Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
ཆོས་རྗེ་རང་བྱུང་རྡོ་རྗེས་མཛད་པའི་གཅོད་ཀྱི་ཚོགས་ལས་རིན་པོ་ཆེའི་ཕྲེང་བའི་འདོན་འགྲིགས་བལྟས་ཆོག་ཏུ་བཀོད་པ་གཅོད་ཀྱི་ལུགས་སོར་བཞག
   
   
   
   
   
   
   
   
   


 
previousཆོས་རྗེ་རང་བྱུང་རྡོ་རྗེས་མཛད་པའི་གཅོད་ཀྱི་ཚོགས་ལས་རིན་པོ་ཆེའི་ཕྲེང་བའི་འདོན་འགྲིགས་བལྟས་ཆོག་ཏུ་བཀོད་པ་གཅོད་ཀྱི་ལུགས་སོར་བཞགnext

ཆོས་རྗེ་རང་བྱུང་རྡོ་རྗེས་མཛད་པའི་གཅོད་ཀྱི་ཚོགས་ལས་རིན་པོ་ཆེའི་ཕྲེང་བའི་འདོན་འགྲིགས་བལྟས་ཆོག་ཏུ་བཀོད་པ་གཅོད་ཀྱི་ལུགས་སོར་བཞག


CMR052_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

༼ད༽ ཆོས་རྗེ་རང་བྱུང་རྡོ་རྗེས་མཛད་པའི་གཅོད་ཀྱི་ཚོགས་ལས་རིན་པོ་ཆེའི་ཕྲེང་བའི་འདོན་འགྲིགས་བལྟས་ཆོག་ཏུ་བཀོད་པ་གཅོད་ཀྱི་ལུགས་སོར་བཞག་བཞུགས་སོ། །


CMR052_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པྲཛྙཱ་པཱ་ར་མི་ཏ་ཡེ། ཡུམ་ཆེན་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ནས། །གཅོད་ཚོགས་ཕྱག་ལེན་གབ་སྦས་སྤངས་ཏེ་བཀོད། །ཆོས་བདག་ཌཀྐིས་བཀའ་གནང་བྱིན་གྱིས་རློབས། །དེ་ལ་བཅའ་ཚོགས་རྒྱས་པར་སྤྲོ་ན། ཕུག་གཏོར་ཆ་ཚང་བཅའ། འབྲིང་བླ་མ་ཡི་དམ་མཁའ་འགྲོ་གསུམ། ཆོས་སྐྱོང་སྤྱི་འདུས་གཅིག །ནོར་ལྷ་ཕྱི་རྒྱུད་སྤྱི་འདུས་དཀར་གཏོར་གཅིག་དང་ལྔའོ། །བསྡུ་ན་བླ་མའི་གཏོར་མ་གཅིག་གིས་ཀྱང་ཆོག །རྒྱས་པར་ན་བསྐང་འབྲས་བཙུགས་པའི་བསྐང་གཏོར་བྱ། འབྲིང་གཏོར་མ་ཟུར་གསུམ་རྒྱན་ལེགས་པ་གཅིག །བསྡུ་ན་ཕུག་གཏོར་གྱིས་བསྐང་གཏོར་གྱི་གོ་ཆོད་བྱ། ཚོགས་ཟླུམ་པོའམ་མི་རོ་བམ་གཟུགས་གཅིག་བཅའ། གཏོར་


CMR052_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་དམར་གཏོར་གཅིག་དང་། གཞི་བདག་ལ་དཀར་གཏོར་གཅིག །ལྷ་བཤོས་དང་མཐེབ་སྐྱུ་གང་མང་བཅའ། ཡོད་ན་གཅོད་ཀྱི་ཐང་སྐུ་ཡང་བཤམས། མཆོད་པ་རྣམ་ལྔ། ནང་མཆོད་ཀ་པཱ་ལ་བཤམ། ཌཱ་མ་རུ་དང་དྲིལ་བུ་རྐང་གླིང་མདུན་དུ་བཞག །རིམ་གྲོ་མ་གྲོལ་བར་མལ་སྟན་གྲ་མལ་མི་འགུལ་བའི་སྟན་སོགས་ལེགས་པར་བཏིང་ལ་འདུག་གོ །སྟན་མི་ལྤགས་ཀྱི་གཡང་གཞིས་ས་གཞིར་ཁྱབ་པར་བསྒོམ། ཞག་གྲངས་དུ་འདུག་ན་ཞག་རེ་ལ་ཡང་བསྐལ་པ་རེ་རེ་ཡིན་བསམ་པའི་མོས་པ་བྱའོ། །དེ་ནས་བདུད་རྩི་བྱིན་རླབས་དང་། མཆོད་པ་བྱིན་རླབས་གཉིས་ཀ་རྒྱལ་བ་རྒྱ་མཚོ་ལྟར་བྱས་ཀྱང་རུང་མོད། ཕག་མོ་ནས་ཁ་སབ་སྲོལ་ཡོད་པས། ཨོཾ་ཀརྨ་ཌཱཀི་ནི་ཧཱུྃ་ཕཊཿ ཨོ་ཀརྨ་ཊཀི་ནི་ཧཱུྃ་ཕཊཿ ཨོཾ་སྭ་བྷ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་


CMR052_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཤུདྡྷོཉཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་ཆང་ཟུང་ལ་ཡཾ་དང་མཆོག་མ་གཉིས་ལ་གཡོ་བའི་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་འབར་བ་རཾ་གྱིས་མཚན་པ། དེའི་སྟེང་དུ་ཀེ་གསུམ་ལས་ཐོད་པ་བུམ་རིལ་གྱི་སྒྱེད་པུ་ལྟག་པ་ནང་དུ་བསྟན་པ་གསུམ་གྱི་སྟེང་དུ་ཡི་གེ་ཨ་ཡོངས་སུ་གྱུར་པ་ལས། ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ། དུམ་བུ་གཅིག་པ་དཔྲལ་བ་རང་ལ་བསྟན་པ། རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ། །དེའི་དབུས་སུ་མུ་ལས་དྲི་ཆུ་བཻཌཱུརྱ་ལྟ་བུ། ཤར་དུ་བི་ལས་དྲི་ཆེན་ཤེལ་ལྟ་བུ། ལྷོར་ར་ལས་རཀྟ་གསེར་བཙོ་མ་ལྟ་བུ། ནུབ་ཏུ་ཤུ་ལས་བྱང་སེམས་དཀར་པོ། བྱང་དུ་མ་ལས་ཀླད་པ། སླར་ཡང་དབུས་སུ་ན་ལས་མིའི་ཤ །ཤར་ལྷོར་གོ་ལས་བ་གླང་གི་ཤ །ལྷོ་ནུབ་ཏུ་ཀུ་ལས་ཁྱིའི་ཤ །ནུབ་བྱང་དུ་ད་ལས་གླང་པོ་ཆེའི་ཤ །བྱང་ཤར་དུ་ཧ་ལས་རྟའི་ཤ །དེ་རྣམས་སླར་ཡང་ཡི་གེ་དེ་དག་གིས་མཚན་པའོ། །རང་གི་སྣ་བུག་གཡོན་པ་ནས་རླུང་ཧཱུྃ་གི་དབྱིབས་ཅན་འཕྲོས། རླུང་གི་དཀྱིལ་འཁོར་ལ་ཕོག །བ་དན་བསྐྱོད་རླུང་


CMR052_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

གཡོས། མེ་འབར་ཐོད་པ་དྲོས་རྫས་རྣམས་ཁོལ། ཉེས་པའི་སྐྱོན་རྣམས་ཕྱིར་ལུད། དེའི་སྟེང་དུ་ཨོཾ་ཨཱཿཧཱུྃ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག །དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ། སྲིན་ལག་གམ་རྡོ་རྗེའི་རྩེ་མོས་མཆོད་པ་གཏོར་མ་ལ་ནང་མཆོད་ཟེགས་མ་གཏོར་ལ། ཨོཾ་ཀརྨ་ཊཱ་ཀི་ནི་ཧཱུྃ་ཕཊ། ཨོཾ་སྭ་བྷ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷ་ཝ་ཤུདྡྷོཉཧཾ། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུྃ་ཡིག་གི་ཚོགས་དཔག་ཏུ་མེད་པ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་རྡོ་རྗེའི་མཆོད་ཡོན། མེ་ཏོག །བདུག་སྤོས་མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་པའི་དངོས་པོ་དྭངས་ཤིང་ཐོགས་པ་མེད་པ་བྱུང་ཆུབ་སེམས་དཔའ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལས་ཀྱང་ཆེས་ཆེར་ལྷག་པའི་མཆོད་པའི་སྤྲིན་གྱི་ཕུང་པོ་རབ་འབྱམས་ནམ་མཁའི་མཐའ་ཀླས་པའི་བར་རྒྱས་པར་འགེངས་ཤིང་


CMR052_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་རྣམས་མཉེས་པར་བྱེད་པ། དུས་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་རྒྱུན་མི་ཆད་པར་འབྱུང་བའི་རང་བཞིན་དུ་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་དྷུ་པེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ནཻ་ཝཱིརྱ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ཤཔྟ་ཨཱཿཧཱུྃ་སྭཱ་ཧཱ། དེ་ནས་དབང་སྡུད་ཞི་སྡུད་ཕཊ། ་རང་ཉིད་སྐད་ཅིག་གིས་ཡུམ་ཆེན་མོ་གསེར་གྱི་མདོག་ཅན་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ། ཕྱག་བཞིའི་དང་པོས་རྡོ་རྗེ་གླེགས་བམ། འོག་མ་གཉིས་ཀྱིས་མཉམ་བཞག་གི་ཕྱག་རྒྱ་མཛད་པར་གྱུར། ཕཊ། རྐང་དུང་གི་ཁ་ལག་མཐིལ་དུ་ལན་གསུམ་བརྡབ་ཅིང་། འབྱུང་པོ་ཕྲན་བུ་ཉམ་ཆུང་བ་རྣམས་མ་སྐྲག་ཅིག །མ་སྔངས་ཤིག །ཤིན་ཏུ་མ་སྔངས་ཤིག །དེ་ནས་རྐང་དུང་ལན་གསུམ་འབུད་པའི་དང་པོ། ཡུམ་ཆེན་མོའི་སྐྱེ་མེད་ཆོས་ཀྱི་རང་སྒྲས་ཁམས་གསུམ་དུ་ཐོས་པར་བསམས་ལ། ཀྱཻ། ཡ་ཀི་སྲིད་རྩེ་ནས་མནར་མེད་ཡན་ཆད་ཀྱི་སེམས་ཅན་ཐམས་ཅད་ཉོན་ཅིག །ཐམས་ཅད་ཀྱིས་དུང་ངེ་ཉན་པར་བསམས་ལ་གཅིག་འབུད། འོ་ཐམས་ཅད་འདིར་འདུས་ཤིག །ཐམས་ཅད་རུབ་ཀྱིས་འདུས་པར་བསམས་ལ་གཅིག་འབུད། ཐམས་ཅད་མྱུར་དུ་


CMR052_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་ཤིག །མྱུར་དུ་སྤུངས་སེ་འདུས་པར་བསམས་ལ་གཅིག་འབུད། བདེ་རིམ་ལ་ནི་དེས་ཆོག །སྨྱོན་པ་སོགས་ནད་གདོན་དྲག་པོ་འདུལ་ན་དྲག་སྡུད་བྱ་སྟེ། ཕཊཿ བདག་ཉིད་སྐད་ཅིག་གིས་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྐུ་མདོག་མཐིང་ནག་ཏུ་འདུག་པ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། སྤྱན་གཡས་ཉི་མའི་དཀྱིལ་འཁོར་དམར་ཀྱི་ལི་ལི་འཁོར་བ། གཡོན་ཟླ་བའི་དཀྱིལ་འཁོར་ངང་སྒ་ར་ར་འཁོར་བ། དབུས་ཉི་ཟླ་སྤེལ་མའི་དཀྱིལ་འཁོར་དཀར་དམར་དུ་ཀྲུག་ཀྲུགས་སུ་འཁྲུགས་པ། སྤྱི་གཙུག་ན་ཕག་ཞལ་ནག་པོས་ཕག་སྐད་འབྲུག་ལྟར་ངུར་བ། ཕྱག་གཡས་མི་ལྤགས་ཀྱི་གཡང་གཞི་རྡེབ་པ། གཡོན་མི་རྐང་གི་གླིང་བུ་ཙེར་ཙེར་འབུད་པ། སྣང་ཞིང་སྲིད་པའི་ལྷ་འདྲེ་བཀའ་ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་དབང་དུ་སྡུད་ཅིང་ཟིལ་གྱིས་གནོན་པ། ལྟེ་བ་མན་ཆད་འདོད་ཁམས། སྙིང་ག་མན་ཆད་གཟུགས་ཁམས། སྤྱི་བོ་མན་ཆད་གཟུགས་མེད་ཀྱི་ཁམས་སུ་ཡོད་པ། ཁམས་གསུམ་ལས་རྣམ་པར་རྒྱལ་བའི་ཐུགས་ཀ་ནས་ལས་བྱེད་ཀྱི་མཁའ་འགྲོ་མ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོ་བ་ཕུར་བུ་གཡང་གཞི་འཛིན་པ་དཔག་ཏུ་མེད་པ་


CMR052_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་འོག་ཕྱོགས་བཅུར་འཕྲོས་པས། ས་འདི་ཡི་སྟོད་སྨད་སྟེང་འོག་བར་གསུམ་ཕྱོགས་བཞི་མཚམས་བརྒྱད་ན་གནས་པའི་སྣང་ཞིང་སྲིད་པའི་ལྷ་འདྲེ་བཀའ་ལྷ་མ་སྲིན་སྡེ་བརྒྱད། །ཁྱད་པར་དུ་བདག་ཅག་དཔོན་སློབ་ཡོན་མཆོད་མི་ནོར་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་གདོན་བགེགས་རྒྱབ་རྟེན་སྡོང་ཟླ་དང་བཅས་པ། རྩ་བ་རྩ་ལག་དང་བཅས་པ། འབྲེལ་པ་སྣ་འདྲེན་དང་བཅས་པ་ཐམས་ཅད། སྐད་ཅིག་རང་དབང་མེད་པར་བྱིའུ་ཁྲས་བཅུམས་པ་ལྟ་བུར་དེད། རི་ལུག་སེར་བས་དེད་པ་བཞིན་དུ་བསྡུས། སྨུག་པ་རླུང་གིས་དེད་པ་བཞིན་དུ་བདས་ནས། སྐད་ཅིག་ད་ལྟ་ཉིད་དུ་འདིར་འདུས་ཤིག །ཁུག་ཅིག །ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ། ཧཱུྃ། ང་ནི་ཁྲོས་མ་ནག་མོ་སྟེ། །མ་གཅིག་ལབ་སྒྲོན་དྲག་མོའི་སྐུ། །དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས། །ཁམས་གསུམ་མ་ལུས་དབང་དུ་སྡུད། །ཕྱག་གཡོན་མི་རྐང་གླིང་བུ་འབུད། །བུས་པས་སྲིད་གསུམ་དབང་དུ་སྡུད། །ཕྱག་གཡས་མི་ལྤགས་གཡང་གཞི་རྡེབ། །བརྡབས་པས་ལྷ་འདྲེ་དབང་དུ་སྡུད། །ཐུགས་ལས་སྤྲུལ་པ་བྱེ་བ་འབུམ། །སྤྲུལ་པའི་མཁའ་འགྲོ་གྲངས་མ་ཉུང་། །ཡང་སྤྲུལ་མཁའ་


CMR052_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་གོང་མ་གཡེལ། །ལས་བྱེད་མཁའ་འགྲོ་བང་མ་བུལ། །མི་ལྤགས་གཡང་གཞི་རྩལ་མ་ཞན། །མི་རྐང་གླིང་བུ་ངར་མ་ཆུང་། །བདག་ཅག་དཔོན་སློབ་ཡོན་མཆོད་ལ། །གནོད་ཅིང་འཚེ་བར་བྱེད་པ་ཡི། །ལྷ་དང་ལྷ་མིན་དབང་དུ་སྡུས། །མི་དང་མི་མིན་དབང་དུ་སྡུས། །གདོན་བགེགས་ལོག་འདྲེན་དབང་དུ་སྡུས། །སྟེང་གདོན་གཟའ་སྐར་དབང་དུ་སྡུས། །འོག་གདོན་ཀླུ་གཉན་དབང་དུ་སྡུས། །བར་གདོན་བཙན་བདུད་དབང་དུ་སྡུས།། །ཕོ་གདོན་རྒྱལ་འགོང་དབང་དུ་སྡུས། །མོ་གདོན་འདྲེ་མོ་དབང་དུ་སྡུས། །དམ་སྲི་ཐེའུ་རང་དབང་དུ་སྡུས། །ཟ་འདྲེ་ཤི་གཤེད་དབང་དུ་སྡུས། །ཆུང་སྲི་སྒབ་འདྲེ་དབང་དུ་སྡུས། །གོད་འདྲེ་བསེ་རག་དབང་དུ་སྡུས། །དབང་དུ་བསྡུས་ལ་གནས་འདིར་ཁུག །གནས་འདིར་ཁུག་ལ་རྡུལ་དུ་རློག །ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། དེ་ནས་ཟིལ་གནོན་འཕེན་པ་ནི། བདག་ཅག་ཡོན་མཆོད་ལ་གནོད་ཚབས་ཆེ་བ་རྣམས་ནང་དུ་འཁོད། གནོད་ཚབས་ཆུང་བ་རྣམས་བར་དུ་འཁོད། དེ་དག་གི་རྒྱབ་རྟེན་བསྡོང་ཟླ་རྣམས་ཕྱི་རོལ་དུ་འཁོད་དེ། ལས་བྱེད་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་ཕྱི་ནས་བསྐོར་


CMR052_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

བས་བྲོས་དབང་མེད་པར་གྱུར། ཕཊ་ཕཊ། རང་ཉིད་ཁྲོས་མ་ནག་མོའི་གཟི་བརྗིད་ཀྱིས་ཟིལ་གྱིས་མནན་ནས་སྐྲག་ཅིང་སྔངས་བས་འདར་ཕྲིལ་ལི་ལི། དད་ཅིང་གུས་པས་ཕྱག་རྒྱ་ཧྲུག་ཧྲུག །བཀའ་ཉན་གསུང་སྡོད་པར་གྱུར། ཕཊ་ཕཊ། ཕྱག་རྒྱ་ཆེན་པོའི་དོན་དྲན་པར་བྱས་ལ། དཀར་པོ་དགེ་བ་ལ་གནས་པའི་ཆོས་ཐམས་ཅད་སྐྱེ་འགག་མེད་པའི་དབྱིངས་སུ་ཟིལ་གྱིས་གནོན་པར་བགྱིའོ། །ནག་པོ་སྡིག་པ་ལ་གནས་པའི་ཆོས་ཐམས་ཅད་སྐྱེ་འགག་མེད་པའི་དབྱིངས་སུ་ཟིལ་གྱིས་གནོན་པར་བགྱིའོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་བདག་གི་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཅིག །ཕཊ་ཕཊ། འདི་ནས་ཁྲོས་མ་མི་དམིགས་པར་རང་ཐ་མལ་པར་བསྐྱེད། མདུན་གྱི་ནམ་མཁའི་གནས་སུ་ཆོས་སྐུ་ཡུམ་ཆེན་མོ་ལ། སྲས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཀྱིས་བསྐོར་ནས་སྤྲིན་འཁྲིགས་པ་བཞིན་དུ་སྟེང་ཕྱོགས་ཀྱི་ནམ་མཁའ་ཁྱབ་ནས་བཞུགས་པར་གྱུར། ཕཊ་ཕཊ་ཕཊ། དེ་རྣམས་ཀྱི་སྐྱབས་འོག་ཏུ་བདག་དང་ཡོན་བདག་ལྷ་འདྲེ་གནོད་བྱེད་དང་བཅས་པ་ཐམས་ཅད་ཚུད་ནས། སེམས་དད་ཅིང་གུས་པས་ལུས་ཐལ་མོ་


CMR052_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་ནས། ངག་གིས་སྐྱབས་འགྲོའི་རམ་བུ་འུར་དི་རི་རི་བྱེད་པར་གྱུར། ཕཊ་ཕཊ་ཕཊ། ན་མོ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཅག་སློབ་དཔོན་གྲྭ་སྡེ་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། ལུས་ངག་ཡིད་གསུམ་གྱིས་ཐར་པ་དགེ་བ་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་ལོག་འདྲེན་འབྱུང་པོ་མི་དང་མི་མ་ཡིན་པས་ཐོག་དྲངས་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ལམ་སྙིང་པོ་བྱང་ཆུབ་ཀྱི་འབྲས་བུ་ལ་མཆིས་ཀྱི་བར་དུ། བདག་སོགས་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཕྱིའི་སྐྱབས་འགྲོའོ། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྐྱབས་སུ་མཆིའོ། །རིགས་ལྔའི་བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆིའོ། །རིགས་གསུམ་གྱི་མགོན་པོ་རྣམས་ལ་སྐྱབས་སུ་མཆིའོ། །ནང་གི་སྐྱབས་འགྲོའོ། །བླ་མ་རྡོ་རྗེ་མཁའ་འགྲོ་འཁོར་དང་བཅས་


CMR052_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ལ་སྐྱབས་སུ་མཆིའོ། །བཀའ་བརྒྱུད་པའི་བླ་མ་མཁའ་འགྲོ་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །དྲིན་ཆེན་རྩ་བའི་བླ་མ་མཁའ་འགྲོ་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །གསང་བའི་སྐྱབས་འགྲོའོ། །རང་སེམས་སྐྱེ་བ་མེད་པ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །དེ་ཁོ་ན་ཉིད་ཀྱི་སྐྱབས་འགྲོའོ། །སྙིང་ཁུང་རུས་པའི་གཏིང་ནས་སྐྱབས་སུ་མཆིའོ། །སྐྱབས་འོག་དམ་པ་རུ་ཚུད་པར་མཛད་དུ་གསོལ། བདག་གཞན་ཐམས་ཅད་སངས་རྒྱས་ལ་བརྟེན་ནོ། །ཆོས་ལ་བརྟེན་ནོ། །དགེ་འདུན་ལ་བརྟེན་ནོ། །བདག་གཞན་ཐམས་ཅད་ཀྱི་ལུས་དགེ་བར་གྱུར་ཅིག །ངག་དགེ་བར་གྱུར་ཅིག །ཡིད་དགེ་བར་གྱུར་ཅིག །དེ་ལྟར་སྐྱབས་སུ་གསོལ་བས་དཀོན་མཆོག་གསུམ་གྱི་སྐྱབས་འོག་དམ་པར་ཚུད་དེ། སྐྱོབ་པར་ཞལ་གྱིས་བཞེས་ནས། སྐུ་གསུང་ཐུགས་ལས་འོད་ཟེར་སྣ་ཚོགས་བྱུང་ནས། བདག་གཞན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་ལ་ཕོག་པས། སྡིག་སྒྲིབ་ཐམས་ཅད་དག་རུ་ལུས་ཤེལ་སྒོང་ལྟར་སོང་བར་གྱུར་ཅིག །བདག་གཞན་ཐམས་ཅད་ཀྱི་ནད་རིགས་བཞི་བརྒྱ་རྩ་བཞི་བྱང་བར་གྱུར་ཅིག །གློ་བུར་དགུ་བཅུ་རྩ་གཅིག་


CMR052_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཐར་བར་གྱུར་ཅིག །ཡེ་འདྲོགས་སུམ་བརྒྱ་དྲུག་ཅུས་མི་ཚུགས་པར་གྱུར་ཅིག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་རང་སར་ཞི་བར་གྱུར་ཅིག །རང་སར་དག་པར་གྱུར་ཅིག །རང་སར་སྟོང་པར་གྱུར་ཅིག་།སྐྱབས་ཡུལ་སྐྱོབ་མཁན་སྐྱབས་འགྲོ་གསུམ། །དམིགས་མེད་རང་སེམས་ཆོས་ཀྱི་སྐུ། །དོན་དམ་སྐྱེ་བ་མེད་པའོ། །ཕཊ་ཕཊ་ཕཊ། མཐར་ཐུག་དོན་དམ་པའི་སྐྱབས་འགྲོའོ། །ཡན་ལག་བདུན་པ་ནི། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་མཆོད་པ་འབུལ། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །བྱང་ཆུབ་མཆོག་ཏུ་སེམས་ཀྱང་བསྐྱེད། །སེམས་ཅན་མ་ལུས་བདག་མགྲོན་གཉེར། །བྱང་ཆུབ་སྤྱོད་པ་མཛད་བཞིན་སྤྱད། །འགྲོ་ཕན་སངས་རྒྱས་འགྲུབ་པར་ཤོག །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །བསྐྱེད་པ་རྣམས་ནི་དྲན་པར་བགྱི། །དྲན་པ་རྣམས་ནི་རྒྱ་ཆེར་བཟུང་། །


CMR052_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་ཡུལ་བསྡུ་མི་དགོས། མི་དམིགས་པར་བཞག་པས་ཆོག །འགྲོ་ཀུན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཕཊ་ཕཊ་ཕཊ། ཅེས་ཚད་མེད་བཞི་བསྒོམ། རང་ཉིད་ཐ་མལ་དུ་གནས་པའི་སྤྱི་བོར་ཁྲུ་གང་གི་ཐད་མདུན་གྱི་ནམ་མཁར་འོག་མིན་ཆོས་དབྱིངས་དག་པའི་ཞིང་ཁམས་ཕུན་སུམ་ཚོགས་པའི་དབུས་སུ། ཧཱུྃ་རཏྣ་མཎྜ་ལ་ཞེས་བརྗོད་པས་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བ་ལྷ་རྫས་གོས་ཀྱིས་བཀབ་པ། དེའི་སྟེང་དུ་པཾ་ལས་པདྨ་མཎྜ་ལ་སྣ་ཚོགས་པདྨ་འདབ་མ་མཐའ་ཡས་ཡངས་ཤིང་རྒྱ་ཆེ་བའི་གདན། དེའི་སྟེང་དུ་མ་སཱུརྱ་མཎྜ་ལ་ཉི་མ་དང་། ཨ་ཙནྡྲ་མཎྜ་ལ་ཟླ་བའི་གདན་ཡངས་ཤིང་རྒྱ་ཆེ་བ་དང་། ལྷ་སོ་སོ་ལ་ཇི་ལྟར་འོས་པའི་གདན་གསལ་བར་གྱུར། གདན་དབུས་མ་ཉི་ཟླའི་སྟེང་དུ་ཧཱུྃ་ཡིག་དཀར་པོ་འོད་དུ་ཞུ་བ་ལས། མ་གཅིག་ལབ་ཀྱི་སྒྲོན་མ་སྐུ་མདོག་དཀར་མོ་དུང་ཕྱིས་པའི་མདོག་ལྟ་བུ། ཞལ་གཅིག་ཕྱག་གཉིས་ཕྱག་གཡས་པས་གསེར་གྱི་ཌཱ་མ་རུ་ནམ་མཁའ་ལ་འཁྲོལ་བ། གཡོན་དངུལ་དཀར་གྱི་དྲིལ་བུ་དཀུར་བརྟེན་པ། སྤྱན་གསུམ་བར་སྣང་ལ་


CMR052_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་པ། སྐུ་གཅེར་བུ་རུས་པའི་རྒྱན་ཆ་དྲུག་གིས་བརྒྱན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་གྱེན་དུ་བཅིངས་ཤིང་ལྷག་མ་སྐུ་རྒྱབ་ཏུ་གྲོལ་བ། ཞབས་གཡས་བསྐུམ་གཡོན་བརྐྱངས་ཤིང་གར་སྟབས་ཀྱི་ཚུལ་དུ་ལིང་ངེར་བཞུགས་པ། སྣང་ལ་རང་བཞིན་མེད་པ། མཁའ་འགྲོ་བྱེ་བ་འབུམ་གྱིས་བསྐོར་བ། དེའི་སྙན་གོང་གཡས་ཕྱོགས་སུ་དམ་པ་རྒྱ་གར་སྐུ་མདོག་ནག་ལ་སྣུམ་པ་གཟི་བརྗིད་དང་ལྡན་པ། ཨ་ཙ་རའི་ཆ་བྱད་ཅན། ཞལ་གཅིག་ཕྱག་གཉིས་ཕྱག་གཡས་བྷནྡ་ལྟག་སྤྲོད་ནམ་མཁའ་ལ་དཀྲོལ་བ། གཡོན་མི་རྐང་གི་གླིང་བུ་འབུད་པ། གྲུབ་ཐོབ་རྒྱ་མཚོ་ལྟ་བུའི་དབུས་སུ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། མ་གཅིག་གི་སྙན་གོང་གཡོན་ཕྱོགས་སུ་ཧཱི༔ལས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས། ཕྱག་གཡས་པས་གྲི་གུག་ནམ་མཁའ་ལ་ཕྱར་བ། གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས་པ། གྲུ་མོ་ན་ཁཊྭཱཾ་ག་ཡོད་པ། རུས་པའི་རྒྱན་ཆ་དྲུག་གིས་བརྒྱན་པ། ཐོད་པ་སྐམ་པོ་ལྔས་དབུ་ལ་བརྒྱན་ཅིང་། རློན་པ་ལྔ་བཅུ་རྩ་གཅིག་གིས་དོ་ཤལ་བྱས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་ཞིང་པདྨ་དང་ཉི་


CMR052_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

མ་རོའི་གདན་ལ་གར་སྟབས་ཀྱིས་ལིང་ངེར་བཞུགས་པ། དེའི་ཤར་དུ་ཧ་ལས་རྡོ་རྗེ་མཁའ་འགྲོ་མ་དཀར་མོ། ལྷོར་རི་ལས་རིན་ཆེན་མཁའ་འགྲོ་མ་སེར་མོ། ནུབ་ཏུ་ནི་ལས་པདྨ་མཁའ་འགྲོ་མ་དམར་མོ། བྱང་དུ་ས་ལས་ལས་ཀྱི་མཁའ་འགྲོ་མ་ལྗང་གུ། བཞི་ཀའང་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་འཛིན་ཅིང་། རྒྱན་ཆ་ལུགས་ཐམས་ཅད་གཙོ་མོ་དང་མཚུངས་པའོ། །མ་ཇོ་མོའི་དབུ་ཐོག་ཉི་ཟླ་པདྨའི་གདན་ལ། མཱུཾ་་ཡིག་སེར་པོ་ལས་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མའི་མདོག་ལྟ་བུ། ཞལ་གཅིག་ཕྱག་གཉིས། གཡས་ས་གནོན། གཡོན་མཉམ་བཞག །དབུ་ལ་གཙུག་ཏོར། ཞབས་ལ་འཁོར་ལོ་སོགས་མཚན་བཟང་པོ་སུམ་ཅུ་རྩ་གཉིས། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། འོད་དང་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོ་བ། དེ་ལ་འདས་མ་འོངས་ད་ལྟ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རང་རྒྱལ་ཉན་ཐོས་ཀྱི་ཚོགས་ཀྱིས་བསྐོར་ནས་བཞུགས་པ། དེའི་དབུ་ཐོག་ཉི་ཟླ་པདྨའི་གདན་ལ་མཱུཾཿཡིག་དམར་སེར་ལས། ཆོས་སྐུ་ཡུམ་ཆེན་མོ་སྐུ་མདོག་གསེར་བཙོ་མའི་མདོག་ལྟ་བུ་ཞལ་


CMR052_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཕྱག་བཞི་མ། གཡས་པ་གཉིས་ཀྱིས་རྡོ་རྗེ་དང་ས་གནོན། གཡོན་པ་གཉིས་ཀྱིས་པོ་ཏི་དང་མཉམ་གཞག་མཛད་པ་སྐུ་ལ་དར་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེ་ལ་སྲས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་ནས་བཞུགས་པ། དེའི་དབུ་ཐོག་ཉི་ཟླ་པདྨའི་གདན་ལ་དབུས་སུ་བྷྲཱུཾ་ལས་རྣམ་པར་སྣང་མཛད། ཤར་དུ་ལས་མི་བསྐྱོད་པ། ལྷོར་ཨཾ་ལས་རིན་འབྱུང་། ནུབ་དུ་ཛིཾ་ལས་སྣང་མཐའ། བྱང་དུ་ཁཾ་ལས་དོན་གྲུབ་སྟེ་རིགས་ལྔ། ཡུམ་ཆེན་མོའི་མདུན་གྱི་ནམ་མཁར་པདྨ་ཉི་ཟླའི་གདན་ལ་སྒྲོལ་མ། དེ་དག་གི་རྒྱབ་ཕྱོགས་སུ་ཐུབ་པ་གངས་ཆེན་མཚོ་རྒྱལ། གཞན་ཡང་གཡས་སུ་དཔའ་བོ་གཡོན་ནི། དུ་དཔའ་མོ་སོགས་ཐམས་ཅད་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ་ཏིལ་གྱི་གོང་བུ་ཁ་བྱེ་བ་ལྟ་བུ། མ་གཅིག་གི་གདན་ལས་ཅུང་ཟད་དམའ་བའི་ཕྱོགས་མཚམས་ཐམས་ཅད་དུ་པད་ཉི་རོ་ཡི་གདན་ལ། གཡས་སུ་ཆོས་སྐྱོང་ཕོ་རྒྱུད་གཡོན་དུ་མོ་རྒྱུད་སོགས་དམ་པ་ཆོས་སྐྱོང་བའི་སྲུང་མ་ཐམས་ཅད་གཟི་བརྗིད་དང་ལྡན་པ། དེའི་འོག་ཏུ་ཕྱི་རྒྱུད་འཇིག་རྟེན་པའི་ཆོས་


CMR052_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་སྲུང་མ་ཐམས་ཅད་དང་། ཕྱོགས་བཞིར་རྒྱལ་ཆེན་བཞི་ལ་སོགས་པ་ཐམས་ཅད་སྤྲིན་འཁྲིགས་པ་ལྟ་བུ། དེའི་འོག་ཏུ་སྣང་ཞིང་སྲིད་པའི་ལྷ་འདྲེ་བཀའ་ལྷ་མ་སྲིན་སྡེ་བརྒྱད་ཡུལ་ལྷ་གཞི་བདག་གི་ཚོགས་དང་བཅས་པ། དེའི་རྒྱབ་ཏུ་གནོད་བྱེད་གནས་གདོན་ལུས་གདོན་ལན་ཆགས་བགེགས་རིགས། དེ་རྒྱབ་འགྲོ་བ་རིགས་དྲུག་གི་སེམས་ཅན་སྙིང་རྗེའི་མགྲོན་དང་བཅས་པ་དཔག་ཏུ་མེད་པ་ཐམས་ཅད་ཡུམ་ཆེན་མོའི་བཀའ་ཉན་དང་གསུང་སྡོད་ཀྱི་ཚུལ་དུ་བཞུགས་པ། དེ་ལྟར་ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུས་གང་ནས་བཞུགས་པར་གྱུར། ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་དཔྲལ་བར་སྐུ་རྡོ་རྗེ་དང་ལུས་ཀྱི་ངོ་བོ་ཨོཾ་དཀར་པོ། པར་གསུང་རྡོ་རྗེ་དང་ངག་གི་ངོ་བོ་ཨཱཿདམར་པོ། ཐུགས་ཀར་ཐུགས་རྡོ་རྗེ་དང་སེམས་ཀྱི་ངོ་བོ་ཧཱུྃ་སྔོན་པོ། སྙིང་གའི་དབུས་སུ་ཡེ་ཤེས་པ་རྣམས་ལ་རང་རང་གི་ཐུགས་སྲོག་བོན། འཇིག་རྟེན་པ་རྣམས་ལ་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་མཚན་པར་གྱུར། དྷེ་ཝ་ཌཱཀི་ནཱི་ཛཿཧཱུྃ། ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་


CMR052_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཀྱུ་ལྟ་བུ་འཕྲོས་པས། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང་། སོ་སོའི་གནས་ནས་ཡུམ་ཆེན་མོ་ལ་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་སྤྱན་དྲངས། ཨོཾ་གུ་རུ་དྷེ་ཝ་ཌཱཀི་ནཱི་ས་པཱ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿ རྐང་གླིང་འབུད་ཌཱ་དྲིལ་དྲག་ཏུ་འཁྲོལ་ནས། ཧཱུྃ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །ཡུམ་ཆེན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཡིད་ཀྱིས་ཕྱག་དང་མཆོད་པ་བྱོན་སྐྱེམས་ཚུལ་དུ་བྱས་ཏེ། ཛཿཞེས་ལྷ་རྣམས་རང་རང་སྤྱི་བོར་བྱོན། །ཧཱུྃ་ཞེས་ཆུ་ལ་ཆུ་བཞག་ལྟ་བུར་ཐིམ། །བཾ་ཞེས་དམ་ཡེ་དབྱེར་མེད་གཅིག་ཏུ་གྱུར། །ཛཿཞེས་ཐམས་ཅད་ཤིན་ཏུ་ཐུགས་དགྱེས་གྱུར། །ཡུམ་ཆེན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །སྟོང་གསུམ་ཀུན་དང་མཉམ་པ་ཡི། །པདྨ་འདབ་བརྒྱད་གེ་སར་བཅས། །བདེ་ཞིང་ཡངས་པར་འབུལ་


CMR052_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་ན། །སེང་གེ་པད་ཟླའི་གདན་སྟེང་དུ། །ཅི་བདེར་བར་ནི་བཞུགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པདྨ་ཀ་མ་ལཱ་ཡེ་ཧཱུཾ་སྭཱ་ཧཱ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དག་པ་བཟང་པོས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཊི་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། རང་གི་ཐུགས་ལས་སྤྲུལ་པ་ཡི། །མཆོད་རྫ་ས་འཛིན་པ་ལྷ་མོའི་ཚོགས། །ནམ་མཁའ་གང་བར་སྤྲོས་ནས་ཀྱང་། །ཡུམ་ཆེན་འཁོར་དང་བཅས་རྣམས་མཆོད། །ཁྲུས་ཆབ་ཡོན་ཆབ་བདུག་སྤོས་དང་། །མེ་ཏོག་མར་མེ་དྲི་མཆོག་དང་། །ཞལ་ཟས་རོལ་མོའི་མཆོད་པ་རྣམས། །ཡུམ་ཆེན་འཁོར་དང་བཅས་ལ་འབུལ། །ཞེས་པ་ཕྱི་མཆོད་དོ། །སྟོང་གསུམ་རབ་འབྱམས་འཇིག་རྟེན་ན། །འདོད་ཡོན་ལྔ་པོ་ཅི་མཆིས་པ། །འདོད་ཡོན་ལྷ་མོར་དམིགས་བྱས་ནས། །ཡུམ་ཆེན་འཁོར་དང་བཅས་ལ་འབུལ། །གཟུགས་དང་སྒྲ་དང་དྲི་དང་རོ། །དེ་བཞིན་རེག་བྱ་ལྡན་པ་ཡི། །འདོད་པའི་ཡོན་ཏན་རྣམ་པ་ལྔ། །ཡུམ་ཆེན་འཁོར་དང་བཅས་ལ་འབུལ། །ནང་གི་མཆོད་པའོ། །རྒྱལ་སྲིད་རིན་ཆེན་སྣ་བདུན་ཡང་། །


CMR052_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་གང་བར་བློས་སྤྲུལ་ཏེ། །བསོད་ནམས་ཚོགས་ཆེན་རྫོགས་པའི་ཕྱིར། །ཡུམ་ཆེན་འཁོར་དང་བཅས་ལ་འབུལ། །འཁོར་ལོ་ནོར་བུ་བཙུན་མོ་དང་། །བློན་པོ་གླང་པོ་རྟ་མཆོག་དང་། །དམག་དཔོན་རིན་ཆེན་སྣ་བདུན་རྣམས། །ཡུམ་ཆེན་འཁོར་དང་བཅས་ལ་འབུལ། །རང་གི་ཐུགས་ལས་སྤྲུལ་པ་ཡི། །སྒེག་སོགས་མཆོད་པའི་ལྷ་མོ་བརྒྱད། །གྲངས་མེད་སྤྲུལ་ནས་ལྷ་ཚོགས་རྣམས། །ཟག་མེད་བདེ་བས་མཉེས་པར་བྱས། །སྒེག་མོ་ཕྲེང་བ་གླུ་མ་གར། །སྤོས་དང་མེ་ཏོག་མར་མེ་དྲི། །ཕྱི་ནང་སྒེག་སོགས་བརྒྱད་པོ་རྣམས། །ཡུམ་ཆེན་འཁོར་དང་བཅས་ལ་འབུལ། །གསང་མཆོད་དོ། །ཕྱི་སྣོད་གླིང་བཞི་རི་རབ་བྱེ་བ་བརྒྱ། །ནང་བཅུད་ལྷ་མིའི་ལོངས་ཞི་སྤྱོད་ཟག་མེད་པ། །བདག་ལུས་ཁ་རྗེ་དབང་ཐང་དགེ་རྩར་བཅས། །མཎྜལ་གཅིག་ཏུ་བསྡུས་ནས་མཆོད་པར་འབུལ། །ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་དེར་སྤྱོད་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཧཱུྃ་གུ་རུ་རཏྣ་མཎྜ་ལ་པཱུ་ཛ་།


CMR052_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། མཎྜལ་ལོ། །དེ་ལྟར་མཆོད་པ་ཕུལ་བས་སེམས་ཅན་ཀུན། །ཚོགས་རྫོགས་སྒྲིབ་སྦྱང་བྱང་ཆུབ་བདེ་བླག་འགྲུབ། །འཁོར་འདས་མཉམ་ཉིད་སྐྱེ་མེད་ཆོས་ཀྱི་སྐུ། །སྤྲོས་མེད་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། །ཕཊ་ཕཊ། ཅེས་སྟོང་ཉིད་ངང་ལ་ཡུད་ཙམ་བཞག་པ་དོན་དམ་པའི་མཆོད་པའོ། །བདྭག་གི་རམ་བུའི་ཚུལ་དུ་ནི། །སྣང་སྲིད་ལྷ་འདྲེ་ཐམས་ཅད་དང་། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱིས། །ཡུམ་ཆེན་འཁོར་བཅས་བསྟོད་པར་གྱུར། །གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །དང་པོར་མེ་ཏོག་ཕོག་པ་ཡི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འདུད། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་བསྟོད། །བལྟ་བས་མི་ངོམས་འགྲོ་བའི་དཔལ་དུ་ཤར། །ཞལ་གཅིག་ཕྱག་བཞི་བཙོ་


CMR052_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

མ་གསེར་གྱི་མདོག །རིན་ཆེན་རྒྱན་སྤྲས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །རྒྱལ་བའི་ཡུམ་གྱུར་ཁྱོད་ལ་ཕྱག་འཚལ་བསྟོད། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །ཞིང་ཁམས་ཐམས་ཅད་གསེར་གྱི་ས་གཞི་ལ། །རིན་ཆེན་མེ་ཏོག་མང་པོ་གཅལ་དུ་བཀྲམ། །མེ་ཏོག་པུཎྜ་རཱི་ཀ་ཆར་ལྟར་འབེབས། །ཡུམ་གྱུར་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་བསྟོད། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་བསྟོད། །དག་པས་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་སྒྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་བསྟོད། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ལྡན། དགེ་འདུན་རྣམས་ལ་ཕྱག་འཚལ་བསྟོད། །བྱ་སྤྱོད་རྣལ་འབྱོར་རྒྱུད་སྡེ་བཞི། །སྟོན་པ་ཉིད་


CMR052_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གང་གསུངས་པ། །ཕྱི་དང་ནང་དང་གསང་བ་ཡི། །ཡི་དམ་རྣམས་ལ་ཕྱག་འཚལ་བསྟོད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །སྟོན་པའི་བསྟན་པ་རིན་པོ་ཆེ། །སྟོན་པ་ཉིད་ཀྱི་ཞབས་དྲུང་དུ། །ཇི་བཞིན་སྐྱོང་བར་ཞལ་བཞེས་པའི། །ཆོས་སྐྱོང་རྣམས་ལ་ཕྱག་འཚལ་བསྟོད། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་རྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་བསྟོད། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། དགེ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོ། །དེ་ནས་བསྙེན་པ་བྱ་བ་ནི། ཡུམ་ཆེན་ཐུགས་ཀར་པདྨ་ཟླ་བའི་སྟེང་། །ཨ་ཡིག་དཀར་པོའི་མཐའ་མར་ག་ཏེའི་སྔགས། །ཡིག་ངོ་ནང་བསྟན་གཡས་བསྐོར་བཀོད་པ་དེ། །གཡོན་དུ་འཁོར་བས་སྔགས་ཀྱི་རང་སྒྲ་གྲག །གྲག་སྟོང་སྒྲ་དེས་སྣོད་བཅུད་འཁོར་འདས་ཀུན། །སྣང་སྟོང་སྒྱུ་མ་ཆུ་ཟླ་ལྟ་བུར་གྱུར། །


