ཏུ་འགྲོ་བ་དང་། རྣ་བའི་མངོན་ཤེས་ཀྱིས་སྒྲ་ཐམས་ཅད་རྗེས་སུ་ཐོབ་པ་དང་། སེམས་ཤེས་པས་ཕ་རོལ་གྱི་སེམས་ཀྱི་སྤྱོད་པ་ལ་འཇུག་པ་དང་། སྔོན་གྱི་ཚེ་རབས་འོང་བ་དང་། ལྷའི་མིག་གིས་མ་འོངས་བར་འགྲོ་བ་དང་། ཟག་ཟད་ཀྱིས་ཁམས་གསུམ་ལས་ངེས་པར་འབྱུང་བའི་ཕྱིར་ཡང་ངོ་། །ཐམས་ཅད་ཀྱང་ཐ་མ་གསུམ་གྱི་ཡུལ་ཡིན་པས་མངོན་པར་ཤེས་པར་བྱ་བ་དག་གོ །བདག་ལ་མཐུ་དང་བཅས་པར་མངོན་ཞེན་སྤང་བའི་ཕྱིར་རོ། །ཇི་ལྟར་གཟུགས་ཅན་ཡིན། གཟུགས་ཅན་རྣམས་ནི་དུ་ཞིག །ཇི་ལྟར་གཟུགས་ཅན་དུ་བརྟག་ཅེ་ན། གཟུགས་དེའི་བདག་ཉིད་དམ་ངོ་བོ་དང་། རྒྱུར་བྱས་པའི་གཟུགས་ནི་རྒྱུ་འབྱུང་བ་ཉིད་རྟེན་དུ་གྱུར་པ། འབྱུང་གྱུར་རྣམས་ཀྱང་ནང་ཕན་ཚུན་ལྡན་པའི་ཕྱིར་ཐམས་ཅད་པ་དང་། དེ་ལ་དགའ་བ་ཉིད་གང་གི་ཀུན་འབྱུང་བ་ཡིན་པ་དེ་གཟུགས་ཅན་ཡིན་གྱི། ཚོར་སོགས་ཀྱི་ཀུན་འབྱུང་ནི་སྔོན་གྱི་དགའ་བ་དང་ད་ལྟར་བྱུང་བའི་རིག་པ་སོགས་ཀྱང་


MR12_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་ལྟ་བུ་མིན་ནོ་གསུངས་པ་དང་། ཕྱོགས་ཆ་དང་བཅས་པ་དང་། ཡུལ་ལ་དེའི་ཆས་ཁྱབ་པ་དང་། དེ་ཕྱོགས་འདི་དག་གོ་ཞེས་ཡུལ་ཉེ་བར་བསྟན་དུ་རུང་བ་དང་། ཡུལ་འགའ་ཞིག་པ་དེ་ན་ཡོད་པར་སྤྱོད་ཡུལ་དུ་འགྱུར་བ་དང་། བདག་གཞན་གཉིས་ཀས་སྤྱོད་ཡུལ་དུ་མཚུངས་པར་དམིགས་པ་དང་། མིག་ཤེས་སོགས་ཀྱང་བརྒྱུད་པས་གཟུགས་ཅན་དེ་དང་འབྲེལ་བ་དང་། གཟུགས་མེད་པར་སྐྱེས་པ་ལའང་གཟུགས་ཀྱི་ས་བོན་རྗེས་སུ་འབྲེལ་བ་དང་། མངོན་པར་རྟོ༷གས་པ་རྣམས་ཀྱིས་དམིགས་པར་རབ་ཏུ་རྟོག་པ་དང་། ཕུང་པོ་ལྔ་ལས་གཟུགས་གནོད་པར་བྱ་བ་ཡིན་པ་དང་། བསྟན་པས་གཞན་ལ་གོ་བར་བྱེད་པ་དང་། རྡུལ་ཕྲན་བསགས་པ་རྣམ་པར་བཞག་པ་དང་། འདོད་པ་ན་སྤྱོད་པས་ཕྱི་རོལ་དུ་འདོད་ཡོན་ལ་དམིགས་ནས་སྲེད་པས་བལྟས་པ་དང་། གཟུགས་ཁམས་པས་ནང་དུ་བལྟས་པ་དང་། འདོད་སྤྱོད་པའི་གཟུགས་དེ། ཕྱིར་བལྟས་ཀྱི་འདོད་ཡོན་ལ་སྲེད་པས་རྒྱུ། གཟུགས་མེད་ཀྱི་གཟུགས་དེ་སྙོམ་འཇུག་གི་སེམས་པ་སྲེད་པ་ལས་བྱུང་བའི་ཕྱིར། དེའི་ཕྱིར་གཟུགས་འདི་ཡིད་ལས་བྱུང་བར་རིག་པར་བྱའོ། །སོ་སྐྱེའི་གཟུགས་ཀྱི་སྔོན་དང་ཕྱི་མཐའ་མུ་མེད་པའི་རྒྱུན་རིང་བ་དང་། སློབ་པའི་གཟུགས་འཁོར་བའི་མཐར་ཕྱིན་པར་བྱེད་པས། དུས་ཡོངས་སུ་ཆད་པ། དེའི་མི་སློབ་པའི་ད་ལྟར་པའི་སྲིད་པ་གཅིག་པུས་དུས་དང་། སངས་རྒྱས་ལ་སོགས་པའི་གཟུགས་ནི་ཀུན་དུ་སྟོན་པ་ཙམ་དུ་ཟད་ཀྱི་དེ་ལྟར་གྲུབ་པ་མེད་པ་ངེས་པར་བསྟན་པའི་ཕྱིར་ཡང་གཟུགས་ཅན་དུ་བལྟའོ། །ཐམས་ཅད་ཀྱང་གནོད་པར་བྱ་བའི་གཟུགས་ཅན་དག་གོ། ཡང་ན་


MR12_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མ་རྣམས་ཅི་རིགས་སུ་སྦྱར་རོ། །ཕྱི་རོལ་བལྟས་སོགས་དྲུག་ཚོར་སོགས་དང་ཐུན་མོང་ངོ་། །བདག་ལ་གཟུགས་ཅན་དུ་མངོན་ཞེན་སྤང་བའི་ཕྱིར་རོ། །ཇི་ལྟར་ན་གཟུགས་ཅན་མ་ཡིན། གཟུགས་ཅན་མིན་པ་དུ། ཅིའི་ཕྱིར་གཟུགས་ཅན་མིན་པར་བརྟགས་ཞེ་ན། གཟུགས་ཅན་ལས་བཟློག་པ་ནི་གཟུགས་ཅན་མིན་པའོ། །ཐམས་ཅད་ཀྱང་གཟུགས་ཅན་མིན་པ་ཐམས་ཅད་ནི་གཟུགས་ཅན་མ་ཡིན་པའང་གཟུགས་དང་འབྲེལ་བའི་ཕྱིར་རོ་དག་གོ། ཡང་ན་ཅི་རིགས་སུ་སྦྱོར། བདག་ལ་གཟུགས་ཅན་མིན་པར་མངོན་ཞེན་སྤང་བའི་ཕྱིར་རོ། །ཇི་ལྟར་བསྟན་ཡོད་ཡིན་སོགས་གསུམ་གོང་བཞིན། མིག་གི་ཡུལ་ནི་བསྟན་དུ་ཡོད་པའོ། །ལྷག་མའི་རབ་ཏུ་དབྱེ་བ་ནི་གཟུགས་ཅན་བཞིན་ནོ། །བསྟན་ཡོད་དང་འབྲེལ་བ་སོགས་པས་གཟུགས་ཅན་མ་ཡིན་པ་རྣམས་ཀྱང་བསྟན་དུ་ཡོད་པར་བརྟག་གོ། ཐམས་ཅད་དུ་བསྟན་དུ་ཡོད་པ་དག་གོ། ཡང་ན་ཅི་རིགས་སུ་སྦྱར་རོ། །བདག་མིག་གི་ཡུལ་དུ་མངོན་ཞེན་སྤང་བའི་ཕྱིར་རོ། །ཇི་ལྟར་བསྟན་དུ་མེད་པ་ཡིན་སོགས། བསྟན་ཡོད་ལས་བཟློག་པ་བསྟན་མེད་དོ། །ཐམས་ཅད་ཀྱང་བསྟན་མེད་དག་གོ། ཡང་ན་ཅི་རིགས་སུ་སྦྱར་རོ། །བདག་མིག་གི་ཡུལ་མ་ཡིན་པར་མངོན་ཞེན་སྤང་ཕྱིར་རོ། །ཇི་ལྟར་ཐོགས་བཅས་ཡིན་སོགས། །བསྟན་དུ་ཡོད་པ་ཐོགས་བཅས་སོ། །ཡང་རྣམ་པ་གསུམ་གྱིས་ཐོགས་བཅས་སུ་བལྟ་སྟེ། རིགས་དང་། ཉེ་བར་བསགས་པ་དང་། ཡོངས་སུ་སྦྱར་བ་མ་བྱས་པས་ཀྱང་ངོ་། །དེ་ལ་རིགས་ནི་ཕན་ཚུན་དུ་སྒྲིབ་བྱེད་དུ་གྱུར་པས་སོགས་ལྟ་བུ་དང་། བསྒྲིབ་


MR12_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ་སྟེ་འོད་ནི་སྒྲིབ་བྱ་ཡིན་ཀྱང་སྒྲིབ་བྱེད་མིན་ཞེས་འགྲེ༷ལ་བས་བཤད་དོ། །ཉེར་བསགས་ནི། རྡུལ་ཕྲ་རབ་ལས་གོང་བུར་གྱུར་པས་སོ། །ཕྲ་རབ་གཅིག་ནི་ཐོགས་མེད་དོ། །ཡོངས་སུ་སྦྱང་བ་མ་བྱས་པ་ནི། ཏིང་འཛིན་གྱི་དབང་གིས་མ་བསྒྱུར་བའི་གཟུགས་སོ། །ཏིང་འཛིན་གྱིས་དབང་བསྒྱུར་བ་ནི་ཐོགས་པ་མེད་དེ། ལྷ་སེམས་མཉམ་པ་བཞིན་ནོ། །ཡང་སེམས་ཆགས་སྡང་གིས་རབ་ཏུ་འཁྲུགས་པའི་གཞིའི་གནས་ཡིན་པས་ཐོགས་པ་དང་བཅས་པའོ། །འདིའི་དབང་དུ་རྡུལ་ཡང་ཐོགས་བཅས་སོ། །དེའི་དབང་དུ་ན་ཐམས་ཅད་ཀྱང་ཐོགས་པ་དང་བཅས་པ་དག་གོ། ཡང་ན་ཅི་རིགས་སུ་སྦྱར་རོ། །བདག་ཐམས་ཅད་དུ་སོང་བ་མིན་པར་མངོན་ཞེན་སྤང་བའི་ཕྱིར་རོ། །ཇི་ལྟར་ཐོགས་པ་མེད་པ་ཡིན་སོགས། །ཐོགས་བཅས་ལས་བཟློག་པ་ཐོགས་མེད་དོ། །ཐམས་ཅད་ཀྱང་ཐོགས་མེད་དམ། ཡང་ན་ཅི་རིགས། བདག་ཐམས་ཅད་དུ་སོང་བར་མངོན་ཞེན་སྤང་ཕྱིར་རོ། །ཇི་ལྟར་ཟག་བཅས x ཟག་པ་དེའི་བདག་ཉིད་དང་། ཟག་པ་དང་འབྲེལ་བ་དང་། ཟག་པས་བཅིངས་པ་དང་། ཟག་པའི་རྗེས་སུ་འབྲེལ་བ་དང་། ཟག་པའི་རྗེས་སུ་མཐུན་པ་དང་། དགྲ་བཅོམ་ལྷག་བཅས་རྣམས་ཀྱི་ཕུང་པོ་ཡང་སྔ་མའི་ཟག་པའི་རྒྱུ་ལས་བྱུང་བའི་ཕྱིར་ཟག་དང་བཅས་པར་ལྟའོ། །ཉེར་ལེན་ཕུང་ལྔ། ཁམས་བཅོ་ལྔ། སྐྱེ་མཆེད་བཅུ། ཁམས་ཐ་མ་གསུམ་དང་། སྐྱེ་མཆེད་ཐ་མ་གཉིས་ཀྱི་ཕྱོགས་གཅིག་ནི་ཟག་བཅས་རྣམས་སོ། །ཕུང་ལྔའི་ཕྱོགས་གཅིག་ཡང་དག་པའི་ལམ་དངོས་དང་རྗེས་ཐོབ་ཀྱིས་བསྡུས་པ་རྣམས་ཟག་མེད་དོ། །དེ་ལས་གཞན་ཟག་བཅས་འདུས་མ་བྱས་ཟག་མེད་


MR12_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །བདག་ཟག་དང་བཅས་པར་མངོན་ཞེན་སྤང་བའི་ཕྱིར་རོ། །ཇི་ལྟར་ཟག་མེད་སོགསx ཟག་བཅས་ལས་བཟློག་ཟག་མེད་དེ། ཉེར་ལེན་ཕུང་ལྔ། ཁམས་ཐ་མ་གསུམ། སྐྱེ་མཆེད་གཉིས་ཀྱི་ཕྱོགས་སོ། །བདག་ཟག་པ་དང་བྲལ་བར་མངོནx ཇི་ལྟར་འཐབ་དང་བཅས་ཡིན་སོགས x ཆགས་སྡང་གཏི་མུག་གི་ངོ་བོ་ལ་བརྟེན་ནས། མཚོན་ལེན་པ། ཆད་པས་གཅོད། འཐབ་རྩོད། མཚང་འབྲུ། ངག་གིས་རྩོད། ལུས་ཀྱིས་འགྱེད་རྣམས་འབྱུང་བ་དེའི་བདག་ཉིད་དང་། དེ་འབྲེལ། དེ་བཅིངས། དེ་མཐུན། དེ་བྱུང་རྣམས་འཐབ་བཅས་སོ། །ཟག་བཅས་ཇི་སྙེད་པར་འཐབ་བཅས་ཀྱང་དེ་སྙེད་དོ། །བདག་འཐབ་པ་དང་ལྡན་པར་མངོན་ཞེན་སྤང་ཕྱིར་རོ། །ཇི་ལྟར་འཐབ་པ་མེད་པ་ཡིན་སོགས། འཐབ་བཅས་ལས་བཟློག །འཐབ་མེད་དེ། ཟག་མེད་ཇི་སྙེད་པར་འཐབ་མེད་དེ་སྙེད་དོ། །བདག་འཐབ་བྲལ་དུ་མངོན་ཞེན་སྤང་ x ཇི་ལྟར་ཟང་ཟིང་བཅས་པ་ཡིན་སོགས། ཆགས་སྡང་གཏི་མུག་ལ་བརྟེན། སྡང་བས་ནི་རྣམ་བྱང་གི་ཆོས་ལ་ཞེ་སྡང་བས་སྲིད་པ་ལྷག་པར་ཆགས་པའམ་ཡང་སྲིད་པའི་ལུས་ལ་ལྷག་པར་ཆགས་པ་དང་། དེ་འབྲེལ། དེ་བཅིངས། དེའི་རྗེས་སུ་འབྲེལ་བ་དང་། དེའི་རྗེས་མཐུན། དེའི་རྒྱུས་བྱུང་ཟང་ཟིང་བཅས་སོ། །འཐབ་བཅས་ཇི་སྙེད་ཟང་ཟིང་དེ་སྙེད། བདག་ཟང་ཟིང་ལྡན་པརx ཟང་ཟིང་མེད་པ་དེ་བཟློག་སོགས་གོང་འདྲ། ཇི་ལྟར་ཞེན་པ་རྟེན་པ་ཡིན་སོགས། ཆགས་སྡང་གཏི་མུག་གི་ངོ་བོ་ལ་བརྟེན། འདོད་ཡོན་ལྔ་རྣམས་ལ། ལྷག་པར་ཆགས་པ། འདོད་ཡོན་ལྔ་ལ་ལྷག་པར་ཆགས་པའི་རྒྱུ་ཡིན་པས་ཞེན་པའོ། །


MR12_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་སྡང་གིས་མངོན་འབྱུང་ལ་ཞེ་སྡང་ལྷག་པར་ཆགས་པས་སོ། །དེའི་བདག་གི་སོགས་དྲུག་དང་། ཟང་ཟིང་དུག་བཅས་ཇི་སྙེད་ཞིག་རྟེན། བདག་ཞེན་པ་དང་ལྡན་པརx ཇི་ལྟར་མངོན་པར་འབྱུང་བ་རྟེན་པ་ཡིན་སོགས། ཞེན་རྟེན་བཟློག །མངོན་འབྱུང་བརྟེན་པའོ། །ཟང་ཟིང་དུག་མེད། ཇི་སྙེད་མངོན་འབྱུང་དེ་སྙེད། བདག་མངོན་འབྱུང་རྟེན་པར x ཇི་ལྟར་འདུས་བྱས་ཡིན་སོགས། གང་ལ་སྐྱེ་འཇིག་གནས་དང་གཞན་དུ་འགྱུར་པར་སྣང་བ་དེ་འདུས་བྱས། ཆོས་ཁམས་དང་སྐྱེ་མཆེད་ཀྱི་ཕྱོགས་གཅིག་འདུས་མ་བྱས་མ་གཏོགས་ཐམས་ཅད་འདུས་བྱས་སོ། །བདག་མི་རྟག་པར་མངོན་ཞེན x ཇི་ལྟར་འདུས་མ་བྱས x འདུས་བྱས་ལས་བཟློག །ཆོས་ཁམས་དང་སྐྱེ་མཆེད་ཀྱི་ཕྱོགས་གཅིག་གོ་སྟེ་འདུས་མ་བྱས་སོ། །བདག་རྟག་པ་མངོན་ཞེནx ཉེར་ལེན་ཕུང་པོ་མ་ཡིན་པ་རྣམས་འདུས་བྱས་སམ་འདུས་མ་བྱས་གང་ཡིན་ཞེ་ན། དེ་གཉིས་ཀ་མ་ཡིན་ཏེ། ལས་ཉོན་གྱིས་འདུས་མ་བྱས་པས་འདུས་བྱས་མིན་ལ། འདོད་པ་བཞིན་དུ་བྱེད་པས་མངོན་དུ་ཕྱོགས་པ་དང་། དེ་སྤོང་འདོད་ཀྱིས་སམ་རྒྱབ་ཀྱིས་ལྟ་བའི་དངོས་པོ་ཉིད་ཕྱིར། འདུས་མ་བྱས་ཀྱང་མ་ཡིན་ནོ། །དེ་ལྟར་ན་བཅོམ་ལྡན་འདས་ཀྱིས་འདུས་བྱས་འདུས་མ་བྱས་འདུས་མ་བྱས་འདི་ནི་གཉིས་སོ་ཞེས་ཕུང་གསུམ་མེད་པར་གསུངས་པ་ཇི་ཞེ་ན། འདུས་བྱས་སུ་གྱུར་པའི་དོན་དེས་འདུས་མ་བྱས་མ་ཡིན། འདུས་མ་བྱས་སུ་གྱུར་པའི་དོན་དེས་འདུས་བྱས་མིན་སྟེ། ཚུལ་འདི་དེ་ལྟར་བལྟའོ། །ཇི་ལྟར་ན་འཇིག་རྟེན་པ་ཡིན་སོགས། ཁམས་གསུམ་པར་


MR12_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་པ་དང་། འཇིག་རྟེན་འདས་པའི་རྗེས་ལ་ཐོབ་པ་ཁམས་གསུམ་པར་གཏོགས་པའི་རྣམ་པ་དེ་ལྟར་སྣང་བ་ཡང་འཇིག་རྟེན་པའོ། །ཕུང་པོ་རྣམས་ཀྱི་ཕྱོགས་གཅིག་ལམ་དང་རྗེས་ཐོབ་འཇིག་རྟེན་འདས་པར་སྣང་བ་མ་གཏོགས་པའི་དང་། ཁམས་བཅོ་ལྔ་དང་སྐྱེ་མཆེད་བཅུ་དང་། ཁམས་ཐ་མ་གསུམ་དང་སྐྱེ་མཆེད་གཉིས་ཀྱི་ཕྱོགས་སོ། །བདག་ལ་འཇིག་རྟེན་དུ་མངོན་ཞེན་སྤང་ཕྱིར་རོ། །ཇི་ལྟར་འཇིག་འདས་སོགས། དེ་བཞིན་ཉིད་དང་ཁམས་གསུམ་གྱི་གཉེན་པོ་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི། འཇིག་རྟེན་འདས་པ་སྟེ། ཉན་རང་གིས་ཕྱིན་ཅི་ལོག་གི་དང་བྱང་སེམས་ཀྱིས་སྤྲོས་པའི་རྣམ་པར་མི་རྟོག་པའི་ཕྱིར་རོ། །འདུས་མ་བྱས་ནི་རྟོགས་པ་ཐམས་ཅད་པའི་གཞིའི་གནས་མ་ཡིན་པས་རྣམ་པར་མི་རྟོག་པའོ་གསུངས། ཡང་རྣམ་གྲངས་སུ་ན། འཇིག་རྟེན་འདས་པའི་རྗེས་ཐོབ་གཉིས་ཀྱང་འཇིག་རྟེན་ལས་འདས་པ་ཡིན་ཏེ། འཇིག་འདས་ལ་བརྟེན་པའི་ཕྱིར་རོ། །ཕུང་པོ་རྣམས་དང་། ཁམས་གསུམ་དང་། སྐྱེ་མཆེད་གཉིས་ཀྱི་ཕྱོགས་གཅིག་ལམ་དང་རྗེས་ཐོབ་དག་གོ། བདག་དག་པ་འབའ་ཞིག་ཏུ་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་བྱུང་བ་ཡིན་སོགས། འདས་པ་དང་། ད་ལྟར་བྱུང་བ་ནི་བྱུང་བ་སྟེ། ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཀྱི་ཕྱོགས་གཅིག་གོ །བདག་ཐེར་ཟུག་མ་ཡིན་པར་མངོན་ཞེན་སྤང་ཕྱིར་རོ། །ཡང་བྱུང་བ་ནི་ཉེར་བཞི་སྟེ། དང་པོ་བྱུང་བ་ཉིད་མཚམས་སྦྱོར་བའི་དུས་ན་དང་། དེ་ཕན་ཆད་རྒྱུན་གྱིས་བྱུང་བ་དང་། རྒྱས་པ་ལས་བྱུང x གཉིད་ཟས་ཚངས་སྤྱོད་སྙོམས་འཇུག་ཏེ་རྒྱས་


MR12_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྒྱུ་བཞི་ལས་བྱུང་བ། རྟེན་བྱུང x ནང་གི་དབང་པོ། འགྱུར་པར x བདེ་སོགས་ཚོར་བ་བྱུང་ན་དེ་དང་མཐུན་པར་དབང་པོར་འགྱུར། ཡོངས་སུ་སྨིན་པར x རྒས་པའི་སྐབས x ཉམས་པར x བདེ་འགྲོ་ནས་ངན་འགྲོར་སྐྱེ་བ། ཁྱད་པར་དུ་དེ་ལས་བཟློག་པ། འོད་གསལ་བར x རྩེ་བས་རབ་ཏུ་སླུ་བ་རྣམས་དང་། ལྷ་ཡིད་རབ་ཏུ་སུན་འབྱིན་པ་དང་། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད། གཟུགས་གཟུགས་མེད་ན་སྤྱོད་པའི་ལྷ་རྣམས་དགའ་བ་ལོངས་སྤྱོད་ལྡན། འོད་གསལ་མ་ཡིན་པར x སྔ་མ་ལས་བཟློག་པའོ། །ཀུན་ཏུ་འགྲོ་བས x འགྲོ་བའི་གནས་སྐབས་ནའོ། །རང་སྐྱེ་བའི་ས་བོན་བཅས་པར x དགྲ་བཅོམ་པའི་ཐ་མའི་ཕུང་པོ་མ་གཏོགས་པ། ས་བོན་མ་ཡིན་པར་བྱུང་བ། ཕུང་པོ་ཐ་མ་རྣམས་དང་། གཟུགས་བརྙན་ཤེས་བྱའི་དངོས་པོ་དང་མཐུན་པ་དང་། དབང་འབྱོར་པ་རྣམ་པར་ཐར་པ་ལས་གྱུར་བ་དང་། ངེས་པར་བསྟན་པའི་ཕྱིར་བྱུང་བ་དེ་བཞིན་གཤེགས་པ་གཟུགས་རྣམས་དང་། ཚེ་རབས་གཅིག་ནས་གཅིག་ཏུ་བརྒྱུད་དེ་བྱུང་བ་དང་། སྐད་ཅིག་ཞིག་ནས་བྱུང་བ་འདུ་བྱེད་སྐད་ཅིག་སོ་སོ་དང་། ཕྲད་པ་བྲལ་ནས་བྱུང་བ་སྡུག་མི་སྡུག་སོགས་ཕྲད་དང་བྲལ། ཆགས་བཅས་ཆགས་བྲལ་གྱི་དུས་དང་། གནས་སྐབས་གཞན་དུ་བྱུང་བ་མེར་མེར་སོགས་དང་ནད་སོགས་ཀྱི་དང་། འཆི་འཕོ་བ་དང་སྐྱེ་བས་བྱུང་བ་སེམས་ཅན་གྱི་འཇིག་རྟེན་དང་། འཇིག་པ་དང་ཆགས་པས x སྣོད་ཀྱི་འཇིག་རྟེན། སྔོན་གྱི་དུས་ན་བྱུང་བ་སྔོན་དུས་ཀྱི་སྲིད་པ་དང་། འཆི་བའི་དུས་ན x འཆི་སྲིད། བར་དུ་བྱུང་བ་བར་སྲིད་དང་། ཉིང་མཚམས་སྦྱོར་བའི་དུས་ན་བྱུང་


MR12_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྐྱེ་བའི་སྲིད་པའོ། །ཇི་ལྟར་ན་མ་བྱུང་བ་ཡིན་སོགས། མ་འོངས་པ་དང་འདུས་མ་བྱས་ནི་མ་བྱུང་བའོ། །ཐམས་ཅད་ཀྱི་ཕྱོགས་གཅིག་གོ། བདག་ཐེར་ཟུག་ཏུ་མངོན་ཞེན། ཡང་བྱུང་བ་ལས་བཟློག་པ་ནི་མ་བྱུང་བའོ། །ཇི་ལྟར་ན་འཛིན་པ་ཡིན་སོགས། དབང་པོ་གཟུགས་ཅན་དང་། སེམས་དང་སེམས་བྱུང་གི་ཆོས་རྣམས་འཛིན་པར་བལྟ་སྟེ། ཕུང་པོ་གསུམ་དང་། གཟུགས་དང་། འདུ་བྱེད་ཀྱི་ཕུང་པོའི་ཕྱོགས་གཅིག་དང་། ཁམས་བཅུ་གཉིས་དང་།སྐྱེ་མཆེད་དྲུག་དང་། ཆོས་ཁམས་དང་། ཆོས་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་གཅིག་གོ། བདག་ཟ་བ་པོར་མངོན་ཞེན x ཡང་མ་ཕྲད་པ་མིག་རྣ་ཡིད་གསུམ་དང་། དེ་ལས་གཞན་ཕྲད་ནས་འཛིན་པ་དང་། ད་ལྟར་གྱི་རང་གི་མཚན་ཉིད་སོ་སོར་འཛིན་པ་དབང་ལྔ་དང་། དབང་པོ་དྲུག་ལས་བྱུང་བའི་ཡིད་ཀྱིས་རང་སྤྱིའི་མཚན་ཉིད་དུས་ཐམས་ཅད་པའི་ཡུལ་ཐམས་ཅད་འཛིན་པ་ཡང་འཛིན་པར་བལྟའོ། །ཚོགས་ནས་རྣམ་པར་ཤེས་པ་འབྱུང་བའི་ཕྱིར་བཏགས་པ་ཅན་ཡང་འཛིན་པར་སྨྲའོ་ཞེས་བལྟ་བར་བྱའོ། །ཞེས་རྐྱེན་ཚོགས་ནས་རྣམ་པར་ཤེས་པ་འབྱུང་བའི་དབང་དུ་བྱས་ཏེ། བརྟགས་ནས་འཛིན་པ་ཉེ་བར་འདོགས་པར་རིག་པར་བྱའོ། །ཡང་དག་པའི་དོན་དུ་ན་ཆོས་རྣམས་བྱེད་པ་མེད་པའི་ཕྱིར། འཛིན་པའང་མེད་དོ། །ཇི་ལྟར་ན་གཟུང་བ་ཡིན་སོགས། མིག་ལ་སོགས་འཛིན་པ་གང་ཡིན་པ་དེ། ཡིད་ཤེས་ཀྱིས་གཟུང་བ་ཡང་ཡིན་ནོ། །གཟུང་བ་ཡིན་ལ་འཛིན་པ་མ་ཡིན་པ་ཡང་ཡོད་དེ། འཛིན་པའི་སྤྱོད་ཡུལ་ཉིད་ཀྱི་ཞེས་སེམས་སེམས་བྱུང་བསལ་བའི་


MR12_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཏོ། །ཐམས་ཅད་ཀྱང་གཟུང་བ་ཉིད་དོ། །བདག་ལ་ཡུལ་དུ་མངོན་ཞེན x ཇི་ལྟར་ཕྱི་རོལ་དུ་བལྟས་པ་ཡིན་སོགས། སངས་རྒྱས་ཀྱི་བསྟན་པ་ལ་ཐོས་བྱུང་དང་། བསམ་པ་ལས་བྱུང་བ་དང་། དེའི་རྗེས་སུ་མཐུན་པའི་ཆོས་བསྒྲུབ་པས་ཡོངས་སུ་བསྡུས་པའི་སེམས་དང་སེམས་བྱུང་གི་ཆོས་རྣམས་མ་གཏོགས་པར་འདོད་པ་དང་། རབ་ཏུ་ལྡན་པ་ནི་ཕྱི་རོལ་ཏུ་བལྟས་པའོ། །དེ་ལ་མ་གཏོགས་པ་དེ་ནི་ཕྱི་རོལ་དུ་བལྟས་པ་མིན་ཏེ། རྒྱུ་མཐུན་པའི་ཆོས་ལས་བྱུང་ཕྱིར། དེའི་དབང་གིས་མྱང་འདས་སོགས་ལ་དམིགས་པར་བལྟའོ། །སྣ་ལྕེ་དྲི་རོའི་ཁམས་བཞི་དང་། དྲི་རོའི་སྐྱེ་མཆེད་གཉིས་དང་། དེ་ལས་གཞན་པ་འདོད་ཁམས་སུ་བསྡུས་པ་དག་གི་ཕྱོགས་གཅིག་གོ། བདག་འདོད་ཆགས་དང་བྲལ་བ་མ་ཡིན་པར་མངོན་ཞེན x ཇི་ལྟར་ན་ནང་དུ་བལྟས་པ་ཡིན་སོགས། ཕྱི་རོལ་དུ་བལྟས་པ་ལས་བཟློག་པ་ནི་ནང་དུ་བལྟས་པ་སྟེ། ཁམས་བཞི་དང་། སྐྱེ་མཆེད་གཉིས་མ་གཏོགས་པ་དེ་ལས་གཞན་པ་དག་གི་ཕྱོགས་གཅིག་གོ། བདག་འདོད་ཆགས་དང་བྲལ་བར་མངོན་ཞེན x ཇི་ལྟར་ཉོན་མོངས་ཅན་ཡིན་སོགས། མི་དགེ་བ་དང་། བསྒྲིབས་པས་ལུང་དུ་མ་བསྟན་པ་ནི་ཉོན་མོངས་པ་ཅན་ནོ། །བསྒྲིབས་ལུང་མ་བསྟན་ནི། ས་ཐམས་ཅད་དུ་ཀུན་ཏུ་འགྲོ་བའི་ཡིད་དང་མཚུངས་པར་ལྡན་པའི་ལྷན་ཅིག་སྐྱེས་པའི་འཇིག་ཚོགས་ལྟ་བ་དང་། དེ་ལ་རྟེན་པའི་མཐར་ལྟ་དང་། གཟུགས་དང་གཟུགས་མེད་པ་དང་མཚུངས་པར་ལྡན་པའོ། །ཕུང་པོ་རྣམས་དང་། སེམས་ཁམས་བདུན་དང་། གཟུགས་སྒྲ་ཆོས་ཁམས་ཁམས་བཅུ་དང་། སྐྱེ་


MR12_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད་གཟུགས་སྒྲ་ཡིད་ཆོས་བཞིའི་ཕྱོགས་གཅིག་གོ། བདག་ཉོན་མོངས་ལྡན་པར་མངོན་ཞེན x ཇི་ལྟར་ན་ཉོན་མོངས་ཅན་མ་ཡིན་སོགས། དགེ་བ་དང་མ་བསྒྲིབ་ལ་ལུང་དུ་མ་བསྟན་པ་ནི་ཉོན་མོངས་པ་མ་ཡིན་པའོ། །ཁམས་བརྒྱད་དང་། སྐྱེ་མཆེད་བརྒྱད་དང་། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལྷག་མ་རྣམས་ཀྱི་ཕྱོགས་གཅིག་གོ། བདག་ཉོན་མོངས་པ་དང་བྲལ་བར་མངོན་ཞེན x ཇི་ལྟར་འདས་པ་ཡིན་སོགས། བྱུང་ལ་འགགས་པའི་མཚན་ཉིད་དང་། རྒྱུ་དང་འབྲས་བུ་སྤྱད་ཟིན་པ་དང་། ད་ལྟ་བ་བཞིན་དུ་ཀུན་ཉོན་དང་རྣམ་པར་བྱང་བར་བྱེད་པ་ལས། ཡང་དག་པར་ཤིན་ཏུ་འདས་པ་དེ་གཉིས་བྱེད་པའི་མཐུ་མེད་པ་དང་། རྒྱུ་ཡོངས་སུ་བཟུང་ནས་སྔར་བག་ཆགས་བཞག་ནས་ད་ལྟ་ཞིག་པ་དང་། དེའི་འབྲས་བུ་ད་ལྟར་གྱི་དུས་ན་རང་གི་མཚན་ཉིད་དེས་བསྐྱེད་པའི་བག་ཆགས་ཡོད་པ་དང་། དེ་འཇོག་བྱེད་ཀྱི་རྫས་མེད་པ་དང་། སྔར་འདས་དྲན་པའི་ཀུན་ཏུ་དམིགས་སེམས་རྟོག་པའི་མཚན་མ་ཙམ་དུ་གྱུར་པ་དང་། ད་ལྟ་ལ་ལྟོས་པས་འདས་བཏགས་ལ་ཀུན་ནས་ཉོན་མོངས་པ་བདག་འདས་དུས་སུ་བྱུང་ངམ་ཞེས་པ་ལྟ་བུའི་མཚན་མ་དང་། དེ་མེད་པར་བཏང་སྙོམས་ཀྱིས་རྣམ་པར་བྱང་བའི་མཚན་མ་ཡིན་པས་ཀྱང་འདས་པར་བལྟ་བར་བྱའོ། །ཐམས་ཅད་ཀྱི་ཕྱོགས་ད་ལྟ་མ་འོངས་འདུས་མ་བྱས་མ་གཏོགས་གཅིག་གོ། བདག་ཞུགས་པར་བྱས་པ་མངོན་ཞེན x ཇི་ལྟར་ན་མ་འོངས་པ་ཡིན་སོགས། སྤྱིར་རྒྱུ་ཡོད་ཀྱང་ད་ལྟར་འབྲས་བུ་དེ་ཉིད་མ་བྱུང་བ་དང་། རང་གི་མཚན་ཉིད་སྐྱེས་མ་ཟིན་པས་མ་ཐོབ་པ་


MR12_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

དང་། རྒྱུ་དང་འབྲས་བུ་གཉིས་ཀ་མ་སྤྱད་པ་དང་། ཀུན་ཉོན་དང་རྣམ་བྱང་གི་དངོས་པོར་ཉེ་བར་མི་གནས་པ་དང་། རྒྱུད་༡ དང་རང་གི་མཚན་༢ ཉིད་ཡོད་༡ པ་དང་། ད་ལྟར་མེད་པ་༢ དང་། མ་འོངས་པའི་སྲིད་པར་དམིགས་ནས་མངོན་པར་དགའ་བས་ཆ་ནས་ཀུན་ནས་ཉོན་མོངས་པའི་མཚན་མ་དང་། མངོན་པར་དགའ་བ་མེད་པས་རྣམ་པར་བྱང་བའི་མཚན་མ་ཡིན་པས་ཀྱང་མ་འོངས་པར་བལྟའོ། །འདས་ད་ལྟ་འདུས་མ་བྱས་མ་གཏོགས་ཁམས་ཐམས་ཅད་ཀྱི་ཕྱོགས་གཅིག་གོ། བདག་འཇུག་པར་བྱ་བར་མངོན་ཞེན x ཇི་ལྟར་ན་ད་ལྟར་བྱུ ང་བ་ཡིན་སོགས། བྱུང་ལ་མ་འགགས་པའི་མ ཚན་ཉིད་དང་། རྒྱུ་༡ དང་འབྲས་༢ སྤྱད་ཟིན་༡ པ་དང་། སྤྱད་མ་༢ ཟིན། ཀུན་ཉོན་དང་། རྣམ་པར་བྱང་བ་ཡི་རྐྱེན་དུ་ཉེ་བར་གནས་པ་དང་། ད་ལྟ་དེར་ལྟོས་ནས་འདས་པ་དང་མ་འོངས་པར་རབ་ཏུ་བཞག་པའི་རྒྱུ་དང་། མིག་སོགས་རྣམ་ཤེས་ཀྱི་གནས་ཀྱི་བྱེད་པ་མ་འགགས་པར་ཉེ་བར་གནས་པས་ཀྱང་ད་ལྟར་བྱུང་བར་བལྟའོ། །འདས་མ་འོངས་འདུས་མ་བྱས་མ་གཏོགས་ཐམས་ཅད་ཀྱི་ཕྱོགས་གཅིག་གོ། བདག་འཇུག་པར་བྱེད་པར་མངོན་ཞེན x འདས་མ་འོངས་ད་ལྟར་བྱུང་བ་ནི་གཏམ་གྱི་གཞིའོ། །མྱ་ངན་ལས་འདས་པ་ནི་རང་མཚན་ནི་གཏམ་གྱི་གཞི་མ་ཡིན་ཏེ། སོ་སོ་རང་གིས་རིག་བྱ་བ་དང་། བརྗོད་དུ་མེད་པ་ཉིད་དང་། བྱུང་བ་དང་། འབྱུང་བ། ད་ལྟར་གྱི་མཐོང་སོགས་ཀྱི་ཐ་སྙད་ཀྱི་གནས་མ་ཡིན་པའི་ཕྱིར་རོ། །སྤྱི་མཚན་གྱི་སྒོ་ནས་གཏམ་གྱི་གཞི་ཡིན་ཏེ། མྱང་འདས་ཀྱི་རྒྱུ་འབྲས་ངོ་བོ་བསྟན་ངོ་བོ་བསྟན་པ་ཐམས་ཅད་དོ། །ཇི་ལྟར་ན་དགེ་བ་ཡིན་སོགས། ངོ་བོ་


MR12_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དང་། འབྲེལ་བ་དང་སོགས། བཅུ་གསུམ་པོ་མཁས་འཇུག་ལྟར་རོ། །དགེ་བ་ནི། ཕུང་པོ་རྣམས་དང་། ཁམས་བཅུ་དང་། སྐྱེ་མཆེད་བཞིའི་ཕྱོགས་སོ། །བདག་ཆོས་དང་ལྡན་པར་མངོན་ཞེན x ཇི་ལྟར་ན་མི་དགེ་བ་ཡིན་སོགས། ༡༢ འདུས། ཕུང་པོ་རྣམས་དང་། ཁམས་བཅུ་དང་། སྐྱེ་མཆེད་བཞིའི་ཕྱོགས་སོ། །བདག་ཆོས་མིན་དང་ལྡན་པར་མངོན་ཞེན x ཇི་ལྟར་ལུང་དུ་མ་བསྟན་པ་ཡིན་སོགས། ༡༤ མིག་རྣ་སྣ་ལྕེ་ལུས་དྲི་རོ་རེག་བྱའི་ཁམས་བརྒྱད་དང་། སྐྱེ་མཆེད་བརྒྱད་སྔ་མ་ལྟར་དང་། ཕུང་ཁམས་སྐྱེ་མཆེད་ལྷག་མ་རྣམས་ཀྱི་ཕྱོགས་གཅིག་གོ། བདག་ལ་ཆོས་དང་ཆོས་མིན་དང་བྲལ་བར་མངོན་ཞེན x ཡང་བསྟན་པས་ཀྱང་དགེ་བ་ཕན་གདགས་པར་སྣང་བ་དང་། མི་དགེ་བ་གནོད་པར་སྟོན་པས་མི་དགེ་བ་ཟློག་པ་དང་། ལུང་དུ་མ་བསྟན་པར་ཕལ་པའང་བལྟ་སྟེ། དེ་ཡང་གང་ཞེ་ན། གང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་དམ་པའི་ཕ་རོལ་དུ་སོན་པ་རྣམས་ཀྱིས་སེམས་ཅན་ལ་ཕན་གདགས་པའི་ཕྱིར་སྤྲུལ་པ་ཀུན་ཏུ་སྟོན་པ་སྟེ། དེ་ན་དེ་དག་སྣང་བ་དེ་བཞིན་དུ་ཡོངས་སུ་གྲུབ་པ་ནི་གང་ཡང་མེད་དོ། །ཇི་ལྟར་ན་འདོད་པ་ཁོ་ན་དང་རབ་ཏུ་ལྡན་པ་ཡིན་སོགས། འདོད་ཆགས་དང་མ་བྲལ་བའི་དགེ་བ་ཟག་པ་དང་བཅས་པ་དང་། ཞེས་འདོད་ཁམས་པ་འདོད་ཆགས་ཕྱོགས་ཙམ་དང་ཡང་མ་བྲལ་བ་ཞེས་སོ། །གཞན་དུ་མི་ལྕོགས་མེད་འདོད་པ་དང་རབ་ཏུ་ལྡན་པར་འགྱུར་རོ། །ཏིང་ངེ་འཛིན་ཐོབ་མ་ཐག་ཏུ་སྤོང་བ་ལ་མངོན་པར་དགའ་བའི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་གནས་ངན་ལེན་སྤང་བའི་


