Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དུར་གཅོད་ཀྱི་ངག་འདོན་འགྲིགས་ཆགས་སུ་བཀོད་པ་དུར་སྲི་རྒྱུན་གཅོད་ཅེས་བྱ་བ་དུར་གཅོད་ཀུན་གྱི་དོན་བསྡུས་པ།
   
   
   


 
previousདུར་གཅོད་ཀྱི་ངག་འདོན་འགྲིགས་ཆགས་སུ་བཀོད་པ་དུར་སྲི་རྒྱུན་གཅོད་ཅེས་བྱ་བ་དུར་གཅོད་ཀུན་གྱི་དོན་བསྡུས་པ།next

དུར་གཅོད་ཀྱི་ངག་འདོན་འགྲིགས་ཆགས་སུ་བཀོད་པ་དུར་སྲི་རྒྱུན་གཅོད་ཅེས་བྱ་བ་དུར་གཅོད་ཀུན་གྱི་དོན་བསྡུས་པ།


CMR052_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

༼ཚ༽ །དུར་གཅོད་ཀྱི་ངག་འདོན་འགྲིགས་ཆགས་སུ་བཀོད་པ་དུར་སྲི་རྒྱུན་གཅོད་ཅེས་བྱ་བ་དུར་གཅོད་ཀུན་གྱི་དོན་བསྡུས་པ་བཞུགས་སོ།།


CMR052_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཛྙཱ་ན་ཌཱཀི་ཡེ། དུར་ཁྲོད་བདག་མོ་ཁྲོས་མ་ནག་མོ་ལ། །གུས་པས་ཕྱག་འཚལ་འགྲོ་ལ་ཕན་དོན་དུ། །དུར་གཅོད་ལས་རིམ་འདོན་འགྲིགས་གསལ་བཀོད་བྱ། །ཆོས་བདག་ཌཱཀིས་བཀའ་གནང་བྱིན་གྱིས་རློབས། །དང་པོ་རང་འགྲོ་རྒྱུའི་ནུབ་མོ་རང་ཉིད་ཉམས་དགའ་ཞིང་ཏིང་ངེ་འཛིན་གསལ་ན་བཟང་། བྱིང་འཐིབ་རིག་པ་མིག་གསལ་ན་ངན། རང་འགྲོ་བསམ་མ་ཐག་ཏུ་ཟིལ་གནོན་འཕེན་ཏེ། ཕཊ། རང་ཉིད་ཡུམ་ཆེན་མོར་གསལ་བའི་ཐུགས་ཀ་ནས། ཚེ་འདས་དེ་བརྗེ་ཡིན་ན་གསེར་གྱི་རྡོ་རྗེ། བུད་མེད་ཡིན་ན་དངུལ་གྱི་རྡོ་རྗེ། སྐྱེ་བོ་ལ་ལྕགས་ཀྱི་རྡོ་རྗེ་མདའ་འཕང་བ་ལྟར་འཕྲོས། དུར་དེའི་ཁྱིམ་ནང་དུ་བབ་པ་ལས། འོད་ཟེར་རྡོ་རྗེའི་ལྕགས་


CMR052_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱུས་ལྷ་འདྲེ་ཐམས་ཅད་བཟུང་། འོད་ཟེར་རྡོ་རྗེའི་ཞགས་པས་བསྡམས་ནས་བྲོས་དབང་མེད་པར་བསྒོམ། རོ་མཐོང་མ་ཐག་ཏུ། ཕཊ། རང་ཉིད་ཁྲོས་མ་དམར་ནག་སྤྱི་བོར་སྟག་ཞལ་ངར་སྒྲ་སྒྲོག་པ་ཞིག་གི་ཐུགས་ཀ་ནས་གསེར་གྱི་སྟ་རེ་ངར་མ་ཞིག་འཕྲོས། རོ་དེའི་སྙིང་གར་བརྒྱབས་པས་ཤག་གིས་བཀས་པར་བསྒོམ། དེ་ནས་རོ་དེའི་རྩར་ཕྱིན་པ་དང་། ཀྱེ་མ་སེམས་ཅན་ཐམས་ཅད་འདི་ལྟ་བུའི་རང་བཞིན། འདི་ལྟ་བུའི་ཆོས་ཉིད་ལས་མ་འདས་པ་ཡིན། མི་རྟག་པ་ཨ་ཙ་མ་བསམ་ལ་ཡུད་ཙམ་བསྡད། དེ་ནས་ཀྱེ་མ་ཚེ་འདས་འདི་ནི་སྐྱེ་བ་གྲངས་མེད་པའི་མ་རྒན་ཡིན། ད་ལྟ་ཚེ་འདིའི་སྣང་བ་ནུབ་ནས་གར་འགྲོ་ཆ་མེད་ཀྱི་ས་མཚམས་ན་གདའ་བ་སྙིང་རེ་རྗེ། བདག་གིས་བླ་མ་བརྒྱུད་པ་དང་མ་གཅིག་ལ་གསོལ་བ་བཏབ་ནས་དག་པའི་ཞིང་


CMR052_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ལམ་བསྟན་པར་བྱའོ་སྙམ་དུ་སེམས་བསྐྱེད་ལ། ཚེ་ལས་འདས་པས་ཐོག་དྲངས་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཟབ་མོ་གཅོད་ཡུལ་བརྒྱུད་པའི་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །མ་གཅིག་ཡུམ་ཆེན་མོ་མཁའ་འགྲོ་སྡེ་ལྔའི་ཚོགས་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །ཚེ་ལས་འདས་པ་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་ནས། མྱུར་དུ་སངས་རྒྱས་ཀྱི་ས་ལ་འགོད་པའི་ཆེད་དུ། ཐར་པའི་ལམ་སྟོན་ཅིང་ཕུང་པོ་ཡོན་དུ་འབུལ་བར་བྱའོ། །ཕཊ། རང་ཉིད་སྐད་ཅིག་གིས་མ་གཅིག་ལབ་ཀྱི་སྒྲོན་མ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཕྱག་གཡས་གསེར་གྱི་ཌཱ་མ་རུ་ནམ་མཁའ་ལ་དཀྲོལ་རྡེབ་བྱེད་པ། གཡོན་དངུལ་དཀར་གྱི་དྲིལ་བུ་དཀུ་ལ་བརྟེན་པ། སྐུ་ལ་དར་དཀར་པོའི་རལ་ག་གསོལ་བ། དམར་པོའི་སྐེ་རགས་བཅིངས་པ། །དབུ་སྐྲ་སིལ་མས་སྐུ་རྒྱབ་ནོན་པ། སྤྱན་གསུམ་བར་སྣང་ལ་གཟིགས་པ། སྐེད་པ་སྒེག་ཅིང་ནུ་མ་འབུར་བ། བཅུ་དྲུག་ལོན་པའི་ན་ཚོད་ཅན། པད་ཟླ་ཉི་མའི་གདན་ལ་སྐུ་གར་


CMR052_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ལིང་ལིང་འཁོར་མཁའ་འགྲོ་འབུམ་གྱིས་བསྐོར་བའི་སྟེང་གི་ནམ་མཁའ་ལ་གཅོད་ཡུལ་བརྒྱུད་པའི་བླ་མ་ཐམས་ཅད་སྤྲིན་གྱི་ཕུང་པོ་ལྟ་བུར་བཞུགས་པར་གྱུར། །ཀྱི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། ཚེ་ལས་འདས་པ་ཁྱོད་ཉོན་ཅིག །ཕ་གཅིག་དམ་པ་སངས་རྒྱས་ཀྱི་ཞལ་ནས། འཆི་བ་འཆི་བ་མ་ཡིན་ཏེ། །རྣལ་འབྱོར་སངས་ཆུང་རྒྱ་བ་ཡིན། །ཞེས་གསུངས་པས་འཆི་བ་ལམ་དུ་བསླང་བའི་གདམས་ངག་ཚིག་གསུམ་འདི་ཡིད་ལ་ཟུངས་ཤིག །ད་ནི་ཁྱོད་ཚེ་འདིའི་སྣང་བ་ནི་ནུབ། འཇིག་རྟེན་ཕྱི་མའི་སྣང་བ་ནི་མ་ཤར། ལམ་བཟང་ངན་གང་དུ་འགྲོ་བའི་ངེས་པ་ནི་མེད་པའི་སྐབས་འདིར། སྡིག་པོ་ཆེ་བཙན་ཐབས་སུ་སངས་རྒྱས་པའི་འཕོ་བའི་གདམས་ངག་དགོས་པ་ཡིན་ནོ། །དེ་ལ་མ་གཅིག་ལབ་ཀྱི་སྒྲོན་མའི་ཞལ་ནས། གཅོད་ཀྱི་ནམ་མཁའ་སྒོ་འབྱེད་དེ། །འཕོ་བ་བརྒྱ་ཡིས་དོ་ཟླ་མིན། །ཞེས་གསུངས་པས། དམིགས་པ་འདི་བཞིན་དུ་སྒོམས་ཤིག །དང་གི་ལུས་སྟོང་གསལ་ཕྲུ་མ་ཕུས་བཏབ་པ་ལྟ་བུའི་དབུས་སུ། རྩ་དབུ་མ་སྦ་ལྕག་འབྲིང་པོ་ཙམ་པ་ཕྱི་དཀར་ལ་ནང་དམར་བ། མར་སྣེ་གསང་གནས་སུ་ཟུག་པ། ཡར་སྣེ་


CMR052_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་གཙུག་ཏུ་ཚངས་པའི་བུ་ག་ཧད་པོར་ཡོད་པར་སྒོམས་ཤིག །འོ་རྩ་དེའི་ནང་ཁྱོད་རང་གི་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ན་མ་གཅིག་སངས་རྒྱས་མཁའ་འགྲོ་དཀར་མོ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་མ་གཅིག་པདྨ་མཁའ་འགྲོ་དམར་མོ། སྙིང་ག་ཆོས་ཀྱི་འཁོར་ལོ་ན་མ་གཅིག་རྡོ་རྗེ་མཁའ་འགྲོ་སྔོན་མོ། ལྟེ་བ་སྤྲུལ་པའི་འཁོར་ལོ་ན་མ་གཅིག་རིན་ཆེན་མཁའ་འགྲོ་སེར་མོ། གསང་གནས་བདེ་སྐྱོང་གི་འཁོར་ལོ་ན་མ་གཅིག་ལས་ཀྱི་མཁའ་འགྲོ་ལྗང་མོ། ཐམས་ཅད་ཀྱང་སྐུ་ཆུང་ལ་ཡན་ལག་དོད་པ། གཅེར་བུ་རུས་པའི་རྒྱན་དྲུག་གསོལ་བ། ཕྱག་ན་ཌཱ་དྲིལ་སིལ་སིལ། སྐུ་གར་ཐབས་ལིང་ལིང་འཕར་ལ་ཁད་པ། འཕུར་ལ་ཁད་པ་སྒོམས་ཤིག །དེ་ནས་ངེད་ཀྱིས་གཅོད་ཡུལ་བརྒྱུད་པ་རྣམས་ལ་གསོལ་བ་བཏབ་ནས་ཕུང་པོ་ཡོན་དུ་འབུལ་ནས་ལམ་བཏན་པའི་ཚེ། མ་ཆགས་མ་ཞེན་པར་ཕུང་པོ་ཡོན་དུ་ཕུལ་ལ་ངེད་ཀྱིས་རྣམ་ཤེས་སྤར་བའི་ཚེ། ཁྱེད་རང་ཡང་ཐེ་ཚོམ་མེད་པར་འཕོས་ཤིག །ཧཱུྃ། གནས་ཆོས་དབྱིངས་རྣམ་དག་གི་ཕོ་བྲང་ན། །ཡུམ་ཆེན་ཤེས་རབ་ཕར་ཕྱིན་རིན་པོ་ཆེ། །ཚེ་འདས་ལུས་ངག་ཡིད་གསུམ་མཆོད་པ་འབུལ། །


CMR052_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱུང་ཆུབ་ཀྱི་ལམ་ལ་དྲོངས། །སྒྲིབ་གསུམ་སྐྱོན་བྲལ་གྱི་ས་ལ་ཁྲིད། །སྐུ་གསུམ་དབྱེར་མེད་ཀྱི་ཞིང་དུ་བཀོད། །གནས་བྱ་རྒོད་ཕུང་པོའི་རི་བོ་ན། །རྗེ་རྫོགས་པའི་སངས་རྒྱས་རིན་པོ་ཆེ། །ཚེ་འདས་ལུས་ངག་ཡིད་གསུམ་མཆོད་པ་འབུལ། །རིག་པ་བྱང་ཆུབ་ཀྱི་ལམ་ལ་དྲོངས། །སྒྲིབ་གསུམ་སྐྱོན་བྲལ་གྱི་ས་ལ་ཁྲིད། །སྐུ་གསུམ་དབྱེར་མེད་ཀྱི་ཞིང་དུ་བཀོད། །གནས་སེང་ཆེན་བསྣོལ་བའི་ཁྲི་སྟེང་ན། །འཇམ་དཔལ་སྨྲ་བའི་སེང་གེ་རིན་པོ་ཆེ། །ཚེ་འདས་ལུས་ངག་ཡིད་གསུམ་མཆོད་པ་འབུལ། །རིག་པ་བྱང་ཆུབ་ཀྱི་ལམ་ལ་དྲོངས། །སྒྲིབ་གསུམ་སྐྱོན་བྲལ་གྱི་ས་ལ་ཁྲིད། །སྐུ་གསུམ་དབྱེར་མེད་ཀྱི་ཞིང་དུ་བཀོད། །དཔལ་གཡུ་ལོ་བཀོད་པའི་ཞིང་ཁམས་ན། །རྗེ་བཙུན་འཕགས་མ་སྒྲོན་མ་རིན་པོ་ཆེ། །ཚེ་འདས་ལུས་ངག་ཡིད་གསུམ་མཆོད་པ་འབུལ། །རིག་པ་བྱང་ཆུབ་ཀྱི་ལམ་ལ་དྲོངས། །སྒྲིབ་གསུམ་སྐྱོན་བྲལ་གྱི་ས་ལ་ཁྲིད། །སྐུ་གསུམ་དབྱེར་མེད་ཀྱི་ཞིང་དུ་བཀོད། །གནས་མཁའ་སྤྱོད་མཁའ་འགྲོ་བཞུགས་གནས་ན། །མཁའ་འགྲོ་སུ་ཁ་སིདྡྷི་རིན་པོ་ཆེ། །ཚེ་འདིས་ལུས་ངག་ཡིད་གསུམ་མཆོད་པ་འབུལ། །


CMR052_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་བྱང་ཆུབ་ཀྱི་ལམ་ལ་དྲོངས། །སྒྲིབ་གསུམ་སྐྱོན་བྲལ་གྱི་ས་ལ་ཁྲིད། །སྐུ་གསུམ་དབྱེར་མེད་ཀྱི་ཞིང་དུ་བཀོད། །གནས་རྒྱ་གར་འཇག་མའི་སྤྱིལ་པོ་ནས། །མཁས་པ་ཨཱརྱ་དེ་ཝ་རིན་པོ་ཆེ། །ཚེ་འདས་ལུས་ངག་ཡིད་གསུམ་མཆོད་པ་འབུལ། །རིག་པ་བྱང་ཆུབ་ཀྱི་ལམ་ལ་དྲོངས། །སྒྲིབ་གསུམ་སྐྱོན་བྲལ་གྱི་ས་ལ་ཁྲིད། །སྐུ་གསུམ་དབྱེར་མེད་ཀྱི་ཞིང་དུ་བཀོད། །གནས་ལ་སྟོད་དེང་རིའི་གླང་འཁོར་ན། །ཕ་གཅིག་དམ་པ་རྒྱ་གར་རིན་པོ་ཆེ། །ཚེ་འདས་ལུས་ངག་ཡིད་གསུམ་མཆོད་པ་འབུལ། །རིག་པ་བྱང་ཆུབ་ཀྱི་ལམ་ལ་དྲོངས། །སྒྲིབ་གསུམ་སྐྱོན་བྲལ་གྱི་ས་ལ་ཁྲིད། །སྐུ་གསུམ་དབྱེར་མེད་ཀྱི་ཞིང་དུ་བཀོད། །གནས་རྒྱ་བོད་གཉིས་ཀྱི་སོ་མཚམས་ན། །སྐྱོ་སྟོན་བསོད་ནམས་བླ་མ་རིན་པོ་ཆེ། །ཚེ་འདས་ལུས་ངག་ཡིད་གསུམ་མཆོད་པ་འབུལ། །རིག་པ་བྱང་ཆུབ་ཀྱི་ལམ་ལ་དྲོངས། །སྒྲིབ་གསུམ་སྐྱོན་བྲལ་གྱི་ས་ལ་ཁྲིད། །སྐུ་གསུམ་དབྱེར་མེད་ཀྱི་ཞིང་དུ་བཀོད། །གནས་ཟངས་རི་མཁར་དམར་གྱི་དགོན་པ་ན། །མ་གཅིག་ལབ་ཀྱི་སྒྲོན་མ་རིན་པོ་ཆེ། །ཚེ་འདས་ལུས་ངག་ཡིད་གསུམ་མཆོད་པ་འབུལ། །རིག་པ་བྱང་ཆུབ་ཀྱི་


CMR052_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ལ་དྲོངས། །སྒྲིབ་གསུམ་སྐྱོན་བྲལ་གྱི་ས་ལ་ཁྲིད། །སྐུ་གསུམ་དབྱེར་མེད་ཀྱི་ཞིང་དུ་བཀོད། །གནས་བཀྲ་ཤིས་གླང་ལུང་གི་དགོན་པ་ན། །སྲས་མཆོག་རྒྱལ་བ་དོན་གྲུབ་རིན་པོ་ཆེ། །ཚེ་འདས་ལུས་ངག་ཡིད་གསུམ་མཆོད་པ་འབུལ། །རིག་པ་བྱང་ཆུབ་ཀྱི་ལམ་ལ་དྲོངས། །སྒྲིབ་གསུམ་སྐྱོན་བྲལ་གྱི་ས་ལ་ཁྲིད། །སྐུ་གསུམ་དབྱེར་མེད་ཀྱི་ཞིང་དུ་བཀོད། །གནས་གཉན་ས་རི་ཁྲོད་ཀྱི་དགོན་པ་ན། །བཀའ་བབས་བུ་ཆེན་བཅུ་དྲུག་རིན་པོ་ཆེ། །ཚེ་འདས་ལུས་ངག་ཡིད་གསུམ་མཆོད་པ་འབུལ། །རིག་པ་བྱང་ཆུབ་ཀྱི་ལམ་ལ་དྲོངས། །སྒྲིབ་གསུམ་སྐྱོན་བྲལ་གྱི་ས་ལ་ཁྲིད། །སྐུ་གསུམ་དབྱེར་མེད་ཀྱི་ཞིང་དུ་བཀོད། །གནས་སྤྱི་གཙུག་པད་ཟླའི་གདན་སྟེང་ན། །དྲིན་ཅན་རྩ་བརྒྱུད་བླ་མ་རིན་པོ་ཆེ། །ཚེ་འདས་ལུས་ངག་ཡིད་གསུམ་མཆོད་པ་འབུལ། །རིག་པ་བྱང་ཆུབ་ཀྱི་ལམ་ལ་དྲོངས། །སྒྲིབ་གསུམ་སྐྱོན་བྲལ་གྱི་ས་ལ་ཁྲིད། །སྐུ་གསུམ་དབྱེར་མེད་ཀྱི་ཞིང་དུ་བཀོད། །ཕཊ་ཕཊ་ཕཊ། འོ་ཚེ་ལས་འདས་པ་ཁྱོད་ཀྱི་ལུས་རྣམ་སྨིན་ཤ་ཁྲག་གི་ཕུང་པོ་འདི་ནམ་ཡང་མི་རྟག་འབྲལ་བའི་ཆོས་ཅན་ཡིན་པས། མ་ཆགས་མ་ཞེན་