CMR052_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཏདྱ་ཐཱ། ཨོཾ་གཱ་ཏེ་གཱ་ཏེ་པ་ར་ག་ཏེ་པཱ་ར་སཾ་ག་ཏེ་བྷོ་དྷི་ཡེ་སྭཱ་ཧཱ། །ཞེས་ཅུང་ཟད་བཟླ། མ་གཅིག་ཐུགས་ཀར་པདྨ་ཟླ་བའི་སྟེང་། །ཧཱུྃ་ཡིག་དཀར་པོའི་མཐའ་མར་གཡས་བསྐོར་དུ། །སྔགས་ཕྲེང་བཀོད་པ་གཡོན་དུ་དྲག་ཏུ་འཁོར། །དེ་ཡི་འོད་ཀྱིས་ལྷ་ཚོགས་ཐམས་ཅད་བསྐུལ། །དེ་ཡི་འོད་ཟེར་ཡུམ་ཆེན་ལ་ཕོག་པས། །ཡུམ་ཆེན་ཐུགས་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །འོག་མིན་གནས་དང་ཕྱོགས་བཅུའི་ཞིང་ཁམས་ནས། །ཡུམ་ཆེན་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནུས་པ་རྣམས། །འོད་ཟེར་ཚུལ་དུ་མ་གཅིག་ཐུགས་ཀར་བསྡུས། །བྱིན་རླབས་ངོ་བོ་བདུད་རྩིས་སྐུ་ལུས་གང་། །ཕཊ་ཕཊ་ཕཊ། དམིགས་པ་བྱིན་རླབས་བསྡུ་བ་འདི་ལ་གཱ་ཏེའི་སྔགས་མང་དུ་བཟླའོ། །དེ་ནས་སྡིག་སྒྲིབ་སྦྱོང་བའི་དམིགས་པ་ནི། ཕཊ། མ་གཅིག་ཞབས་གཡོན་མཐེ་བོང་རྩེ་མོ་ནས། །བདུད་རྩིའི་ཆུ་རྒྱུན་ཆུ་བོ་བཞིན་དུ་བབས། །རང་དང་བསྲུང་བྱའི་སྤྱི་བོ་ཚངས་བུག་ནས། །ཞུགས་པས་ལུས་གང་ཉམས་ཆག་སྡིག་སྒྲིབ་རྣམས། །འོག་སྒོ་རྐང་སེན་བ་སྤུའི་བུ་ག་ནས། །རྣག་ཁྲག་དུད་ཁུ་སོལ་ཁུ་བཞིན་དུ་ཐོན། །འོག་གཞི་དབང་


CMR052_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གསེར་གྱི་ས་གཞིར་ཐིམ། །བདག་དང་འགྲོ་བའི་སྡིག་སྒྲིབ་ཐམས་ཅད་དག །ལུས་རྣམས་ཟག་མེད་ཡེ་ཤེས་བདུད་རྩིའི་གང་། །སྟོང་གསལ་དྲི་མེད་ཤེལ་སྒོང་ལྟ་བུར་གྱུར། །ཕཊ་ཕཊ། དེ་ནས་ལན་ཆགས་འཇལ་བའི་དམིགས་པ་ནི་ནད་པ་ལ་བྱ་སྟེ། བདག་གཞན་སྡིག་སྒྲིབ་བཀྲུས་པའི་ཁུ་བ་དེ། །ངོ་བོ་བདུད་རྩི་རྣམ་པ་འདོད་ཡོན་ཚོགས། །བཟའ་བཏུང་ལོངས་སྤྱོད་ཕུན་སུམ་ཚོགས་པར་གྱུར། །རང་གི་འོག་ཕྱོགས་ལུས་གདོན་ནད་བདག་གི །ཁ་རུ་སོང་བས་ལན་ཆགས་བུ་ལོན་བྱུང་། །གནོད་སེམས་ཞི་ནས་ཕན་སེམས་ལྡན་པར་གྱུར། ཕཊ་ཕཊ་ཕཊ། དེ་ནས་ནམ་མཁའ་སྒོ་འབྱེད་བྱ་བ་ནི། རང་ཉིད་རྟོགས་པ་མཐོའམ་གལ་ཆེ་ན། བདག་གཞན་དབྱེར་མེད་དུ་བསྲེ་བ་ཡིན་ཀྱང་། སོ་སོར་འཕོ་བ་འདི་རང་ལ་གྲིབ་ཆུང་བས། ཕཊ། །བདག་དང་བསྲུང་བྱ་རྣམས་ཀྱི་ལུས་སྟོང་གསལ་ཕྲུ་མ་ཕུས་བཏབ་པ་ལྟ་བུའི་དབུས་སུ། རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ། ངོ་བོ་སྟོང་ལ་རང་བཞིན་གསལ་བ་སྦ་ལྕག་འབྲིང་པོ་ཙམ། ཡར་སྣེ་ཚངས་བུག་ཏུ་ཟུག་པ་སྐར་ཁུང་ལྟ་བུ། མར་སྣེ་ལྟེ་འོག་ཏུ་ཟུག་པ་གསལ་བར་གྱུར། ཕཊ། རྐང་མཐིལ་གཡས་སུ་ཕ་ལས་ཐོབ་པའི་ཐིག་ལེ་དཀར་པོ་སྲན་མ་


CMR052_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ། གཡོན་དུ་མ་ལས་ཐོབ་པའི་རཀྟ་དམར་པོ་སྲན་མ་ཙམ། ཕཊ། དེ་གཉིས་ཡར་འཕར་གསང་གནས་སུ་སླེབས་པས་བྱ་མ་སར་གྱི་སྒོ་ང་ཙམ། ཕཊ། །ཡར་འཕར་ནས་ལྟེ་བར་སླེབ། ཕཊ། སྙིང་གར་སླེབས་པས་བདག་དང་བསྲུང་བྱའི་ཚེ་དང་བསོད་ནམས་བཀྲག་དང་གཟི་མདངས། རླུང་སེམས་ཐམས་ཅད་འདུས་པའི་ངོ་བོ་ཐིག་ལེ་ཁ་དོག་ལྔ་ལྡན་འོད་ཟེར་དང་དང་བཅས་པ་འཕར་འདར་ལིང་ངེ་བ་ཅིག་ཏུ་གྱུར། ཕཊ། མགྲིན་པར་ཕཊ། སྤྱི་བོ་ནས་རྒྱང་གིས་ཐོན་ནས་མ་གཅིག་གི་ཐུགས་ཀར་ཐིམ་པས་ཐུགས་ཆོས་ཉིད་ཀྱི་ནམ་མཁའ་དང་དབྱེར་མེད་ཁྱབ་བརྡལ་ཆེན་པོར་གྱུར། ཕཊ། དེ་ནི་དབྱིངས་རིག་བསྲེ་བའོ། །དེ་ནས་ལུས་མཎྜལ་དུ་འབུལ་བ་ནི། ཕཊ། མ་གཅིག་ཐུགས་ལས་རང་སེམས་རིག་པ་དེ། །ཤྲིཡིག་དམར་པོ་ཕྱིར་འཕྲོས་པས། །ཕག་མོ་དམར་མོ་གྲི་ཐོད་འཛིན། །དེ་ཡིས་བེམ་པོ་བཤས་གྱུར་པས། །པགས་པ་གསེར་གྱི་ས་གཞིའི་དབུས། །རང་ལུས་རི་མཆོག་ཉི་ཟླས་བརྒྱན། །སྡེབས་བཞི་གླིང་བཞི་གླིང་ཕྲན་བརྒྱད། །སོར་མཛུབ་ལྕགས་རི་ཁོར་ཡུག་བསྐོར། །ལུས་མཎྜལ་ཡོངས་སུ་རྫོགས་པ་འདི། །


CMR052_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཡི་དམ་དཀོན་མཆོག་དང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །མཁའ་འགྲོ་ཆོས་སྐྱོང་རྣམས་ལ་འབུལ། །གུ་རུ་དྷེ་ཝ་ཌཱཀི་ནཱི་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ། མཆོད་སྦྱིན་སྐབས་སུ་ཕཊ་འབྲོང་གི་རྔ་མ་ལྟ་བུ་འཇམ་ཞིང་སྙན་པར་བརྗོད། འདི་དག་གི་སྐབས་ཐམས་ཅད་དུ་རྣམ་ཤེས་སྤར་བ་སྐད་ཅིག་དྲན་རྫོགས་རེ་འགྲུབ་ཀྱང་ལེགས། ཡང་ན་སྔ་མའི་ལུས་དེའི་ལྷག་མ་གང་འདོད་སོ་སོར་བསྒྱུར་ཅིང་མཆོད་ཀྱང་རུང་ངོ་།། ཕཊ། རང་གི་རྣམ་པར་ཤེས་པ་མཁའ་འགྲོ་མ་དམར་མོ་གྲི་གུག་ཐོད་ཁྲག་བསྣམས་པ། དེས་རང་གཞན་དབྱེར་མེད་ཀྱི་བེམ་པོ་དེའི་སྨིན་མཚམས་ཡན་ཆད་རྦད་དེ་བཅད་པ། ཡེ་ཤེས་ཀྱི་ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བ་དཔྲལ་བ་རང་ལ་བསྟན་པ། དེའི་ནང་དུ་ཤ་ཁྲག་རུས་གསུམ་གྲི་གུག་གིས་གཏུབ་ཅིང་སྤུངས་པ་དེ་ཐོད་སྐྱེད་གསུམ་གྱི་སྟེང་དུ་གནས་པ་ལ། རླུང་གཡོས་ཡེ་ཤེས་ཀྱི་མེ་སྦྱར་བས་ཞུ་ཞིང་ཁོལ་ནས། ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧཱུྃསྭཱ་ཧཱ། རང་གི་ཐུགས་ཀ་ནས་ལས་བྱེད་ཀྱི་མཁའ་འགྲོ་མ་གྲངས་མེད་པ་འཕྲོས་པས་ཐོད་པའི་བདུད་རྩི་བཅུས་ཤིང་ལྷ་སོ་སོ་ལ་མཆོད་པར་གྱུར། ཕཊ་


CMR052_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ། གདོས་བཅས་ལུས་ཀྱིས་སྟོང་གསུམ་གང་། །ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས། །ཟག་མེད་བདུད་རྩིར་འོད་དུ་ཞུ། །ཕུད་རླངས་མཆོད་པའི་སྤྲིན་ཕུང་འཁྲིགས། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས། །བླ་མ་ཡི་དམ་མཁའ་འགྲོ་དང་། །དཔའ་བོ་དཔའ་མོའི་ཚོགས་རྣམས་ཀུན། །མ་ལུས་པ་རྣམས་ཚིམས་གྱུར་ཅིག །ཕཊ་ཕཊ། ཐོད་པ་བདུད་རྩིས་གང་བ་འཕྲོས། །ཆོས་སྐྱོང་མ་མགོན་ལྕམ་དྲལ་དང་། །བྲན་གཡོག་བཀའ་སྡོད་འཁོར་བཅས་ཀྱི། །ཐུགས་དམ་མ་ལུས་བསྐངས་གྱུར་ཅིག ཕཊ་ཕཊ། སྐད་ཅིག་ལ་ཕུང་པོའི་ལྷག་རོལ་གང་ལ་ཅི་འདོད་དེ་དང་དེར་བསྒྱུར་ལ། ཕཊ། ཤ་ཁྲག་རུས་པ་འདོད་ཡོན་ཕུན་སུམ་ཚོགས། །བ་སྤུ་རྩི་ཤིང་ནགས་ཚལ་རྒྱས། །དོན་སྣོད་ལྔ་ཡི་འཇའ་ཚོན་འཁྲིགས། །དབུགས་རླུང་ན་བུན་ཆུ་འཛིན་འཁྲིགས། །ཡུལ་མཁར་བེའུ་ལུག་གླང་པོ་རྟ། །དར་ཟབ་འབྲུ་སྣ་རིན་ཆེན་གཏེར། །ལུས་དང་སྲོག་དང་ལོངས་སྤྱོད་དང་། །ཁ་རྗེ་དབང་ཐང་བཀྲག་མདངས་དང་། །མ་ལུས་ལྷུན་གྲུབ་དཔལ་འབྱོར་འདི། །ཚེ་རབས་འཁོར་བ་ཐོག་མེད་ཀྱི། །ལན་ཚོགས་བདག་པོ་བདག་མོ་


CMR052_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །བྱིས་པའི་གདོན་ཆེན་བཅོ་ལྔ་དང་། །ལན་ཆགས་འཁོར་བའི་མགྲོན་ལ་སྦྱིན། །བུ་ལོན་ལན་ཆགས་བྱང་གྱུར་ཅིག །འཁོན་འབྲེལ་ཐག་ཆོད་གྱུར་ཅིག །རྟག་ཏུ་བདེ་སྐྱིད་ལྡན་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །ཕཊ་ཕཊ། བདག་ལུས་ནོར་བུའི་གཏེར་ཁ་ཕྱེས། །དགོས་འདོད་ལྷུན་གྲུབ་བསམ་མི་ཁྱབ། །སྡུག་བསྔལ་ཐམས་ཅད་སེལ་བའི་སྨན། །བདེ་ཆེན་ལྷུན་གྲུབ་རྒྱས་པའི་དཔལ། །ཟག་མེད་རོ་བཅུད་ལྡན་པའི་མཆོག །སྟོང་གསུམ་གང་བའི་བདུད་རྩི་འདི། །མཆོད་སྦྱིན་འདོད་པའི་ལྷ་མོ་ཡིས། །དཔག་མེད་ཐོད་པ་བདུད་རྩི་སྤྲོས། །རིགས་དྲུག་སེམས་ཅན་ཚིམ་གྱུར་ཅིག །རང་རང་སྡུག་བསྔལ་ཞི་ནས་ཀྱང་། །རྟག་ཏུ་བདེ་སྐྱིད་ལྡན་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །ཕཊ་ཕཊ། བདག་ལུས་གདོས་བཅས་ཕུང་པོ་འདི། །དཀར་གསུམ་མངར་གསུམ་སྨན་གྱི་མཆོག །དར་ཟབ་དང་ནི་རིན་པོ་ཆེ། །འབྲུ་སྣ་དང་ནི་འདོད་ཡོན་ཚོགས། །བ་གླང་རྟ་དང་གླང་པོ་དང་། །དཀོར་ནོར་སྣ་ཚོགས་བང་མཛོད་དང་། །མེ་ཏོག་རྩི་སྨན་


CMR052_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ནགས་ཚལ་དང་། །གཞི་བདག་འདོད་པའི་ལོངས་སྤྱོད་རྣམས། །བདག་ལ་མེད་པ་གཅིག་ཀྱང་མེད། །ཅི་འདོད་ཅི་མཁོ་བདག་གིས་སྦྱིན། །གཞི་བདག་རྣམས་ལ་མཆོད་པ་འབུལ། །ལྷག་མ་མེད་པར་བཞེས་ནས་ཀྱང་། །དགའ་མགུ་ཡི་རང་ལྡན་གྱུར་ཅིག །གདུག་རྩུབ་བསམ་ངན་ཞི་ནས་ཀྱང་། །བྱང་ཆུབ་སེམས་དང་ལྡན་གྱུར་ཅིག །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །ཕཊ་ཕཊ། བདག་ལུས་གདོས་བཅས་ཕུང་པོ་འདི། །ཤ་ཁྲག་རྫིང་བུ་ལྟེང་ཀ་དང་། །ནེའུ་སེང་དང་ནི་དཔག་བསམ་ཤིང་། །སྐྱེད་མོའི་ཚལ་དང་ཁང་བཟང་རི། །ཡིད་བཞིན་ནོར་བུ་དྲི་བཟང་སྨན། །འདོད་ཡོན་གཟུགས་སྒྲ་དྲི་རོ་རེག །ཀླུ་ལ་མཁོ་བའི་ཡོ་བྱད་རྣམས། །བདག་ལ་མེད་པ་གཅིག་ཀྱང་མེད། །ཅི་འདོད་ཅི་མཁོ་བདག་གིས་སྦྱིན། །ཀླུ་རིགས་རྣམས་ལ་མཆོད་པ་འབུལ། །ལྷག་མ་མེད་པར་བཞེས་ནས་ཀྱང་། །དགའ་མགུ་ཡི་རང་ལྡན་གྱུར་ཅིག ། རབསམ་ངན་གདུག་རྩུབ་ཞི་ནས་ཀྱང་། །བྱང་ཆུབ་སེམས་དང་ལྡན་གྱུར་ཅིག །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །ཕཊ་ཕཊ། དེ་ནས་དམར་འགྱེད་ནི། བདུད་རྩི་ལྷག་


CMR052_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཅུང་ཟད་ལུས་པ་ལ། མདུན་བསྐྱེད་ཀྱི་ཐུགས་ཀ་ནས།། འོད་ཟེར་ཞིག་ཕོག་མ་ཐག་ཏུ་ཕཊ། སྒྱུ་ལུས་ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ། ཀེང་རུས་རུས་པའི་གྲམ་ཁྲོད་སྟོང་གསུམ་རབ་འབྱམས་འཇིག་རྟེན་གྱི་ཁམས་གང་བ་འདི། སྣང་སྲིད་ཀྱི་ལྷ་འདྲེ་བཀའ་ལྷ་མ་སྲིན་སྡེ་བརྒྱད། དཀར་པོ་ལྷ་ཡི་སྡེ་ཚོགས། ནག་པོ་བདུད་ཀྱི་སྡེ་ཚོགས། དམར་པོ་བཙན་གྱི་སྡེ་ཚོགས། ཁྲ་བོ་གཟའི་སྡེ་ཚོགས། སྔོན་པོ་ཀླུའི་སྡེ་ཚོགས། སེར་པོ་གཉན་གྱི་སྡེ་ཚོགས། སྨུག་པོ་དམུ་ཡི་སྡེ་ཚོགས། ལྗང་གུ་ས་བདག་གི་སྡེ་ཚོགས། རཀཱ་སྲིན་པོའི་སྡེ་ཚོགས། ལ་གསུམ་ལ་འགྲིམས་པའི་བཙན། ལུང་གསུམ་ལ་འགྲིམས་པའི་བདུད། གྲོང་གསུམ་ལ་འགྲིམས་པའི་འདྲེ་མོ། གཙང་ཐིལ་འབང་ཐིལ། མགར་གི་ཐིལ། ཀླུ་ཐིལ། བེ་དཀར། བེར་ནག་ལ་སོགས་པའི་གདུག་པ་ཅན་རྣམས་དང་། གཞན་ཡང་སྟེང་གདོན་གཟའ་དང་དྲང་སྲོང་། འོག་གདོན་ཀླུ་དང་ས་བདག །བར་གདོན་གཉན་དང་ཐེའུ་རང་། བྱད་མ་ལྷ་སྲུང་དང་་བཅས་པ། ཟ་འདྲེ་ཤི་གཤེད་དང་བཅས་པ། ཐམས་ཅད་སྐད་ཅིག་རང་དབང་མེད་པར་འདིར་འདུས་ཤིག །ཧཱུྃ་ཧཱུྃ་ཧཱུྃ།


CMR052_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ཤོག །འདིར་འདུས། ཤ་ཟོ། ཁྲག་འཐུང་། ཤ་ལ་དགའ་བས་ཤ་ཟོ། ཁྲག་ལ་དགའ་བས་ཁྲག་འཐུང་། རུས་པ་ལ་དགའ་བས་རུས་པ་མུར། །པགས་པ་ལ་དགའ་བས་པགས་པ་གྱོན། ཕཊ་ཕཊ་ཕཊ། ཧཱུྃ། མཐོ་སྲིད་པའི་རྩེ་མོ་མན་ཆད་ནས། །དམའ་ན་རག་དམྱལ་ཁམས་ཡན་ཆད་ཀྱི། །སྣང་ཞིང་སྲིད་པའི་ལྷ་འདྲེ་དང་། །བདག་ཅག་ཡོན་མཆོད་མི་ནོར་ལ། །གནོད་ཅིང་འཚེ་བའི་བགེགས་རིགས་དང་། །ཆོ་འཕྲུལ་སྟོན་པའི་འདྲེ་གདོན་རྣམས། །ནམ་མཁའི་སྤྲིན་ཚོགས་བཞིན་དུ་འདུས་ལ་ཤོག །བར་སྣང་ཆར་པ་བཞིན་དུ་ཕོབ་ལ་ཤོག །ས་གཞི་རླུང་དམར་བཞིན་དུ་འཚུབ་ལ་ཤོག །བཟའ་བའི་ཤ་ཡང་འདི་ན་ཆེ། །བཏུང་བའི་ཁྲག་ཀྱང་འདི་ན་མང་། །གྱོན་པའི་པགས་པ་འདི་ན་དྲོ། །མུར་བའི་ལྷ་བ་འདི་ན་ཞིམ། །ཁྱེད་ལྷ་འདྲེ་རྣམས་ལ་འདོད་ཡོན་ཚོགས། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཕཊ་ཕཊ། ཁྱོད་འདིར་འཚོགས་རྣམས་ལ་ལུས་འདི་འབུལ། །ཕྱི་ཤ་གཟུགས་དྲུག་གི་མཆོད་པ་འབུལ། །བཀའ་ཕ་རོལ་ཕྱིན་དྲུག་ཐོབ་པར་ཤོག །ནང་ཆ་བུ་དགུའི་མཆོད་པ་འབུལ། །


CMR052_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་རིམ་དགུ་ཐོབ་པར་ཤོག །དོན་སྙིང་རྣམ་ལྔའི་མཆོད་པ་ཕུལ། །སྐུ་ལྔ་ཡེ་ཤེས་ཐོབ་པར་ཤོག །ཁྱེད་སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས། །རིངས་བ་རྣམས་ཀྱིས་རློན་པ་ཟོ། །མི་རིངས་བ་རྣམས་ཀྱིས་ཚོས་ལ་ཟོ། །ཤ་ཟན་ལྕབ་སྒྲ་དི་རི་རི། །ཁྲག་འཐུང་ཧུབ་སྒྲ་ཧོ་རོ་རོ། །རུས་མུར་སོ་སྒྲ་ཁྲ་ལ་ལ། །རྐང་དུང་ལྷ་བ་ལྗིབས་སེ་ལྗིབ། །དགྱེས་པའི་གད་མོ་ཤ་ར་ར། །མགུ་བའི་གླུ་ལེན་ཀྱུ་རུ་རུ། །དྲག་པོའི་རྐན་སྒྲ་ཐགས་སེ་ཐག །ཁོག་སྟོད་པ་བདུད་རྒྱལ་པོས་ཟོ། །ཁོག་སྨད་མ་བདུད་སྲིན་མོས་ཟོ། །སྐེད་པ་སྣང་སྲིད་ལྷ་འདྲེས་ཟོ། །ཕྱི་ཤ་གཟུགས་དྲུག་ཕྱི་ཡི་ལྷ་འདྲེས་ཟོ། །ནང་ཆ་བུ་དགུ་ནང་གི་ལྷ་འདྲེས་ཟོ། །བར་ཤ་གསུམ་པོ་བར་གྱི་ལྷ་འདྲེས་ཟོ། །ནང་རོལ་དམན་མོ་ཆུང་སྲིས་ཟོ། །མཆིན་པ་སྲིད་པའི་འདྲེ་དགུས་ཟོ། །མཁལ་མ་གཙུག་ལག་གདོན་བཅུས་ཟོ། །མཚེར་པ་ཡུལ་འདྲེ་འཁྱམས་པོས་ཟོ། །གློ་བ་བན་ཆེན་བརྒྱ་དང་བོན་ཆུང་སྟོང་། ཤན་པ་མི་རིང་འབུམ་གྱིས་ཟོ། །གློ་ཚིལ་བྱད་མ་རྦོད་གཏོང་ཟོ། །པགས་པ་ཀླུ་དང་ས་བདག་ཟོ། །ཀླུ་དང་ས་བདག་ཚིམས་གྱུར་ཅིག །བྱ་རྒོད་ཐེད་ལ་རོལ་པ་བཞིན། །


CMR052_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

མཆིན་པ་སྲིད་པའི་གཟུགས་དྲུག་ཕྱི་ཡི་ལྷ་འདེདྲུག་པོའི་རྐན་སྒྲ་ཐགས་བསྐྱབ་སྒྲ་ཧོ་རོ་རོ། །ཕུད་ལྷག་མ་མེད་པར་འདི་བཞེས་ཤིག །བྱིས་ནག་སག་ཆུ་ལ་རུབ་པ་བཞིན། །ཕུད་ལྷག་མ་མེད་པར་འདི་བཞེས་ཤིག །ཤ་རུལ་སྦྲང་མ་འཚུབ་པ་བཞིན། །ཕུད་ལྷག་མ་མེད་པར་འདི་བཞེས་ཤིག །སེང་གེ་ཤ་ལ་རོལ་པ་བཞིན། །ཕུད་ལྷག་མ་མེད་པར་འདི་བཞེས་ཤིག །དམག་ཆེན་གནང་ཆེན་ཆོད་པ་བཞིན། །ཕུད་ལྷག་མ་མེད་པར་འདི་བཞེས་ཤིག །ཁྱོད་ལྷ་འདོད་ལྷས་ཀྱང་ཁྱེར་ལ་སོང་། །འདྲེ་འདོད་འདྲེས་ཀྱང་ཁྱེར་ལ་སོང་། །ཆེ་ཆུང་མེད་པར་མཉམ་པར་གྱིས། །དྲག་ཞན་མེད་པར་ཚིམས་གྱུར་ཅིག །ཕཊ་ཕཊ། ཀྱེ། མ་འདིར་ཚོགས་སྣང་སྲིད་ལྷ་མ་སྲིན། །སྐྱེ་འགྲོའི་ཚེ་སྲོག་ཉུལ་མི་ཚོ། །སྒྱུ་མ་གཟུགས་ཀྱི་ཕུང་པོ་འདི། །མི་རྟག་འཇིག་པའི་ཆོས་ཅན་ཡིན། །ངས་ཅིས་ཀྱང་མི་བཞག་འདོར་བ་ལ། །འདྲེ་ཁྱེད་རྣམས་དགོས་ན་སུ་དགོས་ཁྱེར། །སྤྱིར་འགྲོ་བ་ཡོངས་ཀྱི་གླུད་དུ་བསྔོ། །སྒོས་དྲིན་ཆེན་ཕ་མའི་གླུད་དུ་བསྔོ། །ཡང་སྒོས་བླ་མ་སློབ་དཔོན་གྱི་གླུད་དུ་བསྔོ། །གྲྭ་རོག་གྲོགས་མཆེད་ཀྱི་གླུད་དུ་བསྔོ། །འཁོར་བུ་རིགས་རྣམས་ཀྱི་གླུད་དུ་བསྟི། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཁྱོད་དགའ་


CMR052_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

མགུ་ཡི་རང་ཚིམས་གྱུར་ཅིག །སྔོན་ཆད་འཁོར་བ་ཐོག་མེད་ཀྱི། །བུ་ལོན་ལན་ཆགས་བྱང་གྱུར་ཅིག །ཤ་འཁོན་སྒྲིབ་པ་དག་གྱུར་ཅིག །མནག་སེམས་གནོད་སེམས་ཞི་གྱུར་ཅིག །སྡང་སེམས་འཁྲུག་སེམས་ཞི་གྱུར་ཅིག །བྱང་ཆུབ་སེམས་དང་ལྡན་གྱུར་ཅིག །བྱང་ཆུབ་སེམས་དང་ལྡན་ནས་ཀྱང་། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཕཊ་ཕཊ། དེ་ནས་གསོལ་འདེབས་དམིགས་པ་ནི། ཕཊ། གཅོད་ཡུལ་བླ་མ་དཀྱིལ་འཁོར་ལྷ་ཚོགས་ལ། །བདག་དང་བསྲུང་བྱ་ལྷ་འདྲེ་བཅས་པ་རྣམས། །ཁ་ཙམ་མིན་པར་དད་གུས་རྩེ་གཅིག་གིས། །མགྲིན་གཅིག་དབྱངས་གཅིག་གསོལ་བ་འདེབས་པར་གྱུར། །ན་མོ་གུ་རུ། །གནས་འོག་མིན་ཆོས་དབྱིངས་ཕོ་བྲང་ན། །ཡུམ་ཆེན་ཤེས་རབ་ཕར་ཕྱིན་ལ་གསོལ་བ་འདེབས། །བདག་གསོལ་འདེབས་ཀྱི་བུ་ལ་བྱིན་གྱིས་རློབས། །རྐྱེན་ཕྱི་ནང་གི་བར་ཆད་ཞི་བ་དང་། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །བུ་སྐྱེ་བ་མེད་པར་ལམ་སྣ་དྲོངས། །ཕཊ། རྒྱས་པར་ཚིག་མཚམས་རེ་ན་འགྲེས་བྱང་ཡིན་ཀྱང་། བསྡུ་ན་ནི། གནས་བྱ་རྒོད་ཕུང་པོའི་རི་བོ་ན། །ཡང་དག་རྫོགས་པའི་སངས་རྒྱས་ལ་གསོལ་བ་


CMR052_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། །གནས་སེང་ཆེན་བསྣོལ་བའི་ཁྲི་སྟེང་ན། །འཇམ་དཔལ་སྨྲ་བའི་སེང་གེ་ལ་གསོལ་བ་འདེབས། །དཔལ་གཡུ་ལོ་བཀོད་པའི་ཞིང་ཁམས་ན། །མཚན་ལྡན་རྗེ་བཙུན་སྒྲོལ་མ་ལ་གསོལ་བ་འདེབས། །གནས་མཁའ་སྤྱོད་མཁའ་འགྲོའི་བཞུགས་གནས་ན། །མཁའ་འགྲོ་སུ་ཁ་སིདྡྷི་ལ་གསོལ་བ་འདེབས། །གནས་རྒྱ་གར་འཇག་མའི་སྤྱིལ་པོ་ནས། །མཁས་པ་ཨཱརྱ་དེ་ཝ་ལ་གསོལ་བ་འདེབས། །བདག་གསོལ་འདེབས་ཀྱི་བུ་ལ་བྱིན་གྱིས་རློབས། །རྐྱེན་ཕྱི་ནང་གི་བར་ཆད་ཞི་བ་དང་། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །བུ་སྐྱེ་བ་མེད་པར་ལམ་སྣ་དྲོངས། །ཕཊ། དེ་ནས་ཡིད་ཀྱིས་ལུས་སྦྱིན་དམིགས་པ་མི་གཅིག་པ་མང་པོ་བྱེད་ཅིང་། ངག་གིས་གསོལ་འདེབས་རྣམས་དབྱངས་དང་བཅས་པས་གྱེར་བ་སྔར་ནས་ཕྱག་ལེན་གྱི་རྒྱུན་ལ་ཡོད་པའི་ཕྱིར། འདི་དག་གི་སྐབས་སུ་ཡང་སྐད་ཅིག་ལ་རྣམ་ཤེས་སྤར་ཐེངས་རེ་བྱས་ན་ལེགས། མ་ཐུབ་ན་ཡང་སྔར་སྤར་ནས་ལུས་དེའི་ལྷག་མ་ལ་དེ་ལྟར་སོ་སོར་བསྒོམ་ཡང་རུང་ངོ་། །ཕཊ། ལྷ་ཚོགས་རྣམས་ཀྱི་ཐུགས་ལས་བདུད་རྩི་བབས། །ལུས་རྣམས་གྲོད་པ་འོ་མས་གང་བ་བཞིན། །སྒྱུ་ལུས་འགྱེལ་བས་སྟོང་གསུམ་བདུད་རྩིས་གང་། །


CMR052_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་སྣུམ་ལྕི་འབོལ་ཞིམ་མངར་རོ་བརྒྱ་ལྡན། །ཐུགས་ཀའི་འོད་ཟེར་ཕོག་པས་མི་གཙང་སྦྱངས། །རྣམ་པར་དག་པའི་ཕུད་རླངས་མཆོད་སྤྲིན་འཕྲོ། །ཟག་མེད་ཤ་ལྔ་བདུད་རྩི་ལྔའི་རང་བཞིན། །ལྷ་ཚོགས་ལྗགས་ལས་རང་རང་ཕྱག་མཚན་གྱིས། །དབྱིབས་ཅན་འོད་ཟེར་སྦུ་གུས་གསོལ་བས་མཉེས། །ཕཊ་ཕཊ། གནས་ལ་སྟོད་དིང་རིའི་གླང་འཁོར་ན། །སྤྲུལ་སྐུ་དམ་པ་སངས་རྒྱས་ལ་གསོལ་བ་འདེབས། །གནས་རྒྱ་བོད་གཉིས་ཀྱི་ས་མཚམས་ན། །སྐྱོ་སྟོན་བསོད་ནམས་བླ་མ་ལ་གསོལ་བ་འདེབས། །གནས་ཟངས་རི་མཁར་དམར་གྱི་དགོན་པ་ན། །མ་གཅིག་ལབ་ཀྱི་སྒྲོན་མ་ལ་གསོལ་བ་འདེབས། །གནས་ཤམ་པོ་གངས་ཀྱི་ར་བ་ན། །རྗེ་བཙུན་ཟིལ་གནོན་ཆེན་པོ་ལ་གསོལ་བ་འདེབས། །གནས་བཀྲ་ཤིས་གླང་ལུང་གི་དགོན་པ་ན། །སྲས་མཆོག་རྒྱལ་བ་དོན་གྲུབ་ལ་གསོལ་བ་འདེབས། །གནས་སྙི་མོ་ཁུ་ཡི་ར་བ་ན། །ཁུ་སྒོམ་ཆོས་ཀྱི་སེང་གེ་ལ་གསོལ་བ་འདེབས། །གནས་གར་བཞུགས་ཆོས་ཀྱི་ཕོ་བྲང་ན། །བཀའ་བབ་བུ་ཆེན་བཅུ་དྲུག་ལ་གསོལ་བ་འདེབས། །གནས་རྒྱལ་ཁམས་ཕྱོགས་མེད་ཀྱི་དགོན་པ་


CMR052_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ན། །བརྒྱུད་འཛིན་བརྒྱ་དང་རྩ་བརྒྱད་ལ་གསོལ་བ་འདེབས། །བདག་གསོལ་འདེབས་ཀྱི་བུ་ལ་བྱིན་གྱིས་རློབས། །རྐྱེན་ཕྱི་ནང་གི་བར་ཆད་ཞི་བ་དང་། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །བུ་སྐྱེ་བ་མེད་པར་ལམ་སྣ་དྲོངས། །ཕཊ་ཕཊ།། མ་གཅིག་ཐུགས་ལས་ཕག་མོ་དམར་མོ་འཕྲོས། །དེ་ལས་ལས་བྱེད་མཁའ་འགྲོ་གྲངས་མེད་འཕྲོས། །བེམ་པོའི་པགས་པ་རལ་བ་བྷནྡྷའི་སྣོད། །སྟོང་གསུམ་ཙམ་གྱི་ནང་དུ་ཤ་ཁྲག་རྣམས། །ཉིལ་གྱིས་ཞིག་པའི་སྟེང་དུ་ཨོཾ་ཨཱཿཧཱུྃ། །གྲི་གུག་ལན་གསུམ་དཀྲུགས་པས་ཡིག་གསུམ་ཞུ། །ཟག་མེད་ཤ་ལྔ་བདུད་རྩི་ལྔའི་རང་བཞིན། །རླངས་པ་མཆོད་པའི་སྤྲིན་ཕུང་ནམ་མཁར་ཁྱབ། །ལས་བྱེད་མཁའ་འགྲོས་ཐོད་པའི་ཞལ་བུས་བཙུས། །ལྷ་ཚོགས་རྣམས་ལ་སོ་སོར་ཕྱག་ཏུ་ཕུལ། །ཕཊ་ཕཊ། གནས་རྡོ་རྗེ་གུར་ཁང་གི་གཞལ་ཡས་ན། །ལ་འདུལ་རྡོ་རྗེ་སྒྲོན་མ་ལ་གསོལ་བ་འདེབས། །གནས་རི་གོང་དཔལ་གྱི་ཡང་དགོན་ན། །པཎ་ཆེན་དོན་ཡོད་རྡོ་རྗེ་ལ་གསོལ་བ་འདེབས། །གནས་སྟོད་ལུང་མཚུར་ཕུའི་དགོན་པ་ན། །གྲུབ་ཆེན་ཀརྨ་པཀྵི་ལ་གསོལ་བ་


CMR052_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། །གནས་བདུད་བཞི་ཟིལ་གནོན་གྱི་ཕོ་བྲང་ན། །རྗེ་རང་བྱུང་རྡོ་རྗེ་གསོལ་བ་འདེབས། །ཆོས་ཕྱག་རྒྱ་ཆེན་པོའི་ཕོ་བྲང་ན། །རྗེ་ཀུན་དགའ་རྣམ་རྒྱལ་ལ་གསོལ་བ་འདེབས། །གནས་ཕྱོགས་མེད་ཕྲིན་ལས་ཀྱི་ཕོ་བྲང་ན། །རྗེ་བཙུན་ཀརྨ་ཆགས་མེད་ལ་གསོལ་བ་འདེབས། །བདག་གསོལ་འདེབས་ཀྱི་བུ་ལ་བྱིན་གྱིས་རློབས། །རྐྱེན་ཕྱི་ནང་གི་བར་ཆད་ཞི་བར་མཛོད། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །བུ་སྐྱེ་བ་མེད་པར་ལམ་སྣ་དྲོངས། །ཕཊ་ཕཊ་ཕཊ། རང་རིག་ཌཱཀྐི་དམར་མོ་གྲི་ཐོད་འཛིན་། །སྤྱན་གསུམ་གྱེན་གཟིགས་རང་འདྲ་གྲངས་མེད་འཕྲོས། །རང་བྱུང་ཐོད་སྐྱེད་གསུམ་སྟེང་བྷན་འཕར། །དེ་ནང་ལུས་འཕར་ཤ་ཁྲག་ཉིལ་གྱིས་ཞིག །གྲི་གུག་གིས་དཀྲུགས་ཤ་ལྔ་བདུད་རྩི་ལྔ། །དེ་སྟེང་ཡི་གེ་ཨོཾ་ཨཱཿཧཱུྃ་གསུམ་གནས། །སླར་ཡང་དཀྲུགས་པས་ཡི་གེ་གསུམ་ཡང་ཞུ། །ཡེ་ཤེས་བདུད་རྩི་རླངས་པ་མཆོད་སྤྲིན་འཕྲོ། །དྭངས་མ་བདུད་རྩི་སྙིགས་མ་ཤ་ལྔའི་ཚོགས། །རོ་བཅུད་ནུས་པ་ཕུན་སུམ་ཚོགས་པ་ནས། །མཁའ་འགྲོ་རྣམས་ཀྱིས་ཕྱག་གཡས་ཐོད་པ་ཡིས། །བཅུས་ཤིང་དཀྱིལ་འཁོར་ལྷ་ཚོགས་


CMR052_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་མཆོད་དེ། །ཡུམ་ཆེན་ལན་གསུམ་ཐུབ་པ་འཁོར་བཅས་རྣམས། །དམ་པ་མ་གཅིག་ཕག་མོ་གཙོ་འཁོར་རྣམས། །ལན་གསུམ་མཆོད་རྗེས་ཆོས་སྐྱོང་ལ་སོགས་པ། །མགྲོན་རིགས་མ་ལུས་ཐམས་ཅད་མཆོད་པས་མཉེས། །ཕཊ་ཕཊ། གནས་གཉན་ས་རི་ཁྲོད་ཀྱི་དགོན་པ་ན། །གྲུབ་ཐོབ་གཅོད་ཡུལ་བརྒྱུད་པ་ལ་གསོལ་བ་འདེབས། །གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་ན། །དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །གནས་དངོས་གྲུབ་ཀུན་འབྱུང་གི་ཕོ་བྲང་ན། །ཡི་དམ་རྒྱལ་བའི་ལྷ་ཚོགས་ལ་གསོལ་བ་འདེབས། །གནས་བསིལ་བ་ཚལ་གྱི་དུར་ཁྲོད་ན། །ཆོས་སྐྱོང་མ་མགོན་ལྕམ་དྲལ་གསོལ་བ་འདེབས། །བདག་གསོལ་འདེབས་ཀྱི་བུ་ལ་བྱིན་གྱིས་རློབས། །རྐྱེན་ཕྱི་ནང་གི་བར་ཆད་ཞི་བ་དང་། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །བུ་སྐྱེ་བ་མེད་པར་ལམ་སྣ་དྲོངས། །ཕཊ་ཕཊ་ཕཊ། རིག་པ་ཕྲལ་བའི་ལྕུ་བེམ་པོ་ཆེ་ཞིང་ཚོ། །བཀྲག་མདངས་རོ་བཅུད་ལྡན་པ་ཧྲིལ་གྱིས་འགྱེལ། །འཇིག་རྟེན་ཁྱབ་པ་མགྲོན་རིགས་ཐམས་ཅད་ཀྱིས། །བདུད་རྩིའི་རྣམ་པ་གང་འདོད་ལོངས་སྤྱོད་


CMR052_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། །འདི་བཅོམ་ལྡན་འདས་ཀྱི་ཉ་དེས་པའི་སྐྱེས་རབས་ཀྱི་དོན་བསྡུས་མན་ངག་གོ །ཕཊ། ཐུབ་དབང་བྱམས་པ་ཐོགས་མེད་དབྱིག་གི་གཉེན། །ཨཱརྱ་དེ་ཝ་དམ་པ་རྒྱ་གར་སོགས། །མདོ་ལུགས་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །ཡུམ་ཆེན་རྡོ་རྗེ་འཆང་དང་ཤཱཀྱ་ཐུབ། །སྨྲ་སེང་ཨཱརྱ་དེ་ཝ་དམ་པ་རྗེ། །སྔགས་ལུགས་རིང་བརྒྱུད་རྣམས་ལ་གསོལ་བ་འདེབས། །སྟོན་པ་རབ་འབྱོར་འཕགས་པ་ཀུན་དགའ་བོ། །ཀླུ་སྒྲུབ་ཨཱརྱ་དེ་ཝ་ཆེ་ཆུང་གཉིས། །ཕ་རྒྱུད་ཐབས་ཀྱི་བརྒྱུད་པ་ལ་གསོལ་བ་འདེབས། །ཡུམ་ཆེན་སྒྲོལ་མ་སུ་ཁ་སིདྡྷི་དང་། །དམ་པ་རྒྱ་གར་མ་གཅིག་ལབ་ཀྱི་སྒྲོན། །མ་རྒྱུད་ཤེས་རབ་བརྒྱུད་པ་ལ་གསོལ་བ་འདེབས། །བཅོམ་ལྡན་ཤཱཀ་ཐུབ་མགོན་པོ་འཇམ་པའི་དབྱངས། །རྗེ་བཙུན་སྒྲོལ་མ་མ་གཅིག་ལབ་ཀྱི་སྒྲོན། །དོན་གྱི་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །རྡོ་རྗེ་འཆང་ཆེན་རྗེ་བཙུན་འཕགས་མ་སྒྲོལ། །ལབ་ཀྱི་སྒྲོན་མ་ཐོད་སྨྱོན་བསམ་འགྲུབ་སོགས། །སྔགས་ལུགས་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །ཡུམ་ཆེན་ཤཱཀ་ཐུབ་སྨྲ་སེང་སྒྲོལ་མ་དང་། །སུ་ཁ་སིདྡྷི་ཨཱརྱ་དེ་ཝ་སོགས། །རིང་བརྒྱུད་བླ་མ་རྣམས་ལ་