MR12_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། ཆགས་བྲལ་ཉིད་ཀྱི་ཕྱོགས་སུ་ཡོད་པར་རིག་པར་བྱའོ་གསུངས། མི་དགེ་བ་དང་ལུང་དུ་མ་བསྟན་པ་ནི་འདོད་པ་དང་རབ་ཏུ་ལྡན་པར་བལྟ་སྟེ། དྲི་རོ་སྣ་ལྕེའི་ཁམས་བཞི་དང་། དྲི་རོའི་སྐྱེ་མཆེད་གཉིས་དང་། དེ་ལས་གཞན་པའི། ཕུང་པོ་དང་ཁམས་དང་། སྐྱེ་མཆེད་རྣམས་ཀྱི་ཕྱོགས་གཅིག་གོ། བདག་འདོད་པ་ལ་འདོད་ཆགས་མ་བྲལ་བར་མངོན x ཇི་ལྟར་ན་གཟུགས་དང་རབ་ཏུ་ལྡན་པ་ཡིན་སོགས། འདོད་པ་ལ་འདོད་ཆགས་བྲལ་ལ། གཟུགས་ལ་འདོད་ཆགས་མ་བྲལ། དགེ་བ་དང་ལུང་དུ་མ་བསྟན་པའོ། །ཁམས་བཞི་དང་། སྐྱེ་མཆེད་གཉིས་མ་གཏོགས་པར་དེ་ལས་གཞན་པའི་ཕུང་ཁམས་སྐྱེ་མཆེད་རྣམས་ཀྱི་ཕྱོགས་གཅིག་གོ། བདག་འདོད་པ་ལ་འདོད་ཆགས་བྲལ་བར་མངོན་ཞེནxཇི་ལྟར་གཟུགས་མེད་པ་དང་རབ་ཏུ་ལྡན་པ་ཡིན་སོགས། གཟུགས་ལ་འདོད་ཆགས་བྲལ་ལ། གཟུགས་མེད་ལ་འདོད་ཆགས་མ་བྲལ་བའི་དགེ་བ་དང་ལུང་མ་བསྟན་ནོ། །གཟུགས་མ་གཏོགས་པའི་ཕུང་པོ་བཞི་དང་། ཡིད་ཡིད་ཁམས་ཆོས་ཁམས་གསུམ་དང་། སྐྱེ་མཆེད་ཡིད་ཆོས་གཉིས་ཀྱི་ཕྱོགས་སོ། །བདག་གཟུགས་ལ་ཆགས་པ་བྲལ་བར་མངོན་ཞེན x འདོད་ཆགས་དང་བྲལ་བ་ཉིད་ཀྱང་། ཕྱོགས་གཅིག་ལས་འདོད་ཆགས་དང་བྲལ་བ་ཉིད་དང་། མཐའ་དག་ལས་སོགས་སོ། །གཞུང་ལྟར། ཇི་ལྟར་སློབ་པ་ཡིན་སོགས། ཐར་པ་ལ་བརྩོན་པའི་དགེ་བ་ནི་སློབ་པར་བལྟའོ། །ཕུང་པོ་རྣམས་དང་། རྣམ་ཤེས་ཁམས་བདུན་དང་གཟུགས་སྒྲ་ཆོས་ཁམས་བཅུ་དང་། སྐྱེ་མཆེད་གཟུགས་སྒྲ་ཡིད་ཆོས་


MR12_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་ཕྱོགས་སོ། །བདག་གྲོལ་བར་མངོན་ཞེན x ཇི་ལྟར་ན་སློབ་པའང་མ་ཡིན། མི་སློབ་པ་ཡང་མ་ཡིན་སོགས། སོ་སོའི་སྐྱེ་བོའི་དགེ་མི་དགེ་ལུང་མ་བསྟན་ཐར་བ་ལ་བརྩོན་པ་མ་གཏོགས་པ་དང་། སློབ་པའི་ཉོན་མོངས་པ་ཅན་མི་དགེ་བ་དང་། བསྒྲིབ་ལ་ལུང་མ་བསྟན་དང་། མི་སློབ་པའི་མ་སྒྲིབ་ལུང་མ་བསྟན་དང་། འདུས་མ་བྱས་ནི་དེའོ། །ཁམས་བརྒྱད་དང་། སྐྱེ་མཆེད་བརྒྱད་དང་། དེ་ལས་གཞན་པའི། ཕུང་ཁམས་སྐྱེ་མཆེད་རྣམས་ཀྱི་ཕྱོགས་གཅིག་གོ། བདག་གྲོལ་བ་མ་ཡིན་པར་མངོན་ཞེན x ཇི་ལྟར་མཐོང་བས་སྤང་བར་བྱ་བ་ཡིན་སོགས། ཆོས་མིན་ཉན་པ་ལས་བྱུང་བ་ཉོན་མོངས་ཅན་གྱི་ལྟ་བ་ལྔ་བདག་ལྟ་ལྷན་སྐྱེས་དང་། མཐར་ལྟ་མིན་པའི་ཀུན་བཏགས་རྣམས་དང་། ཐེ་ཚོམ་དང་། ལྟ་བའི་གནས་དང་། ཞེས་ལྟ་བ་དང་ལྷན་ཅིག་པའི་ཆོས་རྣམས་དང་དེའི་ས་བོན་གསུངས། ལྟ་བ་ལ་ལོག་པར་ཞུགས་པའི་ཉོན་མོངས་ཉེ་ཉོན་གང་ཡིན་པ་ལྟ་བའི་སྒོ་ནས་ལོག་ཕུང་ཁོང་ཁྲོ་དང་། དེ་ལ་དམིགས་པའི་འདོད་ཆགས་དང་། ལྟ་བས་ཀུན་ནས་བསླང་བ་ནི། ལུང་དང་ངག་གི་ལས་དང་། ངན་སོང་བའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་ནི་མཐོང་བས་སྤང་བར་བྱ་བར་བལྟའོ། །ཐམས་ཅད་ཀྱི་ཕྱོགས་གཅིག་གོ། བདག་མཐོང་བ་ཕུན་སུམ་ཚོགས་པར་མངོན་ཞེན x ཇི་ལྟར་ན་བསྒོམས་པས་སྤང་བར་བྱ་བ་ཡིན་སོགས། མཐོང་ལམ་ཐོབ་དེ་ཡན་ཆད་ཀྱི། མཐོང་སྤང་ལས་བཟློག་པ། ཟག་བཅས་ཀྱི་ཆོས་རྣམས་སོ། །ཐམས་ཅད་ཕྱོགས་


MR12_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གོ། བདག་སྒོམ་པ་ཕུན་སུམ་ཚོགས་པ་མངོན་ཞེན x ཇི་ལྟར་ན་སྤང་བར་བྱ་བ་མ་ཡིན་སོགས། ཟག་པ་མེད་པ་ནི་སྤང་བར་བྱ་བ་མ་ཡིན་པར་བལྟའོ། །ངེས་འབྱེད་ཆ་མཐུན་མ་གཏོགས་པར་ཕུང་པོ་རྣམས་དང་། ཁམས་གསུམ་དང་། སྐྱེ་མཆེད་གཉིས་ཀྱི་ཕྱོགས་སོ། །བདག་གྲུབ་པར་མངོན་ཞེན x ཇི་ལྟར་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་སོགས། མཚན་ཉིད་དང་། ཡན་ལག་རྣམ་པར་དབྱེ་བ་དང་། ཡན་ལག་མདོར་བསྡུ་བ་དང་། ཡན་ལག་རྐྱེན་ཉིད་དུ་རྣམ་པར་དག་པ་དང་།ཡན་ལག་གི་ལས་རྣམ་པར་བཞག་པ་དང་། ཡན་ལག་ཀུན་ནས་ཉོན་མོངས་པར་བསྡུ་བ་དང་། དོན་དང་ཟབ་པ་དང་། རབ་ཏུ་དབྱེ་བ་དང་། ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པས་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བར་བལྟའོ། །ཆོས་ཀྱི་ཁམས་དང་། ཆོས་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་གཅིག་འདུས་མ་བྱས་མ་གཏོགས་པ་ཐམས་ཅད་དོ། །བདག་དང་ཆོས་རྒྱུ་མེད་པ་དང་མི་མཐུན་པའི་རྒྱུ་ལས་བྱུང་བར་མངོན་ཞེན x མཚན་ཉིད་ཀྱིས་ཇི་ལྟ་བུ་ཞེ་ན། གཡོ་བ་མེད་པའི་རྐྱེན་ལས་བྱུང་བ་དང་། མི་རྟག་པའི་རྐྱེན་ལས x ནུས་པའི་རྐྱེན་ལས་བྱུང་བའི་ཕྱིར་རོ། །ཡན་ལག་རྣམ་པར་དབྱེ་བ་ནི། མ་རིག་པ་སོགས་བཅུ་གཉིས་སོ། །ཡན་ལག་མདོར་བསྡུ་བ། འཕེན་པའི་ཡན་ལག འཕངས་པའི x མངོན་པར་འགྲུབ་བྱེད་ཀྱི་ཡན་ལག །མངོན་པར་གྲུབ་པའི་ཡན་ལག་བཞི། མཁས་འཇུག་འདྲ། ཡན་ལག་རྐྱེན་ཉིད་དུ་རྣམ་པར་བཞག་པ་ནི། བག་ཆགས་དང་། ཤུགས་དང་། ཡིད་ལ་བྱེད་པ་དང་། ལྷན་ཅིག་འབྱུང་བས་ཀྱང་། ཡན་ལག་


MR12_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་ཉིད་དུ་རྣམ་པར་བཞག་པ་རིག་པར་བྱ་སྟེ། དེ་ཡང་ཅི་རིགས་སུ་སྦྱར་རོ། །ཡན་ལག་གི་ལས་རྣམ་པར་བཞག་པ་ནི། མ་རིག་པས་སྲིད་པ་ལ་སེམས་ཅན་རྨོངས་པར་བྱེད་ཅིང་། འདུ་བྱེད་རྣམས་ཀྱི་རྐྱེན་ཡང་ཡིན་ནོ། །འདུ་བྱེད་ཀྱི་འགྲོ་བར་སེམས་ཅན་ཀྱང་རྣམ་པར་འབྱེད་པ་དང་། རྣམ་པར་ཤེས་པའི་བག་ཆགས་ཀྱི་རྐྱེན་ཡིན་སོགས། །རྐྱེན་ནི་ཕྱི་ཡི་རྐྱེན་ཡིན་པ་ཀུན་ལ་འདྲ། །རྣམ་ཤེས་རྣམས་ཀྱི་ལས་ཀྱི་འཆིང་བ་འཛིན། མིང་གཟུགས་ཀྱིས་ལུས་ལེན་དུ་འཇུག །སྐྱེ་མཆེད་དྲུག་གིས་ལུས་རྫོགས་པར་ལེན་དུ་འཇུག །རེག་པས་ལུས་ཀྱི་ལོངས་སྤྱོད་ལ་སེམས་ཅན་རྣམས་འཛུད། ཚོར་བས་སེམས་ཅན་རྣམས་ཀྱི་རྣམ་པར་ཤེས་པ་ཉེ་བར་ལེན་པ་དང་བཅས་པར་བྱེད། སྲིད་པས་སེམས་ཅན་རྣམས་ཡང་སྲིད་པར་མངོན་དུ་ཕྱོགས་པར་བྱེད། སྐྱེ་བས། མིང་གཟུགས་ནས། ཚོར་བའི་བར་བཞིས་སེམས་ཅན་རྣམས་མངོན་པར་འགྲུབ་པར་བྱེད། རྒ་ཤིས། སེམས་ཅན་རྣམས་ཡང་ཡང་ན་ཚོད་འགྱུར་ཞིང་། སྲོག་འགྱུར་བར་བྱེད། ཡན་ལག་རྣམས་ཀུན་ནས་ཉོན་མོངས་པར་བསྡུ་བ་ལ། རྣམ་ཤེས་ལས་སུ་བསྡུ་འདུག་གཞན་འདྲ། དོན་གྱིས་ཇི་ལྟ་བུ་ཞེ་ན། བྱེད་པོ་མེད་པའི་དོན་ནི་རྟེན་འབྱུང་གི་དོན་དང་། རྒྱུ་དང་བཅས་པ་ལས་བྱུང་བའི་དོན་དང་།སེམས་ཅན་མེད་པའི x གཞན་གྱི་དབང་གི x གཡོ་བ་མེད་པའི x མི་རྟག་པའི x སྐད་ཅིག་མའི x རྒྱུ་འབྲས་ཀྱི་རྒྱུད་རྒྱུན་མི་འཆད་པའི x རྒྱུ་འབྲས་མཐུན་པའི x རྒྱུ་འབྲས་སྣ་ཚོགས་ཀྱི x རྒྱུ་འབྲས་སོ་སོར་ངེས་པའི་དོན་ནི།


MR12_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཏོ། །ཟབ་པས་ཇི་ལྟ་བུ་ཞེ་ན། རྒྱུས་ཟབ་པ་དང་། མཚན་ཉིད་ཀྱིས x སྐྱེ་བས x འདས་པས x འབྱུང་བས་ཟབ་པས་ཟབ་པར་བལྟའོ། །རྟེན་ཅིང་འབྲེལ་འབྱུང་སྐད་ཅིག་མ་ཡིན་ལ། གནས་པར་ཡང་དམིགས། གཡོ་མེད་ཀྱི་རྐྱེན་ལས་འབྱུང་བ་ཡིན་ལ། ནུས་པའི་རྐྱེན་ལས་འབྱུང་བར་ཡང་དམིགས། སེམས་ཅན་མེད་པ་ཡིན་ལ། སེམས་ཅན་དུ་ཡང་དམིགས། བྱེད་པ་པོ་མེད་ལ། ལས་འབྲས་ཆུད་མི་ཟ་བར་ཡང་དམིགས་ཤིང་། བདག་ལས་མ་ཡིན།གཞན་ལས་མ་ཡིན། གཉིས་ཀ་ལས་མ་ཡིན། རྒྱུ་མེད་ལས་མ་ཡིན། རང་གི་བྱེད་པ་དང་། གཞན་གྱི་བྱེད་པ་དང་། རྒྱུ་མེད་ལས་བྱུང་བ་མིན་པ་དེ་ཕྱིར་ཟབ་བོ། །རབ་ཏུ་དབྱེ་བས་ཇི་ལྟར་ཞེ་ན། རྣམ་པར་ཤེས་པ་འབྱུང་བའི་རབ་ཏུ་དབྱེ་བ་མིག་དང་གཟུགས་ལ་བརྟེན་ནས་མིག་ཤེས་འབྱུང་བ་སོགས་དང་། འཆི་འཕོ་དང་སྐྱེ་བའི x སེམས་ཅན་གྱི་དབང་དུ་བྱས་ཏེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་སོགས། ཕྱིའི་ལོ་ཏོག་འབྱུང་བའི x ས་བོན་ལས་མྱུ་གུ་སོགས་འབྲས་བུའི་བར་རོ། །སྐལ་པ་འཇིག་པ་དང་འཆགས་པའི x ཟས་ཀྱིས་བརྟན་པའི x ཟས་བཞིས་སེམས་ཅན་རྣམས་གནས་པ། ལས་དགེ་མི་དགེས་འདོད་པ་མཐོ་རིས་དང་མི་འདོད་པའི་ངན་སོང་གི་འགྲོ་བ་རྣམ་པར་འབྱེད་པའི x རྣམ་པར་དག་པའི x ཐར་ཆ་ནས་ངེས་འབྱེད་མཐོང་སྒོམ་གྱིས་བྱང་ཆུབ་བར་དུ་དང་། ཐོས་པ་ལ་བརྟེན་ནས་མངོན་ཤེས་སོགས་ཡོན་ཏན་ཁྱད་པར་ཅན་ཐོབ་པ། མཐུ་སྟོབས་ཀྱི་རབ་ཏུ་དབྱེ་བས་ཀྱང་རབ་ཏུ་དབྱེ་བར་བལྟ་བར་བྱའོ། །ལུགས་དང་མཐུན་པ་དང་ལུགས་


MR12_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

དང་མི་མཐུན་པས། ཇི་ལྟ་བུ་ཞེ་ན། ཀུན་ཉོན་གྱི་མ་རིག་འདུ་བྱེད་སོགས་ལུགས་མཐུན། རྒ་ཤི་དང་། རྒ་ཤི་ཀུན་འབྱུང་། རྒ་ཤི་འགོགས། རྒ་ཤི་འགོག་པར་འགྲོ་བའི་ལམ་ཞེས་བདེན་པའི་དབང་བྱས་མི་མཐུན་དང་། རྣམ་བྱང་གི་མ་རིག་འགགས་པས་འདུ་བྱེད་འགགས་སོགས་ལུགས་མཐུན། གང་མེད་ན་རྒ་ཤི་མི་འབྱུང་བ་དང་གང་འགགས་ན་རྒ་ཤི་འགགས་པ་ཞེས་བྱ་བ་མི་མཐུན་པས་ཀྱང་། རྟེན་འབྲེལ་ལུགས་མཐུན་མི་མཐུན་བསྟན་པར་བལྟའོ། །ཇི་ལྟར་རྐྱེན་ཡིན་སོགས། རྒྱུ་དང་དེ་མ་ཐག་པ་དང་། དམིགས་པ་དང་བདག་པོས་ཀྱང་རྐྱེན་དུ་བལྟའོ། །ཆོས་རྣམས་བདག་གི་རྒྱུ་ལས་བྱུང་བར་མངོན་ཞེན་སྤང་བའི་ཕྱིར་རོ། །རྒྱུའི་རྐྱེན་གང་ཞེ་ན། ཀུན་གཞིའི་རྣམ་ཤེས་ཟག་བཅས་ཀྱི་རྒྱུ་དང་། ཟག་མེད་ཀྱི་རྒྱུའི་རྐྱེན་དགེ་བའི་བག་ཆགས་སོ། །ཡང་ངོ་བོ་ཉིད་དང་། བྱེད་རྒྱུ་ཉིད་དམ་རབ་དབྱེ་དང་། ལྷན་འབྱུང་། གྲོགས་དང་། མཚུངས་ལྡན་མཐུན་པར་རྟོགས་པ་དང་། སྐལ་མཉམ་རྒྱས་པ་དང་། ཀུན་འགྲོ། བར་དུ་གཅོད་པ་དང་། རྣམ་སྨིན་ཡོངས་སུ་འཛིན་པས་ཀྱང་རྒྱུའི་རྐྱེན་དུ་བལྟའོ། །ངོ་བོ་ཉིད་ཀྱི་ཇི་ལྟར་ཞེ་ན། བྱེད་རྒྱུ་སྟེ་རྒྱུའི་ངོ་བོ་ཉིད་དོ། །རབ་ཏུ་དབྱེ་བས་ནི་འདི་ལྟ་སྟེ། འབྱུང་བའི་བྱེད་རྒྱུ་རྣམ་པར་ཤེས་པའི་ནི་རྣམ་པར་ཤེས་པའི་ཚོགས་པ་ལྟ་བུའོ། །གནས་པའི་བྱེད་རྒྱུ་ཟས་བཞིས་སེམས་ཅན་བྱུང་བ་དང་འབྱུང་བར་འདོད་པ་རྣམས་ལ་ལྟ་བུའོ། །རྟེན་པའི་བྱེད་རྒྱུ་སེམས་ཅན་རྣམས་ཀྱིས་ལྟ་བུ། གསལ་བའི་བྱེད་རྒྱུ་ནི་གཟུགས་ཀྱི་སྒྲོན་མ་ལྟ་བུ། འགྱུར་བའི་བྱེད་རྒྱུ་ཤིང་གི་མེ་ལྟ་


MR12_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

བུ། འབྲལ་བའི་བྱེད་རྒྱུ་ཞིང་བརྔ་བའི་ཟོར་བ་ལྟ་བུ། བསྒྱུར་བའི་བྱེད་རྒྱུ་གསེར་སོགས་བཟོ་བ་ལྟ་བུ། ཡིད་ཆེས་བྱེད་རྒྱུ་མེའི་དུ་བ་ལྟ་བུ། ཡིད་ཆེས་པར་བྱེད་པའི་བྱེད་རྒྱུ། དམ་བཅའ་གཏན་ཚིགས་དཔེ་ལྟ་བུ། འཐོབ་པའི་བྱེད་རྒྱུ། ལམ་ལས་མྱང་འདས་ལྟ་བུ། ཐ་སྙད་ཀྱི་བྱེད་རྒྱུ། མིང་དང་མཚན་མ་དང་མཐོང་བ་ལྟ་བུ། ལྟོས་པའི་བྱེད་རྒྱུ། ལྟོས་ནས་གང་དོན་དུ་གཉེར་བ་སྟེ། བཀྲེས་པ་ལ་ལྟོས་ནས་ཟས་ལྟ་བུ། འཕེན་པའི་བྱེད་རྒྱུ། རྒྱང་རིང་པོའི་རྐྱེན་ཏེ། རྒ་ཤིའི་མ་རིག་པ་ལྟ་བུ། མངོན་པར་བསྒྲུབ་པའི་བྱེད་རྒྱུ། ཉེ་བའི་རྐྱེན་ཏེ། འདུ་བྱེད་རྣམས་ཀྱིས་མ་རིག་པ་ལྟ་བུ། ཡོངས་སུ་འཛིན་པའི་བྱེད་རྒྱུ་དེ་ལས་གཞན་པའི་རྐྱེན་དེ། ལོ་ཏོག་འབྱུང་བའི་ཞིང་དང་ཆུ་ལུད་ལ་སོགས་པ་ལྟ་བུའོ། །ཆུད་པར་བྱེད་པའི་བྱེད་རྒྱུ། མཐུན་པའི་རྐྱེན་ཏེ། རྒྱལ་པོ་མཉེས་པར་བྱ་ཕྱིར་རྒྱལ་པོ་ལ་ལེགས་པར་བརྟེན་པ་ལྟ་བུ། སོ་སོར་ངེས་པའི་བྱེད་རྒྱུ། རྐྱེན་སྣ་ཚོགས་པ་སྟེ། འགྲོ་བ་ལྔ་པོ་དག་གི འགྲོ་བ་ལྔའི་རྐྱེན་ལྟ་བུ། ལྷན་ཅིག་བྱེད་པའི་བྱེད་རྒྱུ་ནི། རྐྱེན་རྣམས་ཚོགས་པ་སྟེ། རྣམ་པར་ཤེས་པ་ལ། དབང་པོ་མ་ཉམས། ཡུལ་སྣང་། ཡིད་བྱེད་ཡོད་པ་ལྟ་བུ། མི་མཐུན་པའི་བྱེད་རྒྱུ་བར་ཆད་ཡོད་པ་སྟེ། ལོ་ཏོག་ལ་སེར་བ་ལྟ་བུ། མི་མཐུན་པ་མ་ཡིན་པའི་བྱེད་རྒྱུ། བར་ཆད་མི་བྱེད་པ་སྟེ། བར་ཆད་བྱེད་པ་དེ་ཉིད་མེད་པ་ལྟ་བུ། རབ་དབྱེའོ། །གྲོགས་ཀྱིས་ཇི་ལྟར་ཞེ་ན། ཆོས་གང་དག་གྲོགས་ཡོད་ན་འབྱུང་གི། གང་རུང་མ་ཚང་ན་མིན་པ། དཔེར་ན་འབྱུང་བ་རྣམས་དང་། འབྱུང་བ་ལས་གྱུར་པའོ། །མཐུན་


MR12_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྟོགས་པ་ཇི་ལྟ་བུ་ཞེ་ན། ཆོས་གང་དག་ལྷན་ཅིག་འབྱུང་བས་དམིགས་པ་མཐུན་པར་རྟོགས་ཀྱིས་གང་རུང་མ་ཚང་ན་མིན་པ། སེམས་སེམས་བྱུང་རྣམས་སོ། །རྒྱས་པས་ཇི་ལྟར་བུ་ཞེ་ན། སྔོན་དགེ་མི་དགེ་ལུང་མ་བསྟན་པའི་ཆོས་གོམས་པས་ཕྱི་མའི་མཐར་གོང་ནས་གོང་དུ་རྒྱས་པ་དང་། མཆོག་ཏུ་རྒྱས་པར་འབྱུང་བའོ། །བར་དུ་གཅོད་པ་ཇི་ལྟ་བུ་ཞེ་ན། མྱང་འདས་ཀྱི་རྒྱུད་ཐག་བསྲིང་པའི་ཉོན་མོངས་གང་རུང་གི་རྒྱུན་རྒྱས་པར་བསྟན་པ་ལྟ་བུའོ། །ཡོངས་སུ་འཛིན་པ་ཇི་ལྟ་བུ་ཞེ་ན། ལུས་ཡོངས་སུ་འཛིན་པའི། དགེ་མི་དགེ་ཟག་བཅས་ཀྱི་ཆོས་རྣམས་སོ། །དེ་མ་ཐག་པས་ཇི་ལྟ་བུ་ཞེ་ན། རྒྱུན་མི་འཆད་པར་བྱེད་པ་བར་དུ་སེམས་གཞན་གྱི་མ་ཆོད་པ་བར་ཆད་མེད་པ་དང་། དགེ་སེམས་ཀྱི་མཐུན་པ་དགེ་སེམས་དང་མི་མཐུན་པ་མི་དགེ་དང་ལུང་མ་བསྟན་ལྟ་བུ་གཞན་ཡང་སྦྱར་ལ་སེམས་སེམས་བྱུང་འབྱུང་བའི་དེ་མ་ཐག་པས་ཀྱང་དེ་མ་ཐག་རྐྱེན་དུ་བལྟའོ། །སེམས་འདི་ནས་བཟུང་གཅིག་དགེ་བར་རིག་པར་བྱའོའི་བར་མཆན་ཡིན། ཐམས་ཅད་ཀྱི་མཇུག་ཏུ་ཐམས་ཅད་འབྱུང་ངམ། ངེས་པ་ཡོད་ཅེ་ན། ངེས་པ་ཡོད་དེ་སེམས་འདིའི་འོག་ཏུ་འདི་འབྱུང་ཞེས་བརྗོད་ན་མང་བས་སྤྱིར་སེམས་འབྱུང་ཚུལ་བརྗོད་ན་འདི་ལྟར་སྟོབས་བཅུས་སེམས་འབྱུང་བར་རིག་པར་བྱ་སྟེ། དང་པོ་འདྲེས་པའི་སྟོབས་ནི། དཔེར་ན་སྙོམས་འཇུག་ལ། འཇུག་གནས་ལྡང་བའི། རྒྱུ་རྣམས་མི་མངོན་པའི་ཕྱིར་ཆུང་ངུ་། མངོན་པར་ལེགས་པར་མ་འདྲིས་པའི་འབྲིང་། ལེགས་པར་འདྲིས་པ་ཆེན་པོ། འདྲིས་པ་ཆུང་ངུ་བསམ་གཟུགས་པ་རིམ་གྱི་སྙོམས་པར་འཇུག །འབྲིང་གིས་གཅིག་གི་བར་དུ་ཆོད་པའི་ཚུལ་གྱི་ཐོད་རྒལ་དུ་འཇུག །ཆེན་པོས་ཇི་ལྟར་འདོད་པར་རམ་ཐམས་ཅད་དུ་ཐོད་


MR12_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

རྒལ་དུ་འཇུག་གོ། ཞུགས་ནས་ལུགས་མཐུན་དང་ལུགས་མི་མཐུན་དུ་སྙོམས་པར་འཇུག་པའོ། །གཉིས་པ་འདུན་པའི་སྟོབས་ནི། བསམ་གཏན་གཉིས་པ་ཐོབ་པ་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་ལ། འདོད་ན་བསམ་གཏན་གཉིས་པའི་ས་ལས་ལྡང་བའི་སེམས་མངོན་དུ་བྱེད་ཅིང་། གཞན་དུ་འདོད་ན་འདོད་པའི་སེམས་དགེ་བའམ། མ་བསྒྲིབ་ལུང་མ་བསྟན་མངོན་དུ་བྱེད་པ་དེ་གཉིས་གཞན་ལ་སྦྱར། གསུམ་པ་སྦྱོར་བའི་སྟོབས་ཀྱིས་ནི་འདོད་སྤྱོད་དགེ་བའི་མཇུག་ཐོགས་སུ། ཐོག་མར་གཟུགས་སྤྱོད་པའི་སེམས་འབྱུང་ངོ་། །མི་ལྕོགས་མེད་པའི་དགེ་བའི་མཇུག་ཐོག་ཏུ་དངོས་གཞིའོ། །དངོས་གཞིའི་མཇུག་ཐོག་ཏུ་བསམ་གཏན་གཉིས་པའི་ཉེར་བསྡོག་སོགས། སྲིད་རྩེའི་བར་དུའོ། །བཞི་པ་སྙོམས་པར་འཇུག་པའི་སྟོབས་ཀྱིས་ནི། དག་པ་སྙོམས་ཞུགས་ཀྱི་སེམས་ལ་རེས་འགའ་དག་པ་གཉིས་པ། རེས་ཉོན་མོངས་པ་ཅན་ནོ། །ལྔ་པ་འཕེན་པའི་སྟོབས་ཀྱིས་ནི། ཏིང་ངེ་འཛིན་ལས་ལངས་ནས་རྒྱུ་བ་ན། ཇི་སྲིད་དེ་དང་མི་མཐུན་པ་ཉོན་མོངས་འབྱུང་བས་ཉམས་པར་མ་གྱུར་པ་དེ་སྲིད་དུ་མཉམ་བཞག་གི་ས་པའི་སེམས་དང་། མཉམ་པར་མ་བཞག་པའི་སྐད་ཅིག་འདྲེས་མར་རྗེས་སུ་འཇུག་གོ། དེ་དང་མི་མཐུན་པའི་ཉོན་མོངས་དང་མཚུངས་ལྡན་གྱི་སེམས་ནི་རྒྱུ་ལ་སོགས་པའི་སྟོབས་བཞིས་འབྱུང་བར་རིག་པར་བྱའོ། །དེ་ལ་དྲུག་པ་རྒྱུ་སྟོབས་ཀྱིས་ནི། གདོན་མི་ཟ་བར་ཉམས་པར་འགྱུར་བའི་སྒྲིབ་པ་སྔོན་བསགས་པའོ། །བདུན་པ་ཡུལ་གྱི་སྟོབས་ནི། ཆགས་སོགས་སྐྱེ་བ་དང་མཐུན་པ་སྡུག་པའི་མཚན་མའི་སྟོབས་ཤས་ཆེ་བའི་ཡུལ་སྣང་བའོ། །བརྒྱད་པ་དྲན་པའི་སྟོབས་ཀྱིས་ནི། དྲན་པའི་ཀུན་རྟོག་བདག་གིས་འདས་པའི་ཡུལ་ལ་འཕོ་བར་བྱེད་པའོ། །


MR12_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་པ་ཡིད་ལ་བྱེད་པའི་སྟོབས་ཀྱིས་ནི། སྤྱོད་པའི་ཡིད་ལ་བྱེད་པས་སྡུག་པའི་མཚན་མ་གང་རུང་ཡིད་ལ་བྱེད་པའོ། །བཅུ་པ་ཉིང་མཚམས་སྦྱོར་བའི་སྟོབས་ཀྱིས་ནི། འཆི་བའི་སེམས་རྣམ་པ་དགུ་སྟེ། ལུས་ལ་སྲེད་པ་དང་མཚུངས་པར་ལྡན་པ་ཁམས་གསུམ་དུ་སོ་སོར། འདོད་པ་དང་། གཟུགས་དང་། གཟུགས་མེད་པ་ན་སྤྱོད་པ་དག་གོ། དེ་ལ་འདོད་ཁམས་ནས་ཤི་འཕོས་ནས། འདོད་ཁམས་དེར་ཉིང་མཚམས་སྦྱོར་བའི་ཚེ། འདོད་སྤྱོད་པའི་ལུས་ལ་སྲེད་པ་དང་མཚུངས་ལྡན་གྱི་སེམས་ནི། འཆི་འཕོ་བའི་སེམས་སུ་རིག་པར་བྱའོ། །གཟུགས་གཟུགས་མེད་དག་གི་ཁམས་སུ་སྐྱེ་བའི་ཚེ་གཟུགས་དང་གཟུགས་མེད་ན་སྤྱོད་པའི་འཆི་བའི་སེམས་སུ་རིག་པར་བྱའོ། །དེ་བཞིན་དུ་གཟུགས་དང་། གཟུགས་མེད་ནས་འཕོས་ཏེ། རང་ས་དང་གཞན་ས་གཉིས་ལ་སྐྱེ་བའི་སེམས་ཀྱང་དྲུག་སྟེ་ཁྱོན་དགུའོ། །ལུས་ལ་སྲེད་པ་དེ་ནི་ལྷན་ཅིག་དང་། དམིགས་པ་ལ་མི་སྤྱོད་པ་དང་། སྒྲིབ་ལུང་མ་བསྟན་ཡིན་ནོ། །ལུས་དང་ལྷན་ཅིག་སྐྱེས་པ་འདི་ནི་དམིགས་པ་ནི་རྣམ་པ་ཡོངས་སུ་མི་གཅོད་པར་རིག་པར་བྱ་སྟེ། དེའི་དབང་གིས་དེ་མ་ཐག་ཏུ་སོ་སོའི་སྐྱེ་བོ་རྣམས་ནི་བར་མདོའི་སྲིད་པར་ཉིང་མཚམས་སྦྱོར་རོ། །འཕགས་པ་འདོད་ཆགས་དང་མ་བྲལ་བ་རྣམས་ནི་འཆི་བའི་དུས་ན་ཇི་ཙམ་དུ་འདུ་ཤེས་མི་གསལ་བའི་སྐབས་སུ་མ་གྱུར་བ་དེ་སྲིད་སྲེད་པ་དེ་ཀུན་ཏུ་འབྱུང་ངོ་། །དེ་དག་ནི་ཡོངས་སུ་རྟོགས་ནས་གཉེན་པོས་ཚར་གཅོད་དོ། །འཕགས་པ་ཆགས་བྲལ་རྣམས་ནི། དེ་སྤང་མི་དགོས་ཏེ། གཉེན་པོའི་སྟོབས་ཆེ་བས་དེ་ཀུན་ཏུ་མི་འབྱུང་ངོ་། །དེའི་བག་ཉལ་གྱི་དབང་གིས་ནི་ཉིང་མཚམས་སྦྱོར་རོ། །བར་སྲིད་ཀྱི་ཉིང་མཚམས་སྦྱོར་བའི་


MR12_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་ནི། རྟག་ཏུ་མ་སྒྲིབ་ལུང་མ་བསྟན་ཏེ་རྣམ་པར་སྨིན་པའི་ཕྱིར་རོ། །དེའི་འོག་ཏུ་དགེ་མི་དགེ་ལུང་མ་བསྟན་ཇི་ལྟར་མཐུན་མཐུན་དུ་སྦྱར་ཏེ། འཆི་འཕོ་པའི་སེམས་མ་གཏོགས་སོ། །བར་དོའི་སྲིད་པའི་འཆི་འཕོའི་སེམས་ནི་རྟག་ཏུ་ཉོན་མོངས་ཅན་ཏེ། འཆི་འཕོ་བའི་སྲིད་པ་བཞིན་ནོ། །སྐྱེ་བའི་ཉིང་མཚམས་སྦྱོར་བ་རྟག་ཏུ་མ་སྒྲིབ་ལུང་མ་བསྟན་ཏོ། །བྱང་སེམས་སྨོན་ལམ་གྱི་སྟོབས་ཀྱིས་སྐྱེ་བ་རྣམས་ཀྱི། འཆི་སེམས་ལ་སོགས་པ་ནི་ཐམས་ཅད་ཀྱང་། གཅིག་ཏུ་དགེ་བར་རིག་པར་བྱའོ། །དམིགས་པས་ཇི་ལྟ་བུ་ཞེ་ན། ཡུལ་ཡོངས་སུ་ཆད་པའི་དམིགས་པ་མིག་ཤེས་སོགས་ལྔ་པོས་དང་། ཡུལ་ཡོངས་སུ་མ་ཆད་པའི་དམིགས་པ་ཡིད་ཤེས་ཀྱིས་དང་། ཡུལ་ལ་བཀྲ་བར་འཛིན་པ་མེད་པའི་དམིགས་པ་མིང་ལམ་བྱང་བ་རྣམས་ཀྱིས་དང་། ཡུལ་ལ་བཀྲ་བར་འཛིན་པའི་དམིགས་པ་མིང་ལ་བྱང་བ་རྣམས་ཀྱིས་དང་། དངོས་པོ་དང་བཅས་པའི་ཡུལ་གྱི་དམིགས་པ། ལྟ་བ་དང་ང་རྒྱལ་གཉིས་དང་དེ་དང་མཚུངས་ལྡན་གྱི་ཆོས་རྣམས་མ་གཏོགས་པ་དེ་ལས་གཞན་དག་གི་དམིགས་པ་དང་། དངོས་པོ་མེད་པའི་ཡུལ་གྱི་དམིགས་པ་མ་གཏོགས་པ་རྣམས་ཀྱི་དམིགས་པ་བདག་གཞི་ཡིན་པས་དང་། དངོས་པོའི་དམིགས་པ། ཟག་མེད་དང་སྐལ་བ་མི་མཉམ་པའི་ཁམས་དང་ས་གཞན་ལ་མ་འོངས་པའི་དམིགས་པ་གཞི་གཏན་ལ་འབེབས་པ་མེད་པ་མ་གཏོགས་པ་དང་། ཀུན་བརྟགས་པའི་དམིགས་པ་མ་གཏོགས་པ་རྣམས་སྟེ་རང་གི་ཀུན་བརྟགས་ཙམ་དམིགས་པས་དང་། ཕྱིན་ཅི་ལོག་གི་དམིགས་པ་རྟག་པ་ལ་སོགས་པར་དང་། ཕྱིན་ཅི་མ་ལོག་པའི་དམིགས་པ་མི་རྟག་པ་ལ་སོགས་པ་དང་། ཐོགས་བཅས་ཀྱི་དམིགས་པ་ཤེས་སྒྲིབ་མ་སྤངས་པ་དང་། ཐོགས་


MR12_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པའི་དམིགས་པས་ཀྱང་རྐྱེན་དུ་བལྟའོ། །ཞེས་ཤེས་སྒྲིབ་སྤངས་པ་རྣམས་ཀྱི་དམིགས་པའོ། །དམིགས་རྐྱེན་གྱི་རྣམ་པར་ངེས་པ་ནི། མཚན་ཉིད། རབ་དབྱེ། བཞག་པ། ཡོངས་ཤེས། སྤངས་པས་ཀྱང་དམིགས་པ་རྣམ་པར་བཞག་པ་སྟེ། མཚན་ཉིད་ཀྱི་ཇི་ལྟ་བུ་ཞེ་ན། དོན་གང་དེར་སྣང་བའི་སེམས་སེམས་བྱུང་རྣམས་ཀྱི་ཆོས་རྣམས་འབྱུང་བའི་རྒྱུ་དང་། དེ་བྱུང་ནས་ཀྱང་དོན་དེར། མངོན་པར་ཞེན་པ་དང་། ཐ་སྙད་དང་འདོགས་པ་དང་། སོ་སོ་རང་གིས་རིག་པར་འགྱུར་པ་ནི་དམིགས་པའི་མཚན་ཉིད་དོ། །རབ་ཏུ་དབྱེ་བས་ཇི་ལྟར་ཞེ་ན། མེད་པའི་དམིགས་པ་ནི། སེམས་སེམས་བྱུང་ཕྱིན་ཅི་ལོག་རྣམས་ཀྱིས་དམིགས་པ་དང་། འདས། མ་འོངས། རྨི་ལམ། གཟུགས་བརྙན། སྒྱུ་མ་སོགས་ཡུལ་མེད་པ་མ་དམིགས་པའོ། །ཡོད་པའི་དམིགས་པ་དེ་ལས་གཞན་པ་དག་གི་དམིགས་པའོ། །དམིགས་པ་མེད་པའི་ཡུལ་དམིགས་པ་ནི། གཟུགས་དང་། སེམས་དང་ལྡན་པ་མིན་པ་དང་། འདུས་མ་བྱས་སོ། །དམིགས་པ་དང་བཅས་པའི་དམིགས་པ་ནི། འདི་ལྟ་སྟེ། སེམས་དང་སེམས་བྱུང་གི་ཆོས་རྣམས་སོ། །ཡང་དག་པ་ཉིད་ཀྱི་དམིགས་པ་དགེ་བ། ལོག་པ་ཉིད་ཀྱི་དམིགས་པ་ཉོན་མོངས་པ་ཅན་ནོ། །ཡང་དག་པའང་མ་ཡིན། ལོག་པའང་མ་ཡིན་པའི་དམིགས་པ་ནི། མ་སྒྲིབ་ལུང་མ་བསྟན་ནོ། །ཚུལ་བཞིན་གྱི་དམིགས་པ་སེམས་སེམས་བྱུང་དགེ་བ་རྣམས་ཀྱི་དམིགས་པའོ། །ཚུལ་བཞིན་མ་ཡིན་པའི་དམིགས་པ། ཉོན་མོངས་ཅན་རྣམས་ཀྱི་དམིགས་པའོ། །དེ་གཉིས་གང་ཡང་མིན་པ་དེ་དག་མ་གཏོགས་པ་རྣམས་ཀྱི་དམིགས་པའོ། །འདྲ་བས་དམིགས་པ་ནི། འདི་ལྟར་དགེ་བ་སོགས་