CMR052_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཕུང་པོ་མ་གཅིག་མཁའ་འགྲོའི་ཚོགས་ལ་ཡོན་དུ་ཕུལ་ལ། རིག་པ་དག་པ་མཁའ་སྤྱོད་ཀྱི་ཞིང་དུ་འཕོས་ཤིག །གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་ན། །དྲིན་ཅན་རྩ་བའི་བླ་མ་གཤེགས་སུ་གསོལ། །ཚེ་འདས་ཕུང་པོ་ཡོན་དུ་འབུལ། །ཡོན་འདི་བཞེས་ལ་གནས་འདི་སྤོར། །སེམས་ཉིད་བྱང་ཆུབ་ལམ་དུ་དྲོངས། །མཁའ་སྤྱོད་དག་པའི་ཞིང་ཁམས་ནས། །ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ། །ཚེ་འདས་ཕུང་པོ་ཡོན་དུ་འབུལ། །ཡོན་འདི་བཞེས་ལ་གནས་འདི་སྤོར། །སེམས་ཉིད་བྱང་ཆུབ་ལམ་དུ་དྲོངས། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །ཁྲོས་མ་ནག་མོ་གཤེགས་སུ་གསོལ། །ཚེ་འདས་ཕུང་པོ་ཡོན་དུ་འབུལ། །ཡོན་འདི་བཞེས་ལ་གནས་འདི་སྤོར། །སེམས་ཉིད་བྱང་ཆུབ་ལམ་དུ་དྲོངས། །ཤར་ཕྱོགས་དུར་ཁྲོད་གཞལ་ཡས་ནས། །རྡོ་རྗེ་མཁའ་འགྲོ་གཤེགས་སུ་གསོལ། །ཚེ་འདས་ཕུང་པོ་ཡོན་དུ་འབུལ། །ཡོན་འདི་བཞེས་ལ་གནས་འདི་སྤྱོར། །སེམས་ཉིད་བྱང་ཆུབ་ལམ་དུ་དྲོངས། །ལྷོ་ཕྱོགས་དུར་ཁྲོད་གཞལ་ཡས་ནས། །རིན་ཆེན་མཁའ་འགྲོ་གཤེགས་སུ་གསོལ། །ཚེ་འདས་ཕུང་པོ་ཡོན་དུ་འབུལ། །


CMR052_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་འདི་བཞེས་ལ་གནས་འདི་སྤོར། །སེམས་ཉིད་བྱང་ཆུབ་ལམ་དུ་དྲོངས། །ནུབ་ཕྱོགས་དུར་ཁྲོད་གཞལ་ཡས་ནས། །པདྨ་མཁའ་འགྲོ་གཤེགས་སུ་གསོལ། །ཚེ་འདས་ཕུང་པོ་ཡོན་དུ་འབུལ། །ཡོན་འདི་བཞེས་ལ་གནས་འདི་སྤོར། །སེམས་ཉིད་བྱང་ཆུབ་ལམ་དུ་དྲོངས། །བྱང་ཕྱོགས་དུར་ཁྲོད་གཞལ་ཡས་ནས། །ལས་ཀྱི་མཁའ་འགྲོ་གཤེགས་སུ་གསོལ། །ཚེ་འདས་ཕུང་པོ་ཡོན་དུ་འབུལ། །ཡོན་འདི་བཞེས་ལ་གནས་འདི་སྤོར། །སེམས་ཉིད་བྱང་ཆུབ་ལམ་དུ་དྲོངས། །དཔའ་བོའི་ཚོགས་རྣམས་གཡས་གྲལ་བྱས། །དཔའ་མོའི་ཚོགས་རྣམས་གཡོན་གྲལ་བྱས། །ཊཱཀི་རྣམས་ཀྱིས་ཚོགས་འཁོར་བཤམས། །ཤ་ཟན་ཚོགས་རྣམས་རྔམ་ཞིང་རྒྱུག །ཁྲག་འཐུང་ཚོགས་རྣམས་ལྷག་ལྷག་རྒོད། །བདུད་ཀྱི་ཤ་ལེན་ཤ་ར་ར། །བཙན་གྱི་ལས་བྱེད་ཁྱུགས་སེ་ཁྱུག །སྨན་གྱི་བྲོ་བརྡུང་ཁྲིགས་སེ་ཁྲིག །མཁའ་འགྲོའི་སུན་མ་དཔུངས་སེ་དཔུང་། །ད་ནི་གཤེགས་སོ་དབྱིངས་སུ་གཤེགས། །སེམས་ཉིད་བྱང་ཆུབ་ལམ་ལ་དྲོངས། །ཕ྄ཊ་ཕ྄ཊ་ཕ྄ཊ། ཚེ་ལས་འདས་པའི་རྐང་པ་གཡས་པའི་འོག་ཏུ་ཕ་ལས་ཐོབ་པའི་


CMR052_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་དཀར་པོ་བྱ་མ་སར་གྱི་སྒོ་ང་ཙམ། ཕཊ་ཕཊ། རྐང་པ་གཡོན་པའི་འོག་ཏུ་མ་ལས་ཐོབ་པའི་རཀྟ་དམར་པོ་བྱ་མ་སར་གྱི་སྒོ་ང་ཙམ། ཕ྄ཊ་ཕ྄ཊ། ཐིག་ལེ་དེ་གཉིས་ཡར་འཕར་ནས་གསང་གནས་བདེ་སྐྱོང་གི་འཁོར་ལོ་ན་མ་གཅིག་ལབ་སྒྲོན་སྐུ་མདོག་ལྗང་མོ་དང་རྣམ་པར་ཤེས་པ་གཅིག་ཏུ་འདྲེས། ཕ྄ཊ། མ་གཅིག་ལབ་སྒྲོན་ལྗང་མོ་དེ་ཡར་འཕར༔ ལྟེ་བ་སྤྲུལ་པའི་འཁོར་ལོ་ན་མ་གཅིག་ལབ་སྒྲོན་སྐུ་མདོག་སེར་མོ་དང་རྣམ་པར་ཤེས་པ་དབྱེར་མེད་གཅིག་ཏུ་འདྲེས། ཕ྄ཊ། མ་གཅིག་ལབ་སྒྲོན་སེར་མོ་དེ་ཡར་འཕར། སྙིང་ཁ་ཆོས་ཀྱི་འཁོར་ན་མ་གཅིག་ལབ་སྒྲོན་སྐུ་མདོག་སྔོན་མོ་དང་རྣམ་པར་ཤེས་པ་དབྱེར་མེད་གཅིག་ཏུ་འདྲེས། ཕ྄ཊ། མ་གཅིག་ལབ་སྒྲོན་སྔོན་མོ་དེ་ཡར་འཕར། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་མ་གཅིག་ལབ་སྒྲོན་སྐུ་མདོག་དམར་མོ་དང་རྣམ་པར་ཤེས་པ་དབྱེར་མེད་གཅིག་ཏུ་འདྲེས། ཕ྄ཊ། མ་གཅིག་ལབ་སྒྲོན་དམར་མོ་དེ་ཡར་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ན་མ་གཅིག་ལབ་སྒྲོན་སངས་རྒྱས་མཁའ་འགྲོ་དཀར་མོ་དང་རྣམ་པར་ཤེས་པ་དབྱེར་མེད་གཅིག་ཏུ་འདྲེས་པར་གྱུར། ཕ྄ཊ། འདི་ནས་


CMR052_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་ཀྱི་ཕྱོགས་རོལ་ན། །འོད་དཔག་མེད་པའི་ཞིང་ཁམས་ཡོད། །སྲིད་པའི་སྡུག་བསྔལ་ཀུན་ལས་གྲོལ། །ཞིང་གི་ཡོན་ཏན་བསམ་མི་ཁྱབ། །རྫོགས་པའི་སངས་རྒྱས་འོད་དཔག་མེད། །སུ་ཞིག་དེ་ཡི་མཚན་འཛིན་པ། །ཞིང་མཆོག་དེ་རུ་སྐྱེ་བར་གསུངས། །ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱང་། །འོད་དཔག་མེད་པའི་མཚན་བཟུང་ནས། །ཞིང་མཆོག་དེ་རུ་འགྲོ་བར་གྱིས། །པདྨོ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་པའི། །སྲིད་པའི་པདྨོ་ལས་འཁྲུངས་ཏེ། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཕ྄ཊ། ཚེ་ལས་འདས་པ་ཁྱོད་ཀྱི་རྣམ་པར་ཤེས་པ་དེ་སངས་རྒྱས་མཁའ་འགྲོ་དང་དབྱེར་མེད་པར་འོད་དུ་ལྟེམས་སེ་ཞུ་ནས། འོད་ཀྱི་ཐིག་ལེ་དཀར་པོ་རྣམ་པར་ཤེས་པའི་ངོ་བོ་བྱ་མ་སར་གྱི་སྒོ་ང་ཙམ་དེ། སྤྱི་བོ་ཚངས་པའི་བུ་ག་རྒྱ་སྐར་ཁ་ཕྱེས་པ་ལྟ་བུའི་ནང་ནས། སྐྱེན་པོའི་མདའ་འཕང་བ་བཞིན་དུ། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་མེ་ཏོག་པདྨའི་སྦུབས་སུ་གཤེགས་ཤིག །ཕ྄ཊ་ཕ྄ཊ་ཕ྄ཊ། དེ་ཡན་ཆད་ཞི་བ་བྱང་ཆུབ་སེམས་ཀྱི་ལམ་སེལ། ཕུང་པོ་ཡོན་འབུལ་གྱི་རིམ་པ་ཡིན་ནོ།། ༈ །དེ་ནས་ཕུང་པོ་ཚོགས་འབུལ་ནི། ཆུ་ཡིས་བྲན་ལ་འདི་


CMR052_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་དོ། ཕ྄ཊ། རང་ཉིད་སྐད་ཅིག་ལ་མ་གཅིག་གནས་འགྱུར་ནས། ཁྲོས་མ་ནག་མོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། འཁོར་རིགས་བཞིའི་མཁའ་འགྲོ་བྱེ་བ་འབུམ་དང་བཅས་པ་ཐམས་ཅད་ཕྱག་གཡས་མི་ལྤགས་ཀྱི་གཡང་གཞི་རྡེབ་ཅིང་། གཡོན་མི་རྐང་གི་གླིང་བུ་འབུད་པ་དཔག་ཏུ་མེད་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་གང་ནས། ཟ་འདྲེ་ཤི་གཤེད་དར་སྲི་ཤི་སྲི་ཐམས་ཅད་གཟུགས་ཤ་ཁྲག་གི་བེམ་པོ་འདི་ལ་སྐད་ཅིག་རང་དབང་མེད་པར་ཁུག་ཅིག །ཛཿཧཱུྃ་བ་ཧོ། ཕཊ་ཕཊ་ཕཊ། མ་འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །ཨོ་རྒྱན་ཡུལ་གྱི་ནུབ་ཕྱོགས་ན། །ཨུ་ཙ་ལ་ཡི་དུར་ཁྲོད་ན། །རི་བོ་ཐམས་ཅད་རུས་པའི་རི། །རྩི་ཤིང་ཐམས་ཅད་མདའ་དང་མདུང་། །ཆུ་ཀླུང་ཐམས་ཅད་ཁྲག་དང་རྣག །སྒྲ་སྐད་ཐམས་ཅད་ངུར་མོའི་སྒྲ། །ཁྲོ་བཅུ་རྒྱུ་བར་མི་ནུས་ཤིང་། །ཕྱག་ན་རྡོ་རྗེ་འཇིགས་པའི་ས། །དུས་གསུམ་སངས་རྒྱས་ཡ་ང་བའི། །རྩུབ་འགྱུར་ཚལ་གྱི་དུར་ཁྲོད་ནས། །ཁྲོས་མ་ནག་མོ་གཤེགས་སུ་གསོལ། །སྐུ་མདོག་སྨུག་ནག་མདངས་དང་ལྡན། །སྤྱི་གཙུག་ཕག་ཞལ་ནམ་མཁར་


CMR052_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ངུར། །ཕྱག་གཡས་ཞིང་ཆེན་གཡང་གཞི་རྡེབ། །ཕྱག་གཡོན་མི་རྐང་གླིང་བུ་འབུད། །དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ། །བམ་ཆེན་རོ་ཡི་གདན་ལ་འགྱིངས། །མ་གཡང་གཞི་ཤར་དུ་གཡུག་ཙ་ན། །རྡོ་རྗེ་མཁའ་འགྲོ་ཕོ་ཉར་འགྱེད། །རྡོ་རྗེ་མཁའ་འགྲོའི་བརྟུལ་ཞུགས་ཀྱི། །ཤར་ཕྱོགས་ཟ་འདྲེ་ཤི་གཤེད་རྣམས། །མ་ལུས་ཐམས་ཅད་གནས་འདིར་ཁུག །གནས་འདིར་ཁུག་ལ་དབང་དུ་བསྡུས། །དབང་དུ་བསྡུས་ལ་རྡུལ་དུ་རློག །མ་གཡང་གཞི་ལྷོ་རུ་གཡུག་ཙ་ན། །རིན་ཆེན་མཁའ་འགྲོ་ཕོ་ཉར་འགྱེད། །རིན་ཆེན་མཁའ་འགྲོའི་བརྟུལ་ཞུགས་ཀྱིས། །ལྷོ་ཕྱོགས་ཟ་འདྲེ་ཤི་གཤེད་རྣམས། །མ་ལུས་ཐམས་ཅད་གནས་འདིར་ཁུག །གནས་འདིར་ཁུག་ལ་དབང་དུ་བསྡུས། །དབང་དུ་བསྡུས་ལ་རྡུལ་དུ་རློག །མ་གཡང་གཞི་ནུབ་ཏུ་གཡུག་ཙ་ན། །པདྨ་མཁའ་འགྲོ་ཕོ་ཉར་འགྱེད། །པདྨ་མ་མཁའ་འགྲོའི་བརྟུལ་ཞུགས་ཀྱིས། །ནུབ་ཕྱོགས་ཟ་འདྲེ་ཤི་གཤེད་རྣམས། །མ་ལུས་ཐམས་ཅད་གནས་འདིར་ཁུག །གནས་འདིར་ཁུག་ལ་དབང་དུ་བསྡུས། །དབང་དུ་བསྡུས་ལ་རྡུལ་དུ་རློག །མི་གཡང་གཞི་བྱང་དུ་


CMR052_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

གཡུག་ཙ་ན། །ལས་ཀྱི་མཁའ་འགྲོ་ཕ་ཉར་འགྱེད། །ལས་ཀྱི་མཁའ་འགྲོའི་བརྟུལ་ཞུགས་ཀྱིས། །བྱང་ཕྱོགས་ཟ་འདྲེ་ཤི་གཤེད་རྣམས། །མ་ལུས་ཐམས་ཅད་གནས་འདིར་ཁུག་གནས་འདིར་ཁུག་ལ་དབང་དུ་བསྡུས། །དབང་དུ་བསྡུས་ལ་རྡུལ་དུ་རློག །ཕཊ་ཕཊ་ཕཊ། དེ་ནས་ཕུང་པོ་ཟ་འདྲེ་ཤི་གཤེད་དང་དབྱེར་མེད་པ་དེ་བྲན་ལ། ཚོགས་བྱིན་གྱིས་བརླབས་ཏེ། །ཨོཾ་མ་གཅིག་མ་ལ་གསོལ་བ་འདེབས། །ཨཱཿམ་གཅིག་མ་ལ་གསོལ་བ་འདེབས། །ཧཱུྃ་མ་གཅིག་མ་ལ་གསོལ་བ་འདེབས། །དཀར་པོ་ཨོཾ་གྱིས་བྱིན་གྱིས་རློབས། །དཀར་པོ་ཨོཾ་གྱི་བྱིན་རླབས་ཀྱིས། །གཞོང་པ་ཉི་ཟླའི་གཏོང་གཞོང་དུ། །ཚོགས་ཀྱང་འོད་དུ་ལྟེམས་སེ་ཞུ། །འོད་ཕུང་འབར་བའི་ཚོགས་མཆོད་འདིས། །བླ་མ་ཡི་དམ་མཁའ་འགྲོ་དང་། །རྒྱལ་བའི་དཀྱིལ་འཁོར་མཉེས་གྱུར་ཅིག །ཆོས་སྐྱོང་མ་མགོན་ལྕམ་དྲལ་དང་། །དམ་ཅན་སྲུང་མའི་ཐུགས་དམ་བསྐང་གྱུར་ཅིག །དམར་པོ་ཨཱཿཡིས་བྱིན་གྱིས་རློབས་དམར་པོ་ཨཱཿཡི་བྱིན་རླབས་ཀྱིས། །གཞོང་པ་ཉི་ཟླའི་གཏོང་གཞོང་དུ། །ཚོགས་ཀྱང་འོད་དུ་ལྟེམས་སེ་ཞུ། །འོད་ཕུང་འབར་བའི་ཚོགས་མཆོད་འདིས། །བླ་མ་ཡི་


CMR052_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

དམ་མཁའ་འགྲོ་དང་། །རྒྱལ་བའི་དཀྱིལ་འཁོར་མཉེས་གྱུར་ཅིག །ཆོས་སྐྱོང་མ་མགོན་ལྕམ་དྲལ་དང་། །དམ་ཅན་སྲུང་མའི་ཐུགས་དམ་བསྐང་གྱུར་ཅིག །སྔོན་པོ་ཧཱུྃ་གིས་བྱིན་གྱིས་རློབས། །སྔོན་པོ་ཧཱུྃ་གི་བྱིན་རླབས་ཀྱིས། །གཞོང་པ་ཉི་ཟླའི་གཏོང་གཞོང་དུ། །ཚོགས་ཀྱང་འོད་དུ་ལྟེམས་སེ་ཞུ། །འོད་ཕུང་འབར་བའི་ཚོགས་མཆོད་འདིས། །བླ་མ་ཡི་དམ་མཁའ་འགྲོ་དང་། །རྒྱལ་བའི་དཀྱིལ་འཁོར་མཉེས་གྱུར་ཅིག །ཆོས་སྐྱོང་མ་མགོན་ལྕམ་དྲལ་དང་། །དམ་ཅན་སྲུང་མའི་ཐུགས་དམ་བསྐང་གྱུར་ཅིག །ཕུང་པོ་དེ་ཤ་ཁྲག་གི་ཕུང་པོ་ཚོགས་ཀྱི་འཁོར་ལོ་སྟོང་གསུམ་འཇིག་རྟེན་གྱི་ཁམས་གང་བར་བསྒོམ། མ་གཅིག་ཁྲོས་མ་ནག་མོ་འཁོར་བྱེ་བ་འབུམ་དང་བཅས་པས་ཟ་འདྲེ་ཤི་གཤེད་ཕུང་པོ་དང་བཅས་པ་ཚོགས་སུ་རོལ་པར་དམིགས་ལ། ༈ མ་ཤར་མི་འགྱུར་རྡོ་རྗེའི་དུར་ཁྲོད་ནས། །རྡོ་རྗེ་མཁའ་འགྲོ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །སྐུ་མདོག་དཀར་མོའི་རང་བཞིན་ལ། །འཁོར་ཡང་དཀར་མོ་འབུམ་གྱིས་བསྐོར། །དབུ་ལ་ཐོར་ཚུགས་ལྡེམས་སེ་ལྡེམ། །དར་གྱི་ཅོད་པན་པུ་རུ་རུ། །དཔུང་པས་སོག་འགུལ་ཤིགས་སེ་ཤིག །སྐྱེད་པས་སྤྱི་ཀྱོག་