CMR052_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས། །རྡོ་རྗེ་ཕག་མོ་མ་གཅིག་ལབ་ཀྱི་སྒྲོན། །ཁམ་བུ་ཡ་ལེ་གྲུབ་ཆེན་ཡེ་ཤེས་འབར། །ཉེ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །རྒྱལ་བ་དོན་གྲུབ་གཉན་ཆུང་ལོ་ཙཱ་བ། །གྲྭ་པ་ཧིར་ཐོན་ཁམ་བུ་ཡ་ལེ་སོགས། །མདོ་ལུགས་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །ཐོད་སྨོན་བསམ་འགྲུབ་གངས་པ་སྨུག་སངས་དང་། །གངས་པ་ལྷུན་གྲུབ་གྲུབ་ཆེན་ཀརྨ་པ། །གཅོད་ཚོགས་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །ཁུ་སྒོམ་ཆོས་སེང་སངས་རྒྱས་གཉེན་སྟོན་དང་། །ཁམ་བུ་ཡ་ལེ་གྲུབ་ཆེན་ཡེ་ཤེས་འབར། །ཟུང་འཇུག་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །མ་གཅིག་ལབ་སྒྲོན་སྤྲུལ་སྐུ་ལ་འདུལ་མ། །བརྩོན་འགྲུས་སེང་གེ་ཁམ་བུ་ཡ་ལེ་སོགས། །གཏེར་ཆོས་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །ཡེ་ཤེས་འབར་དང་རྟོགས་ལྡན་གནམ་མཚོ་བ། །རང་བྱུང་གཡུང་སྟོན་རོལ་པའི་རྡོ་རྗེའི་ཞབས། །རྟོགས་ལྡན་དར་མ་རྒྱལ་མཚན་མཁའ་སྤྱོད་དབང་། །དེ་བཞིན་གཤེགས་པ་རཏྣ་བྷ་དྲ་དང་། །དོན་ལྡན་འཇམ་དཔལ་བཟང་པོ་མཉན་པའི་ཞབས། །མི་བསྐྱོད་རྡོ་རྗེ་རྒྱལ་བ་དཀོན་མཆོག་འབངས། །དབང་


CMR052_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་རྡོ་རྗེ་ཆོས་ཀྱི་དབང་ཕྱུག་དང་། །ཀུན་དགའ་རྣམ་རྒྱལ་ཀརྨ་ཆགས་མེད་སོགས། །གཅོད་ཁྲིད་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །རྩ་བའི་བླ་མ་སངས་རྒྱས་ཆོས་ཀྱི་སྐུ། །ཡིན་པར་མདོ་རྒྱུད་ཀུན་ལས་རྒྱ་ཆེར་གསུངས། །ཉེ་བའི་བརྒྱུད་པ་དེ་ལ་གསོལ་བ་འདེབས། །རང་སེམས་རྟོགས་ན་ཡུམ་ཆེན་དེ་ཉིད་རང་། །དེ་ལས་གཞན་ན་སངས་རྒྱས་མེད་གསུངས་ཕྱིར། །ཤིན་ཏུ་ཉེ་བརྒྱུད་དེ་ལ་གསོལ་བ་འདེབས། །ཡི་དམ་ཁྲོས་མ་བདུད་འདུལ་ལྷ་ལྔ་མ། །དངོས་གྲུབ་ཀུན་སྟེར་གཅོད་ཡུལ་བཀའ་བབས་ལྷ། །སྣང་སྲིད་ཟིལ་གནོན་མ་ལ་གསོལ་བ་འདེབས། །མ་གཅིག་བཀའ་སྡོད་ཌཱ་ཀི་སྲུང་མའི་ཚོགས། །གཅོད་ཡུལ་བཀའ་སྲུང་རྣལ་འབྱོར་བུ་བཞིན་སྐྱོང་། །བསྟན་སྲུང་ཆོས་སྐྱོང་རྣམས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པས་ལྷ་རྣམས་ཀྱི། །དཔྲལ་བ་མགྲིན་པ་ཐུགས་ཀ་སོ་སོ་ནས། །ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་དཔག་མེད་བྱུང་། །བདག་དང་བསྲུང་བྱའི་ལུས་ངག་ཡིད་ལ་ཐིམ། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དཔག་མེད་ཐོབ། །ཕཊ་ཕཊ་ཕཊ། གཅོད་ཡུལ་བརྒྱུད་པའི་བླ་མ་ཡི་དམ་དང་། །མཁའ་འགྲོ་ཆོས་


CMR052_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་སྲུང་མ་ཐམས་ཅད་ལ། །སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་འདེབས། །བྱིན་གྱིས་རློབས་ཤིག་གཅོད་ཡུལ་བརྒྱུད་པའི་ཚོགས། །དངོས་གྲུབ་སྩོལ་ཅིག་ཨ་མ་ལབ་ཀྱི་སྒྲོན། །གསོལ་བ་འདེབས་སོ་དམ་པ་རྒྱ་གར་བ། །དངོས་གྲུབ་སྩོལ་ཅིག་བདུད་འདུལ་ཁྲོས་མའི་ཚོགས། །གསོལ་བ་འདེབས་སོ་རྗེ་བཙུན་གླང་ལུང་པ། །དངོས་གྲུབ་སྩོལ་ཅིག་གནས་གསུམ་མཁའ་འགྲོའི་ཚོགས། །ལུས་ལ་སྐུ་ཡི་བྱིན་གྱིས་བརླབ་ཏུ་གསོལ། །འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ། །ངག་ལ་གསུང་གི་བྱིན་གྱིས་བརླབ་ཏུ་གསོལ། །ནུས་མཐུ་ཆོས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །སེམས་ལ་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྩལ་དུ་གསོལ། །གསོལ་བ་འདེབས་སོ་སྣང་སྲིད་བྱིན་གྱིས་རློབས། །གཉན་ས་རི་ཁྲོད་འགྲིམ་པར་བྱིན་གྱིས་རློབས། །ཕུང་པོ་གཟན་དུ་སྐྱུར་བར་བྱིན་གྱིས་རློབས། །བདག་འཛིན་རྩ་བ་ཆོད་པར་བྱིན་གྱིས་རློབས། །རྐྱེན་ངན་གྲོགས་སུ་འཆར་བར་བྱིན་གྱིས་རློབས། །ན་ཚ་ལམ་དུ་སློང་བར་བྱིན་གྱིས་རློབས། །བདུད་བཞི་རང་སར་གྲོལ་བར་བྱིན་གྱིས་རློབས། །དངོས་


CMR052_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་རྣམ་གཉིས་ཐོབ་པར་བྱིན་གྱིས་རློབས། །དེ་ལ་རློམས་སེམས་མེད་པར་བྱིན་གྱིས་རློབས། །མཐའ་བྲལ་སྟོང་ཉིད་རྟོགས་པར་བྱིན་གྱིས་རློབས། །དེ་ལ་ཡེངས་བ་མེད་པར་བྱིན་གྱིས་རློབས། །ལྷ་འདྲེ་སེམས་སུ་ཆོད་པར་བྱིན་གྱིས་རློབས། །དངོས་མེད་འགྲོ་དོན་ནུས་པར་བྱིན་གྱིས་རློབས། །འཕོ་བ་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཉག་གཅིག་རྩད་ནས་ཆོད་པར་བྱིན་གྱིས་རློབས། །གཅོད་ཡུལ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །གཉན་ས་འདི་རུ་བྱིན་གྱིས་རློབས། །མལ་ས་འདི་རུ་བྱིན་གྱིས་རློབས། །ད་ལྟ་ཉིད་དུ་བྱིན་གྱིས་རློབས། །མྱུར་བ་ཉིད་དུ་བྱིན་གྱིས་རློབས། །སྐད་ཅིག་ཉིད་ལ་བྱིན་གྱིས་རློབས། །ཕཊ་ཕཊ། དེ་ནས་དམ་པའི་བསྟོད་པ་མ་གཅིག་གིས་མཛད་པའི་བྱིན་རླབས་དམིགས་པ་ནི། ཕཊ། མདུན་གྱི་ནམ་མཁར་ཕ་གཅིག་དམ་པ་ཡི། །སྐུ་ལས་བྱིན་རླབས་མེ་ཡི་ཚྭ་ཚྭའི་ཚུལ། །ཕྲོམ་ཕྲོམ་འཕྲོས་པས་བདག་དང་བསྲུང་བྱ་ཡི། །ལུས་ཀྱི་ནད་གདོན་ལུས་དང་བཅས་པ་རྣམས། །ཐལ་བ་བུན་གྱིས་བསྲེགས་ནས་དངོས་མེད་གྱུར། །བྱིན་རླབས་ཞུགས་ཤིང་སྐྱེ་མེད་དོན་རྟོགས་ཤོག །ཕཊ་ཕཊ། རྗེ་བླ་མ་རྣམས་ལ་ཕྱག་


CMR052_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ལོ། །བཀའ་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །སྒོས་བཀའ་དྲིན་ཅན་གྱིས་བྱིན་གྱིས་རློབས། །གནས་མཆོག་དམ་པ་ཡ་ཀི་ན། །ཕྱི་སྐོར་ཅིག་སྐོར་གཉིས་སྐོར་མ་གསུམ། །ཕྱི་བསྐོར་བ་ལྕགས་རི་མུ་ཁྱུད་བསྐོར། །བར་བསྐོར་བ་ལྷོ་རྒྱལ་འཛམ་བུ་གླིང་། །ནང་བསྐོར་བ་དིང་རི་གླང་འཁོར་བསྐོར། །རི་མཁན་པ་ཁྲོད་ཀྱི་དགོན་པ་ན། །ཉི་ཟླ་པདྨའི་གདན་སྟེང་ན། །གནས་དེ་ན་སུ་བཞུགས་སུ་མི་བཞུགས། །གནས་དེ་ན་དམ་པ་སངས་རྒྱས་བཞུགས། །སྐུ་འཁྲུངས་པ་རྒྱ་གར་ཡུལ་དུ་འཁྲུངས། །གསུང་བསྒྲགས་པ་བོད་ཡུལ་དབུས་སུ་བསྒྲགས། །རྗེ་འགྲོ་བའི་མགོན་པོ་རྡོ་རྗེ་འཆང་། །སྨྲ་བའི་སེང་གེ་མཚུངས་པ་མེད། །དཔལ་ཆེན་བིརླ་དྲོད་ཚད་མཁས། །ཨཱརྱ་དེ་ཝ་སྒྲ་ཚད་མཁས། །དམ་པ་མུ་སྟེགས་རྒྱུད་སྡེ་མཁས། །རྗེ་མི་ཕམ་མགོན་པོ་བཅོམ་ལྡན་འདས། །འཛམ་བུ་གླིང་གི་རྒྱན་གཅིག་པོ། །རྗེ་འགྲོ་བའི་མགོན་པོ་ལ་གསོལ་བ་འདེབས། །རྗེ་འགྲོ་བའི་མགོན་པོས་བྱིན་གྱིས་རློབས། །རྗེ་དམ་པ་སངས་རྒྱས་རིན་པོ་ཆེ། །ཁོང་སྟེང་དེར་ལྷ་ཚོགས་ཐིབས་སེ་ཐིབ། །གཡས་དེར་


CMR052_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བོའི་ངར་དང་ལྡན། །གཡོན་དེར་དཔའ་མོའི་མདངས་དང་ལྡན། །མདུན་དེར་དམ་ཅན་སྤུངས་སེ་སྤུང་། །རྒྱབ་ཏུ་ཌཀྐི་ཤིགས་སེ་ཤིག །འོག་དེར་གདོན་ཚོགས་མྱ་ལ་ལ། །རྗེ་དེར་བཞུགས་དམ་པ་ལ་གསོལ་བ་འདེབས། །དེར་བཞུགས་དམ་པས་བར་ཆད་སོལ། །དེར་བཞུགས་དམ་པ་ལམ་སྣ་དྲོངས། །ཕཊ་ཕཊ། དམིགས་པ་མགྲོན་འགྱེད་མ་ནི༔ ཕཊ། ཐོད་སྣོད་ནང་དུ་བེམ་རོ་བདུད་རྩིར་ཞུ། །རླངས་པས་མགྲོན་རྣམས་ཅི་འདོད་ལོངས་སྤྱོད་འཕྲོས། །དྭངས་མ་བདུད་རྩི་སྙིགས་མ་ཁ་ཟས་ཚོགས། །ལས་བྱེད་མཁའ་འགྲོས་ཀླུ་དང་གཞི་བདག་ལ། །རང་རང་ཡིད་མཐུན་བཟའ་བཏུང་མགུ་བར་སྦྱིན། །གདོལ་པ་ཀླུ་དང་སྡང་དགྲ་གནོད་བྱེད་ལ། །ཤ་ཁྲག་རླངས་པ་དྲོད་དང་བཅས་པ་སྦྱིན། །ཐམས་ཅད་དགའ་མགུ་ཡི་རང་ལྡན་པར་གྱུར། །ཕཊ། ཧཱུྃ། ཕ་ནག་པོ་ཆེན་པོ་གཟི་མདངས་ཅན། །སྐུ་སྟོད་སེང་གེ་འགྱིང་བ་འདྲ། །དེ་བདུད་བཞི་ཟིལ་གྱིས་གནོན་པའི་བརྡ། །སྐུ་སྨད་རྨ་བྱ་འཇུམ་པ་འདྲ། །དེ་དུག་ལྔ་གནས་སུ་དག་པའི་བརྡ། །སྐེད་པ་རྡོ་རྗེ་འཁྲིལ་པ་འདྲ། །དེ་འཁྲུལ་གཞི་རྩད་ནས་གཅོད་པའི་བརྡ། །


CMR052_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་གཉིས་སྦ་ཕྲན་གཤིབས་པ་འདྲ། །དེ་བྱང་ཆུབ་རྒྱུད་ལམ་བགྲོད་པའི་བརྡ། །སྐུ་མདོག་ནག་ལ་སྣུམ་པ་དེ། །ཆོས་ཉིད་དོན་ལ་འགྱུར་བ་མེད་པའི་བརྡ། །དབུ་སྐྲ་ནག་སྣུམ་གྱེན་དུ་འཁྱིལ་བ་དེ། །མཐོ་རིས་ཐར་ལམ་བགྲོད་པའི་བརྡ། །སྙན་ཤལ་རིང་ལ་སྙན་ཁུང་ཟབ་པ་དེ། །ཆོས་ཀྱི་སྙན་བརྒྱུད་ཟབ་པའི་བརྡ། །སྤྱན་མིག་དམར་ལ་སྤྱན་རྩ་འཁྲུགས་པ་དེ། །སྣང་སྲིད་ཟིལ་གྱིས་གནོན་པའི་བརྡ། །ཤངས་བག་རིང་ལ་ཤངས་རྩེ་རྣོ་བ་དེ། །སྣང་བ་དབང་དུ་འདུས་པའི་བརྡ། །ཚེམས་མདོག་དཀར་ལ་ཚེམས་རྩེ་རྣོ་བ་དེ། །སྐྱེ་ཤི་རྩད་ནས་གཅོད་པའི་བརྡ། །ཕྱག་སོར་རིང་ལ་ཕྱག་སེན་རྣོ་བ་དེ། །སྐལ་ལྡན་ཐུགས་རྗེས་འདྲེན་པའི་བརྡ། །ཞབས་སོར་མོ་སེང་ཕྲུག་བཀྲམ་པ་འདྲ། །དེ་དུག་གསུམ་རྩད་ནས་གཅོད་པའི་བརྡ། །རྗེ་རེས་འགའ་ཉིན་མཚན་ཁོར་ཡུག་གཟིམས། །སྒོམ་གཉུག་མ་ལ་རྒྱུན་ཆད་མེད་པའི་བརྡ། །རྗེ་རེས་འགའ་རྟེན་འབྲེལ་སྣ་ཚོགས་མཛད། །བཀའ་འཁོར་གཡོག་བྱིན་གྱིས་བརླབས་པའི་བརྡ། །རྗེ་རེས་འགའ་སྨྱོན་པའི་བརྟུལ་ཞུགས་མཛད། །དེ་འཁོར་གྱི་བར་ཆད་སེལ་བའི་བརྡ། །རྗེ་དེར་


CMR052_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་དམ་པ་ལ་གསོལ་བ་འདེབས། །རྗེ་དེར་བཞུགས་དམ་པས་བྱིན་གྱིས་རློབས། །རྗེ་དེར་བཞུགས་དམ་པས་ལམ་སྣ་དྲོངས། །རྗེ་རྒྱང་ན་བཞུགས་ན་མོས་ཕྱག་འཚལ། །དྲུང་ན་བཞུགས་ནི་གུས་ཕྱག་འཚལ། །ཡིད་མོས་གུས་ཀྱི་ཕྱག་ལ་ཉེ་རིང་མེད། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །བྱིན་རླབས་ཐུགས་ཀྱི་ཀློང་ནས་ཞུ། །རྗེ་སྐུ་ཡི་བྱིན་རླབས་ལུས་ལ་ཞུགས། །ལུས་ན་ཚའི་སྡུག་བསྔལ་ཞི་བར་མཛོད། །ལུས་ལ་བདེ་དྲོད་སྦྱར་དུ་གསོལ། །ལུས་ཀྱི་སྒྲིབ་པ་དག་ནས་ཀྱང་། །ལུས་སྤྲུལ་སྐུ་ཐོབ་པར་མཛད་དུ་གསོལ། །རྗེ་གསུང་གི་བྱིན་རླབས་ངག་ལ་ཞུགས། །ངག་འགག་འཛེར་གྱི་སྡུག་བསྔལ་ཞི་བར་མཛོད། །ངག་ལ་ནུས་པ་སྦར་དུ་གསོལ། །ངག་གི་སྒྲིབ་པ་དག་ནས་ཀྱང་། །ངག་ལོངས་སྐུ་ཐོབ་པར་མཛད་དུ་གསོལ། །རྗེ་ཐུགས་ཀྱི་བྱིན་རླབས་སེམས་ལ་ཞུགས། །སེམས་ཉོན་མོངས་སྡུག་བསྔལ་ཞི་བར་མཛོད། །སེམས་ལ་རྟོགས་པ་སྦྱར་དུ་གསོལ། །སེམས་ཀྱི་སྒྲིབ་པ་དག་ནས་ཀྱང་། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །རྒྱུ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དུག་གསུམ་རང་སར་ཞི་བར་བྱིན་


CMR052_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རློབས། །གདོན་ཕོ་གདོན་མོ་གདོན་ཀླུ་གདོན་གསུམ། །གདོན་གསུམ་རང་སར་ཞི་བར་བྱིན་གྱིས་རློབས། །ནད་རླུང་མཁྲིས་བད་ཀན་འདུས་པ་བཞི། །བཞི་བརྒྱ་རྩ་བཞི་རང་སར་ཞི་བར་མཛད་དུ་གསོལ། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །སྐུ་གསུམ་མངོན་དུ་འཆར་བར་མཛད་དུ་གསོལ། །གཞན་དོན་དཔག་མེད་འབྱུང་བར་བྱིན་གྱིས་རློབས། །ནད་གདོན་སྡིག་སྒྲིབ་དག་པར་བྱིན་གྱིས་རློབས། །ཕཊ་ཕཊ། དམིགས་པ་བང་མིག་མ་ནི། ཕཊ། བེམ་པོའི་པགས་པ་ཤགས་ཀྱིས་རལ་པ་དེ། །བདག་ཉིད་ཕག་མོས་བཏིང་བས་སྟོང་གསུམ་ཁྱབ། །དེ་ལ་གྲི་གུག་གིས་ནི་མིག་མང་རིས། །བྲིས་པས་གྲུ་ཆོད་བང་བའི་བྲེས་ལྟ་བུར། །པད་སྣོད་རེ་རེའི་ནང་དུ་ཤ་ཁྲག་བླུགས། །རེ་རེའི་སྟེང་དུ་ཨོཾ་ཨཱཿཧཱུྃ་རེ་ཞུ། །ལ་ལ་དཀར་གསུམ་ལ་ལ་མངར་གསུམ་དང་། །ལ་ལ་སྨན་སྣ་ལ་ལ་འབྲུ་སྣའི་ཚོགས། །ལ་ལ་རིན་ཆེན་ལ་ལ་དར་ཟབ་གྱུར། །དེ་དག་སོ་སོར་གང་འདོད་སྤྱོད་པར་གྱུར། །ཕཊ་ཕཊ། རྗེ་དེ་ཡི་བརྒྱུད་པའི་འཛིན་པའི་མ། །མཚན་ནི་ཇོ་མོ་ལབ་སྒྲོན་མ། །མས་ནི་བདག་གཞན་འགྲོ་བ་སྒྲོལ། །ཇོ་མོ་བདེ་གཤེགས་


CMR052_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་ཡུམ། །ལབ་ནི་འཁྲུངས་ཡུལ་རྒྱལ་བའི་ཞིང་། །སྒྲོན་ནི་མ་རིག་མུན་པ་སེལ། །མ་མཚན་དང་ལྡན་ལ་ཕྱག་འཚལ་ལོ། །ཀྱེ་མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །མ་ཡུམ་ཆེན་ཐུགས་ལས་སྤྲུལ་པའི་སྲས། །མ་གཅིག་ཇོ་མོ་རྣལ་འབྱོར་མ། །མ་ཕ་རོལ་ཕྱིན་པའི་གྲུབ་ཐོབ་མ། །སྐལ་ལྡན་ཀུན་གྱི་རྒྱུད་གྲོལ་མ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཕཊ་ཕཊ། དམིགས་པ་བེམ་སྐྱུར་མ་ནི། བེམ་པོ་ཆེ་ཚོ་བཀྲག་མདངས་རོ་བཅུད་ལྡན། །མཐོང་བ་ཙམ་གྱིས་ལྷ་འདྲེའི་ཡིད་འཕྲོག་པ། །མགྲོན་གྱི་དཀྱིལ་དུ་བདག་མེད་ལིང་ངེར་བསྒྱུར། །ཀུན་གྱིས་ཧབ་ཐོབ་ཟོས་པས་ཚིམས་པར་གྱུར། །ཕཊ་ཕཊ། ཀྱེ་མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །མ་སྐུ་ལུས་ཆུང་ལ་གཟི་བརྗིད་ཆེ། །སྐུ་ཤ་དཀར་ལ་འོད་ཟེར་འཕྲོ། །སྐྱེ་བ་དམན་ལ་དགོངས་པ་མཐོ། །ཀུན་དང་མཐུན་པའི་སྤྱོད་པ་ཅན། །དུས་གསུམ་སངས་རྒྱས་གདུང་འཛིན་མ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཕཊ་ཕཊ་ཕཊ། བེམ་ཤུན་སྟོང་གསུམ་ཁྱབ་སྟེང་ཤ་ཁྲག་རྣམས། །སོ་སོར་


CMR052_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

བཤམས་པའི་གློ་སྙིང་ཤ་དང་ཁྲག །སོ་སོར་གང་ལ་གང་འདོད་ཁྱེར་བ་ཡིས། །ཐམས་ཅད་དགའ་མགུ་ཡི་རིང་ལྡན་པར་གྱུར། །ཕཊ། དེ་ནས་སྤུས་འདོད་མའོ། །ཀྱཻ་མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །མ་སེར་སྣ་མེད་པའི་དོན་རྟོགས་ཤིང་། །ཀུན་ཁྱབ་སྦྱིན་པ་བློས་ཐོངས་མ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་ཀུན་འབྱུང་ཡེ་ཤེས་དོན་རྟོགས་ཤིང་། །ཉམས་པ་མེད་པའི་ཚུལ་ཁྲིམས་བསྲུང་། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་སྐྱེ་བ་མེད་པའི་དོན་རྟོགས་ཤིང་། །སྐྱེ་མེད་བཟོད་པ་སྒོམ་མཛད་མ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་བྱ་རྩོལ་མེད་པའི་དོན་རྟོགས་ཤིང་། །བྱར་མེད་བརྩོན་འགྲུས་རྩོམ་མཛད་མ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །སྒྱུ་མ་གཡོ་བ་མེད་པའི་དོན་རྟོགས་ཤིང་། །ཡེངས་མེད་བསམ་གཏན་སྒོམ་མཛད་མ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་ཀུན་གྱི་


CMR052_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་དོན་རྟོགས་ཤིང་། །བདག་མེད་ཤེས་པའི་རྣལ་འབྱོར་མ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་ཕྱོགས་མེད་ལྟ་བས་ཆགས་ཞེན་གྲོལ། །མཉམ་ཉིད་བསྒོམས་པས་དམིགས་པ་གྲོལ། །སྐྱེ་མེད་རྟོགས་པས་འཁོར་བ་གྲོལ། །རྟོག་མེད་སྤྱོད་པས་ཉམ་ང་གྲོལ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཕཊ་ཕཊ། རང་རིག་ལས་བྱེད་མཁའ་འགྲོ་དམར་མོ་ཡིས། །བེམ་པོའི་ལག་པ་གཡས་བཅད་ཤར་དུ་འཕངས། །ཤར་ཕྱོགས་ལྷ་འདྲེ་རྣམས་ཀྱིས་ཟོས་ཤིང་ཚིམས། །དེ་བཞིན་ལག་པ་གཡོན་བཅད་ལྷོ་རུ་འཕངས། །རྐང་གཡས་ནུབ་དང་རྐང་གཡོན་བྱང་དུ་འཕངས། །ཕྱོགས་བཞིར་གནས་པའི་ལྷ་འདྲེ་ཐམས་ཅད་ཚིམས། །བེམ་སྒོག་དབུས་བཞག་དབུས་དང་སྟེང་འོག་གི །ལྷ་འདྲེ་ཐམས་ཅད་ངོམས་ཤིང་ཚིམ་པར་གྱུར། །ཅེས་པ་གླིང་བཞི་མ་ཡིན་ནོ། །ཀྱཻ་མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །མ་མཉམ་ཉིད་ངང་ལ་གཟིམས་ཙ་ན། །དོན་ཉོན་མོངས་སངས་ནས་ཡེ་ཤེས་རྒྱས། །སངས་རྒྱས་མཁའ་འགྲོ་འབུམ་གྱིས་བསྐོར། །གསུང་ཉམས་དབྱངས་


CMR052_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

མགུར་མ་འུ་རུ་རུ། །བྱིན་རླབས་ན་བུན་ཐིབས་སེ་ཐིབ། །དངོས་གྲུབ་ཆར་རྒྱུན་སི་ལི་ལི། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་སྐྱེ་མེད་དབྱིངས་ནས་བཞེངས་ཙ་ན། །དོན་རྗེས་ཐོབ་རྟོགས་པའི་ཉམས་དང་ལྡན། །ཡེ་ཤེས་མཁའ་འགྲོ་འབུམ་གྱིས་བསྐོར། །གསུང་ཉམས་དབྱངས་མགུར་མ་འུ་རུ་རུ། །བྱིན་རླབས་ན་བུན་ཐིབས་སེ་ཐིབ། །དངོས་གྲུབ་ཆར་རྒྱུན་སི་ལི་ལི། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་དགོངས་པ་ཤར་དུ་བསྐྱོད་ཙ་ན། །དོན་འགྱུར་བ་མེད་པའི་ཉམས་དང་ལྡན། །རྡོ་རྗེ་མཁའ་འགྲོ་འབུམ་གྱིས་བསྐོར། །གསུང་ཉམས་དབྱངས་མགུར་མ་འུ་རུ་རུ། །བྱིན་རླབས་ན་བུན་ཐིབས་སེ་ཐིབ། །དངོས་གྲུབ་ཆར་རྒྱུན་སི་ལི་ལི། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་དགོངས་པ་ལྷོ་རུ་བསྐྱོད་ཙ་ན། དོན་ཡོན་ཏན་རྫོགས་པའི་ཉམས་དང་ལྡན། །རིན་ཆེན་མཁའ་འགྲོ་འབུམ་གྱིས་བསྐོར། །གསུང་ཉམས་དབྱངས་མགུར་མ་འུ་རུ་རུ། །བྱིན་རླབས་ན་བུན་ཐིབས་སེ་ཐིབ།།


CMR052_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཆར་རྒྱུན་སི་ལི་ལི། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་དགོངས་པ་ནུབ་ཏུ་བསྐྱོད་ཙ་ན། །དོན་སྐྱེ་བ་མེད་པའི་ཉམས་དང་ལྡན། །པདྨ་མཁའ་འགྲོ་འབུམ་གྱིས་བསྐོར། །གསུང་ཉམས་དབྱངས་མགུར་མ་འུ་རུ་རུ། །བྱིན་རླབས་ན་བུན་ཐིབས་སེ་ཐིབ། །དངོས་གྲུབ་ཆར་རྒྱུན་སི་ལི་ལི། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་དགོངས་པ་བྱུང་དུ་བསྐྱོད་ཙ་ན། །དོན་འགགས་པ་མེད་པའི་ཉམས་དང་ལྡན། །ལས་ཀྱི་མཁའ་འགྲོ་འབུམ་གྱིས་བསྐོར། །གསུང་ཉམས་དབྱངས་མགུར་མ་འུ་རུ་རུ། །བྱིན་རླབས་ན་བུན་ཐིབས་སེ་ཐིབ། །དངོས་གྲུབ་ཆར་རྒྱུན་སི་ལི་ལི། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་དགོངས་པ་སྟེང་དུ་བསྐྱོད་ཙ་ན། །དོན་མཐའ་དབུས་མེད་པའི་ཉམས་དང་ལྡན། །རིག་པ་དབྱིངས་སུ་པུ་རུ་རུ།། རིས་མེད་ལྟ་བ་ཕྱ་ལ་ལ། །མཉམ་ཉིད་དགོངས་པ་ཕྲི་ལི་ལི། །མཁའ་འགྲོའི་དམག་ཚོགས་ཐིབས་སེ་ཐིབ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་


CMR052_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསོལ། །ཕཊ་ཕཊ། དེ་ནས་དམིགས་པ་སྤྱང་སྟོན་མ་ནི། ཕཊ། ལས་བྱེད་མཁའ་འགྲོས་བེམ་པོ་སིལ་བུར་གཏུབ། །ཤ་དུམ་ཚིག་དུམ་ལྤགས་དུམ་ཁྲག་ཐིགས་རེ། །རུས་དུམ་ནང་ཆའི་དུམ་བུ་སྣ་ཚང་རེ། །སོ་སོར་བྱིན་པས་ཕམ་རྒྱལ་མེད་པར་ཐོབ། །ཕཊ། ཀྱི་མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །མ་གཉན་ས་རི་ཁྲོད་འགྲིམས་ཙ་ན། །སྙེམས་བྱེད་རྟོག་པ་མྱ་ལ་ལ། །བདེ་སྟོང་རྒྱུད་ལ་ཕྲི་ལི་ལི། །མཁའ་འགྲོ་མ་ཚོགས་ཐིབས་སེ་ཐིབ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་འགྲོ་བའི་དོན་ལ་བསྐྱོད་ཙ་ན། །གནད་ཀྱི་གདམས་པ་ཤ་ར་ར། །བདུད་ཀྱི་གཅོད་ཐབས་སི་ལི་ལི། །མཁའ་འགྲོ་མ་ཚོགས་ཐིབས་སེ་ཐིབ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་སྐྱེ་མེད་ངང་དུ་གཤེགས་ཙ་ན། །གཟུང་འཛིན་མདུད་པ་ཁྲོ་ལོ་ལོ། །སྣང་ཆའི་ན་བུན་ཡ་ལ་ལ། །མཉམ་ཉིད་དགོངས་པ་ཕྲི་ལི་ལི། །མཁའ་འགྲོ་མ་ཚོགས་ཐིབས་སེ་ཐིབ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་དབྱིངས་


CMR052_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྐྱེ་བ་མི་མངའ་ཡང་། །དོན་འགགས་པ་མེད་པའི་ཐུགས་རྗེ་ཡིས། །བདག་མ་རིག་འཁྲུལ་པའི་སེམས་ཅན་རྣམས། །དོན་ངེས་པར་ཐུགས་རྗེས་བཟུང་དུ་གསོལ། །དོན་ངེས་པར་བར་ཆད་བསལ་དུ་གསོལ། །དོན་ངེས་པར་ལམ་སྣ་དྲང་དུ་གསོལ། །ཕཊ་ཕཊ། དམིགས་པ་བ་དན་མ་ནི། ཕཊ། རང་རིག་ལས་བྱེད་མཁའ་འགྲོ་དམར་མོ་དེས། །བེམ་པོར་གྲི་གུག་བརྒྱབས་པས་ཁྲག་མཚོར་གྱུར། །དེ་ནང་རྐང་རུས་ཐམས་ཅད་དར་ཡུ་ལྟར། །ཤ་རྣམས་དར་ཡུག་བ་དན་ལྟར་བསྐྱོད་པ། །དེ་ལས་ཤ་ཁྲག་ཟག་མེད་རྒྱུན་བབས་ནས། །ལྷ་འདྲེ་ཐམས་ཅད་ངོམ་ཞིང་ཚིམས་པར་གྱུར། །ཕཊ། གདུང་སྒྲོམ་ཤར་སྒོ་ནས་བསྟོད་པ། ཧཱུྃ། མ་ཕ་རོལ་ཕྱིན་པའི་གྲུབ་ཐོབ་མ། ་།སྐལ་ལྡན་ཡོངས་ཀྱི་རྒྱུད་གྲོལ་མ། །མ་མདོ་རྒྱུད་དགོངས་པ་ཐུགས་སུ་ཆུད། །ཡང་དག་དོན་རྟོགས་འགྲོ་བའི་མགོན། །ལབ་ཀྱི་སྒྲོལ་མའི་སྐུ་ལ་ཕྱག་འཚལ་བསྟོད། །མ་རང་རིག་རྣམ་དག་ཐུགས་སུ་ཆུད། །ཐུགས་ཆོས་ཉིད་དབྱིངས་དང་མཚུངས་པར་ཁྱབ། །ཐོག་མཐའ་གཉིས་པོ་གཞི་ལ་དག །བདག་ཏུ་འཛིན་པ་རང་སར་གྲོལ། །མ་ངོ་བོ་ཉིད་ཀྱི་སྐུ་ལ་ཕྱག་འཚལ་


CMR052_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད། །མ་ཤེས་རབ་ནམ་མཁའི་དབྱིངས་སུ་ཤར། །སྤྱོད་ལམ་རྣམ་བཞི་རྟོག་མི་མངའ། །སྙེམས་བྱེད་ཉམ་ང་གཞི་ལ་དག །རྣམ་པར་རྟོག་པ་རང་སར་གྲོལ། །མ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། །མ་མངོན་ཤེས་དྲུག་པོ་ཤེས་བྱར་མཁྱེན། །ཟག་མེད་བདེ་སྟོང་རྒྱུད་ལ་སྐྱེས། །སྒོམ་མཚན་མར་འཛིན་པ་གཞི་ལ་དག །སྣང་སྲིད་ལྷ་འདྲེ་རང་སར་གྲོལ། །མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་བསྟོད། །མ་སྐྱེ་བ་བུད་མེད་ལུས་སུ་སྤྲུལ། །བཟང་ངན་མེད་པར་འགྲོ་དོན་མཛད། །ཆགས་སྡང་གཉིས་པོ་གཞི་ལ་དག །ཟོལ་ཟོག་གཉིས་པོ་རང་སར་གྲོལ། །མ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད། །ཕཊ་ཕཊ། དེ་ནས་སྐུ་བཞིའི་བསྟོད་པའོ། །དམིགས་པ་རུས་སྤྲུགས་མ་ནི། ཕཊ། རང་རིག་ལས་བྱེད་རྡོ་རྗེ་རྣལ་འབྱོར་མས། །བེམ་པོའི་རྐང་པ་ནས་བཟུང་ནམ་མཁའ་ཁྱེར། །སྤྲུགས་པས་ཉ་རོ་ཚོས་པ་སྤྲུགས་པ་ལྟར། །ཤ་ཁྲག་སིལ་བུར་སོང་ཞིང་རུས་པ་འཕང་། །ཤ་ཁྲག་རུས་གསུམ་རྒྱ་མཚོ་ཆེན་པོ་ལས། །ལྷ་འདྲེ་རྣམས་ཀྱིས་ཟོས་ནས་ཚིམས་པར་གྱུར། །ཕཊ་ཕཊ། ཡོན་ཏན་བརྒྱད་ཀྱི་བསྟོད་པ་གདུང་ཁང་ལྷོ་ནས་བསྟོད་པ་ནི། ་


CMR052_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱཻ། མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །མ་སྒྲིབ་པ་བྱང་ནས་སྟོང་ཉིད་རྟོགས། །མ་ཤེས་རབ་ཅན་ལ་ཕྱག་འཚལ་བསྟོད། །མ་ལུས་སེམས་བྲལ་བས་སྟོང་ཉིད་སྟོན། །མ་གདམས་ངག་ཅན་ལ་ཕྱག་འཚལ་བསྟོད། །མ་དུར་ཁྲོད་འགྲིམས་པས་ཉམ་ང་མེད། །མ་ཉམས་མྱོང་ཅན་ལ་ཕྱག་འཚལ་བསྟོད། །མ་སྙེམས་ཐག་ཆོད་པས་བདུད་རྣམས་ཞི། །མ་ནུས་པ་ཅན་ལ་ཕྱག་འཚལ་བསྟོད། །མ་བདུད་རྣམས་ཞི་བས་ཡེ་ཤེས་འཕེལ། །མ་རྟོགས་པ་ཅན་ལ་ཕྱག་འཚལ་བསྟོད། །མ་སྟོང་ཉིད་རྟོགས་པས་ས་རྣམས་གནོན། །མ་ཚོགས་གཉིས་རྫོགས་ལ་ཕྱག་འཚལ་བསྟོད། །མ་སྐྱེ་མེད་བསྒོམས་པས་མངོན་ཞེན་ལོག །མ་འཁོར་བ་སྤངས་ལ་ཕྱག་འཚལ་བསྟོད། །མ་གདམས་ངག་བཀའ་དང་བསྟུན་ནས་སྟོན། །མ་ལུང་སྟོན་མཁྱེན་ལ་ཕྱག་འཚལ་བསྟོད། །མ་མགུར་ཙམ་བཞེངས་པས་ཡེ་ཤེས་འཕེལ། །མ་བྱིན་རླབས་ཅན་ལ་ཕྱག་འཚལ་བསྟོད། །མ་ཞབས་ཏོག་མེད་ཀྱང་གདམས་ངག་སྟོན། །མ་ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད། །ཕཊ། དམིགས་པ་རོ་འགྱེད་མ་ནི། ཕཊ། བེམ་རོ་སོ་མ་དང་རྙ་རྙིང་ཚོགས། །འབུམ་ཕྲག་བྱེ་བ་གྲངས་མེད་


CMR052_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ཁྱབ། །ལས་བྱེད་མཁའ་འགྲོ་རོ་ཡི་གྲངས་མཉམ་པས། །ལྷ་འདྲེ་རྣམས་ལ་བཀྱེས་པས་ཧབ་ཐོབ་ཟོས། །ཕཊ། ཆེ་བ་བཞིའི་བསྟོད་པ་གདུང་སྒྲོམ་ནུབ་ནས་བསྟོད་པ་ནི། ཀྱཻ། མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །མ་ངན་སོང་གསུམ་པོར་མི་འཇིགས་པའི། །མི་དགེ་བཅུ་པོ་སྙེམས་ཐག་ཆོད། །ངན་འགྲོའི་ཕྱོགས་ཀྱི་བདུད་ལས་གྲོལ། །མ་མཐོ་རིས་འདྲེན་ལ་ཕྱག་འཚལ་བསྟོད། །མ་འགྲོ་བའི་དོན་ལ་མི་ཞེན་པའི། །དགེ་བའི་ལས་རྣམས་དབྱིངས་སུ་གྲོལ། །ལྷ་མིའི་འཁོར་བའི་བདུད་ལས་ཐར། །མ་ཐར་ལམ་བགྲོད་ལ་ཕྱག་འཚལ་བསྟོད། །མ་སྐྱེ་འཆི་གཉིས་ལ་མི་འཇིགས་པའི། །སྙེམས་ཐག་ཡུམ་གྱི་ཀློང་དུ་ཆོད། །སྐྱེ་མེད་ཀློང་ནས་སྐྱེ་འཆི་མེད། །མ་བཙན་ས་ཟིན་ལ་ཕྱག་འཚལ་བསྟོད། །མ་ལོག་འདྲེན་བགེགས་ལ་མི་འཇིགས་པའི། །འདྲེ་གདོན་རང་སྣང་སེམས་སུ་ཆོད། །གདོན་གནོད་སྦྱིན་ཕོ་མོའི་བདུད་ལས་གྲོལ། །མ་བར་ཆད་སེལ་ལ་ཕྱག་འཚལ་བསྟོད། །མ་དང་པོ་ལུས་སེམས་བསྐྱེད་པའི་མ། །བར་དུ་ཟང་ཟིང་ཕོག་པའི་མ། །ཐ་མར་སྐྱེ་མེད་སྟོན་པའི་མོ། །མ་དྲིན་མོ་ཆེ་ལ་ཕྱག་འཚལ་བསྟོད། །མ་


CMR052_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་སྲོག་གཟན་དུ་བོར་བའི་མ། །རིག་པ་གཞི་ལ་དག་པའི་མ། །མ་དབྱིངས་ཀྱི་ཐུགས་ལ་འཁྲུལ་པ་མེད། །བུས་ད་རུང་སེམས་ཀྱི་ཐག་མ་ཆོད། །མ་བཞུགས་པའི་ཚེ་ལ་དགའ་མ་ཚོར། །གཤེགས་པའི་ཚེ་ན་སྙིང་མ་དགའ། །མ་བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །བུས་ཀྱང་མ་ལ་གསོལ་བ་འདེབས། །མས་ཀྱང་བུ་ལ་བྱིན་གྱིས་རློབས། །བདག་དང་མོས་པའི་རྗེས་འཇུག་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ལུས་ལ་བདེ་བ་བསྐྱེད་དུ་གསོལ། །ངག་ལ་ནུས་པ་སྦྱར་དུ་གསོལ། །སེམས་ལ་རྟོགས་པ་འཆར་དུ་གསོལ། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །མ་དང་པོ་ལུས་སེམས་ཞེས་པ་མན་ཆད་འཇིགས་སྐྱོབ་ཕྲིན་ལས་ཀྱི་བསྟོད་པ་གདུང་སྒྲོམ་བྱང་སྒོ་ནས་བསྟོད་པའོ། །ཕཊ། བེམ་པོ་དཀར་གསུམ་མངར་གསུམ་སྨན་གྱི་ཚོགས། །དར་ཟབ་བལ་ཚོན་ནམ་མཁའ་མདའ་འཕང་དང་། །རིན་ཆེན་འབྲུ་སྣ་བྱ་རིགས་གཅན་གཟན་ཚོགས། །རི་དྭགས་གཡུང་དྭགས་གོ་མཚོན་ཤིང་རྩི་རྣམས། །དཔག་ཏུ་མེད་པ་གཞི་བདག་རྣམས་ལ་བྱིན། །དད་གུས་ཕྲིན་ལས་གང་འདོད་སྒྲུབ་པར་


CMR052_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། །གཞི་བདག་གཏོར་མའོ། །ཕཊ་ཕཊ། ཀྱཻ། མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །མ་རི་ཁྲོད་འགྲིམ་ཞིང་ཉམས་སུ་ལེན། །མ་གཅིག་སྟོང་པ་ཉིད་ནས། །སྟོང་པ་ཉིད་ལ་སེར་སྣ་མེད། །མ་སྦྱིན་པ་རྫོགས་ལ་ཕྱག་འཚལ་བསྟོད། །མ་གཅིག་སྟོང་པ་ཉིད་ལ་གནས། །སྟོང་པ་ཉིད་ལ་འཆལ་བ་མེད། །མོ་ཚུལ་ཁྲིམས་རྫོགས་ལ་ཕྱག་འཚལ་བསྟོད། །མ་གཅིག་སྟོང་པ་ཉིད་ལ་གནས། །སྟོང་པ་ཉིད་ལ་ཁོང་ཁྲོ་མེད། །མ་བཟོད་པ་རྫོགས་ལ་ཕྱག་འཚལ་བསྟོད། །མ་གཅིག་སྟོང་པ་ཉིད་ལ་གནས། །སྟོང་པ་ཉིད་ལ་ལེ་ལོ་མེད། །མ་བརྩོན་འགྲུས་རྫོགས་ལ་ཕྱག་འཚལ་བསྟོད། །མ་གཅིག་སྟོང་པ་ཉིད་ལ་གནས། །སྟོང་པ་ཉིད་ལ་གཡོ་བ་མེད། །མ་བསམ་གཏན་རྫོགས་ལ་ཕྱག་འཚལ་བསྟོད། །མ་གཅིག་སྟོང་པ་ཉིད་ལ་གནས། །སྟོང་པ་ཉིད་ལ་གཏི་མུག་མེད། །མ་ཤེས་རབ་རྫོགས་ལ་ཕྱག་འཚལ་བསྟོད། །མ་ཕ་རོལ་ཕྱིན་དྲུག་ཐུགས་ལ་མངའ། །ཡང་དག་དོན་རྟོགས་འགྲོ་བའི་མགོན། །མ་གཅིག་ཁྱེད་ལ་ཕྱག་འཚལ་བསྟོད། །མ་གཅིག་གི་བསྟོད་པ་དེ་ཐམས་ཅད་སྲས་རྒྱལ་བའི་དོན་གྲུབ་ཀྱིས་མཛད་པའོ། །ཕཊ། །