MR12_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དགེ་བ་སོགས་འདྲ་བ་དང་། རང་གི་ས་བ་རྣམས་ཀྱི་རང་ས་དང་། ཟག་བཅས་ཀྱི་ཟག་བཅས། ཟག་མེད་ཀྱི་ཟག་མེད་དོ། །མི་མཐུན་པའི་དམིགས་པ་ནི། འདྲ་བ་དེ་ལས་བཟློག་པ་དགེ་སོགས་ཀྱི་མི་དགེ་བ་སོགས་དང་། ས་དང་། ཟག་བཅས་སོགས་མི་མཐུན་པའོ། །སྣ་ཚོགས་ཀྱི་དམིགས་པ་ནི། སེམས་སེམས་བྱུང་རྟོག་དཔྱོད་དང་བཅས་པ་རྣམས་ཀྱི་དམིགས་པའོ། །གཅིག་པའི་དམིགས་པ། སེམས་སེམས་བྱུང་མི་རྟོག་མི་དཔྱོད་པ་རྣམས་ཀྱི་དམིགས་པའོ། །འབྲལ་བའི་དམིགས་པ་ནི། འདུ་ཤེས་མེད་པ་སོགས་ཀྱི་སེམས་སེམས་བྱུང་དང་། ནམ་མཁའ་དང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་དམིགས་པའོ། །འབྲལ་བ་ནི་མེད་པར་འགྱུར་བའོ། །གཞན་དུ་ན་འབྲལ་བ་ཆེན་པོ་ཉིད་ལ་བྱའོ། །བསྡུས་པ་ཕྲ་བའི་དམིགས་པ་ནི། ཅི་ཡང་མེད་པའི་སྐྱེ་མཆེད་རྣམས་ཀྱི་དམིགས་པའོ། །མཐར་ཕྱིན་པ་ཕྲ་བའི་དམིགས་པ་ནི། སྲིད་རྩེ་བའི་དམིགས་པའོ། །ཉོན་མོངས་པའི་དམིགས་པ་ནི། དེས་དམིགས་པར་བྱེད་པའི་ཕྱིར་དམིགས་པ་ཞེས་བྱའོ། །མདོ་སྡེའི་ཚིག་ལ་ཡོད་པའི་ཆོས་ཀྱི་དམིགས་པ་ནི། གཙུག་ལག་རྣམས་ཀྱི་མིང་ཚིག་ཡི་གེའི་ཚོགས་སོ། །དོན་གྱི་དམིགས་པ་ནི། དེ་ལ་བརྟེན་པ་བརྗོད་བྱའི་དོན་ཏོ། །ཆུང་ངུའི་དམིགས་པ་ཉན་ཐོས་ཀྱི་ཐེག་པ། རྒྱ་ཆེན་པོའི་དམིགས་པ་ཐེག་ཆེན་ནོ། །མཚན་མའི་དམིགས་པ། ཞི་གནས་དང་། རབ་ཏུ་འཛིན་པ་དང་། བཏང་སྙོམས་ཀྱི་དམིགས་པའོ། །མཚན་མ་མེད་པའི་དམིགས་པ་ནི། མྱང་འདས་དང་། སྲིད་པའི་རྩེ་མོའོ། །དེ་ཁོ་ནའི་དམིགས་པ་ནི། དེ་བཞིན་ཉིད་དང་། རྣམ་པ་བཅུ་དྲུག་དག་གི་བདེན་པའི་དམིགས་པ་རྣམས་སོ། །གནས་པར་བྱ་


MR12_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དམིགས་པ་ནི། འགོག་སྙོམས་ལ་སྦྱོར་བའི་སེམས་སེམས་བྱུང་རྣམས་ཀྱི་དམིགས་པའོ། །དབང་སྒྱུར་བའི་དམིགས་པ་ནི། རྣམ་ཐར་སོགས་རྣམ་མཁྱེན་ཉིད་ཀྱི་མཐར་ཐུག་པའི་ཡོན་ཏན་གྱི་དམིགས་པའོ། །སྐད་ཅིག་མའི་དམིགས་པ་ནི། མི་སློབ་པ་རྣམས་ཀྱི་ཚེའོ། །རྗེས་སུ་འབྲང་བ་རྣམས་ཀྱི་དམིགས་པ་ནི། སངས་རྒྱས་དང་བྱང་སེམས་རྣམས་ཀྱི་དམིགས་པའོ། །བཞག་པ་ཇི་ལྟ་བུ་ཞེ་ན། དེ་བཞིན་དུ་རྣམ་པར་བཞག་པའི་ཕྱིར་དམིགས་པ་ཡོངས་སུ་མ་གྲུབ་པས་སོ། །རྣམ་པ་བཞིས་ཡོངས་སུ་མ་གྲུབ་པའི་དམིགས་པར་རིག་པར་བྱ་སྟེ། རྣམ་པར་ཤེས་པ་མི་མཐུན་པའི་རྒྱུ་དང་། དམིགས་པ་མེད་པའི་རྣམ་ཤེས་དམིགས་པ་དང་། བསྒྲིབས་པ་མེད་པར་ཡང་ཕྱིན་ཅི་ལོག་མེད་པར་འགྱུར་བ་དང་། ཤེས་པ་གསུམ་གྱི་རྗེས་སུ་མཐུན་པར་འགྱུར་བས་སོ། །དེ་ཕྱིར་འཛིན་པའང་ཡོངས་སུ་མ་གྲུབ་བོ། །ཤེས་པ་གསུམ་ནི། དབང་གི་ཤེས་པ་དང་། ལྷག་མཐོང་གི་ཤེས་པ་དང་། རྣམ་པར་མི་རྟོག་པའི་ཤེས་པའོ། །དེ་ལ་རྣམ་པ་བཞིའི་དཔེར་བརྗོད་པ་ནི། རིམ་བཞིན་དང་པོ། ཡི་དྭགས་དུད་འགྲོ་མི་རྣམས་དང་། ལྷ་རྣམས་ཇི་ལྟར་རིགས་རིགས་སུ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །གཉིས་པ། འདས་སོགས་དེ་བཞིན་རྨི་ལམ་དང་། །གཟུགས་བརྙན་རྣམ་པ་གཉིས་པོ་ཡང་། །མེད་ཕྱིར་དམིགས་པ་མེད་པའི་ཕྱིར། །དེ་ནི་དམིགས་པར་རུང་བ་ཡིན། །གསུམ་པ། དོན་ནི་དོན་དུ་འགྲུབ་གྱུར་ན། །ཤེས་པ་རྟོག་པ་མེད་མི་འགྱུར། །དེ་མེད་པས་ན་སངས་རྒྱས་ཉིད། །ཐོབ་པར་འཐད་པ་མ་ཡིན་ནོ། །བཞི་པ་ལ་


MR12_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། དང་པོ། བྱང་ཆུབ་སེམས་དཔའ་དབང་ཐོབ་དང་། །རྣལ་འབྱོར་བ་ལ་འདི་ལྟར་ཡང་། །མོས་པའི་དབང་གིས་ས་ལ་སོགས། །དངོས་པོ་དེ་ལྟར་དམིགས་པར་འགྱུར། །གཉིས་པ། འདི་ལ་རྣམ་པར་འབྱེད་གྲུབ་དང་། །བློ་ལྡན་ཞི་བ་ཐོབ་པ་ཡི། །ཆོས་ཀུན་ཡིད་ལ་བྱེད་པ་ལ། །དེ་ལྟར་དོན་ནི་མི་སྣང་ཕྱིར། །གསུམ་པ། མི་རྟོགས་ཤེས་པ་རྒྱུ་བ་ལ། །དོན་ཀུན་སྣང་བ་མེད་ཕྱིར་ཡང་། །དོན་མེད་ཁོང་དུ་ཆུད་པར་བྱ། །དེ་མེད་པས་ན་རྣམ་རིག་མེད། །ཅེས་པ་རྣམས་ཀྱིས་བསྟན་ཏོ། །ཡོངས་སུ་ཤེས་པས་ཇི་ལྟ་བུ་ཞེ་ན། མཚན་ཉིད་དང་རབ་དབྱེ་བཞག་པ་རྣམས་ཡང་དག་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པའི་ཕྱིར་རོ། །སྤོང་བས་ཇི་ལྟ་བུ་ཞེ་ན། ཉན་ཐོས་དང་། ཐེག་པ་ཆེན་པོས་གནས་གྱུར་པ་སྟེ། ཉན་ཐོས་ཀྱི་ཐེག་པས་གནས་གྱུར་པས་ནི། ཕུང་ཁམས་སྐྱེ་མཆེད་ཀྱི་དམིགས་པ་དག་ལས་རྣམ་པར་ཐར་གྱི། དེ་དག་ལ་དབང་འབྱོར་བ་ཐོབ་པ་མ་ཡིན་ལ། ཐེག་པ་ཆེན་པོས་གནས་གྱུར་བ་ནི། གཉིས་གའོ། །བདག་པོས་ཇི་ལྟ་བུ་ཞེ་ན། རླུང་དཀྱིལ་གྱིས་ཆུ་དཀྱིལ་བརྟེན་པར་བྱེད་པ་སོགས་རྟེན་ལ་དབང་བྱེད་པ་བདག་པོའི་རྐྱེན་སྣོད་ནི་སེམས་ཅན་གྱི། འབྱུང་བ་རྣམས་འབྱུང་འགྱུར་གྱི། དབང་པོ་རྣམས་རྣམ་ཤེས་རྣམས་ཀྱི་བདག་རྐྱེན་དང་། སེམས་ཅན་རྣམས་ཀྱི་ཐུན་མོང་གི་ལས་ནི་སྣོད་ཀྱི་འཇིག་རྟེན་འཕེན་པ་ལ་དབང་བྱེད་པ་བྱེད་པའི་བདག་རྐྱེན།སྔོན་ཟག་བཅས་ཀྱི་ལས་ནི་རྣམ་པར་སྨིན་པ་ལ་སོགས་པ་དང་། སེམས་ནི་སེམས་བྱུང་རྣམས་ཀྱི་ལྷན་ཅིག་འབྱུང་བ་ལ་དབང་བྱེད་པ་བདག་རྐྱེན་དང་། ཡིད་ལ་བྱེད་པ་ནི་སེམས་ཀྱི། རེག་པ་ནི་ཚོར་བའི་འོ་སོགས་སོ། །ཡུལ་ལ་དབང་བྱེད་པ་མིག་


MR12_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དབང་ལྔ་གཟུགས་སོགས་དབང་བྱེད་པའི་བདག་པོའི་རྐྱེན་དང་། ཕོ་མོའི་དབང་པོ་མངལ་སྐྱེ་བར་བྱེད་པ་ལ་དབང་། སྲོག་གི་དབང་པོ་རིས་མཐུན་གནས་པར་བྱེད་པ་ལ་དང་། ཚོར་བ་ལྔས་རྣམ་སྨིན་གྱི་འབྲས་བུ་ལ་ཉེ་བར་སྤྱོད་པར་དང་། དད་སོགས་ལྔས་འཇིག་རྟེན་པའི་རྣམ་པར་དག་པ་ལ་དང་། ཀུན་ཤེས་བྱེད་སོགས་གསུམ་འཇིག་རྟེན་འདས་པའི་རྣམ་པར་དག་པ་ལ་དབང་བྱེད་པས་ཀྱང་བདག་པོའི་རྐྱེན་དུ་བལྟའོ། །ཇི་ལྟར་བསྟེན་པ་དང་མཚུངས་པ་དང་། དེ་དང་འདྲ་བའམ་མཚུངས་པ་ཡིན་སོགས། རྣམ་ཤེས་དང་མ་བྲལ་ཞིང་དེ་ཡི་རྒྱུན་དང་འདྲ་བའི་དབང་པོ་ལ་ཡུལ་རྒྱུན་དུ་འབྱུང་བ་བརྟེན་བཅས་སམ། བརྟེན་པ་དང་མཚུངས་པ་དང་། རྣམ་ཤེས་དང་བྲལ་ཞིང་དབང་པོ་རང་གི་རིགས་དང་འདྲ་བ་རྒྱུན་དུ་འབྱུང་བས་ཀྱང་དེ་མཚུངས་སུ་བལྟའོ། །གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་དང་། གཟུགས་ཅན་གྱི་ཁམས་དང་སྐྱེ་མཆེད་མིག་སོགས་ལྔའོ། །བདག་རྣམ་ཤེས་དང་ལྡན་པ་དང་། མི་ལྡན་པར་མངོན་ཞེན x ཇི་ལྟར་ན་ཟིན་པ་ཡིན་སོགས། ཚོར་བ་འབྱུང་བའི་གནས་ཀྱི་གཟུགས་ནི་གཟུགས་རང་ལ་བརྟེན་ནས་ཚོར་བ་འབྱུང་བ་དེ་ཟིན་པར་བལྟའོ། །གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་གནས་དང་བཅས་པའི་དབང་པོ་དང་། ཁམས་དང་སྐྱེ་མཆེད་གཟུགས་ཅན་མིག་སོགས་ལྔ་དང་། བཞིའི་ཕྱོགས་གཅིག་གོ་ཞེས་གཟུགས་དྲི་རོ་རེག་དབང་པོ་ལས་གཞན་དུ་མ་གྱུར་བའོ། །བདག་ལུས་ལ་དབང་བསྒྱུར་བར་མངོན་ཞེན x ཇི་ལྟར་ན་དབང་པོ་ཡིན་སོགས། མིག་སོགས་དྲུག་ཡུལ་ལ་འཛིན་པར་དབང་བྱེད་


MR12_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ཕོ་མོའི་དབང་པོ་རིགས་ཀྱི་རྒྱུད་ལ་དང་། སྲོག་རིས་མཐུན་པར་དང་། ཚོར་སོགས་དགེ་མི་དགེའོ་འབྲས་བུ་ལ་ཉེར་བར་སྤྱོད་པར་དང་། དད་སོགས་འཇིག་རྟེན་གྱི་འདོད་ཆགས་བྲལ་བར་དང་། ཀུན་ཤེས་བྱེད་སོགས་འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བར་དབང་བྱེད་པས་ཀྱང་དབང་པོར་བལྟའོ། །ཚོར་བའི་ཕུང་པོ་དང་། ཡིད་རྣམ་ཤེས་ཕུང་པོ་དང་། མིག་སོགས་ལྔ་གཟུགས་དང་། འདུ་བྱེད་ཀྱི་ཕུང་པོའི་ཕྱོགས་གཅིག་སྲོག་དང་དད་སོགས་ལྔ་དང་། དབང་པོ་དང་རྣམ་པར་ཤེས་པའི་ཁམས་བཅུ་གཉིས་དང་། ནང་གི་སྐྱེ་མཆེད་དྲུག་དང་། སྲོག་དབང་། བདེ་སོགས། དད་སོགས། ཆོས་ཁམས་དང་ཆོས་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་གཅིག་གོ། བདག་དབང་བྱེད་པར་མངོན་ཞེན x ཇི་ལྟར་ན་སྡུག་བསྔལ་ཡིན་སོགས། སྡུག་བསྔལ་གྱི་ཚོར་བའི་རང་གི་མཚན་ཉིད་ཀྱི་སྡུག་བསྔལ་བ་དང་། སྡུག་བསྔལ་མྱོང་བར་འགྱུར་བའི་གཞི་དབང་པོ་དང་དོན་རྣམས་ཀྱི་ཆོས་ཀྱི་རང་གི་མཚན་ཉིད་ཀྱང་སྡུག་བསྔལ་གྱི་སྡུག་བསྔལ་བ་ཉིད་དུ་བལྟའོ། །ཐམས་ཅད་ཀྱི་ཕྱོགས་གཅིག་གོ། བདག་སྡུག་བསྔལ་བར་མངོན་ཞེན x ཇི་ལྟར་ན་འགྱུར་བའི་སྡུག་བསྔལ་བ་ཉིད་ཡིན་སོགས། བདེ་བའི་ཚོར་བ་འགྱུར་བ་རང་གི་མཚན་ཉིད་དང་། བདེ་བ་མྱོང་བར་འགྱུར་བའི་ཆོས་འགྱུར་བ་རང་གི་མཚན་ཉིད་དང་། དེ་ལ་ཡང་རྗེས་སུ་ཆགས་པས་སེམས་འགྱུར་བས་ཀྱང་འགྱུར་པའི་སྡུག་བསྔལ་ཉིད་དུ་བལྟའོ། །ཐམས་ཅད་ཀྱི་ཕྱོགས་གཅིག་གོ། བདག་བདེ་བར་མངོན་ཞེན x ཇི་ལྟར་ན་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་སོགས། སྡུག་བསྔལ་ཡང་མ་ཡིན།


MR12_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཡང་མ་ཡིན་པའི་ཚོར་བ་ཀུན་གཞིའི་རྣམ་ཤེས་དང་མཚུངས་ལྡན་རང་གི་མཚན་ཉིད་དང་། བདེ་སྡུག་གཉིས་མིན་མྱོང་བར་འགྱུར་བའི་འདུ་བྱེད་དང་ཆོས་ཀྱི་རང་མཚན་དང་། སྡུག་བསྔལ་དང་འགྱུར་བའི་སྡུག་བསྔལ་དེ་གཉིས་ཀའི་གནས་ངན་ལེན་ཡོངས་སུ་འཛིན་པ་དང་། སྡུག་བསྔལ་དེ་གཉིས་ཀ་ལས་མ་ཐར་བའི་རེས་བདེ་རེས་སྡུག་མྱོང་ནི་རྟག་ཏུ་སྡུག་མིན་བདེ་མིན་མྱོང་བ་མིན་ནོ། །དེ་ལྟ་བས་ན་མི་རྟག་པ་ཉིད་ཀྱིས་རྗེས་སུ་བཅིངས་པས་གྲུབ་པ་དང་། མཐའ་གཅིག་ཏུ་བདེ་བ་མ་ཡིན་པས་ཀྱང་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དུ་བལྟའོ། །ཕུང་པོ་རྣམས་དང་། ཁམས་ཐ་མ་གསུམ་དང་། སྐྱེ་མཆེད་ཡིད་ཆོས་གཉིས་ཀྱི། ཕྱོགས་གཅིག་ཟག་མེད་མ་གཏོགས་པར་ཐམས་ཅད་དོ། །བདག་བདེ་སྡུག་མ་ཡིན་པར་མངོན་ཞེན x ཇི་ལྟར་ན་རྣམ་པར་སྨིན་པ་དང་བཅས་པ་ཡིན་སོགས། དགེ་མི་དགེ་ཟག་བཅས་རྣམས་རྣམ་པར་སྨིན་པའི་ཀུན་གཞི་རྣམ་ཤེས་མཚུངས་ལྡན་དང་བཅས་པའོ། །ཕུང་པོ་རྣམས་དང་། རྣམ་ཤེས་བདུན་གཟུགས་སྒྲ་དང་ཆོས་ཁམས་ཁམས་བཅུ་དང་། སྐྱེ་མཆེད་གཟུགས་སྒྲ་ཡིད་ཆོས་བཞིའི་ཕྱོགས་ལུང་མ་བསྟན་དང་ཟག་མེད་མ་གཏོགས་པ་གཅིག་གོ། བདག་ཕུང་པོ་འཇོག་བྱེད་ཉིད་དང་། ཉིང་མཚམས་སྦྱོར་བྱེད་དུ་མངོན་བྱེད། x རྣམ་པར་སྨིན་པ་ནི། ཀུན་གཞི་རྣམ་ཤེས་མཚུངས་ལྡན་དང་བཅས་པར་བལྟའོ། །རྒྱུ་དེ་ལས་གཞན་པ་དག་ནི་རྣམ་པར་སྨིན་པ་ལས་བྱུང་བའོ། །ཇི་ལྟར་ན་ཟས་ཡིན་སོགས། ཁམས་ཟས་འཇུབས་ཀྱང་འཇུ་བ་ལས་གྱུར་བ་ལས་དབང་པོའི་འབྱུང་བ་ལ་ཕན་


MR12_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

འདོགས་པ་དང་། རེག་ཟས་ནི་ཡིད་འོང་ཡུལ་གྱིས་ཀྱང་རེག་པས་ལུས་ལ་ཕན་འདོགས་པའི་ཕྱིར་ཡུལ་ལས་གྱུར་བའི་ཟས་དང་། ཡིད་ཀྱི་སེམས་པའི་རེ་བས་ཀྱང་རེ་བ་ལས་གྱུར་པའི་སེམས་པའི་ཟས་དང་། ཀུན་གཞི་རྣམ་ཤེས་ཉེ་བར་ལེན་པས་ཀྱང་ལུས་གནས་པའི་ཕྱིར་ལེན་པར་གྱུར་པ་ཉིད་ནི་ཟས་སུ་བལྟའོ། །ཕུང་པོ་གསུམ་དང་། ཁམས་བཅུ་གཅིག་དང་། སྐྱེ་མཆེད་ལྔའི་ཕྱོགས་གཅིག་གོ། བདག་ཟས་ཀྱིས་གནས་པར་མངོན་ཞེན x ཡང་ཟས་ནི་མ་དག་པའི་འདོད་པའི་སོ་སྐྱེ་འཆིང་བ་ཀུན་ལྡན་གྱི་ལུས་གནས་པར་བྱེད་པ་ཟས་བཞི་པོ་དང་། ཟས་ཀྱིས་མ་དག་པ་དང་དག་པའི་སློབ་པ་རྣམས་དང་། གཟུགས་གཟུགས་མེད་ན་གནས་པའི། འཆིང་བའི་ལྷག་མ་ཡོད་པ་རྣམས་ཀྱི་ལུས་གནས་པར་བྱེད་པ་དང་། དག་པའི་དགྲ་བཅོམ་རྣམས་ཀྱི་ལུས་གང་དུ་སྐྱེས་པ་དེར་གནས་པར་བྱེད་པ་དང་། སངས་རྒྱས་བྱང་སེམས་དབང་ཐོབ་པའི་ལུས་ཟས་བཞིར་མི་ལྟོས་ཀྱང་གཞན་དོན་དུ་ཟས་ཀྱིས་གནས་པར་ཀུན་ཏུ་སྟོན་པར་བལྟའོ། །ཇི་ལྟར་ན་གོང་མ་དང་བཅས་པ་ཡིན་སོགས། འདུས་བྱས་དང་འདུས་མ་བྱས་ཀྱི་ཕྱོགས་གཅིག་གིས་ཀྱང་། མྱང་འདས་མ་གཏོགས་པའི་གོང་མ་དང་བཅས་པར་བལྟའོ། །དེའི་མཚན་ཉིད་རྣམ་པར་དག་པའི་དེ་བཞིན་ཉིད་དོ། །ཆོས་ཀྱི་ཁམས་དང་སྐྱེ་མཆེད་ཀྱི་ཕྱོགས་གཅིག་མ་གཏོགས་པ་ཐམས་ཅད་དོ། །བདག་རྫས་ངན་པར་མངོན་ཞེན x ཇི་ལྟར་ན་གོང་ན་མེད་པ་ཡིན་སོགས། འདུས་མ་བྱས་ཀྱི་ཕྱོགས་གཅིག་མྱང་འདས་ནི་གོང་ན་མེད་པར་བལྟའོ། །ཆོས་ཁམས་དང་སྐྱེ་མཆེད་ཀྱི་ཕྱོགས་


MR12_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གོ། བདག་རྫས་ཀྱི་མཆོག་ཏུ་མངོན་ཞེན x དེ་ལྟར་ཚུལ་འདི་ལྟ་བུས་རབ་ཏུ་དབྱེ་བ་ཚད་མེད་དོ། །ཡང་མདོར་བསྡུ་ན། ཕུང་ཁམས་སྐྱེ་མཆེད་ཀྱི་དབྱེ་བ་ནི་རྣམ་པ་གསུམ་སྟེ། ཀུན་བརྟགས་པའི་མཚན་ཉིད་ཀྱིས་བདག་ཏུ་བཏགས་པའི་འཁྲུལ་པས་རབ་ཏུ་དབྱེ་བ་དང་། རྣམ་པར་བརྟགས་པའི་གཞི་གཞན་དབང་གི་མཚན་ཉིད་ཀྱིས་དང་། ཆོས་ཉིད་ཡོངས་གྲུབ་ཀྱི་མཚན་ཉིད་ཀྱིས་རབ་ཏུ་དབྱེ་བའོ། །དང་པོ་ཕུང་ཁམས་སྐྱེ་མཆེད་རྣམས་ལ། བདག་ཅིའམ། སེམས་ཅན་དང་། སྲོག་དང་། སྐྱེ་བ་པོ་དང་། གསོ་བ་དང་། ཤེད་ལས་སྐྱེས་དང་། ཤེད་བུ་ཞེས་གང་ཀུན་ཏུ་རྟོག་པའོ། །རྣམ་བརྟགས་ཀྱི་མཚན་ཉིད་རབ་དབྱེ་ནི། ཕུང་ཁམས་སྐྱེ་མཆེད་དེ་དག་ཉིད་དོ། །ཆོས་ཉིད་ཀྱི་མཚན་ཉིད་ཀྱི་རབ་དབྱེ་ནི། ཕུང་ཁམས་སྐྱེ་མཆེད་དེ་དག་ཉིད་ལ། བདག་མེད་ཅིང་སེམས་ཅན་སོགས་མེད་པའོ། །བདག་མེད་པ་ནི། ཡོད་པ་ཉིད་དོ། །ཡང་རབ་དབྱེ་བཞི་སྟེ། མཚན་ཉིད་ཀྱིས་རབ་དབྱེ། རྣམ་པས x ལུས་ཀྱིས x རྒྱུན་གྱིས་རབ་དབྱེའོ། །དང་པོ་ཕུང་ཁམས་སྐྱེ་མཆེད་རྣམས་སོ་སོའི་རང་མཚན་གྱི་དབྱེ་བའོ། །རྣམ་པས་དབྱེ་བ། ཕུང་ཁམས་སྐྱེ་མཆེད་དེ་དག་གི། རྫས་ཡོད། བཏགས་ཡོད། ཀུན་རྫོབ་དུ་ཡོད་པ་དང་། དོན་དམ་པར་ཡོད་པ་དང་། གཟུགས་ཅན་གཟུགས་ཅན་མིན། བསྟན་ཡོད། བསྟན་མེད། སོགས་སོ། །ལུས་ཀྱིས་རབ་དབྱེ། སེམས་ཅན་རྣམས་ཀྱི་ལུས་ཇི་སྙེད་པར་ཕུང་ཁམས་སྐྱེ་མཆེད་དེ་སྙེད་དོ། །རྒྱུན་གྱིས་རབ་དབྱེ་ཕུང་ཁམས་སྐྱེ་མཆེད་རྣམས་ཀྱི་སྐད་ཅིག་རེ་རེ་འབྱུང་བའོ། །མཚན་


MR12_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་རབ་དབྱེ་ལ་མཁས་པས་བདག་ལ་མངོན་ཞེན་ཡོངས་སུ་ཤེས་སོ། །རྣམ་པས་རབ་དབྱེར་མཁས་པས་རིལ་པོའི་འདུ་ཤེས་ཡོངས་སུ་ཤེས་སོ། །ལུས་ཀྱི་རབ་དབྱེས། མ་བྱས་པ་དང་ཕྲད་པ་དང་། བྱས་པ་ཆུད་མི་ཟ་བའི་འདུ་ཤེས་ཡོངས་སུ་ཤེས་སོ། །རྒྱུན་གྱི་རབ་དབྱེར་མཁས་པས། རྟག་པའི་འདུ་ཤེས་ཡོངས་སུ་ཤེས་སོ། །ཡང་ཕུང་སོགས་ཀྱི་རབ་དབྱེ་དྲུག་སྟེ། ཕྱི་རོལ་དུ་བལྟས་པས་རབ་དབྱེ་ཞེས་པ་ཕལ་ཆེར་འདོད་ཁམས་ན་སྤྱོད་པས་རབ་ཏུ་དབྱེ་བ་དང་། ནང་དུ་བལྟས་པའི་རབ་དབྱེ། མཉམ་བཞག་གིས་པ་ཐམས་ཅད་དོ། །རྒྱུན་རིང་བའི་དུས་ཀྱི་རབ་དབྱེ། སོ་སོའི་སྐྱེ་བོ་རྣམས་ཀྱིའོ། །དུས་ཡོངས་སུ་ཆད་པའི་རབ་དབྱེ། སློབ་མི་སློབ་རྣམས་ཀྱི། ཐ་མའི་ཕུང་ཁམས་སྐྱེ་མཆེད་མ་གཏོགས་པའོ། །དེའི་དུས་ཀྱི་རབ་དབྱེ། མི་སློབ་པ་རྣམས་ཀྱི་ཐ་མའི་ཕུང་ཁམས་སྐྱེ་མཆེད་རྣམས་སོ། །ཀུན་ཏུ་སྟོན་པའི་རབ་དབྱེ། དབང་ཐོབ་པའི་སངས་རྒྱས་བྱང་སེམས་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཀུན་ཏུ་སྟོན་པའོ། །བསྡུས་པ་གང་ཞེ་ན། མཚན་ཉིད་ཀྱིས་བསྡུས་པ་དང་། ཁམས་ཀྱིས x རིགས་ཀྱིས x གནས་སྐབས་ཀྱིས x གྲོགས་ཀྱིས x ཕྱོགས་ཀྱིས x དུས་ཀྱིས x ཕྱོགས་གཅིག་གིས x མཐའ་དག་གིས x གཅིག་གིས་གཅིག་བསྡུས་པ། དོན་དམ་པས་བསྡུས་པ་བཅུ་གཅིག་གོ། དང་པོ་ཕུང་སོགས་སོ་སོའི་མཚན་ཉིད་བསྡུས་པ་དང་། ཁམས་ཀྱིས་ནི། ཕུང་ཁམས་སྐྱེ་མཆེད་ཀྱི་ས་བོན་ཀུན་གཞིའི་རྣམ་ཤེས་གང་ཡིན་པ་དེ། དེ་དག་གི་ཁམས་ཐམས་ཅད་ཀུན་གཞིའི་རྣམ་ཤེས་གཅིག་གིས་བསྡུས་པའོ། །རིགས་


MR12_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ནི་ཕུང་སོགས་མཚན་ཉིད་ཐ་དད་ཀྱང་། ཕུང་པོའམ། ཁམས་སམ། སྐྱེ་མཆེད་ཀྱི་དོན་བཙན་པར་བྱས་ནས་ཐམས་ཅད་ཕན་ཚུན་གྱིས་བསྡུས་པའོ། །གནས་སྐབས་ཀྱིས་ནི། བདེ་སྡུག་བཏང་སྙོམས་ཀྱི་གནས་སྐབས་ཀྱིས། ཕུང་སོགས་དེ་དག་བསྡུས་པའོ། །གྲོགས་ཀྱིས་ནི། གཟུགས་ཕུང་ལའང་ཕུང་པོ་ལྔ། ཚོར་སོགས་ལའང་གཞན་ལྡན་པས་རེ་རེས་ལྔ་ཀ་བསྡུས་ཏེ། གཟུགས་ཕུང་འཁོར་དང་བཅས་པ། དེ་ལས་གཞན་པའི་ཕུང་པོའི་གྲོགས་སུ་གྱུར་པ་ཚོར་བ་སོགས་རྣམས་ཀྱིས། གྲོགས་ཀྱི་བསྡུ་བས་བསྡུས་པའོ། །དེ་བཞིན་དེ་ལས་གཞན་པའི་ཕུང་ཁམས་སྐྱེ་མཆེད་རྣམས་ལའང་རིག་པར་བྱའོ། །ཕྱོགས་ཀྱིས་ནི་ཕུང་སོགས་ཤར་གྱི་ཕྱོགས་ལ་སོགས་པས་བསྡུས་པའོ། །དུས་ཀྱིས་ནི། འདས། ད་ལྟ། མ་འོངས་པས་ཕུང་སོགས་དེ་དག་དེར་བསྡུས་པའོ། །ཕྱོགས་གཅིག་གིས་ནི། ཕུང་སོགས་ཀྱི་ཆོས་ཇི་སྙེད་པ། དེ་དག་གང་རུང་བས་བསྡུས་པ། ཚུལ་ཁྲིམས་ཀྱི་ཕུང་པོ་གཟུགས་ཕུང་གི་ཕྱོགས་གཅིག་གིས་བསྡུས། ཏིང་འཛིན་ཤེས་རབ་འདུ་བྱེད་ཀྱི་ཕུང་པོའི་ཕྱོགས་གཅིག་གིས་བསྡུས་པ་ལྟ་བུ་ལ་སོགས་པའོ། །མཐའ་དག་གིས་ནི། ཕུང་སོགས་དེའི་ཆོས་མ་ལུས་པ་བསྡུས་པ་སྡུག་བསྔལ་གྱི་ཕུང་པོ་ཉེར་ལེན་ཕུང་ལྔས་བསྡུས།འདོད་པའི་ཁམས་ཁམས་བཅོ་བརྒྱད་དག་གིས་བསྡུས་པ་ལ་སོགས་པའོ། །གཅིག་གིས་གཅིག་བསྡུས་པ་ནི། གཟུགས་ཕུང་ཁམས་དུ་དང་། སྐྱེ་མཆེད་དུ་དག་གིས་བསྡུས་ཞེ་ན། ཁམས་དང་། སྐྱེ་མཆེད་བཅུ་དང་། ཁམས་དང་


MR12_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་མཆེད་ཀྱི་ཕྱོགས་གཅིག་གིས་བསྡུས། ཚོར་ཕུང་ནི་ཁམས་སྐྱེ་མཆེད་གཅིག་གི་ཕྱོགས་གཅིག་གིས་བསྡུས་སོགས་མང་པོ་གསུངས་སོ། །གནས་ཀྱིས་བསྡུས་པ། འཛམ་གླིང་གི་སེམས་ཅན་རྣམས་འཛམ་གླིང་པར་བསྡུས་པ། དེ་བཞིན་མིག་སོགས་ཀྱིས་མིག་གི་རྣམ་ཤེས་སོགས་བསྡུས་སོ། །འཆིང་བས་བསྡུས་པ། ཐག་པས་ཤིང་ཁུར་བཅིང་བ་ལྟར། ལུས་ཀྱིས་མིག་སོགས་དབང་པོ་རྣམས་བསྡུས། དོན་མཐུན་པས་བསྡུས་པ། དོན་མཐུན་རྣམས་བཞིན་ནོ། །ཉེ་བར་འཛིན་པས་བསྡུས་པ། ཇོ་བོས་བྲན་སོགས་བཟུང་བ་བཞིན། ཀུན་གཞི་རྣམ་ཤེས་ཀྱིས་ལུས་བཟུང་། མི་འཕྲོ་བས་བསྡུས་པ། བུམ་པས་ཆུ་བཟུང་བ་ལྟར། ཏིང་འཛིན་གྱིས་དེ་ལས་གཞན་པའི་སེམས་སེམས་བྱུང་རྣམས་བཟུང་བའོ། །མངོན་པར་སྡུད་པས་བསྡུས་པ། རྒྱ་མཚོས་འབབ་ཆུ་རྣམས་བཞིན། གཟུགས་ཕུང་གིས་མིག་སོགས་བསྡུས་སོ། །འདིར་མངོན་སྡུད་པའི་དབང་དུ་བྱས་པའི་སྡུད་པ་བཅུ་གཅིག་ཏུ་རིག་པར་བྱའོ། །དོན་དམ་པས་བསྡུས་པ་ནི། ཕུང་སོགས་ཀྱི་དེ་བཞིན་ཉིད་དོ། །དེ་ལྟར་བསྡུས་པར་ཕན་ཡོན་ཅི་ཡོད་ཞེ་ན། དམིགས་པ་མངོན་པར་སྡུད་པའི་ཕན་ཡོན་ཐོབ་ཅིང་། ཇི་ལྟ་ཇི་ལྟར་སྡུད་པ་དེ་ལྟ་དེ་ལྟར་དགེ་རྩ་འཕེལ་ལོ་གསུངས། མཚུངས་པར་ལྡན་པ་གང་ཞེ་ན། དྲུག་སྟེ། ཐ་དད་པ་མེད་པས་མཚུངས་པར་ལྡན་པ་རྡུལ་ཕྲ་རབ་ལ་ཕྱོགས་ཅན་ཕྱོགས་ཐམས་ཅད་མཚུངས་པར་ལྡན་པས་ཐ་དད་མེད་པའོ། །འདྲེས་པར་གྱུར་པས་མཚུངས་ལྡན་ནི།


MR12_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་རབ་ལས་གོང་མ་གོང་དུ་གྱུར་པ་ཕྱོགས་ཅན་རྣམས་ཕན་ཚུན་འདྲེས་པར་གྱུར་པ་ཆུ་རྙོག་མ་ཅན་གྱི་ནང་དུ་ཆུ་དང་། སའི་རྡུལ་ཕྲ་རབ་རྣམས་འདྲེས་པ་ལྟ་བུའོ། །ཕྲད་པས་མཚུངས་ལྡན་ནི། ཕྱོགས་ཅན་འདུས་པ་རྣམས་ཕན་ཚུན་ཕྲད་པ་སྟེ་རྩིག་པ་ལ་འཇིམ་གོང་དང་། འཇིམ་གོང་གཞན་ཕྲད་པ་ལྟ་བུའོ། །ལྷན་ཅིག་འབྱུང་བས་མཚུངས་ལྡན། ཕུང་ཁམས་སྐྱེ་མཆེད་ལྷན་ཅིག་འབྱུང་བས་འཁོད་པ་སྟེ། སྐྱེ་བ་གཅིག་པ། གནས་པའི་ངང་གཅིག་པ།འགག་པ་གཅིག་པའོ། །བྱ་བ་བསྒྲུབ་པས་མཚུངས་ལྡན་དགོས་པ་གཅིག་ལ་ཞུགས་པ། དགེ་སློང་གཉིས་རྩོམ་པ་གང་ཡང་རུང་བ་གཉིས་ལ་མཚུངས་པར་ཞུགས་པ་ལྟ་བུ་དེ་གཉིས་ཕན་ཚུན་ལྡན་པའོ། །མཐུན་པར་རྟོགས་པས་མཚུངས་ལྡན། སེམས་སེམས་བྱུང་རྣམས་དམིགས་པ་ལ་མཐུན་པར་རྟོགས་པའོ། །དེ་ཡང་གཞན་གྱི་དངོས་པོ་དང་མཚུངས་ལྡན་ཡིན་གྱི། བདག་གི་དངོས་པོ་མ་ཡིན་ནོ། །དེ་རང་ལ་རང་མཚུངས་ལྡན་མེད་དོ། །དེ་ཡང་མཐུན་པ་གཉིས་ཡིན་གྱི་མི་མཐུན་ལྷན་ཅིག་འབྱུང་མི་རུང་བས་མ་ཡིན་ནོ། །དུས་འདྲ་བ་གཉིས་ཡིན་གྱི་དུས་མི་འདྲ་བ་མིན་ནོ། །མཐུན་པའི་ཁམས་དང་ས་གཅིག་པ་ཡིན་གྱི་མི་མཐུན་པའི་དེ་མ་ཡིན་ནོ། །མཚུངས་པར་ལྡན་པ་ཀུན་ཏུ་འགྲོ་བ་ནི། ཚོར་འདུ་སེམས་པ་རེག་པ་ཡིད་བྱེད་རྣམ་ཤེས་ཏེ་དྲུག་པོ་དེ། གང་རུང་གཅིག་མེད་ན་མི་འབྱུང་བའི་ཕྱིར་སེམས་ཐམས་ཅད་དུ་འགྲོ་བ་རྣམས་སོ། །མཚུངས་ལྡན་ཀུན་འགྲོ་ཉོན་མོངས་ཅན་ནོ། །ཡིད་ཉོན་ཡིད་དང་ཉོན་མོངས་


MR12_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པོ་རྟག་ཏུ་མཚུངས་ལྡན་རྣམས་སོ། །རེས་འགའ་མཚུངས་ལྡན་ནི། སེམས་དང་སོགས་དགེ་བ་ཆགས་སོགས་ཉོན་མོངས་དང་ཉེ་ཉོན་རྣམས་སོ། །གནས་སྐབས་ཀྱི་མཚུངས་ལྡན་ནི། །བདེ་ཚོར་མཚུངས་ལྡན་དང་བཅས་པའོ། །སྡུག་བསྔལ་དང་། བདེ་སྡུག་མིན་པའི་གནས་སྐབས་དེར་མཚུངས་ལྡན་ནོ། །རྒྱུན་མི་འཆད་པར་མཚུངས་ལྡན་ནི། ལུས་སེམས་དང་བཅས་པའི་དུས་ནའོ། །རྒྱུན་ཆད་པའི་མཚུངས་ལྡན། སེམས་མེད་པའི་སྙོམས་འཇུག་གིས་བར་དུ་ཆོད་པའི་འོ། །ཕྱིར་བལྟས་མཚུངས་ལྡན་ཕལ་ཆེར་ཞེས་ཐོས་སོགས་མ་གཏོགས་པའི་འདོད་ཁམས་པའི་སེམས་སེམས་བྱུང་། ནང་བལྟས་མཉམ་བཞག་ས་བའི་དེ་ཁ་ཅིག་མ་གཏོགས་པའོ། །སྔར་འདྲེས་པའི་མཚུངས་ལྡན་སོ་སྐྱེ་རྣམས་ཀྱི་སེམས་སེམས་བྱུང་དང་། སློབ་མི་སློབ་ལས་ཀྱང་གཅིག་གོ། ཞེས་གཅིག་ཏུ་འཇིག་རྟེན་པའི་དགེ་བ་རྣམས་དང་། མི་དགེ་དང་། ལུང་མ་བསྟན་རྣམས་ཀྱི་སྟེ་ཇི་རིགས་པར་རོ། །མ་འདྲེས་པའི་མཚུངས་ལྡན་ནི། །འཇིག་རྟེན་འདས་པ་རྣམས་ཀྱི་སེམས་སེམས་བྱུང་རྣམས་ཀྱི་སེམས་སྐད་ཅིག་དང་པོ་དང་། དེའི་འོག་མ་ལ། སྐད་ཅིག་གཉིས་པ་རྣམས་དང་། འདས་པའི་རྗེས་ཐོབ་རྣམས་ཀྱི་འོ། །མཚུངས་ལྡན་ལ་མཁས་པས་སེམས་ལ་ཚོར་སོགས་དང་། ཀུན་ཉོན་རྣམ་བྱང་གི་ཆོས་རྣམས་ཀྱི་མཚུངས་པར་ལྡན་མི་ལྡན་ཤེས། དེས་བདག་ཚོར་བར་བྱེད། འདུ་ཤེས་སུ་བྱེད། སེམས་པར་བྱེད། དྲན་པར་བྱེད། ཉོན་མོངས་པར་བྱེད། རྣམ་བྱང་བྱེད་ཅེས། མངོན་ཞེན་སྤངས་