CMR052_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ལིངས་སེ་ལིང་། །ཕྱག་གིས་གར་ཐབས་ཁྱུགས་སེ་ཁྱུག །ཞབས་ཀྱིས་བྲོ་བརྡུང་ཁྲིགས་སེ་ཁྲིག །ཞིང་ཆེན་གཡང་གཞི་ཤམས་སེ་ཤམ། །ཞུན་ཆེན་མར་མེ་ཏ་ལ་ལ། །མི་རྐང་གླིང་བུ་ཀྱུ་རུ་རུ། །མི་ཐོད་ཌཱ་རུ་ཁྲོ་ལོ་ལོ།། །རུས་པའི་རྒྱན་ཆ་ཁྲིགས་སེ་ཁྲིག །ཚོགས་ཀྱི་འཁོར་ལོ་ཀྱི་ལི་ལི། །མ་ཚོགས་བདག་ཆེན་མོ་ཚོགས་ལ་བྱོན། །ཚོགས་ལ་བྱོན་ཅིང་ཚོགས་ལ་རོལ། །ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། །མགུལ་དུ་བསྟིམ་མོ་ས་མ་ཡ། །མ་ལྷོ་ཕྱོགས་དུར་ཁྲོད་གཞལ་ཡས་ནས། །རིན་ཆེན་མཁའ་འགྲོ་བྱིན་རླབས་ཅན་བྱིན་རླབས་ཅན་ལ་གསོལ་བ་འདེབས། །སྐུ་མདོག་སེར་མོའི་རང་བཞིན་ལ། །འཁོར་ཡང་སེར་མོ་འབུམ་གྱིས་བསྐོར། །དབུ་ལ་ཐོར་ཚུགས་ལྡེམས་སེ་ལྡེམ། །དར་གྱི་ཅོད་པན་པུ་རུ་རུ། །དཔུང་པས་སོག་འགུལ་ཤིགས་སེ་ཤིག །སྐེད་པས་སྤྱི་ཀྱོག་ལིངས་སེ་ལིང་། །ཕྱག་གིས་གར་ཐབས་ཁྱུགས་སེ་ཁྱུག །ཞབས་ཀྱིས་བྲོ་བརྡུང་ཁྲིགས་སེ་ཁྲིག །ཞིང་ཆེན་གཡང་གཞི་ཤམས་སེ་ཤམ། །ཞུན་ཆེན་མར་མེ་ཏ་ལ་ལ། །མི་རྐང་གླིང་བུ་ཀྱུ་རུ་རུ། །མི་ཐོད་ཌཱ་རུ་ཁྲོ་ལོ་ལོ། །རུས་པའི་རྒྱན་ཆ་ཁྲིགས་སེ་


CMR052_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིག །ཚོགས་ཀྱི་འཁོར་ལོ་ཀྱི་ལི་ལི། །མ་ཚོགས་བདག་ཆེན་མོ་ཚོགས་ལ་བྱོན། །ཚོགས་ལ་བྱོན་ཅིང་ཚོགས་ལ་རོལ། །ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། །མགུལ་དུ་བསྟིམ་མོ་ས་མ་ཡ། །མ་ནུབ་ཕྱོགས་དུར་ཁྲོད་གཞལ་ཡས་ནས། །པདྨ་མཁའ་འགྲོ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །སྐུ་མདོག་དམར་མོའི་རང་བཞིན་ལ། །འཁོར་ཡང་དམར་མོ་འབུམ་གྱིས་བསྐོར། །དབུ་ལ་ཐོར་ཚུགས་ལྡེམས་སེ་ལྡེམ། །དར་གྱི་ཅོད་པན་པུ་རུ་རུ། །དཔུང་པས་སོག་འགུལ་ཤིགས་སེ་ཤིག། པས་སྤྱི་ཀྱོག་ལིངས་སེ་ལིང་། །ཕྱག་གིས་གར་ཐབས་ཁྱུགས་སེ་ཁྱུག །ཞབས་ཀྱིས་བྲོ་བརྡུང་ཁྲིགས་སེ་ཁྲིག །ཞིང་ཆེན་གཡང་གཞི་ཤམས་སེ་ཤམ། །ཞུན་ཆེན་མར་མེ་ཏ་ལ་ལ། །མི་རྐང་གླིང་བུ་ཀྱུ་རུ་རུ། །མི་ཐོད་ཌཱ་རུ་ཁྲོ་ལོ་ལོ། །རུས་པའི་རྒྱན་ཆ་ཁྲིགས་སེ་ཁྲིག །ཚོགས་ཀྱི་འཁོར་ལོ་ཀྱི་ལི་ལི། །མ་ཚོགས་བདག་ཆེན་མོ་ཚོགས་ལ་བྱོན། །ཚོགས་ལ་བྱོན་ཅིང་ཚོགས་ལ་རོལ། །ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། །མགུལ་དུ་བསྟིམ་མོ་ས་མ་ཡ། །མ་བྱང་ཕྱོགས་དུར་ཁྲོད་གཞལ་ཡས་ནས། །ལས་ཀྱི་མཁའ་


CMR052_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །སྐུ་མདོག་ལྗང་མོའི་རང་བཞིན་ལ། །འཁོར་ཡང་ལྗང་མོ་འབུམ་གྱིས་བསྐོར། །དབུ་ལ་ཐོར་ཚུགས་ལྡེམས་སེ་ལྡེམ། །དར་གྱི་ཅོད་པན་པུ་རུ་རུ། །དཔུང་པས་སོག་འགུལ་ཤིགས་སེ་ཤིག །སྐེད་པས་སྤྱི་ཀྱོག་ལིངས་སེ་ལིང་། །ཕྱག་གིས་གར་ཐབས་ཁྱུགས་སེ་ཁྱུག །ཞབས་ཀྱིས་བྲོ་བརྡུང་ཁྲིགས་སེ་ཁྲིག །ཞིང་ཆེན་གཡང་གཞི་ཤམས་སེ་ཤམ། །ཞུན་ཆེན་མར་མེ་ཏ་ལ་ལ། །མི་རྐང་གླིང་བུ་ཀྱུ་རུ་རུ། །མི་ཐོད་ཌཱ་རུ་ཁྲོ་ལོ་ལོ། །རུས་པའི་རྒྱན་ཆ་ཁྲིགས་སེ་ཁྲིག་།ཚོགས་ཀྱི་འཁོར་ལོ་ཀྱི་ལི་ལི། །མ་ཚོགས་བདག་ཆེན་མོ་ཚོགས་ལ་བྱོན། །ཚོགས་ལ་བྱོན་ཅིང་ཚོགས་ལ་རོལ། །ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། །མགུལ་དུ་བསྟིམ་མོ་ས་མ་ཡ། །ཕཊ་ཕཊ་ཕཊ། ཧཱུྃ། མ་ཤར་གྱི་ཕྱོགས་ཀྱི་དུར་ཁྲོད་ནས། །རྡོ་རྗེ་མཁའ་འགྲོ་གཤེགས་སུ་གསོལ། །སྐུ་མདོག་དཀར་མོ་མདངས་དང་ལྡན། །རིགས་ལྔའི་སངས་རྒྱས་དབུ་ལ་བཞུགས། །དུར་ཁྲོད་ཆས་ཀྱིས་སྐུ་ལ་བརྒྱན། །ཀེང་རུས་བམ་ཆེན་གདན་ལ་བཞུགས། །གྲི་གུག་ཐོད་ཁྲག་ཕྱག་ན་བསྣམས། །གཅེར་བུ་རུས་པའི་


CMR052_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་ཆ་ཅན། །གར་ཐབས་བྱེད་ཅིང་རྒྱང་གླུ་ལེན། །དུར་ཁྲོད་བམ་ཆེན་འདི་ལ་ད་རོལ་ཅིག །ལས་ངན་རྣམ་སྨིན་འདི་དང་ད་ཕྲོལ་ཅིག །དབུགས་ལེན་སྲོག་གཅོད་འདི་དང་ད་ཕྲོལ་ཅིག །གསོན་བདུད་གཤིན་ལྕགས་འདི་དང་ད་ཕྲོལ་ཅིག །ཟ་འདྲེ་ཤི་གཤེད་འདི་དང་ད་ཕྲོལ་ཅིག །རིག་པ་ཆོས་ཀྱི་དབྱིངས་སུ་སྤོར། །ཕཊཕཊཕཊཿ ཧཱུྃ༔ ལྷོ་ཡི་ཕྱོགས་ཀྱི་དུར་ཁྲོད་ནས། །རིན་ཆེན་མཁའ་འགྲོ་གཤེགས་སུ་གསོལ། །སྐུ་མདོག་སེར་མོ་མདངས་དང་ལྡན། །རིགས་ལྔའི་སངས་རྒྱས་དབུ་ལ་བཞུགས། །དུར་ཁྲོད་ཆས་ཀྱིས་སྐུ་ལ་བརྒྱན། །ཀེང་རུས་བམ་ཆེན་གདན་ལ་བཞུགས། །གྲི་གུག་ཐོད་ཁྲག་ཕྱག་ན་བསྣམས། །གཅེར་བུ་རུས་པའི་རྒྱན་ཆ་ཅན། །གར་ཐབས་བྱེད་ཅིང་རྒྱང་གླུ་ལེན། །དུར་ཁྲོད་བམ་ཆེན་འདི་ལ་ད་རོལ་ཅིག །ལས་ངན་རྣམ་སྨིན་འདི་དང་ད་ཕྲོལ་ཅིག །དབུགས་ལེན་སྲོག་གཅོད་འདི་དང་ད་ཕྲོལ་ཅིག །གསོན་བདུད་གཤིན་ལྕགས་འདི་དང་ད་ཕྲོལ་ཅིག །ཟ་འདྲེ་ཤི་གཤེད་འདི་དང་ད་ཕྲོལ་ཅིག །རིག་པ་ཆོས་ཀྱི་དབྱིངས་སུ་སྤོར། །ཕཊཕཊཕཊཿ ཧཱུྃ། ནུབ་ཀྱི་ཕྱོགས་ཀྱི་དུར་


CMR052_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད་ནས། །པདྨ་མཁའ་འགྲོ་གཤེགས་སུ་གསོལ། །སྐུ་མདོག་དམར་མོ་མདངས་དང་ལྡན། །རིགས་ལྔའི་སངས་རྒྱས་དབུ་ལ་བཞུགས། །དུར་ཁྲོད་ཆས་ཀྱིས་སྐུ་ལ་བརྒྱན། །ཀེང་རུས་བམ་ཆེན་གདན་ལ་བཞུགས། །གྲི་གུག་ཐོད་ཁྲག་ཕྱག་ན་བསྣམས། །གཅེར་བུ་རུས་པའི་རྒྱན་ཆ་ཅན། །གར་ཐབས་བྱེད་ཅིང་རྒྱང་གླུ་ལེན། །དུར་ཁྲོད་བམ་ཆེན་འདི་ལ་ད་རོལ་ཅིག །ལས་ངན་རྣམ་སྨིན་འདི་དང་ད་ཕྲོལ་ཅིག །དབུགས་ལེན་སྲོག་གཅོད་འདི་དང་ད་ཕྲོལ་ཅིག །གསོན་བདུད་གཤིན་ལྕགས་འདི་དང་ད་ཕྲོལ་ཅིག །ཟ་འདྲེ་ཤི་གཤེད་འདི་དང་ད་ཕྲོལ་ཅིག །རིག་པ་ཆོས་ཀྱི་དབྱིངས་སུ་སྤོར། །ཕཊ་ཕཊ་ཕཊཿ ཧཱུྃ། བྱང་གི་ཕྱོགས་ཀྱི་དུར་ཁྲོད་ནས། །ལས་ཀྱི་མཁའ་འགྲོ་གཤེགས་སུ་གསོལ། །སྐུ་མདོག་ལྗང་མོ་མདངས་དང་ལྡན། །རིགས་ལྔའི་སངས་རྒྱས་དབུ་ལ་བཞུགས། །དུར་ཁྲོད་ཆས་ཀྱིས་སྐུ་ལ་བརྒྱན། །ཀེང་རུས་བམ་ཆེན་གདན་ལ་བཞུགས་། །གྲི་གུག་ཐོད་ཁྲག་ཕྱག་ན་བསྣམས། །གཅེར་བུ་རུས་པའི་རྒྱན་ཆ་ཅན། །གར་ཐབས་བྱེད་ཅིང་རྒྱང་གླུ་ལེན། །དུར་ཁྲོད་བམ་ཆེན་འདི་ལ་ད་རོལ་ཅིག །ལས་


CMR052_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ངན་རྣམ་སྨིན་འདི་དང་ད་ཕྲོལ་ཅིག །དབུགས་ལེན་སྲོག་གཅོད་འདི་དང་ད་ཕྲོལ་ཅིག །གསོན་བདུད་བདུད་གཤིན་ལྕགས་འདི་དང་ད་ཕྲོལ་ཅིག །ཟ་འདྲེ་ཤི་གཤེད་འདི་དང་ད་ཕྲོལ་ཅིག །རིག་པ་ཆོས་ཀྱི་དབྱིངས་སུ་སྤོར། །ཕཊ་ཕཊཕཊཿ ཧཱུྃ། དབུས་ཀྱི་ཕྱོགས་ཀྱི་དུར་ཁྲོད་ནས། །སངས་རྒྱས་མཁའ་འགྲོ་གཤེགས་སུ་གསོལ། །སྐུ་མདོག་ནག་མོ་མདངས་དང་ལྡན། །རིགས་ལྔའི་སངས་རྒྱས་དབུ་ལ་བཞུགས། །དུར་ཁྲོད་ཆས་ཀྱིས་སྐུ་ལ་བརྒྱན། །ཀེང་རུས་བམ་ཆེན་གདན་ལ་བཞུགས། །གྲི་གུག་ཐོད་ཁྲག་ཕྱག་ན་བསྣམས། །གཅེར་བུ་རུས་པའི་རྒྱན་ཆ་ཅན། །གར་ཐབས་བྱེད་ཅིང་རྒྱང་གླུ་ལེན། །དུར་ཁྲོད་བམ་ཆེན་འདི་ལ་ད་རོལ་ཅིག །ལས་ངན་རྣམ་སྨིན་འདི་ལ་ད་ཕྲོལ་ཅིག །དབུགས་ལེན་སྲོག་གཅོད་འདི་དང་ད་ཕྲོལ་ཅིག །གསོན་བདུད་བདུད་གཤིན་ལྕགས་འདི་དང་ད་ཕྲོལ་ཅིག །ཟ་འདྲེ་ཤི་གཤེད་འདི་དང་ད་ཕྲོལ་ཅིག །རིག་པ་ཆོས་ཀྱི་དབྱིངས་སུ་སྤོར། །ཕཊ་ཕཊ་ཕཊཿ ཧཱུྃ། མ་ཡུམ་ཆེན་ཐུགས་ལས་སྤྲུལ་པའི་སྲས། །ཤར་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །ཏི་ར་རོ་ཡི་ཁྲི་སྟེང་ན། །དུང་གི་


CMR052_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

བུད་མེད་ཆེན་མོ་ལ། །རོ་སྒྲོལ་མཁའ་འགྲོ་འབུམ་གྱིས་བསྐོར། །གཅེར་བུ་རུས་པའི་རྒྱན་ཆ་ཅན། །གར་ཐབས་བསྒྱུར་ཞིང་ཐར་ལམ་བགྲོད། །རྒྱང་གླུ་ལེན་ཅིང་འཇིགས་སྒོ་གཅོད། །ཧ་ཧ་ཧི་ཧིའི་སྒྲ་སྒྲོག་ཅིང་། །མ་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཀེང་རུས་བམ་ཆེན་འདི་ལ་ད་རོལ་ཅིག །ཟ་འདྲེ་ཤི་གཤེད་འདི་དང་ད་ཕྲོལ་ཅིག ། ཧཱུྃ༔ མ་ཡུམ་ཆེན་ཡོན་ཏན་སྤྲུལ་པ་ལས། །ལྷོ་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །ཏི་ར་རོ་ཡི་ཁྲི་སྟེང་ན། །གསེར་གྱི་བུད་མེད་ཆེན་མོ་ལ། །རོ་སྒྲོལ་མཁའ་འགྲོ་འབུམ་གྱིས་བསྐོར། །གཅེར་བུ་རུས་པའི་རྒྱན་ཆ་ཅན། །གར་ཐབས་བསྒྱུར་ཞིང་ཐར་ལམ་བགྲོད། །རྒྱང་གླུ་ལེན་ཅིང་འཇིགས་སྒོ་གཅོད། །ཧ་ཧ་ཧི་ཧིའི་སྒྲ་སྒྲོག་ཅིང་། །མ་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཀེང་རུས་བམ་ཆེན་འདི་ལ་ད་རོལ་ཅིག །ཟ་འདྲེ་ཤི་གཤེད་འདི་དང་ད་ཕྲོལ་ཅིག །ཧཱུྃ། མ་ཡུམ་ཆེན་གསུང་གི་སྤྲུལ་པ་ལས། ནུབ་པདྨ་རིགས་ཀྱི་མཁའ་འགྲོ་མ། །ཏི་ར་རོ་ཡི་ཁྲི་སྟེང་ན། །ཟངས་ཀྱི་བུད་མེད་ཆེན་མོ་ལ། །རོ་སྒྲོལ་མཁའ་འགྲོ་འབུམ་གྱིས་བསྐོར། །གཅེར་བུ་རུས་པའི་རྒྱན་ཆ་ཅན།