CMR052_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

བེམ་རོ་དེ་ཉིད་སིལ་བུར་གྱུར་པ་ལས། །རང་གི་ཐུགས་ཀའི་འོད་ཟེར་ཕོག་པ་ཡིས། །མི་གཙང་དྲི་མ་ཐམས་ཅད་སྦྱངས་ནས་ཀྱང་། །ཤ་རྣམས་བདུད་རྩི་ཁྲག་རྣམས་འོ་མའི་མཚོ། །མཚོ་དང་རྫིང་བུ་ནེའུ་སེང་ཆུ་མིག་དང་། །རིན་ཆེན་རི་བོ་ཤིང་རྩི་མེ་ཏོག་ཚོགས། །ཁང་བཟང་ཆུ་བྱ་ཆུ་གནས་སྣ་ཚོགས་གྱུར། །ཀླུ་ལ་བྱིན་པས་ནད་དང་སྡུག་བསྔལ་ཞི། །བཀྲག་མདངས་རབ་རྒྱས་དད་གུས་བྱམས་སེམས་ལྡན། །ཕྲིན་ལས་གང་བཅོལ་ཐོགས་མེད་སྒྲུབ་པར་གྱུར། །ཕཊ་ཕཊ། མ་ནམ་མཁའ་ལྟ་བུའི་ཡུམ་ཆེན་ལ། །སྲས་ཉི་ཟླ་ལྟ་བུའི་རྒྱལ་བོ་འཁྲུངས། །མ་ཡུམ་ཆེན་དེ་ཡི་ཐུགས་ཀྱི་སྲས། །སྐུ་ཡི་བྱིན་རླབས་ལུས་ལ་ཞུགས་པས་གཟི་བརྗིད་ཆེ། །གསུང་གི་བྱིན་རླབས་ངག་ལ་ཞུགས་པས་ནུས་པ་ཆེ། །ཐུགས་ཀྱི་བྱིན་རླབས་སེམས་ལ་ཞུགས་པས་རྟོགས་པ་ཆེ། །ཡོན་ཏན་བྱིན་རླབས་ཞུགས་པས་ཐུགས་རྗེ་ཆེ། །ཕྲིན་ལས་བྱིན་རླབས་ཞུགས་པས་འགྲོ་དོན་ཆེ། །རྗེ་མཁྱེན་པ་ཀུན་ལྡན་གླང་ལུང་པ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །རྗེ་ཐོགས་བཅས་བདུད་ཀྱི་དོན་རྟོགས་ཤིང་། །དངོས་སྣང་སྒྱུ་


CMR052_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལྟ་བུར་མཁྱེན། །ཐོགས་མེད་བདུད་ཀྱི་དོན་རྟོགས་པས། །ཉོན་མོངས་རང་སར་གྲོལ་བར་མཁྱེན། །དགའ་བྲོད་བདུད་ཀྱི་དོན་རྟོགས་པས། །ཡོན་ཏན་སེམས་སུ་མཉམ་པར་མཁྱེན། །སྙེམས་བྱེད་བདུད་ཀྱི་དོན་རྟོགས་པས། །འཁོར་བ་དབྱིངས་སུ་གྲོལ་བར་མཁྱེན། །རྗེ་མཁྱེན་པ་ཀུན་ལྡན་གླང་ལུང་པ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་ཡུམ་ཆེན་སྲས་སུ་གྱུར་པའི་རིགས་རྒྱུད་ཅན། །ལྟ་སྒོམ་དམིགས་པ་བྲལ་བའི་རྟོགས་པ་ཅན། །སྒྲོ་འདོགས་སེམས་སུ་ཆོད་པའི་མཁྱེན་པ་ཅན། །རྒྱ་བོད་ཧོར་གསུམ་ཐོས་པའི་གྲགས་པ་ཅན། །རྗེ་ཡོན་ཏན་ཀུན་ལྡན་གླང་ལུང་པ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཕཊ་ཕཊ་ཕཊ། སྲས་བསྟོད་འདི་གཉན་ཆུང་ལོ་ཙཱ་བས་མཛད་པའོ། །ཕཊ། མ་གཅིག་སྙན་གོང་གཡོན་ངོས་བཞུགས་པ་ཡི། །རྗེ་བཙུན་ཕག་མོ་ལྷ་ལྔ་དེ་ཉིད་ཀྱི། །སྐུ་ལས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས། །བདག་དང་བསྲུང་བྱ་ཀུན་ལ་ཐིམ་པ་ཡིས། །ཡང་དག་བདེ་ཆེན་ཡེ་ཤེས་བསྐྱེད་པར་གྱུར། །ཕཊ་ཕཊ། ཀྱཻ། མ་


CMR052_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

མི་མིན་ཡེ་ཤེས་མཁའ་འགྲོ་མ། །དབུས་ཕྱོགས་སངས་རྒྱས་རིགས་ཀྱི་མཁའ་འགྲོ་འབུམ། །ཡང་དག་བདེ་ཆེན་བསྐྱེད་པའི་ཌཱཀི་ལ། །དད་མོས་དྲག་པོས་སྟོབས་ཀྱིས་གསོལ་བ་འདེབས། །ཐུགས་རྗེས་རྒྱུན་ཆད་མེད་པར་དགོངས་མཛོད་ལ། །ལས་ཅན་ཕོ་མོ་རྣམས་ལ་བྱིན་གྱིས་རློབས། །དད་ལྡན་སྐྱེས་བུ་རྣམས་ལ་བཅུད་དུ་ཕོབ། །ཕཊ་ཕཊ། རྒྱས་པར་འགྲེས་ཡིན་ཀྱང་བསྡུ་ན། སྐྱེ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་ཌཱཀི་འབུམ། །ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་ཌཱཀི་འབུམ། །ནུབ་ཕྱོགས་པདྨ་རིགས་ཀྱི་ཌཱཀི་འབུམ། །བྱང་ཕྱོགས་ལས་ཀྱི་རིགས་ཀྱི་ཌཱཀི་འབུམ། །ཡང་དག་བདེ་ཆེན་བསྐྱེད་པའི་ཌཱཀི་ལ། །དད་མོས་དྲག་པོས་སྟོབས་ཀྱིས་གསོལ་བ་འདེབས། །ཐུགས་རྗེས་རྒྱུན་ཆད་མེད་པར་དགོངས་མཛོད་ལ། །ལས་ཅན་ཕོ་མོ་རྣམས་ལ་བྱིན་གྱིས་རློབས། །དད་ལྡན་སྐྱེས་བུ་རྣམས་ལ་བཅུད་དུ་ཕོབ། །ཕཊ་ཕཊ། གཙོ་མོའི་སྐུ་ལས་སྤྲུལ་པའི་མཁའ་འགྲོ་བྱེ་བ་ལ་གསོལ་བ་འདེབས་པ་ནི། ཀྱཻ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །སྤྱན་གསུམ་བར་སྣང་མཁའ་ལ་གཟིགས་པ་ལས། །དུས་གསུམ་ཐོགས་མེད་གཟིགས་པའི་


CMR052_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཌཀི་འབུམ། །མི་མགོ་སུམ་བརྩེགས་རབ་ཏུ་བརྒྱན་པ་ལས། །ཁམས་གསུམ་དབང་དུ་སྡུད་པའི་ཌཱཀི་འབུམ། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན་པ་ལས། །རིགས་ལྔས་འགྲོ་དོན་མཛད་པའི་ཌཱཀི་འབུམ། །ཐོད་རློན་ལྔ་བཅུའི་དོ་ཤལ་བྱས་པ་ལ། །འཁྲུལ་པ་ལྔ་བཅུ་རྩ་གཅིག་ཟད་པའི་ཌཱཀི་འབུམ། །དབུ་སྐྲ་སིལ་མས་སྐུ་རྒྱབ་ཁེབས་པ་ནི། །སེམས་ཅན་བདེ་ལ་བཀོད་པའི་ཌཱཀི་འབུམ། །རུས་པའི་རྒྱན་དྲུག་སྐུ་ལ་བརྒྱན་པ་ལ། །རྟོགས་མེད་ཉམས་དང་ལྡན་པའི་ཌཱཀི་འབུམ། ཡང་དག་བདེ་ཆེན་བསྐྱེད་པའི་ཌཱཀི་ལ། །དད་མོས་དྲག་པོས་སྟོབས་ཀྱིས་གསོལ་བ་འདེབས། །ཐུགས་རྗེས་རྒྱུན་ཆད་མེད་པར་དགོངས་མཛོད་ལ། །ལས་ཅན་ཕོ་མོ་རྣམས་ལ་བྱིན་གྱིས་རློབས། །དད་ལྡན་སྐྱེས་བུ་རྣམས་ལ་བཅུད་དུ་ཕོབ། །ཕཊ་ཕཊ། ཀྱི། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །ཁཊཾ་རྩེ་གསུམ་རབ་ཏུ་བརྒྱན་པ་ལས། །སྲིད་གསུམ་ཟིལ་གྱིས་གནོན་པའི་ཌཀི་འབུམ། །བམ་ཆེན་གདན་ལ་བརྐྱང་བསྐུམ་བཞུགས་པ་ནི། །འགྲོ་དྲུག་གནས་ནས་འདྲེན་པའི་ཌཱཀི་འབུམ། །ཌཱ་རུ་ཅང་ཏེའུ་གསེར་གྱི་རྡེའུ་ཆུང་


CMR052_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ལས༔ །དོན་དམ་སྙན་བརྒྱུད་འཛིན་པའི་ཌཱཀི་འབུམ། །གསེར་གྱི་དྲིལ་བུ་གཡེར་ཁས་གསུང་སྙན་སྒྲོགས་པ་ལས། །སྟོང་གསུམ་ཆོས་སྒྲ་སྒྲོགས་པའི་ཌཱཀི་འབུམ། །དར་གྱི་འཕུར་ལྕེས་རབ་ཏུ་བརྒྱན་པ་ལས། །སྤྲུལ་པ་ཡང་སྤྲུལ་འགྱེད་པའི་ཌཱཀི་འབུམ། །དུར་ཁྲོད་ཤ་ལ་རོལ་བར་མཛད་པ་ཡིས། །ཡེ་ཤེས་རོལ་བར་མཛད་པའི་ཀླུའི་འབུམ། །ཡང་དག་བདེ་ཆེན་བསྐྱེད་པའི་ཌཱཀི་ལ། །དད་མོས་དྲག་པོས་སྟོབས་ཀྱིས་གསོལ་བ་འདེབས། །ཐུགས་རྗེས་རྒྱུན་ཆད་མེད་པར་དགོངས་མཛོད་ལ། །ལས་ཅན་ཕོ་མོ་རྣམས་ལ་བྱིན་གྱིས་རློབས། །དད་ལྡན་སྐྱེས་བུ་རྣམས་ལ་བཅུད་དུ་ཕོབ། །ཕཊ་ཕཊ། མཁའ་འགྲོ་འབུམ་བསྐུལ་འདི་མ་གཅིག་གིས་མཛད་པ་ཡིན་ནོ།། ༈ དེ་ནས་ཚོགས་ལ་ཆུ་གཙང་དང་བདུད་རྩིས་བྲན་ལ། ཨོཾ་ཨཱཿཧཱུྃ། ཨོཾ་ག་ཏེ་ག་ཏེ་པ་ར་ག་ཏེ་པཱ་ར་སཾ་ག་ཏེ་བྷོ་དྷི་སྭཱ་ཧཱ། ཞེས་པས་བསངས་ནས། ཕཊ། མདུན་གྱི་གཅོད་ཡུལ་བརྒྱུད་པ་ཐམས་ཅད་ཀྱི། །སྐུ་ལས་འོད་ཟེར་དཔག་མེད་འཕྲོས་པ་ཡིས། །ཡུལ་དེར་ཕོག་པས་ཨོ་རྒྱན་ཡུལ་དུ་གྱུར། །གནས་ཁང་ལ་ཕོག་གཞལ་ཡས་ཁང་དུ་གྱུར། །མགྲོན་ལ་ཕོག་པས་དཔའ་བོ་དཔའ་


CMR052_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

མོར་གྱུར། །སྣོད་སྤྱད་ལ་ཕོག་པདྨ་བྷནྡྷར་གྱུར། །ཚོགས་རྫས་ལ་ཕོག་ཡེ་ཤེས་བདུད་རྩིར་གྱུར། །ཕཊ་ཕཊ། བཀའ་བརྒྱུད་ཚོགས་ལས་ནི། གནས་ཆོས་དབྱིངས་རྣམ་དག་གི་གཞལ་ཡས་ན། །ཡུམ་ཆེན་ཤེས་རབ་ཕར་ཕྱིན་རིན་པོ་ཆེ། །ཁོང་དཔའ་བོ་དཔའ་མོའི་དབུས་ན་བཞུགས། །བདག་མོས་གུས་གདུང་བས་གསོལ་བ་འདེབས། །རྗེ་མཁའ་འགྲོའི་ཚོགས་རྣམས་གཤེགས་སུ་གསོལ། །མཁའ་འགྲོའི་ཚོགས་རྣམས་གཤེགས་ནས་ཀྱང་། །བདག་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །ས་གཞི་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཀྱཻ། ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །འདིར་ཚོགས་སྐྱེས་བུ་ཕོ་མོ་རྣམས། །དཔའ་བོ་དཔའ་མོར་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣོད་མཆོག་རྣམས། །པདྨ་བྷནྡཱར་བྱིན་གྱིས་རློབས། །བཅུད་ཚོགས་ཀྱི་འཁོར་ལོ་ཐམས་ཅད་ཀྱང་། །ཡེ་ཤེས་བདུད་རྩིར་བྱིན་གྱིས་རློབས། །མི་མཐུན་རྐྱེན་དང་བར་ཆད་སོལ། །མཐུན་པའི་ལམ་སྣ་དབྱིངས་སུ་དྲོངས། །རྒྱས་པར་འགྲེས་ཡིན་ཀྱང་བསྡུ་ན། གནས་བྱ་རྒོད་ཕུང་པོའི་རི་བོ་ན། །རྗེ་ཡང་


CMR052_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

དག་རྫོགས་པའི་སངས་རྒྱས་རིན་པོ་ཆེ། །གནས་སེང་ཆེན་བསྣོལ་བའི་ཁྲི་སྟེང་ན། །འཇམ་དཔལ་སྨྲ་བའི་སེང་གེ་རིན་པོ་ཆེ། །གནས་གཡུ་ལོ་བཀོད་པའི་ཞིང་ཁམས་ན། །རྗེ་བཙུན་སྒྲོལ་མ་དཀར་མོ་རིན་པོ་ཆེ། །གནས་འཇའ་འོད་འཁྱིལ་པའི་ཞིང་ཁམས་ན། །མཁའ་འགྲོ་སུ་ཁ་སིདྡྷི་རིན་པོ་ཆེ། །གནས་རྒྱ་གར་སྤྱིལ་པོའི་ཁ་སྦྱོར་ན། །བྲམ་ཟེ་ཨཱརྱ་དེ་ཝ་རིན་པོ་ཆེ། །གནས་ལ་སྟོད་དིང་རིའི་དགོན་པ་ན། །ཕ་གཅིག་དམ་པ་སངས་རྒྱས་རིན་པོ་ཆེ། །གནས་དབུས་གཙང་གཉིས་ཀྱི་ས་མཚམས་ན། །སྐྱོ་སྟོན་བསོད་ནམས་བླ་མ་རིན་པོ་ཆེ། །ཁོང་དཔའ་བོ་དཔའ་མོའི་དབུས་ན་བཞུགས། །བདག་མོས་གུས་གདུང་བས་གསོལ་བ་འདེབས། །རྗེ་མཁའ་འགྲོའི་ཚོགས་རྣམས་གཤེགས་སུ་གསོལ། །མཁའ་འགྲོའི་ཚོགས་རྣམས་གཤེགས་ནས་ཀྱང་། །བདག་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །ས་གཞི་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །འདིར་ཚོགས་སྐྱེས་བུ་ཕོ་མོ་རྣམས། །དཔའ་བོ་དཔའ་མོར་བྱིན་གྱིས་རློབས། །རིན་


CMR052_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ལ་སོགས་སྣོད་མཆོག་རྣམས། །པདྨ་བྷནྡཱར་བྱིན་གྱིས་རློབས། །བཅུད་ཚོགས་ཀྱི་འཁོར་ལོ་ཐམས་ཅད་ཀྱང་། །ཡེ་ཤེས་བདུད་རྩིར་བྱིན་གྱིས་རློབས། མི་མཐུན་རྐྱེན་དང་བར་ཆད་སོལ། །མཐུན་པའི་ལམ་སྣ་དབྱིངས་སུ་དྲོངས། །གནས་ཟངས་རི་མཁར་དམར་གྱི་དགོན་པ་ན། །མ་གཅིག་ལབ་ཀྱི་སྒྲོན་མ་རིན་པོ་ཆེ། །གནས་བཀྲ་ཤིས་གླང་ལུང་གི་དགོན་པ་ན། །སྲས་མཆོག་རྒྱལ་བ་དོན་གྲུབ་རིན་པོ་ཆེ། །གནས་རྒྱལ་ཁམས་ཕྱོགས་མེད་ཀྱི་དགོན་པ་ན། །བཀའ་བབ་བུ་ཆེན་བཅུ་དྲུག་རིན་པོ་ཆེ། །གནས་སྟོད་ལུང་མཚུར་ཕུའི་དགོན་པ་ན། །གྲུབ་ཆེན་ཀརྨ་པཀཱི་རིན་པོ་ཆེ། །གནས་བདུད་བཞི་ཟིལ་གནོན་གྱི་ཕོ་བྲང་ན། །རྗེ་རང་བྱུང་རྡོ་རྗེ་རིན་པོ་ཆེ། །གནས་གར་བཞུགས་ཆོས་ཉིད་ཀྱི་དགོན་པ་ན། །ཕ་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པ་རིན་པོ་ཆེ། །གནས་སྤྱི་གཙུག་པད་ཟླའི་གདན་སྟེང་ན། །དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེ། །ཁོང་དཔའ་བོ་དཔའ་མོའི་དབུས་ན་བཞུགས། །བདག་མོས་གུས་གདུང་བས་གསོལ་བ་འདེབས། །རྗེ་མཁའ་འགྲོའི་ཚོགས་རྣམས་གཤེགས་སུ་གསོལ། །མཁའ་འགྲོའི་


CMR052_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྣམས་གཤེགས་ནས་ཀྱང་། །བདག་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །ས་གཞི་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཀྱཻ། ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །འདིར་ཚོགས་སྐྱེས་བུ་ཕོ་མོ་རྣམས། །དཔའ་བོ་དཔའ་མོར་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣོད་མཆོག་འདི། །པདྨ་བྷནྡར་བྱིན་གྱིས་རློབས། །བཅུད་ཚོགས་ཀྱི་འཁོར་ལོ་ཐམས་ཅད་ཀྱང་། །ཡེ་ཤེས་བདུད་རྩིར་བྱིན་གྱིས་རློབས། །མི་མཐུན་རྐྱེན་དང་བར་ཆད་སོལ། །མཐུན་པའི་ལམ་སྣ་དབྱིངས་སུ་དྲོངས། །ཕཊ་ཕཊ། བཀའ་བརྒྱུད་ཚོགས་ལས་སྟོད་ཆ་འདི། །སྲས་རྒྱལ་བ་དོན་གྲུབ་ཀྱིས་མཛད་པའོ།། ཕཊ། དཀྱིལ་འཁོར་ལྷ་ཚོགས་འོད་ཀྱིས་མ་གཅིག་བསྐུལ། །མ་གཅིག་ཐུགས་ལས་འོད་ཟེར་འཕྲོས་པ་ཡིས། །ཨོ་རྒྱན་དག་པ་མཁའ་སྤྱོད་ཞིང་ཁམས་ནས། །མཁའ་འགྲོ་སྡེ་ལྔ་འཁོར་ཚོགས་འབུམ་སྡེར་བཅས། །མདུན་གྱི་ནམ་མཁར་སྤྱན་དྲངས་སྤྲིན་ལྟར་འཁྲིགས། །ཀུན་ཀྱང་རྒྱན་ཆ་རོལ་མོ་ཏི་རི་རི། །པད་ཟླའི་གདན་བཞུགས་འདོད་ཡོན་སྣ་ཚོགས་མཆོད། །བདག་དང་བསྲུང་བྱ་ལྷ་འདྲེས་ཕྱག་འཚལ་གྱུར། །


CMR052_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ་ཕཊ། ཅེས་བསྒོམ་ཞིང་ཚོགས་ལྷ་སྤྱན་འདྲེན་ནི། ཀྱཻ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །དབུས་ཕྱོགས་སངས་རྒྱས་རིགས་ཀྱི་ཌཱཀིའི་ཚོགས། །སྐུ་མདོག་ནག་ལ་འོད་ཟེར་འབར། །ཕྱག་ན་འཁོར་ལོའི་པད་སྣོད་བསྣམས། །མུ་མེན་ཐོར་ཚུགས་ལྡེམས་སེ་ལྡེམ། །རིན་ཆེན་སྙན་ཆ་ཁྲ་ལ་ལ། །ཕྱག་གདུབ་ཞབས་གདུབ་སི་ལི་ལི། །དར་གྱི་ཅོད་པན་པུ་རུ་རུ། །རུས་པའི་རྒྱན་ཆ་ཁྲ་ལ་ལ། །ཌཱ་རུ་ཅང་ཏེའུ་ཁྲོ་ལོ་ལོ། །རྔ་སྒྲ་དུང་སྒྲ་འུ་རུ་རུ། །པི་ཝཾ་གླིང་བུ་ལྷངས་སེ་ལྷང་། །དུར་ཁྲོད་ཚོགས་མཆོད་བྱིན་གྱིས་བརླབ་པའི་ཕྱིར། །རྗེ་མཁའ་འགྲོའི་ཚོགས་རྣམས་གཤེགས་སུ་གསོལ། །མཁའ་འགྲོའི་ཚོགས་རྣམས་གཤེགས་ནས་ཀྱང་། །དུག་ལྔ་གཅོད་ཕྱིར་པད་ཟླའི་གདན་ལ་བཞུགས་། །ཕ་རོལ་ཕྱིན་དྲུག་རྫོགས་ལ་གུས་ཕྱག་འཚལ། །གཟུགས་སྒྲ་དྲི་རོ་རེག་བྱའི་མཆོད་པ་འབུལ། །སྟོང་ཉིད་བཅོ་བརྒྱད་རྫོགས་ལ་གུས་ཕྱག་འཚལ། །ཀྱཻ། ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དཔའ་བོ་དཔའ་མོར་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་


CMR052_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་མཆོག་འདི། །པདྨ་བྷནྡཱར་བྱིན་གྱིས་རློབས། །བཅུད་ཚོགས་ཀྱི་ཞལ་ཟས་ཐམས་ཅད་ཀྱང་། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །མཎྜལ་འདི་ལ་རྟེན་ཞིག་ཆོས། །མར་མེ་འདི་ལ་མདངས་ཤིག་ཕྱུང་། །སློབ་མ་རྣམས་ལ་དབང་ཞིག་སྐུར། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། །རྣལ་འབྱོར་བར་ཆད་ཞི་བ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བུ་སྐྱེ་བ་མེད་པར་ལམ་སྣ་དྲོངས། །ཕཊ་ཕཊ། བྱིན་འབེབས་དམིགས་པ་ནི། ཕཊ། ལྷ་ཚོགས་རྣམས་ཀྱི་འོད་ཀྱིས་བསྐུལ་བ་ཡིས། །ཌཀི་རྣམས་ཀྱི་ཐུགས་ལས་འོད་ཟེར་འཕྲོས། །གནས་ལ་ཕོག་པས་ཨོ་རྒྱན་རང་བྱུང་གནས། །ནམ་མཁའ་འཇའ་ཡི་གུར་དང་བླ་རེ་འཁྲིགས། །བར་སྣང་མེ་ཏོག་ཆར་པ་ལང་ལོང་བབ། །ས་གཞིར་འདོད་ཡོན་མཆོད་རྫས་གཅལ་དུ་བཀྲམ། །ལྷ་ཡི་བུ་དང་བུ་མོ་ཐམས་ཅད་ཀྱིས། །གླུ་གར་རོལ་མོས་ནམ་མཁའ་བར་སྣང་གང་། །འོད་ཟེར་གནས་ཁང་ལ་ཕོག་ཐོད་པའི་མཁར། །གཞལ་ཡས་གྲུ་བཞི་སྒོ་བཞི་རྟ་བབས་རྫོགས། །འོད་ཟེར་རྣལ་འབྱོར་ཕོ་མོར་ཕོག་པ་ཡིས། །ཐམས་ཅད་དཔའ་བོ་མཁའ་འགྲོ་ཁོ་ནར་གྱུར། །སྣོད་ལ་ཕོག་པས་


CMR052_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་པ་མཚན་དང་ལྡན། །ཚོགས་རྫ་ས་ལ་ཕོག་ཤ་ལྔ་བདུད་རྩི་ལྔ། །མཎྜལ་ལ་ཕོག་རྒྱན་བཀོད་ཕུན་སུམ་ཚོགས། །མཆོད་རྫས་ལ་ཕོག་སྣང་སྟོང་མཆོད་པའི་སྤྲི། །གནོད་བྱེད་གཙོར་བྱས་འགྲོ་དྲུག་ཀུན་ལ་ཕོག །སྡིག་སྒྲིབ་དག་ནས་སྐུ་བཞིའི་ས་བོན་བཞག །ཕཊ་ཕཊ། ཀྱཻ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་ཌཱཀིའི་ཚོགས། །སྐུ་མདོག་དཀར་ལ་འོད་ཟེར་འབར། །ཕྱག་ན་རྡོ་རྗེ་པད་སྣོད་བསྣམས། །ཤེལ་གྱི་ཐོར་ཚུགས་ལྡེམས་སེ་ལྡེམ། །རྒྱས་པར་འགྲེས་ཡིན་ཀྱང་བསྡུ་ན། ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་ཌཱཀིའི་ཚོགས། །སྐུ་མདོག་སེར་ལ་འོད་ཟེར་འབར། །ཕྱག་ན་རིན་ཆེན་པད་སྣོད་བསྣམས། །གསེར་གྱི་ཐོར་ཚུགས་ལྡེམས་སེ་ཀཾ་ལྡེམ། །ནུབ་ཕྱོགས་པདྨ་རིགས་ཀྱི་ཌཱཀིའི་ཚོགས། །སྐུ་མདོག་དམར་ལ་འོད་ཟེར་འབར། །ཕྱག་ན་པདྨའི་པད་སྣོད་བསྣམས། །བྱུ་རུའི་ཐོར་ཚུགས་ལྡེམས་སེ་ལྡེམ། །བྱང་ཕྱོགས་ལས་ཀྱི་རིགས་ཀྱི་ཌཱཀིའི་ཚོགས། །སྐུ་མདོག་ལྗང་ལ་འོད་ཟེར་འབར། །ཕྱག་ན་རྒྱ་གྲམ་པད་སྣོད་བསྣམས། །གཡུ་ཡི་ཐོར་ཚུགས་ལྡེམས་སེ་


CMR052_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ལྡེམ། །རིན་ཆེན་སྙན་ཆ་ཁྲ་ལ་ལ། །ཕྱག་གདུབ་ཞབས་གདུབ་སི་ལི་ལི། །དར་གྱི་ཅོད་པན་པུ་རུ་རུ། །རུས་པའི་རྒྱན་ཆ་ཁྲ་ལ་ལ། །ཌཱ་རུ་ཅང་ཏེའུ་ཁྲོ་ལོ་ལོ། །རྔ་སྒྲ་དུང་སྒྲ་འུ་རུ་རུ། །པི་ཝཾ་གླིང་བུ་ལྷངས་སེ་ལྷང་། །དུར་ཁྲོད་ཚོགས་མཆོད་བྱིན་གྱིས་བརླབ་པའི་ཕྱིར། །ཀྱཻ། མཁའ་འགྲོའི་ཚོགས་རྣམས་གཤེགས་སུ་གསོལ། །མཁའ་འགྲོའི་ཚོགས་རྣམས་གཤེགས་ནས་ཀྱང་། །དུག་ལྔ་གཅོད་ཕྱིར་པད་ཟླའི་གདན་ལ་བཞུགས། །ཕ་རོལ་ཕྱིན་དྲུག་རྫོགས་ལ་གུས་ཕྱག་འཚལ། །གཟུགས་སྒྲ་དྲི་རོ་རེག་བྱའི་མཆོད་པ་འབུལ། །སྟོང་ཉིད་བཅོ་བརྒྱད་རྫོགས་ལ་གུས་ཕྱག་འཚལ། །ཀྱཻ། ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དཔའ་བོ་དཔའ་མོར་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣོད་མཆོག་འདི། །པདྨ་བྷནྡཱར་བྱིན་གྱིས་རློབས། །བཅུད་ཚོགས་ཀྱི་ཞལ་ཟས་ཐམས་ཅད་ཀྱང་། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །མཎྜལ་འདི་ལ་རྟེན་ཞིག་ཆོས། །མར་མེ་འདི་ལ་མདངས་ཤིག་ཕྱུངས། །སློབ་མ་རྣམས་ལ་དབང་ཞིག་སྐུར། །ཚོགས་


CMR052_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་འདི་ལ་བཅུད་ཅིག་ཕོབ། །རྣལ་འབྱོར་བར་ཆད་ཞི་བ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བུ་སྐྱེ་བ་མེད་པར་ལམ་སྣ་དྲོངས། །ཕཊ་ཕཊཿ མ་རྒྱུད་ཚོགས་ལས་འདི་མ་གཅིག་གིས་མཛད་པའོ། །དེ་ནས་བསྲེ་བ་བཞི་ཡི་དམིགས་པ་བྱ་བ་ནི། ཕཊ། བསྲུང་བྱའི་ལུས་དང་བདག་ལུས་དབྱེར་མེད་འདྲེས། །རྣམ་ཤེས་གཉིས་པོ་དབྱེར་མེད་ཧཱུྃ་དུ་གྱུར། །ཧཱུཾ་དེ་ཚངས་བུག་ནས་ཐོན་ནམ་མཁར་ཡལ། །ནམ་མཁའ་སེམས་ཉིད་དབྱེར་མེད་གཅིག་ཏུ་འདྲེས། །ལས་བྱེད་མཁའ་འགྲོས་བེམ་པོ་དེ་བླངས་ནས། །ཚོགས་ནང་བཅུག་ནས་གྲི་གུག་གིས་དཀྲུགས་པས། །ཚོགས་དང་བེམ་པོ་དབྱེར་མེད་གཅིག་ཏུ་བསྲེས། །ཕཊ་ཕཊ་ཕཊ་ཕཊ། དེ་ནས་ཚོགས་བྱིན་རླབས་ནི། ཕཊ། སྟོང་པའི་ངང་ལས་རླུང་གི་དཀྱིལ་འཁོར་ནི། །གཞུ་ཡི་དབྱིབས་ཅན་བ་དན་ཡཾ་གྱིས་མཚན། །དེ་སྟེང་མེ་དཀྱིལ་གྲུ་གསུམ་རཾ་གྱིས་མཚན། །དེ་སྟེང་ཀེ་ལས་ཐོད་སྐྱེད་རི་རབ་ཙམ། །དེ་སྟེང་ཚོགས་གཞོང་ཨ་ལས་ཀ་པཱ་ལ། །ཕྱི་ནི་དཀར་ལ་ཟླ་བའི་གཞོང་པའི་ཚུལ། །ནང་ནི་དམར་བ་ཉི་མའི་གཞོང་པ་སྟེ། །ཐབས་དང་ཤེས་རབ་དབྱེར་མེད་སྣོད་


CMR052_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཚུལ། །དེ་ནང་ཕུང་པོ་ཚོགས་རྫས་དབྱེར་མེད་པ། །དེ་སྟེང་དམ་ཚིག་བདུད་རྩིའི་ས་བོན་ལས། །ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་བརྩེགས་མར་གནས། །ཕཊ། དེ་ནས་ཡེ་ཤེས་བདུད་རྩི་བཀུག་པ་ནི། ཕཊ། རང་རིག་ལས་བྱེད་ཌཱཀི་དམར་མོ་དང་། །མདུན་གྱི་མ་གཅིག་དཔྲལ་མགྲིན་ཐུགས་ཀ་རུ། །ཨོཾ་དཀར་ཨཱདམར་ཧཱུྃ་མཐིང་འབྲུ་གསུམ་གསལ། །བདག་གི་ཡི་གེ་གསུམ་ལས་འོད་ཟེར་འཕྲོས། །ཚོགས་སྟེང་ཡི་གེ་གསུམ་ལ་སོ་སོར་ཐིམ། །དེ་ནས་མ་གཅིག་གནས་གསུམ་འབྲུ་གསུམ་ལས། །བདུད་རྩི་དཀར་དམར་མཐིང་གསུམ་རྒྱུན་བབ་ནས། །ཚོགས་སྟེང་ཡིག་འབྲུ་གསུམ་ལ་ཐིམ་པ་ཡིས། །ཡི་གེ་གསུམ་ཞུ་ཚོགས་དང་དབྱེར་མེད་འདྲེས། །ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ནི། དཀར་ལ་དམར་བའི་མདངས་ཆགས་ཅུང་ཟད་སྔོ། །འདོད་ཡོན་མཆོད་སྤྲིན་དཔག་མེད་འཕྲོ་བར་གྱུར། །ཕཊ། དེ་ལྟར་བསྒོམ་ཞིང་། ཨོཾ་མ་གཅིག་མ་ལ་གསོལ་བ་འདེབས། །ཨཱཿམ་གཅིག་མ་ལ་གསོལ་བ་འདེབས། །ཧཱུྃ་མ་གཅིག་མ་ལ་གསོལ་བ་འདེབས། །དཀར་པོ་ཨོ་གྱིས་བྱིན་གྱིས་རློབས། །དཀར་པོ་ཨ་གྱི་བྱིན་རླབས་ཀྱིས། །


CMR052_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

གཞོང་པ་ཉི་ཟླའི་གཏོར་གཞོང་དུ། །ཚོགས་ཀྱང་འོད་དུ་ལྟེམས་སེ་ཞུ། །འོད་ཕུང་འབར་བའི་ཚོགས་མཆོད་འདི། །བླ་མ་ཡི་དམ་མཁའ་འགྲོ་དང་། །རྒྱལ་བའི་དཀྱིལ་འཁོར་མཉེས་གྱུར་ཅིག །ཆོས་སྐྱོང་མ་མགོན་ལྕམ་དྲལ་དང་། །དམ་ཅན་སྲུང་མའི་ཐུགས་དམ་བསྐང་གྱུར་ཅིག །དམར་པོ་ཨཱཡིས་བྱིན་གྱིས་རློབས། །དམར་པོ་ཨཱཡི་བྱིན་རླབས་ཀྱིས། །གཞོང་པ་ཉི་ཟླའི་གཏོར་གཞོང་དུ། །ཚོགས་ཀྱང་འོད་དུ་ལྟེམས་སེ་ཞུ། །འོད་ཕུང་འབར་བའི་ཚོགས་མཆོད་འདི། །བླ་མ་ཡི་དམ་མཁའ་འགྲོ་དང་། །རྒྱལ་བའི་དཀྱིལ་འཁོར་མཉེས་གྱུར་ཅིག །ཆོས་སྐྱོང་མ་མགོན་ལྕམ་དྲལ་དང་། །དམ་ཅན་སྲུང་མའི་ཐུགས་དམ་བསྐང་གྱུར་ཅིག །སྔོན་པོ་ཧཱུྃ་གིས་བྱིན་གྱིས་ལཾ་རློབས། །སྔོན་པོ་ཧཱུྃ་གི་བྱིན་རླབས་ཀྱིས། །གཞོང་པ་ཉི་ཟླའི་གཏོར་གཞོང་དུ། །ཚོགས་ཀྱང་འོད་དུ་ལྟེམས་སེ་ཞུ། །འོད་ཕུང་འབར་བའི་ཚོགས་མཆོད་འདི། །བླ་མ་ཡི་དམ་མཁའ་འགྲོ་དང་། རྒྱལ་བའི་དཀྱིལ་འཁོར་མཉེས་གྱུར་ཅིག །ཆོས་སྐྱོང་མ་མགོན་ལྕམ་དྲལ་དང་། །དམ་ཅན་སྲུང་མའི་ཐུགས་དམ་བསྐང་གྱུར་ཅིག །ཕཊ་ཕཊ། དེ་ནས་


CMR052_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་འབུལ་བ་ནི། ཕཊ། ཚོགས་མཆོད་བདུད་རྩིའི་རྒྱ་མཚོའི་རླངས་པ་ལས། །མཆོད་པའི་ལྷ་མོ་བཅུ་དྲུག་བར་སྣང་གང་། །རྒྱལ་སྲིད་བཀྲ་ཤིས་རྫས་རྟགས་འདོད་ཡོན་ལྔ། །ཕྱི་ནང་གསང་བའི་མཆོད་ཚོགས་དཔག་མེད་མཆོད། །བདུད་རྩི་ཐོད་པས་བཅུས་ཤིང་སོ་སོར་ཕུལ། །སྙོམས་པར་ཞུགས་པས་ཟག་མེད་ཏིང་འཛིན་མཆོད། །ཕཊ། ན་མོ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་འདི། རང་བཞིན་གྱི་རྣམ་པར་དག་པ་སྐྱེ་བ་མེད་པ། ངོ་བོ་རྣམ་པར་དག་པ་ཨཱ་ལི་ཀཱ་ལི་མཚན་ཉིད་རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔའི་རྒྱས་བཏབ་པ་འདི་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ཁཱ་ཧི། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཁཱ་ཧི། ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ཁཱ་ཧི། པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། ག་ཎ་ཙཀྲ་ལ་ཁཱ་ཧི། ཕཊ། ལས་བྱེད་མཆོད་པའི་ལྷ་མོ་དཔག་མེད་ཀྱིས། །ཉེར་སྤྱོད་ལྔ་དང་འདོད་པའི་ཡོན་ཏན་ལྔ། །ལྷ་མིའི་དཔལ་འབྱོར་ལོངས་སྤྱོད་ཕུན་ཚོགས་རྣམས། །བླ་མ་སངས་རྒྱས་བྱང་སེམས་རྣམས་ལ་


CMR052_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད། །ཤ་ལྔ་བདུད་རྩི་ལྔ་དང་གསང་ཡུམ་ཚོགས། །ཡི་དམ་ཞི་དང་ཁྲོ་བོའི་ཚོགས་ལ་མཆོད། །བསྐང་རྫ་ས་སྒྲུབ་རྫས་རྟེན་རྫས་ལ་སོགས་པ། །མ་མགོན་ཆོས་སྐྱོང་སྲུང་མ་རྣམས་ལ་མཆོད། །དཀར་གསུམ་མངར་གསུམ་རིན་ཆེན་འབྲུ་སྨན་ཚོགས། །རིགས་དྲུག་ཀླུ་དང་གཞི་བདག་རྣམས་ལ་སྦྱིན། །སྦྲ་ཁང་བང་མཛོད་གསེར་གཡུ་ཇ་དར་སོགས། །ལན་ཆགས་བདག་པོ་བདག་མོ་རྣམས་ལ་སྦྱིན། །ཐམས་ཅད་འདོད་ཡོན་ཅི་འདོད་ཚོགས་ཀྱིས་ཚིམས། །དགའ་མགུ་ཡི་རངས་བདེ་ཆེན་ཏིང་འཛིན་སྐྱེས། །ཕཊ། དེ་ནས་ཚོགས་ལག་ཏུ་ཐོགས་བཅུག་ལ། དྲུག་པ་རྡོ་རྗེ་འཆང་ཆེན་མན་ཆད་ནས། །རྩ་བའི་བླ་མ་ཡན་ཆད་རྣམས། །མ་ལུས་འཁོར་བཅས་ཚོགས་ལ་རོལ། །ལ་ལ་ཕྱི་ཡི་ཚོགས་ལ་རོལ། །ལ་ལ་ནང་གི་ཚོགས་ལ་རོལ། །ལ་ལ་གསང་བའི་ཚོགས་ལ་རོལ། །ལ་ལ་དེ་ཉིད་ཀྱི་ཚོགས་ལ་རོལ། །ཨ་ལ་ལ་ཏེ་དགྱེས་པར་མཛོད། །ཕཊཿ རྒྱས་པར་འགྲེས་ཡིན་ཀྱང་བསྡུ་ན། ཡི་དམ་ལྷ་ཚོགས་མན་ཆད་ནས། །དཔའ་བོ་དཔའ་མོ་ཡན་ཆད་རྣམས། །མ་ལུས་འཁོར་བཅས་ཚོགས་ལ་རོལ། །རྡོ་རྗེ་ཕག་མོ་མན་ཆད་ནས། །


CMR052_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་བཞི་མཁའ་འགྲོ་ཡན་ཆད་རྣམས། །མ་ལུས་འཁོར་བཅས་ཚོགས་ལ་རོལ། །ཆོས་སྐྱོང་མ་མགོན་མན་ཆད་ནས། །དཀྱིལ་འཁོར་མཐའ་སྐྱོང་ཡན་ཆད་རྣམས། །མ་ལུས་འཁོར་བཅས་ཚོགས་ལ་རོལ། །ཤཱཀྱ་ཐུབ་པ་མན་ཆད་ནས། །དམྱལ་ཁམས་བཅོ་བརྒྱད་ཡན་ཆད་རྣམས། །མ་ལུས་འཁོར་བཅས་ཚོགས་ལ་རོལ། །སྟོང་གསུམ་གཞི་བདག་མན་ཆད་ནས། །གནས་པོ་དགེ་བསྙེན་ཡན་ཆད་རྣམས། །མ་ལུས་འཁོར་བཅོས་ཚོགས་ལ་རོལ། །ལ་ལ་ཕྱི་ཡི་ཚོགས་ལ་རོལ། །ལ་ལ་ནང་གི་ཚོགས་ལ་རོལ། །ལོ་ལ་གསང་བའི་ཚོགས་ལ་རོལ། །ལ་ལ་དེ་ཉིད་ཀྱི་ཚོགས་ལ་རོལ། །ཨ་ལ་ལ་ཏེ་དགྱེས་པར་མཛོད། །ཕཊ་ཕཊ། གོང་འོག་འདི་གཉིས་ཚོགས་བསྟབ་པའམ། ནད་པ་ལ་སྤྱིར་བས་འདེབས་ཚུལ་གང་འདོད་བྱ་ཆོག་པ་ཡིན་ནོ། །ཕཊ། དབུས་དང་ཕྱོགས་བཅུར་གཙོ་མོ་རེ་རེ་ལ། །མཁའ་འགྲོ་འབུམ་ཕྲག་རེ་རེའི་མཐའ་བསྐོར་དུ། །ཕྱོགས་མཚམས་སོ་སོའི་ལྷ་འདྲེ་ཀུན་གྱིས་བསྐོར། །ལས་བྱེད་མཁའ་འགྲོ་འབུམ་ཚོ་འབུམ་ཚོ་ཡིས། །ཕྱོགས་བཅུའི་མགྲོན་རྣམས་ཀུན་ལ་སོ་སོར་མཆོད། །ཐམས་ཅད་མཉེས་ཚིམས་དགའ་མགུ་ཡི་རང་


CMR052_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། །ཕཊ། ཀྱེ། མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །དབུས་ཕྱོགས་སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ། །མཁའ་འགྲོ་བྱེ་བ་འབུམ་དང་བཅས། །སྣང་སྲིད་ལྷ་འདྲེའི་འཁོར་གྱིས་བསྐོར། །འདིར་གཤེགས་བཤམས་པའི་ཚོགས་མཆོད་བཞེས། །སྣང་སྲིད་ལྷ་འདྲེས་བཞེས་སུ་གསོལ། །འདོད་ཡོན་ལྔ་ཡིས་ཚིམ་གྱུར་ཅིག། ཀ་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ། རྒྱས་པར་འགྲེས་ཡིན་ཀྱང་བསྡུ་ན། ཀྱཻ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་མཁའ་འགྲོ། ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །ནུབ་ཕྱོགས་པདྨ་རིགས་ཀྱི་མཁའ་འགྲོ་མ། །བྱང་ཕྱོགས་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། །སྟེང་ཕྱོགས་མཁའ་སྤྱོད་རིགས་ཀྱི་མཁའ་འགྲོ་མ། །འོག་ཕྱོགས་ས་སྤྱོད་རིགས་ཀྱི་མཁའ་འགྲོ་མ། །མཚམས་བཞི་འཇིག་རྟེན་རིགས་ཀྱི་མཁའ་འགྲོ་མ། །མཁའ་འགྲོ་བྱེ་བ་འབུམ་དང་བཅས། །སྣང་སྲིད་ལྷ་འདྲེའི་འཁོར་གྱིས་བསྐོར། །འདིར་གཤེགས་བཤམས་པའི་ཚོགས་མཆོད་བཞེས། །སྣང་སྲིད་ལྷ་འདྲེས་བཞེས་སུ་གསོལ། །འདོད་ཡོན་ལྔ་