MR12_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

པས་བདག་མེད་ལ་འཇུག་གོ། ལྡན་པ་གང་ཞེ་ན། མཚན་ཉིད་ཀྱིས། དགེ་སོགས་ཆོས་རྣམས་ཀྱི་འཕེལ་འགྲིབ་སྙེད་ཐོབ་ལྡན་པ་གདབ་པ་སྔ་མ་བཞིན་ནོ། །དབྱེ་བ་ནི། ས་བོན་དང་ལྡན་པ། དབང་དང་ལྡན་པ།ཀུན་ཏུ་འབྱུང་བ་དང་ལྡན་པའོ། །ས་བོན་ནི། འདོད་ཁམས་སུ་སྐྱེས་པ། འདོད་པའི་ཉོན་མོངས་རྣམས་དང་། གཟུགས་གཟུགས་མེད་ཀྱི་ཉོན་མོངས་རྣམས་དང་། སྐྱེས་ཐོབ་ཀྱི་དགེ་བའི། ས་བོན་དང་ལྡན་པས་ལྡན་ནོ། །གཟུགས་ཁམས་སུ་སྐྱེས་པ། འདོད་ཉོན་དང་མི་ལྡན། ས་བོན་དང་ལྡན། གཟུགས་གཟུགས་མེད་ཀྱི་ཉོན་མོངས་ཀུན་དང་སྐྱེས་དགེའི་ས་བོན་དང་ལྡན། གཟུགས་མེད་དུ་སྐྱེས་པ། འདོད་གཟུགས་ཀྱི་ཉོན་མོངས་དང་མི་ལྡན། ས་བོན་དང་ལྡན། གཟུགས་མེད་པའི་ཉོན་མོངས་རང་སྐྱེས་ཐོབ་ཀྱི་དགེ་བའི་ས་བོན་དང་ལྡན་པས་ལྡན་པའོ། །འཇིག་རྟེན་ཆགས་བྲལ་གྱིས་དེའི་ཉོན་མོངས་དང་མི་ལྡན་ལ་ས་བོན་ནམ་བག་ཉལ་མ་བཅོམ་པས་མི་ལྡན་པའང་མིན་ནོ། །ཁམས་གསུམ་གྱི་གཉེན་པོ་ཆགས་བྲལ་ཐོབ་པས་ནི། གང་སྒོམ་སྤང་ཆེ་འབྲིང་ཆུང་གསུམ་སྤང་བ་དེའི་ས་བོན་མི་ལྡན། གང་གི་གཉེན་པོ་མ་བྱུང་བ་དེ་ལྡན་ནོ། །དབང་དང་ལྡན་པ་ནི། འཇིག་རྟེན་དགེ་བ་སྦྱོར་བྱུང་ཐོས་སོགས་ཀྱི་ས་བོན་ཡོད་ཀྱང་གོམས་པར་མ་བྱས་པས། ས་བོན་མ་བརྟས་པས་མངོན་དུ་བྱེད་མི་ནུས་པ་དང་། འདས་པའི་བསམ་གཏན་རྣམ་ཐར། ཏིང་འཛིན་སྙོམས་འཇུག་སོགས་དང་། ལུང་མ་བསྟན་ལས། ཁ་ཅིག་ནི། བཟོ་གནས་དང་སྤྲུལ་སེམས་


MR12_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། དབང་དང་ལྡན་པས་ལྡན་པའོ། །ཀུན་འབྱུང་བ་དང་ལྡན་པ་ནི། ཕུང་ཁམས་སྐྱེ་མཆེད་རྣམས་ལས། དགེ་མི་དགེ། ལུང་བསྟན་མ་བསྟན་ལ་ཡང་རུང་། ཆོས་གང་དང་གང་མངོན་གྱུར་དེ་ཉིད། ཀུན་ཏུ་འབྱུང་བ་དང་ལྡན་པས་ལྡན་པའོ། །དགེ་རྩ་ཆད་པ་ནི། དགེ་ཆོས་རྣམས་ཀྱི་ས་བོན་ལྡན་པས་ལྡན་པ་དང་། དགེ་རྩ་དང་ལྡན་པ་མ་ཡིན་པ་ཞེས་ཀྱང་བྱའོ། །ཀུན་ཉོན་དང་གཏན་དུ་ལྡན་པའི་མྱ་ངན་མི་འདའ་བའི་ཆོས་ཅན། འདོད་སྲིད་ཅན་རྣམས་ཀྱི་ཡིན་པར་བལྟ་སྟེ། དེ་དག་ལ་ཐར་བའི་རྒྱུ་མེད་ཕྱིར་ཐར་བའི་རྒྱུ་དང་གཏན་མི་ལྡན་པའོ། །ལྡན་པ་ལ་མཁས་པས། ཕན་ཡོན་ནི། ཆོས་རྣམས་ཀྱི་འཕེལ་འགྲིབ་ཤེས་ནས། འཇིག་རྟེན་པའི་ཕུན་ཚོགས་དང་། རྒུད་པ་གང་ལ་ཡང་གཅིག་ཏུ་ངེས་པར་འདུ་ཤེས་པས་ཆགས་སྡང་སྤོང་བར་འགྱུར་རོ། །མཚན་ཉིད་ཀུན་ལས་བཏུས་པ་སྟེ་དང་པོའོ། །རྣམ་པར་ངེས་པ་གང་ཞེ་ན། བདེན་པ་རྣམ་པར་ངེས་པ། ཆོས་རྣམས་པར་ངེས་པ། འཐོབ་པ་རྣམ་པར་ངེས་པ། འབེལ་བའི་ཡང་དག་པའི་གཏམ་རྣམ་པར་ངེས་པའོ། །དང་པོ། བདེན་པ་བཞིའོ། །སྡུག་བསྔལ་བདེན་པ་ནི། གང་སྐྱེ་བ་སེམས་ཅན་གྱི་འཇིག་རྟེན་དང་། གང་དུ་སྐྱེས་བའི་གནས་ཀྱིས་ཀྱང་། སྣོད་ཀྱི་འཇིག་རྟེན་གཉིས་ཀ་སྡུག་བསྔལ་བདེན་པར་རིག་པར་བྱའོ། །སེམས་ཅན་སྐྱེ་བ་དང་དམྱལ་བ་སོགས། ཁམས་གསུམ་མིང་ཡོད། གནས་མང་པོ་བཤད་དེ། གོ་སླ་བྲི་རྒྱུ་མེད། སྡུག་བདེན་གྱི་མི་རྟག་པའི་མཚན་ཉིད་ནི། གང་


MR12_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་མཚན་ཉིད་ཕུང་ཁམས་སྐྱེ་མཆེད་ལ་བདག་གི་དུས་རྟག་ཏུ་མེད་པ་དང་། རྣམ་པར་འཇིག་པའི་མཚན་ཉིད་འདུ་བྱེད་སྐྱེས་པ་དང་། འགྱུར་བའི་མཚན་ཉིད་གཞན་གཞན་དུ་དང་། འབྲལ་བའི་མཚན་ཉིད་སྐད་ཅིག་ལ་མི་གནས་པ་དང་། ཉེ་བའི་མཚན་ཉིད་མི་རྟག་པས་ནོན་པ་དང་། ཆོས་ཉིད་ཀྱི་མཚན་ཉིད་མི་རྟག་པ་ཉིད་འབྱུང་བ་རྒྱུས་འབྲེལ་བ་དང་། སྐད་ཅིག་གི་མཚན་ཉིད། སྐད་ཅིག་ལས་མི་གནས་པ་དང་། རྒྱུན་གྱི་མཚན་ཉིད་ཐོག་མེད་ནས་རྒྱུན་མི་འཆད་པ་དང་། ནད་ལ་སོགས་པའི་མཚན་ཉིད་ན་རྒ་འཆི་སོགས་དང་། སེམས་སྣ་ཚོགས་ཀྱི་རྣམ་པར་འབྱུང་བའི་མཚན་ཉིད་ཆགས་ཆགས་བྲལ་གཡེང་བ་དང་མཉམ་བཞག་བདེ་སྡུག་སོགས་དང་། ལོངས་སྤྱོད་ཕུན་ཚོགས་རྒུད་པའི་མཚན་ཉིད་འབྱོར་མཐའ་དང་། སྣོད་མེ་ཆུ་རླུང་གིས་འཇིག་པ་དང་གང་འཆགས་པའི་བསྐལ་བཤད་མཚན་ཉིད་དོ། །སེམས་ཅན་རྣམས་ཚེ་དང་ལས་དང་། བསོད་ནམས་ཟད་པས་མཐོ་རིས་སོགས་ནས་འཆི་འཕོའོ། །ཚེ་ཟད་པ་ནི་འཆི་བའི་དུས་ལ་བབ་པའོ། །བསོད་ནམས་ཟད་པ་དུས་མིན་འཆི་བ་སྟེ། འདི་ལྟར་སྙོམས་འཇུག་གི་རོ་མྱོང་བས་བསོད་ནམས་ཟད་དེ་དུས་ལ་མ་བབ་ཀྱང་འཆིའོ། །ལས་ཟད་པ་ནི། དེར་སྐྱེས་ནས་མྱོང་འགྱུར་དང་། སྔོན་གྱི་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཡོངས་སུ་གཏུགས་པའོ། །ཅིའི་ཕྱིར་མི་རྟག་པ་དེ་སྡུག་བསྔལ་ཞེས་གསུངས་ཤེ་ན། མི་རྟག་པ་ནི་སྐྱེ་བ་དང་འཇིག་པ་གཉིས་ཀྱི་ཆར་གཏོགས་པ་ཡིན་ལ། སྐྱེ་བའི་ཆར་


MR12_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་པའི་མི་རྟག་པ་ལ་བརྟེན་ནས། སྡུག་བསྔལ་གྱི་སྡུག་བསྔལ་ཉིད་རབ་ཏུ་ཤེས་སོ། །འཇིག་ཆར་གཏོགས་པའི་མི་རྟག་པ་ཉིད་ལ་བརྟེན་ནས་འགྱུར་བའི་སྡུག་བསྔལ་ཤེས་སོ། །གཉིས་ཀའི་ཆར་གཏོགས་ལ་བརྟེན་ནས་འདུ་བྱེད་ཀྱི་སྡུག་བསྔལ་རབ་ཏུ་ཤེས་སོ། །འདུ་བྱེད་མི་རྟག་པ་དང་འགྱུར་བ་ལ་དགོངས་ནས་གང་ཅི་ཚོར་ཡང་རུང་འདི་ནི་འདིར་སྡུག་བསྔལ་དུ་གསུངས་སོ། །སྐྱེ་འཇིག་དང་འབྲེལ་བའི་འདུ་བྱེད་རྣམས་ལ་སྐྱེ་སོགས་སྡུག་བསྔལ་བརྒྱད་མངོན་པར་དེ་ཕྱིར་སྡུག་བསྔལ་ཞེས་བྱའོ། །སྡུག་བསྔལ་བརྒྱད་ཡིན་ཡང་གསུམ་འགྱུར་བའི་སྡུག་བསྔལ་དུ་བསྡུས་ན་དྲུག་ཏུ་འགྱུར་རོ། །སྟོང་པའི་མཚན་ཉིད་ནི། གང་ལ་གང་མེད་པ་དེ་ནི་དེས་སྟོང་པར་ཡང་དག་པར་རྗེས་སུ་མཐོང་བ་སྟེ། འདི་ལ་ལྷག་མ་གང་ཡིན་པ་དེ་ནི། འདིར་ཡོད་པའོ་ཞེས་ཡང་དག་ཇི་ལྟ་བ་བཞིན་ཤེས་པ་འདི་ནི་སྟོང་པ་ཉིད་ལ་འཇུག་པ་ཡང་དག་པའི་ལྟ་བ་སྟེ། ཕྱིན་ཅི་མ་ལོག་པའོ། །གང་ན་ཅི་ཞིག་མེད་ཅེ་ན། ཕུང་ཁམས་སྐྱེ་མཆེད་རྣམས་ལ། རྟག་པ་དང་བརྟན་པ་དང་ཐེར་ཟུག་པ་དང་། མི་འགྱུར་པའི་ཆོས་ཅན་དང་བདག་དང་བདག་གི་མེད་དོ། །དེ་ལྟར་དེ་དག་དེས་སྟོང་ངོ་། །དེ་ལ་ལྷག་མ་ཡོད་པ་ཅི་ཞིག་ཅེ་ན། གང་བདག་མེད་པ་དེ་ཉིད་དོ། །དེ་ལྟར་བདག་ནི་མེད་ཀྱི་བདག་མེད་པ་ཡོད་པར་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱའོ། །འདི་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས། ཡོད་པ་ཡང་ཡོད་པར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །མེད་པ་ཡང་མེད་པར་ཡང་དག་པ་ཇི་བཞིན་


MR12_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་ཤེས་སོ། །ཞེས་གསུངས་སོ། །ཡང་སྟོང་པ་ཉིད་རྣམ་པ་གསུམ་སྟེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དང་། དེ་བཞིན་དུ་ཡོད་པ་མ་ཡིན་པའི་སྟོང་པ་ཉིད་དང་། རང་བཞིན་གྱི་སྟོང་པ་ཉིད་དོ། །དང་པོ་ཀུན་བརྟགས་པའི་ངོ་བོ་ཉིད་ཉེ་བར་བཟུང་བར་བལྟའོ། །གཉིས་པ་གཞན་དབང་གི་ངོ་བོ་ཉིད་དང་། གསུམ་པ་ཡོངས་གྲུབ་ཀྱི་ངོ་བོ་ཉིད་ཉེ་བར་བཟུང་བར་བལྟའོ། །བདག་མེད་པའི་མཚན་ཉིད་ནི། བདག་ཏུ་སྨྲ་བ་རྣམས་ཀྱིས་བདག་ཏུ་བཏགས་པའི་མཚན་ཉིད་དེས། ཕུང་ཁམས་སྐྱེ་མཆེད་རྣམས་བདག་གི་མཚན་ཉིད་དང་བྲལ་བའོ། །ཕུང་སོགས་རྣམས་ནི་བདག་གི་མཚན་ཉིད་ཀྱིས་བདག་མེད་པའོ། །འདི་ལ་དགོངས་ནས་སངས་རྒྱས་ཀྱིས་ཆོས་ཐམས་ཅད་བདག་མེད་པའོ། །ཞེས་གསུངས་སོ། །ཡང་འདི་དག་ཐམས་ཅད་ནི་ང་ཡི་བ་མེད་དོ། །འདི་ནི་ང་མ་ཡིན་པའོ། །འདི་ནི་ངའི་བདག་མ་ཡིན་པ་སྟེ། དེ་ནི་འདི་བཞིན་ནོ། །ཞེས་ཡང་དག་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་བལྟ་བར་བྱའོ། །ཞེས་གསུངས་པ་འདིའི་དོན་ཅི་ཞེ་ན། ཕྱིའི་དངོས་པོ་འདི་ནི་བདག་གི་མ་ཡིན་ནོ། །ནང་གི་ངོ་བོ་འདི་ནི་ང་མ་ཡིན་ནོ། །འདི་ནི་ངའི་བདག་མ་ཡིན་པའོ་ཞེས་དགོངས་ནས་དེ་ལྟར་གསུངས་སོ། །དེ་ལྟར་ཕྱིའི་དངོས་པོ་ལ་བདག་གི་བའི་རྣམ་པ་དང་། རང་ལ་ནི་བདག་དང་བདག་གི་བའི་རྣམ་པ་བཀག་གོ། སྐད་ཅིག་གི་མཚན་ཉིད་ནི་མི་རྟག་པ་ཉིད་དོ། །ཞེས་གསུངས་པ་དེ་ཇི་ལྟ་བུ་ཞེ་ན། ཇི་ལྟར་སེམས་དང་སེམས་བྱུང་སྐད་ཅིག་མ་ཡིན་པ་དེ་ལྟར་


MR12_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཡུལ་གཟུགས་ཀྱང་སྐད་ཅིག་མར་བལྟ་སྟེ། སེམས་ཀྱིས་ལུས་ཟིན་པ་དང་། སེམས་དང་བཅས་པས་ལུས་གྲུབ་བདེ་གཅིག་པ་མ་ཡིན་ན་ལུས་རུལ་པ་དང་། ཆགས་སོགས་བདེ་སོགས་ཀྱིས་སེམས་འགྱུར་ན་ལུས་དེ་འགྱུར་བ་དང་དབང་པོ་དང་བཅས་པའི་ལུས་ནི་སེམས་ཀྱི་གནས་ཡིན་པ་དང་། ནང་དང་ཕྱིའི་གཟུགས་ཐམས་ཅད་སེམས་ཀྱི་དབང་གིས་བྱུང་བ་དང་། སེམས་ཀྱི་མཐུ་ཐོབ་པའི་མོས་པ་བཞིན་སེམས་ཀྱིས་གཟུགས་ལ་དབང་སྒྱུར་བའི་ཕྱིར་རོ། །དེ་ལྟར་ན་སེམས་སྐད་ཅིག་མ་ཡིན་པ་བཞིན་དེ་དང་འབྲེལ་བའི་ལུས་དང་གཟུགས་ཀྱང་སྐད་ཅིག་མར་གྲུབ་བོ། །ཡང་གཟུགས་གང་ཡང་མཐར་འགྱུར་བར་དམིགས་པ་དང་། དང་པོ་སྐྱེས་ནས་ཀྱང་རྐྱེན་གཞན་ལ་མི་ལྟོས་པར་རང་གི་ངང་གིས་རྣམ་པར་འཇིག་པའི་ཕྱིར་གཟུགས་ཀྱང་སྐད་ཅིག་མ་ཉིད་དུ་བལྟའོ། །གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། དེ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དག་དང་། འབྱུང་བ་ཆེན་པོ་བཞི་རྒྱུར་བྱས་པའོ། །ཞེས་གང་གསུངས་པ་དེ་ཅི་ལས་དགོངས་ཏེ་གསུངས་ཤེ་ན། དེ་ལྟར་སྲེད་པའམ་ཡོད་པ་ལ་དགོངས་ནས་གསུངས་སོ། །ཕྱོགས་གཅིག་ལ་བརྟེན་པའི་དངོས་པོའི་དོན་ནི་རྒྱུར་བྱས་པའི་དོན་ཏེ། རྒྱུ་གཟུགས་འདུས་པ་གང་ལས་འབྱུང་བ་གང་དམིགས་པ་དེ་ནི་དེ་ན་ཡོད་དོ་ཞེས་བརྗོད་པར་བྱའོ། །འབྱུང་བ་གཅིག་ལས་གྱུར་བའི་འདུས་པས་རྡོག་སྐམ་པོ་ལྟ་བུ་ཡང་ཡོད། གཉིས་ལས་གྱུར་བ་སྔ་མ་དེ་ཉིད་གཤེར་བ་ལྟ་བུ་ཡོད་པ་ནས། འབྱུང་བ་གསུམ་ལས་དེ་ཉིད་དྲོ་བ། བཞི་ནི་ས་རྡོག་དེ་དྲོ་གཤེར་འདྲིལ་ཞིང་འགྲོ་བ་ལྟ་བུ་ཐམས་ཅད་ལས་གྱུར་པ་ཡང་ཡོད་དོ། །རྒྱུར་བྱས་པའི་གཟུགས་ལ་ཡང་རྒྱུར་བྱས་པའི་གཟུགས་གང་འདུས་པ་གང་ལ་དམིགས་པ་དེ་ནི་དེ་ན་ཡོད་


MR12_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

པའོ་ཞེས་རིག་པར་བྱའོ། །གཅིག་པ་འོད་ལྟ་བུ། གཉིས་ལྡན་སྒྲ་དྲི་བཅས་པའི་རླུང་། གསུམ་དུ་བ་ལྟ་བུ་རེག་བྱ་ཡང་བ་བཅས་སོ། །ཡང་གཟུགས་དང་རོ་དང་རེག་བྱ་ཡོད་པའོ། །བཞི་པ་བུ་རམ་གོང་བུ་ལྟ་བུ། དེ་ཉིད་སྒྲ་བཅས་ན་ལྔ་ལྡན་ནོ། །རྡུལ་ཕྲ་རབ་བསགས་པ་ནི། གཟུགས་འདུས་པའོ། །ཞེས་གང་བརྗོད་པ་དེ་ལ་རྡུལ་ཕྲ་རབ་བློས་བཞག་པ་ཙམ་ལས་རང་གི་རྫས་ཀྱི་ལུས་མེད་པར་ངོ་བོ་མེད་ཅེས་རིག་པར་བྱའོ། །ཅིའི་ཕྱིར་བློས་རབ་ཏུ་ཕྱེ་ནས་ཅི་ཙམ་དབྱེ་ནུས་པ་ལ་རྡུལ་ཕྲ་རབ་ཏུ་རྣམ་པར་བཞག་སྟེ་བཤིག་ན་མུར་ཐུག་པ་མེད་པའི་ཕྱིར་རོ། །ལུས་མེད་ན་དེ་བཞག་པ་ལ་དོན་ཅི་ཡོད་སྙམ་ན། དེ་དངོས་པོ་ལ་མི་གནས་པའང་ཡིན་ཏེ། ཆ་དེ་ལྟར་དབྱེ་བ་མ་གྲུབ་པའི་ཕྱིར་དང་། དེ་ལྟར་ཆར་ཕྱེས་ནས། གཟུགས་ལ་རིལ་པོའི་འདུ་ཤེས་རྣམ་པར་གཞིག་པ་དང་། གཟུགས་ལ་རྫས་སུ་ཡོངས་སུ་གྲུབ་པ་མེད་པར་འཇུག་པར་བྱ་བའི་ཕྱིར་རོ། །ཡང་སྡུག་བསྔལ་འདི་ནི་ཤིན་ཏུ་རྒྱས་ལ་མ་བསྲབས་པ། འདོད་པ་ན་ཡོད་པ་དགེ་རྩ་མ་བསགས་པ་རྣམས་ཀྱི་དང་། བསྲབས་པ་དེ་ཉིད་ཐར་བའི་ཆ་མཐུན་སྐྱེས་པ་རྣམས་ཀྱི་དང་། བསྲབས་པ་ཡང་ཡིན་ལ་མ་བསྲབས་པ་ཡང་ཡིན་པ་ཡང་ཡོད་དེ་ཉིད་འཇིག་རྟེན་པའི་ཆགས་བྲལ་ཉིད་དུ་བྱ་ཕྱིར་དགེ་རྩ་བསགས་པ་རྣམས་ཀྱིའོ། །བར་མ་མ་བསྲབས་པ་ཡང་ཡོད་གཟུགས་ཁམས་སུ་སྐྱེས་པ་ཐར་པའི་ཆ་མཐུན་སྤངས་པ་རྣམས་ཀྱིའོ། །བསྲབས་ལ་མ་བསྲབས་པ་ཡང་ཡོད་གཟུགས་མེད་དུ་སྐྱེས་པ་ཐར་ཆ་སྤངས་པ་རྣམས་ཀྱིའོ། །ཆེས་བསྲབས་ལ་


MR12_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

བསྲབས་པ་ཡང་ཡོད་གང་སློབ་པ་རྣམས་ཀྱིའོ། །ཤིན་ཏུ་ཆེས་བསྲབས་ལ་བསྲབས་པ་ཡང་ཡོད་མི་སློབ་པ་རྣམས་ཀྱི་སྲོག་གི་དབང་པོའི་རྐྱེན་གྱི་མིང་གཟུགས་སོ། །སྡུག་བསྔལ་མ་ཡིན་ལ་སྡུག་བསྔལ་དུ་བྱང་སེམས་དབང་དམ་པའི་ཕ་རོལ་དུ་ཕྱིན་པ་རྣམས་བསམས་བཞིན་སྲིད་པར་སྐྱེ་བ་སྣང་ཞིང་བསྲབས་པ་ཆེན་པོར་ཉེ་བར་གནས་པ། རང་གི་དགེ་བའི་སྟོབས་བསྐྱེད་པའམ་གཞན་གྱིས་བསྒྲུབ་པས་ཀྱང་རུང་སྟེ་ཡང་ཡོད་དོ། །ཞེས་དེ་དག་གི་དོན་རིམ་བཤད་མཆན་བཞིན་ནོ། །འཆི་བ་སྡུག་བསྔལ་ལོ་ཞེས་གསུངས་པ་དེ་ལ་འཆི་བ་གསུམ་སྟེ། དགེ་སེམས་ཀྱི་རྒྱུ་བ་གསལ་བ་ཡོད་པ། རང་ངམ་གཞན་སྟོབས་ཀྱིས་མི་དགེ་བའི་སེམས་ཀྱི་རྒྱུ་བ་གསལ་བ་ཡོད་པ། དེ་གཉིས་འདུ་བྱེད་མི་ནུས་པ་ལུང་མ་བསྟན་གྱི་སེམས་ཡོད་པའོ། །གང་ལྟར་ཀྱང་མཐར་རྒྱུ་བ་གསལ་བ་འགགས་ནས་ལུང་མ་བསྟན་པའི་སེམས་ཀྱིས་འཆི་ཞེས་པས་སྡེ་སྐོར་ལས་གསུངས། དགེ་བ་བྱེད་པའི་ལུས་ནི་ཐོག་མར་སྨད་གྲང་བར་འགྱུར། མི་དགེ་ཅན་སྟོང་ནས་གྲང་ངོ་། །མི་དགེ་བྱེད་པའི་བར་སྲིད་ནི། དཔེར་ན་ཕྱར་བ་ནག་པོའམ། མཚན་མོའི་མུན་ནག་ལྟ་བུའོ། །དགེ་བྱེད། སྣམ་བུ་དཀར་པོའམ། ཟླ་འོད་བཅས་པའི་མཚན་མོར་སྣང་བ་ལྟ་བུའོ། །བར་སྲིད་ནི་འདོད་གཟུགས་སུ་སྐྱེ་བ་ནའོ། །གཟུགས་མེད་ནས་འཆི་འཕོ་བ་ནའོ། །དེ་ནི་ཡིད་ལས་རྫུས་སྐྱེས་བྱུང་བ་དང་། དྲི་ཟ་ཞེས་ཀྱང་བྱ་སྟེ་དྲི་དང་མཐུན་པར་སྐྱེ་གནས་སུ་འགྲོ་བའི་དྲི་ཟ་བའི་ཕྱིར་རོ། །ཇི་ལྟར་ཐོགས་ན་ཞག་བདུན་གནས་ཏེ། སྐྱེ་བའི་རྐྱེན་རྙེད་ན་དེ་ཚུན་ཆད་ཀྱི་འཆིའོ། །མ་རྙེད་


MR12_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཞག་བདུན་གྱི་འོག་ཏུ་ཡང་ཤི་ནས་བར་སྲིད་འགྲུབ་བོ། །དེ་ལྟར་ལན་བདུན་བར་དུ་བྱས་ནས་དེ་བས་རིང་པོར་བར་སྲིད་ལ་མི་གནས་སོ། །ཅི་སྟེ་ན་ལྡོག་གོ་ཞེས་པ་གནས་སྐབས་དེ་ན་གཞན་དུ་སྐྱེ་བའི་རྐྱེན་སྟོབས་ལྡན་མངོན་དུ་གྱུར་ན་དེར་སྐྱེ་བས་སྔ་མའི་བར་སྲིད་གྲུབ་པའི་གནས་དེ་ལས་ལྡོག་སྲིད་དེ། བསམ་གཏན་བཞི་པ་ཐོབ་པའི་དགེ་སློང་དགྲ་བཅོམ་པའོ། །སྙམ་དུ་མངོན་པའི་ང་རྒྱལ་ལྡན་པ་དེ། བར་སྲིད་གྲུབ་པ་ན། ཐར་བ་ལ་སྐུར་བ་འདེབས་པའི་ལོག་ལྟ་རྙེད་ནས་དམྱལ་བའི་བར་སྲིད་འགྲུབ་པ་བཞིན་ནོ། །ཇི་སྟེ་ན་ལྡོག་གོ། དེ་ན་གནས་ཡང་སྔོན་གྱི་འཕེན་པའི་དབང་གིས་དགེ་སོགས་ལས་སོག་གོ། སྔོན་དགེ་མི་དགེ་ལྷན་ཅིག་སྤྱད་པའི་སྐལ་བ་མཉམ་པའི་སེམས་ཅན་རྣམས་ཀྱང་རྨི་ལམ་ནང་ལྟར་མཐོང་ངོ་། །གང་དུ་སྐྱེ་བར་འགྱུར་བ་དེའི་བྱང་སྔ་ལོགས་ཀྱི་སྲིད་པའི་གཟུགས་སོ། །གནས་དག་དུའང་འགྲོ་བ་ལ་ཐགས་ཐོགས་མེད་དོ། །རྫུ་འཕྲུལ་དང་ལྡན་པ་བཞིན་དུ་མྱུར་དུ་འགྲོ་ཞིང་། གང་དུ་སྐྱེ་བའི་གནས་སུ་ཐོགས་སོ། །བར་སྲིད་འགགས་མ་ཐག་སྐྱེ་སྲིད་གྲུབ་པ་སྲང་མདའི་མཐོ་དམན་གྱི་ཚུལ་དུ་འཆི་འཕོ་ཞིང་ཉིང་མཚམས་སྦྱོར་རོ། །བར་དོའི་སྲིད་པ་ན་གནས་པ་དེ་སྐྱེ་བའི་གནས་ལ་འདོད་ཆགས་བསྐྱེད་དེ། དེ་ལས་གཞན་པའི་ཉོན་མོངས་སྡང་དང་ང་རྒྱལ་ལ་སོགས་པ་ནི་རྐྱེན་དུ་འགྱུར་རོ། །འདོད་ཆགས་དང་བཅས་པ་བར་མ་དོའི་སྲིད་པ་འགག་ཅིང་ནུར་ནུར་པོ་རྣམ་པར་ཤེས་པ་དང་བཅས་པ་འབྱུང་སྟེ། དེ་ནི་རྣམ་པར་སྨིན་པའི་ཀུན་གཞིའོ། །དེའི་འོག་ཏུ་རྟེན་ཅིང་འབྲེལ་བ་ལས་ཇི་སྐད་འབྱུང་བ་བཞིན། སྐྱེ་


MR12_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བཞི་པོ། སྒོ་ང་ལས་སྐྱེ་བ་དང་། མངལ་ནས་སྐྱེ་བ་དང་། དྲོད་གཤེར་ལས་སྐྱེ་བ་དང་། བརྫུས་ཏེ་སྐྱེ་བར་དབང་པོ་རྣམས་མངོན་པར་འགྲུབ་བོ། །ཀུན་འབྱུང་བའི་བདེན་པ་གང་ཞེ་ན་ཉོན་མོངས་པ་དང་། ཉོན་མོངས་པའི་དབང་གིས་བྱུང་བའི་ལས་སོ་ཟག་བཅས་ཀྱིའོ། །དེ་ལྟར་ཡིན་ན་སངས་རྒྱས་ཀྱིས་སྲེད་པ་ཉིད་ཀུན་འབྱུང་དུ་ཇི་ལྟར་བསྟན་ཞེ་ན། གཙོ་བོར་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་སྲེད་པ་ནི་ཐམས་ཅད་དུ་འགྲོ་བའི་ཕྱིར་གཙོ་བོར་བསྟན་ནོ། །ཐམས་ཅད་དུ་འགྲོ་བ་ཅི་ཞེ་ན། ཐོབ་མ་ཐོབ་ཀྱི་ཡུལ་གྱི་དངོས་པོ་ཐམས་ཅད་དུ་འགྲོ་བ་ཐོབ་པ་སྲེད་པ་ཐོབ་པ་ལ་མངོན་པར་དགའ་བ་དང་། སྡུག་བསྔལ་གསུམ་དང་ཚོར་གསུམ་གྱི་གནས་སྐབས་ཐམས་ཅད་དུ་འགྲོ་བ་དང་། དེ་སྡུག་བསྔལ་གྱི་སྡུག་བསྔལ་བ་ཐོབ་པ་ལ་འབྲལ་བར་སྲེད་ཅིང་། མ་ཐོབ་པ་ལ་མི་འཕྲད་པར་སྲེད། འགྱུར་བའི་སྡུག་བསྔལ་ལམ། ཚོར་བདེ་ལ། ཐོབ་པ་མི་འབྲལ་བར་སྲེད། མ་ཐོབ་པ་འཕྲད་པར་སྲེད། འདུ་བྱེད་སྡུག་བསྔལ་དང་བཏང་སྙོམས་ཀྱི་གནས་སྐབས་ལ། གཏི་མུག་གི་སྲེད་པ་སྟེ། དེ་ཉོན་མོངས་པའི་གནས་ངན་ལེན་དང་། ཚོར་བ་བཏང་སྙོམས་ཀྱིས་ཕྱེ་བའི་ཕྱིར་རོ། །ཁྱད་པར་དུ་ཀུན་གཞི་རྣམ་ཤེས་ནི། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱི་གནས་སྐབས་སྟེ། དེ་ལ་བདག་ཏུ་རྨོངས་པའི་སྒོ་ནས་སྲེད་པ་འབྱུང་བར་རིག་པར་བྱའོ། །དུས་གསུམ་པོ་ཐམས་ཅད་དུ་འགྲོ་བ་སྟེ། འདས་པ་ལ་བལྟས་པའི་རྣམ་པས་རྗེས་སུ་འགྲོ། ད་ལྟ་བ་ལ་ལྷག་པར་ཆགས་པས་རྗེས་སུ་འགྲོ། མ་འོངས་པ་ལ་མངོན་པར་


MR12_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བའི་རྣམ་པས་རྗེས་སུ་འགྲོའོ། །འདོད་གཟུགས་གཟུགས་མེད་ཀྱི་ཁམས་ཐམས་ཅད་དུ་འགྲོ་བ་དང་། ཚོར་བ་ཐམས་ཅད་དུ་འགྲོ་བ་སྟེ། འདོད་པ་དང་སྲིད་པ་གཟུགས་གཟུགས་མེད་ཚོལ་བས་ཁམས་གསུམ་དུ་སྡུག་བསྔལ་བར་བྱེད་ཅིང་། ལོག་པའི་ཚངས་སྤྱོད་ཚོལ་བས་འཁོར་བ་ལས་མི་ཐར་བར་དེར་འཁོར་རོ། །འབྱུང་བ་དང་འཇིག་པའི་སྲེད་པ་ནི་རྟག་ཆད་ཀྱི་རྣམ་པ་དང་ལྡན་པས་རྣམ་པ་ཐམས་ཅད་དུ་འགྲོ་བའོ། །ཉོན་མོངས་གང་ཞེ་ན། གྲངས་དང་། མཚན་ཉིད་དང་། འབྱུང་བ་དང་། དམིགས་པ་དང་། མཚུངས་པ་ལྡན་པ་དང་། རྣམ་གྲངས་དང་། ལོག་པར་ཞུགས་པ་དང་། ཁམས་དང་། རིས་དང་། སྤོང་བས་ཀྱང་ཉོན་མོངས་པར་བལྟའོ། །གྲངས་ནི་དྲུག་གམ་བཅུའོ། །མཚན་ཉིད་ནི། རབ་ཏུ་མ་ཞི་པའོ། །དེ་ཡང་དྲུག་སྟེ། རྣམ་པར་གཡེང་བས་རབ་ཏུ་མ་ཞི་བ་དང་། ཕྱིན་ཅི་ལོག་གིས་དང་། རྒོད་པས་དང་། རྨུགས་པས་དང་། བག་མེད་པས་དང་། འཛེམ་པ་མེད་པས་མ་ཞི་བའོ། །འབྱུང་བ་ནི། བག་ཉལ་མ་སྤངས་པ་སོགས་གསུམ་མོ། །ཉོན་མོངས་པའི་གཞི་ཡང་དམིགས་པ་ཡིན། ཉོན་མོངས་ཐམས་ཅད་ཀྱང་ཉོན་མོངས་པ་ཐམས་ཅད་དམིགས་སོ། །མ་རིག་ལྟ་བ་ཐེ་ཚོམ་གསུམ་གྱིས་གོང་མར་དམིགས། དེ་མིན་གཞན་གྱིས་མི་དམིགས། གོང་མའི་ཉོན་མོངས་པས་འོག་མར་མི་དམིགས། འགོག་ལམ་དམིགས་པ་ནི། དེས་ཡོངས་སུ་རྟོག་པ་ཙམ་སྟེ། དངོས་སུ་དེ་དག་ལ་དམིགས་པ་མ་ཡིན་ནོ། །གཞི་མེད་པ་ལ་


MR12_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པའི་ཉོན་མོངས་པ་ནི། ལྟ་བ་དང་མཚུངས་པར་ལྡན་ནོ། །དེ་ལས་གཞན་པ་ནི། གཞི་དང་བཅས་པ་ལ་དམིགས་སོ། །ཉོན་མོངས་བཅུ་ཆར་ཡང་། སྡུག་བསྔལ་དང་ཀུན་འབྱུང་བའི་རྒྱུ་ཡིན་ལ། དེ་གཉིས་ཀྱང་དེ་དག་གི་གཞིའི་གནས་ཡིན་ནོ། །དེའི་ཕྱིར་རྒྱུ་དང་གཞིའི་གནས་ཀྱི་ལོག་པར་རྟོག་པ་རྣམས་ཞེས་བྱའོ། །མཚུངས་ལྡན་ནི་མཁས་འཇུག་བསྡུར། ཉོན་མོངས་པའི་རྣམ་གྲངས་ནི། ཀུན་སྦྱོར་ནས། ནགས་སྦྱོར་བར། མཁས་འཇུག་བསྡུར་རོ། །ལས་གང་ཞེ་ན། སེམས་པའི་ལས་དང་། བསམ་པའི་ལས་གཉིས་སུ་མདོར་བསྡུས་པའོ། །ཡང་ལྔ་སྟེ། དམིགས་པའི་ལས་མིག་སོགས་གཟུགས་སོགས་ལ་ལྟ་བ་དང་། བྱེད་པའི་ལས་ས་སོགས་ཀྱིས་རྟེན་པར་བྱེད་པའམ་གཟུགས་ནི་གཟུགས་སུ་ཡོད་པ་ཞེས་པ་ལྟ་བུའི་མཚན་ཉིད་ཀྱིས་དང་། བསམ་པ་སྔོན་འགྲོ་བ་ལུས་ངག་གི་རྩོལ་བའི་ལས་དང་། མགར་བས་གསེར་ལ་རྒྱན་སོགས་བྱེད་པ་ལྟ་བུ་བསྒྱུར་བའི་ལས་དང་། ལམ་ལས་མྱང་འདས་ལྟ་བུ་འཐོབ་པའི་ལས་སོ། །སྐབས་འདིར་རྩོལ་བའི་ལས་སུ་འདོད་དོ། །སེམས་པའི་ལས་ནི། སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་ཏེ། བསོད་ནམས། བསོད་མིན། མི་གཡོ་བའོ། །བསམ་པའི་ལས། ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས། དགེ་མི་དགེའོ། །མི་དགེ་བའི་ལས་ཀྱི་ལམ་བཅུ་སྟེ་སོགས་བསྡུར། སེམས་པ་ལས་གྱུར་པའི་ལས་གང་ཞེ་ན། གཞན་གྱིས་མི་འདོད་བཞིན་འདི་གྱིས་ཞེས་བསྒོ་བ་སེམས་པ་ལས་གྱུར་པ་མི་དགེ་སྤྱོད་ལྟ་བུ་དང་། གཞན་གྱི་གསོལ་བ་


MR12_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་པ་མི་འདོད་བཞིན་འདི་བྱས་ན་ལེགས་ཞེས་འཛིན་དུ་བཅུག་ནས་སེམས་པ་ལས་གྱུར་པ་དང་། སྐྱོན་ཡོན་མི་ཤེས་པའི་མངོན་ཞེན་མེད་པར་སེམས་པས་རང་དགར་ལས་གྱུར་པ་དང་། མི་དགེ་བའི་རྩ་བ་ལ་མངོན་པར་ཞེན་པའི་སེམས་པ་མངོན་ཞེན་དྲག་པོས་མི་དགེ་སྤྱོད་པ་ལས་གྱུར་པ་དང་། ཆོས་འདོད་ཀྱང་ཕྱི་མར་ཡིད་འོང་གི་ཆེད་མི་དགེ་བ་སྤྱོད་པ་ཕྱིན་ཅི་ལོག་གི་སེམས་པ་ལས་གྱུར་བའོ། །དང་པོ་གསུམ་རྣམ་སྨིན་ངེས་པར་མྱོང་བའི་ངེས་པ་མེད་པས་བྱས་ཀྱང་མ་བསགས་པ་དང་། རྩ་བར་མངོན་ཞེན་དང་། ཕྱིན་ལོག་གི་སེམས་པ་ལས་བྱུང་བའི་ལས་བྱས་ཤིང་བསགས་པའི་རྣམ་སྨིན་ནི། མྱོང་བར་མི་འགྱུར་བ་མ་ཡིན་ནོ། །ལས་བྱེད་པ་ནི་ཀུན་ཏུ་སྤྱོད་པའོ། །བསགས་པ་ནི་བག་ཆགས་ཀུན་གཞིའི་རྣམ་པར་ཤེས་པ་ལ་རྣམ་པར་སྨིན་པའི་ས་བོན་གསོས་འཕེལ་བའོ། །མྱོང་བར་ངེས་པའི་ལས་ནི། སྔོན་གྱི་ལས་ཀྱི་རྒྱུས་འཕངས་ནས་ལས་བྱེད་པར་ངེས་ཤིང་རྣམ་སྨིན་མྱོང་བར་ངེས་པ། མཐོང་ཆོས་ལན་གྲངས་སོགས། དུས་ངེས་པའོ། །མི་དགེ་བཅུའི་རྣམ་སྨིན་ངན་སོང་གསུམ་སོགས། བསྡུར། དགེ་བཅུའི་འབྲས་བུ་དེ་བཞིན་བསྡུར། འཕེན་པ་རྣམ་སྨིན་འཕེན་པ། རྫོགས་བྱེད་ནི། སྐྱེས་པ་ན། འདོད་མི་འདོད་མྱོང་བའོ། །ལས་མང་པོ་དང་ལྡན་པ་ཇི་ལྟར་རིམ་གྱིས་སྨིན་ཞེ་ན། གང་ཤིན་ཏུ་ལྕི་བ་སྔོན་ལ་སྨིན་པ་དང་། ཡང་འཆི་དུས་གང་མངོན་གྱུར་དང་། གང་གོམས་པའོ། །ཡང་ན་གང་ཐོག་མར་སྤྱད་པ་དེ་ཐོག་མར་སྨིན་པར་འགྱུར་རོ། །མ་རིག་