CMR052_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

གར་ཐབས་བསྒྱུར་ཞིང་ཐར་ལམ་བགྲོད། །རྒྱང་གླུ་ལེན་ཅིང་འཇིགས་སྒོ་གཅོད། །ཧ་ཧ་ཧི་ཧིའི་སྒྲ་སྒྲོག་ཅིང་། །མ་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཀེང་རུས་བམ་ཆེན་འདི་ལ་ད་རོལ་ཅིག །ཁྲ་འདྲེ་ཤི་གཤེད་འདི་དང་ད་ཕྲོལ་ཅིག །ཧཱུྃ། མ་ཡུམ་ཆེན་ཕྲིན་ལས་སྤྲུལ་པ་ལས། །བྱང་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། །ཏི་ར་རོ་ཡི་ཁྲི་སྟེང་ན། །གཡུ་ཡི་བུད་མེད་ལྗང་མོ་ལ། །རོ་སྒྲོལ་མཁའ་འགྲོ་འབུམ་གྱིས་བསྐོར། །གཅེར་བུ་རུས་པའི་རྒྱན་ཆ་ཅན། །གར་ཐབས་བསྒྱུར་ཞིང་ཐར་ལམ་བགྲོད། །རྒྱང་གླུ་ལེན་ཅིང་འཇིགས་སྒོ་གཅོད། །ཧ་ཧ་ཧི་ཧིའི་སྒྲ་སྒྲོག་ཅིང་། །མ་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཀེང་རུས་བམ་ཆེན་འདི་ལ་ད་རོལ་ཅིག །ཟ་འདྲེ་ཤི་གཤེད་འདི་དང་ད་ཕྲོལ་ཅིག །ཧཱུྃ། མ་ཡུམ་ཆེན་ཐུགས་ཀྱི་སྤྲུལ་པ་ལས། །དབུས་སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ། །ཏི་ར་རོ་ཡི་ཁྲི་སྟེང་ན། །མཐིང་གི་བུད་མེད་ཆེན་མོ་ལ། །རོ་སྒྲོལ་མཁའ་འགྲོ་འབུམ་གྱིས་བསྐོར། །གཅེར་བུ་རུས་པའི་རྒྱན་ཆ་ཅན། །གར་ཐབས་བསྒྱུར་ཞིང་ཐར་ལམ་བགྲོད། །རྒྱང་གླུ་ལེན་ཅིང་


CMR052_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་སྒོ་གཅོད། །ཧ་ཧ་ཧི་ཧིའི་སྒྲ་སྒྲོག་ཅིང་། །མ་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཀེང་རུས་བམ་ཆེན་འདི་ལ་ད་རོལ་ཅིག །ཟ་འདྲེ་ཤི་གཤེད་འདི་དང་ད་སྲོལ་ཅིག །ཕཊ་ཕཊ་ཕཊཿ དེ་ནས་རླུང་ལན་གསུམ་རྡུབ་ལ། རོ་ཡི་གྲིབ་དང་གདོན་ཐམས་ཅད་རང་ལ་བསྟིམ། ཕཊ། རང་གི་བེམ་རིག་ཕྲལ་ལ་མི་རོ་རང་རོ་གཅིག་ཏུ་བསྲེ། ཕཊ། རང་རིག་རྡོ་རྗེ་རྣལ་འབྱོར་མས་ཐོད་པ་བྲེག །མདུན་དུ་རང་བྱུང་གི་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་བཙུགས། ཕཊ། ཐོད་པའི་ནང་དུ་བེམ་པོ་བཅུག །ཕཊ། གྲི་གུག་གིས་གཏུབས་རླུང་གཡོས་མེ་སྦར། ཤ་ཁྲག་བདུད་རྩིར་ཞུ། སྤྲུལ་པའི་རྣལ་འབྱོར་མ་དཔག་ཏུ་མེད་པས་ཐོད་པས་བདུད་རྩི་བཅུས། བླ་མ་ཡི་དམ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཧཱུཾ། ཕཊཿ མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཕཊ། འགྲོ་བ་རིགས་དྲུག་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ལན་ཆགས་གདོན་བགེགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཕཊ། ཅེས་དམིགས་པ་མང་དུ་བཟུང་། རོ་ལ་སྐྲག་ན་རང་གི་རོ་ལ་ཡང་སྐྲག །རོ་ལ་སྔས་བྱས་ནས་ང་ནི་ཇི་སྲིད་སངས་མ་རྒྱས་ཀྱི་བར་དུ་གར་ཡང་མི་འགྲོ་བསམ་ལ་ཉལ། གལ་ཏེ་ལུས་ན་བའམ་གྲིབ་སོགས་ཀྱིས་མ་བདེ་བ་བྱུང་ན། ན་སར་ཟ་འདྲེ་


CMR052_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ནད་གདོན་བསྟིམས་ལ་དམར་འགྱེད་མང་དུ་བྱའོ། །རོ་དེ་ས་རྡོར་ཤེས་པར་བྱས་ལ་ཉམས་ལེན་ངང་ལ་བཞག །དེས་ནད་ངན་ཡང་ཆོད། གྲིབ་མི་འོང་ངོ་། །རོ་ལ་སྐྲག་སྣང་དང་བཙོག་སྣང་མེད་ཅིང་བདེན་མེད་དུ་ཤེས་ཤིང་བྱམས་སྙིང་རྗེ་ཤུགས་ལ་སྐྱེས་ན་ཆོད་པ་ཡིན་ནོ། །དེ་ཡང་ཞག་འགའ་ཟུང་རོ་ཁྱིམ་ལ་བཞག་རྒྱུ་ཡིན་ན། གཅོད་ཚོགས་དུས་མཉམ་དུ་རོ་དང་ཚོགས་དབྱེར་མེད་དུ་དམིགས། ཞག་ཕྱེད་བཞི་ཚུན་ལ་ཕུད་པར་མི་བྱའོ། །གལ་ཏེ་རྣམ་ཤེས་འཕོ་མ་ནུས་ན་ཡོད་སྲིད་པས་ཉེས་པ་ཆེའོ།། ༈ དེ་ནས་རོ་བསྒུལ་བ་ནི། ཕཊཿ རང་ཉིད་སྐད་ཅིག་གིས་ཡེ་ཤེས་ཀྱི་མཁའ་འགྲོ་ཁྲོས་མ་ནག་མོ་དམར་ནག་མེའི་མདོག་ཅན། །ཞལ་གནམ་ས་ཙམ་གདེངས་བ། མཆེ་བ་གངས་རི་ལྟར་གཙིགས་པ། ལྗགས་གློག་དམར་ལྟར་འཁྱུགས་པ། དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ་བ། དབུ་ཡི་གཙུག་ནས་སྟག་ཞལ་དམར་ཁྲ་སྟག་སྐད་འབྲུག་ལྟར་ངར་བ། ཟ་འདྲེ་ཤི་གཤེད་སྣང་སྲིད་ལྷ་འདྲེ་ཐམས་ཅད་བསྔངས་ཤིང་བརྒྱལ་བར་བྱེད་པ། ཞབས་གར་ཐབས་སུ་འགྱིང་བའི་ཐུགས་ཀ་ནས་ལས་བྱེད་ཀྱི་མཁའ་འགྲོ་མ་རང་འདྲ་བ་དཔག་ཏུ་མེད་པ་འཕྲོས་པས། གནོད་བྱེད་ཟ་འདྲེ་ཤི་གཤེད་ཐམས་ཅད་རང་དབང་མེད་པར་བེམ་རོ་འདི་ལ་ཁུག་ཅིག །བཛྲ་ཨངྐུ་ཤ་ཛ་ཛཿ


CMR052_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ་ཕཊ་ཕཊཿ རང་ཉིད་ཡེ་ཤེས་མཁའ་འགྲོའི་ཞབས་གཡས་གནམ་ལྕགས་ཀྱི་ཕུར་པ་རྣོ་ངར་དང་ལྡན་པས་ཟ་འདྲེའི་སྙིང་དཀར་ནག་མཚམས་སུ་མཱ་ར་ཡ། ཕཊ་ཕཊ་ཕཊཿ རྡོག་ཐོ་གསུམ་བརྒྱབ། རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོའི་ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ལས་རྡོ་རྗེ་མེ་ཡི་ཐོག་དང་སེར་བ་འཕྲོས་པས་གནོད་བྱེད་ཟ་འདྲེ་ཤི་གཤེད་ཐམས་ཅད། བྱ་སྒྲོ་མེ་ལ་བསྲེགས་པ་བཞིན་དུ་གྱུར། ཕཊ་ཕཊཕཊཿ ནས་ལྕག་གིས་བྲབ། རང་ཉིད་དུར་ཁྲོད་ཀྱི་བདག་མོ་ཁྲོས་མ་སྟག་ཞལ་ཅན་གྱི་ཕྱག་གཡས་སོར་མོ་ལྔ་ལས་གསེར་གྱི་སྟག་མོ་ཆེ་ལ་འཇིགས་པ་ལྔ་འཕྲོས། བེམ་རོ་ཟ་འདྲེ་དང་བཅས་པའི་སྟེང་ནས་སྲུབ་ཅིང་ངར་སྒྲ་དང་བཅས་ནས་ཧབ་ཐོབ་ཏུ་ཟོས། ཕཊ་ཕཊ་ཕཊཿ ཅེས་ལག་གཡས་ཅོ་ཐོའམ། །གཉའ་ཁུང་ནས་བཟུང་ལ་བསུབ་བོ། །ཕཊཿ རང་ཉིད་ཁྲོས་མའི་ཕྱག་གཡས་རྡོ་རྗེས་རོ་དེ་ཕར་འཕེན་ཚུར་འཕེན་བྱས་པར་གྱུར། །ཕཊ། ཅེས་ཆ་ཐོག་ཏུ་འཕེན་པའམ་བཞག་བཅུག་གོ། །དེ་ནས་རོ་འཁྱེར་བའི་དམིགས་པ་ནི། ཕཊ། རང་ཉིད་སྐད་ཅིག་གིས་སྟག་གདོང་མ་གནས་འགྱུར་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མ། རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དུང་ལྟར་དཀར་


CMR052_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

བ། ཕྱག་ན་གྲི་གུག་ཐོད་ཁྲག་བསྣམས་པ། ཁཊྭཱཾ་ག་ལ་འཁྱུད་ནས་གར་ཐབས་ལིང་ལིང་བྱེད་པར་གྱུར། ཕཊ། རང་གི་སྐུ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ལ་ཟག་མེད་བདེ་སྟོང་གི་མཆོད་པ་ཕུལ་དེ་རྣམས་ཀྱི་ཐུགས་ཀ་ནས་བྱིན་རླབས་ཐུགས་རྗེ་ནུས་པ་ཐམས་ཅད་འོད་ཟེར་བདུད་རྩི་དཀར་པོའི་རྣམ་པར་བསྡུས་ནས་རང་ལ་ཐིམ་པས་རང་ལུས་དཀར་ལྟེམ་གྱིས་གང་། རང་གི་སྐུ་ལུས་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་ངང་ན་ར་ར་བབས་ནས་རོ་ལ་ཐིམ་པས་རོ་དེ་ཡེ་ཤེས་ཀྱི་བདུད་རྩི་རོ་བརྒྱ་ནུས་པ་སྟོང་དང་ལྡན་པ་རྐྱལ་པ་གང་དུ་གྱུར། ཕཊཿ རང་ཉིད་ཁྲོས་མ་དཀར་མོ་དེ་གནས་འགྱུར་ནས། རང་ཉིད་མ་གཅིག་ལབ་ཀྱི་སྒྲོན་མ། །སྐུ་མདོག་དམར་མོ་གཅེར་བུ་རུས་པའི་རྒྱན་དྲུག་གསོལ་བ། ཕྱག་ཏུ་ཌཱ་དྲིལ་འཁྲོལ་ཞིང་འཁོར་མཁའ་འགྲོ་འབུམ་གྱིས་བསྐོར་ནས་བྲོ་ཁྲིག་ཁྲིག་གར་ཁྱུག་ཁྱུག་བྱེད་པར་གྱུར། ཌཱ་དྲིལ་འཁྲོལ་ཞིང་འཆམས་ནས་རོ་ལ་བསྐོར་བ་བྱེད་ཅིང་ཕཊཿ ཤར་དང་བཅས་ཏེ། རོ་སྟོད་ལ་རྡོག་ཐོ་གསུམ། ཕཊ་ཕཊ་ཕཊཿ མཁལ་ཁུང་གཡས་པ་ལ་རྡོག་ཐོ་གསུམ། ཕཊ་ཕཊ་ཕཊཿ མཁལ་ཁུང་གཡོན་པ་ལ་


CMR052_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

རྡོག་ཐོ་གསུམ། ཕཊ་ཕཊ་ཕཊ། གཞོགས་གཡས་པ་ལ་རྡོག་ཐོ་གཅིག་རྒྱབ། ཕཊ། གཞོགས་གཡོན་པ་ལ་རྡོག་ཐོ་གཅིག་རྒྱབ། ཕཊ། དེ་ནས་བདུད་རྩི་རྐྱལ་པ་གང་དུ་བསྒོམས་ལ་ཁྱེར། ནད་ངན་ཡིན་ན་ཚེ་འདས་ཀྱི་རྣམ་ཤེས་རང་ལ་མི་བསྡུ། ནམ་མཁའི་མ་གཅིག་གི་ཐུགས་ཀར་འཕང་། ནད་འགོས་སམ་མི་འགོས་ཀྱི་རྣམ་རྟོག་མི་བྱ་བར་སྟོང་ཉིད་ཀྱི་ངང་དུ་བཞག་ནས་ཁྱེར། རོ་ཡི་སྤྱི་བོ་ལ་རང་མ་གཅིག་བསྒོམས། ༈ ཕུང་པོ་དེ་བདུད་རྩི་རྐྱལ་པ་གང་ལ་མཁའ་འགྲོ་མང་པོས་བསྐོར། ཤར་དུ་འགྲོ་ན་རྡོ་རྗེ་མཁའ་འགྲོས་སྣ་ཁྲིད། ལྷོར་རིན་ཆེན་མཁའ་འགྲོ། ནུབ་ཏུ་པདྨ་མཁའ་འགྲོ། བྱང་དུ་འགྲོ་ན་ལས་ཀྱི་མཁའ་འགྲོས་སྣ་ཁྲིད་ནས་འགྲོ་བར་བསྒོམ་མོ། །ཕཊ་ཕཊ་ཕཊ། བདུད་རྩིའི་རྐྱལ་པ་ལ་མཁའ་འགྲོ་འབུམ་གྱིས་བསྐོར་ནས་ཕྱོགས་སོ་སོའི་མཁའ་འགྲོ་མས་སྣ་ཁྲིད་པར་གྱུར། ཕཊ་ཕཊ་ཕཊ། དེ་ནས་འགྲོ་བའི་ས་ནི་སྔར་གྱི་དུར་རྙིང་མང་ས་ཡིན་ན་བཟང་། དུར་ཁྲོད་ཡིན་པའི་པས་མཁའ་འགྲོ་འདུ་བར་གསུངས། ས་རྒོད་ཡིན་ན་ས་དགྲ་མེད་པའི་ས་མིག་བཟང་པོར་འགྲོ། འགའ་ཞིག་གིས་གཅོད་ལུགས་ཡིན་ཟེར་ནས་ས་གང་ངན་ལ་གཏོར་བ་ནི་ཧ་མ་གོ་བ་ཡིན། གཅོད་ལུགས་ཡིན་མིན་གཉིས་ས་མིག་དགོས་པ་ལ་ཁྱད་མེད། གཅོད་ལུགས་མིན་ན་ས་བཟང་ཡང་ཀླུ་དང་ལྷ་འདྲེ་དྲག་པོ་གནས་ས་ན་མི་རུང་། གཅོད་ལུགས་ལ་གཉན་ན་བཟང་། གཅོད་ལུགས་མིན་ན་ས་འབེབས་དགོས། གཅོད་ལུགས་ལ་ས་འབེབས་མི་དགོས། གཞན་ལ་ཕྱོགས་


CMR052_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཟའ་སྐར་དུས་ཚོད་གལ་ཆེའོ། །གཅོད་ལུགས་ལ་དེ་རྣམས་རྩིས་ཀྱང་རུང་ལ་མ་བརྩིས་སྙེམས་ཐག་བཅད་ཀྱང་རུང་། ས་དགྲ་ཁྲམ་མིག་ཅེས་བྱ་སྟེ། གཅོད་གཞུང་ནས་ཀྱང་མི་རུང་བར་གསུངས་སོ། །དེ་ནས་དུར་ཁྲོད་དམ་གང་དུ་འགྲོ་བསམ་ས་དེར་རྒྱང་དམིགས་འཕེན་པ་ནི། ཕཊཿ རང་ཉིད་སྐད་ཅིག་གིས་ཕ་དམ་པ་སྐུ་མདོག་མཐིང་ནག་གཟི་བརྗིད་དང་ལྡན་པ་ཞིག་ཏུ་གྱུར། ཕཊཿ རང་གི་ཐུགས་ཀ་ནས་ལྕགས་ཀྱི་རྡོ་རྗེ་ནག་པོ་ཅིག་འཕྲོས་ནས་དུར་ཁྲོད་ལ་ཕོག་པས་རྡོ་རྗེ་དེ་ཨ་ཙ་ར་ནག་པོ་འཇིགས་སུ་རུང་བ་ཕྱག་གཡས་གྲི་གུག་མེ་འབར་བ་བསྣམས་པ་ཞིག་ཏུ་གྱུར། །ཕཊཿ གྲི་གུག་དེས་དུར་ཁྲོད་ལྷ་འདྲེ་དང་བཅས་པ་ལིང་གིས་བཀོག་ནས་ཁ་ཞབས་ལྡོག་སྟེ་ལེབ་ཀྱིས་བཀབ་པ་ལས་ལྷ་འདྲེ་འགུལ་འཆུག་མེད་པར་གྱུར། ཕཊཿ དེའི་སྟེང་དུ་ཨ་ཙ་ར་དེ་གསེར་ཞུན་མ་ལྟར་འོད་དུ་ཞུ་ནས་གཉན་ས་དུར་ཁྲོད་དེ་ལེབ་ཀྱིས་བཀབ་པས་ཞ་ལ་བྱས་པ་ལྟར་སེར་ཞུམ་མེ་སྲ་བརྟན་འགུལ་འཆུག་མེད་པར་གྱུར། ཕཊ་ཕཊ་ཕཊ། དེ་ནས་དུར་ཁྲོད་དམ་ས་མིག་ཏུ་ཕྱིན་ནས། ཌཱ་དྲིལ་འཁྲོལ་ཞིང་འཆམས་ལ་ས་མིག་བཙལ། གང་དུ་དགའ་བ་དེར། ཕྱོགས་བཞི་དབུས་དང་ལྔར་ཐོ་ལྔ་བརྩེགས་ལ་མཁའ་འགྲོ་སྡེ་ལྔར་བསྒོམ། ཐོ་དབུ་མའི་རྩེ་དེར་རོ་དེ་བཞག །དང་པོ་ཁ་