CMR052_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་ཚིམ་གྱུར་ཅིག །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ་ཕཊ། ཕཊ་ཕཊ། ཕཊ་ཕཊ། ཕཊ། ས་བླ་ས་འོག་ས་སྟེང་གི །འཁོར་འདས་གཉིས་ཀྱི་མགྲོན་རིགས་རྣམས། །འདོད་ཡོན་ལྔ་ཡིས་ཚིམ་གྱུར་ཅིག །བསམ་པ་བཞིན་དུ་འགྲུབ་གྱུར་ཅིག །ཚེ་རབས་འཁོར་བ་ཐོག་མེད་ཀྱི། །ཤ་འཁོན་ལན་ཆགས་བྱང་གྱུར་ཅིག །ཕཊ་ཕཊ། སྐབས་འདིར་ནད་པ་ཡོད་ན་མདུན་དུ་བསྙལ་ལ། ཕཊ། རང་ཉིད་སྐད་ཅིག་གིས་དུར་ཁྲོད་ཀྱི་བདག་མོ་ཁྲོས་མ་ནག་མོ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། ཕྱག་གཡས་མི་ལྤགས་ཀྱི་གཡང་གཞི་རྡེབ་པ། གཡོན་མི་རྐང་གི་གླིང་བུ་འབུད་པ། མཐུ་སྟོབས་དང་ལྡན་པ། གཟི་བརྗིད་དང་ལྡན་པ། ཁམས་གསུམ་དབང་དུ་སྡུད་པ། སྲིད་གསུམ་ཟིལ་གྱིས་གནོན་པ། དེའི་ཐུགས་ཀ་ནས་ལས་བྱེད་ཀྱི་མཁའ་འགྲོ་མ་དཔག་ཏུ་མེད་པ་འཕྲོས་པས། གནོད་བྱེད་ཐམས་ཅད་རང་དབང་མེད་པར་མདུན་དུ་བཀུག་པར་གྱུར། ཕཊ། ན་མོ་སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བདེན་པ་དང་། མ་གཅིག་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཁྲོས་མ་ནག་མོའི་ལྷ་ཚོགས་་


CMR052_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་བཅས་པའི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། བསྲུང་བྱ་འདི་ལ་དང་པོ་ནད་ཀྱི་སྣ་འདྲེན་པ། བར་དུ་ནད་ཀྱི་ཚང་བཅའ་བ། ཐ་མ་ནད་ལ་མི་ཕན་པར་བྱེད་པ། ནད་ནད་བདག་དང་བཅས་པ། །གདོན་སྣ་འདྲེན་དང་བཅས་པ་ཐམས་ཅད་སྐད་ཅིག་རང་དབང་མེད་པར་འདིར་ཁུག་ཅིག །ཧཱུྃ་ཧཱུྃ་ཧཱུྃ། ཛཿཧཱུྃ་བྃ་ཧོཿ ཕཊ་ཕཊ། ཅེས་འགུགས་གཞུག་ལན་གསུམ་བྱས་ལ། རྐང་དུང་བུས་ནས། ཀྱཻ། འདུས་ཤིག་འདུས་ཤིག་ཤ་ཟ་འདུས། །དབུགས་ལེན་ཐམས་ཅད་འདིར་འདུས་ཤིག །བཤས་བཤུས་རོགས་ལ་སླེབ་པར་གྱིས། །ཤ་བགོས་རོགས་ལ་སླེབ་པར་གྱིས། །འདྲེ་ཁྱེད་རྣམས་བདག་གི་ཕ་མ་ཡིན། །བུ་ཡི་ཤ་ཁྲག་རོལ་དུ་ཤོག །ཁྱོད་ནི་དྲིན་ཆེན་ཕ་མ་ཡིན། །ད་རེས་བཟང་ལེན་ལེན་དུ་ཤོག །སྔོན་ཆད་ལུས་འདི་གཅེས་པར་བཟུང་། །རྒྱུ་དེས་ད་རུང་འཁོར་བར་འཁྱམས། །ད་ནི་མི་ཆགས་སྟོན་མོར་འགྱེད། །མགྲོན་རིགས་སྲིད་རྩེ་མན་ཆད་ནས། །ན་རཀ་དམྱལ་ཁམས་ཡན་ཆད་ཀྱི། །གནས་པའི་ལྷ་དང་ལྷ་མ་སྲིན། །ཕོ་བདུད་ལས་ཀྱི་རྒྱལ་འགོང་འདུས། །མོ་བདུད་ལས་ཀྱི་འདྲེ་མོ་འདུས། །ཕོ་བདུད་


CMR052_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་འགོང་སྲོག་བདག་འདུས། །མོ་བདུད་འདྲེ་མོ་སྲིན་མོ་འདུས། །སྲིད་པའི་ཡུལ་ནས་འདྲེ་དགུ་འདུས། །གཙུག་ལག་ཁང་གི་གདོན་བཅུ་འདུས། །གཙོ་བོ་གདོན་ཆེན་བཅོ་བརྒྱད་འདུས། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་འདུས། །བྱིས་པའི་གདོན་ཆེན་བཅོ་ལྔ་འདུས། །ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་འདུས། །གློ་བུར་དགུ་ཅུ་རྩ་གཅིག་འདུས། །འདིར་ཤོག་འདིར་འདུས་ཤ་ཁྲག་རོལ། །སྤྱི་བོ་ཚངས་བུག་མན་ཆད་དང་། །རྐང་མཐིལ་སེན་མོ་ཡན་ཆད་ཀྱི། །ལུས་འདི་ཕྱི་ནང་ཐམས་ཅད་ལ། །ཁོ་བོས་ཆགས་ཞེན་མི་བྱེད་དོ། །ཤ་ཟོ་ཁྲག་འཐུང་རུས་པ་མུར། །མགོ་བོ་ཡན་ལག་དོན་སྙིང་ཁྱེར། །ཐམས་ཅད་བག་ཕེབ་ཚིམ་པར་རོལ། །ཞི་བར་གྱིས་ཤིག་བརླག་པར་གྱིས། །ཕུང་བར་གྱིས་ཤིག་རྩ་བ་ཆོད། །ཐུལ་ཅིག་ཆོམས་ཤིག་མཱ་རཱ་ཡ། །ཕུད་ལྷག་མ་མེད་པར་བཞེས་སུ་གསོལ། །ཕཊ་ཕཊ། འདི་ནི་བདག་འཛིན་རྩ་བ་གཅོད་ཕྱིར་པཎྜིཏ་ཇོ་བོ་རྗེས་མཛད་པའོ། །དེ་ནས་ལག་པ་གཉིས་ཀྱིས་ཕུང་པོ་ལ་སྦྱར་བས་བཅད་ནས་མཆོད་སྦྱིན་བྱེད་ཚུལ་བྱ་ཞིང་། རང་གི་སོར་མོ་རིགས་ལྔའི་མཁའ་འགྲོ་མ། །དཀར་སེར་དམར་ལྗང་ཁྲི་ཕྲག་རེ་རེས་བསྐོར། །ཕུང་པོ་བཅད་ཅིང་མགྲོན་


CMR052_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་མཆོད་པར་གྱུར། །ཕཊ། ཤར་ཕྱོགས་གཏུམ་དྲག་དུར་ཁྲོད་ནས། །མི་ཕྱེད་རྡོ་རྗེ་མཁའ་འགྲོ་མ། །དཀར་མོ་འབུམ་གྱི་འཁོར་དང་བཅས། །དབང་པོ་བརྒྱ་བྱིན་ལ་སོགས་པའི། །ཤར་ཕྱོགས་དྲི་ཟའི་གདོན་ཚོགས་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཐམས་ཅད་ངོམ་ཞིང་ཚིམས་གྱུར་ནས། །དགའ་མགུ་ཡི་རང་ལྡན་གྱུར་ཅིག །ཕཊ། ལྷོ་ཕྱོགས་གད་རྒྱང་སྒྲོགས་པའི་དུར་ཁྲོད་ནས། །རིན་ཆེན་མཁའ་འགྲོ་གཟི་བརྗིད་ཅན། །སེར་མོ་འབུམ་གྱི་འཁོར་དང་བཅས། །ཡ་མ་ར་ཙ་ལ་སོགས་པའི། །ལྷོ་ཕྱོགས་གཤིན་རྗེའི་གདོན་ཚོགས་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཐམས་ཅད་ངོམ་ཞིང་ཚིམས་གྱུར་ནས། །དགའ་མགུ་ཡི་རང་ལྡན་གྱུར་ཅིག །ཕཊ། ནུབ་ཕྱོགས་པདྨ་འཁྱིལ་བའི་དུར་ཁྲོད་ནས། །པདྨ་མཁའ་འགྲོ་དྲི་མེད་མ། །དམར་མོ་འབུམ་གྱི་འཁོར་དང་བཅས། །ཝ་རུ་ཎ་ལ་སོགས་པ་ཡི། ནུབ་ཕྱོགས་ཀླུ་ཡི་གདོན་ཚོགས་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཐམས་ཅད་ངོམ་ཞིང་ཚིམས་གྱུར་ནས། །དགའ་མགུ་ཡི་རང་ལྡན་གྱུར་ཅིག །ཕཊ།


CMR052_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཕྱོགས་ཀཱི་ལ་ཡ་ཡི་དུར་ཁྲོད་ནས། །ལས་ཀྱི་མཁའ་འགྲོ་བདེ་བ་ཅན། །ལྗང་མོ་འབུམ་གྱི་འཁོར་དང་བཅས། །ཀུ་ཝེ་ར་ལ་སོགས་པ་ཡི། །བྱང་ཕྱོགས་གནོད་སྦྱིན་གདོན་ཚོགས་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཐམས་ཅད་ངོམ་ཞིང་ཚིམས་གྱུར་ནས། །དགའ་མགུ་ཡི་རང་ལྡན་གྱུར་ཅིག །ཕཊ། ཤར་ལྷོ་རབ་འཇིགས་དུར་ཁྲོད་ནས། །དམ་ཚིག་མཁའ་འགྲོ་དམིགས་པ་ཅན། །དཀར་སེར་འབུམ་གྱི་འཁོར་དང་བཅས། །ཨགེ་རཱ་ཛ་ལ་སོགས་པའི། །ཤར་ལྷོ་དྲང་སྲོང་གདོན་ཚོགས་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཐམས་ཅད་ངོམ་ཞིང་ཚིམས་གྱུར་ནས། །དགའ་མགུ་ཡི་རང་ལྡན་གྱུར་ཅིག །ཕཊ། ལྷོ་ནུབ་གཏུམ་པོའི་དུར་ཁྲོད་ནས། །སྣ་ཚོགས་མཁའ་འགྲོ་མི་ཐུབ་མ། །དམར་སེར་འབུམ་གྱི་འཁོར་དང་བཅས། །ནི་རི་ཏི་ལ་སོགས་པ་ཡི། །ལྷོ་ནུབ་སྲིན་པོའི་གདོན་ཚོགས་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཐམས་ཅད་ངོམ་ཞིང་ཚིམས་གྱུར་ནས། །དགའ་མགུ་ཡི་རིང་ལྡན་གྱུར་ཅིག་།ཕཊ། ནུབ་བྱང་རབ་འཇིགས་དུར་ཁྲོད་ནས། །ཐམས་ཅད་མཁའ་འགྲོ་ཀུན་


CMR052_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་མ། །དམར་ལྗང་འབུམ་གྱི་འཁོར་དང་བཅས། །བཱ་ཡ་བེ་ལ་སོགས་པ་ཡི། །ནུབ་བྱང་རླུང་ལྷའི་གདོན་ཚོགས་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཐམས་ཅད་ངོམ་ཞིང་ཚིམས་གྱུར་ནས། །དགའ་མགུ་ཡི་རང་ལྡན་གྱུར་ཅིག །ཕཊ། བྱང་ཤར་རྒྱུག་བྱེད་དུར་ཁྲོད་ནས། །རྒྱུད་འཛིན་འཇིག་རྟེན་མཁའ་འགྲོ་མ། །དཀར་ལྗང་འབུམ་གྱི་འཁོར་དང་བཅས། །དབང་ཕྱུག་ཆེན་པོ་ལ་སོགས་པའི། །བྱང་ཤར་བགེགས་ཀྱི་གདོན་ཚོགས་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཐམས་ཅད་ངོམ་ཞིང་ཚིམས་གྱུར་ནས། །དགའ་མགུ་ཡི་རང་ལྡན་གྱུར་ཅིག །ཕཊ། སྟེང་ཕྱོགས་མཁའ་སྤྱོད་དུར་ཁྲོད་ནས། །དབྱིངས་ཕྱུག་སངས་རྒྱས་མཁའ་འགྲོ་མ། །མཐིང་ག་འབུམ་གྱི་འཁོར་དང་བཅས། །ཚངས་པ་ཉི་ཟླ་གཟའ་སྐར་སོགས། །སྟེང་ཕྱོགས་ལྷ་ཡི་གདོན་ཚོགས་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཐམས་ཅད་ངོམ་ཞིང་ཚིམས་གྱུར་ནས། །དགའ་མགུ་ཡི་རང་ལྡན་གྱུར་ཅིག །ཕཊ། །འོག་ཕྱོགས་ས་སྤྱོད་དུར་ཁྲོད་ནས། །ལས་བྱེད་སྤྲུལ་པའི་མཁའ་འགྲོ་མ། །ནག་མོ་འབུམ་གྱི་


CMR052_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་བཅས། །ལྷ་མོ་བརྟན་མ་ལ་སོགས་པའི། །འོག་ཕྱོགས་ས་བདག་གདོནཱ་ཚོགས་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཐམས་ཅད་ངོམ་ཞིང་ཚིམས་གྱུར་ནས། །དགའ་མགུ་ཡི་རང་ལྡན་གྱུར་ཅིག །ཕཊ་ཕཊ། ཕུང་པོ་རང་རང་ཡིད་དང་མཐུན་པ་ཡི། །འདོད་ཡོན་ལོངས་སྤྱོད་དཔག་ཏུ་མེད་པ་རྣམས། །མགྲོན་རྣམས་སོ་སོའི་ཞལ་དུ་བསྟབ་པ་ཡིས། །དགའ་མགུ་ཡི་རང་བྱང་ཆུབ་སེམས་ལྡན་གྱུར། །ཕཊ། ལྷ་དང་ཀླུ་དང་གནོད་སྦྱིན་དང་། །ནམ་མཁའ་ལྡིང་དང་དྲི་ཟ་དང་། །མིའམ་ཅི་དང་ལྟོ་འཕྱེ་ཆེ། །འཁོར་ཚོགས་བྱེ་བ་ས་ཡར་བཅས། །བཀའ་ཡི་ལྷ་སྲིན་སྡེ་བརྒྱད་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཐམས་ཅད་ངོམ་ཞིང་ཚིམས་གྱུར་ནས། །དགའ་མགུ་ཡི་རང་ལྡན་གྱུར་ཅིག །ཕཊ། འབྱུང་པོ་ཤ་ཟ་སྲིན་པོ་དང་། །ཡི་དྭགས་ལན་ཆགས་འདྲེ་གདོན་རིགས། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །བྱིས་པའི་གདོན་ཆེན་བཅོ་ལྔ་དང་། །སྲིད་པའི་འདྲེ་དགུ་གཙུག་ལག་གདོན། །རྒྱལ་བསེན་གྲི་བོ་གྲི་མོ་དང་། །ཆུང་སྲི་ཟ་འདྲེ་ཤི་གཤེད་སོགས། །གནོད་བྱེད་


CMR052_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་རིགས་ཐམས་ཅད་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཐམས་ཅད་ངོམ་ཞིང་ཚིམས་གྱུར་ནས། །དགའ་མགུ་ཡི་རང་ལྡན་གྱུར་ཅིག །ཕཊ་ཕཊ། རྒྱུན་དུ་འདི་ཙམ་གྱིས་ཆོག་ལ། ནད་པ་སོགས་སྤར་ཐབས་བྱེད་པ་ཡོད་ན། སྐབས་འདིར་གདོན་ཚོགས་དགུ་མ་སྦྱར། གཞན་ཡང་ཆ་དྲུག་ཆངས་བུ་བརྒྱ་རྩ་མཐའ་གཏད་རིགས་གང་དགོས་སྐབས་འདིར་སྦྱར་རོ། །ཡང་ནད་པ་འཕྱར་འཁྱོག་གིས་བསྟབ་པ་དྲག་པོ་བྱེད་ན་ཡང་སྐབས་འདིར་བྱའོ།། ༈ དེ་ནས་ཚོགས་ཕུད་ཀྱིས་ཕུག་གཏོར་ཐམས་ཅད་དང་། བསྐང་གཏོར་ཡང་གསོས་ལ་བདུད་རྩིས་བྲན་ལ། ཨོཾ་ཀརྨ་ཊཱཀི་ནི་ཧཱུཾ་ཕཊ། ཨོཾ་སྭ་བྷ་ཝ་ཤུདྡྷཱ་སརྦ་དྷརྨཱཿསྭ་བྷ་ཝ་ཤུདྡྷོཉཧཾ། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་དུ། གཏོར་སྣོད་ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གཏོར་མ་ཤ་ལྔ་བདུད་རྩི་ལྔའི་རང་བཞིན། །ཡཾ་ལས་རླུང་གཡོས་རཾ་ལས་མེ་སྦར་ཐོད་པ་དྲོས། རྫས་རྣམས་ཁོལ་དམ་ཚིག་གི་བདུད་རྩིའི་འོད་ཀྱིས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ནས་ཐིམ་པས། ཡེ་ཤེས་ཀྱི་བདུད་རྩི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། རྐང་པ་གཡས་པས་གཡོན་པ་མནན། ལུས་ཙོག་པུར་བྱས་ཏེ་མཐེབ་མཛུབ་མདུད་ལ། །ལྷག་མ་


CMR052_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

གདེངས་པ་འབར་བའི་ཕྱག་རྒྱ་དཔྲལ་བར་བསྐོར་ཞིང་མིག་གྱེན་དུ་བལྟས་ནས། ཕེཾ་ཕེཾ། བཛྲ་ཨ་རལླི་ཧོཿ ཛཿཧཱུྃ་བཾ་ཧོཿ བཛྲ་ཌཱ་ཀི་ནི་ས་མ་ཡ་སྟྭཾ། དྲྀ་ཤྱ་ཧོཿ ཞེས་གཏོར་མགྲོན་ཐམས་ཅད་མདུན་གྱི་ནམ་མཁར་བྱོན་ནས་མདུན་བསྐྱེད་དང་དབྱེར་མེད་པར་བསམས་ལ། ན་མོ་པྲཛྙཱ་པཱ་ར་མི་ཏ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཨོཾ་བུདྡྷཱ་བེ་རོ་ཙ་ནི་ཨོཾ་ཧཱུྃ་ཧཱུྃ་ཧཱིཝཨཱཿ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཨོ་ཨཱརྱ་ཏཱ་རེ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ༀ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཨོཾ་ཀ་མ་ལ་ཤཱི་ཛྷཱ་ན་ཡེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཨོཾ་ཨཱཿཧཱུྃ། བྃ་ཌཱ་ཀི་ནཱི་ཧ་རི་ནི་ས་ཡེ་སྭཱ་ཧཱ། ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི། ཨོཾ་སརྦ་གུ་རུ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ༀ་བཛྲ་བེ་རོ་ཙ་ན་ཡེ་ཧ་རི་ནི་ས་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཨི་དཾ་བ་ལཾ་ཏ་ཁ་ཁ་ཁཱ་ཧི། ༀ་བཛྲ་བྷ་རཱ་ཧི་ཀྲོ་ཏི་ཀ་ལི་ཧ་རི་ནི་ས་བཛྲ་ཌཱ་ཀི་ནཱི་ཨཱ་ཝེ་ཤ་ཡ་ཧཱུྃ་ཕཊ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཆོས་སྐུ་ཡུམ་ཆེན་མོ། སྲས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། རྣམ་སྣང་གངས་ཆེན་མཚོ་རྒྱལ། རྒྱལ་བ་རིགས་ལྔ། རྗེ་བཙུན་འཕགས་མ་སྒྲོལ་མ། བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་ལ་སོགས་བསྐལ་


CMR052_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་གི་སངས་རྒྱས་སྟོང་རྩ་གཉིས་རྣམས་ཀྱི་ཞལ་དུ་དམ་རྫས་བདུད་རྩིའི་གཏོར་མ་རྒྱ་ཆེན་པོ་འདི་འབུལ་ལོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། འཇམ་དཔལ་སྨྲ་བའི་སེང་གེ །མཁའ་འགྲོ་སུ་ཁ་སིདྡྷི། བྲམ་ཟེ་ཨཱརྱ་དེ་ཝ། ཕོ་གཅིག་དམ་པ་སངས་རྒྱས། སྐྱོ་སྟོན་བསོད་ནམས་བླ་མ། མ་གཅིག་ལབ་ཀྱི་སྒྲོན་མ། གྲུབ་ཆེན་ཡེ་ཤེས་འབར་བ། རྟོགས་ལྡན་གནམ་མཚོ་དོལ་པ། ཆོས་རྗེ་རང་བྱུང་རྡོ་རྗེ། རྒྱལ་བ་གཡུང་སྟོན་ཞིག་པོ། འཛམ་གླིང་རོལ་པའི་རྡོ་རྗེ། དཔལ་ལྡན་མཁའ་སྤྱོད་དབང་པོ། ཐུབ་ཆེན་དེ་བཞིན་གཤེགས་པ། རྗེ་བཙུན་རཏྣ་བྷ་དྲ། སྤྲུལ་སྐུ་མཐོང་བ་དོན་ལྡན། ཀུན་མཁྱེན་འཇམ་དཔལ་བཟང་པོ། སངས་རྒྱས་མཉན་པ་རས་ཆེན། ཀུན་མཁྱེན་མི་བསྐྱོད་རྡོ་རྗེ། རྒྱལ་བ་དཀོན་མཆོག་ཡན་ལག །རྗེ་བཙུན་དབང་ཕྱུག་རྡོ་རྗེ། གར་དབང་ཆོས་ཀྱི་དབང་ཕྱུག །དྲུང་ཆེན་ཀུན་དགའ་རྣམ་རྒྱལ། མཁས་གྲུབ་ཀརྨ་ཆགས་མེད་ལ་སོགས་པ་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་འབུལ་ལོ། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒོ་ནས་བྱིན་གྱིས་


CMR052_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

བརླབ་པར་མཛད་དུ་གསོལ། གཞན་ཡང་རྗེ་བཙུན་ཟིལ་གནོན་ཆེན་པོ། སྲས་མཆོག་རྒྱལ་བ་དོན་གྲུབ། སྲས་མོ་ལ་འདུལ་མ། ཁུ་སྒོམ་ཆོས་ཀྱི་སེང་གེ །སྲས་མོ་རྒྱན་བཞི༔ སྐྱེ་མེད་དགའ་ཡན་ཆེན་པོ། ཕོ་སྐོར་སེང་གེ །སྨྱོན་པ་རང་སངས། དོལ་པ་ཟང་ཐལ། ཞིག་པོ་ཧུར་ཐོན། རྩི་སྟོན་དར་མ། རྒྱ་སྒོམ་ཧག་ཐོན། ཀོང་པོ་རྗེ་བཙུན་ཟིལ་གནོན་ལ་སོགས་པ་བཀའ་བབས་བུ་ཆེན་བཅུ་དྲུག །བརྒྱུད་འཛིན་བརྒྱ་དང་རྩ་བརྒྱད་རྣམས་ཀྱི་ཞལ་དུ་འབུལ་ལོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། རྒྱ་ནག་གཅེར་བུ། གངས་པ་སྨུག་སངས། སྐྱེ་མེད་ཟང་ཐལ། འབྲི་སྒོམ་རྟོག་མེད། སྤྲུལ་སྐུ་ལ་འདུལ་རྡོ་རྗེ་སྒྲོན་མ། ཀུན་སྤངས་བརྩོན་འགྲུས་སེང་གེ། སྒོམ་གཅོད་ཉི་མ་རྒྱལ་མཚན། མོན་གཅོད་བརྩོན་འགྲུས་སེང་གེ། གྲུབ་ཆེན་ཀུན་དགའ་སེང་གེ། སྐྱེས་མཆོག་ཀརྨ་པཀཱི་ལ་སོགས་པ་གཅོད་ཡུལ་བཀའ་བབས་གྲུབ་ཆེན་རྣམས་ཀྱི་ཞལ་དུ་འབུལ་ལོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། རྡོ་རྗེ་མཁའ་འགྲོ། རིན་ཆེན་མཁའ་འགྲོ། པདྨ་མཁའ་འགྲོ། ལས་ཀྱི་མཁའ་འགྲོ། ཡི་


CMR052_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བདུད་འདུལ་ཁྲོས་མ་ནག་མོ། བདེ་ཆེན་དཀར་མོ། སེར་མོ་དོན་གྲུབ། དམར་མོ་སྒྲ་སྒྲོགས། སྣ་ཚོགས་མཐར་ཕྱིན། མཁའ་འགྲོ་བྱེ་བ་འབུམ་དང་བཅས་པའི་ཞལ་དུ་འབུལ་ལོ། །མཆོག་ཐུན་མོང་གི་དངོས་གྲུབ་བསྩལ་དུ་གསོལ། ༀ་བཛྲ་མ་ཧཱ་ཀ་ལ་ཀྵིཾ་ཀྵེ་ཊ་བིགྷ་ནཱན་བི་ན་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཨོཾ་ཨ་གྷོ་ར་མ་ཧཱ་ཀཱ་ལ་དུ་རེ་སྭཱ་ཧཱུྃ་ཧཱུྃ་ཀཱ་ལ་རཀྵ་ཧཱུྃ་ཕཊ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ༀ་གྷྲྀ་རཱ་ཛ་གྷྲྀ་རཱ་ཛ་ཀུ་མ་ཀུ་མ་ཁུཾ་ཐིས་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ན་མོ་རུ་ཏྲ་ས་མ་ཡ་ཛཿ ནག་མོ་ནག་མོ་ཏྲི་ཡཾ་ཛཿ མ་མ་སྲོག་ལ་ཛཿ ས་མ་ཡ་ཙིཏྟ་བཾ་ཛཿ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཀྵ་ས་བྷཱུ་ཏ་པྲེ་ཏ་པི་ཤ་ཙ་ཨུདྨ་ད། ཨ་པ་སྨཱ་ར་ཌཱ་ཀ་ཌཱ་ཀི་ནྱ་ད་ཡ། ཨི་དཾ་བ་ལིཾ་གྲྀཧྣནྟུ་ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ། ཡ་ཐེ་བཾ། ཡ་ཐཻཥྚཾ། བྷུཉྫཐཱ། ཛི་གྷྲཱ་ཐ། པི་བ་ཐ། མ་ཏི་ཀྲ་མ་ཐཱ། མ་མ་སརྦ་ཀརྟ་ཡ་སད་སུ་ཁཾ་བི་ཤུདྡྷ་ཡ་ས་ཧ་ཡི་ཀ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། སྔགས་རིང་འདི་གསུམ་མམ་བདུན་བརྗོད་དོ། །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ།


CMR052_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་ལྷ་མོ་རེ་མ་ཏི། གནོད་སྦྱིན་མཆེད་བཞི། བིང་བེར་ནག་ཨ་གྷོ་ར། དཔལ་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ། སྤྱང་ཞོན་ལྷ་མོ་མཆེད་གསུམ་ལ་སོགས་པ་གཅོད་ཡུལ་བརྒྱུད་པའི་ཆོས་སྐྱོང་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱི་ཞལ་དུ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་ཐམས་ཅད་ཀྱི་སྙིང་པོ་གཅོད་ཡུལ་ཕྱག་རྒྱ་ཆེན་པོ་དར་ཞིང་རྒྱས་པ་དང་། རྣལ་འབྱོར་པ་བདག་གི་ཕྲིན་ལས་རྣམ་པ་བཞི་ཐོགས་པ་མེད་པར་འགྲུབ་པའི་ཕྲིན་ལས་མཛོད་ཅིག །གཞན་ཡང་ཡུལ་ཉི་ཤུ་རྩ་བཞི། གནས་སུམ་ཅུ་རྩ་གཉིས། དུར་ཁྲོད་ཆེན་པོ་བརྒྱད། གནས་ཆེན་བརྒྱ་དང་རྩ་བརྒྱད། གནས་ཕྲན་སྟོང་དང་རྩ་གཉིས་ལ་གནས་པའི་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་འབུལ་ལོ། །རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཉེ་བར་ཞི་བའི་ཕྲིན་ལས་མཛོད་ཅིག །བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་འོད་དུ་ཞུ་བ་ལས་གཏོར་མ་དཀར་གསུམ་མངར་གསུམ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷམཱ་ནཾ་ཨ་དྱ་ནུཏྤནྣ་ཏོཏྟ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་མ་ཧཱ་ཀཱ་ལ་ཡཀྵ་ཙིཏྟ་རཱ་ག་ཧཱུྃ་ཛཿ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི།


CMR052_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་དྷྲིཥྚཱ་རཱཥྚཱ་ཡ། བེ་རུ་ཌྷ་ཀཱ་ཡ། བི་རུ་པཀྵ་ཡ། བཻ་ཤྲ་མ་ཎ་ཡ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཨོཾ་སརྦ་ལོ་ཀ་པཱ་ལ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁ་ཁཱ་ཧི། གནོད་སྦྱིན་། ཆེན་པོ་རྡོ་རྗེ་བདུད་འདུལ། རྒྱལ་པོ་ཆེན་པོ་སྡེ་བཞི་འཁོར་དང་བཅས་པ། གནོད་སྦྱིན་གང་བ་བཟང་པོ། ནོར་ལྷ་མཆེད་བརྒྱད། འབྲོག་གནས་མཆེད་ལྔ་ལ་སོགས་པ་ནོར་ལྷ། གཏེར་བདག་ཐམས་ཅད་ཀྱི་ཞལ་དུ་འབུལ་ལོ། །ཆོས་དང་མཐུན་པའི་ལོངས་སྤྱོད་རྒྱ་ཆེན་པོ་བསྩལ་དུ་གསོལ། ཁྱད་པར་དུ་མ་གཅིག་ལབ་ཀྱི་སྒྲོན་མའི་སྤྱན་སྔར། གཅོད་ཡུལ་གྱི་བསྟན་པ་བསྲུང་བར་ཁས་བླངས་ཤིང་དམ་བཅས་པའི་ལས་བདག་མཚན་མོ་སྒྲ་སྒྲོགས། བོད་ཁམས་བརྟན་མ་བཅུ་གཉིས། བཙན་རྒོད་ཟངས་རི་སྤུན་བདུན། ཐང་ལྷ་ཡར་བཞུད། འོད་དེ་གུང་རྒྱལ། སྐུ་ལྷ་མཁའ་རི། ཡར་ལྷ་ཤམ་པོ་ལ་སོགས་པ་གངས་གཉན་ཉི་ཤུ་རྩ་གཅིག །ཤམ་པོ་གཟའ་བདུད་མགོ་དགུ། ཀླུ་རྒྱལ་དྲག་པོ་ཟླ་སྐྱོང་ལ་སོགས་པ་གཅོད་ཡུལ་བཀའ་ཡི་སྲུང་མ་རྣམས་ཀྱི་ཞལ་དུ་འབུལ་ལོ། །སྒྲུབ་པ་པོའི་ཆོས་མཐུན་གྱི་བསམ་པ་ཡིད་བཞིན་དུ་འགྲུབ་པའི་སྡོང་གྲོགས་མཛོད་ཅིག གཞན་ཡང་སྟོང་


CMR052_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྟོང་གི་གཞི་བདག སྟོད་མངའ་རི་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ལ་གནས་པའི་གཞི་བདག་གནས་བདག་རྣམ་ཀྱི་ཞལ་དུ་འབུལ་ལོ། །གནས་འདི་ཡི་ཕ་རི་ཚུ་རི་གཡས་རི་གཡོན་རི་མདུན་རི་རྒྱབ་རི་མཚེར་ས་སྦྲ་ཁང་འདི་ལ་གནས་པའི་གནས་བདག་གཞི་བདག་རྣམས་ཀྱི་ཞལ་དུ་འབུལ་ལོ། །བསམ་པའི་དོན་ཐམས་ཅད་ཆོས་ལྡན་ཡིད་བཞིན་དུ་འགྲུབ་པའི་སྡོང་གྲོགས་མཛོད་ཅིག །ཕཊ་ཕཊ། རི་གོང་པ་བརྩོན་འགྲུས་སེང་གེས་མཛད་པའི་གཏོར་བསྔོས་ནི། ཨོཾ་ཨཱཿཧཱུྃ། ཁམས་གསུམ་མ་ལུས་སྐུ་གསུང་ཐུགས། །སྐུ་གསུམ་འཁོར་འདས་ཐུགས་རྗེའི་མགྲོན། །སྟོང་གསུམ་བདུད་རྩིས་ཁེངས་པའི་རྫ་ས། །གཏོར་མ་འདོད་ཡོན་ལྔ་རུ་བསྔོ། །ཕྱི་སྣོད་འཇིག་རྟེན་གཏོར་གཞོང་དུ། །ནང་བཅུད་སེམས་ཅན་གཏོར་མས་བཀང་། །སྐྱེ་འཆི་མེད་པའི་མཆོད་པ་བཞེས། །ཕྱི་ནམ་མཁའ་ཡངས་པའི་གཏོར་གཞོང་དུ། །ནང་འབྱུང་བ་ལྔ་ཡི་གཏོར་མས་བཀང་། །རང་གསལ་རང་དག་མཆོད་པ་བཞེས། །བཀའ་ཕ་རོལ་ཕྱིན་པའི་གཏོར་གཞོང་དུ། །ས་བཅུ་དག་པའི་གཏོར་མས་བཀང་། །མྱ་ངན་མི་འདའི་མཆོད་པ་བཞེས། །


CMR052_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་རྫོགས་པ་ཆེན་པོའི་གཏོར་གཞོང་དུ། །ཐེག་པ་རིམ་དགུའི་གཏོར་མས་བཀང་། །མ་འདྲེས་ཡོངས་རྫོགས་མཆོད་པ་བཞེས། །ཀུན་གཞི་ཡངས་པའི་ཏོར་གཞོང་དུ། །རྣམ་ཤེས་ཚོགས་དྲུག་གཏོར་མས་བཀང་། །འཕེལ་འགྲིབ་མེད་པའི་མཆོད་པ་བཞེས། །རང་སེམས་གཉུག་མའི་གཏོར་གཞོང་དུ། །ལུས་ངག་ཡིད་གསུམ་གཏོར་མས་བཀང་། །བརྗོད་དུ་མེད་པའི་མཆོད་པ་བཞེས། །སྐྱེ་བ་མེད་པའི་གཏོར་གཞོང་དུ། །རིག་པ་ཚོར་མྱོང་གཏོར་མས་བཀང་། །འགྱུ་བ་རང་གྲོལ་མཆོད་པ་བཞེས། །ཆོས་སྐུ་དག་པའི་གཏོར་གཞོང་དུ། །གཟུགས་སྐུ་རྣམ་གཉིས་གཏོར་མས་བཀང་། །འགྲོ་དོན་ཕྱོགས་མེད་མཆོད་པ་བཞེས། །སྟོང་པ་ཉིད་ཀྱི་གཏོར་གཞོང་དུ། །སྣང་བ་དཀར་དམར་གཏོར་མས་བཀང་། །སྣང་མེད་ཆེན་པོའི་མཆོད་པ་བཞེས། །རང་རྒྱུད་དག་པའི་གཏོར་གཞོང་དུ། །གཉིས་མེད་དག་པའི་གཏོར་མས་བཀང་། །བདེ་བ་ཆེན་པོའི་མཆོད་པ་བཞེས། །ཆོས་ཉིད་དག་པའི་གཏོར་གཞོང་དུ། །བདེ་གསལ་མི་རྟོག་གཏོར་མས་བཀང་། །ངོས་བཟུང་མེད་པའི་མཆོད་པ་བཞེས། །རང་ལུས་རྒྱལ་བའི་གཏོར་གཞོང་


CMR052_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

དུ། །མོས་གུས་དག་པའི་གཏོར་མས་བཀང་། །རེ་དོགས་མེད་པའི་མཆོད་པ་བཞེས། །ཀ་པཱ་ལ་ཡི་གཏོར་གཞོང་དུ། །ཤ་ཁྲག་དོན་སྙིང་གཏོར་མས་བཀང་། །ཆགས་ཞེན་མེད་པའི་མཆོད་པ་བཞེས། །ཕཊ་ཕཊ། དེ་ནས་བསྔོ་སྦྱངས་ནི། དྲུག་པ་རྡོ་རྗེ་འཆང་ཆེན་མན་ཆད་དང་། །རྩ་བའི་བླ་མ་ཡན་ཆད་ལ། །བསྔོས་པ་ཙམ་གྱིས་ཚིམ་གྱུར་ཅིག །བསམ་པ་བཞིན་དུ་འགྲུབ་གྱུར་ཅིག །ཀུན་ཏུ་བཟང་པོ་མན་ཆད་དང་། །འཇག་མའི་སྲིན་བུ་ཡན་ཆད་ལ། །བསྔོས་པ་ཙམ་གྱིས་ཚིམ་གྱུར་ཅིག །བསམ་པ་བཞིན་དུ་འགྲུབ་གྱུར་ཅིག །ཤཱཀྱ་ཐུབ་པ་མན་ཆད་དང་། །དམྱལ་ཁམས་བཅོ་བརྒྱད་ཡན་ཆད་ལ། །བསྔོས་པ་ཙམ་གྱིས་ཚིམ་གྱུར་ཅིག །བསམ་པ་བཞིན་དུ་འགྲུབ་གྱུར་ཅིག །སྟོང་གསུམ་གཞི་བདག་མན་ཆད་དང་། །འདིར་གནས་ལྷ་འདྲེ་ཡན་ཆད་ལ། །བསྔོས་པ་ཙམ་གྱིས་ཚིམ་གྱུར་ཅིག །བསམ་པ་བཞིན་དུ་འགྲུབ་གྱུར་ཅིག །གཏོར་མ་འདི་ཡི་ཡོན་ཏན་གྱིས། །བདག་དང་འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །ལུས་ལ་བདེ་བ་བསྐྱེད་དུ་གསོལ། །ངག་ལ་ནུས་པ་སྦར་དུ་གསོལ། །སེམས་ལ་རྟོགས་པ་འཆར་དུ་གསོལ། །


CMR052_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་ཡི། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་ཕྲིན་ལས་བཅོལ། མཆོད་བསྟོད་ནི། ཨོཾ་གུ་རུ་དྷེ་ཝ་ཌཱཀི་ནཱི་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ། པཱདྱཾ་ པུཥྤེ་ དྷུ་པེ། ཨཱ་ལོ་ཀེ་ གནྡྷེ་ ནཻ་ཝིདྱ་ ཤབྡ་པྲ་ཏིཙྩཨཱཿཧཱུྃ། རང་རིག་ཡེ་ཤེས་སྟོན་མཛད་པའི། །ཕ་བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །དངོས་གྲུབ་ངེས་པར་སྟེར་མཛད་པའི། །ཡི་དམ་རྣམས་ལ་ཕྱག་འཚལ་


CMR052_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད། །རྟེན་འབྲེལ་རྒྱ་མཚོ་འབྱུང་བ་ཡི། །མཁའ་འགྲོ་རྣམས་ལ་ཕྱག་འཚལ་བསྟོད། །བར་ཆད་ཐམས་ཅད་སེལ་མཛད་པའི། །ཆོས་སྐྱོང་རྣམས་ལ་ཕྱག་འཚལ་བསྟོད། །སྤངས་རྟོགས་ཕུན་སུམ་ཚོགས་པ་ཡི། །སངས་རྒྱས་རྣམས་ལ་ཕྱག་འཚལ་བསྟོད། །ཞི་གྱུར་འདོད་ཆགས་བྲལ་བ་ཡི། །བཀའ་དམ་ཆོས་རྣམས་ལ་ཕྱག་འཚལ་བསྟོད། །གང་ལ་ཕུལ་ན་དོན་ཆེ་བ། །དགེ་འདུན་རྣམས་ལ་ཕྱག་འཚལ་བསྟོད། །སྐྱེ་བ་བདུན་ལ་འགྲོ་དོན་མཛད། །དམ་པ་རྒྱ་གར་སྐུ་ལ་ཕྱག་འཚལ་བསྟོད། །མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །ལབ་ཀྱི་སྒྲོན་མ་དེ་ལ་ཕྱག་འཚལ་བསྟོད། །བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་བསྟོད་པར་བགྱི། །དེ་ནས་བསྐང་གཏོར་གསོ་བྲན་བྱས་ལ། ཧཱུྃ། བེམ་ཤུན་གཏོར་སྣོད་གསེར་གྱི་ས་གཞིའི་སྟེང་། །ཞག་དང་ཆུ་སེར་སྤོས་ཆུས་ཆག་ཆག་བཏབ། །སོར་མཛུབ་ལྕགས་རི་མུ་ཁྱུད་ཕྲེང་བས་བསྐོར། །ཡན་ལག་གླིང་བཞི་ཉིང་ལག་གླིང་ཕྲན་བརྒྱད། །ཟོ་ཁོག་རི་རབ་མགོ་ནི་རྣམ་རྒྱལ་ཁང་། །མིག་གཉིས་ཉི་ཟླ་རྒྱུ་མ་གསེར་རི་


CMR052_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

བདུན། །ཁྲག་ནི་རོལ་མཚོ་སོ་ནི་རྒྱུ་སྐར་ཚོགས། །རྣ་བ་གཉིས་ནི་གདུགས་དང་རྒྱལ་མཚན་ཏེ། །ལྕེ་ནི་རྔ་ཡབ་བ་དན་ལྷུན་གྱིས་གྲུབ། །ཀླད་སྤྱི་བླ་རེ་མཆིན་ཁྲི་ཡོལ་བ་དང་། །ཨོལ་ཁྲོང་རང་བྱུང་ཤེལ་གྱི་མཆོད་རྟེན་བརྒྱད། །སྙིང་ནི་ནོར་བུ་གློ་བ་ཅང་ཤེས་རྟ། །མིད་ཡུ་སྲོག་རྩ་དཔག་བསམ་ལྗོན་པའི་ཤིང་། །མཚེར་པ་འདོད་འཇོའི་བ་མོ་ལྷུན་གྱིས་གྲུབ། །ཕོ་བ་རིན་ཆེན་གཏེར་གྱི་བུམ་པ་དང་། །ཤ་ཁྲག་འདོད་ཡོན་དཔག་མེད་བསྐང་རྫས་ཀྱིས། །འཕགས་བཞི་སྐྱེད་བྱེད་ཆོས་སྐུ་ཡུམ་ཆེན་མོ། །ཤེས་རབ་ཕ་རོལ་ཕྱིན་མའི་ཐུགས་དམ་བསྐང་། །སྲས་ནི་ཕྱོགས་བཅུ་དུས་གསུམ་བདེ་གཤེགས་ཚོགས། །བྱང་སེམས་ཉན་རང་བཅས་པའི་ཐུགས་དམ་བསྐང་། །ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོ་གས་པའི་སྐུ། །ལོངས་སྐུ་གངས་ཆེན་མཚོ་རྒྱལ་ཐུགས་དམ་བསྐང་། །ཡེ་ཤེས་ལྔ་ལྡན་སྐུ་ལྔ་ལྷུན་གྱིས་གྲུབ། །བཅོམ་ལྡན་རིགས་ལྔ་ཡབ་ཡུམ་ཐུགས་དམ་བསྐང་། །མ་རྒྱུད་ཀུན་གྱི་སྤྲུལ་གཞི་རྩ་བའི་ལྷ། །རྗེ་བཙུན་འཕགས་མ་སྒྲོལ་མའི་ཐུགས་དམ་བསྐང་། །འཁོར་ལོ་ལྔ་ཡི་དཔའ་བོ་ཌཱཀིའི་ཚོགས། །བླ་མེད་དཀྱིལ་འཁོར་ལྷ་