MR12_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྐྱེན་བསོད་བསོད་མིན་མི་གཡོ་བའི་འདུ་བྱེད་རྣམས་སོ། །ཞེས་གསུངས་པ། རྨོངས་པ་ནི་གཉིས་ཏེ། འབྲས་བུ་རྣམ་པར་སྨིན་པ་ལ་རྨོངས་པ་མི་དགེ་བསོད་མིན་གྱི་ལས་འདུ་བྱེད། དེ་ཁོ་ནའི་དོན་ལ་རྨོངས་པས་བསོད་ནམས་དང་མི་གཡོ་བའི་ལས་འདུ་བྱེད་དོ། །ཡང་ལས་ཐུན་མོང་པ་སྣོད་ཀྱི་འཇིག་རྟེན་རྣམ་པར་འབྱེད་པ། ཐུན་མིན་སེམས་ཅན་གྱི་འཇིག་རྟེན་རྣམ་པར་འབྱེད་པ། སྟོབས་དང་ལྡན་པ་ནི། མི་དགེ་བ་བྱས་པའང་གཉེན་པོའི་སྟོབས་ཀྱིས་འབྲས་བུ་མི་མྱོང་བར་བྱེད་པས་ན་གཉེན་པོ་ལས་བྱུང་བའི་ལས་དང་། སེམས་པ་ལས་གྱུར་པའི་དགེ་བའི་ལས་ཐམས་ཅད་སྟོབས་དང་ལྡན་པ་སྟེ། འདི་ལ་དགོངས་ནས། ཉན་ཐོས་སེམས་ཤིན་ཏུ་བསྒོམས་པ་ཚད་མེད་པ་ལ། ཚད་དུ་བྱས་པའི་ལས་དེས་དེ་ཁྲིད་པར་མི་བྱེད། དེ་ལ་དེ་དག་གནས་པར་མི་བྱའོ། །དེས་དེ་བགྲང་བར་མི་འགྱུར་རོ། །ཞེས་གསུངས། གཉེན་པོའི་མཐུ་ཆུང་བའི་མི་དགེ་བ་དང་། སེམས་པ་ལས་གྱུར་པའི་ལས་རྣམ་པར་སྨིན་པ་ངེས་པ་དེ་མ་སྤངས་པ་དང་ཡོངས་སུ་མ་ཤེས་པ་ནི་སྟོབས་ལྡན་ཡིན་ཏེ། འདི་ནི་འདིར་དགོངས་པའོ། །ཡང་འདོད་པ་དང་ལྡན་པའི་མི་དགེ་བ་ཉོན་མོངས་མི་དགེ་མང་བས་དང་། སྔོན་ཡང་ཡང་གོམས་པར་བྱས་པ་དང་། དེའི་གནས་ལ་གནས་པ་ནར་སོན་པ་སྟེ་མངོན་ཞེན་དང་དད་པ་དྲག་པོས་བྱེད་པ། ཡོངས་སུ་མྱ་ངན་མི་འདའ་པའི་ཆོས་ཅན་རྣམས་ཀྱི་ལམ་མམ་གཉེན་པོ་བསྒྲུབ་ཏུ་མེད་པ་གང་ཡིན་པ་དེ། རང་བཞིན་གྱིས་སྟོབས་དང་ལྡན་པའོ། །ཕ་མ་སོགས་ཞིང་དང་བྱང་ཆུབ་ཆེན་པོར་སྨོན་ལམ་


MR12_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་པ་སོགས་སེམས་ཀྱི་མངོན་པར་འདུ་བྱེད་པས་ཀྱང་སྟོབས་དང་ལྡན་པའི་ལས་སུ་རིག་པར་བྱའོ། །ཡང་རྣམ་པ་དགུས་སྟོབས་དང་ལྡན་པའི་ལས་སུ་རིག་པར་བྱ་སྟེ། ཡོན་ཏན་ལྡན་པ་སོགས་ཞིང་དང་། གྱ་ནོམས་མང་བ་དངོས་པོ་དང་། སྦྱིན་པ་བས་ཚུལ་ཁྲིམས་སྟོབས་ཆེ་བ་སོགས་ངོ་བོ་ཉིད་དང་། བསོད་ནམས་བྱེད་པ་པོ་གཞི་པོ་ཆགས་བྲལ་ལྟ་བུ་དང་། ཡིད་ལ་བྱེད་པ་དད་པ་དྲག་པོ་དང་། བསམ་པ་མྱང་འདས་སོགས་ལ་དང་། གྲོགས་དེ་ལ་གནས་པའི་བསོད་ནམས་བྱ་བའི་དངོས་པོས་ཟིན་པ་དང་། ལན་ཡང་ཡང་མང་དུ་བྱེད་པ་དང་། བདག་གིས་བྱས་གཞན་ལ་བྱེད་བཅུག་སོགས་སྐྱེ་བོ་མང་པོས། མཐུན་པར་བྱས་པས་ཀྱང་སྟོབས་དང་ལྡན་པ་སྟེ། འདི་དང་མི་མཐུན་པར་བཟློག་པ་སྟོབས་དང་མི་ལྡན་པའི་ལས་སོ། །བཅོམ་ལྡན་འདས་ཀྱིས་སུ་ཞིག་འདི་སྐད་དུ། སྐྱེས་བུ་གང་ཟག་འདི་ཇི་ལྟ་ཇི་ལྟར་བདེ་སྡུག་བཏང་སྙོམས་དང་ལྡན་པའི་ལས་བྱེད་ཅིང་སོག་པ་དེ་ལྟ་དེ་ལྟར་དེ་དང་མཐུན་པའི་བདེ་སོགས་ཀྱི་རྣམ་པར་སྨིན་པ་མྱོང་བར་འགྱུར་ན། ཉོན་མོངས་དྲག་པོ་དང་ལྡན་པ་སོ་སོར་བརྟགས་ནས་སྡུག་བསྔལ་དང་བཅས་ཏེ་ཚུལ་ཁྲིམས་སྲུང་བ་དེའི་རྣམ་སྨིན་ཡང་རྒྱུ་དེ་བཞིན་དུ་སྡུག་བསྔལ་དང་། ཡིད་མི་བདེ་བར་མྱོང་ན་ནི་དེ་སྲུང་བ་དོན་མེད་པར་འགྱུར་རོ། །ཡང་གཞན་གྱི་ཆུང་མ་ལ་ཚུལ་ཁྲིམས་འཆལ་བར་བྱས་ཤིང་བདེ། ཡིད་བདེ་བཅས་སྤྱད་པའི་རྣམ་སྨིན་ཡང་བདེ། ཡིད་བདེར་འགྱུར་ན་དེ་སྤོང་བ་དོན་མེད་དོ། །དེ་ལྟར་ན་ཚངས་པར་སྤྱོད་པར་གནས་པར་མི་


MR12_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཞིང་། དེས་སྡུག་བསྔལ་ཟད་པ་དང་། སྡུག་བསྔལ་མཐར་དབྱུང་བའི་སྐབས་ཀྱང་མི་སྣང་ངོ་ཞེས་ཟེར་བ་དང་། ཡང་སུ་ཞིག་འདི་སྐད་དུ། སྐྱེས་བུ་གང་ཟག་འདི་ཇི་ལྟ་ཇི་ལྟར་རྒྱུ་བདེ་མི་བདེ་སོགས་གོང་ཡིན་ཀྱང་འབྲས་བུ་བདེ་མི་བདེ་མྱོང་བར་འགྱུར་བའི་ལས་བྱེད་ཅིང་སོག་པ་དེ་ལྟ་དེ་ལྟར་རྣམ་པར་སྨིན་པ་མྱོང་བར་འགྱུར་ན། དེ་ལྟ་ན་ནི་ཚངས་པར་སྤྱོད་པས་གནས་པར་འགྱུར་ཞིང་། ཡང་དག་པར་སྡུག་བསྔལ་ཟད་པར་འགྱུར་ཞིང་། སྡུག་བསྔལ་མཐར་དབྱུང་བའི་སྐབས་ཀྱང་སྣང་ངོ་ཞེས་ཟེར། ཞེས་གསུངས་པ་དེའི་དགོངས་པ་གང་ཞེ་ན། འདིར་ནི་བདེ་བ་ལྡན་པའི་ལས་ཀྱི་རྣམ་པར་སྨིན་པ་བདེ་བ་དང་ལྡན་པ་བཀག་གོ། སྡུག་བསྔལ་ལྡན་པའི་སྡུག་བསྔལ་ལྡན་པ་དང་། བདེ་སྡུག་མིན་པའི་བདེ་སྡུག་མིན་པའང་དེ་བཞིན་ནོ། །ཡང་བདེ་བ་དང་ལྡན་ཞིང་བདེ་བ་མྱོང་བར་འགྱུར་བའི་རྣམ་སྨིན་བདེ་བ་ནི་གནང་ངོ་། །བདེ་བ་དང་ལྡན་པའི་ལས་སྡུག་བསྔལ་མྱོང་འགྱུར་གྱི་སྡུག་བསྔལ་ཡིན་པ་དང་། བདེ་སྡུག་མིན་པ་མྱོང་འགྱུར་གྱི། བདེ་སྡུག་མིན་པ་མྱོང་བ་དང་། སྡུག་བསྔལ་དང་ལྡན་པའི་ལས་ལ་བདེ་བ་མྱོང་འགྱུར་གྱི་རྣམ་སྨིན་བདེ་བ་ནི་གནང་ངོ་། །དེ་ལྡན་པའི་སྡུག་བསྔལ་མྱོང་འགྱུར། །སྡུག་བསྔལ་ཡིན་པ་དང་། བདེ་སྡུག་མ་ཡིན་མྱོང་འགྱུར་བའི། བདེ་སྡུག་མ་ཡིན་པ་དང་། བདེ་སྡུག་མ་ཡིན་དང་ལྡན་ལ། བདེ་བ་མྱོང་འགྱུར་གྱི་རྣམ་སྨིན་བདེ་བ་ནི་གནང་ངོ་། །དེ་གཉིས་དེས་སྡུག་བསྔལ་མྱོང་འགྱུར་སྡུག་བསྔལ་ཡིན་པ་དང་། བདེ་མིན་སྡུག་མིན་མྱོང་བར་འགྱུར་བའི། སྡུག་མིན་བདེ་མིན་ཡིན་ཞེས་


MR12_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་འདིར་དགོངས་པའོ། །ལས་ཀྱི་རབ་དབྱེ། སྡོམ། སྡོམ་མིན། སྡོམ་སྡོམ་མིན་གང་ཡང་མིན་པའི་ལས་གསུམ་གསུངས། གཞུང་དང་བསྡུར་དག །རབ་བྱུང་གི་སྡོམ་པ་གང་ཟག་ཉེས་སྤྱོད་ལས་དབེན་པ་དང་། འདོད་པ་ལས་དབེན་པར་སྤྱོད་པའོ། །དགེ་བསྙེན་ཕོ་མོ་ནི་ཉེས་སྤྱོད་ལས་དབེན་པར་སྤྱོད་ཀྱི། འདོད་པ་ལས་དབེན་སྤྱོད་མིན། བསྙེན་གནས་ནི་དབེན་སྤྱོད་གཉིས་ཀ་མིན་གསུངས། དགེ་བསྙེན་བསླབ་གཞིའི་ཕྱོགས་གཅིག་ལ་སློབ། དགེ་བསྙེན་གྱི་སྡོམ་པ་ལྡན་ཞེས་བྱ་གསུངས། ཚུལ་ཁྲིམས་འཆལ་བ་ཞེས་ཀྱང་བྱ། ཟ་མ་མ་ནིང་ལ་དགེ་བསྙེན་ཉིད་ནི་བཀག་སྟེ། དགེ་སློང་དང་དགེ་སློང་མའི་ཕྱོགས་ལ་བསྙེན་བཀུར་བའི་འོས་མིན་པས་སོ། །མ་ནིང་ལྔ་སྟེ།སྐྱེས་ནས་མ་ནིང་དུ་གྱུར་པ། མ་ནིང་ཕྲག་དོག་ཅན། ཟླ་ཕྱེད་མ་ནིང་། རླུགས་པའི་མ་ནིང་། ཉམས་པའི་མ་ནིང་ངོ་། །བསམ་གཏན་གྱི་སྡོམ་པ་གང་ཞེ་ན། འཆལ་ཁྲིམས་ཀུན་ནས་སློང་བའི་ཉོན་མོངས་རྣམས་ཀྱི་ས་བོན་འཇོམས་པའི་དུས་ན། འདོད་པ་ལ་འདོད་ཆགས་དང་བྲལ་བས་སྤོང་བ་གང་ཡིན་པ་དང་། བསམ་གཏན་དང་པོ་ལ་འདོད་ཆགས་བྲལ་བ་དང་། གཉིས་པ་ལ་འདོད་ཆགས་དང་བྲལ་བ་དང་། གསུམ་པ་ལ་འདོད་ཆགས་དང་བྲལ་བས་སྤོང་བ་གང་ཡིན་པའོ། །ཟག་པ་མེད་པའི་སྡོམ་པ་ནི། བདེན་པ་མཐོང་བའི་ཟག་པ་མེད་པའི་ཡིད་ལ་བྱེད་པས་སྤོང་པ་གང་ཡིན་པའོ། །སྡོམ་པ་མིན་པ་ནི་ཤན་པ་ཕྱུགས་བསད་ནས་ཤ་འཚོང་བ། དེ་བཞིན་བྱ་གག་གསོད་པ། ཕག་གིས་འཚོ་བ། ཉ་པ། རི་


MR12_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

དྭགས་ཀྱི་རྔོན་པ། བྱ་བ། རི་བོང་རྒྱས་བཤོར་བ། ཆོམ་རྐུན་པ། གཤེད་མ། ནགས་ནས་གླང་པོ་ཆེ་འཛིན་པ་འདུལ་བར་བྱེད་པ། སྦྲུལ་གྱིས་འཚོ་བ་བཟུང་ནས་རྩེ་བས། བཙོན་སྲུང་། ཉན་རྣ་བྱེད་པ་ཕྲ་མ་ཉན་སྨྲ་བ། སོགས་སེམས་ཅན་ལ་གནོད་པར་བྱེད་པ་རྣམས་ཀྱི་གང་ཡིན་པའོ། །དེ་དག་གི་རིགས་ལས་སྐྱེས་སམ། ཡང་དག་པར་བླངས་པ་སྟེ། དེ་དག་གི་ལས་སྤྱད་པར་ངེས་པར་བྱས་པའོ། །སྡོམ་པ་ཡང་མ་ཡིན། སྡོམ་པ་མ་ཡིན་པ་ཡང་མ་ཡིན་པ་གང་ཞེ་ན། སྡོམ་སྡོམ་མིན་གང་ཡང་མིན་པའི་ལས། དགེ་བའམ་མི་དགེ་བ་གང་ཡིན་པའོ། །གཞི་དུག་གསུམ་མེད་པ། ཀུན་སློང་དེ་དག་དང་ལྡན་པའི་སེམས། དངོས་པོ་སྦྱིན་བྱ། ངོ་བོ་ཉིད་གཏོང་བ་ན་ལུས་ངག་གི་ལས་སོ། །ཇི་ལྟར་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ན། ཡང་ཡང་ཕྱིར་ཞིང་སྦྱིན་པ། དགེ་སྦྱོང་དང་བྲམ་ཟེ་རྣམས་ལ་ཕྱོགས་མི་འབྱེད་པར་སྙོམས་པར་སྦྱིན་པ། དེ་དག་གི་འདོད་པ་རྫོགས་པར་སྦྱིན་པའོ། །ཡང་མི་གནས་པར་སྦྱིན་པ་ལྷུག་པར་གཏོང་བ། སྲིད་པར་ལོངས་སྤྱོད་ཀྱི་ཕྱིར་མི་བསྔོ་བ། དངོས་པོར་རྒྱ་ཆེར་སྦྱིན་པ་ལག་བརྐྱང་བ། སེམས་དགའ་བས་སྦྱིན་པ་གཏོང་དགའ་མཆོད་སྦྱིན་བྱེད་པའི་ངང་ཚུལ། ཡང་ཡང་ཕྱིར་ཞིང་སྦྱིན་པ་གཏོང་བ་ཕུན་ཚོགས། སྦྱིན་པའི་འོས་སུ་གྱུར་པའི་སྣོད་ལ་སྦྱིན་པ། སྦྱིན་པ་ལེགས་པར་འགྱེད་པ་ལ་དགའ་བ། རང་གི་འཁོར་དང་གློ་བུར་དུ་འོང་བ་ལ་ལེགས་པར་བགོས་ཏེ་སྦྱིན་པས་སྦྱིན་པ་ཕུན་སུམ་ཚོགས་པའོ། །ཇི་ལྟར་སྦྱིན་པ་ཕུན་ཚོགས་ཡིན་ཞེ་ན། སྦྱིན་བྱ་དེ་གཞན་ལ་གནོད་པའི་དངོས་པོར་གྱུར་པ་མིན་པ། རང་གི་ལག་དར་བའི་མཐུས་


MR12_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པ་མིན་པ་གཞན་ལས་ཕྲོག་པ་མིན་པ། རྡུལ་དང་དྲི་མས་མ་ཕོག་པ་མ་རུལ་ཞིང་དྲི་མ་མེད་པ། མཚོན་དུག་ཆང་སོགས་མིན་པ་སྤྱད་དུ་རུང་བ། གཞལ་བ་ལ་གཡོ་སོགས་དང་། ལོག་པར་འཚོ་བས་སྒྲུབ་པ་མིན་པར་ཆོས་མཐུན་གྱིས་བསྒྲུབ་པའོ། །ཇི་ལྟར་ཚུལ་ཁྲིམས་ལྡན་པ་ཡིན་ཞེ་ན། ཡང་དག་པར་བླངས་པའི་ཚུལ་ཁྲིམས་རྗེས་སུ་ཟུང་བའི་ཕྱིར་རོ། །འཁོར་བ་ལས་ཐར་པའི་སོ་སོར་ཐར་པའི་སྡོམ་པས་བསྡོམ་པ་ནི། འཁོར་བ་ལས་ངེས་པར་འབྱིན་པའི་ཚུལ་ཁྲིམས་ཡིན་པའོ། །མ་སྤྱད་པའི་ཕྱིར། ཆོ་ག་དང་། སྤྱོད་ཡུལ་མིན་ལྔ་སྤང་བ་སྤྱོད་ཡུལ་ཕུན་སུམ་ཚོགས་པའོ། །ཁ་ན་མ་ཐོ་ཕྲ་བ་འཛེམ་པ། བཅས་རང་གི་ལྟུང་བ་ཕྲ་བ་ལའང་ཤིན་ཏུ་གུས་པར་སློབ་པའོ། །ཡང་དག་བླང་བ་ལ་སློབ་པ་ནི་བསླབ་གཞིའི་གནས་ཡོངས་རྫོགས་ལ་སློབ་པའོ། །ལུས་ངག་གིས་བསྡོམ་པ་ནི། ཤེས་བཞིན་གྱིས་ཟིན་པའོ། །ལུས་ངག་ཕུན་ཚོགས་པས་ཕུན་སུམ་ཚོགས་པ་ནི། ཏིང་འཛིན་སྟོབས་ཀྱིས་ལྟུང་བ་མི་བྱེད་པས་སོ། །ལུས་ངག་གི་ཀུན་སྤྱོད་ཡོངས་སུ་དག་པ་ནི། འགྱོད་པ་མེད་པ་སོགས་ནས། ཏིང་ངེ་འཛིན་གྱི་བར་ལ་གནས་པའོ། །ལུས་ངག་གི་ཀུན་སྤྱོད་དགེ་བ་ནི། ཉོན་མོངས་ཅན་གྱི་རྟོག་པ་དང་མ་འདྲེས་པས་སོ། །ལུས་ངག་གི་ཀུན་སྤྱོད་ཁ་ན་མ་ཐོ་པ་མེད་པ་ནི། སྲིད་པ་དང་སྲིད་པའི་ཡོ་སྤྱད་ལ་སྨོན་ནས་ཚངས་སྤྱོད་ལ་གནས་པ་རྣམ་པར་སྤངས་པས་སོ། །ལུས་ངག་གི་སྤྱོད་པ་གནོད་པ་མེད་པ་ནི། གཞན་ལ་བརྙས་ཐབས་མི་བྱེད་ཅིང་འགྲོགས་ན་བདེ་བས་སོ། །ལུས་ངག་གི་ཀུན་སྤྱོད་རྗེས་སུ་མཐུན་པ་ནི། མྱང་འདས་


MR12_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་བྱེད་དང་མཐུན་པའི་ཕྱིར་རོ། །ལུས་ངག་གི་ཀུན་སྤྱོད་རྗེས་སུ་འབྱོར་པ་ནི། དགེ་བ་མི་སྤྱོམས་པ་གཞན་ལ་མི་ངོམ་པ་དང་སྡིག་པ་མི་འཆབ་པའི་ཕྱིར་རོ། །ལུས་ངག་གི་ཀུན་སྤྱོད་ཐབས་དང་ལྡན་པ་ནི། ཚངས་པར་མཚུངས་པར་སྤྱོད་པ་ཉེ་བར་སྡུད་པའི་ཚུལ་ཁྲིམས་ཡིན་པས་སོ་སྟེ་དེའི་གང་དུ་སྡུད་ཅིང་འགྲོ་འོས་ཡིན་པའི་ཕྱིར་རོ། །ལུས་ངག་གི་ཀུན་སྤྱོད་འཚམས་པ་ནི། བླ་མ་རྣམས་དང་དེ་འདྲ་བ་རྣམས་ལ་ང་རྒྱལ་བཅག་བསྙེན་བཀུར་བས་སོ། །ལུས་ངག་གི་ཀུན་སྤྱོད་མཐུན་པ་ནི། གདམས་ངག་ལ་རང་ལྟ་མཆོག་འཛིན་མེད་པར་རྗེས་སུ་མཐུན་པར་འཛིན་པས་སོ། །ལུས་ངག་གི་ཀུན་སྤྱོད་གདུང་བ་མེད་པ། ཕྱི་རོལ་བའི་དཀའ་ཐུབ་དྲག་པོ་དང་ངན་ངོན་ལ་མོས་པ་སྤངས་པས་སོ་སྟེ་བདག་གདུང་བར་མི་བྱེད་པའོ། །ལུས་ངག་གི་ཀུན་སྤྱོད་ཕྱིས་འགྱོད་པ་མེད་པ་ནི། ལོངས་སྤྱོད་དང་ལས་ཀྱི་མཐའ་སྤངས་ལ་ཕྱིས་སུ་འགྱོད་པ་མེད་པས་སོ། །ལུས་ངག་གི་ཀུན་སྤྱོད་ཡིད་ལ་གཅག་པ་མེད་པ་ནི། དགེ་ཕྱོགས་ཅུང་ཟད་ཙམ་གྱིས་ཆོག་པར་མི་འཛིན་པས་བསྒྲུབ་ནུས་པའི་བར་དུ་བསྒྲུབས་ཟིན་པས་དེ་མ་གྲུབ་སྙམ་པའི་ཡིད་ལ་གཅག་པ་མེད་པས་སོ། །བཅོམ་ལྡན་འདས་ཀྱིས། སེམས་ཅན་འདི་དག་ལས་བདག་གིར་བྱ་བ་ཞེས་གསུངས་པ། རང་བྱས་རྣམ་སྨིན་མྱོང་བའོ། །ལས་ཀྱི་བགོ་སྐལ་ལ་སྤྱོད་པ་ནི། དགེ་མི་དགེའི་ལས་སྐལ་སོ་སོ་ལ་སྤྱོད་པའོ། །ལས་ཀྱི་སྐྱེ་གནས་པ་ནི། རྒྱུ་མེད་དང་མི་མཐུན་པའི་རྒྱུ་ལས་བྱུང་བ་མིན་ཏེ་ལས་ཀྱི་སྐྱེ་གནས་ལས་བྱུང་བའོ། །ལས་ཀྱི་


MR12_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་གནས་ལ་བརྟེན་པར་བྱ་བ་ནི། ལས་ཀྱིས་བཅིངས་པ་ལས་ཐར་བྱེད་གཉེན་པོའི་ལས་བརྟན་པར་བྱ་བ་ཡིན་པས་སོ། །སེམས་ཅན་མཐོ་དམའ་ནི། བདེ་འགྲོ་དང་ངན་འགྲོའི་ལས་སོ། །ངན་པ་དང་གྱ་ནོམ་པ་ནི། དེ་ཉིད་སྐྱོན་ལྡན་དང་། ཡོན་ཏན་ལྡན་པའོ། །ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པར་གསུངས་པ་ནི། དགེ་བས་ལྷ་མི་རྣམས་ཀྱི་འདོད་པ་བསམ་གྱིས་མི་ཁྱབ། དེ་བཞིན་མི་དགེས་དམྱལ་བ་ཡི་དྭགས་དུད་འགྲོར་མི་འདོད་པ་བསམ་གྱིས་མི་ཁྱབ་ལས་འདིས་སེམས་ཅན་གྱི་ལས་སྣ་ཚོགས་སུ་འགྱུར་བ་བསམ་གྱིས་མི་ཁྱབ། དགེ་མི་དགེ་དེ་ཉིད་གང་དུ་བྱས་པའི་གནས་དང་། དངོས་པོ་ཅི་ལས་བྱས་དང་རྒྱུ་དགེ་མི་དགེའི་རྩ་བ་དང་། རྣམ་སྨིན་གྱི་ལུས་དང་བདེ་སྡུག་སྣ་ཚོགས་དབྱེ་བ་བསམ་གྱིས་མི་ཁྱབ། ཕྱིའི་གནས་སོགས་དང་ཚེར་མ་དང་གནས་བདེ་བ་སོགས་དངོས་པོ་སྣ་ཚོགས་མངོན་པར་འགྲུབ་བྱེད་ཀྱི་ལས་བསམ་གྱིས་མི་ཁྱབ། ནོར་བུའི་ནུས་པ་དང་སྔགས་དང་སྨན་གྱི་མཁྱུད་སྤྱད་ཀྱི་ནུས་པ་དང་ལྡན་པའི་ལས་བསམ་གྱིས་མི་ཁྱབ། རྣལ་འབྱོར་པ་ཐམས་ཅད་ཀྱི་སེམས་ཀྱི་མཐུའི་ལས་གཡོ་བ་འཕུར་བ་སོགས་བསམ་གྱིས་མི་ཁྱབ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེ་དབང་སེམས་ལ་དབང་སོགས་དབང་བཅུའི་ལས་བསམ་གྱིས་མི་ཁྱབ། སངས་རྒྱས་ཐམས་ཅད་ཀྱིས་སངས་རྒྱས་པའི་མཛད་པ་བསྒྲུབ་པའི་ཕྱིར། དེའི་ཕྲིན་ལས་རྟོག་མེད་ལྷུན་གྲུབ་དུས་ལས་ཡོལ་མེད་སེམས་ཅན་བསམ་མཐུན་སོགས་བསམ་གྱིས་མི་ཁྱབ་བོ། །འགོག་པ་ནི་གང་དུ་མིག་དང་རྣ་བ་དང་། དེ་བཞིན་སྣ་


MR12_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྕེ་དང་ལུས། ཡིད་དང་དེ་བཞིན་མིང་དང་གཟུགས། མ་ལུས་པར་ནི་འགོག་འགྱུར་བ། ཞེས་སངས་རྒྱས་ཀྱིས་གསུངས་པ་ལྟར། མིག་འགོག་པ་དང་། གཟུགས་ཀྱི་འདུ་ཤེས་མེད་པ་ནས། ཡིད་འགོག་པ་དང་ཆོས་ཀྱི་འདུ་ཤེས་མེད་པར་གྱུར་པ་དེ་ནི་གནས་སུ་རིག་པར་བྱའོ་ཞེས་སོ། །ཟབ་སོགས་གཞུང་བསྡུར། བྲི་དགོས་ཆེར་མི་སྣང་། ལམ་བདེན་ལ་ཚོགས་སྦྱོར་སོགས་ལྔ། མཐོང་ལམ་ལ། དམིགས་བྱ་དམིགས་བྱེད་མཉམ་པས་མཉམ་པར་ཤེས་པར་བྱེད་པ་ཡང་དེ་ཡིན་ཏེ།སོ་སོ་རང་ལ་སེམས་ཅན་གྱི་བརྡ་བསལ་བ་ལ་དམིགས་པའི་ཆོས་ཤེས་ཇི་ལྟ་བུ་ཞེ་ན། རང་ལ་སེམས་ཅན་གྱི་བརྡ་བསལ་བ་རང་གི་རྒྱུད་ལ་བདག་གམ་སེམས་ཅན་གྱི་མཚན་མར་མི་དམིགས་པས་དང་། སོ་སོ་རང་ལ་ཆོས་ཀྱི་བརྡ་བསལ་བ་ལ་དམིགས་པའི་ཆོས་ཤེས་ནི་སོ་སོ་རང་ལ་གཟུགས་སོགས་ཀྱི་མཚན་མར་མི་དམིགས་པས་དང་། ཐམས་ཅད་དུ་གཉིས་ཀའི་བརྡ་བསལ་བ་ལ་དམིགས་པའི་ཆོས་ཤེས་ཡང་། ཐམས་ཅད་དུ་བྱེ་བྲག་མེད་པར་བདག་དང་ཆོས་ཀྱི་མཚན་མ་ལ་མི་དམིགས་པ་དེ་ཡིན་ནོ། །འཇིག་རྟེན་པའི་ཆོས་མཆོག་གི་རྗེས་ཐོག་ཏུ་སྡུག་བསྔལ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་ཆོས་ཤེས་པ་དང་། སྡུག་བསྔལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་དང་།སྡུག་བསྔལ་ལ་རྗེས་སུ་རྟོགས་པའི་ཤེས་པ་དང་། ཀུན་འབྱུང་ལ་ཆོས་ཤེས་སོགས་དེ་ལྟར་བཅུ་དྲུག་གོ། སྡུག་བསྔལ་གང་ཞེ་ན། སྡུག་བསྔལ་གྱི་བདེན་པའོ། །སྡུག་བསྔལ་གྱི་ཆོས་གང་ཞེ་ན། སྡུག་བསྔལ་བདེན་པའི་


MR12_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་བྱས་པའི་ཆོས་བསྟན་པ་རྣམས་སོ། །ཆོས་ཤེས་པ་གང་ཞེ་ན། སྦྱོར་ལམ་ལ་སྡུག་བསྔལ་གྱི་དབང་དུ་བྱས་པ་ལས་བྱུང་བའི་ཆོས་ལ་དཔྱོད་པའི་ཤེས་པའོ། །བཟོད་པ་གང་ཞེ་ན། སྔར་རྣམ་པར་དཔྱད་པའི་དབང་དུ་བྱས་ནས། སོ་སོ་རང་ལ་སྡུག་བསྔལ་གྱི་བདེན་པ་མངོན་སུམ་དུ་གྱུར་པའི་ཟག་མེད་ཀྱི་ཤེས་རབ་སྟེ། གང་གིས་སྡུག་བསྔལ་མཐོང་བས་སྤང་བྱ་ཉོན་མོངས་རྣམས་སྤོང་བ་སྟེ། དེ་ལྟར་སྡུག་བསྔལ་ཆོས་ཤེས་པའི་བཟོད་པ་ཞེས་བྱའོ། །སྡུག་བསྔལ་ཆོས་ཤེས་པ་གང་ཞེ་ན། ཤེས་པ་གང་གིས་བཟོད་པའི་མཇུག་ཐོག་ཏུ་རྣམ་པར་གྲོལ་བ་མངོན་དུ་བྱེད་པའོ། །སྡུག་བསྔལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་གང་ཞེ་ན། སྡུག་བསྔལ་ཆོས་ཤེས་པའི་མཇུག་ཐོག་ཏུ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་ཆོས་ཤེས་པ་འདི་གཉིས། འཕགས་པའི་ཆོས་རྣམས་ཀྱི་རྒྱུའོ་ཞེས་སོ་སོ་རང་ལ་མངོན་སུམ་དུ་གྱུར་པའི་ཟག་པ་མེད་པའི་ཤེས་རབ་བོ། །སྡུག་བསྔལ་རྗེས་སུ་རྟོགས་པའི་ཤེས་པ་ནི། ཤེས་པ་གང་གི་མཇུག་ཐོག་ཏུ་བཟོད་པའི་ཤེས་པ་དེ་ངེས་པར་འཛིན་པའོ། །དེ་བཞིན་དུ་བདེན་པ་ལྷག་མ་རྣམས་ལ་ཡང་བཟོད་པ་དང་ཤེས་པ་རྣམས་ཅི་རིགས་སུ་ཤེས་པར་བྱའོ། །དེ་ལ་ཆོས་ཤེས་པའི་བཟོད་པ་དང་། ཤེས་པ་རྣམས་ཀྱིས་གཟུང་བ་དེ་བཞིན་ཉིད་རྟོགས་སོ། །རྗེས་སུ་རྟོགས་པའི་བཟོད་པ་དང་ཤེས་པ་རྣམས་ཀྱིས་ཡང་དག་པའི་ཡེ་ཤེས་རྟོགས་པས་འཛིན་པ་རྟོགས་སོ། །བཟོད་པ་དང་ཤེས་པ་


MR12_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་ཡང་མཚན་མ་མེད་པར་གནས་པའི་རྣལ་འབྱོར་ཅན་དུ་རིག་པར་བྱའོ། །སེམས་ཀྱི་སྐད་ཅིག་བཅུ་དྲུག་པོ་འདི་མཐོང་བའི་ལམ་མོ། །སྐད་ཅིག་ནི་ཤེས་བྱ་ལ་ཤེས་པ་འབྱུང་བ་ཡོངས་སུ་རྫོགས་པ་ལ་རིག་པར་བྱའོ། །ཆོས་རྣམས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །ཞེས་སོགས། ལམ་བདེན་ཐམས་ཅད་རྣམ་པ་བཞིར་རིག་པར་བྱ་སྟེ། ཉན་ཐོས་སོགས་ཀྱིས་རང་གིས་ཇི་ལྟ་བ་བཞིན་ཁོང་དུ་ཆུད་པ་མཐར་ཕྱིན་ནས། རྗེས་ཐོབ་ཏུ། བཟོད་ཤེས་རྣམས་འདི་ལྟ་བུ་ཞེས་མིང་ཚིག་ཡི་གེས་བསྟན་པ་ནི་རྣམ་པར་བཞག་པའོ། །རྣམ་པར་རྟོག་པ་ནི་ཆོས་མངོན་པར་རྟོགས་པ་ལ་ཞུགས་པ་འཇིག་རྟེན་པའི་ཤེས་པས་རྣམ་པར་བཞག་པ་བཞིན་དུ་རྣམ་པར་རྟོག་པའོ། །མྱོ༷ང་བ་ནི་དེ་ལྟར་གོམས་པས་མཐོང་ལམ་དུ་སོ་སོ་རང་གིས་མྱོང་བའོ། །ཡོངས་སུ་རྫོགས་པ་ནི། དེའི་འོག་ཏུ། བསྒོམ་པའི་ལམ་གྱིས་གནས་གྱུར་ཡོངས་སུ་རྫོགས་ནས་ཐོབ་པ་མཐར་ཕྱིན་པའོ། །ཐོབ་པ་མཐར་ཕྱིན་པ་དེའི་རྗེས་ཐོབ་ཀྱི་ཤེས་པས། ལམ་བདེན་རྣམས་འཇོག་གོ། འདི་ལྟར་འདི་བཞི་ལམ་གྱི་འཁོར་ལོ་སྟེ་ཡང་ཡང་གཞན་དང་གཞན་ལ་བརྟེན་ནས་འཇུག་པས་སོ། །མཐོང་བསྒོམ་ལམ་གཞུང་བསྡུར། ཚང་འདུག །དྲན་ཉེ། ཐེག་ཆེན་ལམ། སྐབས་དང་བསྡུར། ལེགས་ཚང་། དྲན་ཉེ་བསྒོམ་པ་ནི། ཡིད་ལ་མི་བྱེད་པ་ཉེ་ཉོན་གྱི་གཉེན་པོར་འདུན་པ། ཉེ་ཉོན་ལེ་ལོའི་གཉེན་པོར་བརྩོན་འགྲུས། ཉེ་ཉོན་བྱིང་རྒོད་གཉེན་པོར་རྩོལ་བ། ཉེ་ཉོན་ཞུམ་པའི་གཉེན་པོར་སྤྲོ་བ། ཉེ་ཉོན་


MR12_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པས་ཡོངས་སུ་སྐྱོ་བའི་གཉེན་པོར་མཐུན་པ་དང་། ཅུང་ཟད་ཙམ་གྱི་ཆོག་འཛིན་ཉེ་བའི་ཉོན་མོངས་པའི་གཉེན་པོར་ཕྱིར་ནུར་བ་མེད་པ་དང་། གདམས་ངག་བརྗོད་པའི་ཉེ་ཉོན་གྱི་གཉེན་པོར་མ་དྲན་པ་དང་། ལྟུང་བ་ཡིད་ལ་གཅག་པ་ཉེ་ཉོན་གྱི་གཉེན་པོར་ཤེས་བཞིན། བརྩོན་པ་འདོར་བའི་ཉེ་ཉོན་གྱི་གཉེན་པོར་བག་ཡོད་པའོ། །བདེན་པ་བཞི་པོ་རྣམས་ལ་མི་རྟག་སོགས་རྣམ་པ་བཅུ་དྲུག་ནི། འཇིག་རྟེན་པ་ཡང་ཡོད། འཇིག་རྟེན་འདས་པ་ཡང་ཡོད། དེ་གཉིས་ཀྱི་ཁྱད་པར་ནི། ཤེས་བྱ་ལ་འཇིག་རྟེན་པ་ལེགས་པར་མ་ཞུགས་པ་དེ་བཞིན་ཉིད་མ་རྟོགས་པ་དང་། འདས་པ་ཞུགས་པ་དང་། སྒྲིབ་པ་བག་ཉལ་ཡོད་པ་དང་བཅས་པ་དང་། སྒྲིབ་པ་མེད་པ་དང་། མངོན་པར་བརྗོད་པའི་སྤྲོས་པའི་རྣམ་རྟོག་དང་བཅས་པ་དང་། རྣམ་རྟོག་མེད་པའི་ཕྱིར་དེ་དག་གི་བྱེ་བྲག་ཤེས་པར་བྱའོ། །འཇིག་འདས་པའི་རྣམ་པ་ལ་འཇུག་པ་ན་མི་རྟག་པའི་དོན་མངོན་དུ་མཐོང་གི་མི་རྟག་པ་ཉིད་ཅེས་བྱ་བར་རྣམ་པར་རྟོག་པས་སྒོ་ནས་མཐོང་བ་ནི་མ་ཡིན་ནོ། །མི་རྟག་པ་ཉིད་ཀྱི་དོན་ལ་ཇི་ལྟ་བ་བཞིན་ལྷག་མ་རྣམས་ལའང་ཇི་ལྟར་མཐུན་མཐུན་སྦྱར་བར་བྱའོ། །བདེན་པ་རྣམ་པར་ངེས་པ་སྟེ་ཀུན་ལས་བཏུས་པ་ངེས་པའོ། །ཆོས་རྣམ་པར་ངེས་པ་གང་ཞེ་ན། ཆོས་ནི་མདོའི་སྡེ་དང་སོགས་ཡན་ལག་བཅུ་གཉིས་བཤད། སྤྱིར་ཚང་བྲི་དགོས་ཆེར་མེད། མདོ་དེ་དག་ཐོས་བསམ་བསྒོམ་པའི་སེམས་སེམས་བྱུང་གི་སྤྱོད་ཡུལ་ལོ། །སེམས་སེམས་བྱུང་རྣམས་ནི། དམིགས་པ་དང་བཅས། རྣམ་


MR12_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བཅས། གནས་དང་བཅས། མཚུངས་པར་ལྡན་པ་ཞེས་ཀྱང་བྱའོ། །ཆོས་ཀྱི་ནང་ནས་དེ་དག་གི་དམིགས་པ་གང་ཞེ་ན། མདོའི་སྡེ་ལ་སོགས་པའོ། །རྣམ་པ་ནི་ཕུང་པོ་སོགས་དང་ལྡན་པའི་དོན་རྣམས་སོ། །གནས་ནི། གཞན་ལས་རྣམ་པར་རིག་པ་དང་། དྲན་པ་དང་བག་ཆགས་སོ། །མཚུངས་ལྡན་ནི་གཅིག་གྲོགས་གཅིག་ཡིན་པའི་ཚུལ་གྱིས་རྣམ་པས་དམིགས་པ་ཡང་དག་པར་རྟོགས་པའོ། །ཆོས་ལ་དམིགས་པའི་རབ་དབྱེ་གང་ཞེ་ན། ཁྱབ་པའི་དམིགས་པ་དང་། སྤྱོད་པ་རྣམ་པར་སྦྱོང་བའི་དམིགས་པ་དང་། མཁས་པའི་དམིགས་པ་དང་། ཉོན་མོངས་རྣམ་པར་སྦྱོང་བའི་དམིགས་པའོ། །ཁྱབ་དམིགས་ནི། རྣམ་རྟོག་དང་བཅས་པའི་གཟུགས་བརྙན་དང་། རྣམ་པར་མི་རྟོག་པའི་གཟུགས་བརྙན་དང་། དངོས་པོའི་མཐའ་དང་། དགོས་པ་ཡོངས་སུ་གྲུབ་པའོ། །རྣམ་རྟོག་བཅས་པའི་གཟུགས་བརྙན་ནི། མོས་པ་ཡིད་ལ་བྱེད་པས་གང་ཞི་ལྷག་གི་དམིགས་པའོ། །མི་རྟོག་པའི་གཟུགས་བརྙན་ནི། དེ་ཁོ་ན་ཡིད་ལ་བྱེད་པས། གང་ཞི་གནས་དང་ལྷག་མཐོང་གི་དམིགས་པའོ། །དངོས་པོའི་མཐའ་ནི། གང་ཆོས་རྣམས་ཀྱི། ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ཇི་སྙེད་ཡོད་པའོ། །ཇི་ལྟ་བ་བཞིན་དུ་ཡོད་པ་ནི། འཕགས་པའི་བདེན་པ་སྡུག་བསྔལ་སོགས་བཞི་དང་། བདེན་བཞི་དེའི་རྣམ་པ་བཅུ་དྲུག་དང་། བྱེ་བྲག་མེད་པར་ཐམས་ཅད་དེ་བཞིན་ཉིད་དང་། འདུ་བྱེད་མི་རྟག །སྡུག་བསྔལ། བདག་མེད། མྱང་འདས་ཞི་བ། སྟོང་ཉིད་སྨོན་མེད་མཚན་མེད་དོ། །