CMR052_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ། མགོ་བྱང་། གཞོགས་གཡས་ས་ལ་བཙུགས། ༈ དེ་ནས་དུར་ཁྲོད་ཟིལ་གྱིས་གནོན་ཅིང་དབང་དུ་སྡུད་པ་ནི། ཕཊ། རང་ཉིད་སྐད་ཅིག་གིས་མ་དུར་ཁྲོད་ཀྱི་བདག་མོ་ཁྲོས་མ་སྐུ་མདོག་དམར་ནག་ཞལ་གདངས་ཤིང་སྤྱན་གསུམ་བསྒྲད་པ། མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། སྤྱི་བོར་སྟག་ཞལ་ངར་སྒྲ་སྒྲོག་པ། དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ་བ་ཕྱག་ན་གསེར་གྱི་གྲི་གུག་དང་ཐོད་ཁྲག་བསྣམས་ནས་གར་ཐབས་སུ་འགྱིངས་བའི་ཐུགས་ཀ་ནས་ལས་བྱེད་ཀྱི་མཁའ་འགྲོ་མ་ནག་མོ་རིགས་བཞིའི་མཁའ་འགྲོ་མ་དཔག་ཏུ་མེད་པ་འཕྲོས་ནས་ཟ་འདྲེ་ཤི་གཤེད་ཐམས་ཅད་རང་དབང་མེད་པར་གཡང་གཞིས་བྲབ་ཅིང་དེད་ནས་བེམ་རོ་ལ་ཐིམ་པར་གྱུར། ཕཊ་ཕཊ་ཕཊཿ བདེན་བརྡར་འགུགས་གཞུག་ལན་གསུམ་གྱིས་ལྷ་འདྲེ་གནོད་བྱེད་ཐམས་ཅད་རོ་ལ་བསྟིམ། མ་འདི་ནས་ནུབ་ཀྱི་ཕྱོགས་རོལ་ནས། །སོགས། གོང་ལྟར་གཡང་གཞི་རྩ་སྡུད་ཀྱི་བསྐུལ་པ་བྱེད་ཅིང་། གཡང་གཞི་ཕྱོགས་བཞི་ནས་གཡུག་ཅིང་ཕུང་པོ་ལ་བྲབ་སྟེ། མོ་གཡང་གཞི་ཤར་དུ་གཡུག་ཙ་ན། ཟེར་དུས་ཤར་དུ་གཡང་གཞིའམ་གཟན་ལྕག་རེ་གཡུག །རྡུལ་དུ་རློག་ཟེར་དུས་གཡང་གཞིའམ་གཟན་ལྕག་རོ་ལ་བརྒྱབ་བོ། །གཡང་གཞིའི་དམིགས་རྟེན་ར་ཐོང་གི་པགས་པ་མཉེན་མོ་གཅིག་རྒྱུན་དུ་ཚགས་བྱེད་སྲོལ་


CMR052_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དོ། །དེ་ལྟར་ཕྱོགས་བཞི་ཀ་ནས་འཆམས་ཤིང་བྱེད་པ་ཡིན་ནོ། །དེ་ལྟར་གནོད་བྱེད་ཐམས་ཅད་བཀུག་ནས་རོ་དང་དབྱེར་མེད་དུ་དམིགས་ལ། ཕཊཿ ཅེས་ལག་པ་གཡོན་ནས་འཐེན་ལ་གན་རྐྱལ་དུ་འཕང་ངོ་། ཕཊཿ རང་ཉིད་དུར་ཁྲོད་ཀྱི་བདག་མོའི་ཞབས་གཡས་པས་གནོད་བྱེད་ཟ་འདྲེའི་སྙིང་ག་ནས་མནན་པས་དབང་ཆེན་གསེར་གྱི་ས་གཞི་ལ་བཅར་ནས་རྡུལ་དུ་བརླག་པར་གྱུར། ཕཊ་ཕཊ་ཕཊཿ སྙིང་གར་ཕྱི་རྟིང་གཡས་པ་བཞག་ལ། ཕཊཿ རང་ཉིད་དུར་ཁྲོད་ཀྱི་བདག་མོ་ཁྲོས་མ་སྟག་གི་གདོང་པ་ཅན། འཇིགས་ལ་རྔམ་པའི་སྐུ་སྨད་གནམ་ལྕགས་ཀྱི་རྡོ་རྗེ་མེ་འབར་བ་རྭ་ཐམས་ཅད་ཕུར་བུ་རྣོ་དབལ་དང་ལྡན་པའི་རྭ་དབུས་མས་བེམ་རོ་དང་ཟ་འདྲེ་ཤི་གཤེད་དབྱེར་མེད་པའི་སྙིང་དཀྱིལ་དུ་གཟེར་ནས། གཡས་སྐོར་དུ་སྒ་ར་ར།། གཡོན་སྐོར་དུ་ཀྱི་ལི་ལི་འཁོར་བས། གནོད་བྱེད་ཟ་འདྲེའི་ཁ་ནས་ཁྲག་ལྷུད་ལྷུད། སྐད་ངན་ཙེར་ཙེར་བྱས་ནས་ཚེ་བསོད་བཀྲག་མདངས་ཐམས་ཅད་རང་ལ་ཕུལ་བས། ཚེ་བསོད་ནམས་བཀྲག་མདངས་གཟི་མདངས་ཐམས་ཅད་རང་དང་བསྲུང་བྱ་ལ་སིབ་སིབ་ཐིམ་པར་གྱུར། ཕཊ་ཕཊ་ཕཊཿ ཌཱ་དྲིལ་འཁྲོལ་ཞིང་། ཕཊ་ཤར་བྱེད། དམིགས་པ་དེ་བཟུང་ལ་རྐང་པ་


CMR052_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་བསྐུམ་ལ་གཡས་སྐོར་གསུམ། རྐང་གཡོན་བསྐུམ་ལ་གཡོན་སྐོར་གསུམ་བྱ། དེ་ནི་རོ་འདུལ་ཡིན་ནོ། ༈ །དེ་ནས་དམིགས་མེད་སྟོང་ཉིད་ངང་ནས་རོ་ཡི་སྟེང་ན་ཕར་མཆོང་ཚུར་མཆོང་གསུམ་དང་ཕཊ་ཤར་རེ་སྤྲད་པ་ནི་རོ་མནོལ་ཕབ་པ་ཡིན་ནོ།། ་ཕཊཿ ཟ་འདྲེ་ཤི་གཤེད་ཐམས་ཅད་སྐྱུར་མ་རླུང་གིས་དེད་པ་བཞིན་དུ་རོ་ལ་ཐིམ་ནས་དབྱེར་མེད་པར་གྱུར། ཕཊཿ རང་ཉིད་ཁྲོས་མ་ནག་མོས་རོའི་རྐང་འགགས་ནས་བཟུང་ནས་ནམ་མཁའི་ཁམས་སུ་ལན་གསུམ་གཡུགས་ནས་ལྕགས་སྲེག་གི་ས་གཞི་ལ་བརྡབས་པས། ཟ་འདྲེའི་སྙིང་ཚལ་པ་བརྒྱར་བཀས་ནས་ཟ་འདྲེ་དང་རོ་དང་བཅས་པ་རྗེས་མེད་དུ་བྱ་སྒོ་མེ་ལ་བསྲེགས་པ་ལྟར་གྱུར། ཕཊ་ཕཊ་ཕཊཿ རོའི་རྐང་པ་ནས་བཀྱགས་ལོ་ལན་གསུམ་ས་མལ་དུ་བརྔུབས་ལ། ཕཊཿ རང་ཉིད་མ་གཅིག་བྱི་རུའི་མདོག་ཅན་འོད་དང་ལྡན་ཞིང་སྟོང་གསུམ་གང་བ་ཉི་ཟླའི་སྤྱན་བསྒྲད་ཅིང་ཁྲོ་མོའི་ཆ་ལུགས་དང་ལྡན་པའི་ཐུགས་ཀ་ནས་ལས་བྱེད་ཀྱི་གཤིན་རྗེ་སྲིན་པོའི་གཟུགས་ལ་མ་ཧེ་ཁྲོས་པའི་གདོང་པ་ཅན་ཕྱག་ན་སྡིག་གྲི་ནག་པོ་མུན་པའི་མདོག་ཅན་མེ་འབར་བ་ཕྱིར་བ་གཅིག་འཕྲོས། རལ་གྲིས་རོའི་སྙིང་བཀས་ནས་ཟ་འདྲེ་ཤི་གཤེད་ཀྱི་སྲོག་དབུགས་སྙིང་ཁྲག་དང་བཅས་པ་གཤིན་


CMR052_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་གསོལ་བར་གྱུར། ཕཊ་ཕཊ་ཕཊཿ རོའི་སྙིང་ཁ་བྲང་དེ་ལ་གྲིས་ཁྲམ་བྲིས་རྒྱ་གྲམ་དུ་གཤགས། ཕཊ། རང་ཉིད་སྐད་ཅིག་གིས་རྗེ་བཙུན་མ་མེ་ཡི་མདོག་ཅན་ཞིང་ཆེན་གྱི་སྟོད་གཡོགས། གཟིག་ལྤགས་ཀྱི་ཤམ་ཐབས་སྦྲུལ་ནག་གི་སྐེ་རགས་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པར་གྱུར། ཕཊ་ཕཊ་ཕཊཿ གྲི་གུག་གིས་བེམ་པོའི་པགས་པ་དེ་ཤགས་ཀྱིས་གཤགས་ནས་ཕྱལ་གྱིས་བཏིང་བས་ལྕགས་སྲེག་གི་ས་གཞི་དམར་ལམ་མེ་བར་གྱུར། ཕཊ་ཕཊ་ཕཊཿ གྲི་གུག་གིས་སྐེ་ནས་གསང་གནས་བར་དུ་གཤགས། ཡན་ལག་གི་རྒྱུད་ཐམས་ཅད་གཤགས། གྲི་ལྕགས་ཀྱི་གྲི་གུག་རྣོན་པོ་ཞིག་རྒྱུན་དུ་ཚགས་བྱ་དགོས་སོ།། ཕཊཿ ཟོ་འདྲེ་ཤི་གཤེད་མཉམ་པོར་འོང་བའི་བདུད་ཐམས་ཅད་ཟོ་ཁོག་དེའི་ནང་དུ་ཐིམ་པར་གྱུར། ཕཊ། རང་ཉིད་རྗེ་བཙུན་མས་ཟོ་ཁོག་དེ་ནམ་མཁའི་དབྱིངས་སུ་བཀྱགས་ནས་ལྕགས་སྲེག་གི་ས་གཞི་ལ་མར་བརྒྱབས་པས་བྱ་སྒྲོ་མེ་ལ་བསྲེགས་པ་ལྟར་རྗེས་མེད་དུ་སོང་། ཕཊ་ཕཊ་ཕཊཿ ཅེས་ལག་གཡས་ནས་བཟུང་ལ་ཁ་སྦུབ་ཏུ་འཕེན། ཕཊ། རང་ཉིད་ཀྱི་ཐུགས་ཀ་ནས་ལས་བྱེད་ཀྱི་མཁའ་འགྲོ་དམར་མོ་གྲི་གུག་དང་ལྕགས་ཀྱུ་འཛིན་པ་འཕྲོས་བེམ་རོ་དང་དབྱེར་


CMR052_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ཟ་འདྲེ་ཤི་གཤེད་ཀྱི་སྐེ་གྲི་གུག་གིས་རྦད་ཀྱིས་བཅད་པར་གྱུར། ཕཊ་ཕཊ་ཕཊཿ ཅེས་སྐེའི་མཚམས་ནས་བཅད་གཉའ་བ་བེམ་པོ་ལ་འབྱར་བར་བྱས། ཕཊཿ རང་ཉིད་ཡུམ་ཆེན་མོ་མཐིང་ནག་ཆར་སྤྲིན་གྱི་མདོག་ཅན་འཇིགས་སུ་རུང་བ། སྤྱན་གསུམ་ཉི་ཟླ་ལྟར་བསྒྲད་ཅིང་མཆེ་བ་གཙིགས་པ། དབུ་སྐྲ་ཁམ་ནག་ལྷོ་སྤྲིན་ལྟར་ནམ་མཁའི་དབྱིངས་སུ་འཁྱིལ་ཞིང་ལྷག་མ་ཐུར་དུ་གྲོལ་བ། སྟག་ཤམ་དང་སྦྲུལ་ནག་གི་ཆུན་པོ་མང་པོས་བརྒྱན་པ། སྐུ་ལས་ཡེ་ཤེས་ཀྱི་མེ་འབར་བ་གཅིག་ཏུ་གྱུར། ཕཊཿ ཟ་འདྲེ་ཤི་གཤེད་མཉམ་པོར་འོང་བའི་བདུད་དང་གནོད་བྱེད་ཐམས་ཅད་རང་དབང་མེད་པར་བེམ་པོ་འདི་ལ་ཐིམ་པར་གྱུར། ཕཊཿ ཕྱག་གཡས་དགྲ་སྟ་ངར་མས་གཏུབས་ནས་ཕྱོགས་ཕྱོགས་ཀྱི་ལྷ་འདྲེ་ཐམས་ཅད་ལ་བྱིན། ཅེས་རྐང་ལག་བཞི་སྟྭ་རེས་བཅད་ལ་ཕྱོགས་བཞིར་འཕངས། ཕཊཿ ཤར་ཕྱོགས་ཀྱི་ལྷ་འདྲེས་ཁྱེར། ཕཊཿ ལྷོ་ཕྱོགས་ཀྱི་ལྷ་འདྲེས་ཁྱེར། ཕཊཿ ནུབ་ཕྱོགས་ཀྱི་ལྷ་འདྲེས་ཁྱེར་ཕཊཿ བྱང་ཕྱོགས་ཀྱི་ལྷ་འདྲེས་ཁྱེར། ཕཊཿ ཅེས་ཐག་ཉེ་ས་དེར་འཕང་ལ་བཞག་པས། ལྷ་འདྲེ་ཐམས་ཅད་ཀྱིས་ཟོས་འཐུངས་ངོམ་ཞིང་ཚིམས་ནས་སྐྱིད་ལྷམ་མེ་སོང་བ་


CMR052_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ལེ་ལེན་བདས་ཏེ་སྡེ་བརྒྱད་གཅིག་གིས་གཅིག་ཟོས། མཐར་གཅིག་ཀྱང་མ་ལུས་པར་སྟོང་པ་ཉིད་དུ་གྱུར། ཕཊ་ཕཊ་ཕཊཿ དེ་ནས་མགོ་དེ་ལག་ཏུ་ཐོགས་ལ་འཆམས་ཤིང་རང་ཁྲོས་མར་བསྒོམས་ལ། ཧཱུྃ། ང་ནི་དུར་ཁྲོད་བདག་མོ་སྟེ། །ཡེ་ཤེས་ཁྲོས་མ་ནག་མོ་ཡིན། །མཁའ་འགྲོ་ཀུན་གྱི་གཙོ་མོ་ཡིན། །མ་མོ་ཀུན་གྱི་རྗེ་མོ་ཡིན། ཐུན་དང་ཟོར་གྱི་བདག་མོ་ཡིན། །དྲག་པོ་དཔལ་གྱི་ཐོད་ཟོར་འདི། །སྟེང་གི་ལྷ་ལ་མི་འཕེན་ནོ། །མཐོ་བ་རྣམས་ཀྱིས་ཞབས་ཡར་སྐུམས། །འོག་གི་ཀླུ་ལ་མི་འཕེན་ནོ། །དམའ་བ་རྣམས་ཀྱིས་དབུ་མར་ཆུམས། །བར་གྱི་གཉན་ལ་མི་འཕེན་ནོ། །བར་པ་རྣམས་ཀྱིས་སྐུ་བཟུར་ཅིག །གལ་ཏེ་སྐུ་ལ་ཕོག་སྲིད་ན། །ང་ནི་མ་ཉེས་མ་ལེན་ནོ། །ཉེས་ལེན་དགྲ་དང་བགེགས་ལ་ཆོད། །ཧཱུྃ། རུ་ཏྲ་བསྒྲལ་བའི་མགོ་ཟོར་འདི། །ལྕང་ལོའི་སྤྲིན་ནག་ཉི་ལི་ལི། །རྣ་བ་འབྲུག་སྒྲ་འུ་རུ་རུ། །ཁྲག་གི་ཆར་པ་སི་ལི་ལི། །སྡང་མིག་ཚྭ་ཚྭ་ཐུ་ལུ་ལུ། །སྣ་ནས་དུད་པ་ཕྱུ་རུ་རུ། །ཁ་ནས་མེ་འབར་ལྷབས་སེ་ལྷབ། །ལྕེ་ནས་གློག་དམར་ཁྱུགས་སེ་ཁྱུག །ཁ་གདངས་སོ་གཙིགས་ཁྲིགས་སེ་ཁྲིག །འཇིགས་པའི་


CMR052_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་སྒྲ་དི་རི་རི། །རཀྟ་སྲིན་པོའི་མགོ་ཟོར་འདི། །སྡང་བར་བྱེད་པའི་དགྲ་ལ་འཕེན། །དགྲ་དཔུང་བདུན་བརྒྱུད་རྩད་ནས་ཆོད། །གནོད་པར་བྱེད་པའི་བགེགས་ལ་འཕེན། །བགེགས་དཔུང་ཐལ་བ་རྡུལ་དུ་རློག །སངས་རྒྱས་བསྟན་པའི་སྤྱི་དགྲ་ལ། །དྲག་པོའི་མགོ་ཟོར་ཧྲི་ལི་ལི། །རྣལ་འབྱོར་བདག་གི་སྒོས་དགྲ་ལ། །དྲག་པོའི་མགོ་ཟོར་ཧྲི་ལི་ལི། །གནོད་བྱེད་ཟ་འདྲེ་ཤི་གཤེད་ལ། །དྲག་པོའི་མགོ་ཟོར་ཧྲི་ལི་ལི། །མཱ་ར་ཡ་ཡི་དུས་ལ་བབ། །ཨོཾ་བཛྲ་བྷ་ར་ཧཱི་ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས། བྷོ་བྷོ་ཐུན་ཐུན་དགྲ་ལ་ཐུན། རྦད་རྦད་ཐུན་ཐུན་དགྲ་ལ་ཐུན། རཀཱ་མཱ་ར་ཡ་ཕཊཿ ཕཊ་ཕཊ་ཕཊཿ ཅེས་འཕང་ངོ་། །དགྲ་བགེགས་ཟ་འདྲེ་ཤི་གཤེད་ཀྱི་སྟེང་དུ་ཐོག་སེར་གཉིས་དུས་གཅིག་ལ་བརྒྱབ་པ་ལྟར་སོང་བར་བསྒོམ། ཡང་འགའ་ཞིག་གིས་ཕྱོགས་བཞི་ཀར་འཕེན་ཟེར་ཏེ། དེ་བྱས་ན་ལྷ་འདྲེ་དང་དཀར་ཕྱོགས་གཟུར་ས་མེད་པར་འགྱུར་བས་མི་ལེགས། རྒྱབ་རི་ལ་རྒྱབ་གཏད་ནས་ལུང་པའི་མདའ་ངོས་ལ་འཕེན་ནམ། ས་དགྲ་ཅུང་ཟད་འདུག་ན་དེ་ངོས་སུ་འཕེན་ནོ། །འགའ་ཞིག་གིས་ཁ་ངོ་ཚུར་བསྟན་ན་རྒྱུ་བ་ཡིན་པས་ལེགས་ཟེར་ཡང་། འདི་གཅོད་གཞུང་དུ་མི་གསལ་བས་འབར་བའི་གཏོར་ཆེན་པྲ་བརྟག་དང་བསྟུན་ནས། སྐེ་རང་ལ་བསྟན་སྤྱི་བོ་ཕར་བསྟན་ནས་ཁ་སྦུབ་ན། ན་ཚ་མི་འོང་