CMR052_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ཐུགས་དམ་བསྐང་། །དམ་པ་རྒྱ་གར་ཨཱརྱ་དེ་ཝ་སོགས། །གཅོད་ཡུལ་བརྒྱུད་པའི་བླ་མའི་ཐུགས་དམ་བསྐང་། །གྲུབ་ཆེན་བརྒྱད་ཅུ་བཀའ་བབས་བཅུ་དྲུག་སོགས། །འཛིན་གྲུབ་ཐོབ་རྣམས་ཀྱི་ཐུགས་དམ་བསྐང་། །ཡུམ་ཆེན་ཐུགས་སྤྲུལ་གངས་ཅན་འགྲོ་བའི་དཔལ། །མ་གཅིག་ལབ་ཀྱི་སྒྲོན་མའི་ཐུགས་དམ་བསྐང་། །སྲས་མོ་ལ་འདུལ་ཐུགས་ཀྱི་སྲས་མོ་བཞི། །ལ་འདུལ་རྡོ་རྗེ་སྒྲོལ་མའི་ཐུགས་དམ་བསྐང་། །རྩ་བརྒྱུད་བླ་མ་རྒྱལ་བ་སྲས་བཅས་ཀྱི། །ཐུགས་དམ་གཉན་པོ་བསྐང་བའི་བྱིན་རླབས་ཀྱིས། ཉམས་ཆག་སྡིག་སྒྲིབ་ཐམས་ཅད་བྱང་ནས་ཀྱང་། །ཉམས་དང་རྟོགས་པ་ཡར་ངོའི་ཟླ་བཞིན་འཕེལ། །བྱིན་རླབས་མཛད་མེད་ཆུ་བོའི་རྒྱུན་བཞིན་སྩོལ། །ཚེ་གཅིག་སངས་རྒྱས་འགྲུབ་པར་མཛད་དུ་གསོལ། །ཧཱུྃ། བེམ་ཤུན་བྷན་སྟོང་གསུམ་མཉམ་པའི་ནང་། །ཕུང་པོ་ཤ་ལྔ་ཡེ་ཤེས་བདུད་རྩི་ལྔ། །ཕུད་རླངས་སྒེག་སོགས་བརྒྱད་དང་མཆོད་ལྷ་ལྔ། །མཆོད་པའི་ལྷ་མོ་བཅུ་དྲུག་ནམ་མཁའ་གང་། །སྙན་པའི་གླུ་དབྱངས་རྡོ་རྗེའི་གར་དང་བཅས། །འདོད་ཡོན་མཆོད་སྤྲིན་ཟག་མེད་བསྐང་རྫས་འདིས། །ཡི་དམ་བདུད་


CMR052_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་ཁྲོས་མའི་ཐུགས་དམ་བསྐང་། །བདེ་ཆེན་དཀར་མོ་སེར་མོ་དོན་གྲུབ་དང་། །དམར་མོ་སྒྲ་སྒྲོགས་སྣ་ཚོགས་མཐར་ཕྱིན་གྱི། །ཡེ་ཤེས་མཁའ་འགྲོ་རྣམས་ཀྱི་ཐུགས་དམ་བསྐང་། །ལྷན་ཅིག་སྐྱེས་མ་རྡོ་རྗེ་རྣལ་འབྱོར་མ། །ཨོ་རྒྱན་གནས་ཀྱི་གཙོ་མོའི་ཐུགས་དམ་བསྐང་། །རྡོ་རྗེ་མཁའ་འགྲོ་རིན་ཆེན་མཁའ་འགྲོ་དང་། །པདྨ་ལས་མཁའ་འགྲོའི་ཐུགས་དམ་བསྐང་། །སྐུ་ལས་སྤྲུལ་པའི་ལྕཀི་དཀར་མོ་འབུམ། །ཞི་བའི་ལས་མཛད་མ་ཡི་ཐུགས་དམ་བསྐང་། །གསུང་ལས་སྤྲུལ་པའི་དམར་མོ་འབུམ། །དབང་གི་ལས་མཛད་མ་ཡི་ཐུགས་དམ་བསྐང་། །ཐུགས་ལས་སྤྲུལ་པའི་ཌཱཀི་སྔོན་མོ་འབུམ། །དྲག་པོའི་ལས་མཛད་མ་ཡི་ཐུགས་དམ་བསྐང་། །ཡོན་ཏན་སྤྲུལ་པའི་ཊཱཀི་སེར་མོ་འབུམ། །རྒྱས་པའི་ལས་མཛད་མ་ཡི་ཐུགས་དམ་བསྐང་། །ཕྲིན་ལས་སྤྲུལ་པའི་ཌཱཀི་ལྗང་མོ་འབུམ། །སྣ་ཚོགས་ལས་མཛད་མ་ཡི་ཐུགས་དམ་བསྐང་། །སྐུ་ལས་སྤྲུལ་པའི་ཌཱཀི་འབུམ་ཕྲག་བཅུ། །བྱིན་རླབས་དངོས་གྲུབ་འབེབས་མའི་ཐུགས་དམ་བསྐང་། །ཡི་དམ་ཕག་ཁྲོས་ལྷ་ཚོགས་འཁོར་བཅས་ཀྱི། །ཐུགས་དམ་གཉན་པོ་བསྐང་བའི་བྱིན་


CMR052_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་ཀྱིས། །དངོས་གྲུབ་འཛད་མེད་ཆུ་བོའི་རྒྱུན་བཞིན་སྩོལ། །ལུས་ངག་ཡིད་གསུམ་བསྲུང་ཞིང་བསྐྱབ་པ་དང་། །བསྐྱེད་རྫོགས་བརྟན་ཐོབ་སྣང་སྲིད་དབང་དུ་འདུས། །འཇའ་ལུས་མཁའ་སྤྱོད་འགྲུབ་པར་མཛད་དུ་གསོལ། །ཧཱུྃ། བེམ་ཤུན་བྷནྡྷ་ལྕང་ལོ་བཅས་པའི་ནང་། །ཕུང་པོ་ཤ་ཁྲག་རུས་པ་བདུད་རྩིའི་མཚོ། །ཕུད་རླངས་ལས་བྱེད་ཌཱཀི་ཁྲོ་མོའི་ཚོགས། །སྨན་རཀ་གཏོར་མ་ཐོགས་པས་བར་སྣང་གང་། །བསྐང་རྫས་སྒྲུབ་རྫས་རྟེན་རྫས་སྤྲིན་ལྟར་གཏིབས། །བྱ་ནག་ཁྱི་ནག་རྟ་ནག་གཡག་ནག་འཕྱོ། །གོ་མཚོན་དར་ནག་ལ་སོགས་བསྐང་རྫས་འདིས། །ཐུགས་རྗེ་ཁྲོས་པས་གདུག་པ་འདུལ་མཛད་པ། །མྱུར་མཛད་ཡེ་ཤེས་མགོན་པོའི་ཐུགས་དམ་བསྐང་། །འདོད་ཁམས་དབང་ཕྱུག་ས་བརྒྱད་སེམས་མ་ཆེ། །དཔལ་ལྡན་རེ་མ་ཏི་ཡི་ཐུགས་དམ་བསྐང་། །ཀྵེ་ཏྲ་པཱ་ལ་ལ་སོགས་གནོད་སྦྱིན་བཞི། །གཙང་རིགས་དཔལ་མགོན་བཅས་པའི་ཐུགས་དམ་བསྐང་། །ཞི་བྱེད་རྒྱུད་ཀྱི་སྲུང་མ་ནག་པོ་ཆེ། །མགོན་པོ་ཨ་གྷོ་ར་ཡི་ཐུགས་དམ་བསྐང་། །ཟློག་བྱེད་མ་དང་ནོར་རྒྱུན་མ་ལ་སོགས། །འཁོར་དང་ཡང་འཁོར་བཅས་པའི་ཐུགས་དམ་བསྐང་། །


CMR052_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་ཡུལ་བཀའ་སྲུང་དུར་ཁྲོད་ཀུན་ན་བཞུགས། །དུར་ཁྲོད་བདག་པོ་ཡབ་ཡུམ་ཐུགས་དམ་བསྐང་། །ལས་བདག་མཚན་མོ་སྒྲ་སྒྲོགས་གཅེར་བུ་མ། །ཤ་ཟ་ཞིང་སྐྱོང་མཁའ་འགྲོའི་ཐུགས་དམ་བསྐང་། །བུད་མེད་ནག་མོ་ལྕགས་སྤྱང་མགོ་དགུ་ཆིབས། །ལྷ་མོ་སྤྱང་ཞོན་མ་ཡི་ཐུགས་དམ་བསྐང་། །བུད་མེད་དམར་མོ་མཚལ་སྟག་མགོ་དགུ་བཅིབས། །ལྷ་མོ་སྟག་ཞོན་མ་ཡི་ཐུགས་དམ་བསྐང་། །བུད་མེད་སྔོན་མོ་ཟངས་འཕར་མགོ་དགུ་ཆིབས། །ལྷ་མོ་འཕར་ཞོན་མ་ཡི་ཐུགས་དམ་བསྐང་། །མགོ་དགུ་མིག་མང་འོད་འཕྲོ་སྦྲུལ་མཇུག་ཅན། །ཤམ་པོ་གཟའ་བདུད་མགོ་དགུའི་ཐུགས་དམ་བསྐང་། །ཐོག་གི་བུ་ཡུག་གདོང་མོ་མཆེད་སྡེ་བཞི། །སྤྲུལ་པའི་གཟའ་བརྒྱད་འཁོར་བཅས་ཐུགས་དམ་བསྐང་། །བཙན་རྒོད་འབར་བ་མ་རུངས་མཆེད་སྡེ་བདུན། །ཟངས་རི་འཁྱིལ་པ་འཁོར་བཅས་ཐུགས་དམ་བསྐང་། །གཅོད་ཡུལ་བརྒྱུད་པའི་ཆོས་སྐྱོང་ཐམས་ཅད་ཀྱི། །ཐུགས་དམ་གཉན་པོ་བསྐང་བའི་བྱིན་རླབས་ཀྱིས། །གཅོད་ཡུལ་བསྟན་པ་དར་ཞིང་རྒྱས་པ་དང་། །རྣལ་འབྱོར་བདག་གི་ཕྲིན་ལས་རྣམ་པ་བཞི། །གང་བཅོལ་ཐོགས་


CMR052_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པར་སྒྲུབ་པ་དང་། །བསྟན་དགྲ་རྩད་ནས་བརླག་པའི་ཕྲིན་ལས་མཛོད། །ཧཱུྃ། བེམ་ཤུན་བེཟླུར་ས་གཞི་མིག་མང་རིས། །ཁྲག་རྣམས་འོ་མའི་མཚོ་རྫིང་ནེའུ་སེང་། །ཤ་རུས་རིན་ཆེན་རི་བོ་གཞལ་ཡས་ཁང་། །དཀར་གསུམ་མངར་གསུམ་སྨན་འབྲུ་རིན་པོ་ཆེ། །དར་ཟབ་ཤིང་ཐོག་ཀླུ་སྨན་བདུད་རྩིའི་མཚོ། །བྱ་རིགས་རི་དྭགས་གཅན་གཟན་ཆུ་གནས་ཚོགས། །བསྐང་རྫས་སྣ་ཚོགས་ཟག་མེད་ལོངས་སྤྱོད་འདིས། །གནོད་སྦྱིན་ཞང་བློན་རྡོ་རྗེ་བདུད་འདུལ་བ། །ཡབ་ཡུམ་འཁོར་དང་བཅས་པའི་ཐུགས་དམ་བསྐང་། །ནོར་ལྷ་མཆེད་བརྒྱད་གནོད་སྦྱིན་བརྒྱད་ཁྲིའི་ཚོགས།་།འབྲོག་གནས་མཆེད་ལྔར་བཅས་པའི་ཐུགས་དམ་བསྐང་། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་སྤྱན་མི་བཟང་། །རྣམ་ཐོས་སྲས་པོ་འཁོར་བཅས་ཐུགས་དམ་བསྐང་། །ཐང་ལྷ་ཡར་བཞུད་འོད་དེ་གུང་རྒྱལ་དང་། །མཁའ་རི་ཤམ་པོ་རྣམས་ཀྱི་ཐུགས་དམ་བསྐང་། །བརྟན་མ་བཅུ་གཉིས་སྨན་བཙུན་འབུམ་དང་བཅས། །ཀླུ་རྒྱལ་དྲག་པོ་ཟླ་སྐྱོང་ཐུགས་དམ་བསྐང་། །གཞན་ཡང་མ་གཅིག་ལབ་ཀྱི་སྒྲོན་མོ་ཡིས། །དམ་བཏགས་སྡེ་བརྒྱད་ཀུན་གྱི་ཐུགས་དམ་བསྐང་། །ཡུལ་


CMR052_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་འདིར་གནས་གཞི་བདག་དཀར་པོའི་ཕྱོགས། །ཆོས་ལ་དགའ་བ་རྣམས་ཀྱི་ཐུགས་དམ་བསྐང་། །དེ་ལྟར་ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །ལོངས་སྤྱོད་འཛད་མེད་ཆུ་བོའི་རྒྱུན་བཞིན་སྩོལ། །གཞི་བྱེས་ལམ་གསུམ་གར་འགྲོ་གར་འདུག་ཀྱང་། །སྐྱེལ་བསུ་རོགས་དན་ཁ་འཛིན་མ་གཡེལ་ཅིག །ཉིན་གྱི་བྱ་ར་མཚན་གྱི་མེལ་ཚེ་མཛོད། །བཀྲ་ཤིས་བདེ་ལེགས་འགྲུབ་པར་མཛད་དུ་གསོལ། །དེ་ནས་རིགས་དྲུག་གནས་སྦྱངས་དམིགས་པ་ནི། ཕཊཿ རང་གི་སྤྱི་གཙུག་མ་གཅིག་ལབ་སྒྲོན་གསལ། །སྤྱི་བོར་ལྷ་ཡི་ས་བོན་ཨོཾ་དཀར་པོ། །མགྲིན་པར་ལྷ་མིན་ས་བོན་ཨཱཝདམར་པོ། །སྙིང་གར་མི་ཡི་ས་བོན་ནི་ལྗང་གུ། །ལྟེ་བར་བྱོལ་སོང་ས་བོན་དྭ་སྐྱ་བོ། །གསང་བར་ཡི་དྭགས་ས་བོན་ར་སེར་པོ། །རྐང་ཞབས་དམྱལ་བའི་ས་བོན་ཏྲི་ནག་པོ། །ཡི་གེ་དེ་དག་རང་མདོག་འོད་འཕྲོས་པས། །བདག་དང་སེམས་ཅན་མ་ལུས་ཐམས་ཅད་ཀྱི། །རིགས་དྲུག་སྐྱེ་བའི་ལས་སྒྲིབ་སྡུག་བསྔལ་བཅས། །སིབ་སིབ་བསྡུས་ནས་ཡི་གེ་སོ་སོར་ཐིམ། །བདག་ལུས་ཆེར་རྒྱས་སྲིད་རྩེའི་བར་དུ་སླེབ། །རྐང་མཐིལ་ཡི་གེ་འོད་ཀྱི་ཐིག་ལེར་ཞུ། །


CMR052_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ཡུངས་འབྲུ་ཙམ་གྱུར་གསང་གནས་ཡི་གེར་ཐིམ། །དེ་ཡང་སྲན་མ་ཙམ་གྱུར་ལྟེ་བར་ཐིམ། །དེ་ཉིད་ཐིག་ལེར་གྱུར་པ་སྙིང་གར་ཐིམ། །ཤེལ་སྒོང་ལྟར་གྱུར་མགྲིན་པའི་ཡི་གེར་ཐིམ། །དེ་ཡང་ཡར་འཕྲོས་སྤྱི་བོའི་ཨོཾ་ལ་ཐིམ། །འོད་ཀྱི་ཐིག་ལེ་བྱ་ཆེན་སྒོ་ང་ཙམ། །མ་གཅིག་ཐུགས་ཀར་ཐིམ་པས་དབྱེར་མེད་འདྲེས། །ཕུང་པོ་བདུད་རྩིར་ཞུ་བ་འཇིག་རྟེན་གང་། །རིགས་དྲུག་ཀུན་གྱིས་འཐུང་བས་སྒྲིབ་པ་དག །ཐམས་ཅད་སངས་རྒྱས་རིགས་དྲུག་འཁོར་བ་སྟོང་། །ཆོས་དབྱིངས་སྐྱེ་མེད་ངང་དུ་གནས་པར་གྱུར། །ཕཊ་བཤགས་པ་ནི། །རྗེ་སུམ་ལྡན་གྱི་བླ་མ་རིན་པོ་ཆེ། །སྐྱབས་གནས་ཡིན་པར་མ་ཤེས་ནས། །དད་མདུན་མོས་གུས་ཆུང་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །འདི་ཕྱིའི་བདེ་ལེགས་ཇི་སྙེད་པ། །རྩ་བའི་བླ་མར་འབྱུང་བར་མ་ཤེས་ནས། །དངོས་གྲུབ་གཞན་དུ་བཙལ་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །རང་སེམས་རྩ་བ་ཆོད་པ་དེ། །ཆོས་སྐུ་ཡིན་པར་མ་ཤེས་ནས། །སངས་རྒྱས་གཞན་དུ་བཙལ་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །རྣམ་རྟོག་རང་སར་གྲོལ་བ་དེ། །སྐྱེ་མེད་ཡིན་


CMR052_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

པར་མ་ཤེས་ནས། །གཉེན་པོ་གཞན་དུ་བཙལ་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །རང་སེམས་ཡིད་བཞིན་ནོར་བུ་ལས། །དགོས་འདོད་འབྱུང་བར་མ་ཤེས་ནས། །འབད་རྩོལ་གཞན་དུ་བྱས་པ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །ང་བདག་རྩ་བ་ཆོད་པ་དེ། །ཉམས་ལེན་ཡིན་པར་མ་ཤེས་ནས། །ལྷ་འདྲེ་གཞན་དུ་བཙལ་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །ཁམས་གསུམ་སེམས་ཅན་ཐམས་ཅད་དེ། །ཕ་མ་ཡིན་པར་མ་ཤེས་ནས། །གཞན་ལ་གནོད་པ་བསྐྱལ་བ་ད། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །བརྩེ་གདུང་ལྡན་པའི་མཆེད་གྲོགས་དེ། །དཔའ་བོ་མཁའ་འགྲོ་ཡིན་པར་མ་ཤེས་ནས། །རུ་ང་ཕྲག་དོག་སྐྱེས་པ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །གདམས་པ་བདུད་ཀྱི་གཅོད་ཡུལ་དེ། །སྣོད་ངན་ཡིན་པར་མ་ཤེས་ནས། །རྒྱལ་ཁམས་ཡོངས་ལ་སྤེལ་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །ཚུལ་ཁྲིམས་རྣམ་དག་དྲི་མེད་དེས། །ཐར་ལམ་བགྲོད་པར་མ་ཤེས་ནས། །འཆལ་བའི་མངོན་ལྐོག་ཤོར་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་


CMR052_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་དེས། །ཚོགས་གཉིས་རྫོགས་པར་མ་ཤེས་ནས། །རློམས་སེམས་སེར་སྣ་བྱས་པ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །ཟབ་མོ་མཁའ་འགྲོའི་ཚོགས་གྲལ་དེ། །གསང་གནས་ཡིན་པར་མ་ཤེས་ནས། །ཉམས་གྲིབ་ཅན་དང་འདྲེས་པ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །ཞལ་ཟས་ཚོགས་ཀྱི་ལོངས་སྤྱོད་དེ། །དངོས་གྲུབ་ཡིན་པར་མ་ཤེས་ནས། །ལོག་ལྟ་ཅན་ལ་སྤེལ་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །ལུས་ཆགས་མེད་སྦྱིན་པ་བཏང་བ་དེས། །སྒྲིབ་གཉིས་བྱང་བར་མ་ཤེས་ནས། །ལུས་ལ་གཅེས་འཛིན་བྱས་པ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །མཐོལ་ལོ་བཤགས་སོ་ཡེ་ཤེས་མཁའ་འགྲོ་མ། །གནོང་ངོ་འགྱོད་དོ་གཅོད་ཡུལ་བརྒྱུད་པ་རྣམས། །དག་ཚངས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ལམ་མ་ནོར་ཆོས་ཀྱི་དབྱིངས་སུ་དྲོངས། །མི་ལྡོག་བདེ་ཆེན་གྱི་ས་ལ་འགོད་གྱུར་ཅིག །ཕཊ་ཕཊ། ཅེས་སྟོང་ཉིད་ཀྱི་ངང་ལ་ཡུད་ཙམ་བཞག་གོ། །བཤགས་པ་འདི་བོད་ཀྱི་པཎྜི་ཏ་དོན་ཡོད་རྡོ་རྗེས་མཛད་པའོ། ༈ །དེ་ནས་ཚོགས་སྤེལ་ལ། མཆོད་གཡོག་པས་ལག་པ་གཡས་སུ་


CMR052_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཀྱི་རྫས་ཤ་དང་ཟན། གཡོན་དུ་ཤེས་རབ་ཀྱི་རྫས་བདུད་རྩི་ཐོགས་ལ། ཀྱཻ། གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱར་མི་རུང་། །བྲམ་ཟེ་ཁྱི་དང་། གདོལ་པ་ཕག །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ལེན་པ་པོས་ཀྱང་། བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འདོད་ཆགས་དྲི་མ་དང་བྲལ་བ། །གཟུང་དང་འཛིན་པ་རྣམ་པར་སྤང་། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཞེས་པད་ཀོར་དང་བཅས་ཏེ་བླངས་ལ་ཕུད་བཅད་ནས། ཨོཾ་ཨ་གྲ་པིཎྜ་ཨཀྱི་སྭཱ་ཧཱ། ཞེས་ཕུད་ལ་དབང་བའི་འབྱུང་པོ་ལ་བསྔོས་ནས། རང་ཡེ་ཤེས་ཀྱི་ཌཱཀི་གཅིག་ཏུ་གསལ་ཞིང་ཉམས་ལེན་དང་མ་བྲལ་བར་རོལ་ནས། མང་མའི་ལྷག་མ་སྣོད་གཅིག་ཏུ་བླུགས་ནས་ཆུས་བྲན་ལ། སྔར་ལུས་སྦྱིན་དམིགས་པ་མང་དུ་བྱས་པའི་ལྷག་མར་བསྔོ། ཕཊ་ཕཊ། ཕུང་པོ་ཚོགས་ཀྱི་ལྷག་རོལ་ལ་དཀར་གསུམ་མངར་གསུམ་འོ་མའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ཁས་ཞན་དབང་ཆུང་བ་ཞ་བོ་ལོང་བ་འོན་པ་ལྐུགས་པ་མ་ཐོབ་པ་མ་ཐེམས་པ། ལྷག་མ་ལ་རེ་བ་འོང་མི་ཉན་པ་མི་ཁོམ་པ་བང་བུལ་བ་འབྱུང་པོ་ལྷག་སྡུད་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཕཊ་ཕཊ། གཙོ་བོ་རྣམས་ཀྱི་རྗེས་འབྲང་བ། །འབྱུང་པོ་ལྷག་སྡུད་འདིར་འདུས་


CMR052_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས། །འདོད་ཡོན་ལྷག་མ་འདི་བཞེས་ལ། །མ་ལུས་སོ་སོར་ཚིམ་གྱུར་ཅིག །ཕཊ་ཕཊ། ཁར་རག་པ་ཙམ་གྱིས་ཚིམ་གྱུར་ཅིག །ཕཊ་ཕཊ། ཅེས་སྒོ་རྒྱབ་སྲང་མདོ་ཅིག་ཏུ་བླུག་གོ །དེ་ནས་རྣལ་འབྱོར་པ་དམ་ཚིག་དང་ལྡན་པར་ངེས་པའི་ལྷག་མ་དང་། སྔར་ཚོགས་སྤེལ་དུས་ནས་གཙང་ལྷག་བཞག་པ་གཅིག་ཏུ་བསྲེས་ལ། སྟེང་དུ་རང་གིས་ཕུད་མཆོད་དེ་ཡང་བཞག་ལ་བདུད་རྩིས་བྲན། སྐབས་འདིར་རྣལ་འབྱོར་པ་ལ་དགྲ་ཡོད་ན་མཚོན་ཆ་ལྟ་བུའི་གདམས་ངག་དམིགས་རིམ་ཟབ་མོ་ཞིག་ཡོད་ཀྱང་། དྲུང་པ་རིན་པོ་ཆེས་ཀྱང་སེམས་ཅན་ལ་གནོད་པའི་གཞིར་འགྱུར་དོགས་པས་བཀའ་རྒྱ་ཤིན་ཏུ་དམ་པས་འདིར་མ་བྲིས་ལ། རིམ་གྲོའི་སྐབས་ལ་འདིས་ཆོག་གོ །ཨོཾ་ཀརྨ་ཊཱཀི་ནཱི་ཧཱུྃ་ཕཊཿ ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ནཾ་ཨ་དྱ་ནུཏྤནྣ་ཏོཏྟ་ཨོཾ་ཨཱཏྟཱཧཱུྃ་ཕཊ་སྭཱ་ཧཱ། ཕཊ། བྷནྡྷའི་སྣོད་དུ་ལྷག་གཏོར་ཤ་ཁྲག་གི །ཕུང་པོ་འདོད་ཡོན་ལྔ་ལྡན་རྒྱ་མཚོར་གྱུར། །ལས་བྱེད་མཁའ་འགྲོའི་སྤྲུལ་པ་ཀེང་རུས་ཀྱིས། །གཟུགས་ཅན་མཁའ་འགྲོ་མང་པོས་ལྷག་གཏོར་ཁྱེར། །ལྷག་སྡུད་འཇིག་རྟེན་རིགས་ལྔའི་ཊཱཀི་ལྔ་། །རང་རང་མདོག་མཚུངས་ཐོར་ཚུགས་རལ་པ་ཅན། །ལག་ན་རང་རྟགས་གྲི་གུག་ཐོད་ཁྲག་འཛིན། །ཤ་ཟ་ཞིང་སྐྱོང་ལྷག་མགྲོན་འཁོར་བཅས་ལ། །སོ་སོར་ཅི་འདོད་


CMR052_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་པས་དགྱེས་པར་རོལ། །དགྲ་བགེགས་བསྒྲལ་བའི་ཕྲིན་ལས་སྒྲུབ་པར་གྱུར། །ཕཊ་ཕཊ། ཧཱུྃ། ཕྱོགས་བཞི་འཇིགས་པའི་དུར་ཁྲོད་ནས། །རིགས་ལྔའི་མཁའ་འགྲོ་དཔལ་འབར་མ། །དཀར་སེར་དམར་ལྗང་མཐིང་ནག་རལ་པ་ཅན། །ཁྱོད་དོན་ནི་སངས་རྒྱས་ཡིན་མོད་ཀྱང་། །བདག་སྒྲུབ་པ་པོ་ལ་ཕན་གདག་ཕྱིར། །བྲན་གྱི་ཚུལ་དུ་ཁས་བླངས་པས། །ལྷག་མའི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ཡི་འཁོར་དུ་གཏོགས་པ་ཡི། །མཁའ་ལ་འགྲོ་བའི་མཁའ་འགྲོ་མ། །ཤུགས་ལ་འགྲོ་བའི་ཤུགས་འགྲོ་དང་། །བར་སྣང་བགྲོད་པའི་མཁའ་འགྲོ་དང་། །དེ་འོག་ཞིང་སྐྱོང་མཁའ་འགྲོའི་ཚོགས། །བྲན་གྱི་ཚུལ་དུ་ཁས་བླངས་པས། །ལྷག་མའི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །སངས་རྒྱས་བསྟན་པ་བཤིག་པ་དང་། །དཀོན་མཆོག་དབུ་འཕང་སྨད་པ་དང་། །བླ་མའི་སྐུ་ལ་བསྡོ་བ་དང་། །རྣལ་འབྱོར་བདག་གི་དགྲ་བོ་དང་། །སློབ་མ་དམ་ལ་ལོག་པ་དང་། །བྱང་ཆུབ་བསྒྲུབ་ལ་བར་ཆད་བྱེད་པའི་བགེགས། །ལྷག་མའི་


CMR052_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་འདི་དང་མཉམ་དུ་བཞེས། །ཨོཾ་ཨུཙྪིཥྚ་བྷཀྵ་བྷཀྵ་སྭཱ་ཧཱ། །ཕཊ། ཕྱི་རོལ་གཙང་སར་བླུགས་བཤལ་ཆུ་ཡང་སྟེང་དེར་བླུག་གོ །ལྷག་མ་འོག་མ་འདི་དང་གཏོར་འབུལ་ལ་རང་དང་བསྲུང་བྱའི་ཤ་ཁྲག་འདྲེས་མི་རུང་ངོ་། །དེ་ནས་དམར་གཏོར་མཁའ་འགྲོ་མ་ལ་གཅིག །ཆོས་སྐྱོང་ལ་གཅིག །ཕྱི་རྒྱུད་འཇིག་རྟེན་པ་ལ་དཀར་གཏོར་གཅིག་དང་གསུམ་བཤམ། བསྡུ་ན་དམར་གཏོར་གཅིག་དང་དཀར་གཏོར་གཅིག་གིས་ཆོག །ཕུད་རྒོད་ཀྱིས་བྲན་ལ། འདིར་ཏྲི་ཤུལ་ལམ་གནམ་ལྕགས་འཁོར་ལོ་རྩིབས་བརྒྱད་བསམ། ན་མོ་དྲིན་ཆེན་གཅོད་ཡུལ་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། །ཡི་དམ་རྡོ་རྗེ་རྣལ་འབྱོར་མ་ལྷ་ལྔ་བདུད་འདུལ་ཁྲོས་མ་ནག་མོའི་ལྷ་ཚོགས་འཁོར་དང་བཅས་པའི་བདེན་པ་དང་། མ་གཅིག་ལབ་ཀྱི་སྒྲོན་མ་མཁའ་འགྲོ་བྱེ་བ་འབུམ་སྡེ་བཀའ་སྲུང་ཆོས་སྐྱོང་དང་བཅས་པའི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། སྤྱིར་སངས་རྒྱས་བསྟན་པའི་སྤྱི་དགྲ། ཁྱད་པར་དུ་རྣལ་འབྱོར་པ་བདག་གི་བཀའ་དང་དམ་ལ་མི་གནས་ཤིང་འགྱུར་ལོག་འཕར་སྡང་མགོ་གཡོག་མགོ་བསྐོར་བྱེད་པའི་གདོན་བགེགས། བསམ་ངན་འཆང་བའི་བྱད་མ། དོ་བསྔོ་ཞིང་ཕོད་བཙུགས་པའི་དགྲ་བོ་ཐམས་ཅད་ཀྱི་བླ་


CMR052_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་རྣམ་པར་ཤེས་པ་སྐད་ཅིག་རང་དབང་མེད་པར་དྲག་པོ་དམར་གྱི་གཏོར་མ་འདི་ཡི་ནང་དུ་ཁུག་ཅིག །ཛཿཧཱུྃ་བྃ་ཧོ༔ བྷནྡྷ་ལྕང་ལོ་ཅན་གྱི་ནང་དུ་དགྲ་བགེགས་ཀྱི་ཤ་ཁྲག་དོན་སྙིང་གི་ངོ་བོ་བདུད་རྩིའི་རང་བཞིན་དུ་གྱུར། ཨོཾ་ཨཱཿཧཱུ། གསུམ་དང་། ཨོཾ་བཛྲ་ཌཱཀི་ནཱི་སརྦ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་དགྲ་བགེགས་ཀྱི་མ་ཧཱ་མཾ་ས་ལ་ཁཱ་ཧི། རཀྟ་ལ་ཁཱ་ཧི། ཙིཏྟ་ལ་ཁཱ་ཧི། གོ་རོ་ཙ་ན་ལ་ཁཱ་ཧི། ཀིཾ་ནི་རི་ཏི་ལ་ཁཱ་ཧི། བ་སུ་ཏ་ལ་ཁཱ་ཧི། བ་ལི་ཏ་ལ་ཁཱ་ཧི་ཁཱ་ཧི། དེ་ནས་མཁའ་འགྲོ་འབུམ་བསྐུལ་ནི། ཧཱུྃ་བྷྱོཿ ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་ནུབ་ཕྱོགས་ཕ་ཀི་ན། །རྡོ་རྗེ་གདན་གྱི་ནུབ་བྱང་མཚམས། །ཨོ་རྒྱན་ཡུལ་གྱི་དུར་ཁྲོད་ནས། །རི་བོ་ཐམས་ཅད་རུས་པའི་རི། །རྩི་ཤིང་ཐམས་ཅད་མདའ་དང་མདུང་། །ཆུ་རྣམས་ཐམས་ཅད་ཁྲག་དང་རྣག །སྒྲ་སྐད་ཐམས་ཅད་ངུར་མོའི་སྒྲ། །ཕྱག་ན་རྡོ་རྗེ་འཇིགས་པའི་ས། །ཁྲོ་བཅུ་རྒྱུ་བར་མི་ནུས་ཤིང་། །རིགས་ལྔའི་སངས་རྒྱས་བཞུགས་པའི་གནས། །དེ་ན་སུ་བཞུགས་སུ་མི་བཞུགས། །དུས་གསུམ་སངས་རྒྱས་སྐྱེད་པའི་ཡུམ། །རྡོ་རྗེ་ཕག་མོ་དེ་ན་བཞུགས། །འཁོར་གྱི་ལྷ་མོ་དེ་ན་


CMR052_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས། །མ་གཡས་ཀྱི་ཕག་ཞལ་ནག་མོ་ཁྲོས་པ་ལས། །ཆོས་ཉིད་འགྱུར་བ་མེད་པའི་མཁའ་འགྲོ་འབུམ། །གཡོན་གྱི་ཁྲོ་ཞལ་དམར་པོ་བརྗིད་པ་ལས། །བདེ་གཤེགས་ལས་ལ་འགྱེད་པའི་མཁའ་འགྲོ་འབུམ། །ཞལ་གདངས་མཆེ་བ་རབ་ཏུ་གཙིགས་པ་ལས། །བདུད་བཞི་རྩད་ནས་གཅོད་པའི་མཁའ་འགྲོ་འབུམ། །སྤྱན་གསུམ་རབ་ཏུ་དམར་ཞིང་འཁྲུགས་པ་ལས། །མངོན་ཤེས་དྲུག་དང་ལྡན་པའི་མཁའ་འགྲོ་འབུམ། །ཐོད་པ་ལྔ་ཡིས་དབུ་ལ་བརྒྱན་པ་ལས། །རིགས་ལྔས་འགྲོ་དོན་མཛད་པའི་མཁའ་འགྲོ་འབུམ། །དབུ་སྐྲ་སིལ་མ་སྐུ་རྒྱབ་གྲོལ་བ་ལས། །ཐུགས་རྗེ་ཆར་ལྟར་འབེབས་པའི་མཁའ་འགྲོ་འབུམ། །ཕྱག་གཡས་གྲི་གུག་ནམ་མཁར་ཕྱར་བ་ལས། །སྲོག་གཅོད་དབུགས་ལེན་བྱེད་པའི་མཁའ་འགྲོ་འབུམ། །ཕྱག་གཡོན་ཐོད་པ་ཁྲག་གིས་བཀང་བ་ལས། །ཁྲག་ནད་རྒྱུ་གཟེར་གཏོང་བའི་མཁའ་འགྲོ་འབུམ། །ཁཊྭཱཾ་རྩེ་གསུམ་རབ་ཏུ་འབར་བ་ལས། །ཁམས་གསུམ་དབང་དུ་སྡུད་པའི་མཁའ་འགྲོ་འབུམ། །ཡུ་བ་དྲང་ཤིང་དཀར་པོ་ལྡེམ་པ་ལས། །ལྷ་མིན་གཡུལ་ལས་རྒྱལ་བའི་མཁའ་འགྲོ་འབུམ། །རྡོ་རྗེ་རྩེ་ལྔས་རབ་ཏུ་བརྒྱན་


CMR052_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས། །སྐུ་ལྔ་ཡེ་ཤེས་དག་པའི་མཁའ་འགྲོ་འབུམ། །ཐོད་པ་སུམ་བརྩེགས་རབ་ཏུ་བརྒྱན་པ་ལས། །སྲིད་གསུམ་ཟིལ་གྱིས་གནོན་པའི་མཁའ་འགྲོ་འབུམ། །དར་གྱི་འཕུར་ལྕེས་རབ་ཏུ་བརྒྱན་པ་ལས། །བདུད་ཀྱི་རྒྱལ་མཚན་བསྙིལ་བའི་མཁའ་འགྲོ་འབུམ། །ཌཱ་རུ་གསེར་གྱི་དྲིལ་ཆུང་བརྒྱན་པ་ལས། །སྙན་བརྒྱུད་གདམས་པ་འཛིན་པའི་མཁའ་འགྲོ་འབུམ། །བདུད་རྩི་བུམ་པས་རབ་ཏུ་བརྒྱན་པ་ལས། །ཡོན་ཏན་ཡོངས་སུ་རྒྱས་པའི་མཁའ་འགྲོ་འབུམ། །སྣ་ཚོགས་རྡོ་རྗེ་རྒྱ་གྲམ་བརྒྱན་པ་ལས། །ཕྲིན་ལས་ཐོགས་པ་མེད་པའི་མཁའ་འགྲོ་འབུམ། །མི་མགོ་ལྔ་བཅུའི་དོ་ཤལ་བྱས་པ་ལས། །འདུ་བྱེད་ལྔ་བཅུ་དག་པའི་མཁའ་འགྲོ་འབུམ། །རུས་པའི་རྒྱན་དྲུག་རབ་ཏུ་བརྒྱན་པ་ལས། །ཕ་རོལ་ཕྱིན་དྲུག་རྫོགས་པའི་མཁའ་འགྲོ་འབུམ། །གཅེར་བུ་བརྐྱང་བསྐུམ་གར་གྱིས་རོལ་པ་ལས། །བདེ་ཆེན་ཉམས་དང་ལྡན་པའི་མཁའ་འགྲོ་འབུམ། །རྟོག་མེད་རོ་ཡི་གདན་ལ་བཞུགས་པ་ལས། །འགྲོ་དྲུག་གནས་ནས་འདྲེན་པའི་མཁའ་འགྲོ་འབུམ། །པདྨ་ཉི་ཟླའི་གདན་ལ་བཞུགས་པ་ལས། །ཐབས་ཤེས་ཟུང་དུ་འཇུག་པའི་མཁའ་འགྲོ་འབུམ། །


CMR052_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པའི་མེ་རི་རབ་ཏུ་འབར་བ་ལས། །ཐ་དད་རྟོག་པ་བསྲེགས་པའི་མཁའ་འགྲོ་འབུམ། །ཧོཿ ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་འབུམ། །བྱང་ཕྱོགས་ལས་ཀྱི་རིགས་ཀྱི་མཁའ་འགྲོ་འབུམ། །ནུབ་ཕྱོགས་པདྨ་རིགས་ཀྱི་མཁའ་འགྲོ་འབུམ། །ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་མཁའ་འགྲོ་འབུམ། །སྐུ་ཡི་རིགས་ཀྱི་མཁའ་འགྲོ་དཀར་མོ་འབུམ། །གསུང་གི་རིགས་ཀྱི་མཁའ་འགྲོ་དམར་མོ་འབུམ། །ཐུགས་ཀྱི་རིགས་ཀྱི་མཁའ་འགྲོ་ནག་མོ་འབུམ། །ཡོན་ཏན་རིགས་ཀྱི་མཁའ་འགྲོ་སེར་མོ་འབུམ། །ཕྲིན་ལས་རིགས་ཀྱི་མཁའ་འགྲོ་ལྗང་མོ་འབུམ། །བདུད་རྩི་གཏོར་མ་འདི་བཞེས་ལ། །ཕྲིན་ལས་གཅིག་ཏུ་མ་ངེས་ཏེ། །སྐལ་ལྡན་རྣམས་ལ་ཡེ་ཤེས་སྤོར། །སྐལ་མེད་རྣམས་མ་མོས་པ་བསྐྱེད། །ཉམས་པའི་དགྲ་བགེགས་རྣམས་ལ་ཆད་པ་ཆོད། །དབྱིངས་ཀྱི་མཁའ་འགྲོའི་བསྐུལ་པ་ནི། ཧཱུྃ་བྷྱོཿ མཁའ་དབྱིངས་བདེ་བ་ཆེན་པོ་ནས། །ཡེ་ཤེས་མཁའ་འགྲོ་བྱེ་བ་འབུམ། །རྡོ་རྗེ་མཁའ་འགྲོ་བདུད་འདུལ་མ། །རིན་ཆེན་མཁའ་འགྲོ་དངོས་གྲུབ་དཔལ། །པདྨ་མཁའ་འགྲོ་བདེ་ཆེན་མ། །ལས་ཀྱི་མཁའ་འགྲོ་ཕྲིན་ལས་བདག །ཀུན་ཀྱང་


CMR052_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

མི་བཟད་འདི་འདྲ་སྟེ། །སྐུ་མདོག་གཅིག་ཏུ་མ་ངེས་ཏེ། །དཀར་སེར་དམར་དང་ལྗང་གུའི་མདོག །ལ་ལ་མཐིང་ནག་མུན་པའི་མདོག །ལ་ལ་སྔོ་སངས་ནམ་མཁའི་མདོག །ཕྱག་མཚན་གཅིག་ཏུ་མ་ངེས་ཀྱང་། །ལ་ལས་གྲི་གུག་ཐོད་ཁྲག་བསྣམས། །ལ་ལས་ཁཊྭཱཾ་རྗེའུ་ཆུང་བསྣམས། །ལ་ལས་བརྡེག་པའི་མཚོན་ཆ་བསྣམས། །ལ་ལས་བདུད་རྩི་བུམ་པ་བསྣམས། །ལ་ལས་མཛེས་པའི་མེ་ཏོག་བསྣམས། །དུར་ཁྲོད་རྒྱན་མངའ་མཛེས་པའི་སྐུ། །སྐ་རགས་དྲིལ་ཆུང་གཡེར་ཁ་ཅན། སྙན་པའི་སྒྲ་སྒྲོག་སི་ལི་ལི། །དབུ་ལ་དར་གྱི་ཅོད་པན་ཅན། །རླུང་གིས་བསྐྱོད་ཅིང་པུ་རུ་རུ། །རྐང་པ་རྡོ་རྗེ་འགྲོས་སྟབས་ཅན། །མཁའ་ལ་ཐོགས་མེད་བུན་ནེ་བུན། །ལག་པ་མཉེན་ལྕུག་གདུ་བུ་ཅན། །སྣ་ཚོགས་གར་བྱེད་ཁྱུགས་སེ་ཁྱུག །བདུད་རྩིའི་གཏོར་མ་འདི་བཞེས་ལ། །ཕྲིན་ལས་གཅིག་ཏུ་མ་ངེས་པས། །སྐལ་ལྡན་རྣམས་ལ་ཡེ་ཤེས་སྤོར་། །སྐལ་མེད་རྣམས་ལ་མོས་པ་བསྐྱེད། །ཉམས་པའི་དགྲ་བགེགས་རྣམས་ལ་ཆད་པ་ཆོད། །གནས་ཉི་ཤུ་རྩ་བཞིའི་མཁའ་འགྲོ་བསྐུལ་པ་ནི། ཧཱུྃ་བྷྱོཿ གནས་མཆོག་ཉི་ཤུ་རྩ་བཞི་


CMR052_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །མཁའ་འགྲོའི་གཙོ་མོ་ཉི་ཤུ་བཞི། །མཁའ་འགྲོ་བྱེ་བའི་ཚོགས་དང་བཅས། །གཙོ་མོ་མི་མངོན་དབྱིངས་ན་བཞུགས། །འཁོར་ནི་མཁའ་འགྲོ་བྱེ་བ་འབུམ། །ལ་ལ་བུད་མེད་རྒན་མོ་ལ། །རོ་གོས་རྙིང་པའི་ན་བཟའ་གསོལ། །སྣུམ་དང་ཁྲག་གི་ཐིག་ལེས་བརྒྱན། །ཐལ་ཆེན་བསྐུས་པས་སྔོ་སྐྱའི་མདོག །དབུ་སྐྲ་སེར་མོ་ལྟག་པར་བཅིངས། །མེ་ཏོག་རྙིང་པའི་དབུ་རྒྱན་ཅན། །ཁ་ན་སོ་མེད་ཧ་ཧ་དགོད། །རྐང་པ་ས་ལ་འཁྱོལ་ཞིང་འགྲོ། །དེ་འདྲའི་ཆ་བྱེད་སྟོན་པ་ཡང་། །སྐལ་ལྡན་རྣམས་ལ་བརྡ་ཆོས་སྟོན། །ཕྲད་པ་ཙམ་གྱིས་བྱིན་གྱིས་རློབས། །བདུད་རྩིའི་གཏོར་མ་འདི་བཞེས་ལ། །ཕྲིན་ལས་གཅིག་ཏུ་མ་ངེས་ཏེ། །ཉམ་ང་མེད་པའི་བརྟུལ་ཞུགས་སྐྱེད། །རྣམ་རྟོག་མེད་པའི་ཉམས་མྱོང་སྤོར། །ལ་ལ་བུད་མེད་གཞོན་ནུ་མ། །སྣ་ཚོགས་རྒྱན་གྱིས་བརྒྱན་པ་མོ། །རིགས་ཀྱི་ཁ་དོག་སོ་སོ་ལ། །སྤྱོད་པ་སོ་སོའི་རིགས་དང་མཐུན། །ལ་ལ་དཀར་མོ་མདངས་བཟང་མ། །རྡོ་རྗེ་རིགས་ཀྱི་ཕྱག་རྒྱ་མོ། །བྱང་ཆུབ་སེམས་ཀྱི་སྐུལ་མ་འདེབས། །ལ་ལ་སེར་སྐྱ་དཔལ་འཛིན་མ། །རིན་ཆེན་རིགས་ཀྱི་ཕྱག་རྒྱ་མོ། །མཆོག་གི་