MR12_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པ་ཡོངས་སུ་གྲུབ་པ་ནི། གནས་གྱུར་པའོ། །རྣམ་པ་བཅུ་དྲུག་གི་ནང་ནས་སྟོང་ཉིད་ཀྱི་རྣམ་པ་གཉིས། སྨོན་མེད་ཀྱི་དྲུག །མཚན་མེད་ཀྱི་བརྒྱད་དོ། །སྤྱོད་པ་རྣམ་པར་སྤྱོད་པའི་དམིགས་པ་ནི། འདོད་ཆགས་ལ་སྤྱོད་པ་རྣམས་ཀྱིས་མི་སྡུག་པ། ཞེ་སྡང་གིས་བྱམས་པ། གཏི་མུག་གིས་རྟེན་འབྲེལ། ང་རྒྱལ་གྱིས་ཁམས་ཀྱི་རབ་དབྱེ། རྣམ་རྟོག་ལ་སྤྱོད་པས་དབུགས་འབྱུང་རྔུབ་དྲན་པའོ། །མཁས་པའི་དམིགས་པ་ཕུང་། ཁམས༢ ། སྐྱེ་༣མཆེད། རྟེན་འབྲེལ༤ །གནས་གནས༥་མིན་ལ་མཁས་པའོ། །གནས་གནས་མིན་ལ་མཁས་པ་ནི་རྟེན་འབྲེལ་ལ་མཁས་པ་ལས་བལྟའོ། །དེ་གཉིས་བྱེ་བྲག་ཅི་ཡོད་ཅེ་ན། ཆོས་རྣམས་ལས་ཆོས་རྣམས་མངོན་པར་འབྱུང་ཕྱིར་རྒྱུ་མེད་པ་དང་མི་མཐུན་པའི་རྒྱུ་སྤང་པས་རྟེན་འབྲེལ་ལ་མཁས་པའོ། །རྒྱུ་དང་མཐུན་པའི་འབྲས་བུ་ལེགས་སྤྱོད་ལས་བདེ་བ། ཉེས་སྤྱོད་ལས་མི་བདེ་ལྟ་བུ་འབྱུང་བ་ཡོངས་སུ་བཟུང་བའི་ཕྱིར། གནས་གནས་མིན་ལ་མཁས་པའོ། །ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་ནི། འཇིག་རྟེན་པའི་ཞི་རགས་རྣམ་ཅན་དང་། དེ་བཞིན་ཉིད་དང་འཕགས་པའི་བདེན་པ་བཞིའོ། །ཆོས་ལ་བརྩོན་པ་རྣམས་ཆོས་ལ་དཔྱོད་ན་རིགས་པ་དུ་ཞིག་གི་དཔྱོད་ཅན། ལྟོས་པ་སོགས་བཞིས་སོ། །ཆོས་ལ་རིགས་པས་དཔྱོད་པ་ལ་བརྩོན་པའི། ཀུན་ཏུ་ཚོལ་བ་གང་ཞེ་ན། བཞི་སྟེ། མིང་ཀུན་ཏུ་ཚོལ་བ། དངོས་པོ་ཀུན་ཏུ་ཚོལ་བ། ངོ་བོ་ཉིད་དུ་འདོགས་པ་ཀུན་ཏུ་ཚོལ་བ། བྱེ་བྲག་ཏུ་འདོགས་པ་ཀུན་ཏུ་ཚོལ་བའོ། །དང་པོ། མིང་ཚིག་ཡི་གེ་རྣམས་ཀྱི་རང་མཚན་ཡོངས་སུ་གྲུབ་པ་


MR12_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའོ། །གཉིས་པ། ཕུང་ཁམས་སྐྱེ་མཆེད་ཀྱི་མཚན་ཉིད་ཡོངས་སུ་གྲུབ་པ་མེད་པར་རྟོགས་པའོ། །གསུམ་པ། གང་བརྗོད་པ་དང་བརྗོད་བྱ་འབྲེལ་བ་ལ་ངོ་བོ་ཉིད་དུ་འདོགས་པ་ཙམ་གྱི་ཐ་སྙད་ཀྱི་རྒྱུ་ཉིད་དུ་རྟོགས་པའོ། །བཞི་པ་བརྗོད་པ་དང་བརྗོད་བྱ་འབྲེལ་བ་ལ་ཁྱད་པར་དུ་འདོགས་པ་ཙམ་གྱི་ཐ་སྙད་ཀྱི་རྒྱུ་ཉིད་དུ་རྟོགས་པ། ཆོས་ཚོལ་བ་ལ་བརྩོན་པའི་ཡང་དག་ཡོངས་སུ་ཤེས་པ་བཞི་སྟེ། མིང་ཚོལ་བར་རྟོགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་དང་། དངོས་པོ x ངོ་བོ་ཉིད་དུ་འདོགས x ཁྱད་པར་དུ་འདོགས x ཆོས་ལ་ཏིང་ངེ་འཛིན་པར་བརྩོན་པའི་རྣལ་འབྱོར་གྱིས་ལྔ་གང་ཞེ་ན། གཞི་དང་། སྐྱེད་པ། མེ་ལོང་ལྟ་བུ། སྣང་བ་དང་། གནས་སོ། །དང་པོ་ཚོགས་བསགས་པའི་བདེན་པ་ལས་བརྩམས་ཏེ་མང་ཐོས་ཉིད་དོ། །གཉིས་པ། དེ་ལ་དམིགས་པ་ཚུལ་བཞིན་ཡིད་བྱེད། གསུམ་པ། དེ་ལ་དམིགས་པའི་ཏིང་ངེ་འཛིན་མཚན་མར་བཅས་པ། སྣང་བ་ནི། གཟུང་བ་དང་འཛིན་པ་མི་དམིགས་པར་ཤེས་པའོ། །འདི་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་མཉམ་བཞག་པ། ཡིད་ཀྱི་གཟུགས་བརྙན་མཐོང་བས་ན། དོན་གྱི་འདུ་ཤེས་ལྡོག་དེ་ནས། རང་གི་སེམས་པ་མིན་པའི་འདུ་ཤེས་ལ་ངེས་པར་གཟུང་། དེ་ལྟར་རང་གི་སེམས་གནས་ནས། གཟུང་བ་མེད་པར་རྟོགས་པར་བྱ། དེ་ཡི་འོག་ཏུ་གཟུང་བ་མེད་པས་ན་འཛིན་མེད་པར། འགྱུར་ཞིང་དེ་ནས་གཟུང་འཛིན་གང་ཡང་མི་དམིགས་རེག་པར་བྱ། ཞེས་ལེགས་པར་གསུངས་སོ། །ལེགས་པར་བཀའ་


MR12_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་ཏོ། །གནས་གང་ཞེ་ན། གནས་གྱུར་པའོ། །ཇི་ལྟར་ན་ཆོས་རྣམས་ལ་མཁས་པ་ཡིན། མང་དུ་ཐོས་པས་སོ། །ཇི་ལྟར་ན་དོན་ལ་མཁས་པ་ཡིན། ཆོས་འདུལ་མངོན་གྱི་མཚན་ཉིད་ཤེས་པ། དེ་བཞིན་ཡི་གེ་ལ་མཁས། ངེས་ཚིག་བཟང་པོའི་ཡི་གེ་ཤེས་པ། ངེས་པའི་ཚིག་ལ་མཁས། གྲོང་སྐད་ལ་མ་ཞེན་པར་རྗེས་སུ་ཐ་སྐད་འདོགས་པ་ཤེས་པ། སྔོན་མཐའ་ཕྱི་མའི་མཐར་འབྲེལ་བ་ལ་མཁས། སྔོན་གྱི་མཐར་བཟུང་བ་དང་ཕྱི་མའི་མཐར་ངེས་པར་འབྱུང་བ་ཤེས་པས་སོ། །ཇི་ལྟར་ན་ཆོས་རྣམས་ལ་ཆོས་ལ་མཁས་པ་ཉིད་ཅེ་ན། བསྒོམ་པ་ལ་མ་བརྟེན་པར་ཐོས་བསམ་གྱི་སྦྱོར་བ་འབའ་ཞིག་གིས་ཆོས་ལ་གནས་པ་དང་། ཐོས་བསམ་ལ་མ་བརྟེན་པར་སྒོམ་པའི་སྦྱོར་བ་འབའ་ཞིག་གིས་ཀྱང་ཆོས་ལ་གནས་པ་མ་ཡིན་གྱི། གཉི་ག་ལ་བརྟེན་དེ་གཉི་ག་ལ་གནས་ན་ཆོས་ལ་གནས་པ་ཡིན་ནོ། །འཛིན་པ། ཁ་ཏོན་བྱེད་པ་བཤད་པས་ཐོས་པ་ལས་བྱུང་བར་བལྟའོ། །ཏིང་ངེ་འཛིན་ལ་སྦྱོར་བ་དང་ཆོག་པར་མི་འཛིན་པས་བསྒོམས་པ་ལས་བྱུང་བར་བལྟའོ། །སྦྱོར་བ་ནི། རྒྱུན་དུ་ཆུད་པ་རྒྱུན་དུ་བསྒོམ་པ་དང་། གུས་པར་སྦྱོར་བ་དེ་གཉིས་རྣལ་འབྱོར་མི་འདོར་བ་དང་། མ་ལོག་པར་སྦྱོར་བ་ཡིད་བྱེད་མི་འདོར་བར་བལྟའོ། །ཆོག་པར་མི་འཛིན་པ་ནི་ནང་དུ་ཞི་གནས་སུ་བྱེད་པ་མི་འདོར་བ། དེའི་རོ་མི་མྱོང་བ་དང་། གོང་ནས་གོང་དུ་ཞི་གནས་ལ་སྦྱོར་བར་བལྟའོ། །བྱང་སེམས་ཀྱི་སྡེ་སྣོད་ལ་ཤིན་ཏུ་རྒྱས་པ་ཞེས་བྱ་ཞེ་ན། དེར་ཕར་ཕྱིན་རྣམས་ཀྱི། གྲངས་དང་མཚན་ཉིད་གོ་


MR12_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

རིམས་ངེས་ཚིག་བསྒོམ་པ། རབ་དབྱེ། བསྡུས་པ། མི་མཐུན་ཕྱོགས། ཡོན་ཏན་བསྔགས་པ། གཅིག་ལ་གཅིག་ངེས་པར་བསྟན་པའི་ཕྱིར་རོ། །ཅིའི་ཕྱིར། རྒྱ་ཆེ་ཟབ་པར་བསྟན་ཞེ་ན། རྣམ་མཁྱེན་ཉིད་རྒྱ་ཆེ་ཟབ་པའི་ཕྱིར་རོ། །དེ་ལ་སེམས་ཅན་ཁ་ཅིག་མི་མོས་སྐྲག་པ་ནི། རིགས་ཀྱི་ཆོས་ཉིད་དང་བྲལ་བ་དང་། དགེ་རྩ་མ་བསྐྱེད་པ་དང་། སྡིག་གྲོགས་ཀྱིས་ཟིན་པའི་ཕྱིར་རོ། །ཐེག་ཆེན་ལ་ཁ་ཅིག་མོས་ཀྱང་ངེས་པར་མི་འབྱུང་བ་ནི། ལྟ་བ་མཆོག་འཛིན་དང་། དོན་ལ་སྒྲ་བཞིན་དུ་ཞེན་པའི་ཕྱིར་རོ། །འདི་ལ་དགོངས་ནས་ཆོས་ཀྱི་མེ་ལོང་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས་བྱང་སེམས་སྒྲ་ཇི་བཞིན་དུ། ཚུལ་བཞིན་མིན་པར་ཆོས་རྣམ་པར་འབྱེད་པ་ལ། ལྟ་ངན་ཉེར་བརྒྱད་འབྱུང་བར་གསུངས་ཏེ། མཚན་མར་ལྟ་བ་དང་། བཏགས་པར་སྐུར་འདེབས་པའི་ལྟ་བ་དང་། ཀུན་རྟོག་ལ་སྐུར་བ། དེ་ཁོ་ན་ལ་སྐུར་འདེབས། ཡོངས་སུ་འཛིན་པའི་ལྟ་བ། བསྒྱུར་བའི་ལྟ་བ་སོགས་གསུངས། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་དོན་ཀུན་བརྟགས་སོགས་ལ་དགོངས་ཚུལ་གསུངས། བྲི་དགོས་ཆེར་མེད། དགོངས་པ་བཞི། ལྡེམ་དགོངས་བཞི། ཆོས་ལ་ཏིང་ངེ་འཛིན་དུ་མཁས་པ། སྐད་ཅིག་རེ་རེ་ལ་གནས་ངན་ལན་འཇིག །སྣ་ཚོགས་འདུ་ཤེས་བྲལ་ཏེ། ཆོས་དགའ་བ་ལ་དགའ་བ་ཐོབ། ཆོས་ཀྱི་སྣང་བ་ཡོངས་སུ་མ་ཆད་པ་ཚད་མེད་ཤེས། མི་རྟོག་ཡེ་ཤེས་ཀྱི་མཚན་མ་རྣམས་ཀུན་ཏུ་འབྱུང་། ཆོས་སྐུ་རྫོགས་པར་བྱེད་པ་དང་། གོང་མས་ཀྱང་གོང་མའི་རྒྱུ་ཡོངས་སུ་འཛིན། ཐེག་


MR12_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་དེ་མཆོད་པ་ཆེས་བསྔགས་ཉན་ཐོས་ཀྱི་ཆོས་མཆོད་པ་དེ་ལྟ་མ་ཡིན་པ་ཅི་ཞེ་ན། སེམས་ཅན་ཐམས་ཅད་ལ་ཕན་བདེའི་ཕྱིར་རོ། །ཆོས་རྣམ་པར་ངེས་པ་སྟེ། ཀུན་ལས་བཏུས་གསུམ་པའོ། །འཐོབ་པ་རྣམ་པར་ངེས་པ་ནི་གང་ཟག་དང་། མངོན་པར་རྟོགས་པ་རྣམ་བཞག་གཉིས། དང་པོ་ལ། སྤྱོད་པ། ངེས་འབྱུང་སོགས་ཀྱི་དབྱེ་སྒོས། འདོད་ཆགས་ལ་སྤྱོད་པ་སོགས། ཆ་མཉམ་སྤྱོད་པ་དྲུག་དང་། ཉོན་མོངས་ཆུང་བ་བདུན།ངེས་འབྱུང་ཐེག་གསུམ་གྱི་གང་ཟག །ཉེར་བརྟེན་གྱིས་རབ་དབྱེ། ཚོགས་མ་བསགས། བསགས་ཡིན་མ་བསགས་ཡིན། ཚོགས་བསགས་གསུམ། སྦྱོར་བས་དད་པས་རྗེས་སུ་འབྲང་སོགས། དགེ་འདུན་ཉི་ཤུ། ཁམས་ཀྱིས། འདོད་ན་སྤྱོད་པའི་སོ་སྐྱེ་སློབ་མི་སློབ་གསུམ། གཟུགས་གཟུགས་མེད་དེ་བཞིན་དགུའོ། །གཟུགས་ན་སྤྱོད་པའི་བྱང་སེམས་དང་། འདོད་པ་ན་སྤྱོད་པའི་རང་སངས་རྒྱས་དང་། དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པའི་གང་ཟག་གོ་བཅས་བཅུ་གཉིས་སོ། །སྤྱད་པས་དབྱེ་བས། མོས་པས་སྤྱོད་པ་ཅན། ལྷག་པའི་བསམ་པས་སྤྱོད་པ་ཅན། མཚན་མ་དང་བཅས་པར་སྤྱོད་པ་ཅན། མཚན་མེད་པར་སྤྱོད་པ་ཅན། མངོན་པར་འདུ་བྱེད་མེད་པའི་བྱང་སེམས་ཀྱི་གང་ཟག་གོ། འདོད་ཆགས་ལ་སྤྱོད་པ་གང་ཞེ་ན། འདོད་ཆགས་ཀྱི་ཤས་ཆེ་ཞིང་རྒྱུན་རིང་བའི་གང་ཟག་དེ། རྣམ་རྟོག་གི་བར་དུ་དེ་བཞིན་ནོ། །ཆ་མཉམ་ཉོན་མོངས་པ་རང་བཞིན་དུ་གནས་པའོ། །ཉོན་མོངས་ཆུང་


MR12_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཉོན་མོངས་བསྲབས་པའི་རང་བཞིན་དུ་གནས་པའོ། །རང་རྒྱལ་གྱི་ཐེག་པ་ནི། རང་སངས་རྒྱས་ཀྱི་རིགས་ཅན། དབང་པོ་འབྲིང་། བདག་ཐར་ཕྱིར་སྨོན་ལམ་བཏབ་པ། ཡིད་འབྱུང་བ། འདོད་ཆགས་བྲལ་བ་དང་རྣམ་གྲོལ་བའི་བསམ་པ་ཅན། བདག་མངོན་པར་བྱང་ཆུབ་འདོད་པ། ཉན་ཐོས་ཀྱི་སྡེ་སྣོད་ལ་དམིགས་ནས་ཆོས་ཀྱི་རྗེས་སྒྲུབ་པ། ངེས་འབྱེད་ཆ་མཐུན་མ་བསྐྱེད་པའམ། སྔོན་བསྐྱེད་པ་དང་། འབྲས་བུ་སྔོན་མ་ཐོབ་པའམ་ཐོབ་པའམ། གང་ཡང་རུང་སྟེ། སངས་རྒྱས་འབྱུང་བ་མེད་པར་བདག་ཉིད་ལམ་མངོན་དུ་བྱས་ནས། བསེ་རུ་ལྟ་བུར་གཅིག་པུར་གནས་པའམ། ཚོགས་དང་སྤྱོད་པ་གང་སྡུག་བསྔལ་གྱི་མཐར་ཕྱིན་ཐོབ་པའོ། །ཞེས་གསུངས། ཚོགས་མ་བསགས་པ་ནི། བདེན་པའི་དབང་དུ་བྱས་པའི་མོས་དད་ཆུང་བའི་གང་ཟག །ཐར་ཆ་དང་མཐུན་པ་ཆུང་ཞིང་། ཚེ་རབས་ཀྱི་དུས་འདིས་འབྲས་བུ་ཐོབ་ཅེས་དུས་ངེས་པ་མེད་པའོ། །བསགས་པ་ཡིན་ལ་མ་བསགས་པ་ཡང་ཡིན་པ། མོས་དད་བར་མ། ཐར་པའི་ཆ་མཐུན་འབྲིང་། ཚེ་རབས་ངེས་པའི་དུས་ལྡན། བསགས་པ་མཆོག །ཚེ་དེའི་དུས་ངེས་པ། ཡང་ན། དང་པོ་ཆོས་ལ་ངེས་སེམས་ཀྱི་བཟོད་པ་ཆུང་ངུ་ཅན། འབྲིང་། ཆེན་པོར་སྦྱོར།དེ་གཉིས་པོ་ནི་ཀུན་དོན་བཤད། བྲི་དགོས་ཆེར་མི་སྣང་། ལུས་ཀྱིས་མངོན་བྱེད་ནི། གང་སྒོམ་པ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པའི་གང་ཟག་གོ། ཤེས་རབ་ཀྱིས་རྣམ་པར་གྲོལ་བ་ནི་ཟག་པ་ཟད་ཀྱང་། རྣམ་ཐར་


MR12_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ལ་བསམ་གཏན་པ་མིན་པའོ། །གཉི་གའི་ཆ་ལས་རྣམ་གྲོལ། ཟག་པ་ཟད་པ། རྣམ་ཐར་བརྒྱད་ལ་བསམ་གཏན་པ་ཡིན་པའོ། །དགྲ་བཅོམ་པ་ཡོངས་སུ་ཉམས་པའི་ཆོས་ཅན་ནི། དབང་པོ་རྟུལ་པོ། མྱོས་ཀྱང་རུང་མ་མྱོས་ཀྱང་རུང་། རང་གིས་རང་གསོད་ཀྱང་རུང་མི་གསོད་ཀྱང་རུང་སྟེ། གང་མཐོང་བའི་ཆོས་ལ་བདེ་བར་གནས་པ་འཇིག་རྟེན་པའི་བསམ་གཏན་རྣམས་ལས་ཡོངས་སུ་ཉམས་པའི་སྐལ་བ་ཅན་ནོ། །བདག་གསོད་པའི་ཆོས་ཅན་ནི། དབང་རྟུལ། མྱོས་རུང་མ་མྱོས་རུང་། མི་གསོད་ན་གང་མཐོང་ཆོས་བདེར་གནས་ལས་ཉམས་པར་འགྱུར་བའི་སྐལ་བ་ཅན་ནོ། །གསོད་ན་སྐལ་བ་ཅན་མ་ཡིན་པའོ། །རྗེས་སུ་བསྲུང་པའི་ཆོས་ཅན་ནི། །དབང་པོ་རྟུལ་པོ་ཉིད། མྱོས་ན་མཐོང་ཆོས་བདེར་གནས་ལས་ཡོངས་སུ་ཉམས་པར་འགྱུར་བའི་སྐལ་པ་ཅན་ཡིན་ལ། མ་མྱོས་ན་དེ་ལྟར་མིན་པའོ། །གནས་པ་ལས་མི་བསྐྱོད་པ་ནི། དབང་པོ་རྟུལ་པོ། མྱོས་ཀྱང་རུང་། མ་མྱོས་ཀྱང་རུང་། མཐོང་ཆོས་ལ་བདེར་གནས་ལས་ཉམས་པའི་སྐལ་པ་ཅན་མ་ཡིན་ལ། དབང་པོ་རྣམས་སྦྱོང་བའི་ཆེན་པོ་དང་རྣོ་བ་ཐོབ་པར་བྱེད་པའི། སྐལ་པ་ཅན་ཡང་མ་ཡིན་པའི་གང་ཟག་གོ། རབ་ཏུ་རྟོགས་པའི་འོས་སུ་འགྱུར་པ་ནི། དབང་པོ་རྟུལ་པོ་མྱོས་ཀྱང་རུང་མ་མྱོས་ཀྱང་རུང་། མཐོང་ཆོས་བདེར་གནས་ལས་ཉམས་པའི་སྐལ་བ་ཅན་མིན་ལ། དབང་པོ་རྣམས་སྦྱོང་བའི་སྐལ་པ་ཅན་ཡིན་པའོ། །མི་འཁྲུགས་པའི་ཆོས་ཅན་ནི། རང་བཞིན་གྱིས་དབང་པོ་རྣོན་པོ་སྟེ།


MR12_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

མྱོས་རུང་། མ་མྱོས་རུང་། མཐོང་ཆོས་བདེར་གནས་ལས་ཉམས་འགྱུར་གྱི་སྐལ་པ་ཅན་མིན་པའོ། །དེ་བཞིན་གཤེགས་པ་ནི་དགའ་ལྡན་ན་གནས་པ་ནས་བཟུང་སྟེ་མྱང་འདས་པར་སྟོན་པའོ། །མོས་སྤྱོད་བཟོད་པ་ཆུང་འབྲིང་ཆེར་གནས། ལྷག་བསམས་བཅུ་ལ་གནས་པ། མཚན་བཅས་སྤྱོད་པ་ས་དང་པོ་ནས་དྲུག་པའི་བར། བསྒྲིམ་ནས་མཚན་མེད་ས་བདུན་པར་གནས་པ། མངོན་པར་འདུ་བྱེད་མེད་ས་བརྒྱད་པ་དགུ་པ། བཅུ་པ་ཆོས་སྤྲིན་ལ་གནས་པའོ། །རྒྱུན་དུ་ཞུགས་པའི་གང་ཟག་གཉིས་ཏེ། རིམ་གྱིས་པ་དང་། ཅིག་ཆར་ངེས་པར་འབྱིན་པའོ། །རིམ་གྱིས་པ་ནི། ཇི་སྐད་བསྟན་པ་བཞིན་ནོ། །ཅིག་ཆར་ངེས་འབྱིན་ནི། གང་བདེན་པ་རྣམས་མངོན་པར་རྟོགས་པར་བྱས་ནས། མི་ལྕོགས་མེད་པ་ལ་བརྟེན་དེ། འཇིག་རྟེན་འདས་པའི་ལམ་གྱིས། ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་རྣམས། རྣམ་པས་ཅིག་ཆར་སྤང་སྟེ། ཆེན་པོའི་ཆེན་པོ་ཅིག་ཆར་སྤོང་བ་ནས། ཆུང་ངུའི་ཆུང་ངུའི་བར་ཅིག་ཆར་སྤོང་བ་མཐོང་ལམ་བཞིན་ནོ། །འཇིག་རྟེན་པའི་བཞིན་དུ་སའི་རྣམ་པས་བྱེ་བྲག་སོ་སོར་སྤོང་བ་མིན་ནོ། །འདི་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། དགྲ་བཅོམ་པའི་འབྲས་བུ་དང་། འབྲས་བུ་གཉིས་ལ་གདགས་སོ། །སོར་མོའི་རྩེ་མོའི་མདོ་ལས། ཕུང་པོ་ཐམས་ཅད་གཅིག་ཏུ་བསྡོམ་ནས་ཐམས་ཅད་མི་རྟག་སོགས་སུ་གསུངས་སོ། །དེ་ནི་དང་པོ་རྒྱུན་ཞུགས་དང་། ཐ་མ་དགྲ་བཅོམ་པའི་འབྲས་བུ་གཉིས་ཁོ་ན་ལ་གདགས། དེ་གཉིས་ནི་ཁམས་གསུམ་པའི་མཐོང་སྤང་དང་། སྒོམ་སྤང་མ་ལུས་པ་སྤང་བའི་ཕྱེ་བས་


MR12_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

གོ་རིམ་བཞིན་ནོ། །བར་མ་གཉིས་ལ་མི་གདགས་ཏེ། དེ་ནི་བདེན་པ་མཐོང་བས་བསྒོམ་པས་སྤང་བྱ་འདོད་པ་ན་སྤྱོད་པ་ཉིད་ལྷག་མ་དང་བཅས་པ་དང་། ལྷག་མ་མེད་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །ཅིག་ཆར་ངེས་པར་འབྱིན་པའི་དབང་དུ་བྱས་ནས། རྣམ་པར་འབྱེད་པའི་མདོ་ལས། རྒྱུན་ཞུགས་ཀྱི་འབྲས་བུའི་འོག་ཏུ་དགྲ་བཅོམ་པའི་འབྲས་བུ་རྣམ་པར་བཞག་པ་ཡིན་ནོ། །ཕལ་ཆེར་མཐོང་བའི་ཆོས་སམ་འཆི་བའི་ཚེ་ཀུན་ཤེས་པ་མི་སློབ་པ་ཐོབ་པར་བྱེད་དོ། །དེ་མ་ལུས་པ་འདོད་ཆགས་དང་བྲལ་བ་མ་ཡིན་པས་གལ་ཏེ་མི་བྱེད་ན་ཡང་། དེ་མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་ཕྱིར་སྨོན་ལམ་གྱིས་སྟོབས་ཅན་ཡིན་ཏེ། སྨོན་ལམ་གྱི་དབང་གིས་འདོད་ཁམས་ཉིད་དུ་སྐྱེ་ནས་སངས་རྒྱས་འབྱུང་བ་མེད་པར་རང་རྒྱལ་དུ་འགྱུར་རོ། །མངོན་པར་རྟོགས་པ་རྣམ་པར་བཞག་པ་གང་ཞེ་ན། བཅུ་སྟེ། ཆོས་མངོན་པར་རྟོགས༡་པ་དང་། དོན༢་མངོན་པར་རྟོགས་པ་དང་། དེ་ཁོ་ན་ཉིད་མངོན་པར༣་རྟོགས་པ་དང་། རྗེས་ལ་མངོན་པར་རྟོགས་པ༤་དང་། དཀོན་མཆོག་ལ༥་མངོན་པར་རྟོགས་པ་ཀུན་ཏུ་མི་འབྱུང༦་བ་མངོན་པར་རྟོགས་པ་དང་། མཐར་ཐུག་པ༧་མངོན་པར་རྟོགས་པ། ཉན༨་ཐོས་ཀྱི་མངོན་པར་རྟོགས་པ། རང་སངས༩་རྒྱས་ཀྱི་མངོན་པར་རྟོགས་པ། བྱང་ཆུབ་སེམས༡༠་དཔའི་མངོན་པར་རྟོགས་པའོ། །དང་པོ་ཆོས་མངོན་རྟོགས་ནི། བདེན་པའི་དབང་དུ་བྱས་པའི་ཆོས་རྣམས་ལ། ཐར་པའི་ཆ་མཐུན་གྱིས་བསྡུས་པས་མོས་པ་དང་། དད་པ་ཆེན་པོ་ཐོབ་པའོ། །དོན་མངོན་རྟོགས་ངེས་འབྱེད་ཆ་མཐུན་གྱི་ཐ་མའི་གནས་སྐབས་ན། བདེན་པའི་དབང་དུ་བྱས་པའི་


MR12_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྣམས་ཁོ་ན་ལ། བདེན་པ་ལ་ཆོས་ལ་ངེས་པར་སེམས་པའི་བཟོད་པ་ཆེན་པོ་ཐོབ་པ་སྟེ། བཟོད་པ་དེ་ཡང་ཚུལ་བཞིན་ཡིད་བྱེད་ཆེན་པོའི་ཆུང་ངུ་དང་། ཆེན་པོའི་འབྲིང་དང་། ཆེན་པོའི་ཆེན་པོ་དང་རྣམ་པ་གསུམ་གྱིས་རབ་ཏུ་ཕྱེ་བའོ། །དེ་ཁོ་ན་མངོན་རྟོགས་མཐོང་ལམ་གྱི་སེམས་ཀྱི་སྐད་ཅིག་བཅུ་དྲུག་ཐོབ་པའོ། །མཐོང་ལམ་ལ་དེར་ནི་བདེན་པ་བཞི་འདི་དང་འདི་ལྟ་བུའོ་ཞེས་རྣམ་པར་འཇོག་པ། མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཀུན་རྫོབ་ཤེས་པ་རྣམས་འཐོབ་སྟེ།མངོན་དུ་བྱེད་པ་ནི་མ་ཡིན་ཏེ། ཡེ་ཤེས་སྐད་ཅིག་བཅུ་དྲུག་བར་ཆད་མེད་དུ་སྐྱེས་པས་འཇིག་རྟེན་པའི་སེམས་ཀྱི་སྐབས་མེད་པས་དེ་དག་བསྒོམ་ལམ་དུ་མངོན་དུ་བྱེད་དོ། །མཐོང་བའི་ལམ་གྱི་འོག་ཏུ། རྗེས་ལ་མངོན་རྟོགས་ནི་བསྒོམ་ལམ་འཇིག་རྟེན་པའམ་འདས་པའི་ལམ་སྟེ་ཐམས་ཅད་དོ། །དཀོན་མཆོག་ལ་མངོན་རྟོགས། སངས་རྒྱས་ལ་ཤེས་ནས་དད་པ་དང་ཆོས་དགེ་འདུན་ལ་ཤེས་ནས་དད་པ་དང་ཐོབ་པའོ། །ཀུན་ཏུ་མི་འབྱུང་བ་མངོན་རྟོགས། བདག་ངན་སོང་བའི་ལས་བྱས་ནས་ངན་སོང་རྣམས་སུ་རྣམ་པར་སྨིན་པ་འགྲུབ་པའི་སྐལ་བ་ཅན་མ་ཡིན་ནོ་སྙམ་དུ་ཤེས་པའོ། །མཐར་ཐུག་མངོན་རྟོགས། ལམ་གྱི་བདེན་པ་ལས་མཐར་ཕྱིན་པའི་ལམ་བསྟན་པ་ལྟ་བུའོ། །དོན་དུ་མཐར་ཕྱིན་ལམ་མོ། །ཉན་ཐོས་ཀྱི་མངོན་རྟོགས་བདུན་པོ་དེ་དག་ཉིད་མདོར་བསྡུས་ཏེ་ཉན་ཐོས་ཀྱི་མངོན་རྟོགས་ཞེས་བྱའོ། །རང་སངས་རྒྱས་ཀྱི་མངོན་རྟོགས་ནི། མངོན་རྟོགས་བདུན་པོ་དེ་གཞན་གྱི་སྒྲ་ལ་མ་བརྟེན་པར་ཐོབ་པ་རང་སངས་རྒྱས་ཀྱི་མངོན་རྟོགས་ཞེས་


MR12_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །བྱང་ཆུབ་སེམས་དཔའི་མངོན་རྟོགས་ནི་ཉན་ཐོས་དང་རང་སངས་རྒྱས་འདུལ་བའི་ཐབས་ལ་མཁས་པར་བྱ་ཕྱིར། བདུན་པོ་དེ་མངོན་རྟོགས་བདུན་པོ་དེ་དག་ཉིད་ལ་བྱང་སེམས་ཀྱི་ཡང་དག་པར་འགྲུབ་པའི་བཟོད་པ་གང་ཡིན་པ་དེ། སེམས་ཅན་ལ་ལྟ་བས་དེ་ཐེག་དམན་ལས་ངེས་པར་མི་འབྱུང་བའི་ཕྱིར་མངོན་དུ་བྱེད་པ་ནི་མ་ཡིན་ནོ། །ཡང་རབ་ཏུ་དགའ་བ་ལ་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་པ་ནི། བྱང་ཆུབ་སེམས་དཔའི་མངོན་རྟོགས་ཞེས་བྱའོ། །ཉན་ཐོས་དང་བྱང་སེམས་ཀྱི་མངོན་རྟོགས་ལ་ཁྱད་ཅི་ཡོད་ཅེ་ན། ཐེག་ཆེན་གྱི་ཆོས་ལ་དམིགས་པའི་ཁྱད་པར། བསྐལ་པ་གྲངས་མེད་པར་ཚོགས་གཉིས་རྫོགས་པར་བྱེད་པ་ཉེ་བར་རྟེན་པའི་ཁྱད་པར། བདག་མེད་གཉིས་ཀ་རབ་ཏུ་རྟོགས་པའི་ཁྱད་པར། བདག་དང་སེམས་ཅན་མཉམ་པ་ཉིད་དུ་ཁས་ལེན་པའི་ཁྱད་པར། ས་བཅུ་པོ་དག་གིས་ངེས་པར་འབྱུང་བའི་ཁྱད་པར། མི་གནས་པའི་མྱང་འདས་ཡོངས་སུ་འཛིན་པའི་ཁྱད་པར། སངས་རྒྱས་ཀྱི་ཞིང་སྦྱོང་བ་དང་། འདུལ་བའི་སྐྱེ་བོ་སྡུད་པས། གནས་དང་གཡོག་འཁོར་གྱི་ཁྱད་པར། ཕའི་བུ་གཙོ་བོ་བཞིན་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པས་བཙུན་པར་སྐྱེ་བའི་ཁྱད་པར། སངས་རྒྱས་པའི་འཁོར་གྱི་དཀྱིལ་འཁོར་རྣམས་སུ་སྐྱེ་བའི་ཁྱད་པར། འབྲས་བུའི་ཁྱད་པར་ནི། ཉོན་མོངས་དང་ཉོན་མོངས་ཅན་མིན་པའི་གནས་ངན་ལེན་ཐམས་ཅད་སྤངས་པའི་ཕྱིར། བླ་མེད་ཡོན་ཏན་ཀུན་གྱི་བདག་ཉིད་དུ་གནས་གྱུར་པའི་ཁྱད་པར་དང་། སྟོབས་དང་མི་འཇིགས་སོགས་སངས་རྒྱས་ཀྱི་


MR12_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་ཕུན་སུམ་ཚོགས་པའི་ཁྱད་པར་དང་། ཇི་སྐད་དུ། རྣམ་པར་དག་དང་ཡོངས་དག་དང་། ལུས་དང་ལོངས་སྤྱོད་རྫོགས་པ་དང་། །ལས་ཀྱི་སངས་རྒྱས་ཆོས་རྣམས་ཀྱི། །ཁྱད་པར་ཡོངས་སུ་བརྗོད་པ་ཡིན། །ཞེས་པ་ལྟར།བག་ཆགས་བཅས་པའི་ཉོན་མོངས་རྣམ་པར་དག་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ། ལུས་ཆོས་སྐུ་འགྲུབ། རྟག་ཏུ་བྱང་སེམས་རྣམས་དང་ལྷན་ཅིག་ཐེག་ཆེན་གྱི་ཆོས་ལ་ལོངས་སྤྱོད་པ། འཕྲིན་ལས་ཀྱི་ཁྱད་པར་སྤྲུལ་པ་རྣམས་ཀྱིས་འཇིག་རྟེན་ཀུན་ཏུ་སངས་རྒྱས་ཀྱི་མཛད་པ་བྱེད་པ་སྟེ་རྣམ་པ་ལྔའི་ཁྱད་པར་དང་། ངོ་བོ་ཉིད་དང་ལོངས་སྐུ་སྤྲུལ་སྐུ་ཐོབ་པའི་ཕྱིར་སྐུ་གསུམ་གྱི་ཁྱད་པར་དང་། ལྷག་མེད་ཀྱི་དབྱིངས་སུ་སེམས་ཅན་ཐམས་ཅད་ལ་ཕན་པའི་ཡོན་ཏན་རྒྱུན་མི་འཆད་པས་མྱ་ངན་ལས་འདས་པའི་ཁྱད་པར་དང་། ཆོས་དབྱིངས་རྣམ་པར་དག་པར་རོ་གཅིག་པ་དང་དེ་ལ་བརྟེན་པ་རྣམས་རྣམ་པ་ཐམས་ཅད་ཀྱི་མཆོག་ཤེས་པ་ཉིད་རྣམས་ལ་སངས་རྒྱས་ཐམས་ཅད་སོ་སོར་མཐུ་དང་ལྡན་པའི་ཕྱིར་འདྲེས་ཤིང་ཉེ་བར་འདྲེས་པའི་ཡེ་ཤེས་ཀྱི་ནུས་པ་ཐོབ་པའི་ཁྱད་པར་དང་། ཉོན་ཤེས་ཀྱི་སྒྲིབ་པ་དག་པའི་ཁྱད་པར་དང་། སངས་རྒྱས་ཐམས་ཅད་སེམས་ཅན་འདུལ་བའི་ཕྲིན་ལས་འདྲེས་པ་དང་ཉེ་བར་འདྲེས་པའི་ལས་བྱེད་པའི་ཁྱད་པར་དང་། ཕྱོགས་བཅུའི་འཇིག་རྟེན་དུ་ཕྱི་མའི་མཐའི་བར་སངས་རྒྱས་འབྱུང་བ་སྟོན་པ་མངོན་པར་རྫོགས་པ་བྱང་ཆུབ་པ་དང་མྱ་ངན་ལས་འདས་པ་སྟོན་པའི་ཐབས་ཀྱི་ཁྱད་པར་དང་། ཐེག་ཆེན་པས་རྒྱུན་དུ། འཚེ་བ་


MR12_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

དག་ནི་ཐམས་ཅད་དང་། ངན་སོང་དང་ནི་ཐབས་མིན་དང་། འཇིག་ཚོགས་ཐེག་པ་དམན་པ་ལས། །དེ་ཕྱིར་སྐྱབས་ཀྱི་དམ་པའོ། །ཞེས་པ་ལྟར། ཡོངས་སུ་སྐྱོབ་པ་རྣམ་པ་ལྔའི་ཁྱད་པར་གྱིས་ཀྱང་རིག་པར་བྱའོ། །ཚད་མེད་བཞི་སོགས་ཡོན་ཏན་ཁྱད་པར་ཅན་འདི་དག་མངོན་རྟོགས་གང་གིས་བསྡུས་ཤེ་ན། འཕགས་པ་ཉན་ཐོས་རྣམས་ཀྱི་བསྒོམ་ལམ་དང་། མི་སློབ་པའི་ལམ་ལ་མངོན་པར་གྲུབ་པ་དེ་ཕྱིར་རྗེས་ལ་མངོན་པར་རྟོགས་པ་དང་། མཐར་ཐུག་པའི་མངོན་པར་རྟོགས་པས་བསྡུས་སོ། །དེ་དག་ཀྱང་གང་ཞེ་ན། ཚད་མེད་པ་རྣམས་དང་། རྣམ་པར་ཐར་པ་རྣམས་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་། ཟད་པར་གྱི་སྐྱེ་མཆེད་དང་། ཉོན་མོངས་མེད་པ། བསམས་ནས་ཤེས་པ། སོ་སོ་ཡང་དག་པར་རིག་པ་རྣམས་དང་། མངོན་པར་ཤེས་པ་རྣམས་དང་། མཚན་དང་དཔེ་བྱད་བཟང་པོ་རྣམས་དང་། ཡོངས་སུ་དག་པ་རྣམས་དང་། སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། དྲན་པ་ཉེ་བར་བཞག་པ་རྣམས་དང་། བསྲུང་བ་མེད་པ་རྣམས་དང་། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང་། བག་ཆགས་ལེགས་པར་བཅོམ་པ་དང་། ཐུགས་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། མདོ་སྡེ་ལས་ཇི་སྐད་འབྱུང་བ་རྣམས་སོ། །བྱམས་པ་གང་ཞེ་ན་སོགས། རྒྱས་པར་མཁས་འཇུག་བསྡུར། འཇིག་རྟེན་རྟག་མི་རྟག་སོགས་ལུང་དུ་མི་སྟོན་པའི་དངོས་པོ་ལུང་མི་བསྟན་པར་རྣམ་པར་བཞག་པ་ཅིའི་ཕྱིར་ན། དེ་ལ་དོན་