CMR052_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

བས་བཟང་། སྐེ་ས་ལ་བཙུགས་ནས་ཁ་ཕར་གྱུན་དགྲ་ཐུབ་པས་བཟང་། སྐེ་ཚུར་བསྟན་འགྲམ་པ་གཡས་ས་ལ་བཙུགས་ན་ཕོ་རིགས་ལ་ན་ཚ་མེད། སྐེ་ཚུར་བསྟན་འགྲམ་པ་གཡོན་ས་ལ་བཙུགས་ན་མོ་རིགས་ལ་ན་ཚ་མེད། སྤྱི་བོ་ཚུར་བསྟན་ལ་ཁ་སྦུབ་ན་ཡོན་བདག་དངོས་ལ་ངན། སྤྱི་བོ་ཚུར་བསྟན་ནས་འགྲམ་པ་གཡས་ས་ལ་བཙུགས་ན་ཕོ་ལ་ངན། གཡོན་བཙུགས་ན་མོ་ལ་ངན། སྐེ་ས་ལ་བཙུགས་ནས་ཁ་ཚུར་གྱུ་ན་རང་ལ་ངན། ངན་པའི་རྟགས་བྱུང་ན་རང་ཁྲོས་མའི་ང་རྒྱལ་ཆེན་པོ་བྱས་ལ་ལན་གསུམ་འཕེན་ནོ། །དེ་ནས་བསྟབ་པ་བྱེད་དེ། ཕཊཿ ཐོ་ལྔ་པོ་དང་དབྱེར་མེད་པའི་མཁའ་འགྲོ་སྡེ་ལྔ་བར་མཚམས་སྟེང་འོག་ཐམས་ཅད་མཁའ་འགྲོ་མ་སྣ་ཚོགས་དང་བཅས་པ་ཐམས་ཅད་ཤ་ལ་དགའ་བ་ཁྲག་ལ་རྔམ་པ། ཉི་ཟླ་ཙམ་གྱི་སྤྱན་བསྒད་པ། གངས་རི་ཙམ་གྱི་མཆེ་བ་གཙིགས་པ། གློག་དམར་ཙམ་གྱི་ལྗགས་བརྐྱང་བ། གནོད་བྱེད་ཟ་འདྲེ་ཤི་གཤེད་སྲོག་གཅོད་དབུགས་ལེན་ཤི་འདྲེ་ཤི་སྲི་ཐམས་ཅད་ད་ལྟ་ཉིད་དུ་བཞེས་ཤིག་རོལ་ཅིག །ཕཊ་ཕཊ་ཕཊཿ ཡང་མགོ་དེ་ལག་ཏུ་ཐོགས་ལ། ཧཱུྃ་ཧཱུྃ། །མ་གནམ་ས་ཙམ་གྱི་ཞལ་ཕྱེས་ལ། །གངས་རི་ཙམ་གྱི་མཆེ་བ་གཙིགས། །རི་རབ་ཙམ་གྱི་ལྗགས་བརྐྱངས་ལ། །མ་བསྟབ་བོ་བསྟབ་བོ་ཞལ་དུ་བསྟབ། །དབུས་སངས་རྒྱས་


CMR052_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོའི་ཞལ་དུ་བསྟབ། །གཏི་མུག་ཕུང་པོ་ཞལ་དུ་བསྟབ། །ལུས་ཤ་ཁྲག་ཕུང་པོ་ཚོགས་སུ་རོལ། །སེམས་དམིགས་མེད་ཆོས་སྐུའི་དབྱིངས་སུ་སྤོར། །ཆོས་དབྱིངས་ཡེ་ཤེས་དངོས་གྲུབ་སྩོལ། །ཕཊ་ཕཊ་ཕཊཿ ཅེས་ཐོ་དབུས་མའི་དྲུང་དུ་འཕངས་སོ། །དེ་ནས་རྐང་པ་གཡས་དེ་བཟུང་ལ། མ་གནོམ་ས་ཙམ་གྱི་ཞལ་ཕྱེས་ལ། །གངས་རི་ཙམ་གྱི་མཆེ་བ་གཙིགས། །རི་རབ་ཙམ་གྱི་ལྗགས་བརྐྱངས་ལ། །མ་བསྟབ་བོ་བསྟབ་བོ་ཞལ་དུ་བསྟབ། །ཤར་རྡོ་རྗེ་མཁའ་འགྲོའི་ཞལ་དུ་བསྟབ། །ཞེ་སྡང་ཕུང་པོ་ཞལ་དུ་བསྟབ། །ལུས་ཤ་ཁྲག་ཕུང་པོ་ཚོགས་སུ་རོལ། །སེམས་དམིགས་མེད་ཆོས་སྐུའི་དབྱིངས་སུ་སྤོར། །མེ་ལོང་ཡེ་ཤེས་དངོས་གྲུབ་སྩོལ། ཕཊཿ ལག་གཡས་བཟུང་ལ། མ་གནམ་ས་ཙམ་གྱི་ཞལ་ཕྱེས་ལ། །གངས་རི་ཙམ་གྱི་མཆེ་བ་གཙིགས། །རི་རབ་ཙམ་གྱི་ལྗགས་བརྐྱངས་ལ། །མ་བསྟབ་བོ་བསྟབ་བོ་ཞལ་དུ་བསྟབ། །ལྷོ་རིན་ཆེན་མཁའ་འགྲོའི་ཞལ་དུ་བསྟབ། །ང་རྒྱལ་ཕུང་པོ་ཞལ་དུ་བསྟབ། །ལུས་ཤ་ཁྲག་ཕུང་པོ་ཚོགས་སུ་རོལ། །སེམས་དམིགས་མེད་ཆོས་སྐུའི་དབྱིངས་སུ་སྤོར། །མཉམ་ཉིད་ཡེ་ཤེས་དངོས་གྲུབ་


CMR052_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

སྩོལ། །ཕཊཿ ལག་གཡོན་དེ་བཟུང་ལ། མ་གནམ་ས་ཙམ་གྱི་ཞལ་ཕྱེས་ལ། །གངས་རི་ཙམ་གྱི་མཆེ་བ་གཙིགས། །རི་རབ་ཙམ་གྱི་ལྗགས་བརྐྱངས་ལ། །མ་བསྟབ་བོ་བསྟབ་བོ་ཞལ་དུ་བསྟབ། །ནུབ་པདྨ་མཁའ་འགྲོའི་ཞལ་དུ་བསྟབ། །འདོད་ཆགས་ཕུང་པོ་ཞལ་དུ་བསྟབ། །ལུས་ཤ་ཁྲག་ཕུང་པོ་ཚོགས་སུ་རོལ། །སེམས་དམིགས་མེད་ཆོས་སྐུའི་དབྱིངས་སུ་སྤོར། །སོར་རྟོག་ཡེ་ཤེས་དངོས་གྲུབ་སྩོལ། །ཕཊཿ རྐང་པ་གཡོན་དེ་བཟུང་ལ། མ་གནམ་ས་ཙམ་གྱི་ཞལ་ཕྱེས་ལ། །གངས་རི་ཙམ་གྱི་མཆེ་བ་གཙིགས། །རི་རབ་ཙམ་གྱི་ལྗགས་བརྐྱངས་ལ། །མ་བསྟབ་བོ་བསྟབ་བོ་ཞལ་དུ་བསྟབ། །བྱང་ལས་ཀྱི་མཁའ་འགྲོའི་ཞལ་དུ་བསྟབ། །ཕྲག་དོག་ཕུང་པོ་ཞལ་དུ་བསྟབ་ལུས་ཤ་ཁྲག་ཕུང་པོ་ཚོགས་སུ་རོལ། །སེམས་དམིགས་མེད་ཆོས་སྐུའི་དབྱིངས་སུ་སྤོར། །བྱ་གྲུབ་ཡེ་ཤེས་དངོས་གྲུབ་སྩོལ། །ཕཊཿ ཅེས་ཕྱོགས་བཞིའི་ཐོ་བཞིའི་རྩར་འཕངས་ལ་མཁའ་འགྲོ་བཞི་འཁོར་དང་བཅས་པས་ཧབ་ཐོབ་ཏུ་གསོལ་བར་བསྒོམ། ཞལ་དུ་བསྟབས་པས་ལྷག་མེད་དུ་བསམ། དེ་ནས་བེམ་ཁོག་དེ་ལ་འཇུས་ནས། མ་གནམ་ས་ཙམ་གྱི་ཞལ་ཕྱེས་ལ། །གངས་རི་


CMR052_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གྱི་མཆེ་བ་གཙིགས། །རི་རབ་ཙམ་གྱི་ལྗགས་བརྐྱངས་ལ། །མ་བསྟབ་བོ་བསྟབ་བོ་ཞལ་དུ་བསྟབ། །སྣ་ཚོགས་མཁའ་འགྲོའི་ཞལ་དུ་བསྟབ། །འབྱུང་བཞིའི་ཕུང་པོ་ཞལ་དུ་བསྟབ། །ལུས་ཤ་ཁྲག་ཕུང་པོ་ཚོགས་སུ་རོལ། །སེམས་དམིགས་མེད་ཆོས་སྐུའི་དབྱིངས་སུ་སྤོར། །བདེ་བ་ཆེན་པོའི་དངོས་གྲུབ་སྩོལ། །ཕཊ་ཕཊ་ཕཊཿ ཅེས་དམིགས་མེད་དུ་ཡུད་ཙམ་བཞག་གོ །དེ་ཡན་ཆད་དམར་འགྱེད་བསྟབ་པའི་རིམ་པ་ཟ་འདྲེ་འདུལ་བའི་རིམ་པ་ཡིན་ནོ། ༈ །དེ་ནས་བདུད་རྩིའི་ཚོགས་མཆོད་ལ་བརྟེན་ནས་ཟ་འདྲེ་དང་ཁ་ཕྲལ་ཞིང་། བསོད་ནམས་ཀྱི་ཚོགས་རྫོགས་པར་བྱ་བ་ནི། རྐང་ལག་གཏོར་བ་ཐམས་ཅད་ཡར་བེམ་སྒོག་དང་མཉམ་དུ་བསྡུ། རྒྱས་པར་བྱེད་ན་ཚོགས་མཆོད་ཤ་ཆང་གཏོར་མ་ཡང་བཤམས་ལ། གཅོད་ཚོགས་རྒྱས་པར་བྱ། གཅོད་ཚོགས་གཞུང་གི་ཚོགས་ལས་དང་འདིའི་ཚོགས་ལས་གཉིས་པོ་གབ་སྤྲད་ཤེས་པར་བྱའོ། །འབྲིང་པོ་བྱེད་ན་ཚོགས་གཏོར་བཤམས་ལ་རང་ཁྲོས་མར་གསལ་བས། གཅོད་ཚོགས་ཀྱི་ཚོགས་ལས་རྐྱང་པ་འདི་གཉིས་གབ་སྤྲད་ཤེས་པར་བྱའོ། །བསྡུས་པ་ན་གཅོད་ཚོགས་ནས་ཁ་སབ་མི་དགོས་འདི་རང་གིས་ཆོག །ཚོགས་གཏོར་མི་དགོས་ཕུང་པོ་རང་གིས་ཆོག་གོ །ཕུང་པོ་དེ་ཆང་ཕུད་དམ་ཇ་ཕུད་མེད་ན་ཆུ་གཙང་གིས་བྲན་ལ། ཕག་ཁྲོས་རྒྱལ་བ་རྒྱ་མཚོ། བླ་མེད་རྒྱུད་སྡེ་གང་རུང་གིས་བདུད་རྩི་བྱིན་བརླབས་བྱས་ལ། ན་


CMR052_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགསཀྱི་འཁོར་ལོ་རྒྱ་ཆེན་པོ་འདི། རང་བཞིན་གྱི་རྣམ་པར་དག་པ་སྐྱེ་བ་མེད་པ། ངོ་བོ་རྣམ་པར་དག་པ་ཨཱ་ལི་ཀཱ་ལི་མཚན་ཉིད་རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔའི་རྒྱས་བཏབ་པ་འདི་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ཁཱ་ཧི། །སྤྱི་དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཁཱ་ཧི། ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ཁཱ་ཧི། པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། ག་ཎ་ཙཀྲ་ལ་ཁཱ་ཧི། ཞེས་བརྗོད་ལ། མ་ཤར་མི་འགྱུར་རྡོ་རྗེའི་དུར་ཁྲོད་ནས། །རྡོ་རྗེ་མཁའ་འགྲོ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །སྐུ་མདོག་དཀར་མོའི་རང་བཞིན་ལ། །འཁོར་ཡང་དཀར་མོ་འབུམ་གྱིས་བསྐོར། །དབུ་ལ་ཐོར་ཚུགས་ལྡེམས་སེ་ལྡེམ། །དར་གྱི་ཅོད་པན་པུ་རུ་རུ། །དཔུང་པས་སོག་འགུལ་ཤིགས་སེ་ཤིག །སྐེད་པས་སྤྱི་ཀྱོག་ལིངས་སེ་ལིང་། །ཕྱག་གིས་གར་ཐབས་ཁྱུགས་སེ་ཁྱུག །ཞབས་ཀྱིས་བྲོ་བརྡུང་ཁྲིགས་སེ་ཁྲིག །ཞིང་ཆེན་གཡང་གཞི་ཤམས་སེ་ཤམ། །ཞུན་ཆེན་མར་མེ་ཏ་ལ་ལ། །མི་


CMR052_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་གླིང་བུ་ཀྱུ་རུ་རུ། །མི་ཐོད་ཌཱ་རུ་ཁྲོ་ལོ་ལོ། །རུས་པའི་རྒྱན་ཆ་ཁྲིགས་སེ་ཁྲིག །ཚོགས་ཀྱི་འཁོར་ལོ་ཀྱི་ལི་ལི། །མ་ཚོགས་བདག་ཆེན་མོ་ཚོགས་ལ་བྱོན། །ཚོགས་ལ་བྱོན་ཅིང་ཚོགས་ལ་རོལ། །ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། །མགུལ་དུ་བསྟིམ་མོ་ས་མ་ཡ། །མ་ལྷོ་ཕྱོགས་དུར་ཁྲོད་གཞལ་ཡས་ནས། །རིན་ཆེན་མཁའ་འགྲོ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །སྐུ་མདོག་སེར་མོའི་རང་བཞིན་ལ། །འཁོར་ཡང་སེར་མོ་འབུམ་གྱིས་བསྐོར། །དབུ་ལ་ཐོར་ཚུགས་ལྡེམས་སེ་ལྡེམ། །དར་གྱི་ཅོད་པན་པུ་རུ་རུ། །དཔུང་པས་སོག་འགུལ་ཤིགས་སེ་ཤིག །སྐེད་པས་སྤྱི་ཀྱོག་ལིངས་སེ་ལིང་། །ཕྱག་གིས་གར་ཐབས་ཁྱུགས་སེ་ཁྱུག །ཞབས་ཀྱིས་བྲོ་བརྡུང་ཁྲིགས་སེ་ཁྲིག །ཞིང་ཆེན་གཡང་གཞི་ཤམས་སེ་ཤམ།། །ཞུན་ཆེན་མར་མེ་ཏ་ལ་ལ། །མི་རྐང་གླིང་བུ་ཀྱུ་རུ་རུ། །མི་ཐོད་ཌཱ་རུ་ཁྲོ་ལོ་ལོ། །རུས་པའི་རྒྱན་ཆ་ཁྲིགས་སེ་ཁྲིག །ཚོགས་ཀྱི་འཁོར་ལོ་ཀྱི་ལི་ལི། །མ་ཚོགས་བདག་ཆེན་མོ་ཚོགས་ལ་བྱོན། །ཚོགས་ལ་བྱོན་ཅིང་ཚོགས་ལ་རོལ། །ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། །མགུལ་དུ་བསྟིམ་


CMR052_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ས་མ་ཡ། །མ་ནུབ་ཕྱོགས་དུར་ཁྲོད་གཞལ་ཡས་ནས། །པདྨ་མཁའ་འགྲོ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །སྐུ་མདོག་དམར་མོའི་རང་བཞིན་ལ། །འཁོར་ཡང་དམར་མོ་འབུམ་གྱིས་བསྐོར། །དབུ་ལ་ཐོར་ཚུགས་ལྡེམས་སེ་ལྡེམ། །དར་གྱི་ཅོད་པན་པུ་རུ་རུ། །དཔུང་པས་སོག་འགུལ་ཤིགས་སེ་ཤིག །སྐེད་པས་སྤྱི་ཀྱོག་ལིངས་སེ་ལིང་། །ཕྱག་གིས་གར་ཐབས་ཁྱུགས་སེ་ཁྱུག །ཞབས་ཀྱིས་བྲོ་བརྡུང་ཁྲིགས་སེ་ཁྲིག། །ཞིང་ཆེན་གཡང་གཞི་ཤམས་སེ་ཤམ། །ཞུན་ཆེན་མར་མེ་ཏ་ལ་ལ། །མི་རྐང་གླིང་བུ་ཀྱུ་རུ་རུ། །མི་ཐོད་ཌཱ་རུ་ཁྲོ་ལོ་ལོ། །རུས་པའི་རྒྱན་ཆ་ཁྲིགས་སེ་ཁྲིག །ཚོགས་ཀྱི་འཁོར་ལོ་ཀྱི་ལི་ལི། །མ་ཚོགས་བདག་ཆེན་མོ་ཚོགས་ལ་བྱོན། །ཚོགས་ལ་བྱོན་ཅིང་ཚོགས་ལ་རོལ། །ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། །མགུལ་དུ་བསྟིམ་མོ་ས་མ་ཡ། །མ་བྱང་ཕྱོགས་དུར་ཁྲོད་གཞལ་ཡས་ནས། །ལས་ཀྱི་མཁའ་འགྲོ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །སྐུ་མདོག་ལྗང་མོའི་རང་བཞིན་ལ། །འཁོར་ཡང་ལྗང་མོ་འབུམ་གྱིས་བསྐོར། །དབུ་ལ་ཐོར་ཚུགས་ལྡེམས་