CMR052_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་སྐུལ་མ་འདེབས། །ལ་ལ་དམར་མོ་དབྱིབས་མཛེས་མ། །པདྨ་རིགས་ཀྱི་ཕྱག་རྒྱ་མོ། །ཟག་མེད་བདེ་བའི་སྐུལ་མ་འདེབས། །ལ་ལ་སྔོ་སངས་ཁྲོ་གཉེར་ཅན། །ལས་ཀྱི་རིགས་ཀྱི་ཕྱག་རྒྱ་མོ། །འགྲོ་བའི་དོན་ལ་སྐུལ་མ་འདེབས། །ལ་ལ་དཀར་ཤམ་ནམ་མཁའི་མདོག །དེ་བཞིན་རིགས་ཀྱི་ཕྱག་རྒྱ་མོ། །ཡང་དག་དོན་ལ་སྐུལ་མ་འདེབས། །ཀུན་ཀྱང་མི་བཟད་འདི་འདྲ་སྟེ། །མཛེས་པའི་ཞལ་ལ་གཟི་མདངས་ཅན། །གཞོན་ནུའི་སྐུ་ལ་འགྱིང་བག་ཅན། །དབུ་ནི་རིན་ཆེན་ཅོད་པན་ཅན། །རང་རང་དཔའ་བོའི་ཡབ་ལ་འཁྱུད། །སྐེད་པར་གསེར་གྱི་དྲིལ་ཆུང་ཅན། །སིལ་སིལ་སྒྲོག་ཅིང་སྐུ་ལ་སྦྱོར། །ཞལ་ནི་པདྨའི་དུང་སོ་ཅན། །འཛུམ་པའི་གསུང་ནི་སྙན་པར་སྨྲ། །སྐད་སྙན་ཚངས་པའི་དབྱངས་དང་ལྡན། །རྡོ་རྗེའི་གླུ་ལེན་ཡིད་འཕྲོག་མ། །བདུད་རྩིའི་གཏོར་མ་འདི་བཞེས་ལ། །ཕྲིན་ལས་གཅིག་ཏུ་མ་ངེས་ཏེ། །ཟག་བཅས་ལུས་ལ་བདེ་བ་སྐྱེད། །ཟག་མེད་སེམས་ལ་ཉམས་མྱོང་སྤྱོར། །ལ་ལ་བུད་མེད་ཐ་མལ་གཟུགས། །འཇིག་རྟེན་སྤྱོད་པ་སྣ་ཚོགས་ལ། །ཁྱོད་ཉིད་མི་སྤྱོད་གང་ཡང་


CMR052_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །ལ་ལ་འགྱུར་བྱེད་ཚོས་མཁན་མོ། །གཞན་སེམས་རང་དབང་སྒྱུར་བྱེད་མ། །མ་ལ་མྱོས་བྱེད་ཆང་ཚོང་མོ། །ལོགས་པར་ཤེས་པ་མྱོས་བྱེད་མ། །ལ་ལ་སྦྱོར་བྱེད་སྨད་འཚོང་མོ། །ཐབས་དང་ཤེས་རབ་སྦྱོར་བྱེད་མ། །ལ་ལ་དག་བྱེད་ཁྲུས་མཁན་མོ། །བག་ཆགས་དྲི་མ་དག་བྱེད་མ། །ལ་ལ་གསོད་བྱེད་ཤན་པ་མོ། །རྣམ་རྟོག་དབྱིངས་སུ་གསོད་བྱེད་མ། །ལ་ལ་གནོད་བྱེད་ཆོམ་རྐུན་མོ། །གཞན་སེམས་རང་དབང་མྱོས་བྱེད་མ། །ལ་ལ་དཀའ་ཐུབ་བྲམ་ཟེ་མོ། །འཁོར་བའི་རྒྱུན་ཐག་གཅོད་བྱེད་མ། །དེ་ལ་སོགས་ཏེ་མཐའ་ཡས་པའི། །རི་རབ་ལྷོ་ཡི་འཛམ་བུ་གླིང་། །གནས་མཆོག་ཉི་ཤུ་རྩ་བཞི་ནས། །འགྲོ་བའི་དོན་ལ་བཞུགས་པ་རྣམས། །ཐབས་རྣམ་སྣ་ཚོགས་དུ་མ་ཡི། །སྤྱོད་པ་སྣ་ཚོགས་ཐབས་ཀྱིས་འདུལ། །བདུད་རྩིའི་གཏོར་མ་འདི་བཞེས་ལ། །ཕྲིན་ལས་གཅིག་ཏུ་མ་ངེས་པ། །བདག་ཅག་རྣལ་འབྱོར་ལ་སོགས་པའི། །སྒྲུབ་པ་བྱེད་པའི་གང་ཟག་རྣམས། །འཇིག་རྟེན་ཆོས་བརྒྱད་སྙོམས་པ་དང་། །འགྲོ་དོན་ཕྱོགས་མེད་ལྷུན་གྲུབ་ཤོག །།མཁའ་འགྲོའི་བསྐུལ་པ་ཚན་གསུམ་པོ་འདི་མཁའ་འགྲོའི་སྙིང་ཐིག་ནས། དྲུང་རྨ་སེས་བསྡུས་ནས་


CMR052_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་བརྒྱུད་ཀྱི་གཏོར་འབུལ་ལ་སྦྱར་བ་ཡིན་ཀྱང་། གཅོད་ཚོགས་ལ་སྔར་ནས་སྦྱར་སྲོལ་འདུག་ཅིང་འབྲེལ་ཤིན་ཏུ་ཆགས་ཤིང་བྱིན་རླབས་ཆེའོ། །ཧཱུྃ་བྷྱོཿ རབ་ཏུ་འཇིགས་པའི་དུར་ཁྲོད་ནས། །འཇིག་རྟེན་མཁའ་འགྲོ་མཐུ་མོ་ཆེ། །ཤིན་ཏུ་མི་བཟད་འཇིགས་པའི་གཟུགས། །བུད་མེད་ལུས་ལ་མགོ་བརྙན་ཅན། །ཐོད་པ་བཟུང་ཞིང་ཁྲག་ཆེན་འཐུང་། །མི་རོ་ཟ་ཞིང་བཤུད་གླུ་ལེན། །ཏིང་འཛིན་ཉུལ་ཞིང་ཚོགས་ཁང་འགྲིམ། །དེ་དག་མ་ལུས་ཐམས་ཅད་ཀྱིས། །བཀའ་ཡི་གཏོར་མ་འདི་བཞེས་ལ། །སྔོན་གྱི་དམ་བཅའ་ཇི་བཞིན་དུ། །དམ་ཚིག་སྲུངས་ལ་ཕྲིན་ལས་མཛོད། །འཇིག་རྟེན་མཁའ་འགྲོའི་བསྐུལ་པ་ལ་དབང་ཕྱུག་ཉེར་བརྒྱད་དོན་གྱིས་ཚང་ཞིང་གཅོད་ཀྱི་བཀའ་སྲུང་ཡིན་ནོ། །དེ་ནས་གཅོད་ཡུལ་བཀའ་སྲུང་རྣམས་ལ་འབུལ་ཏེ། ཧཱུྃ། མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞབས་གདུབ་དང་བཅས་བི་ན་ཡ་ཀ་མནན། །ནག་པོ་ཆེན་པོ་སྟག་གི་ཤམ་ཐབས་ཅན། །ཕྱག་དྲུག་སྦྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན། །དང་པོས་གྲི་གུག་བར་པས་ཕྲེང་བ་འཛིན། །ཐ་མས་ཌཱ་མ་རུ་ནི་དྲག་ཏུ་འཁྲོལ། །གཡོན་གྱི་དང་པོས་ཐོད་ཁྲག་མདུང་རྩེ་གསུམ། །དེ་བཞིན་ཞགས་པ་འཛིན་པས་


CMR052_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

འཆིང་བར་མཛད། །དྲག་པོའི་ཞལ་གདངས་མཆེ་བ་རྣམ་པར་གཙིགས། །སྤྱན་གསུམ་དྲག་པོའི་དབུ་སྐྲ་གྱེན་དུ་བརྫེས། །དཔྲལ་བར་སིན་དྷུ་ར་ཡིས་ལེགས་པར་བརྒྱན། བོར་མི་བསྐྱོད་པ་ཡིས་རྒྱས་བཏབ་ནས། །ཤིང་ལས་བྱོན་ནས་གཏོར་མ་ལེན་པར་མཛོད། །དེ་ཡན་ཤ་བ་རིའི་རྒྱ་གཞུང་ངོ་། །མྱུར་མཛད་མགོན་པོ་ཡུམ་ཆེན་རེ་མ་ཏི། །བཞི་དང་དཔལ་མགོན་བདུན་ཅུའི་ཚོགས། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །བསོད་ནམས་བླ་མས་བཀའ་བསྒོས་དམ་བཞག་བཞིན། །ཞི་བྱེད་གཅོད་ཡུལ་བསྟན་པ་དར་བ་དང་། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །རྐྱེན་དང་བར་ཆད་ཐམས་ཅད་བསལ་དུ་གསོལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། སྐུ་མདོག་མཐིང་ནག་ཁྲོ་གཉེར་འཇིགས་པའི་ཞལ། །དབུ་སྐྲ་ཁམ་ནག་ཐོར་ཚུགས་གྱེན་དུ་བཅིངས། །དར་དཔྱང་ཅོད་པན་རིན་ཆེན་འབར་བས་བརྒྱན། །རིགས་ལྔས་དབུ་ལ་བརྒྱན་ལ་བདག་བསྟོད་དོ། །སྤྱན་གསུམ་བཟློག་ཅིང་ཞལ་གདངས་མཆེ་བ་གཙིགས། །སྨིན་མ་ཨག་ཚོམ་དམར་སེར་མེ་ལྟར་འབར། །ལྗགས་འདྲིལ་ཧ་ཧ་


CMR052_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བཞད་པའི་ང་རོ་སྒྲོག །འཇིགས་བྱེད་ནག་པོ་ཁྱོད་ལ་བདག་བསྟོད་དོ། །ཕྱག་གཡས་ཙན་དན་བེང་ཆེན་སྨུག་པོ་ལ། །ལྷ་དམག་ཉི་ཁྲི་ཆིག་སྟོང་སྤྲུལ་པ་འགྱེད། །ལྷ་མིན་གྲོང་ཁྱེར་རྩད་ནས་བརླག་པར་མཛད། །བསྟན་པའི་ཕྲིན་ལས་སྐྱོང་ལ་བདག་བསྟོད་དོ། །ཕྱག་གཡོན་ཐོད་པ་བདུད་རྩིས་གང་བ་འཐུང་། །ཐུན་རྫས་མཚོན་ཆ་གཟས་པོའི་སྙིང་ལ་རྡེག །དཔའ་བོ་སྲིད་གསུམ་བདག་པོ་ཆེན་པོ་སྟེ། །མ་རུངས་འཇོམས་མཛད་ཁྱོད་ལ་བདག་བསྟོད་དོ། །ཞབས་གཉིས་གར་སྟབས་བགྲད་པའི་འགྱིང་བག་ཚུལ། །སྟག་ཤམ་བེར་ནག་མི་མགོའི་ཕྲེང་བ་འཕྱང་། །བདུད་དཔུང་རྩད་ནས་གཅོད་མཛད་ཚོགས་ཀྱི་བདག །ཟློག་བྱེད་མ་དང་བཅས་ལ་བདག་བསྟོད་དོ། །བསྟོད་པ་འདི་རྒྱུད་ཁྲག་མཚོ་ཁོལ་ཆེན་ནས་བྱུང་བའོ། །ཧཱུྃ། དཔལ་ལྡན་མ་ཧཱ་ཀཱ་ལ་ཨ་གྷོ་ར། །ཡུམ་ཆེན་ཟློག་བྱེད་མ་དང་ནོར་རྒྱུན་མ། །རིགས་བཞི་ཊཱཀི་བདུན་དང་ཌོཀིའི་ཚོགས། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །ཕ་གཅིག་དམ་པས་ཇི་ལྟར་བཀའ་སྒོས་བཞིན། །ཞི་བྱེད་གཅོད་ཡུལ་བསྟན་པ་དར་བ་དང་། །རྣལ་འབྱོར་བདག་ཅག་དཔོན་སློབ་ཡོན་


CMR052_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ཀྱི། །རྐྱེན་ངན་བར་ཆད་ཞི་བའི་ཕྲིན་ལས་མཛོད། །ཧཱུྃ། རབ་འཇིགས་དུར་ཁྲོད་ཀུན་གྱི་བདག་པོ་སྟེ། །ཁྱད་པར་སོ་ས་གླིང་གི་ཞིང་སྐྱོང་བ། །ཀེང་རུས་ཆེན་པོ་གར་བྱེད་མཆེ་བ་གཙིགས། །རང་འདྲའི་ཡུམ་བཅས་ཁྲོ་བོ་ཁྲོ་མོའི་སྐུ། །རབ་གཏུམ་དབྱུག་ཏོ་ཕྱར་ཞིང་ཐོད་ཁྲག་འཛིན། །དར་དང་རིན་ཆེན་རྒྱན་གྱིས་ལེགས་པར་བརྒྱན། །ཤ་ཟ་ཕོ་མོའི་ཁྲོམ་གྱིས་ལེགས་པར་བསྐོར། །མཚན་བཞིན་དུར་ཁྲོད་ཉལ་ལ་ཕྱག་འཚལ་བསྟོད། །དམ་རྫ་ས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྒྱ་གར་ཡུལ་གྱི་དུར་ཁྲོད་གནས་བརྒྱད་དུ། །ཕ་གཅིག་དམ་པའི་སྤྱན་སྔར་ཁས་བླངས་བཞིན། །བདག་ཅག་མི་ནོར་གཞི་བྱེས་ཐམས་ཅད་ལ། །དགྲ་རྐུན་གཅན་གཟན་གནོད་པ་ཐུབ་པར་སྲུངས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོཿ འཇིགས་སུ་རུང་བའི་དུར་ཁྲོད་ཆེན་པོའི་ཀློང་། །དུག་གསུམ་ཁྲོས་པའི་མེ་དཔུང་མཚོན་ཆའི་ཚལ། །མི་རྟ་ཁྱི་མགོ་བརྩེགས་པའི་མཁར་ནང་ནས། །རྡོ་རྗེ་ཕག་མོའི་བཀའ་ཉན་མཐུ་མོ་ཆེ། །བུད་མེད་ནག་མོ་གྲི་ཐོད་སྙིང་བཅས་བསྣམས། །ཆིབས་སུ་ལྕགས་ཀྱི་སྤྱང་མོ་མགོ་དགུ་བཅིབས།


CMR052_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ན་བུད་མེད་དམར་མོ་བཙན་ཞགས་འཕེན། །ཆིབས་སུ་མཚལ་སྟག་དམར་པོ་མགོ་དགུ་བཅིབས། །གཡོན་ན་བུད་མེད་སྔོན་མོ་བདུད་ཞགས་འཕེན། །ཆིབས་སུ་ཟངས་ཀྱི་འཕར་བ་མགོ་དགུ་བཅིབས། །གསུམ་ཀ་གཅེར་བུ་རལ་པས་སྟོང་གསུམ་ཁྱབ། །སྤྱན་གསུམ་ཞལ་གདངས་མཆེ་བ་ཟངས་ཡག་གཙིགས། །ལྗག་དམར་གློག་འཁྱུགས་མེ་འབར་རླུང་ནག་འཚུབ། །མ་རྒྱུད་ཡོངས་ཀྱི་ལས་མཁན་ཆེན་མོ་སྟེ། །སྤྱང་ཞོན་ལྷ་མོ་མཆེད་གསུམ་འཁོར་དང་བཅས། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །བདག་དང་བསྲུང་བྱ་མི་ནོར་འཁོར་བཅས་ལ། །ནད་རིམས་དལ་ཁ་ཐམས་ཅད་ཞི་བ་དང་། །བདག་ལ་སྡང་བར་བྱེད་པའི་དགྲ་བོ་ལ། །སྔོ་དམར་ནད་ཀྱི་ཆར་པ་དབབ་པ་དང་། །དལ་དང་ཡམས་ཀྱི་ས་བོན་གདབ་པར་མཛོད། །བྷྱོ། ཕྲིན་ལས་རྣམ་པ་སྣ་ཚོགས་པ། །ཐམས་ཅད་སྒྲུབ་པའི་བདག་ཉིད་མ། །མཚན་མོ་སྟོང་གསུམ་ཁྱབ་པར་རྒྱུག་་ཧཱུྃ་ཕཊ་བྷོ་ཡི་སྒྲ་ཆེན་སྒྲོག །གཅེར་བུ་རལ་པ་ས་ལ་དྲུད། །ལག་ན་གྲི་གུག་ཐོད་ཁྲག་ཐོགས། །སྐུ་མདོག་མ་ངེས་ཅི་ཡང་བསྒྱུར། །སོ་སོའི་ལས་ཀྱི་ཁ་དོག་སྟོན།


CMR052_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་ཀུན་གྱི་ཕྲིན་ལས་སྒྲུབ། །དམ་ཚིག་ཅན་གྱི་སྡོང་གྲོགས་བྱེད། །དམ་ཉམས་རྣམས་ལ་ཆད་པ་གཅོད། །ལས་བདག་མཚན་མོ་སྒྲ་སྒྲོགས་མ། །བཀའ་ཡི་གཏོར་མ་འདི་ལོངས་ལ། །མ་གཅིག་སྤྱན་སྔར་ཁས་བླངས་བཞིན། །བདག་གིས་བཅོལ་བའི་ཕྲིན་ལས་ཀུན། །ད་ལྟ་ཉིད་དུ་འགྲུབ་པར་མཛོད། །ཧཱུྃ། ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ། །ལུས་གཅིག་མགོ་དགུ་འཇིགས་པའི་གཟུགས། །རྩ་བའི་ཞལ་ནི་གཟའ་བདུད་གདོང་། །མགོ་བརྒྱད་ལྷ་སྲིན་སྡེ་བརྒྱད་དེ། །བྱ་རོག་མགོས་ནི་བསྟན་པ་བསྲུང་། །ཁོག་སྟོད་སྲིན་པོ་ཕ་ཡི་ལུས། །ཁོག་སྨད་སྦྲུལ་མཇུག་ཀླུ་མོ་ལ། །ཕྱོགས་བཞི་སྲིན་མོ་གདོང་མོ་བཞི། །སྤྱན་སྟོང་སྲིད་གསུམ་བྱ་ར་བྱེད། །སྡེ་བརྒྱད་འདུས་པའི་དྲལ་རྩལ་ཅན། །ཆུ་སྲིན་རྒྱལ་མཚན་མདའ་གཞུ་བསྣམས། །མེ་འབར་འོད་འཁྱུགས་ཐོག་སེར་འབེབས། །སྤྲུལ་པའི་གཟའ་བརྒྱད་ཕྱོགས་ཀུན་འཇོམས། །གདོང་མོ་བཞིས་ནི་ཀིང་ཀང་འབེབས། །གཟའ་བརྒྱད་མ་རུངས་གདུག་པ་ཅན། །ཤམ་པོ་གངས་ཀྱི་ར་བ་རུ། །མ་གཅིག་ལབ་སྒྲོན་སྤྱན་སྔ་རུ། །ཁས་བླངས་དམ་བཅས་དྲན་མཛོད་ལ། །བརྒྱན་


CMR052_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཏོར་མ་འདི་བཞེས་ལ། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །གནམ་ནད་དལ་གཟེར་མ་བཏང་ཞིག །གཅོད་ཡུལ་བསྟན་དང་བདག་ཅག་ལ། །སྡང་བར་བྱེད་པའི་དགྲ་བོ་རྣམས། །ཧུར་ཐུམ་ལྐུགས་རེངས་ནད་ཀྱིས་སོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། བཙན་རྒོད་འབར་བ་མི་སྲུན་པ། །མི་དམར་རྟ་དམར་དམག་ཆས་ཅན། །བ་དན་མདུང་དམར་མེ་ལྟར་འབར། །བཙན་རྟ་དམར་པོ་རླུང་བས་མགྱོགས། །ཟངས་རི་འབར་བ་སྤྱན་བདུན་པོ། །བཙན་འཁོར་སུམ་བརྒྱ་དྲུག་ཅུར་བཅས། །འབྲུག་སྒྲ་ལྡིར་ཞིང་གློག་འོད་འཁྱུགས། །ཐོག་སྒྲ་ཆེམས་ཆེམ་སེར་ཆེན་འབེབས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །མ་གཅིག་ལབ་སྒྲོན་སྤྱན་སྔ་རུ། །ཁས་བླངས་དམ་བཅས་དྲན་མཛོད་ལ། །གཅོད་ཡུལ་བསྟན་པ་བསྲུང་བ་དང་། །གཅོད་མཁན་བདག་གི་སྡོང་གྲོགས་མཛོད། །ཡིད་ལ་བརྣག་པའི་དགྲ་བོ་ལ། །མི་སྡུག་རྟགས་དང་ཆོ་འཕྲུལ་སྟོན། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བྷོ༔ འཇིག་རྟེན་བོད་ཀྱི་ཞིང་ཁམས་འདི། །སྐྱོང་མཛད་ཞིང་སྐྱོང་མཁའ་འགྲོ་


CMR052_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

མ། །གནོད་སྦྱིན་མོ་བཞི་བདུད་མོ་བཞི། །སྨན་བཙུན་ཆེན་མོ་མཆེད་སྡེ་བཞི། །ལྷབ་ལྷུབ་ན་བཟའི་རྒྱན་དང་བཅས། །སིལ་སྙན་རོལ་མོའི་སྒྲ་དང་བཅས། །བྲན་གཡོག་མང་པོའི་འཁོར་དང་བཅས། །ནམ་མཁའི་མཐོངས་ནས་འདིར་གཤེགས་ལ། །དམ་རྫས་བདུད་རྩིའི་མཆོད་པ་དང་། །ཤ་ཁྲག་དམར་གཏོར་འདི་བཞེས་ལ། །མ་གཅིག་ལབ་སྒྲོན་སྤྱན་སྔ་རུ། །ཁས་བླངས་དམ་དུ་བཅས་པ་བཞིན། །བདག་ཅག་དཔོན་སློབ་འཁོར་བཅས་རྣམས། །གཞི་བྱེས་ལམ་གསུམ་གར་འགྲོ་ཡང་། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །དལ་ཡམ་འཁྲུགརྩོད་ཞི་བ་དང་། །བོད་ཁམས་བདེ་བའི་ཕྲིན་ལས་མཛོད། །དེ་ནས་དཀར་གཏོར་ཕུད་རྒོད་ཀྱིས་བྲན་ལ། ཨོཾ་ཀརྨ་ཊཱཀི་ནི་ཧཱུྃ་ཕཊཿ ཨོཾ་སྭ་བྷ་ཝས་སྦྱངས། །སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་དུ་ཁཾ་ཞུ་བ་ལས་གཏོར་མ་དཀར་གསུམ་མངར་གསུམ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ཨོཾ་སརྦ་ལོ་ཀ་པཱ་ལ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ། གྲོས་སྔོན་འཆང་བ་ལག་ན་རྡོ་རྗེའི་སྲས། །གཏེར་བདག་བྱེ་བའི་ཅོད་པན་གྱིས་བཏུད་པ། །ཞང་བློན་བན་ཆེན་རྡོ་རྗེ་བདུད་འདུལ་བ། །གནོད་


CMR052_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་ནག་པོ་ཁྲག་རལ་ཅན་ཞེས་བྱ། །འཇིག་རྟེན་འདས་དང་མ་འདིས་ལས་རྣམས་ཀུན། །ཐོགས་མེད་བསྒྲུབ་ལ་རྫུ་འཕྲུལ་མཛད་པའི་སྐུ། །དུས་མཐའི་ཆར་སྤྲིན་འཁྲིགས་འདྲ་ཆེར་མནག་ཅིང་། །ཐུང་ཞིང་སྦོམ་ལ་ཡན་ལག་རགས་པ་ཅན། །ཁྲོས་པའི་མིག་དམར་གཙིགས་ཞལ་གད་རྒྱང་ཅན། །སྨིན་མ་ཨག་ཚོམ་དམར་སེར་འབར་ལ་འཁྲུགས། །སྒྲུབ་པོའི་རེ་སྐོང་ཡིད་བཞིན་ནོར་བུ་དང་། །ལུས་ཅན་ནད་འཇོམས་བདུད་རྩིའི་བུམ་པ་འཛིན། །ཕྲོག་ཞུ་རིན་ཆེན་རྒྱན་དང་ཟ་འོག་བེར། །གསེར་སྐྱེད་སག་ལྷམ་གསོལ་ནས་འདོར་སྟབས་ཀྱིས། །སྲིན་མོ་རྡོ་རྗེ་ཀུན་འགྲུབ་མར་བཅས་ནས། །ས་གསུམ་རྣམ་པར་གནོན་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་བདུད་འདུལ་གནོད་སྦྱིན་ནག་པོ་ཡུམ། །ཛམ་ལྷ་ལ་སོགས་ནོར་ལྷ་ཆེན་པོ་བརྒྱད། །འབྲོག་གནས་མཆེད་ལྔ་ལ་སོགས་གཡུ་ཁྲབ་ཅན། །ཞི་བའི་ལས་མཛད་ཉི་ཁྲི་ཆིག་སྟོང་དང་། །ཉི་མའི་གཟི་བརྗིད་ལ་སོགས་གསེར་ཁྲབ་ཅན། །རྒྱས་པའི་ལས་མཛད་ཉི་ཁྲི་ཆིག་སྟོང་དང་། །ཧ་ལ་འབར་བྱེད་ལ་སོགས་ཟངས་ཁྲབ་ཅན། །དབང་གི་ལས་མཛད་ཉི་ཁྲི་ཆིག་སྟོང་དང་། །ནག་པོ་


CMR052_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བ་ལ་སོགས་ལྕགས་ཁྲབ་ཅན། །དྲག་པོའི་ལས་མཛད་ཉི་ཁྲི་ཆིག་སྟོང་དང་། །ནོར་ལྷ་གནོད་སྦྱིན་བྱེ་བའི་ཚོགས་བཅས་ཀྱིས། །དམ་རྫས་དཀར་གསུམ་གཏོར་མ་འདི་བཞེས་ལ། །གྲྭ་པ་མངོན་ཤེས་ཅན་གྱིས་བཀའ་བསྒོས་ལྟར། །ཡུམ་ཆེན་བསྟན་པ་དར་ཞིང་རྒྱས་པ་དང་། །བདག་ཅག་རྣལ་འབྱོར་འཁོར་དང་བཅས་པ་ཡི། །ཚེ་དང་བསོད་ནམས་དཔལ་འབྱོར་རྒྱས་པ་དང་། །སད་སེར་མུ་གེ་གོད་ཁ་ཞི་བ་དང་། །མངའ་ཐང་ཆོས་སྲིད་རྒྱས་པའི་ཕྲིན་ལས་མཛོད། །ཧཱུྃ། ཤར་ཕྱོགས་སྐྱོང་མཛད་རྒྱལ་ཆེན་ཡུལ་འཁོར་སྲུང་། །དུང་མདོག་ཕྱག་ན་སྒྲ་སྙན་པི་ཝང་འཛིན། །ལྷོ་ཕྱོགས་སྐྱོང་མཛད་རྒྱལ་ཆེན་འཕགས་སྐྱེས་པོ། །མཐིང་མདོག་ཕྱག་ན་གསོད་པའི་རལ་གྲི་བསྣམས། །ནུབ་ཕྱོགས་སྐྱོང་མཛད་རྒྱལ་ཆེན་སྤྱན་མི་བཟང་། །མཚལ་མདོག་ཕྱག་ན་མཆོད་རྟེན་སྦྲུལ་ཞགས་འཛིན། །བྱང་ཕྱོགས་སྐྱོང་མཛད་རྒྱལ་ཆེན་རྣམ་ཐོས་སྲས། །གསེར་མདོག་ཕྱག་ན་རྒྱལ་མཚན་ནེའུ་ལེ་འཛིན། །ཀུན་ཀྱང་དར་བེར་རྨོག་ཞུ་བསྲེ་ཁྲབ་ཅན། །རང་རིང་བཙུན་མོ་སྲས་དང་དམག་དཔུང་བཅས། །འདིར་གཤེགས་དཀར་གསུམ་བརྒྱན་པའི་གཏོར་


CMR052_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཞེས། །མ་གཅིག་ལབ་སྒྲོན་སྤྱན་སྔར་ཁས་བླངས་བཞིན། །གཅོད་ཡུལ་བསྟན་པ་ཕྱོགས་བཞིར་རྒྱས་པ་དང་། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཡི། །དཔལ་དང་བསོད་ནམས་མངའ་ཐང་དར་བ་དང་། །ཕྱོགས་བཞིའི་དགྲ་དཔུང་ཞི་བའི་ཕྲིན་ལས་མཛོད། །ཧཱུྃ། ས་བརྒྱད་ནོན་པའི་སེམས་དཔའ་སྟོབས་པོ་ཆེ། །དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་ལྡན་པའི། །ཀླུ་ཡི་རྒྱལ་པོ་ནེའུ་ལེ་ཐོད་དཀར་ཞེས། །བོད་ཁམས་གནས་ཆེན་བརྒྱད་ཀྱི་བདག་པོ་སྟེ། །གཉན་ཆེན་ཐང་ལྷ་ཡར་བཞུད་ཅེས་སུ་གྲགས། །མི་དཀར་མཛེས་པ་གཡུ་ཡི་ཟུར་ཕུད་ཅན། །དར་དཀར་བེར་གྱོན་དབུ་ལ་དུང་ཞྭ་གསོལ། །ཕྱག་གཡས་སྦ་ལྕག་གཡོན་པས་དར་མདུང་འཕྱར། །རྟ་དཀར་གཟི་མིག་གཡུ་རྔོག་འཕུར་ཤེས་ཆིབས། །ཐང་ལྷ་ལྷ་འཁོར་སུམ་བརྒྱ་དྲུག་ཅུར་བཅས། །བདུད་འཁོར་བཙན་འཁོར་སྨན་འཁོར་སུམ་བརྒྱའི་ཚོགས། །བརྒྱ་བྱིན་སྲས་མོ་གནམ་མཚོ་ཡུམ་དང་བཅས། །འདིར་གཤེགས་དཀར་གསུམ་བརྒྱན་པའི་གཏོར་མ་བཞེས། །མ་གཅིག་ལབ་སྒྲོན་སྤྱན་སྔར་ཁས་བླངས་བཞིན། །གཅོད་ཡུལ་བསྟན་པ་དར་ཞིང་རྒྱས་པ་


CMR052_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི། །ཁ་འཛིན་རྒྱབ་རྟེན་སྡོང་གྲོགས་མ་གཡེལ་ཅིག །ཧཱུྃ། སྲིད་པའི་ལྷ་རབ་ཤམ་པོ་བོད་རྗེའི་ལྷ། །དུང་མདོག་རབ་བརྗིད་དར་དཀར་བེར་ཆེན་གསོལ། །དར་མདུང་དཀར་པོ་ཕྱར་བས་ལྷ་དམག་སྡུད། །ཆིབས་སུ་ལྷ་གཡག་དཀར་པོ་རི་ལོགས་ཙམ། །ཁ་རླངས་སྣ་རླངས་བུ་ཡུག་འཚུབ་པ་ཆིབས། །ཡུམ་ནི་གནམ་སྨན་ཐོག་གི་བུ་ཡུག་སོགས། །སྲིད་པའི་ལྷ་དམག་བྱེ་བ་འབུམ་དང་བཅས། །འདིར་གཤེགས་དཀར་གསུམ་བརྒྱན་པའི་གཏོར་མ་བཞེས། །མ་གཅིག་ལབ་སྒྲོན་སྤྱན་སྔར་ཁས་བླངས་བཞིན། །གཅོད་ཡུལ་བསྟན་པ་བསྲུང་ཞིང་སྐྱོང་བ་དང་། །བདག་གི་མཐུན་རྐྱེན་ཀུན་སྒྲུབས་འགལ་རྐྱེན་སོལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། སིང་ག་ལ་ཡི་ཡུལ་རྒྱུད་ཆུ་ཡི་ཡུལ། །གངས་དཀར་རིན་ཆེན་ཤེལ་གྱི་གཞལ་ཡས་ནས། །སྐུ་ལྷ་མཁའ་རི་མ་སང་སྤྲུལ་པའི་སྐུ། །མི་དཀར་ཤེལ་ཁྲབ་ཤེལ་རྨོག་དར་བེར་གསོལ། །ཕྱག་གཡས་མདུང་དར་གཡོན་པས་སྤྱང་ཐོད་འཛིན། །ཆིབས་སུ་རྟ་དཀར་འཕུར་ཤེས་གཟི་མིག་ཆིབས། །སྐྱེས་བུ་ཞུབས་ཆེན་


CMR052_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་ཐོགས་འབུམ་གྱིས་བསྐོར། །ལྕམ་མོ་ཤེལ་བཟའ་ཤ་བ་ཡུ་མོ་ཆིབས། །རིན་ཆེན་རྒྱན་ལྡན་མཛོ་མོ་དཀར་མོ་ཁྲིད། །མཁའ་རི་མིང་སྲིང་འཁོར་དང་བཅས་པ་རྣམས། །འདིར་གཤེགས་དཀར་གསུམ་བརྒྱན་པའི་གཏོར་མ་བཞེས། །མ་གཅིག་ལབ་སྒྲོན་སྤྱན་སྔར་ཁས་བླངས་བཞིན། །གཅོད་ཡུལ་གཏེར་ཆོས་བསྟན་པ་སྲུང་བ་དང་། །བདག་ཅག་བསམ་པོ་སྒྲུབས་ལ་རེ་བ་སྐོངས། །འཁོར་སྲུངས་རྐྱེན་ཟློག་བར་ཅད་ཐམས་ཅད་སོལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། རི་མཐོ་ས་གཙང་གངས་རི་གཉན་པོའི་རྩེར། །རང་སྣང་རིན་ཆེན་འཕྲུལ་གྱི་ཁང་བཟང་ནས། །སྲིད་པའི་ལྷ་རྒན་འོད་དེ་གུང་རྒྱལ་ཞེས། །མི་བོ་ཆེན་པོ་དར་གྱི་ལ་ཐོད་ཅན། །དར་ཟབ་བེར་གསོལ་གཡུ་ཆེན་མགུལ་པར་བརྒྱན། །མདུང་དར་སྦ་ལྕག་བསྣམས་ནས་ཅང་ཤེས་ཆིབས། །ཕ་མཚུན་མ་སང་དགྲ་བླའི་ཚོགས་དང་བཅས། །འདིར་གཤེགས་དཀར་གསུམ་བརྒྱན་པའི་གཏོར་མ་བཞེས། །མ་གཅིག་ལབ་སྒྲོན་སྤྱན་སྔར་ཁས་བླངས་བཞིན། །གཅོད་ཡུལ་བསྟན་པ་བསྲུང་ཞིང་རྒྱས་པ་དང་། །བདག་གི་ཕྲིན་ལས་འགྲུབ་


CMR052_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྡོང་གྲོགས་མཛོད། །ཧཱུྃ། ཤིང་གཅིག་སྡོང་པོ་གསེར་གླག་ཅན་གྱི་དྲུང་། །ཆུ་མིག་དྲག་པོ་གནམ་དུ་འཕྱུར་བའི་ནང་། །ཡིད་ལས་གྲུབ་པའི་རིན་ཆེན་ཁང་བཟང་ནས། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀུན་གྱི་གཙོ། །ཀླུ་ཡི་རྒྱལ་པོ་ཆེན་པོ་མཐུ་བོ་ཆེ། །དྲག་པོ་ཟླ་བ་སྐྱོང་མཛད་ཅེས་གྲགས་པ། །སྐུ་མདོག་དཀར་ལ་འཇའ་ཚོན་འོད་ཟེར་འཕྲོ། །སྦྲུལ་མགོ་འབར་བ་བདུན་གྱི་གདེངས་ཀ་འཕྱོ། །ཡིད་བཞིན་རིན་ཆེན་འབར་བའི་དབུ་གཙུག་བརྒྱན། །ཕྱག་གཉིས་ཐལ་སྦྱར་ཡིད་བཞིན་ནོར་བུ་འཛིན། །དར་དང་རིན་ཆེན་དུ་མས་སྐུ་ལ་བརྒྱན། །སྐུ་སྨད་ལྟོ་འཕྱེ་གདུག་པ་སྦྲུལ་དུ་འཁྱིལ། །རྒྱལ་རིགས་རྗེ་རིགས་དམངས་རིགས་བྲམ་ཟེའི་རིགས། །གདོལ་པ་ཀླུ་རིགས་བྱེ་བ་འབུམ་དང་བཅས། །འདིར་གཤེགས་དཀར་གསུམ་བརྒྱན་པའི་གཏོར་མ་བཞེས། །མ་གཅིག་ལབ་སྒྲོན་སྤྱན་སྔར་ཁས་བླངས་བཞིན། །གཅོད་ཡུལ་བསྟན་པ་ཡུན་རིང་སྐྱོང་བ་དང་། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ། །ཀླུ་དང་ས་བདག་ནད་རྣམས་ཞི་བ་དང་། །ཀླུ་གཡང་དངོས་གྲུབ་རྒྱ་ཆེན་འབེབས་པ་དང་། །བདག་ལ་སྡང་བའི་དགྲ་བོ་


CMR052_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཉམས་ལ། །མཛེ་ནད་ལྷོག་རྒོད་འབེབས་པའི་ཕྲིན་ལས་མཛོད། །ཧཱུྃ། སྤྲུལ་སྐུ་མ་གཅིག་ལབ་ཀྱི་སྒྲོལ་མ་ཡིས། །གངས་རི་གཉན་པོ་ཉི་ཤུ་རྩ་གཅིག་དང་། །གཉན་ས་བརྒྱ་དང་རྩ་བརྒྱད་བཅད་པའི་ཚེ། །བཀའ་དང་དམ་ལ་བཏགས་པའི་ལྷ་འདྲེ་རྣམས། །འདིར་གཤེགས་དཀར་གསུམ་བརྒྱན་པའི་གཏོར་མ་བཞེས། །གཞན་ཡང་གཅོད་ཡུལ་བརྒྱུད་པའི་བླ་མ་ཡིས། །བཀའ་དང་དམ་ལ་བཏགས་པའི་ལྷ་འདྲེ་རྣམས། །ཐམས་ཅད་དཀར་གསུམ་གཏོར་མ་འདི་བཞེས་ལ། །གཅོད་ཡུལ་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་། །བདག་གིས་ཕྲིན་ལས་འགྲུབ་པའི་སྡོང་གྲོགས་མཛོད། །དེ་ནས་གཏོར་མ་ལ་དཔལ་འབར་བཙུགས་ཏེ་བཀྱག་བཅོལ་ལ། ཕཊ། དེ་ལྟར་དམར་གཏོར་དཀར་གསུམ་གཏོར་མ་ནི། །སོ་སོར་གང་འདོད་ཕུལ་བས་མཉེས་ཤིང་ཚིམ། །ཕྲིན་ལས་གང་འདོད་བསྒྲུབ་པར་ཞལ་གྱིས་བཞེས། །བསྟན་དང་བདག་ལ་གནོད་པའི་དགྲ་བགེགས་ལ། །ཡེ་ཤེས་མཁའ་འགྲོ་རྣམས་ཀྱང་ཐུགས་ཁྲོས་ནས། །ཆོས་སྐྱོང་ཤ་ཟ་འཇིག་རྟེན་མཁའ་འགྲོའི་ཚོགས། །རང་དབང་མེད་པར་རབ་ཁྲོས་ང་རོ་སྒྲོག །ཡང་འཁོར་ལྷ་སྲིན་སྡེ་བརྒྱད་


CMR052_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

དམག་དང་བཅས། །མེ་དཔུང་རླུང་ནག་ཐོག་སེར་འབྲུག་སྒྲ་དང་། །མགོ་བརྙན་སྤྲུལ་པ་གློག་ལྟར་འཁྱུག་བྱེད་ཅིང་། །དགྲ་བགེགས་ཐམས་ཅད་རྡུལ་དུ་བརླག་པར་གྱུར། །ཀྱཻ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །དབུས་ཕྱོགས་སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ། །མཁའ་འགྲོ་བྱེ་བ་འབུམ་དང་བཅས། །སྣང་སྲིད་ལྷ་འདྲེའི་འཁོར་གྱིས་བསྐོར། །མ་འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །དམ་རྫ་ས་བརྒྱན་པའི་གཏོར་མ་བཞེས། །ཤ་ཁྲག་དམར་གྱི་གཏོར་མ་བཞེས། །ད་རེས་སྡང་བའི་དགྲ་ལ་ཡ། །ད་རེས་གནོད་པའི་བགེགས་ལ་ཡ། བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །རྒྱས་པར་འགྲེས་ཡིན་ཀྱང་བསྡུ་ན། ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །ལྷོ་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །ནུབ་པདྨ་རིགས་ཀྱི་མཁའ་འགྲོ་མ། །བྱང་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། །སྟེང་མཁའ་སྤྱོད་རིགས་ཀྱི་མཁའ་འགྲོ་མ། །འོག་ས་སྤྱོད་རིགས་ཀྱི་མཁའ་འགྲོ་མ། །མཚམས་བཞི་འཇིག་རྟེན་རིགས་ཀྱི་མཁའ་འགྲོ་མ། །མཁའ་འགྲོ་བྱེ་བ་འབུམ་དང་བཅས། །སྣང་སྲིད་ལྷ་འདྲེའི་འཁོར་གྱིས་བསྐོར། །མ་འདིར་གཤེགས་བརྒྱན་


CMR052_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཏོར་མ་བཞེས། །དམ་རྫས་བརྒྱན་པའི་གཏོར་མ་བཞེས། །ཤ་ཁྲག་དམར་གྱི་གཏོར་མ་བཞེས། །ད་རེས་སྡང་བའི་དགྲ་ལ་ཡ། །ད་རེས་གནོད་པའི་བགེགས་ལ་ཡ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་གནོད་པའི་ཕྱོགས་སམ་ཕྱི་རོལ་དུ་ཕུལ་ལོ། །དེ་ནས་བྲོ་བརྡུང་བ་ནི། ལྷག་མའི་སྣོད་དང་གཏོར་འབུལ་སྣོད་ཐམས་ཅད་གཅིག་ཐོག་ཏུ་གཅིག་སྦུབས་ཏེ། སྟེང་དུ་རྡོ་རྗེ་རྒྱ་གྲམ་བཞག་ལ། ཕཊ། གནོད་བྱེད་དམ་སྲི་མི་མིན་མི་རུ་བརྫུ་བ། །ལྷ་མིན་ལྷ་རུ་བརྫུ་བ། མགོ་གཡོག་མགོ་བསྐོར་བྱེད་པ་ཐམས་ཅད་གཏོར་གཞོང་རི་རབ་འབར་བའི་འོག་ཏུ་ཁུག་ཅིག །ཛཿཧཱུྃ་བ་ཧོ་ཧཱུྃ། ཕྱོགས་བཞིར་འཁོར་ལོའི་རྩིབས་སྟེང་ནས། །རྟོག་མེད་རོ་ཡི་གདན་སྟེང་ན། །རིགས་བཞི་མཁའ་འགྲོས་བྲོ་བརྡུངས་པས། །དཔའ་བོས་བྲོ་བརྡུང་ཁྲིགས་སེ་ཁྲིག །དཔའ་མོས་གར་བྱེད་ཁྱུགས་སེ་ཁྱུག །ད་ལན་བློ་གཅིག་བརྡུང་བ་ནི། །ཕྱོགས་བཞིའི་གདོན་བགེགས་རྡུལ་དུ་བརླག་པའི་བྲོ། །ཡ་བདུད་རྒྱལ་པོ་ཐལ་བར་བརླག་པའི་བྲོ། །མ་བདུད་རྒྱལ་མོ་ཐལ་བར་བརླག་པའི་བྲོ། །དམ་སྲི་དམ་ལ་བཏགས་པའི་བྲོ། །རྐྱེན་ངན་བར་ཆད་བཟློག་པའི་བྲོ། །


