རིགས་ལྡན་མ་པདྨ་ལྷ་མཚོའི་ངོར།


JSD004_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། ཨོ་རྒྱན་རྒྱལ་ཚབ་འགྲོ་འདུལ་བླ་མ་རྗེའི། །གསང་གསུམ་རྒྱལ་བའི་སྲས་མཆོག་རིག་པ་འཛིན། །ཕྲིན་ལས་ནོར་བུའི་ཞབས་ལ་གསོལ་བ་འདེབས། །འབྲལ་མེད་བདེ་ཆེན་འཁོར་ལོའི་རྒྱན་བཞུགས་ལ། །འདི་ཕྱི་བར་དོའི་འཇིགས་དང་སྡུག་བསྔལ་གྱི། །འཁོར་བའི་ཆུ་བོ་ཆེ་ལས་བསྒྲལ་ནས་ཀྱང་། །རང་སྣང་རྣམ་དག་པད་འོད་ཕོ་བྲང་དུ། །ཀུན་བཟང་པད་འབྱུང་ཐུགས་དང་དབྱེར་མེད་ཤོག །ཅེས་པའང་རིགས་ལྡན་མ་པདྨ་ལྷ་མཚོའི་ངོར་བུདྡྷས་སོ།།


JSD004_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།