MR12_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

དང་མི་ལྡན་པ་ཚུལ་བཞིན་མ་ཡིན་པར་དྲི་བའི་གནས་སུ་གྱུར་པའི་ཕྱིར་རོ། །ཅིའི་ཕྱིར་ཚུལ་མིན་པས་འདྲི་ན། འཕགས་པའི་བདེན་བཞི་ལས་བརྩམ་ནས་འདྲི་བ་སྟེ། རྒྱུ་དང་འབྲས་བུ་དང་། ཀུན་བྱང་ལ་སེམས་པ་མིན་པ་དེ་ཡོངས་སུ་སྤངས་པའི་ཕྱིར་རོ། །ཚུལ་བཞིན་བདེན་བཞི་ལས་བརྩམས་ན་དེའི་རྟོག་པ་ཆོད་དོ། །བྱང་སེམས་ས་དང་པོར་སྐྱོན་མེད་པར་ཞུགས་པ། རྒྱུན་ཞུགས་སོགས་སུ་ཅིས་མི་འགྱུར། །ཞེ་ན། སྲིད་ཞིར་མི་གནས་པའི་ལམ་ཐོབ་པས། ཐར་པ་ཕྱོགས་གཅིག་པའི་རྒྱུན་ལ་འཇུག་པ་ཡོངས་སུ་མ་གྲུབ་པའི་ཕྱིར་རོ། །བསམ་བཞིན་སྲིད་པར་སྐྱེ་བ་ཚད་མེད་འཛིན་པས་ལན་གཅིག་ཕྱིར་འོང་མིན། ཕྱིར་མི་འོང་དུ་མི་འགྱུར་ཏེ། བསམ་གཏན་གྱིས་གནས་ཤིང་འདོད་ཁམས་སུ་སྐྱེ་བའི་ཕྱིར་རོ། །བྱང་སེམས་རྣམས་ནི། བདེན་པ་རྣམས་མངོན་པར་རྟོགས་པར་བྱས་ནས། ས་བཅུ་རྣམས་སུ་བསྒོམ་པའི་ལམ་ལ་ཤེས་བྱའི་བསྒྲིབ་པའི་གཉེན་པོའི་ལམ་བསྒོམ་གྱི། ཉོན་མོངས་པའི་གཉེན་པོ་ནི་མ་ཡིན་ཏེ། དེས་བྱང་ཆུབ་ཐོབ་པ་ན་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་ཅིག་ཆར་སྤོང་ངོ་། །ཅིག་ཆར་དགྲ་བཅོམ་པ་དང་དེ་བཞིན་གཤེགས་པར་འགྱུར་རོ། །དེས་ཉོན་མོངས་པ་མ་སྤངས་སུ་ཟིན་ཀྱང་། སྔགས་དང་སྨན་གྱིས་སོད་པའི་དུག་ལྟ་བུ་དང་། དཔེར་ན་ཉོན་མོངས་སྤངས་པའི་དགྲ་བཅོམ་པ་ལྟར་ས་ཐམས་ཅད་དུ་ཉོན་མོངས་པའི་ཉེས་པ་མི་སྐྱེད་དོ། །ཡང་བྱང་ཆུབ་སེམས་དཔའ་ཤེས་བྱ་ལ་མཁས་པ་དང་། ཐབས་ལ་མཁས་པ་དང་། ཡང་དག་


MR12_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་པའི་རྣམ་པར་རྟོག་པ་ལ་མཁས་པ་དང་། རྣམ་པར་མི་རྟོག་པ་ལ་མཁས་པར་བྱའོ། །དུས་དུས་སུ་དབང་པོ་རྣམས་གོང་ནས་གོང་དུ་སྦྱང་བར་བྱའོ། །ཤེས་བྱ་གང་ཞེ་ན། དྲུག་སྟེ། གཟུང་འཛིན་དུ་མངོན་པར་ཞེན་པ་འཁྲུལ་བ་དང་། འདུ་བྱེད་ཀྱི་རྒྱུ་ཙམ་ཡང་དག་མིན་རྟོག་གང་ལ་བྱིས་པ་རྣམས་མངོན་པར་ཞེན་པ་འཁྲུལ་བའི་གནས་དང་། དེ་བཞིན་ཉིད་མ་འཁྲུལ་བའི་གནས་དང་། འཇིག་རྟེན་འདས་པའི་ཡེ་ཤེས་དང་མཐུན་པ་ཐོས་བྱུང་སོགས་དགེ་ཆོས་འཁྲུལ་བ་ཡང་ཡིན་ལ་མ་འཁྲུལ་བ་ཡང་ཡིན་པ་དང་། མི་རྟོག་ཡེ་ཤེས་མ་འཁྲུལ་པ་དང་། རྗེས་ལས་ཐོབ་པ་དགེ་བའི་ཆོས་མ་འཁྲུལ་བའི་རྒྱུ་མཐུན་པའོ། །ཐབས་ལ་མཁས་པ་ནི། བསྡུ་དངོས་བཞིས་བསྡུས་ཏེ་དགེ་བར་འཛུད་པ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་མཁས་པ་དང་། ཤེས་རབ་ཕར་ཕྱིན་གྱིས་སྦྱིན་པ་ནས་ཐམས་ཅད་མཁྱེན་པའི་བར་ཡོངས་སུ་རྫོགས་པར་འདོད་པའི་བྱང་སེམས་ཀྱིས་ཤེར་ཕྱིན་ལ་བསླབ་པར་བྱ་ཞེས་གསུངས་པ་ལྟར། སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱ་བ་ལ་མཁས་པ་དང་། ཉིན་མཚན་དུ་བཤགས་ཡི་རང་གསོལ་བ་དགེ་རྩ་བསྔོ་བ། མངོན་ཤེས་མྱུར་བ་ལ་མཁས་པ་དང་། མི་གནས་མྱ་ངན་ལས་འདས་པར་ཕྱིན་ཞིང་འཇིག་རྟེན་ཀུན་ཏུ་འདུལ་བའི་སྤྱོད་པ་སྟོན་པ། ལམ་རྒྱུན་མི་འཆད་པ་ལ་མཁས་པའོ། །ཡང་དག་མིན་རྟོག་ནི། ཀུན་གཞིའི་རྣམ་ཤེས་རྣམ་རྟོག་ཐམས་ཅད་པའི་ས་བོན་དུ་གྱུར་པ།


MR12_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བའི་རྣམ་རྟོག །ལུས་དབང་པོ་གཟུགས་ཅན་གནས་སྣོད་ལོངས་སྤྱོད་གཟུགས་སོགས་ཀྱི་རྣམ་རིག་མཚན་མའི་རྣམ་རྟོག་བཟུང་བའི་མཚན་མའོ། །མིག་ཤེས་སོགས་མཚན་མར་སྣང་བའི་རྣམ་རྟོག །ལུས་སོགས་གནས་སྐབས་གཞན་དུ་འགྱུར་བ་མཚན་འགྱུར་བའི་རྣམ་རྟོག །མིག་ཤེས་སོགས་སྔ་མའི་སྐབས་ལས་གཞན་འགྱུར་མཚན་མར་སྣང་བ་འགྱུར་བའི་རྣམ་རྟོག །དེ་ཡང་ཉེས་བཤད་ལེགས་བཤད་གཉིས་གཞན་གྱིས་མིང་སོགས་ཀྱིས་བསྟན་པའི་རྣམ་རྟོག །ཉེས་བཤད་ལས་ཚུལ་བཞིན་མིན་པའི་རྣམ་རྟོག །ལེགས་བཤད་ལས་ཚུལ་བཞིན་གྱི་རྣམ་རྟོག །ཚུལ་མིན་རྣམ་རྟོག་ལས་ལྟ་བ་དྲུག་ཅུ་རྩ་གཉིས་ལྟ་བུ། མངོན་པར་ཞེན་པའི་རྣམ་རྟོག །ཚུལ་བཞིན་དང་ཚུལ་མིན་གྱི་རྣམ་རྟོག་ལས། རྣམ་པར་གཡེང་བའི་རྣམ་པར་རྟོག་པའོ། །རྣམ་གཡེང་གི་རྣམ་རྟོག་ལ་ཡང་། དངོས་མེད་དུ་རྟོག་པ། དངོས་པོའི་རྣམ་རྟོག་དང་། སྒྲོ་འདོགས་དང་། སྐུར་འདེབས་དང་། གཅིག་དང་། ཐ་དད་དང་།ངོ་བོ་ཉིད་ཀྱི་རྣམ་རྟོག །ཁྱད་པར་དུ་དང་། མིང་ཇི་བཞིན་དོན་དུ་རྣམ་རྟོག །དོན་ཇི་བཞིན་མིང་དུ་རྣམ་པར་རྟོག་པའོ། །དེ་དག་གི་གཉེན་པོར་ཤེར་ཕྱིན་ཏེ། བྱང་ཆུབ་སེམས་དཔའ་ཡོད་བཞིན་དུ་སོགས་ཐེག་བསྡུས་ལྟར་རོ། །རྣམ་པར་མི་རྟོག་པ་ཉིད་ནི། སོ་སྐྱེ་རྣམས་ཀྱིས་ཆོས་ཉིད་ལ་མི་རྟག་པར་སེམས་པ་སོགས་རེ་རེ་ལ་འདིས་ཆོག་གོ་སྙམ་དུ་ཆོག་པར་འཛིན་པའི་རྣམ་པར་མི་རྟོག་པ། ཉན་ཐོས་རྣམས་རྟག་པ་སོགས་ཕྱིན་ཅི་ལོག་བཞིའི་གཉེན་པོར་མི་རྟག་སོགས་བཞིའི་ཕྱིན་


MR12_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་མ་ལོག་བའི་རྣམ་པར་མི་རྟོག་པ། བྱང་སེམས་ཀྱིས་ཆོས་ཐམས་ཅད་ལ་སྤྲོས་པ་མེད་པའི་རྣམ་པར་མི་རྟོག་པའོ། །འདི་དག་སོ་སྐྱེ་ཉན་ཐོས་བྱང་སེམས་རྣམས་དང་གོ་རིམ་བཞིན་ནོ། །སྤྲོས་པ་མེད་པའི་རྣམ་པར་མི་རྟོག་པ་ཉིད་ནི། གཉིད་ར་རོ་བའི་རྒྱུ་མཚན་གྱིས་ཡིད་བྱེད་མེད་པས་མ་ཡིན། བསམ་གཏན་གཉིས་པ་སོགས་རྟོག་དཔྱོད་ལས། ཡང་དག་འདས་པས་མ་ཡིན། འགོག་སྙོམ་སེམས་སེམས་བྱུང་རྣམ་པར་ཞི་བས་མ་ཡིན། སེམས་མེད་གཟུགས་སོགས་ལྟ་བུ་ངོ་བོ་ཉིད་ཀྱིས་མ་ཡིན། བརྡར་འཛིན་པའི་རྣམ་རྟོག་དམིགས་པ་ལ་མངོན་པར་འདུ་བྱེད་པས་མ་ཡིན་པར་བལྟ་སྟེ། རྣམ་པ་ལྔ་སྤང་བས་སོ། །འོན་ཀྱང་སྤྲོས་པ་མེད་པའི་དམིགས་པ་ལ་སེམས་པའི་མངོན་པར་འདུ་བྱེད་པ་མེད་པར་མཉམ་པ་ཉིད་དུ་ཞུགས་པར་བལྟའོ། །བྱང་སེམས་རྣམས་རང་བཞིན་གྱིས་དབང་པོ་རྣོན་པོ་ཡིན་ན། ཇི་ལྟར་དབང་པོ་རྣམས་སྤྱོད་ཞེ་ན། རང་རང་གི་རིགས་ཀྱི་དབང་པོ་རྣོན་པོ་ཆུང་ངུ་ལ་བརྟེན་ཏེ་འབྲིང་མངོན་པར་འགྲུབ་བོ། །འབྲིང་ལ་བརྟེན་ཏེ་ཆེན་པོ་མངོན་པར་འགྲུབ་བོ། །འཐོབ་པ་རྣམ་པར་ངེས་པ་ཞེས་བྱ་བ་ཀུན་ནས་བཏུས་པ་བཞི་པའོ། །འབེལ་བའི་གཏམ་གྱིས་རྣམ་པར་ངེས་པ་གང་ཞེ་ན་བདུན་ཏེ། དང་པོ། དོན་རྣམ་པར་ངེས་པ་ནི། ངོ་བོ་ཉིད་གསུམ་ངོ་བོ། རྐྱེན་འབྱུང་འགྲུབ་པའི་རྒྱུ། རྐྱེན་བཞི་རྒྱུ། རྣམ་སྨིན་འབྲས་སོགས་ལྔ། རྟེན་འབྲེལ་གྱི་ཀུན་བྱང་འབྱུང་བ་འབྲས་དམིགས་བྱེད་འབད་བསྒྱུར་ཐོབ་པའི་ལས་ལྔ་ལས་ལྡན་འཇུག་པའི་དོན་དྲུག་ལས་བརྩམ་ནས་རྣམ་པར་ངེས་པའོ། །


MR12_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ནི་ཀུན་བཏགས་སོགས་ངོ་བོ་ཉིད་གསུམ་མོ། །རྒྱུ་ཡི་དོན་ནི། སྐྱེ་བ་རྐྱེན་བཞི་དང་། འབྱུང་བ་མ་རིག་སོགས་ལུགས་འབྱུང་གི་ཀུན་ཉོན་འགགས་པས་རྣམ་བྱང་དང་། མངོན་སུམ་དམིགས་པ་དང་མ་དམིགས་པ་མཚུངས་པར་བསྙད་པས་བསྡུས་པ་དེས་མ་གྲགས་པའི་དོན་སྒྲུབ་པས་འགྲུབ་པའི་རྒྱུའོ། །འབྲས་བུ་ནི། རྣམ་སྨིན་ཀུན་གཞིའི་རྣམ་ཤེས། རྒྱུ་མཐུན་སྔར་སྐྱེས་དང་མཐུན་པ། བདག་པོ་ཐུན་མོང་སྣོད་ཀྱི་འཇིག་རྟེན། སྐྱེས་བུ་བྱེད་འབྲས་ལོ་ཏོག་སོགས། བྲལ་འབྲས་འཕགས་ལམ་གྱིས་བག་ཉལ་བཅོམ་པ་ལྔའོ། །ལས་ཀྱི་དོན་ནི་ལས་ཀྱི་ཀུན་ཉོན། དམིགས་པའི་ལས་དང་། བྱེད་པའི་ལས། འབད་པའི་ལས། སྒྱུར་བའི་ལས། འཐོབ་པའི་ལས་སོ། །ལྡན་པའི་དོན་ནི། མང་པོ་ལས་གྱུར་པ་ཁང་པའི་ཤིང་དང་ཕ་གུ་ལ་སོགས་པ་ལྟ་བུ་དང་། རྗེས་སུ་འཆིང་བ་ལས་གྱུར་བ། བག་ཉལ་སོགས་ཀྱིས་རྒྱུ་སྟེ་དེ་ཡོད་ན་ཀུན་ཏུ་མི་སྤྱོད་ཀྱང་ཉོན་མོངས་དང་ལྡན་པ་དང་། འབྲེལ་བ་ལས་གྱུར་པ་རང་གི་སྐྱེ་བོ་རྣམས་ཕན་ཚུན་འབྲེལ་བ་དང་། གནས་སྐབས་ལས་གྱུར་པ་ཕན་འདགས་པའི་རྒྱུས་སེམས་བདེ་ཡིད་བདེ་བཏང་སྙོམས་དང་ལྡན་པ་དང་། གློ་བུར་བའི་ཉེ་ཉོན་སོགས་མངོན་གྱུར་འགྱུར་བ་ལས་གྱུར་བའི་ལྡན་པ། དེ་ཡོད་ན་ཆགས་སོགས་དང་དད་སོགས་ལྡན་ཞེས་བྱའོ། །འཇུག་པའི་དོན་གྱི་དབྱེ་བ་ལ། སྐྱེ་སོགས་གསུམ་གྱི་རྣམ་པར་འབྱུང་བ་མཚན་ཉིད་ཀྱིས་འཇུག་པ། རྟེན་ལ་གནས་པ་ས་ལ་སེམས་ཅན་རྣམས་བཞིན་རྟེན་ལ་འཇུག་པ། ཀུན་ཉོན་རྣམས་དངོས་པོ་ལ་ཕྱིན་ཅི་ལོག་


MR12_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

གི་འཇུག་པ། འཕགས་ལམ་དངོས་པོ་ལ་ཕྱིན་ཅི་ལོག་མ་ཡིན་པའི་འཇུག་པ། རྣམ་པ་ཐ་དད་པ་སྟེ། འདུ་བྱེད་རྣམས་འདས་སོགས། ཕྱི་ནང་ལ་སོགས་པའི་དབྱེ་བས་རབ་ཏུ་དབྱེ་བའི་འཇུག་པའོ། །གཉིས་པ་རྣམ་པར་བཤད་པ་རྣམ་པར་ངེས་པ་ནི། གང་གིས་མདོ་སྡེ་རྣམས་ཀྱི་དོན་རྣམ་པར་བཤད་པར་བྱེད་པ་སྟེ། དེ་ཡང་གང་ཞེ་ན། ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་ཕུང་པོ་སོགས་དང་། ཡོངས་སུ་ཤེས་པར་བྱ་བའི་དོན་མི་རྟག་པ་སོགས་དང་། ཡོངས་སུ་ཤེས་པར་བྱ་བའི་རྒྱུ་ཚུལ་ཁྲིམས་དང་དབང་པོའི་སྒོ་སྡོམ་པ་སོགས་དང་། ཡོངས་སུ་ཤེས་པ་བྱང་ཕྱོགས་ཀྱི་ཆོས་རྣམས་དང་། ཡོངས་སུ་ཤེས་པའི་འབྲས་བུ་རྣམ་པར་གྲོལ་བ་དང་། དེ་རབ་ཏུ་ཤེས་པ་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའོ། །ཡང་རྣམ་པར་བཤད་པའི་སྒོ་བཅུ་བཞི་སྟེ། རྣམ་པར་བཤད་པ་བསྡུ་བའི་སྒོ་ནི། མདོ་སོགས་ཀྱི་དགོས་པ། ཚིག་དོན། མཚམས་སྦྱར། དགོངས་པ། བརྒལ་བ། ལན་རྣམས་དང་། དངོས་པོ་བསྡུ་བའི་སྒོ་ནི་མདོ་སྡེ་བསླབ་པ་དང་། འཕགས་པའི་བདེན་པ་དང་། དངོས་པོ་ལ་སོགས་པར་སྟོན་པ་སྟེ། འདི་ལྟ་སྟེ། སྡིག་པ་ཅི་ཡང་མི་བྱ་ཞིང་སོགས་ཚིགས་བཅད་ཀྱིས་བསླབ་པ་གསུམ་བསྡུས་པ་ལྟ་བུ་སོགས་དང་། ཡན་ལག་མདོར་བསྟན་པའི་ཚིག་དེ་དེའི་བསྟན་པ་དང་ཉེ་བའི་ཡན་ལག་གི་སྒོ་ནི་རྒྱས་པར་བཤད་པ་སྟེ། དཔེར་ན། དལ་འབྱོར་ཕུན་སུམ་ཚོགས་པ་བཅུ་གཉིས་བསྟན་པ་ལས། བདག་ཕུན་སུམ་པ། གཞན་ཕུན་སུམ་པ་ཞེས་པའི་ཚིག་གཉིས།


MR12_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

གོ་རིམ་བཞིན་དུ། འོག་མ་ལྔ་ལྔས་བཤད་དེ། འདི་ལྟ་སྟེ། མི་ཉིད་དང་། ཡུལ་དབུས་སུ་སྐྱེས་སོགས་དང་། སངས་རྒྱས་འབྱུང་བ་དང་དམ་པའི་ཆོས་སྟོན་པ་དང་སོགས་བཞིན་དང་། གོང་ནས་གོང་དུ་མངོན་པར་སྒྲུབ་པའི་སྒོ་ནི། འོག་མ་གོང་མར་སྒྲུབ་པའི་གནས་ཏེ། དད་ན་བརྩོན་འགྲུས་རྩོམ། བརྩོན་ན་དྲན་པ་ཉེར་འཇོག་སོགས་དང་། སྤོང་པའི་སྒོ་ནི། འདི་ལས་བརྩམ་ནས་འདི་སྤོང་བར་སྟོན་པ་སྟེ། དེ་གང་ཞེ་ན། སྟེའུ་ལྟ་བུའི་མདོ་ལས་ཟག་པ་ཟད་པ་ལས་བརྩམ་ནས། འདི་ལས་ཕྱི་རོལ་བ་དང་། ཆོས་འདི་བ་ཐོས་པ་དང་སེམས་པ་ཙམ་གྱིས་ཆོག་པར་འཛིན་པ་དང་། བསྒོམ་པ་ཡོངས་སུ་ཡི་ཆད་པ་དང་། ཚོགས་ཡོངས་སུ་མ་རྫོགས་པའོ། །དགེ་སློང་ང་ནི་ཤེས་བཞིན་མཐོང་བཞིན་དུ་ཟག་པ་རྣམས་ཟད་པར་སྨྲའོ། །ཞེས་བྱ་བ་ལ་སོགས་པའི་མདོའི་ཚིག་གི་དུམ་བུ་དང་པོས་གང་ཟག་སྤངས་སོ། །སྒོམ་པར་སྦྱོར་བ་ལ་བརྩོན་པ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་སྤངས་སོ། །སྟེ་འུའི་དཔེས་ནི་གསུམ་པ་སྤངས་སོ། །གྲུའི་དཔེས་ནི། བཞི་པ་སྤངས་སོ། །ཡི་གེ་ཡོངས་སུ་བསྒྱུར་བའི་སྒོ་ནི། གང་དུ་དོན་གཞན་ལ་རབ་ཏུ་གྲུབ་པའི་ཡི་གེ་རྣམས་གཞན་དུ་ཡོངས་སུ་བསྒྱུར་བ་སྟེ། དཔེར་ན། མི་གང་མ་དད་བྱས་མི་གཟོ། །ཞེས་སོགས་ཀྱི་ཚིགས་བཅད་ལྟ་བུའོ། །ཆུད་ཟ་བ་དང་ཆུད་མི་ཟ་བའི་སྒོ་ནི་གང་དུ་རབ་ཏུ་ཆུད་ཟ་བ་དང་། རབ་ཏུ་ཆུད་མི་ཟ་བ་དང་། དེ་གཉིས་ཀའི་ཐབས་དང་། དེ་གཉིས་གའི་རབ་ཏུ་དབྱེ་བ་སྟོན་པ་སྟེ། དཔེར་ན། ལེགས་


MR12_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྐྱེས་ཀྱི་མདོ་ལས་གསུངས་པ། རབ་ཏུ་ཆུད་ཟ་བ་ནི་ཕྱི་ནང་གི་རྫས་ལ་ལྷག་པར་ཆགས་པའོ། །དེ་ལ་ཕྱིའི་རྫས་ནི། ཁྱིམ་དང་ཆུང་མ་ལ་སོགས་པའི་མཚན་ཉིད་དོ། །ནང་གི་རྫས་ནི་ཉེར་ལེན་ཕུང་ལྔའོ། །རབ་ཏུ་ཆུད་མི་ཟ་བ་དེ་གཉིས་ལ་ལྷག་པར་ཆགས་པ་དང་བྲལ་བའོ། །རབ་ཏུ་ཆུད་ཟ་བའི་ཐབས་ནི། རབ་ཏུ་མི་འབྱུང་བ་དང་། བྱུང་ནས་ཀྱང་ཟག་པ་ཟད་པར་བྱ་བ་ལ་བག་ཡོད་མི་བྱེད་པའོ། །དེ་ལས་བཟློག་པ་ཆུད་མི་ཟ་བའི་ཐབས་སུ་བལྟའོ། །དེ་ལ་འདི་ལྟར། ཀྱེ་མ་རིགས་ཀྱི་བུ་ལེགས་པར་སྐྱེས་འདི་ནི་གཉིས་ཀྱིས་མཛེས་ཏེ། གང་སྐྲ་དང་ཁ་སྤུ་བྲེགས་ནས་རབ་ཏུ་བྱུང་བའི་བར་དང་། གང་ཟག་པ་ཟད་ནས་རབ་ཏུ་ཤེས་སོ་ཞེས་པའི་བར་འདིས་ཆུད་མི་ཟ་བ་དང་དེའི་ཐབས་ཉེ་བར་བསྟན་པས་དེ་ལས་བཟློག་པའི་མཚན་ཉིད་ཆུད་ཟ་བ་དང་། དེའི་ཐབས་བསྟན་པར་འགྱུར་རོ། །ཆུད་མི་ཟ་བ་རབ་ཏུ་དབྱེ་བའི་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟན་པ། དགེ་སློང་འདི་ནི་མཛེས་པ་སྟེ། །ཉེ་བར་ཞི་ཞིང་ཟག་པ་ཟད། །ཅེས་བྱ་བའོ། །དེས་རབ་བྱུང་དང་ཟག་ཟད་བསྟན་ནོ། །ཟག་ཟད་དེ་ཡང་། འདོད་ཆགས་བྲལ་ཞིང་བྲལ་བ་སྟེ། །ཉེར་ལེན་མེད་པ་མྱ་ངན་འདས། །བདུད་ཀྱི་སྡེ་ནི་ཕམ་བྱས་ནས། །ལུས་ཀྱི་ཐ་མ་འཛིན་པ་ཡིན། །ཞེས་བྱ་བ་སྟེ། འདིས་འཇིག་རྟེན་པའི་ལམ་ལ་འདོད་ཆགས་བྲལ་ནས། འདས་པའི་ལམ་གྱིས་ཐ་མའི་ཆ་མཐུན་གྱི་ཀུན་སྦྱོར་སྤངས་པ་དང་། གོང་མའི་ཆ་མཐུན་གྱི་ཀུན་སྦྱོར་ཡང་སྤངས་པ་དང་།


MR12_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གི་རྫས་ཡོངས་སུ་སྤངས་པ་ཡང་བསྟན་པའོ། །རྒྱུ་དང་འབྲས་བུ་ཟད་པའི་སྐབས་ཡིན་པས་ཀྱང་འདི་བསྟན་པར་བལྟའོ། །འདི་ལས་བཟློག་པ་ནི་རབ་ཏུ་ཆུད་ཟ་བའི་བར་དུ་དབྱེ་བ་བསྙད་པར་ལྟ་བར་བྱའོ། །གང་ཟག་རྣམ་པར་བཞག་པའི་སྒོ་ནི། གང་དུ་གང་ཟག་འདི་སྙེད་ཀྱི་དབང་དུ་བྱས་ནས་འདི་གསུངས་སོ་ཞེས་པས་སྟོན་པ་སྟེ། དཔེར་ན་ཆུ་ལས་གྱུར་པ་ལྟ་བུའི་མདོ་ལས་བྱུང་བ་ལྟ་བུ་སྟེ། དེ་ནི་གང་ཟག་གཉིས་དང་། གསུམ་དང་བཞིར་རབ་ཏུ་དབྱེ་བའི་དབང་དུ་མཛད་ནས་གསུངས་ཏེ། སོ་སྐྱེ་དང་། བདེན་མཐོང་གཉིས་སོ། །སོ་སྐྱེ་ནི་གསུམ་དུ་བསྙད་དེ། དཀར་པོ་མ་ཡིན་པ། ཅུང་ཟད་དཀར་བ། ཆེས་དཀར་བ་གསུམ་མོ། བདེན་པ་མཐོང་བ་ནི་བཞི་སྟེ། འབྲས་གནས་བཞིའོ། །དེའི་སྔ་མ་གསུམ་སློབ་པ། ཕྱི་མ་གཅིག་མི་སློབ་པའོ། །རབ་ཏུ་དབྱེ་བའི་སྒོ་ནི། གང་དུ་མུ་བཞི་ལ་སོགས་དྲི་བ་རྣམས་ཀྱི་དོན་བརྗོད་པ་སྟེ། དཔེར་ན་མི་རྟག་པའི་མདོ་ལས། གང་གིས་འདི་ལེགས་པར་མཐོང་བ་དེས་གཟུགས་ཐམས་ཅད་མཐོང་ངམ། གང་གིས་གཟུགས་ཐམས་ཅད་མཐོང་བ་དེས་ཐམས་ཅད་ལེགས་པར་མཐོང་ངམ། ཞེས་པ་མུ་བཞིའོ། །དེ་ལ་མུ་དང་པོ་ནི། ཚོར་སོགས་ཕུང་པོ་བཞི་ལ། རྟག་གཙང་བདེ་བདག་ཏུ་ཕྱིན་ཅི་ལོག་ཏུ་སྒྲོ་མ་བཏགས་པར་ཡོངས་སུ་ཤེས་པ་དང་། སྤང་བར་བྱ་བ་ཡང་དག་པར་རྗེས་སུ་བལྟ་བའོ། །མུ་གཉིས་པ་ནི། གཟུགས་ལ་རྟག་གཙང་བདེ་བདག་ཕྱིན་ལོག་ཏུ་སྒྲོ་བཏགས་ནས་ཡོངས་ཤེས་བྱ་བ་མིན་པ་དང་། ཡོངས་སུ་སྤང་བྱ་མིན་པར་ཡང་


MR12_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་རྗེས་སུ་བལྟ་བའོ། །མུ་གསུམ་པ་ནི། གཟུགས་མི་རྟག་སོགས་ཕྱིན་ལོག་ཏུ་སྒྲོ་མ་བཏགས་པར་ཡོངས་སུ་ཤེས་བྱ་སྤང་བྱར་རྗེས་སུ་ལྟ་བའོ། །མུ་བཞི་པ། ཚོར་སོགས་ལ། གང་ལས་བཟློག་པའོ། །གཟུགས་ལ་མུ་བཞི་ཇི་ལྟ་བ་དེ་བཞིན་ཚོར་སོགས་ཐམས་ཅད་ལ་རྒྱས་པར་སྦྱར་བར་བྱའོ། །གང་བྱ་བ་བྱས་པ་དེ་ཐམས་ཅད་འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་བྱ་བ་ཡིན་ནམ། གང་འདི་ལས་སྲིད་པ་གཞན་མི་ཤེས་པ་དེ་ཐམས་ཅད་བྱ་བ་བྱས་པ་ཡིན་ནམ། ཞེ་ན་སྨྲས་པ། མུ་བཞི་སྟེ། དང་པོ་ཇི་སྲིད་འཚོའི་བར་དུ་ལེགས་སྤྱད་སྤྱོད་པའི་སོ་སྐྱེའོ། །གཉིས་པ་ཆད་ལྟ་སོགས་སོ། །གསུམ་པ་མི་སློབ་པའོ། །བཞི་པ་དེ་རྣམས་མ་གཏོགས་པའོ། །ཞེས་འབྱུང་བ་ལྟ་བུའོ། །ཚུལ་གྱི་སྒོ་ནི། གང་དུ་ཚུལ་དྲུག་གི་ས་བོན་བརྗོད་པ་སྟེ། དེ་ཁོ་ནའི་དོན་གྱི་ཚུལ་མཐའ་གཉིས་སྤངས་པའི་དང་། འཐོབ་སངས་རྒྱས་པའི་ཚུལ་བསམ་གྱིས་མི་ཁྱབ་པ་སོ་སོ་རང་རིག་པས་དང་། བཤད་པའི་ཚུལ་དྲུག་པོ་དེ་ཡོངས་སུ་ཤེས་པ་དངོས་པོ་སོགས་དྲུག་གིས་དགོངས་པའི་དང་། མཐའ་གཉིས་སྤང་བའི་ཚུལ་དང་། བསམ་གྱིས་མི་ཁྱབ་པའི་ཚུལ་དང་དགོངས་པའི་ཚུལ་གྱིས་སོ། །འདི་དྲུག་ལས་གོང་མ་གསུམ་ནི། འོག་མ་གསུམ་གྱིས་གོ་རིམ་བཞིན་རིག་པར་བྱ་སྟེའོ། །ཡི་གེ་ཡོངས་སུ་སྒྱུར་བའི་སྒོ་དང་། ཆུད་ཟ་བ་དང་མི་ཟ་བའི་སྒོ་དང་། གང་ཟག་གི་རྣམ་གྲངས་བཞག་པའི་སྒོ་དང་། མུ་བཞི་སོགས་རབ་ཏུ་དབྱེ་བ་རྣམ་པར་བཞག་པའི་སྒོ་དང་། ཚུལ་གྱི་སྒོ་དང་། ཡོངས་སུ་ཤེས་པ་


MR12_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་སྒོ་ནི། དེ་ཁོ་ན་ཉིད་ལས་བརྩམ་ནས། དེ་ཁོ་ན་ཉིད་ཡོངས་ཤེས། སྤོང་བ། མངོན་སུམ་བྱེད། བསྒོམ་པ། དེ་རྣམས་ཀྱི་རྣམ་པའི་རབ་དབྱེ། གནས་དང་། གནས་པར་འབྲེལ་བའི་མཚན་ཉིད། ཡོངས་ཤེས་ལ་སོགས་པའི་བར་གཅོད། རྗེས་སུ་མཐུན་པའི་ཆོས། ཡོངས་སུ་མ་ཤེས་པའི་ཉེས་དམིགས། ཤེས་པའི་ཕན་ཡོན་བསྟན་པ་དང་། སྟོབས་དང་སྟོབས་མ་ཡིན་པའི་སྒོ་ནི། ཚིག་གཅིག་གིས་གཞན་ཐམས་ཅད་ཀྱི་གནད་སྟོན་པའི་ནུས་པ་ཡོད་པ། འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེ། ཞེས་པ་འདི་ཡིས། མ་རིག་པའི་རྐྱེན་གྱིས་འདུ་བྱེད་སོགས་དང་། བཟླས་ཏེ་བརྗོད་པའི་སྒོ་མདོའི་ཚིག་གཅིག་གི་དོན་རྣམ་གྲངས་སྣ་ཚོགས་ཀྱིས་རྒྱ་ཆེར་སྟོན་པ་དང་། ཚིག་རེ་རེ་ཡང་མུ་བཞི་ལ་སོགས་པ་སྟོན་པ་དེ་དག་གི་ཚིག་རེ་རེས་ཀྱང་གཞན་བཞི་སོགས་སུ་ཐུག་མེད་དུ་མངོན་པར་བསྒྲུབ་པའི་སྒོའོ། །གསུམ་པ་རབ་ཏུ་ཕྱེ་ནས་ཀུན་ཏུ་བསྟན་པ་རྣམ་པར་ངེས་པར་གཏན་ལ་དབབ་པ། གང་ཞེ་ན། ཇི་སྐད་བསྟན་པའི་ཕུང་སོགས་ཆོས་རྣམས་ལ་གཅིག་ནས་རྟོགས་པ་སོགས་ཅི་རིགས་སུ་སྦྱར་ཏེ། འདི་ལྟར་གཅིག་ནས་རྟོགས་པ་ཞེས་བྱ་བ། སྐྱེ་མཆེད་བཅུ་གཉིས་ལ་མཚོན་ན། གང་གིས་མིག་གི་སྐྱེ་མཆེད་ལྟ་བུའི་ཆོས་གཅིག །གཟུགས་ཀྱི་སྐྱེ་མཆེད་སོགས་ལྷག་མ་བཅུ་གཅིག་པོ་དང་ལྷན་ཅིག་ཏུ་དེ་ཡིན་པར་དྲིས་ཏེ་སྔ་མ་དེ་བོར་ནས། ཡང་གཟུགས་ཀྱི་སྐྱེ་མཆེད་ལྟ་བུའི་དེ་ལྷག་མ་རྣམས་ལ་སྦྱར་ཏེ། ཐམས་ཅད་རེ་རེ་ནས་འདྲི་བའོ། །དཔེར་ན་གང་མིག་གི་སྐྱེ་མཆེད་དང་ལྡན་པ་དེ་གཟུགས་ཀྱི་སྐྱེ་


MR12_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད་དང་ལྡན་ནམ། ཅི་གཟུགས་ཀྱི་སྐྱེ་མཆེད་དང་ལྡན་པ་དེ་མིག་གི་སྐྱེ་མཆེད་དང་ལྡན་ནམ་ཞེས་པ་ཚིག་གོང་མར་སྦྱར་ཏེ་དྲི་བའོ། །གང་མིག་གི་སྐྱེ་མཆེད་དང་ལྡན་པ་དེ་རྣ་བའི་སྐྱེ་མཆེད་དང་ལྡན་ནམ་ཞེས་དྲི་ན་ཡང་འདི་ལ་མུ་བཞིའོ། །ཡིད་ཀྱི་སྐྱེ་མཆེད་དང་ལྡན་ནམ་ཞེས་པའི་བར་མུ་ཅི་རིགས་སུ་སྦྱར་རོ། །ཆོས་ཀྱི་སྐྱེ་མཆེད་དང་ལྡན་ནམ་ཞེས་པ་ཚིག་གོང་མ་དང་སྦྱར་བའོ། །གཟུགས་ཀྱི་སྐྱེ་མཆེད་དང་ལྡན་པ་མིག་གི་སྐྱེ་མཆེད་དང་ལྡན་ནམ།མིག་གི་སྐྱེ་མཆེད་དང་ལྡན་པ་དེ་གཟུགས་ཀྱི་སྐྱེ་མཆེད་དང་ལྡན་ནམ་ཞེས་པ་ཚིག་འོག་མ་དང་སྦྱར་བའོ། །དེ་བཞིན་རྣ་བའི་སྐྱེ་མཆེད་སོགས་ཆོས་ཀྱི་བར་ལྡན་ནམ་ཞེས་དྲི་བ་ཚིག་འོག་མ་དང་སྦྱར་བའོ། །རྣ་བའི་སྐྱེ་མཆེད་ལྡན་པ་མིག་གི་སྐྱེ་མཆེད་དང་ལྡན་ནམ་ཞེས་སུ་བཞིའོ། །ཚིག་གོང་མ་དང་སྦྱོར་བ་གཉིས་གཉིས་པོ་ནི་ཆོས་འགའ་ཞིག་ལས་བརྩམ་ནས་དྲིས་ན། ཆོས་གོང་མ་ལ་བརྟེན་ནས་གང་ལུང་སྟོན་པ་སྟེ། དཔེར་ན་ཤེས་པ་གང་ཡིན་དེ་ཤེས་བྱ་ཡང་དེའམ། ཤེས་བྱ་གང་ཡིན་པ་དེ་ཤེས་པའང་དེའམ་ཞེས་དྲི་བ་ཚིག་གོང་མ་དང་སྦྱོར་བ་སྟེ། ཤེས་པ་གང་ཡིན་དེ་ཤེས་བྱའང་ཡིན་ནོ། །ཤེས་བྱ་ཡིན་ལ་ཤེས་པ་མ་ཡིན་པའང་ཡོད་དེ། ཤེས་པ་ལས་གཞན་པའི་ཆོས་སོ། །ཚིག་འོག་མ་དང་སྦྱོར་བ་ནི། དེ་བཞིན་ལན་གཉིས་སུ་དྲིས་པ་ལ་ཕྱི་མ་ལ་བརྟེན་ནས་ལུང་སྟོན་པ་སྟེ། གཟུང་བ་གང་ཡིན་འཛིན་པ་དེའང་། འཛིན་པ་གང་ཡིན་གཟུང་བ་དེའམ། ཞེས་པ་ཚིག་འོག་མ་དང་སྦྱོར་བ་སྟེ། འཛིན་པ་གང་ཡིན་གཟུང་བའང་དེའོ། །


MR12_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་བ་འཛིན་པ་མ་ཡིན་པའང་ཡོད་དེ། གཟུགས་སོགས་ཡུལ་ལྔ་པོ་དེ་དང་། མཚུངས་ལྡན་མ་གཏོགས་པའི་ཆོས་ཀྱི་སྐྱེ་མཆེད་དོ། །མུ་གཉིས་པ། གཉིས་པོ་དེ་ལས་གཞན་མེད་པའོ། །མུ་གསུམ་པ། མུ་གསུམ་ལས་བཞི་པ་མེད་པའོ། །མུ་བཞི་པ་ནི་བཞི་ཀ་ཡོད་པའོ། །ལྔ་པ་མེད་དེ་ཆོས་གཉིས་ལས་བརྩམ་པས་སོ། །ཅི་ཞེས་དྲི་བ་ལ། ལན་བསྟན་པ་ནི། སུ་ཞིག །ཅི། གང་གིས། ཅིའི་ཕྱིར། གང་ལས། གང་དག །གང་དུ། རྣམ་པ།དུ་དག་གིས་ཞེས་བརྒྱད་ཀྱིས་སོ། །དཔེར་ན་དམིགས་མེད་བཤད་པའི་སྐབས་སུ། སུ་ཞིག་གིས་མི་དམིགས་ཞེ་ན་ཤེར་ཕྱིན་ལ་གནས་པའི་བྱང་སེམས་ཀྱིས་སོ། །ཅི་མི་དམིགས་ན་གཟུང་བ་དང་འཛིན་པའི་མཚན་ཉིད་དོ། །ཐབས་གང་གིས་མི་དམིགས་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པས་སོ། །ཅིའི་ཕྱིར་མི་དམིགས་པ་བསྒོམ་ན། སེམས་ཅན་ཐམས་ཅད་ཡོངས་སུ་སྐྱབས་པའི་དང་། བླ་མེད་རྫོགས་བྱང་འཐོབ་པར་བྱ་བའི་ཆེད་དུའོ། །རྒྱུ་གང་ལས་མི་དམིགས་པ་འབྱུང་ན་སངས་རྒྱས་འབྱུང་བ་མཉེས་པར་བྱེད་པ་དང་། ཆོས་ཉན་པ་དང་། ཚུལ་བཞིན་ཡིད་བྱེད་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བསྒྲུབ་པས་སོ། །གང་དག་གི་མི་དམིགས་ན་ཆོས་ཐམས་ཅད་ཀྱིའོ། །གང་དུ་མི་དམིགས་ན།མོས་སྤྱོད་ནས་ས་བཅུའི་བར་དུའོ། །རྣམ་པ་དུ་ཞིག་མི་དམིགས་ཤེ་ན། རྣམ་པ་བཅུ་གཅིག་སྟེ། སྐྱེས་ནས་འགགས་པ། མ་སྐྱེས་པ། མངོན་གྱུར། རྒྱུའི་སྟོབས་ལས་བྱུང་བ། མཛའ་བོའི་སྟོབས་ལས་བྱུང་བ། ཆོས་