CMR052_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

སེ་ལྡེམ། །དར་གྱི་ཅོད་པན་པུ་རུ་རུ། །དཔུང་པས་སོག་འགུལ་ཤིགས་སེ་ཤིག །སྐེད་པས་སྤྱི་ཀྱོག་ལིངས་སེ་ལིང་། །ཕྱག་གིས་གར་ཐབས་ཁྱུགས་སེ་ཁྱུག །ཞབས་ཀྱིས་བྲོ་བརྡུང་ཁྲིགས་སེ་ཁྲིག །ཞིང་ཆེན་གཡང་གཞི་ཤམས་སེ་ཤམ། །ཞུན་ཆེན་མར་མེ་ཏ་ལ་ལ། །མི་རྐང་གླིང་བུ་ཀྱུ་རུ་རུ། །མི་ཐོད་ཌཱ་རུ་ཁྲོ་ལོ་ལོ། །རུས་པའི་རྒྱན་ཆ་ཁྲིགས་སེ་ཁྲིག །ཚོགས་ཀྱི་འཁོར་ལོ་ཀྱི་ལི་ལི། །མ་ཚོགས་བདག་ཆེན་མོ་ཚོགས་ལ་བྱོན། །ཚོགས་ལ་བྱོན་ཅིང་ཚོགས་ལ་རོལ། །ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། །མགུལ་དུ་བསྟིམ་མོ་ས་མ་ཡ། །ཕཊ་ཕཊ་ཕཊ། ཧཱུྃ། མ་ཤར་གྱི་ཕྱོགས་ཀྱི་དུར་ཁྲོད་ནས། །རྡོ་རྗེ་མཁའ་འགྲོ་གཤེགས་སུ་གསོལ། །སྐུ་མདོག་དཀར་མོ་མདངས་དང་ལྡན། །རིགས་ལྔའི་སངས་རྒྱས་དབུ་ལ་བཞུགས། །དུར་ཁྲོད་ཆས་ཀྱིས་སྐུ་ལ་བརྒྱན། །ཀེང་རུས་བམ་ཆེན་གདན་ལ་བཞུགས། །གྲི་གུག་ཐོད་ཁྲག་ཕྱག་ན་བསྣམས། །གཅེར་བུ་རུས་པའི་རྒྱན་ཆ་ཅན། །གར་ཐབས་བྱེད་ཅིང་རྒྱང་གླུ་ལེན། །དུར་ཁྲོད་བམ་ཆེན་འདི་ལ་ད་རོལ་ཅིག །ལས་ངན་རྣམ་སྨིན་འདི་དང་ད་ཕྲོལ་ཅིག །དབུགས་ལེན་སྲོག་གཅོད་འདི་


CMR052_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

དང་ད་ཕྲོལ་ཅིག །གསོན་བདུད་གཤིན་ལྕགས་འདི་དང་ད་ཕྲོལ་ཅིག །ཟ་འདྲེ་ཤི་གཤེད་འདི་དང་ད་སྲོལ་ཅིག །རིག་པ་ཆོས་ཀྱི་དབྱིངས་སུ་སྤོར། །ཕཊཕཊཕཊཿ ཧཱུྃ། ལྷོ་ཡི་ཕྱོགས་ཀྱི་དུར་ཁྲོད་ནས། །རིན་ཆེན་མཁའ་འགྲོ་གཤེགས་སུ་གསོལ། །སྐུ་མདོག་སེར་མོ་མདངས་དང་ལྡན། །རིགས་ལྔའི་སངས་རྒྱས་དབུ་ལ་བཞུགས། །དུར་ཁྲོད་ཆེས་ཀྱིས་སྐུ་ལ་བརྒྱན། །ཀེང་རུས་བམ་ཆེན་གདན་ལ་བཞུགས། །གྲི་གུག་ཐོད་ཁྲག་ཕྱག་ན་བསྣམས། །གཅེར་བུ་རུས་པའི་རྒྱུན་ཆ་ཅན། །གར་ཐབས་བྱེད་ཅིང་རྒྱང་གླུ་ལེན། །དུར་ཁྲོད་བམ་ཆེན་འདི་ལ་ད་རོལ་ཅིག །ལས་ངན་རྣམ་སྨིན་འདི་དང་ད་ཕྲོལ་ཅིག །དབུགས་ལེན་སྲོག་གཅོད་འདི་དང་ད་ཕྲོལ་ཅིག །གསོན་བདུད་གཤིན་ལྕགས་འདི་དང་ད་ཕྲོལ་ཅིག །ཟ་འདྲེ་ཤི་གཤེད་འདི་དང་ད་ཕྲོལ་ཅིག །རིག་པ་ཆོས་ཀྱི་དབྱིངས་སུ་སྤོར། །ཕཊཕཊཕཊཿ ཧཱུྃ། ནུབ་ཀྱི་ཕྱོགས་ཀྱི་དུར་ཁྲོད་ནས། །པདྨ་མཁའ་འགྲོ་གཤེགས་སུ་གསོལ། །སྐུ་མདོག་དམར་མོ་མདངས་དང་ལྡན། །རིགས་ལྔའི་སངས་རྒྱས་དབུ་ལ་བཞུགས། །དུར་ཁྲོད་ཆས་ཀྱིས་སྐུ་ལ་བརྒྱན། །


CMR052_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ཀེང་རུས་བམ་ཆེན་གདན་ལ་བཞུགས། །གྲི་གུག་ཐོད་ཁྲག་ཕྱག་ན་བསྣམས། །གཅེར་བུ་རུས་པའི་རྒྱན་ཆ་ཅན། །གར་ཐབས་བྱེད་ཅིང་རྒྱང་གླུ་ལེན། །དུར་ཁྲོད་བམ་ཆེན་འདི་ལ་ད་རོལ་ཅིག །ལས་ངན་རྣམ་སྨིན་འདི་དང་ད་ཕྲོལ་ཅིག །དབུགས་ལེན་སྲོག་གཅོད་འདི་དང་ད་ཕྲོལ་ཅིག །གསོན་བདུད་གཤིན་ལྕགས་འདི་དང་ད་ཕྲོལ་ཅིག །ཟ་འདྲེ་ཤི་གཤེད་འདི་དང་ད་ཕྲོལ་ཅིག །རིག་པ་ཆོས་ཀྱི་དབྱིངས་སུ་སྤོར། །ཕཊ་ཕཊ་ཕཊཿ ཧཱུྃ། བྱང་གི་ཕྱོགས་ཀྱི་དུར་ཁྲོད་ནས། །ལས་ཀྱི་མཁའ་འགྲོ་གཤེགས་སུ་གསོལ། །སྐུ་མདོག་ལྗང་མོ་མདངས་དང་ལྡན། །རིགས་ལྔའི་སངས་རྒྱས་དབུ་ལ་བཞུགས། །དུར་ཁྲོད་ཆས་ཀྱིས་སྐུ་ལ་བརྒྱན། །ཀེང་རུས་བམ་ཆེན་གདན་ལ་བཞུགས། །གྲི་གུག་ཐོད་ཁྲག་ཕྱག་ན་བསྣམས། །གཅེར་བུ་རུས་པའི་རྒྱན་ཆ་ཅན། །གར་ཐབས་བྱེད་ཅིང་རྒྱང་གླུ་ལེན། །དུར་ཁྲོད་བམ་ཆེན་འདི་ལ་ད་རོལ་ཅིག །ལས་ངན་རྣམ་སྨིན་འདི་དང་ད་ཕྲོལ་ཅིག །དབུགས་ལེན་སྲོག་གཅོད་འདི་དང་ད་ཕྲོལ་ཅིག །གསོན་བདུད་གཤིན་ལྕགས་འདི་དང་ད་ཕྲོལ་ཅིག །ཟ་འདྲེ་ཤི་གཤེད་འདི་དང་ད་ཕྲོལ་ཅིག །རིག་པ་ཆོས་ཀྱི་


CMR052_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་སུ་སྤོར། །ཕཊཕཊཕཊཿ ཧཱུྃ། དབུས་ཀྱི་ཕྱོགས་ཀྱི་དུར་ཁྲོད་ནས། །སངས་རྒྱས་མཁའ་འགྲོ་གཤེགས་སུ་གསོལ། །སྐུ་མདོག་ནག་མོ་མདངས་དང་ལྡན། །རིགས་ལྔའི་སངས་རྒྱས་དབུ་ལ་བཞུགས། །དུར་ཁྲོད་ཆས་ཀྱིས་སྐུ་ལ་བརྒྱན། །ཀེང་རུས་བམ་ཆེན་གདན་ལ་བཞུགས། །གྲི་གུག་ཐོད་ཁྲག་ཕྱག་ན་བསྣམས། །གཅེར་བུ་རུས་པའི་རྒྱན་ཆ་ཅན། །གར་ཐབས་བྱེད་ཅིང་རྒྱང་གླུ་ལེན། །དུར་ཁྲོད་བམ་ཆེན་འདི་ལ་ད་རོལ་ཅིག །ལས་ངན་རྣམ་སྨིན་འདི་ལ་ད་ཕྲོལ་ཅིག །དབུགས་ལེན་སྲོག་གཅོད་འདི་དང་ད་ཕྲོལ་ཅིག །གསོན་བདུད་གཤིན་ལྕགས་འདི་དང་ད་ཕྲོལ་ཅིག །ཟ་འདྲེ་ཤི་གཤེད་འདི་དང་ད་ཕྲོལ་ཅིག །རིག་པ་ཆོས་ཀྱི་དབྱིངས་སུ་སྤོར། །ཕཊ་ཕཊ་ཕཊཿ ཧཱུྃ༔ མ་ཡུམ་ཆེན་ཐུགས་ལས་སྤྲུལ་པའི་སྲས། །ཤར་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །ཏི་ར་རོ་ཡི་ཁྲི་སྟེང་ན། །དུང་གི་བུད་མེད་ཆེན་མོ་ལ། །རོ་སྒྲོལ་མཁའ་འགྲོ་འབུམ་གྱིས་བསྐོར། །གཅེར་བུ་རུས་པའི་རྒྱན་ཆ་ཅན། །གར་ཐབས་བསྒྱུར་ཞིང་ཐར་ལམ་བགྲོད། །རྒྱང་གླུ་ལེན་ཅིང་འཇིགས་སྒོ་གཅོད། །ཧ་ཧ་ཧི་ཧིའི་སྒྲ་སྒྲོག་


CMR052_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། །མ་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཀེང་རུས་བམ་ཆེན་འདི་ལ་ད་རོལ་ཅིག །ཟ་འདྲེ་ཤི་གཤེད་འདི་དང་ད་ཕྲོལ་ཅིག །ཧཱུྃ། མ་ཡུམ་ཆེན་ཡོན་ཏན་སྤྲུལ་པ་ལས། །ལྷོ་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །ཏི་ར་རོ་ཡི་ཁྲི་སྟེང་ན། །གསེར་གྱི་བུད་མེད་ཆེན་མོ་ལ། །རོ་སྒྲོལ་མཁའ་འགྲོ་འབུམ་གྱིས་བསྐོར། །གཅེར་བུ་རུས་པའི་རྒྱན་ཆ་ཅན། །གར་ཐབས་བསྒྱུར་ཞིང་ཐར་ལམ་བགྲོད། །རྒྱང་གླུ་ལེན་ཅིང་འཇིགས་སྒོ་གཅོད། །ཧ་ཧ་ཧི་ཧིའི་སྒྲ་སྒྲོག་ཅིང་། །མ་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཀེང་རུས་བམ་ཆེན་འདི་ལ་ད་རོལ་ཅིག །ཟ་འདྲེ་ཤི་གཤེད་འདི་དང་ད་ཕྲོལ་ཅིག །ཧཱུྃ། མ་ཡུམ་ཆེན་གསུང་གི་སྤྲུལ་པ་ལས། །ནུབ་པདྨ་རིགས་ཀྱི་མཁའ་འགྲོ་མ། །ཏི་ར་རོ་ཡི་ཁྲི་སྟེང་ན། །ཟངས་ཀྱི་བུད་མེད་ཆེན་མོ་ལ། །རོ་སྒྲོལ་མཁའ་འགྲོ་འབུམ་གྱིས་བསྐོར། །གཅེར་བུ་རུས་པའི་རྒྱན་ཆ་ཅན། །གར་ཐབས་བསྒྱུར་ཞིང་ཐར་ལམ་བགྲོད། །རྒྱང་གླུ་ལེན་ཅིང་འཇིགས་སྒོ་གཅོད། །ཧ་ཧ་ཧི་ཧིའི་སྒྲ་སྒྲོག་ཅིང་། །མ་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཀེང་རུས་བམ་ཆེན་འདི་ལ་ད་རོལ་ཅིག །


CMR052_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ཟ་འདྲེ་ཤི་གཤེད་འདི་དང་ད་ཕྲོལ་ཅིག །ཧཱུྃ། མ་ཡུམ་ཆེན་ཕྲིན་ལས་སྤྲུལ་པ་ལས། །བྱང་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། །ཏི་ར་རོ་ཡི་ཁྲི་སྟེང་ན། །གཡུ་ཡི་བུད་མེད་ལྗང་མོ་ལ། །རོ་སྒྲོལ་མཁའ་འགྲོ་འབུམ་གྱིས་བསྐོར། །གཅེར་བུ་རུས་པའི་རྒྱན་ཆ་ཅན། །གར་ཐབས་བསྒྱུར་ཞིང་ཐར་ལམ་བགྲོད། །རྒྱང་གླུ་ལེན་ཅིང་འཇིགས་སྒོ་གཅོད། །ཧ་ཧ་ཧི་ཧིའི་སྒྲ་སྒྲོག་ཅིང་། །མ་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཀེང་རུས་བམ་ཆེན་འདི་ལ་ད་རོལ་ཅིག །ཟ་འདྲེ་ཤི་གཤེད་འདི་དང་ད་ཕྲོལ་ཅིག །ཧཱུྃ། མ་ཡུམ་ཆེན་ཐུགས་ཀྱི་སྤྲུལ་པ་ལས། །དབུས་སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ། །ཏི་ར་རོ་ཡི་ཁྲི་སྟེང་ན། །མཐིང་གི་བུད་མེད་ཆེན་མོ་ལ། །རོ་སྒྲོལ་མཁའ་འགྲོ་འབུམ་གྱིས་བསྐོར། །གཅེར་བུ་རུས་པའི་རྒྱན་ཆ་ཅན། །གར་ཐབས་བསྒྱུར་ཞིང་ཐར་ལམ་བགྲོད། །རྒྱང་གླུ་ལེན་ཅིང་འཇིགས་སྒོ་གཅོད། །ཧ་ཧ་ཧི་ཧིའི་སྒྲ་སྒྲོག་ཅིང་། །མ་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཀེང་རུས་བམ་ཆེན་འདི་ལ་ད་རོལ་ཅིག །ཟ་འདྲེ་ཤི་གཤེད་འདི་དང་ད་ཕྲོལ་ཅིག །ཕཊ་ཕཊ་ཕཊཿ མགོ་ཡར་བཞག་ལ་


CMR052_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

བྲན་ནས་ཚོགས་ཕུད་ལྟར་བྱས་ཏེ། ཨོཾ་ཨཱཿཧཱུྃ། ལན་གསུམ། ཨོཾ་སརྦ་མ་ཧཱ་གུ་རུ་ཨི་དཾ་བ་ལིཾ་ཏ་ག་ན་ཙཀྲ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཟག་མེད་བདུད་རྩིའི་ཚོགས་ཕུད་དམ་པ་འདི་བསྔོ་ཞིང་། འབུལ་བའི་གནས་ནི། ཆོས་སྐུ་ཡུམ་ཆེན་མོ། རྒྱལ་བ་ཤཱཀྱ་ཐུབ་པ། འཇམ་དཔལ་སྨྲ་བའི་སེང་གེ །རྗེ་བཙུན་འཕགས་མ་སྒྲོལ་མ། མཁའ་འགྲོ་སུ་ཁ་སིདྡྷི། མཁས་པ་ཨཱརྱ་དེ་ཝ། ཕ་གཅིག་དམ་པ་སངས་རྒྱས། སྐྱོ་སྟོན་བསོད་ནམས་བླ་མ། མ་གཅིག་ལབ་ཀྱི་སྒྲོན་མ། སྲས་མཆོག་རྒྱལ་བ་དོན་གྲུབ། བཀའ་བབ་བུ་ཆེན་བཅུ་དྲུག །ཕ་རྒྱུད་ཐབས་ཀྱི་བརྒྱུད་པ། །མ་རྒྱུད་ཤེས་རབ་ཀྱི་བརྒྱུད་པ། སྲས་རྒྱུད་ཉམས་ཀྱི་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ག་ཎ་ཙཀྲ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཕཊ་ཕཊ་ཕཊཿ དེ་ནས་ཁོག་སྟོད་བཅད། བཅད་མ་ཐུབ་ན་ཁོག་སྟོད་ཡན་དེ་གྲི་ཡིས་གཤགས། ཆོས་གོས་ལེའུ་ཚུལ་དུ་ཁྲག་ཤ་ལྟར་གཤགས་ལ་བྲན་ནས། ཨོཾ་ཨཱཿཧཱུྃ། ལན་གསུམ། ཨོཾ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས། ཨཱ་ཝེ་ཤ་ཡ་ཨི་དཾ་བ་ལི་ཏ་ག་ཎ་ཙཀྲ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཟག་མེད་བདུད་རྩི་ཚོགས་ཀྱི་མཆོད་པ་འདི་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། ཡི་དམ་ཁྲོས་མ་ནག་


CMR052_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

མོ། བདེ་ཆེན་དཀར་མོ། སེར་མོ་དོན་གྲུབ། དམར་མོ་སྒྲ་སྒྲོགས། སྣ་ཚོགས་མཐའ་ཕྱིན། རྡོ་རྗེ་མཁའ་འགྲོ། རིན་ཆེན་མཁའ་འགྲོ། པདྨ་མཁའ་འགྲོ་ལས་ཀྱི་མཁའ་འགྲོ། སྣ་ཚོགས་མཁའ་འགྲོ། འཇིག་རྟེན་མཁའ་འགྲོ། ཐམས་ཅད་མཁའ་འགྲོ། ཤ་ཟ་མཁའ་འགྲོ། མཁའ་འགྲོའི་ཕོ་ཉ་རྣམས་དང་། །གཞན་ཡང་ཕ་རྒྱུད་གསང་བ་འདུས་པ། མ་རྒྱུད་མ་ཧཱ་མཱ་ཡཱ། སྤྱི་རྒྱུད་དུས་ཀྱི་འཁོར་ལོ། སྙིང་པོ་དགྱེས་པ་རྡོ་རྗེ། ཡང་སྙིང་འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་འཁོར་དང་བཅས་པའི་ཞལ་དུ་ག་ཎ་ཙཀྲ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཕཊ་ཕཊ། སྐེད་པ་དེ་བཅད་ལ་བྲན། བཅད་མ་ཐུབ་ན་རི་མོ་བྲིས་ལ། སྐེད་པ་ལ་ཆོས་གོས་རིས་སུ་གཤགོས་ལ་བྲན་ནས། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་མ་ཧཱ་ཀཱ་ལཱི་ཨི་དཾ་བ་ལི་ཏ་ག་ཎ་ཙཀྲ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། དམ་རྫས་བདུད་རྩི་ཚོགས་ཀྱི་མཆོད་པ་འདི་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། དཔལ་ཡེ་ཤེས་ཀྱི་མགོན་པོ་བེར་ནག་པོ་ཅན་ཕྱག་བཞི་པ། ཕྱག་དྲུག་པ། གུར་གྱི་མགོན་པོ། དཔལ་ལྡན་ལྷ་མོ་རང་བྱུང་གི་རྒྱལ་མོ། དུད་པའི་སོལ་བ་མ། རེ་མ་ཏི་མཆེད་གསུམ། སྤྱང་ཞོན་ལྷ་མོ་མཆེད་