CMR052_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

བེ་ཐེལ་རྡུལ་དུ་བརླགས་པའི་བྲོ། །དབེན་གནས་དུར་ཁྲོད་ཆེན་པོ་འདིར། །རྟོག་མེད་རོ་ཡི་གདན་སྟེང་དུ། །རྡོ་རྗེ་ཕག་མོས་བྲོ་བརྡུངས་པས། །དཔའ་བོས་བྲོ་བརྡུང་ཁྲིགས་སེ་ཁྲིག །དཔའ་མོས་གླུ་ལེན་ཀྱུ་རུ་རུ། །དབེན་གནས་དུར་ཁྲོད་ཆེན་པོ་འདིར། །ཡ་བདུད་རྒྱལ་པོ་ཐལ་བར་བརླག་པའི་བྲོ། །མ་བདུད་རྒྱལ་མོ་ཐལ་བར་བརླག་པའི་བྲོ། །དམ་སྲི་དམ་ལ་བཏགས་པའི་བྲོ། །རྐྱེན་ངན་བར་ཆད་བཟློག་པའི་བྲོ། །བེ་ཐེལ་རྡུལ་དུ་བརླག་པའི་བྲོ། །བྲོ་འདི་གང་དང་གང་གི་བྲོ། །བྲོ་འདི་ཕ་རོལ་ཕྱིན་དྲུག་བྲོ། །ཕ་རོལ་ཕྱིན་དྲུག་བྲོ་བརྡུངས་པས། །དགྲ་ཉོན་དྲུག་མགོ་ལ་ཆེམས་སེ་ཆེམ། །དུག་གསུམ་མགོ་ལ་ནེམས་སེ་ནེམ། །དུག་ལྔའི་མགོ་ལ་ད་རོལ་ཅིག །བྲོ་འདི་གང་དང་གང་གི་བྲོ། བྲོ་འདི་ཡུམ་སྲས་གཉིས་ཀྱི་བྲོ། །ཡུམ་སྲས་གཉིས་ཀྱི་བྲོ་བརྡུངས་པས། །དགྲ་རྒྱལ་འགོང་མགོ་ལ་ཆེམས་སེ་ཆེམ། །དུག་གསུམ་མགོ་ལ་ནེམས་སེ་ནེམ། །དུག་ལྔའི་མགོ་ལ་ད་རོལ་ཅིག །བྲོ་འདི་གང་དང་གང་གི་བྲོ། །བྲོ་འདི་རྣལ་འབྱོར་བདག་གི་བྲོ། །རྣལ་འབྱོར་བདག་གིས་བྲོ་བརྡུངས་པས། །དགྲ་དམ་སྲིའི་མགོ་ལ་ཆེམས་སེ་ཆེམ། །དུག་


CMR052_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མགོ་ལ་ནེམས་སེ་ནེམ། །དུག་ལྔའི་མགོ་ལ་ད་རོལ་ཅིག །ཨོཾ་ལྃ་ཧཱུྃ་ལྃ། སྟྭཾ་བྷ་ཡ་ནན། ཕཊ་ཕཊ་ཕཊ། དེ་ནས་གནོད་བྱེད་རྣམས་མཁོན་སེམས་སྦྱང་ཞིང་ཆོས་བཤད་པ་ནི། ཕཊ། བདག་ཉིད་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར། །ཞལ་གཅིག་ཞི་འཛུམ་ཕྱག་གཡོན་པད་དཀར་འཛིན། །སྐུ་ཡིས་ཁམས་གསུམ་སྲིད་རྩེའི་བར་དུ་ཁྱབ། །ཞབས་གཉིས་སྐྱིལ་ཀྲུང་དར་དང་རིན་ཆེན་བརྒྱན། །ཐུགས་ཀར་ཟླ་སྟེང་ཧྲིལ་ཡིག་དྲུག་བསྐོར། །དེ་ལས་བདུད་རྩི་བབས་པས་སྐུ་ལུས་གང་། །ཕྱག་གཡས་མཆོག་སྦྱིན་མཛད་པའི་ཕྱག་སོར་ནས། །བདུད་རྩི་འོ་མ་ལྟ་བུའི་ཆུ་རྒྱུན་བབས། །མགྲོན་རྣམས་འཐུང་ཞིང་ཁྲུས་བྱས་སྡུག་བསྔལ་ཞི། །གནོད་སེམས་གདུག་རྩུབ་ཞི་ནས་བྱང་སེམས་ལྡན། །ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གྱུར་ནས། །ཐམས་ཅད་མགྲིན་གཅིག་ཡིག་དྲུག་འདོན་པར་གྱུར། །ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་ཅུང་ཟད་བཟླས་ནས། ལུས་ཤ་ཁྲག་གི་མཆོད་སྦྱིན་འདི་བསྔོས་པ་ལ་བརྟེན་ནས། བདག་དང་བསྲུང་བྱ་འཁོར་དང་བཅས་པས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསད་བསད་བཅད་བཅད་ཚེ་ཐུང་བའི་ལན་ཆགས་བྱང་བར་གྱུར་ཅིག །


CMR052_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

བརྡུངས་བརྡུངས་བཙོག་བཙོག་ནད་མང་བའི་ལན་ཆགས་བྱང་བར་གྱུར་ཅིག །འཕྲོག་འཕྲོག་བཅོམ་བཅོམ་ནོར་དབུལ་བའི་ལན་ཆགས་བྱང་བར་གྱུར་ཅིག །བཟང་དར་ཟབ་དབྱིག་གསེར་དངུལ་འབྲུ་བང་མཛོད། གྲོགས་ཁྱིམ་ཐབ། རྟ་མ་ཧེ་ལ་སོགས་པ་མདོར་ན་ཚེ་དང་སྲོག་གི་ལན་ཆགས་པའི་བུ་ལོན་འཁོར་ལན་ཆགས་བྱང་ཤ་འཁོན་དག་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཐོབ་པར་གྱུར་ཅིག །ཕཊ་ཕཊ། ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཚེ་རབས་འཁོར་བ་ཐོག་མེད་ཀྱི། །བུ་ལོན་འབྲེལ་ཐག་ཆོད་གྱུར་ཅིག ཤ་འཁོན་སྡིག་སྒྲིབ་དག་གྱུར་ཅིག །སེམས་འགྱུ་བ་དངོས་མེད་སྟོང་པ་འདི། །འདྲེ་ཁྱོད་བས་ངས་ཀྱང་མཐོང་མ་མྱོང་། །དུས་གསུམ་སངས་རྒྱས་རྣམས་ཀྱིས་གཟིགས་མ་མྱོང་། །དངོས་སུ་གྲུབ་ཅིང་མཐོང་བའི་ཆོས། །ལུས་གཟུགས་ཕུང་ཤ་ཁྲག་མཆོད་པ་བཞེས། །དཀོན་མཆོག་མཆོད་པས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་བསྐང་གྱུར་ཅིག །རིགས་དྲུག་འདོད་པ་ཚིམ་གྱུར་ཅིག །ལན་ཆགས་བུ་ལོན་བྱང་གྱུར་ཅིག །རྣམ་བཞིའི་མགྲོན་གྱི་ཚོགས་རྣམས་ལ། །ཚད་མེད་མཆོད་སྦྱིན་འདི་བསྔོས་པས། །


CMR052_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱང་། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས། །ཀུན་ཀྱང་སངས་རྒྱས་ཐོབ་པར་ཤོག །ཕཊ་ཕཊ་ཕཊ། ན་མོ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལས་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བར་ཆད་མེད་པའི་ལམ་བགྲོད་ནས། །མ་ཡུམ་ཆེན་གྱི་གོ་འཕང་ཐོབ་པར་ཤོག །ཕཊ་ཕཊ། བདག་གི་ལུས་ཤ་ཁྲག་གི་མཆོད་སྦྱིན་འདི་ཁར་རག་པ་ཙམ། དྲི་ཚོར་བ་ཙམ་གྱིས་ན་བ་ཕན། ཤི་བ་སོས། རྒས་པ་དར། ཕོ་ཐམས་ཅད་སྤྱན་རས་གཟིགས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག །མོ་ཐམས་ཅད་རྗེ་བཙུན་སྒྲོལ་མའི་གོ་འཕང་ཐོབ་པར་གྱུར་ཅིག ཕཊ་ཕཊ། ལན་ཆགས་གདོན་བགེགས་དང་། རིགས་དྲུག་སྙིང་རྗེའི་མགྲོན་ཐམས་ཅད། མགྲོན་པོ་རང་ཁྱིམ་དུ་སོང་བར་ལྟར།


CMR052_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོ་རང་རང་གི་གནས་སུ་སོང་བར་གྱུར། ཕཊ་ཕཊ། འབྱུང་པོ་ས་འོག་རྒྱུ་བ་དང་། །གང་ཡང་ས་སྟེང་འཁོད་པ་དང་། །ས་བླར་རྒྱུ་བ་གང་ཡིན་པ། །མགུ་བར་གྱིས་ལ་རང་གནས་སུ། །ཐམས་ཅད་ཐ་དད་འགྲོ་བར་གྱིས། །སརྦ་བྷུ་ཏ་གཙྪ། དེ་ནས་དཀོན་མཆོག་སྲིད་ཞུའི་མགྲོན་དང་། མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་ལ་རྗེས་ཆོག་བྱ་བ་ནི། ཨོཾ་གུ་རུ་དེ་ཝ་ཌཱཀི་ནི་སརྦ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྟ་པྲ་ཏཱིཙྪ་སྭཱ་ཧཱ། བར། ནང་མཆོད་སྲིན་ལག་གིས་གཏོར་ཞིང་། བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། །རྟེན་འབྲེལ་གྱི་རྩ་བ་མ་རྒྱུད་མཁའ་འགྲོ་རྣམས་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། བཀའ་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །ཡི་དམ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད། །མཁའ་འགྲོ་ཆོས་སྐྱོང་རྣམས་ལ་ཕྱག་འཚལ་བསྟོད། །ཆད་པ་དང་ནི་ལྷག་པ་དང་། །ཆོ་གའི་ཡན་ལག་མ་ཚང་དང་། །བདག་གིས་བགྱིད་ནོང་ཅི་མཆིས་པ། །


CMR052_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་བཟོད་པར་མཛད་དུ་གསོལ། །ཨོཾ་བཛྲ་སཏཱ་ས་མ་ཡ་སོགས་བརྗོད། མདུན་གྱི་ལྷ་ཚོགས་ཐམས་ཅད་ཀྱི་བསྔོ་བའི་དཔང་པོ་དང་མཐུན་འགྱུར་མཛད་པར་གྱུར། ཡུམ་ཆེན་མོ་སྲས་དང་སློབ་མར་བཅས་པ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཟབ་མོ་གཅོད་ཡུལ་བརྒྱུད་པ་ལ་སོགས་པ་འཕགས་པ་དང་སོ་སོའི་སྐྱེ་བོའི་དགེ་བའི་རྩ་བ་ཅི་མཆིས་པ་དེ་དག་ཐམས་ཅད་ལ་བདག་དགའ་ཞིང་གུས་པས་རྗེས་སུ་ཡི་རང་ངོ་། །དེ་ལྟར་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དང་། ལུས་ཚོགས་མཆོད་མཆོད་སྦྱིན་དུ་བསྔོས་པའི་དགེ་བའི་རྩ་བ་འདི་ཡུམ་ཆེན་མོ་སྲས་དང་སློབ་མར་བཅས་པའི་སྤྱན་སྔར་འབུལ་བར་བགྱིའོ། །དེ་ལྟར་ཕུལ་བས་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་རྒྱ་མཚོ་བསམ་གྱིས་མི་ཁྱབ་པ་དུས་གསུམ་རྒྱུན་ཆད་མེད་པར་འབྱུང་བར་གྱུར་ཅིག །དེའི་དགེ་བའི་རྩ་བ་གནས་གདོན་ལུས་གདོན་གཉིས་ཀྱིས་ཐོག་དྲངས་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོ་བར་བགྱིའོ། །བསྔོས་པ་བཞིན་དུ་ཐོབ་ནས་བདེ་བ་ཐམས་ཅད་དང་ལྡན། སྡུག་བསྔལ་ཐམས་ཅད་དང་བྲལ་ནས་མྱུར་དུ་མངོན་པར་རྫོགས་པར་


CMR052_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

འཚང་རྒྱ་བར་གྱུར་ཅིག །དེའི་དགེ་བའི་རྩ་བ་བདག་དང་བསྲུང་བྱའི་རྒྱུད་ལ་ད་ལྟ་ཉིད་དུ་ཡོངས་སུ་སྨིན་པར་གྱུར་ཅིག །དེ་ལྟར་སྨིན་པ་ལ་བརྟེན་ནས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ད་ལྟ་ཉིད་དུ་བྱང་ཞིང་དག་པར་གྱུར་ཅིག །ཚེ་དང་བསོད་ནམས་ཉམས་དང་རྟོགས་པ་ཐམས་ཅད་ཡར་ངོའི་ཟླ་བ་བཞིན་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །གཅོད་ཡུལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ད་ལྟ་ཉིད་དུ་ཐོབ་པར་གྱུར་ཅིག །ནམ་འཆི་བའི་ཚེ་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་བསུས་ནས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་བགྲོད་ནུས་པར་གྱུར་ཅིག །དེར་མེ་ཏོག་པདྨའི་སྙིང་པོ་ལ་བརྫུས་ཏེ་སྐྱེ་བ་ལེན་པར་གྱུར་ཅིག །སྐྱེས་མ་ཐག་ཏུ་མེ་ཏོག་པདྨ་ཁ་བྱེ་ནས་སངས་རྒྱས་འོད་དཔག་མེད་ཀྱི་ཞལ་མངོན་སུམ་དུ་མཐོང་བར་གྱུར་ཅིག །དེར་ས་བཅུ་ལམ་ལྔ་མཐར་ཕྱིན་ནས་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །སངས་རྒྱས་ནས་ནམ་མཁའ་ཇི་སྲིད་དུ་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་གྱུར་ཅིག །བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་


CMR052_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་ཀུན་ལ་ཕན་གདགས་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པ་འབྱུང་བར་ཤོག །གཅོད་ཡུལ་ཉམས་སུ་ལེན་པའི་གང་ཟག་གིས། །རང་སེམས་བདུད་དུ་མི་ལྟ་བར། །སྙེམས་རྟོག་མ་ལུས་ཆོད་པར་ཤོག །བཟང་པོའི་ཡོན་ཏན་ཅི་བྱུང་ཡང་། །དེ་ལ་རློམས་སེམས་མེད་པར་ཤོག། །ངན་པའི་རྣམ་རྟོག་ཅི་བྱུང་ཡང་། །དེ་ལ་སྙེམས་རྟོག་མེད་པར་ཤོག །དམ་ཆོས་བདུད་ཀྱི་གཅོད་ཡུལ་འདི། །མཁའ་ལ་ཉི་མ་ཤར་བ་བཞིན། །ཕྱོགས་དུས་ཀུན་ཏུ་ཁྱབ་པར་ཤོག །མདུན་གྱི་ལྷ་ཚོགས་ཐམས་ཅད་ཀྱིས། །མགྲིན་གཅིག་དབྱངས་གཅིག་གིས་བཀྲ་ཤིས་བརྗོད་པར་བསམས་ལ། མེ་ཏོག་ཆར་པ་འབེབས་པར་གྱུར། །ཆོས་དབྱིངས་ལྷུན་གྱིས་གྲུབ་པ་ཡི། །ཡུམ་ཆེན་ཤེས་རབ་ཕར་ཕྱིན་བཀྲ་ཤིས་ཤོག །འགྱུར་བ་མེད་པ་རྡོ་རྗེ་མཁའ་འགྲོའི་བཀྲ་ཤིས་ཤོག །དགོས་འདོད་ཀུན་འབྱུང་རིན་ཆེན་མཁའ་འགྲོའི་བཀྲ་ཤིས་ཤོག །སྐྱོན་གྱིས་མ་གོས་པདྨ་མཁའ་འགྲོའི་བཀྲ་ཤིས་


CMR052_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །ཐམས་ཅད་ལྷུན་གྲུབ་ལས་ཀྱི་མཁའ་འགྲོའི་བཀྲ་ཤིས་ཤོག །དམ་ཚིག་ལ་གནས་འཇིག་རྟེན་མཁའ་འགྲོའི་བཀྲ་ཤིས་ཤོག །བར་ཆད་ཀུན་སེལ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག །ལས་དང་འཇིག་རྟེན་མཁའ་འགྲོའི་ཚོགས། །ཤ་ཟ་དམ་ཚིག་མཁའ་འགྲོ་མ། །འཇིག་རྟེན་ཆོས་སྐྱོང་སྲུང་མ་རྣམས། །ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སོ་སོའི་ཡུལ་དུ་གཤེགས་སུ་གསོལ། །སོ་སོའི་ཡུལ་དུ་གཤེགས་ནས་ཀྱང་། །སེམས་ཅན་རྣམས་ཀྱི་དོན་སླད་དུ། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུ་དེ་ནས་སྔར་སྤར་བའི་རྣམ་ཤེས་དབབ་པ་ནི། ཕཊ། མདུན་གྱི་ཡུམ་ཆེན་མ་གཅིག་ཐུགས་ཀ་ནས། །རང་དང་བསྲུང་བྱའི་རྣམ་ཤེས་ངོ་བོ་ནི། །འོད་ཀྱི་གོང་བུའི་དབུས་སུ་མ་གཅིག་སྐུ། །དཀར་གསལ་འཛུམ་མཛེས་གར་སྟབས་ཁྱུག་ཁྱུག་གཅིག །ཚངས་བུག་ནས་ཞུགས་དབུ་མའི་ལམ་ནས་བརྒྱུད། །སྙིང་ནི་པདྨ་འདབ་བརྒྱད་དབུས་སུ་ཞུགས། །གྱེན་དུ་ཁ་ཟླུམ་བུམ་སྐུའི་རྣམ་པར་གྱུར། །དེ་ནས་བྱིན་རླབས་ཞུ་བ་ནི། མ་གཅིག་ཡུམ་ཆེན་ལྷ་ཚོགས་འཁོར་བཅས་ཀྱིས། །བདག་དང་བསྲུང་


CMR052_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་ལུས་ངག་ཡིད་གསུམ་ལ། །སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། །དེ་ལྟར་གསོལ་བ་བཏབ་པས་ལྷ་རྣམས་ཀྱི། །སྐུ་གསུང་ཐུགས་ལས་འོད་ཟེར་སྣ་ཚོགས་འཕྲོས། །ཡུམ་ཆེན་འོད་ཟེར་འཕྲོས་པས་མ་གཅིག་བསྐུལ། །མ་གཅིག་སྐུ་ལས་འོད་ཟེར་འཕྲོས་པ་ཡིས། །གཡོན་ཕྱོགས་རིགས་ཀྱི་མཁའ་འགྲོ་སྡེ་ལྔ་བསྐུལ། །།ཀུན་གྱི་བྱིན་རླབས་མཁའ་འགྲོ་སྡེ་ལྔར་བསྡུས། །སྡེ་ལྔའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀུན། །འོད་ཟེར་དཀར་དམར་མཐིང་གའི་རྣམ་པར་བྱོན། །བདག་དང་བསྲུང་བྱའི་ལུས་ངག་ཡིད་གསུམ་ལ། །སིབ་སིབ་ཐིམ་པས་བྱིན་རླབས་དངོས་གྲུབ་ཐོབ། །ཕཊ་ཕཊ་ཕཊ། དེ་ནས་དབང་བླང་བ་ནི། མ་གཅིག་ཡུམ་ཆེན་ལྷ་ཚོགས་ཐམས་ཅད་ཀྱིས། །བདག་ཅག་དཔོན་སློབ་བསྲུང་བྱ་ཐམས་ཅད་ལ། །དབང་བཞི་རྫོགས་པར་བསྐུར་བར་མཛད་དུ་གསོལ། །གསོལ་བ་བཏབ་པས་ལྷ་ཚོགས་ཐམས་ཅད་ཀྱི། །དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས། །བདག་དང་བསྲུང་བྱའི་ཚངས་པའི་བུག་ནས་ཞུགས། །ལུས་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག །འོད་ཟེར་དཀར་པོས་ལུས་རྣམས་མེར་གྱིས་


CMR052_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

གང་། །བུམ་པའི་དབང་ཐོབ་སྤྲུལ་སྐུའི་ས་བོན་བཞག །མགྲིན་པའི་ལས་འོད་ཟེར་དམར་པོ་འཕྲོས། །བདག་དང་བསྲུང་བྱའི་མགྲིན་པའི་གནས་ནས་ཞུགས། །ངག་གི་སྒྲིབ་པ་དིག་ལྷགས་ཐམས་ཅད་དག །ལུས་ནང་འོད་ཟེར་དམར་པོས་གང་བ་ཡིས། །གསང་བའི་དབང་ཐོབ་ལོངས་སྐུའི་ས་བོན་བཞག །ལྷ་ཚོགས་ཐུགས་ཀའི་ཧཱུྃ་ཡིག་སྔོན་པོ་ལས། །འོད་སྔོན་བདག་དང་བསྲུང་བྱའི་སྙིང་གར་ཐིམ། །སེམས་ཀྱི་སྒྲིབ་པ་སྨྱོ་འབོག་ཐམས་ཅད་དག །འོད་ཟེར་སྔོན་པོས་ལུས་རྣམས་ལྟེམ་གྱིས་གང་། །ཤེར་ཡེའི་དབང་ཐོབ་ཆོས་སྐུའི་ས་བོན་བཞག །ལྷ་རྣམས་གནས་གསུམ་འོད་ཟེར་སྣ་ཚོགས་འཕྲོས། །བདག་དང་བསྲུང་བྱའི་ལུས་ཀུན་ལ་ཐིམ་པས། །སྒོ་གསུམ་ཆ་མཉམ་སྒྲིབ་པ་ཐམས་ཅད་དག །ནད་གདོན་སྡིག་སྒྲིབ་དུད་ཁུ་སོལ་ཁུ་དང་། །ཉ་ལྕོང་སྦ་སྦྲུལ་རྣམ་པར་ཉིལ་གྱིས་བུད། །ལུས་ཀུན་འོད་ཟེར་ཁ་དོག་དུ་མས་གང་། །དབང་བཞི་ཡོངས་སུ་རྫོགས་པ་ཐོབ་གྱུར་ནས། །ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །ཡུམ་ཆེན་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་རྣམས། །འོད་དུ་ཞུ་ནས་མ་གཅིག་ཉིད་ལ་ཐིམ། མ་གཅིག་བདག་


CMR052_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསྲུང་བྱའི་གྲངས་མཉམ་པ། ཁ་དོག་ལྔ་ལྡན་གྱུར་ནས་བདག་ཉིད་དང་། །བསྲུང་བྱའི་སྤྱི་བོར་ཞུགས་ནས་བྱིན་གྱིས་རློབས། །ཀྱཻ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །མ་ཤར་ནས་གོམ་གསུམ་བྱོན་ཙམ་ན། །སྐུ་ཤ་ཆུང་ལ་སྐུ་མདོག་དཀར། །རྡོ་རྗེ་མཁའ་འགྲོ་འབུམ་གྱིས་བསྐོར། །ཆོས་ཉིད་ནམ་མཁའི་ཀློང་ཡངས་ནས། །ཐུགས་རྗེའི་སྤྲིན་ཕུང་ཐིབས་སེ་ཐིབ། །བྱིན་རླབས་ཆར་རྒྱུན་སི་ལི་ལི། །མ་སྤྱི་གཙུག་རྒྱན་འདིར་བཞུགས་སུ་གསོལ། །མ་སྤྱི་གཙུག་རྒྱན་དེར་བཞུགས་ནས་ཀྱང་། །མས་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །བྱིན་གྱིས་རློབས་ཤིག་མ་གཅིག་མ། །བར་ཆད་སོལ་ཅིག་མ་གཅིག་མ། །རྟོགས་པ་བསྐྱེད་ཅིག་མ་གཅིག་མ། །དབང་མཆོག་བསྐུར་ཅིག་མ་གཅིག་མ། །ཐུགས་རྗེས་ཟུངས་ཤིག་མ་གཅིག་མ། །རྒྱས་པར་འགྲེས་ཡིན་ཀྱང་བསྡུ་ན། མ་ལྷོ་ནས་གོམ་གསུམ་བྱོན་ཙམ་ན། །སྐུ་ཤ་ཆུང་ལ་སྐུ་མདོག་སེར། །རིན་ཆེན་མཁའ་འགྲོ་འབུམ་གྱིས་བསྐོར། །མ་ནུབ་ནས་གོམ་གསུམ་བྱོན་ཙམ་ན། །སྐུ་ཤ་ཆུང་ལ་སྐུ་མདོག་དམར། །པདྨ་མཁའ་འགྲོ་འབུམ་གྱིས་བསྐོར། །མ་བྱང་


CMR052_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གོམ་གསུམ་བྱོན་ཙམ་ན། །སྐུ་ཤ་ཆུང་ལ་སྐུ་མདོག་ལྗང་། །ལས་ཀྱི་མཁའ་འགྲོ་འབུམ་གྱིས་བསྐོར། །མ་དབུས་ནས་གོམ་གསུམ་བྱོན་ཙམ་ན། །སྐུ་ཤ་ཆུང་ལ་སྐུ་མདོག་ནག །ཡེ་ཤེས་མཁའ་འགྲོ་འབུམ་གྱིས་བསྐོར། །ཆོས་ཉིད་ནམ་མཁའི་ཀློང་ཡངས་ནས། །ཐུགས་རྗེའི་སྤྲིན་ཕུང་ཐིབས་སེ་ཐིབ། །བྱིན་རླབས་ཆར་རྒྱུན་སི་ལི་ལི། །མ་སྤྱི་གཙུག་རྒྱན་འདིར་བཞུགས་སུ་གསོལ། །མ་སྤྱི་གཙུག་རྒྱན་དེར་བཞུགས་ནས་ཀྱང་། །མས་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མས་བྱིན་གྱིས་རློབས་ཤིག་ཚོམ་གཅིག་མ། །བར་ཆད་སོལ་ཅིག་མ་གཅིག་མ། །རྟོགས་པ་བསྐྱེད་ཅིག་མ་གཅིག་མ། །དབང་མཆོག་བསྐུར་ཅིག་མ་གཅིག་མ། །ཐུགས་རྗེས་ཟུངས་ཤིག་མ་གཅིག་མ། །ཕཊ་ཕཊ། བདག་དང་བསྲུང་བྱའི་སྤྱི་བོར་མ་གཅིག་རིགས་ལྔ་འོད་དུ་ཞུ་ནས་བདག་དང་བསྲུང་བྱ་ལ་ཐིམ་པས་སྐུ་དང་ལུས་དབྱེར་མེད་དུ་འདྲེས། གསུང་དང་ངག་དབྱེར་མེད་དུ་འདྲེས༔ ཐུགས་དང་སེམས་དབྱེར་མེད་དུ་འདྲེས། བདག་དང་བསྲུང་བྱ་རྣམས་མ་གཅིག་དང་དབྱེར་མེད་པ། ཆོས་ཀྱི་སྐུར་ལམ་གྱིས་སོང་བར་གྱུར། ཕཊ་ཕཊ་ཕཊ། ཅེས་


CMR052_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་བྲལ་སྟོང་ཉིད་ངང་ལ་ཡུན་རིང་དུ་བཞག་གོ །སླར་ཡང་རང་ཉིད་ཊཱའི་དམར་མོ་རྒྱུན་མེད་པ་སྒྱུ་མའི་སྐུར་ལྡངས་ལ། སྤྱོད་ལམ་ལ་འཇུག་གོ། །དེའང་ཤིན་ཏུ་རྒྱས་པར་འདོད་ན་འགྲེས་རྩ་བསྡུས་པ་རྣམས་རྒྱས་པར་བཤངསལ་འདོན། དེ་བས་བསྡུ་ན་ནི་འདིར་ཡོད་ཚུགས་ལ་གདོན་ཚོགས་དགུ་མ་སྦྱར་རོ། །དེ་བས་བསྡུ་ན་གདོན་ཚོགས་དགུ་མ་མི་དགོས། དེ་བས་བསྡུ་ན་སེར་མ་རྣམས་བསྒྱུར་ལ་དམིགས་པ་ཡིད་ཀྱིས་བསྒོམས་ལ་གཞུང་རྣམས་འདོན། བདུད་རྩི་བྱིན་རླབས་དང་པོ་གཅིག་བྱས་ནས་རྒྱུན་དུ་མི་དགོས། དབང་སྡུད་ཞི་དྲག་གང་རུང་རེ་རེས་ཆོག །དེ་ལས་བསྡུ་ན་བསྐང་བ་བསྐྱུར། གཏོར་འབུལ་འབུམ་བསྐུལ་རྐྱང་པ་དང་། གཅོད་ཀྱི་གཏོར་འབུལ་མཁའ་འགྲོ་སྡེ་དྲུག་ཙམ་གྱིས་ཆོག །དེ་ལས་བསྡུ་ན་གཏོར་བསྔོས་སྔགས་བསྔོས་བྱེད། འདི་ཚར་རེའམ་ཞག་རེ་ལའང་རུང་། ལྔ་བདུན་དགུ་སོགས་རྟགས་ཐོན་བྱེད་ན། གཅོད་ཚོགས་ཚར་གསུམ་མམ་གཉིས་རེ། ལུས་སྦྱིན་གསུམ་མམ་གཉིས་རེ་ཐུན་བཞིའམ་དྲུག་བྱ། ཐུན་མཚམས་སུ་སྨྱོ་འདུལ་ལ་སོགས་གང་དགོས་ཀྱི་དམིགས་པ་གསེབ་དམིགས་སུ་བཏང་བ་ཡིན་ནོ། །ཨེ་མ་ཡུམ་ཆེན་ཐུགས་སྤྲུལ་མ་གཅིག་གཅོད་ཚོགས་འདི། །མདོ་ལུགས་སྔགས་ལུགས་ཟུང་འཇུག་ལུགས་གསུམ་ལས། །རྒྱ་ཆེར་འཕེལ་བས་ཧ་ཅང་འཆལ་དྲགས་པས། །མི་འདྲ་མི་མཐུན་ནམ་མཁའི་སྐར་མ་ཙམ། །དེང་སང་གཅོད་པ་ཕལ་གྱིས་གང་རྙེད་འདོན། །མཛད་བྱང་ཙམ་ཡང་ཕལ་ཆེར་མི་སྣང་བས། །རྣམ་པར་དག་


CMR052_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཅོད་ལོག་འབྱེད་པ་དཀའ། །ཐོད་སྨྱོན་གངས་པ་སྨུག་སངས་ལྷུན་གྲུབ་ནས། །གྲུབ་ཆེན་ཀརྨ་པ་ལ་གཅོད་ཚོགས་བརྒྱུད། །གཉན་རས་པ་ཡིས་རང་བྱུང་བ་ལ་བརྒྱུད། །འོན་ཀྱང་དེ་ཉིད་སྔགས་ལུགས་གཙོ་ཆེ་བས། །བརྒྱུད་པ་ཧ་ཅང་མི་འཕེལ་རྟེན་འབྲེལ་གཟིགས། །གནམ་མཚོ་བ་ནས་མདོ་ལུགས་བརྒྱུད་པ་དང་། །མདོ་སྔགས་ཟུང་འཇུག་བརྒྱུད་པ་གསན་མཛད་ནས། །གཅོད་ཚོགས་གསལ་དག་རང་བྱུང་རྒྱལ་བས་མཛད། །འོན་ཀྱང་དར་ཆེ་ཕྱག་ལེན་མང་དུ་དར། །ལ་ལས་རྒྱས་འདོད་ཚིག་ལྷད་མང་དུ་བཙུད། །ལ་ལས་བསྡུས་འདོད་བཀའ་བརྒྱུད་ཚོགས་ལས་འཕྲོ། །དེ་སོགས་མི་འདྲ་མང་དུ་དར་ན་ཡང་། །འདི་ཡི་དམིགས་རིམ་བཤད་པ་མཐའ་ཆོད་བཅས། །དབོན་པོ་རཏྣ་སིང་ཧས་མཛད་པ་དང་། །དེ་ཡི་དོན་བསྡུས་ཀུན་དགའ་རྣམ་རྒྱལ་གསུང་། །གཞན་ཡང་མན་ངག་མང་པོ་མཐོང་ཞིང་ཐོས། །ཟུར་མང་ལུགས་དང་རྒྱ་སྟོན་ཞིག་གཅོད་ལུགས། །ཚད་ལྡན་ཚད་ལྡན་མིན་པ་མང་པོ་ཡི། །ཕྱག་ལེན་མང་པོ་མཐོང་ཞིང་ཐོས་པ་དང་། །ཆོས་ཀྱི་དབང་ཕྱུག་ཀུན་དགའ་རྣམ་རྒྱལ་ལས། །ལུས་སྦྱིན་གཙོད་ཚོགས་འབྲེལ་པ་བྱིན་རླབས་ཐོབ། །གཞན་ཡང་ཡོངས་འཛིན་ལྔ་ལས་གཅོད་ཁྲིད་ཐོབ། །དབང་ལུང་དམིགས་རིམ་སོ་སོར་ཅི་རིགས་ཞུས། །ཆར་འབོད་དང་ནི་ནད་གཅོད་དམིགས་རིམ་ལས། །ལན་གྲངས་འགའ་འགར་ཚར་ལྷོང་འདྲེས་ཙམ་བྱུང་། །དམ་པ་མ་གཅིག་སོགས་ཀྱིས་རྨི་ལམ་དུ། །བྱིན་གྱིས་བརླབས་པའི་མཚན་མ་ཅུང་ཟད་མཐོང་། །དབོན་པོ་ཆོས་འཕེལ་ཞེས་བྱས་ཡང་


CMR052_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དུ། །འདི་ཉིད་བསྒྲིག་དགོས་ནན་ཏན་ཆེར་བྱས་པས། །གཅོད་ཡུལ་བརྒྱུད་པའི་བླ་མ་ཡི་དམ་ལྷར། །གསོལ་བ་བཏབ་ནས་རུང་ངམ་མི་རུང་བརྟག །འདི་ཉིད་མ་རྒྱུད་མཁའ་འགྲོའི་སྲོག་ཡིན་ཕྱིར། །རང་གི་ཚེ་ལ་ཅུང་ཟད་གཟན་པ་དང་། །རང་ཉིད་ཡོངས་སུ་མ་གྲགས་འཁོས་ཞན་པས། །ཚད་ལྡན་སྟོབས་ཆེན་སུ་ལ་མི་ཕན་ཡང་། །ཉམ་ཆུང་དམན་པ་འགའ་ལ་ཕན་པའི་ལྟས། སྐུ་ཡི་རྣམ་པ་གསལ་བར་མ་མཐོང་ཡང་། །བཅོམ་ལྡན་ཤཱཀ་ཐུབ་དངོས་སུ་བྱོན་ནས་ཀྱང་། །ཤེར་ཕྱིན་རྒྱས་པའི་ཆོས་འཁོར་བསྐོར་འདུག་པའི། །དེ་ཡི་ཁྲི་ནས་ཁྱོན་ཐག་དཀར་པོ་བཞི། །བདག་གིས་ཕྱོགས་བཞིར་འཐེན་ཅིང་དེ་ཡི་རྒྱུད། །དར་ཅོག་དཀར་པོ་ཆུང་ཆུང་མཐོ་རེ་ཙམ། །གྲངས་མེད་ཕྱོགས་བཞི་ཀུན་ཏུ་བཙུགས་པ་རྨིས། །རང་ལ་གནོད་ཀྱང་བཟོད་བྱས་གཞན་ཕན་གྱི། །བསམ་པ་བཟང་པོས་ཀུན་ནས་བསླངས་ཏེ་བྲིས། །དེ་ཕྱིར་ཕྱིན་ཆད་འདི་ལ་སུ་ཡིས་ཀྱང་། །སྣོན་ཕྲི་བཅོས་བསླད་ཅིས་ཀྱང་མི་མཛད་ཞུ། །མཚན་མོ་སྒྲ་སྒྲོགས་ཤམ་པོ་གཟའ་བདུད་དང་། །ཟངས་རི་སྤུན་བདུན་དྲག་པོ་ཟླ་སྐྱོང་སོགས། །བཀའ་སྲུང་རྣམས་ལ་གཏད་དོ་ཐུབ་པར་སྲུངས། །མ་གཅིག་དམ་ལས་མ་འདའ་ས་མ་ཡ། །བདག་ནི་མི་ཤེས་སོ་སྐྱེའི་དབང་གྱུར་པས། །མ་རྟོགས་ལོག་རྟོག་སྦྲ་འོས་གསལ་བཀོད་སོགས། །འགལ་འཁྲུལ་ཉེས་པའི་ཚོགས་རྣམས་ཅི་མཆིས་པ། །མ་གཅིག་ཆོས་བདག་སྲུང་མའི་ཚོགས་ལ་བཤགས། །འདི་ཕྱིར་སྒྲིབ་པར་མི་འགྱུར་དངོས་གྲུབ་སྩོལ། །འདི་ཉིད་བྲིས་ཤིང་།


CMR052_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས་པའི་དགེ་བ་དེས། །བདག་དང་བདག་ལ་འབྲེལ་བ་ཐོགས་པ་དང་། །འདི་ཉིད་མཐོང་ཐོས་འབྲེལ་ཐོགས་འགྲོ་བ་རྣམས། །ཚེ་འདིར་བར་ཆད་བདུད་བཞིའི་གཡུལ་ལས་རྒྱལ། །ནམ་ཞིག་འཕོས་ཚེ་ཊཱཀིའི་ཚོགས་རྣམས་ཀྱིས། །མེ་ཏོག་ཆར་འབེབས་རོལ་མོའི་སྒྲ་དང་བཅས། །བདེ་བ་ཅན་གྱི་ཞིང་དེར་ཁྲིད་བྱེད་ཅིང་། །ཆོས་སྐུ་འོད་དཔག་མེད་པའི་ཞལ་མཐོང་ནས། །བྱང་ཆུབ་སྤྱོད་པ་རྒྱ་ཆེར་སྤྱོད་གྱུར་ཅིག །དེ་སྐད་སྨྲ་བ་རཱ་གའི་མིང་ཅན་དེས། །ཤིང་རྟ་གྲོ་ཞུན་ཟླ་བར་རྫོགས་པར་བཀོད། །གཅོད་ཡུལ་བསྟན་པ་དར་རྒྱས་བཀྲ་ཤིས་ཤོག །མངྒ་ལཾ།། ༈ །།སླར་སྨྲས་པ། རྣམ་འདྲེན་བཞི་པས་བྱ་རྒོད་སྤུང་རིར་སོགས། །འཁོར་ལོ་བར་པའི་ལེགས་བཤད་སེང་གེའི་སྒྲ། །འོད་གསལ་ཕྱག་ཆེན་བློ་འདས་རྫོགས་ཆེན་ལ། །ལབ་ཀྱི་སྒྲོན་མའི་གཅོད་ཡུལ་མིང་དུ་ཆགས། །གང་གི་ཆོས་ཚུལ་ཉེ་ལམ་རྨད་བྱུང་བ། །ཡེ་ཤེས་མཁའ་འགྲོས་ཁ་བའི་ཞིང་འདིར་ཕབ། །རྒྱ་གར་པཎ་གྲུབ་དུ་མས་རྒྱ་འགྱུར་གནང་། །བོད་ཆོས་རྒྱ་ལ་འགྱུར་བའི་དབུ་འཁྱུད་བྲིས། །བཀའ་བབ་ལས་ཅན་བུ་ཆེན་བཅུ་དྲུག་དང་། །སྲས་བརྒྱུད་སློབ་བརྒྱུད་རྟོགས་པའི་ཉམས་མགུར་ལས། །གདམས་པ་བདུད་ཀྱི་སྤྱོད་ཡུལ་ཟབ་མོ་འདིས། །ཡངས་པའི་ས་ཆེན་ཡོངས་སུ་ཁྱབ་པར་བྱས། །དེ་ལས་གྲུབ་པའི་དབང་ཕྱུག་ཨ་རཱ་གས། །རྩ་བ་སྙན་བརྒྱུད་དགོངས་


CMR052_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཇི་བཞིན་དུ། །ཞལ་ཤེས་མན་ངག་གབ་པ་མངོན་དུ་ཕྱུང་། །ཁ་ཚང་དོན་འདྲིལ་ཕྱི་རབས་དོན་དུ་བཀོད། །ཉེར་གཅིག་དུས་རབས་སྒེག་མོའི་འཛུམ་ཞལ་ངོགས། །གྲུབ་བརྙེས་རཱ་གའི་གསུང་བསྐོར་ནན་ཞུས་ཀྱིས། །བསྡུ་སྒྲིག་སྐབས་སུ་བསྟན་རྒྱས་གླིང་དང་ནི། །པར་སྤུང་དབུས་པར་བྲིས་རྙིང་ནང་བཞིན་བཀོད། །འོན་ཀྱང་རྒྱས་བསྡུས་འབྲིང་གི་འགྲོ་ཚུལ་ཡང་། །གཞུང་ནས་སེར་མ་བསྐྱུར་ཞེས་གསུངས་པའི་དོན། །སེར་རྟགས་དབུ་འཇུག་ཉི་ཟླའི་མཚན་མ་ཡོད། །དེ་ལས་སྣོན་ཕྲི་བཅོས་སླད་མེད་དོ་སྙམ། །ངག་འདོན་འདི་ཉིད་རྣལ་འབྱོར་མགུར་དབྱངས་དང་། །རྒྱ་འགྱུར་བསྟོད་ཚོགས་རྣམས་ལས་བསྡུས་ཏེ་བསྒྲིགས། །དེ་ཕྱིར་ཚིག་བར་རིང་ཐུང་མངོན་ན་ཡང་། །དོན་ལ་དགོངས་པས་ཚིག་ལ་འགལ་བ་མེད། །མཚན་མོ་སྒྲ་སྒྲོག་ཤམ་པོ་གཟའ་བདུད་དང་། །ཟངས་རི་སྤུན་བདུན་དྲག་པོ་ཟླ་སྐྱོང་སོགས། །གཅོད་ཡུལ་སྒོས་ཀྱི་བསྟན་སྲུང་རྒྱ་མཚོའི་ཚོགས། །འཛིན་སྐྱོང་སྤེལ་བའི་ཕྲིན་ལས་ཁྱོད་ཀྱིས་གྱིས། །གང་གི་མཐུ་ལས་རྒྱལ་བསྟན་དར་ཞིང་རྒྱས། །བསྟན་འཛིན་དམ་པའི་བཞེད་དོན་མཐའ་རུ་ཕྱིན། །ཁྱད་པར་མཉམ་མེད་རྒྱལ་བ་གནས་མདོ་བའི། །བསྟན་པ་དམ་པས་ས་གསུམ་ཤིས་གྱུར་ཅིག །འདིར་འབད་ལས་ཐོབ་རྣམ་


CMR052_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་དགེ་བའི་རྒྱུན། །མ་ལུས་འགྲོ་བའི་གསོས་སུ་ཉེར་ཞུགས་ནས། །མི་འདོད་རྒུད་པའི་གདུང་བ་རབ་ཞི་སྟེ། །མཐར་ཐུག་བདེ་ཆེན་ཞིང་དེར་ཁྲིད་བྱེད་ཤོག །གདམས་ཟབ་ཞི་བྱེད་ལམ་འདིར་ཞུགས་པ་རྣམས། །འཁྲུལ་སྣང་རིང་གཟུགས་ལྷ་འདྲེ་འདུལ་སྙམ་གྱིས། །ལོག་ལམ་རིང་རྒྱུད་ཆུད་ཟོས་མ་སོང་བར། །ང་བདག་རྩད་ཆོད་ཡུམ་དོན་མངོན་གྱུར་ཤོག །ཅེས་སྤར་བྱང་སྨོན་ཚིག་འདི་གསུང་སྐོར་བསྡུ་སྒྲིག་པ་རྣམས་ཀྱིས་མདོ་སྨད་ཙོང་ཆུ་དལ་གྱིས་བཞུར་བའི་ཉེ་འགྲམ་ནས་བཀོད་པའོ། །མངྒ་ལཾ།། །། ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousཆོས་རྗེ་རང་བྱུང་རྡོ་རྗེས་མཛད་པའི་གཅོད་ཀྱི་ཚོགས་ལས་རིན་པོ་ཆེའི་ཕྲེང་བའི་འདོན་འགྲིགས་བལྟས་ཆོག་ཏུ་བཀོད་པ་གཅོད་ཀྱི་ལུགས་སོར་བཞགnext