MR12_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མི་དམིགས་པ། སྟོང་པ་ཉིད་མི་དམིགས་པ། ངའོ་སྙམ་པའི་ང་རྒྱལ་དང་བཅས་པ། ངའོ་སྙམ་པའི་ང་རྒྱལ་མེད་པ། ཚོགས་མ་བསགས་པ། ཚོགས་བསགས་པ་སྟེ། མི་དམིགས་པ་འདི་དག་གོང་གི་གོ་རིམ་བཞིན་དུ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་། ནང་དང་། ཕྱིའི་དང་། རགས་པ་དང་། ཕྲ་བ་དང་། ངན་པ་དང་། བཟང་པོ་དང་། རྒྱང་རིང་བ་དང་། ཐག་ཉེ་བ་རྣམས་དང་རིམ་པར་སྦྱར་རོ། །ཅི་ཞེས་བསྟན་པ་ལ། ཇི་ལྟ་བ་དེ་བཞིན་དུ་གང་ཞེས་བསྟན་པ་ལའང་། གང་རྣམ་དབྱེ་དང་པོ་ཞིག །གང་ལས་སུ་བྱ་བ་དང་། གང་བྱེད་པ་གིས། གང་དགོས་ཆེད་ཕྱིར། གང་འབྱུང་ཁུང་ལས། གང་འབྲེལ་བ་གི གང་གནས་གཞི་དུ། གང་དབྱེ་བ་ཇི་སྙེད་ཅིག་མི་དམིགས་པ་ཞེས་སྦྱར་རོ། །ཚིག་གོང་མ་དང་སྦྱོར་བ་དང་། ཚིག་འོག་མ་དང་སྦྱོར་བ་དང་། མུ་གཉིས་པ་དང་། མུ་གསུམ་པ་དང་། མུ་བཞི་པ་དང་། གང་དྲིས་པ་ལ་དེ་དེ་བཞིན་ནོ་ཞེས་བྱ་བ་ལུང་སྟོན་པ་དང་། དེ་མ་ཡིན་ཞེས་ཕུང་ལྔ་ལ་མ་གཏོགས་པའི་འདུས་བྱས་བདེན་པ་གང་གིས་བསྡུས་ཟེར་ན། ཕུང་པོ་ལྔར་མ་གཏོགས་འདུས་བྱས་མེད་དོ་ཞེས་བཀག་པའམ་སྤོང་བའོ། །བཞི་པ་ཡང་དག་པར་འདྲི་བ་རྣམ་པར་ངེས་པ་གང་ཞེ་ན། རྣམ་པ་བརྒྱད་དེ། ཅི་ཞེས་བསྟན་པ་ཡང་དག་པར་འདྲི་བ། ཅི་ཞིག །ཅི་ཡིས། ཅིའི་ཕྱིར། གང་ལས། གང་གིས། གང་དུ། རྣམ་པ་དུ་ཞིག་གིས་ཞེས་རྣམ་པར་ངེས་པ་དང་། ཅི་ཞེས་བསྟན་པ་ལ་ཇི་


MR12_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བར། གང་ཞེས་བསྟན་པ་ལ་ཡང་དེ་བཞིན་ནོ། །ཡང་རྣམ་པར་ངེས་པའི་ལམ་བཞི་སྟེ། གཞན་ཕྱོགས་ཉེས་པར་སྨྲས་པ་ལ་འདི་མ་ཡིན་ནོ་ཞེས་སུན་འབྱིན་པར་བྱེད་པ་དང་། རང་ཕྱོགས་ལེགས་པར་སྨྲས་པ་དེ་བཞིན་སྒྲུབ་པར་བྱེད་ཅིང་འཇོག་པ་དང་། གཞན་གྱི་ཐེ་ཚོམ་སྐྱེས་པ་གཅོད་པར་བྱེད་པ་མི་སྐྱེ་བར་ངེས་པར་འབྱིན་པ་དང་། དོན་དེར་རྨོངས་པ་རྣམས་ལ་དོན་དེ་ལེགས་པར་བསྟན་པ། ཁོང་དུ་ཆུད་པར་བྱེད་པའོ། །ལྔ་པ་བསྡུ་བ་རྣམ་པར་ངེས་པ་གང་ཞེ་ན། གནས་བཅུས་རྣམ་པར་ངེས་པ་བསྡུས་པར་འགྱུར་ཏེ། གང་ཞེ་ན། འཇིག་རྟེན་པ་རྣམས་ཕན་ཚུན་དུ་འཚོ་ཐབས་སོགས་ཀྱི་དགོས་པ་བསྒྲུབ་པ། བྱ་བ་བསྒྲུབ་པ་རྣམ་པར་ངེས་པ་དང་། ཐེག་གསུམ་གང་རུང་ལ་འཇུག་པ་རྣམ་པར་ངེས་པ་དང་། ཐོས་པ་བཞིན་ཡིད་ཆེས་པ་མོས་པ་རྣམ་པར་ངེས་པ་དང་། རིགས་པ་བཞིས་དཔྱད་ནས་ངེས་པའི་བསམ་བྱུང་། རིགས་པས་རྣམ་པར་ངེས་པ་དང་། ཇི་ལྟར་ཐོས་པ་དང་བསམ་པའི་དོན་རྣམས་ཕན་ཚུན་ཆོས་གཏམ་གླེང་བ་འབེལ་བའི་གཏམ་གྱིས་རྣམ་པར་ངེས་པ་དང་། མཐོང་ལམ་རབ་ཏུ་རྟོགས་པས་རྣམ་པར་ངེས་པ་དང་། བསྒོམ་ལམ་ས་བོན་མ་ལུས་སྤོང་ལམ་རྣམ་པར་དག་པས་རྣམ་པར་ངེས་པ་དང་། ཁྱད་པར་ཅན་གྱི་ལམ་ཡོན་ཏན་ཁྱད་པར་ཅན་མངོན་པར་བསྒྲུབ་པས་རྣམ་པར་ངེས་པ་དང་། གཉིས་པ་གསུམ་པ་བཞི་པ་སོགས་ཀྱི་རྣམ་པ་སྒྲུབ་པའི་སྒོ་ནས་ཆོས་སྟོན་པ་མཐའ་ཡས་པ་ཚིག་རབ་ཏུ་དབྱེ་བས་རྣམ་པར་ངེས་པ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཆགས་ཐོགས་མེད་


MR12_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

པས་མཐོང་བ་འཇུག་པ། ལྷུན་གྱིས་གྲུབ་པ་དང་རྩོལ་བའམ་བཞེད་པ་ཙམ་གྱིས་དོན་ཐམས་ཅད་བསྒྲུབ་པ་རྣམ་པར་ངེས་པའོ། །དྲུག་པ་སྨྲ་བ་རྣམ་པར་ངེས་པ་གང་ཞེ་ན། སྨྲ་བ་དང་། སྨྲ་བའི་ཞལ་ཆེ་བ་དང་། སྨྲ་བའི་གཞི་དང་། སྨྲ་བའི་རྒྱན་དང་། སྨྲ་བ་ཆད་པས་བཅད་པ་དང་། སྨྲ་བ་ལས་བྱུང་བ་དང་། སྨྲ་བ་ལ་གཅེས་སྤྲས་བྱེད་པའི་ཆོས་རྣམས་སོ། །སྨྲ་བ་གང་ཞེ་ན། སྨྲ་བ་དང་། རྨད་ཁྱེར་བ་དང་། རྩོད་པ་སྨྲ་བ་དང་། ཚིག་ངན་སྨྲ་བ་དང་། མཐུན་པར་སྨྲ་བ་དང་། གདམས་པ་སྨྲ་བའོ། །མདོར་ན་སྨྲ་བ་ནི་ཚིག་བརྗོད་པ་ཐམས་ཅད་དོ། །རྨད་ཁྱེར་བ་འཇིག་རྟེན་ན་དེ་ལྟར་རྣམ་པར་སྨྲ་ཞིང་གྲགས་པའོ། །རྩོད་པ་ནི་ཕན་ཚུན་མི་མཐུན་པར་གནས་པའོ། །ཚིག་ངན་ནི་ཕན་ཚུན་ཚིག་བརླང་པོས་ངན་པ་སྨྲ་བ་ཉེ་བར་གནས་པའོ། །མཐུན་པར་སྨྲ་བ་ནི་ཡེ་ཤེས་མཐོང་བ་རྣམས་དང་རྗེས་སུ་མཐུན་པའི་འབེལ་གཏམ་རྣམ་པར་ངེས་པའོ། །གདམས་པ་སྨྲ་བ་ནི། སེམས་མཉམ་པར་མ་བཞག་པ་རྣམས་མཉམ་པར་བཞག་པར་བྱ་བ་དང་། མཉམ་པར་བཞག་པ་རྣམ་པར་ཐར་པའི་ཕྱིར་ཁོང་དུ་ཆུད་པར་བྱ་བའི་ཆོས་བསྟན་པའོ། །སྨྲ་བའི་ཞལ་ཆེ་བ་ནི། འཇིག་རྟེན་གྱི་དབང་པོ་ཕོ་བྲང་གང་དག་ན་རྒྱལ་པོ་བཞུགས་པ་དང་། རྒྱལ་པོས་ལས་ལ་བསྐོས་པ་རྣམས་འདུ་བའི་གནས་དང་། ཚོང་པ་སོགས་འདུས་པ་དང་། དེའི་ཚིག་ཚད་མར་རུང་བའི་ཟླ་གྲོགས་རྣམས་དང་། དགེ་སློང་དང་བྲམ་ཟེ་ཆོས་ཚིག་དང་དོན་ལ་མཁས་པ་རྣམས་སོ། །སྨྲ་བའི་གཞི་ནི། བསྒྲུབ་བྱ་དང་། སྒྲུབ་པའོ། །


MR12_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པ་ནི་བདག་དང་ཆོས་ཀྱི་ངོ་བོ་ཉིད་ཡོད་དམ་མེད་པ་དང་དེའི་ཁྱད་པར་ནི་ཐམས་ཅད་དུ་སོང་བའམ་ཐམས་ཅད་དུ་སོང་བ་མིན་པ་དང་། རྟག་མི་རྟག་གཟུགས་གཟུགས་ཅན་མིན་སོགས་ཀྱི་ཁྱད་པར་རོ། །སྒྲུབ་པ་ནི། དང་པོ་དམ་བཅའ་བའི་དོན་བསྒྲུབ་བྱ་བསྟན་པ་དམ་བཅའ་བ་དང་། དེ་སྒྲུབ་བྱེད་ཀྱི་གཏན་ཚིགས་དང་། དེའི་དཔེ་དང་། དཔེ་དང་དཔེ་ཅན་མཐུན་པར་ཉེ་བར་སྦྱར་བ་དང་། དེ་ལྟར་ཐམས་ཅད་བསྡུས་ནས་དམ་པའི་དོན་གྲུབ་པའི་མཇུག་སྡུད་པ་དང་། གཏན་ཚིགས་དེས་མངོན་སུམ་ཚད་མ་དང་། རྗེས་སུ་དཔག་པ་དང་། ཡིད་ཆེས་པའི་ལུང་ངོ་། །ངོ་བོ་ཉིད་བསྒྲུབ་པ་ནི། བདག་གི་ངོ་བོ་ཉིད་དང་། ཆོས་ཀྱི་ངོ་བོ་ཉིད་དོ། །ཁྱད་པར་ནི་བདག་གི་ཁྱད་པར་དང་ཆོས་ཀྱི་ཁྱད་པར་རོ། །དམ་བཅའ་བ་ནི་བདག་གིས་འདོད་པ་བསྒྲུབ་པའི་ངོར་ཕྱིར་རྒོལ་གཞན་ལ་འདི་ཞེས་གོ་བར་སྟོན་པའོ། །གཏན་ཚིགས་ནི་བསྒྲུབ་པ་དེ་ཉིད་ལ་སྔར་མ་གྲགས་པ་སྟེ་གྲུབ་པ་མིན་པའི་ངོར་གསར་དུ་ཡིད་ཆེས་པར་བྱེད་པའི་རྒྱུ་ནི་མངོན་སུམ་དུ་དམིགས་པ། སྒྲུབ་རྟགས་འབྲས་རང་ལྟ་བུ་དང་། མི་དམིགས་པ་དགག་པའི་རྟགས་ཀྱི་སྒོ་ནས་བསྙད་པའོ། །དཔེ་ནི་མཐའ་མཐོང་བ་གྲགས་པའི་ཆ་དང་། མཐའ་མ་མཐོང་བ་མ་གྲགས་པའི་ཆ་མཚུངས་པར་སྦྱར་ཞིང་བསྙད་པ་སྟེ་བཤད་པའོ། །ཉེ་བར་སྦྱར་བ་ནི་ཇི་ལྟར་སྒྲུབ་པའི་དོན་ལ་ཡན་ལག་སྔ་མ་གསུམ་གྱིས་བསྒྲུབ་པ་དེ་བཞིན་དུ་དེའི་རིགས་ཀྱི་ཆོས་ལྷག་མ་དེ་དང་འདྲ་བ་ལ་དེའི་སྒྲུབ་པའི་དོན་གྱི་ཆོས་གསུམ་པོ་སྦྱར་བའི་ཚུལ་གྱིས་མཐུན་པར་བསྙད་ཅིང་


MR12_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བར་སྟོན་པའོ། །མཇུག་སྡུད་པ་ནི། རིགས་པས་ལེགས་པར་གྲུབ་པས་འཐད་པ་དེའི་ཕྱིར་དེ་དེ་བཞིན་ནོ་ཞེས་མཐར་ཕྱིན་པར་བསྙད་པའོ། །དཔེར་ན་བདག་མེད་དོ་ཞེས་དམ་བཅའ། ཕུང་པོ་དང་གཅིག་ཐ་དད་དུ་མ་དམིགས་པའི་ཕྱིར་ཞེས་པས་གཏན་ཚིགས། ད་ལྟ་བ་ལ་འདས་པར་འདོགས་པ་བཞིན་ནོ་ཞེས་པ་དེས། བདག་མེད་པ་བཞིན་རྟག་པ་སོགས་ཀྱང་མེད་དོ་ཞེས་པ་ཉེ་བར་སྦྱར་བ། གང་ཕྱིར་དེ་ལྟར་མིན་པ་དེའི་ཕྱིར། ཕུང་ལྔ་མི་རྟག་པ་ནས་བདག་མེད་དོ་ཞེས་པ་མཇུག་སྡུད་དོ་གསུངས། མངོན་སུམ་ནི་མིག་སོགས་རང་གི་དོན་གཟུགས་སོགས་ཡོད་ཅིང་མ་སྒྲིབ་པར་སྣང་ལ་འཁྲུལ་རྒྱུ་མེད་པས་མ་ནོར་བའོ། །རྗེས་སུ་དཔག་པ་ནི་མངོན་སུམ་གྱི་ལྷག་མ་དེ་མིན་པ་ལྐོག་གྱུར་ལ་ཡིད་ཆེས་བཅུས་པའི་རྟགས་མཐོང་བའོ། །དཔྱད་གསུམ་གྱི་དག་པའི་ཡིད་ཆེས་པའི་ལུང་ནི་མངོན་རྗེས་དེ་གཉི་ག་དང་མི་འགལ་བར་ཤིན་ལྐོག་སྟོན་པའོ། །གང་དང་ལྡན་ན་སྨྲ་བ་མཛེས་པར་བྱེད་པའི་སྨྲ་བའི་རྒྱན་ནི་བདག་དང་གཞན་གྱི་གྲུབ་མཐའི་གཞུང་ལུགས་ཀྱི་ཚིག་དོན་མཐའ་དག་ཤེས་པ་དང་། ཚིག་གསལ་ཞིང་ཟུར་ཕྱིན་པ་ཅལ་ཅོལ་སོགས་མེད་པས་ཕུན་སུམ་ཚོགས་པ་དང་། མཁས་པའི་ཁྲོད་དུ་བག་ཚ་བ་མེད་པར་སྨྲ་ཞིང་མི་འཇིགས་པ་དང་། ཕ་རོལ་པོའི་ཚིག་རྫོགས་པའི་བར་དུ་སྡོད་ཅིང་དལ་བར་རྒྱུན་ཆགས་པར་བསྒྲུབ་པས་བརྟན་པ་དང་། རྒྱུད་འཇམ་རང་བཞིན་བཟང་བས་ཕྱིར་རྒོལ་དང་དབང་པོའི་སེམས་དང་མཐུན་པར་བྱེད་པའོ། །


MR12_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བ་གང་ལ་ཆད་པས་གཅད་པ་མི་འོས་ནི་གཏམ་རྗེས་བཅད་པ་དང་། གཏམ་འཕྲོ་ལུས་པ་དང་། གཏམ་གྱི་ཉེས་པའོ། །གཏམ་རྗེས་གཅད་པ་ནི། རང་གི་སྨྲ་བའི་སྐྱོན་ཁས་བླངས་པ་སྟེ་མ་ལེགས་ཞེས་སྨྲ་བ་དང་། གཞན་གྱི་སྨྲ་བའི་ཡོན་ཏན་ལེགས་པར་ཁས་བླང་བ་དེ་ནི་ཆད་པ་རང་གིས་ཁས་བླང་བའོ། །གཏམ་འཕྲོ་ལུས་པ་ནི། འབེལ་བྱའི་དོན་བཞག་ནས་དོན་མེད་པའི་གཏམ་གཞན་ནས་གཞན་དུ་བརྒྱུད་པའམ། གཏམ་གཞན་དོན་མེད་པ་སྨྲ་བ་སྟེ་རྒྱས་པར་མདོ་སྡེ་ལས་ཇི་སྐད་འབྱུང་བ་ལྟ་བུའོ། །གཏམ་གྱི་ཉེས་པ་ནི་དོན་མེད་པའི་ཅལ་ཅོལ་ལམ་བབ་ཅོལ་འགྲེལ་མེད་སྨྲ་བ་དང་། ཡིད་ཁྲོས་ནས་འཁྲུགས་པ་དང་དགའ་བས་གཡེང་བའོ། །ཚིག་དང་དོན་ཕྱིར་རྒོལ་དང་འཁོར་རྣམས་ཀྱིས་མི་གོ་བ། བརྡ་འཕྲད་དུ་མི་རུང་བ་སྨྲ་བ་དང་། རན་པ་མ་ཡིན་པ་ཚིག་ལྷག་ཟློས་པ་མང་བའམ་དོན་མ་ཚང་བ་ཉུང་བ་དང་། དོན་དང་ལྡན་པ་མ་ཡིན་པ་ནི། དོན་མེད་པ་དོན་མ་དམིགས་པ། དོན་དང་བྲལ་བ། དོན་དེར་མ་འབྲེལ་བ། རིགས་པ་དང་བྲལ་བ། དེ་གྲུབ་མི་ནུས་པའི་གཏན་ཚིགས་མ་གྲུབ་སོགས་དཔྱད་པ། ཚུལ་བཞིན་མིན་པ་བསྒྲུབ་པ་ལྟར་སྣང་བསྒྲུབ་བྱ་དང་མཚུངས་པ། སུན་འབྱིན་ལྟར་སྣང་ཚོགས་པར་དབྱུང་རུང་མིན་པའི་སྨྲ་བ་ཐམས་ཅད་དོ། །མདོར་ན་དེ་ཐམས་ཅད་དོན་མེད་པའོ། །དུས་ཚིགས་མ་ཡིན་པར་སྔར་སྨྲ་བྱ་ཕྱིས་སྨྲ་བ། ཕྱིས་སྨྲ་བྱ་སྔར་སྨྲ་བ་ལྟ་བུ། སྐབས་སུ་མ་བབ་པར་སྨྲ་བ་དང་། མི་བརྟན་པ་དམ་བཅས་ཀྱང་དེ་འདོར་བ་


MR12_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྒྲའི་མཚན་འགལ་བ་མི་གསལ་བ་མྱུར་ཆེས་བས་ཧ་ཅང་རྟབ་རྟབ་པོས་དང་། ཆོ་ག་རྒྱུན་ཆགས་པ་མ་ཡིན་པར་བར་སྐབས་སུ་ཚིག་དང་སྤོབས་པ་རྒྱུན་ཆད་པའོ། །སྨྲ་བ་ལས་འབྱུང་བ་ནི། ཕྱིར་རྒོལ་ལམ་ནས་བཟློག་པ་ལེགས་ལམ་ལ་བཞག་པའི་སྣོད་མ་ཡིན་པ་དང་། མི་མཁས་པ་དང་ཕྱོགས་ལྷུང་ཅན་སོགས་འཁོར་དེར་ཡོན་ཏན་མེད་པ་དང་། བདག་ཀྱང་སྨྲ་བ་ནས་སྨྲ་བའི་རྒྱན་གྱི་བར་ལ་མི་མཁས་པར་རིག་ནས་སྨྲ་བར་མི་བྱ་བ་དང་། དེ་ལྟར་སྨྲ་བའི་ཡོན་ཏན་དང་ཉེས་པ་བརྟག་ནས་མི་ཕྱེད་པས་འབྱུང་བ་ཆད་པའི་གནས་སུ་མི་འགྱུར་རོ། །ཕྱིར་རྒོལ་བ་སྣོད་དུ་གྱུར་པ་ཞིག་གམ། འཁོར་ཕྱོགས་ཡང་མངོན་ཞེན་མེད་པའི་ལེགས་ཉེས་འབྱེད་པའི་ཡོན་ཏན་དང་ལྡན་ནམ། བདག་ཀྱང་སྨྲ་བ་ལ་མཁས་པར་རིག་ནས་སྨྲ་བར་བྱའོ། །སྨྲ་བར་བྱེད་པའི་འབྱུང་བ་ནི་སྨྲ་བར་ནུས་པའམ་ལྕོགས་པའི་ཕྱིར་རོ། །སྨྲ་བ་ལ་ངེས་པར་མོས་ཤིང་གཅེས་སྤྲས་བྱེད་པའི་ཆོས་རྣམས་ནི། བདག་དང་གཞན་གྱི་གཞུང་ལུགས་ལ་མཁས་པ་སྟེ། དེས་གཏམ་གྱི་གཞི་ཐམས་ཅད་དུ་གང་ཡང་སྨྲ་བར་བྱེད་ནུས་པ་ཉིད་དོ། །མི་འཇིགས་པ་ནི་གང་གིས་འཁོར་འདུས་པ་ཐམས་ཅད་དུ་སྨྲ་བར་བྱེད་པའོ། །སྤོབས་པ་ནི་གང་གིས་ཕྱིར་རྒོལ་གྱི་སྨྲས་པ་ལ་ཐམས་ཅད་དུ་ལན་གདབ་པ་ཤེས་པའོ། །ཡང་བདག་ལེགས་སུ་འདོད་པས་སྨྲ་བའི་ཚུལ་ཤེས་པར་བྱའི། བརྩད་ཅིང་སྨྲ་བར་ནི་མི་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཆོས་མངོན་པར་མདོ་ལས་


MR12_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྐད་གསུངས་པ་ལྟ་བུ་སྟེ། གནས་བཅུ་གཉིས་མཐོང་བའི་བྱང་ཆུབ་སེམས་དཔའ། སྙེད་བཀུར་སོགས་ལ་མ་ཞེན་པར་དགེ་བའི་ཕྱོགས་ལ་བརྩོན་པ་ནན་ཏན་སྙིང་པོར་བྱེད་པ་སེམས་ཅན་ཀྱི་ཚོགས་ཆོས་ཀྱིས་སྡུད་པ། བདག་གཞན་གྱི་དོན་ལ་ཞུགས་པ་དེས། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། གཞན་དག་དང་རྩོད་པས་སྨྲ་བར་མི་བྱའོ། །བཅུ་གཉིས་གང་ཞེ་ན། དམ་པའི་ཆོས་ཀྱི་དོན་མཆོག་ཟབ་མོ་ཐེག་ཆེན་གྱི་དོན་དང་ལྡན་པ་བཤད་པ་ཀུན་ནས་ཤེས་པ་དཀོན༡་པ་དང་། ཆོས་རྣམས་ཀུན་ཤེས་པར་བྱ་བའི་བསམ་པས་སྨྲ་བ་དཀོན༢་པ་ཏེ་སྐྱོན་གདགས་པའི་བསམ་པས་དང་། ཚོགས་པ་མཁས་པ་དང་ལམ་མངོན་པར་རྟོགས་པ་ལྡན་པ་རྣམས་དཀོན༣་པ་དང་། ཕྱོགས་ངན་པ་ཡོངས་སུ་འཛིན་ཅིང་མངོན་པར་ཞེན་པའི་ཉེས་པ་དང་། ཚིག་དོར་དང་ལྟག་ཆོད་སོགས་རང་ཕྱོགས་རྒྱལ་ཐབས་ཀྱི་ངན་གཡོ་སྨྲ་བའི་ཉེས་པ་དང་། ཚིག་མཇུག་ཏུ་མི་སྡོད་པར་དུས་མ་ཡིན་གཏམ་ལ་སྦྱོར་བའི་ཉེས་པ་དང་། ལེགས་པར་སྨྲས་ཀྱང་གཏམ་ཁྱད་དུ་གསོད་པའི་ཉེས་པ་དང་། ཚིག་རྩུབ་དང་མཚང་འབྲུ་སོགས་ཚིག་བརླང་པོའི་ཉེས་པ་དང་། དེས་རང་གཞན་ཡིད་འཁྲུགས་པའི་ཉེས་པ་དང་ནི་དེ་ལྟར་གང་ཉེས་པ་རྣམ་པ་དྲུག་སྤངས་ཏེ་ཚུལ་བཞིན་སྨྲ་བ་དཀོན༤་པ་དང་། ཚིག་རྩུབ་སོགས་ཕར་རང་གི་ཡིད་འཁྲུགས་མེད་པར་སྨྲ་བ་དཀོན་པ༥་དང་། གཞན་ཕ་རོལ་གྱི་སེམས་ལ་མི་གནོད་པར་བྱ་ཕྱིར་དེའི་སེམས་བསྲུང་ཞིང་སྨྲ་བ་དཀོན་པ་༦དང་། སེམས་ཉེ་བར་ཞི་བའི་ཏིང་ངེ་འཛིན་རྗེས་སུ་བསྲུང་ཞིང་སྨྲ་བ་དཀོན་༧


MR12_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། རང་རྒྱལ་བ་དང་ཕ་རོལ་ཕམ་པའི་སེམས་མེད་པར་ཆོས་ཀྱི་དོན་ལ་དཔྱད་དེ་སྨྲ་བ་དཀོན་པ་དང་། རྒྱལ་བའམ་ཕམ་ཡང་ཀུན་ནས་ཁེངས་པ་དང་ཁྲོ་བའི་ཉོན་མོངས་པ་མེད་པ་དཀོན༩་པ་དང་། ཀུན་ནས་ཉོན་མོངས་པར་གྱུར་པ་དེ་བདེ་བ་ལ་རེག་པར་གནས་པ་དཀོན༡ ༠་པ་དང་། བདེ་བ་ལ་རེག་པར་མི་གནས་པ་དགེ་བའི་ཆོས་རྣམས་ལ་རྒྱུན་དུ་བསྒོམ་པར་འདོད་པས་རྒྱུན་དུ་གོམས་པར་བྱེད་པ་དཀོན༡ ༡་པ་དང་། དགེ་བའི་ཆོས་རྒྱུན་དུ་མ་བསྒོམ་པ་ལ་ཁྱད་པར་ཐོབ་པ་ལས་ཡོངས་སུ་ཉམས་པས། སེམས་མཉམ་པར་མ་བཞག་པ་ལ་མཉམ་པར་བཞག་པ་དང་སེམས་མཉམ་པར་བཞག་པ་ལ་ཡང་རྣམ་པར་གྲོལ་པ་དཀོན༡ ༢་པའོ། །ཞེས་སོ། །བདུན་པ། ལྡེམ་པོར་དགོངས་པ་རྣམ་པར་ངེས་པ་གང་ཞེ་ན། མིང་གི་ཚོགས་དང་ཚིག་གི་ཚོགས་དང་ཡི་གེའི་ཚོགས་རྣམས་ཀྱི་དངོས་སུ་གྲགས་པའི་དོན་གཞན་དུ་བརྗོད་ལ་བརྗོད་བྱ་དངོས་ཀྱི་དོན་མ་གྲགས་པ་གཞན་དུ་ཡོངས་སུ་བསྒྱུར་བ་སྟེ། ཇི་སྐད་དུ། འཇིག་རྟེན་ན་སྡིག་ཏེ་ཤིན་ཏུ་ཆེ་བར་རྩི་པ། སྐྱེ་བོ་བླ་མ་དང་། སྐྱེ་བོ་ཆེན་པོ་བསད་པའོ། །དང་པོ་སྐྱེ་བོ་བླ་མ་དེ་ཡང་སོ་སོར་ངེས་དང་། འཇིག་རྟེན་པ་དང་ཐུན་མོང་པའོ། །ཕྱི་མ་འདི་ལ་ཡོངས་སུ་སྐྱོང་བ་དང་སྦྱིན་གནས་སོ། །སོ་སོར་ངེས་པའི་སྐྱེ་བོ་བླ་མ་ཕ་མའོ། །འཇིག་རྟེན་ཐུན་མོང་སྐྱོང་བྱེད་རྒྱལ་པོ། །སྦྱིན་གནས་བྲམ་ཟེ་གཙང་སྦྲ་ཅན་རྣམས་ཏེ། དེ་རྣམས་བསད་ན་སྐྱེ་བོ་བླ་མ་བསད་པ་ཞེས་སོ། །སྐྱེ་བོ་ཆེན་པོ་བསད་པ་ནི། ཡུལ་འཁོར་གྱི་སྐྱེ་བོའི་ཚོགས་བསད་པ། འཁོར་ནི་རྟ་བ་ལང་རྔ་


MR12_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

མོ་མ་ཧེ་སོགས་བསད་པའོ། །དེ་ལྟར་འདི་དག་འཇིག་རྟེན་ན་ཁ་ན་མ་ཐོ་བ་ཆེན་པོར་གྲགས་པའི་དོན་ལྟ་བུར་བརྗོད་ཀྱང་། མངོན་པར་བསྒྲུབ་པའི་རྒྱུ་སྲེད་པ་ཕ་དང་། སྐྱེ་བའི་རྒྱུ་ལས་ཀྱི་སྲེད་པ་མ་ནི་བསད་བྱས་ཤིང་། ཉེ་བར་ལེན་པ་དང་བཅས་པའི་རྣམ་ཤེས་རྒྱལ་པོ། བྲམ་ཟེ་གཙང་སྦྲ་ཅན། མཆོག་འཛིན་གཉིས་དང་། སྐྱེ་མཆེད་དྲུག་ཡུལ་འཁོར་དང་འདྲ་འཁོར་སྤྱོད་ཡུལ་དང་བཅས་བཅོམ་ནས། མི་དེ་དག་པར་འགྱུར་ཞེས་བྱ། ཞེས་གསུངས་པ་ལྟ་བུའོ། །དམན་པ་མཆོག་ཏུ་བསྒྱུར་བའི་ལྡེམ་དགོངས་ནི། ཡང་ཇི་སྐད་དུ། ཡིད་ཀྱི་ལས་ངན་པ་ལས་འབྲས་སོགས་ལ་ཡིད་མི་ཆེས་དད་པ་མེད་པ་དང་བྱས་པ་མི་གཟོ། ལུས་ཀྱི་ལས་ངན་པ་མི་གང་ཁྱིམ་འབིགས་བྱེད་པ། རྐུན་པོ་སྟེ་འཚོ་བ་ཤིན་ཏུ་སྨད་པ་དང་། ངག་གི་ལས་ངན། རྫུན་སྨྲས་པ། ཚོགས་པའི་ནང་དུ་འཇུག་པའི་གོ་སྐབས་བཅོམ་དང་། ལོངས་སྤྱོད་ངན་པ་ཁྱི་བྱ་རོག་ཡི་དྭགས་སོགས་སྐྱུགས་པ་ཟ། དེ་ནི་སྐྱེས་བུ་མཆོག་ཡིན་ནོ། །ཡི་གེ་འདི་དག་དོན་མཆོག་ཏུ་བསྒྱུར་ན། དགྲ་བཅོམ་པར་སྒྱུར་ཏེ། དགྲ་བཅོམ་པ་ནི་རྣམ་གྲོལ་ཡེ་ཤེས་མཐོང་བ་དང་ལྡན་པས་རང་གིས་ཡིད་ཆེས་པའམ། རྐྱེན་གཞན་སྟོབས་སོགས་ཀྱི་ཡིད་ཆེས་མིན་པའོ། །བྱས་པ་མི་གཟོ་བ། འདུས་མ་བྱས་པའི་མྱ་ངན་ལས་འདས་པ་ཤེས་པའི་ཕྱིར་རོ། །ཁྱིམ་འབིགས་པ་ནི། སྲིད་པར་ཉིང་མཚམས་སྦྱོར་བའི་ཉོན་མོངས་པའི་ཁྱིམ་བཤིག་པའི་ཕྱིར་རོ། །གོ་སྐབས་བཅོམ་པ། ཕྱི་མ་ལ་འགྲོ་བ་ཐམས་ཅད་དུ་སྡུག་བསྔལ་མངོན་པར་མི་འགྲུབ་པའི་


MR12_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །སྐྱུགས་པ་ཟ་བ་ནི། མཐོང་ཆོས་ལ་ཡོ་བྱད་ཀྱི་སྟོབས་ཀྱིས་ལུས་འཚོ་ཡང་། ལོངས་སྤྱོད་དང་སྟོབས་ལ་སྐྱུགས་པ་ལྟར་མཐོང་ནས་རེ་བ་མེད་པའི་ཕྱིར་རོ། །སྙིང་པོ་མེད་ལ་ལྷའི་ཏིང་ངེ་འཛིན་ལ་སྙིང་པོར་ཤེས། རྟག་གཙང་སོགས་པས་ཕྱིན་ཅི་ལོག་ཤེས་རབ་ལ་ཤིན་ཏུ་གནས། སེམས་ཅན་གྱི་དོན་དུ་ཉོན་མོངས་བས་ཀུན་ནས་རབ་ཉོན་མོངས་པ་དེས་བྱང་ཆུབ་དམ་པ་ཐོབ་པར་འགྱུར། ཞེས་དང་། གཞན་ཡང་། ཏིང་ངེ་འཛིན་ལ་བརྟེན་ནས་མཐོང་བསྒོམ་གྱི་ལམ་གཉིས་ཀྱིས་བྱང་ཆུབ་ཆེན་པོར་རིག་པའི་བྱང་ཆུབ་སེམས་དཔའ་ཆོས་ལྔ་དང་ལྡན་ན། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དེ། ལྔ་གང་ཞེ་ན། སེར་སྣའི་ཆོས་ཉིད་སེར་སྣའི་བག་ཉལ་སྤངས་པས་དེའི་དེ་བཞིན་ཉིད་དུ་གནས་གྱུར་ཐོབ་པ་འཕེལ་བར་བྱེད་པ་དང་། སྦྱིན་པས་ཡོངས་སུ་སྐྱོ་བ་ཡུན་རིང་པོར་སྦྱིན་པའི་རྒྱུ་མཆོག་ཏུ་བྱ་དཀའ་བས་ངལ་བར་བྱ་བ་ཁས་ལེན་པ་དང་། སློང་བ་ལ་ཚིག་པ་ཟ་བ་ནི་རང་གིས་ལེན་པར་འདོད་པས་སློང་བ་དང་མི་མཐུན་པའི་ཕྱིར་དང་། རེས་འགའ་བའི་ཕྱིར་ཅི་ཡང་སྦྱིན་པར་མི་བྱེད་པ་རྟག་ཏུ་སྦྱིན་པར་བྱེད་པ་དང་། ཉེ་བ་ལ་སྦྱིན་པ་སོགས་ཕྱོགས་ལྷུང་ཅན་གྱི་སྦྱིན་པ་ལས་རིང་དུ་གྱུར་པའོ། །ཞེས་ཇི་སྐད་གསུངས་པ་ལྟ་བུ་དང་། ཡང་ཇི་སྐད་དུ། བྱང་ཆུབ་སེམས་དཔའ་ཆོས་ལྔ་དང་ལྡན་ན་ཚངས་པར་སྤྱོད་པ་ཡིན་ཞིང་ཚངས་པར་སྤྱོད་པ་མཆོག་དང་ལྡན་པ་སྟེ། འཁྲིག་པ་ལས་གཞན་དུ་འཁྲིག་པ་ལས་ངེས་པར་འབྱུང་བ་མི་ཚོལ་བ་འཁྲིག་པ་དེ་ཁོ་ན་ཉིད་དུ་ཡང་


MR12_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཇི་བཞིན་ཤེས་ནས་སྤོང་བ་དང་། འཁྲིག་པ་སྤོང་བ་ཡི་ཐབས་ལ་གཡེལ་བ་རྟོག་པ་དང་། འཁྲིག་པའི་འདོད་ཆགས་ནང་དུ་སྐྱེས་པ་ཕྱི་རོལ་དུ་སྤོང་བ་དང་དུ་ལེན་པ་དང་། འཁྲིག་པའི་གཉེན་པོའི་ཆོས་ཀྱིས་སྐྲག་པ་སེམས་ཅན་བསྒྲལ་དོན་དུ་རྩོམ་པས་དང་། རྒྱུན་མི་འཆད་པར་ཞི་ལྷག་གཉིས་ཀྱིས་ཀུན་བྱང་རྒྱུ་འབྲས་ཀྱིས་ཕྱེ་བའི་བདེན་བཞི་རྟོགས་དོན་དུ་འདས་མ་འདས་ཀྱི་སྙོམས་འཇུག་གཉིས་ལ་སྦྱོར་བའོ། །ཞེས་གསུངས་པ་ལྟ་བུའོ། །ཆོས་མངོན་པ་ཀུན་ལས་བཏུས་པ་ལས་འཕེལ་བའི་གཏམ་རྣམ་པར་ངེས་པ་ཀུན་ལས་བཏུས་པ་ཞེས་བྱ་བ་སྟེ། ཀུན་ལས་བཏུས་པ་ལྔ་བའོ། །བསྟན་བཅོས་འདི་ཅིའི་ཕྱིར། ཆོས་མངོན་པ་ཀུན་ལས་བཏུས་པ་ཞེས་བྱ་ཞེ་ན། ངེས་པའི་ཚིག་གི་ཚུལ་གྱིས་རྟོགས་ནས་མདོ་རྣམས་ཀུན་ལས་བསྡུས་པའི་ཕྱིར་རོ། །བྱང་སེམས་རྣམས་ཀྱིས་རྟོགས་བྱ་དེ་ཁོ་ན་ཉིད་རྟོགས་ཤིང་ཁོང་དུ་ཆུད་ནས་བསམ་བྱའི་གནས་ཐམས་ཅད་ཀུན་ནས་བསྡུས་པའི་ཕྱིར་རོ། །ཕྱིན་ཅི་མ་ལོག་པའི་ཐབས་ཀྱིས་སངས་རྒྱས་ཉིད་ཀྱི་བར་དུ་ཐོབ་པར་བྱེད་པའི་ཕྱིར་ཡང་དག་པར་མཐོང་བའི་གནས་སུ་གྱུར་པ་ཡིན་པའི་ཕྱིར་རོ། །ཆོས་མངོན་པ་ཀུན་ལས་བཏུས་པ་སློབ་དཔོན་ཐོགས་མེད་ཀྱིས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཞིང་ཞུས་ཏེ། གཏན་ལ་ཕབ་པའོ། །ཞག་བཞིས་ཀུན་གནད་བྲིས་པ་སྡུར་ལེགས་དགེ། ཀུན་བཏུས་བཤད་པ་སློབ་དཔོན་ཆེན་པོ་རྒྱལ་


MR12_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྲས་ཀྱིས་མཛད་པ་བམ་བཅུ་སྔ་འགྱུར་མ་དང་བསྡུར་ཏེ་མཆན་ཞག་གསུམ་གྱིས་ཐུན་གསེང་གྲུབ་བོ། །མངོན་པ་ཀུན་བཏུས་ཀྱི་རྣམ་པར་བཤད་པ་ན། རྟོག་པ་ངེས་གནས་དྲི་མེད་དོན་སོགས། མཆོད་བརྗོད་ཚིགས་བཅད་གཉིས་དང་། མདོ་སྡེ་རྣམ་པར་བཤད་པའི་ཚིག་སོགས། བརྩམ་པར་དམ་བཅའ་ཚིགས་བཅད་གཅིག་འདུག །དེ་བསྟན་བཅོས་ཀུན་བཏུས་མཛད་པའི་གསུང་དུ་བྱས་འདུག །འདི་ནི་སྔ་འགྱུར་མ་དཔེ་ལས་རྒྱ་ཆེར་ཆད་པ་དང་། གོ་རིམ་བསྣོལ་བ། ཚིག་སྣ་བསྡུས་པ་སོགས་ཀྱི་ཆ་རྒྱ་དཔེ་གཞན་ལ་བརྟེན་ཏེ། ཐར་ལོ་ཉི་མ་རྒྱལ་མཚན་གྱིས་འགྱུར་བཅོས་མཛད་པའོ། །སྔ་འགྱུར་ལས་ཁྱད་ལྷག་པ་ཆེན་པོ་ཅི་ཡང་མི་འདུག །འགྱུར་ཚིག་ཕྲན་བུ་རེ་དང་། གོ་ནོར་ཅུང་ཟད་རེ་སྣང་། གཞན་ཐམས་ཅད་སྔ་འགྱུར་གཞིར་བཞག་འདུག །འགྲེལ་པ་གཉིས་བསྡུར་ཞུས་དག་བྱས་དགེ། །


previousམངོན་པ་ཀུན་བཏུས་ཀྱི་རྣམ་གྲངས་སྣ་ཚོགས་བཤད་པ།next