CMR052_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། ཞིང་སྐྱོང་སེང་གདོང་ཡབ་ཡུམ། དུར་ཁྲོད་ཀྱི་བདག་པོ་བདག་མོ། ལས་བདག་མཚན་མོ་སྒྲ་སྒྲོགས། བདུད་མགོན་ཏྲཀཱད། སྲིན་མགོན་ཐོད་ཕྲེང་ཅན། གཉན་མགོན་ཞལ་བཞི་པ། གཞན་ཡང་ནག་པོ་སྟོང་། ཤ་ཟ་འབུམ། མ་མོ་བྱེ་བ། གནོད་སྦྱིན་ཁྲི། མཁའ་འགྲོ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཀྱི་ཞལ་དུ་ག་ཎ་ཙཀྲ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཕཊ་ཕཊ་ཕཊཿ ཁོག་སྨད་བཅད་དེ་བྲན། བཅད་མ་ཐུབ་ན་གཤགས་ལ་བྲན། ཨོཾ་ཨཱཿཧཱུྃ། བདུད་རྩི་ཚོགས་ཀྱི་འཁོར་ལོ་རང་རང་གི་ཡིད་དང་མཐུན་པའི་ལོངས་སྤྱོད་རྒྱ་ཆེན་པོ་འདི༔ བཀའ་སྣང་ཞིང་སྲིད་པའི་ལྷ་འདྲེ་བགེགས་རིགས་ལན་ཆགས་ཀྱི་བདག་པོ་བདག་མོ་ཁྱད་པར་དུ་ས་ཆ་ཡུལ་རིས་འདི་ན་གནས་པའི་ལྷ་འདྲེ། དཀར་པོ་ལྷ་ཡི་སྡེ་ཚོགས། ནག་པོ་བདུད་ཀྱི་སྡེ་ཚོགས། དམར་པོ་བཙན་གྱི་སྡེ་ཚོགས། ཁྲ་བོ་གཟའ་ཡི་སྡེ་ཚོགས། སེར་པོ་གཉན་གྱི་སྡེ་ཚོགས། སྔོན་པོ་ཀླུའི་སྡེ་ཚོགས། སྨུག་པོ་དམུ་ཡི་སྡེ་ཚོགས། ལྗང་གུ་ས་བདག་གི་སྡེ་ཚོགས། ཕ་རི་གཡས་ལ་གནས་པ། ཚུ་རི་གཡོན་ལ་གནས་པ། མདུན་རི་རྒྱབ་རི་ལ་གནས་པ། དུར་ཁྲོད་འདི་ལ་གནས་པ། དུར་ས་འདི་ལ་གནས་


CMR052_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྷ་འདྲེ་རྣམས་ཀྱི་ཞལ་དུ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་རང་རང་གི་ཡིད་དང་མཐུན་པའི་ལོངས་སྤྱོད་རྒྱ་ཆེན་པོ་འདི་འབུལ་ལོ། །གཞན་ཡང་བཙན་རྒོད་ཟངས་རི་འཁྱིལ་པ། ཤམ་པོ་གཟའ་བདུད་མགོ་དགུ། ཀླུ་རྒྱལ་དྲག་པོ་ཟླ་སྐྱོང་།། བོད་ཁམས་བརྟན་མ་བཅུ་གཉིས་རྣམས་ཀྱི་ཞལ་དུ་འབུལ་ལོ། །ག་ཎ་ཙཀྲ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། གཞན་ཡང་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཟག་མེད་བདུད་རྩི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་རང་རང་ཡིད་དང་མཐུན་པའི་ལོངས་སྤྱོད་རྒྱ་ཆེན་པོ་འདི་སྦྱིན་ནོ། །བསྔོའོ། །ག་ཎ་ཙཀྲ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། དཀོན་མཆོག་མཆོད་པས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་བསྐང་གྱུར་ཅིག །རིགས་དྲུག་འདོད་པ་ཚིམ་གྱུར་ཅིག །ལན་ཆགས་བུ་ལོན་བྱུང་གྱུར་ཅིག །རྣམ་བཞིའི་མགྲོན་གྱི་ཚོགས་རྣམས་ལ། །ཚད་མེད་མཆོད་སྦྱིན་འདི་བསྔོས་པས། །ཚེ་འདས་ཚོགས་རྫོགས་སྒྲིབ་བྱང་ནས། །མྱུར་དུ་སངས་རྒྱས་ཐོབ་པར་ཤོག །ཕཊ་ཕཊ་ཕཊཿ ཚོགས་གཏོར་ཚོགས་རྫས་ཤ་ཆང་ཡོད་ན་སྐབས་འདིར་རོལ་ལ། གཟིགས་ཤིང་མཛེས་ལྡན་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱ་མི་རུང་། །བྲམ་ཟེ་ཁྱི་


CMR052_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

དང་གདོལ་པ་གསུམ། །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཞེས་གུས་པ་དང་བཅས་པས་དྲངས་ལ། སློབ་དཔོན་གྱིས་ཀྱང་པད་ཀོར་དང་བཅས་པས། ཧཱུྃ། བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འདོད་ཆགས་དྲི་མ་དང་བྲལ་བའི། །གཟུང་དང་འཛིན་པ་རྣམ་པར་སྤང་། །དེ་ཁོ་ན་ཉིད་ལ་བདག་ཕྱག་འཚལ། །ཨ་ཧོསུ་ཁ། ཞེས་བརྗོད་པར་བྱའོ། །ཨོཾ་ཨཱཿཧཱུྃ། ལྷག་མ་བདུད་རྩིའི་རྒྱ་མཚོ་ཆེན་པོ་འདི། ཁས་ཞན་པ་དབང་ཆུང་བ་ཕུད་ལ་མི་དབང་བ། ལྷག་མ་ལ་རེ་བ་རྣམས་ལ་བདུད་རྩི་ལྷག་མའི་གཏོར་མ་འདི་བསྔོས་པས་ཚིམ་པར་ཟོ་ཞིག །ཨོཾ་ཨུཙྪིཥྛ་བ་ལི་ཏ་ཁཱ་ཧི། ཕཊཕཊཕཊཿ ཕཊཿ རང་ཉིད་མཁའ་འགྲོ་མ་དམར་མོ་ལྕགས་ཀྱུ་དང་ཐོད་པ་འཛིན་པའི་འོད་ཟེར་གྱིས་ལྷ་འདྲེ་དུར་སྲི་ཐམས་ཅད་ཀྱི་ཚེ་བསོད་ནམས་བཀྲག་མདངས་ཐམས་ཅད་བསྡུས་ནས་ཐོད་པའི་ནང་དུ་ཐིག་ལེ་དཀར་དམར་མཐིང་གསུམ་དུ་གྱུར་ནས་རང་ཉིད་དང་བསྲུང་བྱ་ལ་ཐིམ་པར་གྱུར། ཕཊ་ཕཊ་ཕཊཿ ཅེས་དངོས་གྲུབ་བླང་ངོ་། །དེ་ནས་ཚོགས་བྲོ་བརྡུང་ཞིང་ཚོགས་མགྲོན་སྤྱན་དྲངས་པ་རྣམས་གཤེགས་ཏེ། ཌཱ་དྲིལ་དང་བཅས་པས་ཕྱོགས་བཞིར་ཁ་རྒྱུ་ནས། འགྲོ་སྟངས་བར་འཆམས་ནས་ཐོ་རྣམས་བསྒྱེལ་ཞིང་མཁའ་འགྲོ་མས་ཚེ་འདས་


CMR052_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཁམས་སུ་ཁྲིད་པར་བསྒོམས་ལ། ཧཱུྃ། ཤར་ཕྱོགས་རྡོ་རྗེ་མཁའ་འགྲོའི་བྲོ། །རྡོ་རྗེ་མཁའ་འགྲོས་བྲོ་བརྡུངས་པས། །ཚེ་འདས་མངོན་དགར་ལམ་སྣ་དྲོངས། །མངོན་དགར་སླེབ་པར་བྱིན་གྱིས་རློབས། །ཕཊ་ཕཊ་ཕཊཿ ལྷོ་ཕྱོགས་རིན་ཆེན་མཁའ་འགྲོའི་བྲོ། །རིན་ཆེན་མཁའ་འགྲོས་བྲོ་བརྡུངས་པས། །དཔལ་དང་ལྡན་པར་ལམ་སྣ་དྲོངས། །དཔལ་ལྡན་སླེབ་པར་བྱིན་གྱིས་རློབས། །ཕཊཿཕཊཿ་ཕཊཿ ནུབ་ཕྱོགས་པདྨ་མཁའ་འགྲོའི་བྲོ། །པདྨ་མཁའ་འགྲོས་བྲོ་བརྡུངས་པས། །བདེ་བ་ཅན་དུ་ལམ་སྣ་དྲོངས། །བདེ་ཆེན་སླེབ་པར་བྱིན་གྱིས་རློབས། །ཕཊཿཕཊཿཕཊཿ བྱང་ཕྱོགས་ལས་ཀྱི་མཁའ་འགྲོའི་བྲོ། །ལས་ཀྱི་མཁའ་འགྲོའི་བྲོ་བརྡུངས་པས། །ལས་རབ་རྫོགས་པར་ལམ་སྣ་དྲོངས། །ལས་རབ་སླེབ་པར་བྱིན་གྱིས་རློབས། །ཕཊཿཕཊཿཕཊཿ དབུས་ཕྱོགས་སངས་རྒྱས་མཁའ་འགྲོའི་བྲོ། །སངས་རྒྱས་མཁའ་འགྲོའི་བྲོ་བརྡུངས་པས། །འོག་མིན་གནས་སུ་ལམ་སྣ་དྲོངས། །འོག་མིན་སླེབ་པར་བྱིན་གྱིས་རློབས། །ཕཊཿཕཊཿཕཊཿ ཚོགས་མགྲོན་ཐམས་ཅད་རང་རང་གི་གནས་སུ་བཛྲ་མུཿ ཕཊ་ཕཊ་ཕཊ་ཕཊ་


CMR052_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊཿ ཕཊཿ དུར་ཁྲོད་གཞལ་ཡས་ཁང་གྲུ་བཞིའི་སྟེང་པད་ཉིའི་གདན་གྱི་སྟེང་དུ་མ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཁ་ནས་མེ་དཔུང་འབར་བར་གྱུར། ཕཊཿ རང་ཉིད་ཁྲོས་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། བཀའ་དང་དམ་ལ་མི་གནས་པའི་གནོད་བྱེད་ཟ་འདྲེ་ཐམས་ཅད་བཀུག་ནས་མཁའ་འགྲོ་མའི་ཞལ་དུ་བསྟབས་པས་དངོས་མེད་དུ་བསྲེགས་པར་གྱུར། ཕཊཿཕཊཿཕཊཿ ཕཊཿཕཊཿཕཊཿ ཕཊ་ཕཊ་ཕཊཿ དམིགས་པ་རེ་དང་ཕཊ་རེ་སྤྲད། ཕཊཿ དུར་གྱི་འོག་ཏུ་ལྕགས་ཁང་གྲུ་གསུམ་པའི་ནང་དུ་བཀའ་དང་དམ་ལ་མི་གནས་པའི་གནོད་བྱེད་དུར་སྲི་ཐམས་ཅད་ཚུད་པར་གྱུར། ཕཊ། གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པས་ཁ་བཅད་པར་གྱུར། ཕཊ། གཞལ་ཡས་ཁང་མཁའ་འགྲོ་དང་བཅས་པ་གནས་འགྱུར་ནས། གསེར་གྱི་མཆོད་རྟེན་བང་རིམ་དགུ་པར་གྱུར་ནས། གནོད་བྱེད་ཟ་འདྲེ་ཐམས་ཅད་བསྐལ་པའི་བར་དུ་མི་ཐར་བར་མནན་པར་གྱུར། །ཕཊཿཕཊཿཕཊཿ འོ། ས་ཆ་འདི་ཡི་ལྷ་འདྲེ་མཐུ་བོ་ཆེ་ཁྱེད་རྣམས་ཉོན་ཅིག །གནོད་བྱེད་ཟ་འདྲེ་ཤི་གཤེད་འདི་རྣམས་ཁྱོད་གཏད་པ་ཡིན་པས་མ་ཤོར་ཅིག །ནོན་ཅིག །


CMR052_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ཟུངས་ཤིག །ཆིངས་ཤིག །གལ་ཏེ་ཤོར་ན་ཡེ་ཤེས་ལྷ་ཡི་དམག་འདྲེན། གནམ་ས་ཁ་ཞབས་ལྡོག །ཁྲག་སྣའི་ཐབ་བཏང་། རྫས་རྒོད་ཀྱི་དུད་པས་བདུག་་ཁྱེད་རྣམས་རྡུལ་དུ་བརླག །དེ་བས་ཟ་འདྲེ་མ་ཤོར་ཅིག །ཁྱེད་ལ་མཐུ་སྟོབས་ཅི་གདའ་ལྟའོ། །ཞེས་འོ་འབོད་པ་བྱའོ། །ཕུང་པོ་ཤ་ཁྲག་གི་ལྷག་མ་འདི། ཤ་ཐམས་ཅད་བདུད་རྩིའི་ལོངས་སྤྱོད། ཁྲག་འོ་མའི་རྒྱ་མཚོ། དཀར་གསུམ་མངར་གསུམ། ཙནྡན་གྱི་ནགས་ཚལ། གུར་གུམ་གྱི་སྤང་རི། རིན་ཆེན་འབྲུ་སྨན་དར་ཟབ་སྣ་ཚོགས་ཀླུ་དང་གཞི་བདག་ཐམས་ཅད་ལ་ཅི་འདོད་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པས་ས་ཕྱོགས་འདི་མེར་གྱིས་གང་བར་གྱུར། ཕཊ་ཕཊ་ཕཊཿ ཐམས་ཅད་ནམ་མཁའི་མཛོད་བཞིན་དུ། །ལོངས་སྤྱོད་ཟད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག །ཕཊ་ཕཊ་ཕཊཿ ཅེས་བརྗོད་འདི་བསྡུས་པའི་ལུགས་ཡིན། རྒྱས་པར་གཅོད་ཚོགས་གཞུང་ལྟར་བྱས་ནས་པགས་པ་བཤུས་ནས་ཤ་ཐམས་ཅད་ལྷུ་རེ་རེ་ནས་བཀྲལ་ནས། ལྷ་རེ་རེ་ནས་བྲན་ལ། དུར་ཁྲོད་ཀྱི་མཁའ་འགྲོའི་ཚོགས་ལས་དུས་སོ་སོར་བསྔོ་དགོས་སོ། །དེ་ནས་ཕྱི་མིག་མི་ལྟ་བར་ཁྱིམ་དུ་འོང་།


CMR052_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཐམས་ཅད་སྐྱུགས་མི་བྲོ་བ་དང་བེམ་རོ་དང་ཚོགས་འཁོར་བསྐོར་བ་ཡང་གསང་སྤྱོད་ཡིན་པས། རང་དང་གཅོད་གཡོག་གི་གོས་དང་ལག་པ་བཀྲུས་ནས་མི་མངོན་པར་བྱའོ། །དེ་ལྟར་རོ་བཤའ་འདི་ལ་མནན་བསྲེག་འཕང་གསུམ་ཚང་བས་གཤེད་འདུལ་གྱི་གོ་ཆོད་པར་རྩི་སྲོལ་ཡོད་ལ། གལ་ཆེ་ན་སླར་ཡང་གཅོད་ཚོགས་དང་གཤེད་འདུལ་ལ་རྟགས་ཐོན་པར་བྱའོ། །ཨེ་མ་ཡུམ་ཆེན་ཌཱཀི་གདམས་ངག་ཁྱད་པར་ཅན། །རོ་བཤའ་ཞེས་བྱ་ཀུན་ལ་ཡོངས་གྲགས་ཀྱང་། །དེང་སང་ཕྱག་ལེན་ཇི་ལྟར་ཤེས་པ་དཀོན། །རོ་བཤའ་གྲངས་མེད་བྱས་པའི་གཅོད་པ་རྣམས། །ཕྱག་ལེན་དམིགས་རིམ་བློ་གཏད་བྲལ་བཞིན་དུ། །མི་རུང་པ་ཡི་བྱ་བ་ཐམས་ཅད་ཀུན། །གཅོད་ལུགས་ཡིན་པར་རློམས་ནས་ས་དཔྱད་དང་། །གཟའ་སྐར་དུས་ཚོད་ས་བདག་ལ་སོགས་པ། །དཀར་ནག་རྩིས་གཞུང་ཐམས་ཅད་ཁྱད་དུ་གསོད། །མི་རུང་སྣ་དགུ་ཡིད་ལ་གང་དྲན་སྤྱོད། །ཀྱེ་མ་སྦྱིན་བདག་ཕལ་ཆེར་བསོད་ནམས་ཟད། །གཉིས་ཕུང་རང་མགོ་རང་གཡོག་བྱེད་པ་མང་། །དེ་དག་རྣམས་ལ་བྱམས་པས་མ་བཟོད་ནས། །དུར་གཅོད་རྒྱ་མཚོ་ཙམ་གྱི་བཅུད་བསྡུས་ནས། །ཞལ་ཤེས་ངག་ཁྲིད་མང་པོས་མཚམས་སྦྱར་ཏེ། །རྒྱས་བསྡུས་འཚམས་ཤིང་ལག་བླངས་བདེ་བ་འདི། །རང་གིས་དབོན་པོ་གཅོད་པ་ཆོས་འཕེལ་གྱིས། །ཡང་ཡང་བསྐུལ་ཕྱིར་ལེགས་པར་སྦྱར་བའོ། །འདི་བྲིས་འགལ་འཁྲུལ་ཉེས་པ་ཅི་མཆིས་པ། །མ་གཅིག་དུར་ཁྲོད་ཌཱཀིའི་ཚོགས་ལ་བཤགས། །འདི་བྲིས་དགེ་བས་འདི་དང་འབྲེལ་ཚད་ཀུན། །ཚེ་


CMR052_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

འདས་བདེ་ཆེན་ཞིང་ཁམས་བགྲོད་པ་དང་། །སྦྱིན་བདག་རྣམས་ཀྱང་བཀྲ་ཤིས་བདེ་ལེགས་འཕེལ། །གཅོད་པ་བདུད་བཞིའི་གཡུལ་ལས་རབ་རྒྱལ་ནས། །རྒྱལ་བའི་ཡུམ་གྱི་གོ་འཕང་མྱུར་ཐོབ་ཤོག །དེ་སྐད་སྨྲ་བ་མ་གཅིག་ལབ་སྒྲོན་ལ། །དད་པའི་ཡིད་ཅན་རཱ་གའི་མིང་ཅན་ནོ། །འདི་ཉིད་ཕྱོགས་དུས་ཀུན་ཏུ་དར་གྱུར་ཅིག །སརྦ་མངྒ་ལཾ། །བྷ་ཝན་ཏུ། དགེའོ། །བཀྲ་ཤིས་པར་ཤོག། །། ༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousདུར་གཅོད་ཀྱི་ངག་འདོན་འགྲིགས་ཆགས་སུ་བཀོད་པ་དུར་སྲི་རྒྱུན་གཅོད་ཅེས་བྱ་བ་དུར་གཅོད་ཀུན་གྱི་དོན་བསྡུས་པ།next