གཅོད་ཀྱི་གཤེད་འདུལ་གདུག་པ་ཚར་གཅོད་ཅེས་བྱ་བ་དུར་གཅོད་ཀུན་གྱི་དོན་བསྡུས་འདོན་འགྲིགས་ཤིན་ཏུ་གསལ་བ།


CMR052_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

༼ཛ༽གཅོད་ཀྱི་གཤེད་འདུལ་གདུག་པ་ཚར་གཅོད་ཅེས་བྱ་བ་དུར་གཅོད་ཀུན་གྱི་དོན་བསྡུས་འདོན་འགྲིགས་ཤིན་ཏུ་གསལ་བ་བཞུགས་སོ།།


CMR052_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཀྲོ་ཏི་ཀཱ་ལཱི་ཡེ། ཁྲོས་མ་ནག་མོའི་ཞབས་ལ་ཕྱག་འཚལ་ནས། །གཅོད་ཀྱི་གཤེད་འདུལ་མདོར་བསྡུས་ཁྱེར་བདེ་བྲི། །མ་གཅིག་མཁའ་འགྲོའི་ཚོགས་ཀྱིས་བྱིན་གྱིས་རློབས། །འདི་ལ་རོ་གཅོད་ཀྱི་སྐོར་ལོགས་སུ་གསལ། གཤེད་འདུལ་ལ་མཆོད་གཏོར་གཞུང་ལྟར་བཅའ། རང་གི་མདུན་དུ་ཧོམ་ཁུང་གཅིག་བཅའ་རང་གི་ཞབས་སུ་ཧོམ་ཁུང་བསྒོམ་མི་རུང་འོག་བསྡུད་བྱས་ན་མི་རབས་རྩད་ནས་ཆེད་གསུངས། མདུན་དུ་གཞི་མ་ནག་པོའི་སྟེང་དུ་རི་གསུམ་གྱི་རྡོ་སྐྱེད་པུའི་ཚུལ་བྱས་པའི་སྟེང་དུ་སླ་ང་གཅིག་བཙུགས། སླ་ངའི་ནང་དུ་གྲི་ཁྲག་གིས་གྲུ་གསུམ་བྲི། སླ་ངའི་ཁ་ན་གྲི་གསུམ་སོ་ནང་དུ་བསྟན་ལ་གྲུ་གསུམ་བཞག །གཤེད་གྲི། གཤེད་བྲེང་། གཤེད་སྒོ། གཤེད་ཟེར།


CMR052_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད་མདའ། གཤེད་གཞུ། གཤེད་སྟྭ། གཤེད་ཤ་ལག་པ། རྔ་མ་ནག་པོ། ཐུན་རྫས། གཤེད་རྡོ་རྡེའུ་དཀར་ནག་བདུན་རེའམ་ཉི་ཤུ་རྩ་གཅིག་རེ། ཕུར་པ་གཅིག་ཕུར་གདན་ནས་སྡེར་ནང་དུ་བཞག །ལིངྒ་བྲི་བ་ནི། ཕོ་དུར་ཤ་བའི་མགོ་ཅན་གྱི་སྙིང་གར་གྲུ་གསུམ་བྲིས་པའི་ནང་དུ། ཏྲི་ཛཿཏྲི་རནྲྀ་བྲི། དེ་བཞིན་དུ། མོ་དུར་ཕག་ནག་མགོ་ཅན་གྱི་ལྟོ་བར་་ཏྲི་ཤི་རྨི། རབས་དུར་ཆུ་སྲིན་མགོ་ཅན་ལ། ར་ནྲྀ་ཏྲི་ཛཿཏྲི། ཆུར་དུར་བྱི་ལའི་མགོ་ཅན་ལ། ཛ་ལ་ཏྲི་ཛནན། གྲི་དུར་སྤྲེལ་དམར་མགོ་ཅན་ལྟོ་བར། རཀྴ་དུན་ར་ནྲྀ་བྷྱོ་ཛཿ ཞེས་བྲིས་པ་ས་བོན་ཡིན། དེ་རྒྱབ་མུ་ཁྱུད་ལ། ཨོཾ་ན་མོ་རཏྣ་ཙི་ཏྲ་ཙི་ཏྲ་དུཾ་དུཾ་རྦད་རྦད་ཛ་ཛཿ དུར་སྲི་ཐུཾ་ཐུཾ་མྱོག་མྱོག་རྦད་ཆོད་ནན། ཟ་འདྲེ་ཤི་གཤེད་ཁུག་ཅེས་བྲི། དེ་རྒྱབ་མུ་ཁྱུད་ལ།


CMR052_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་བྱེད་ཟ་འདྲེ་ཤི་གཤེད་འདི་གར་གནས་ཀྱང་འདིར་ཁུག་ཅིག །ཟུངས་ཤིག །ཆིངས་ཤིག །སྡོམས་ཤིག །ཅེས་བྲི། དེ་རྒྱབ་ལིངྒའི་ཕྱི་མུ་ཁྱུད་རྒྱབ་མ་ལ། ཙ་ཏྲི་ར་ཙ་སྲོག་ནན། ཏྲི་ཐུ་མྱོག་ཆད་སོད། དུ་བུར་དུ་བུར་རྦད་ཆད་སོད་སོད་ཛ་ཛ་ཧྲི་ག་ཁ་ཛཿ ར་ཙ་རྦད་རྦད་ནན་ནན། ཟ་འདྲེ་ཤི་གཤེད་ཁུག་ནན། ཞེས་བྲི། ལིངྒའི་སྙིང་གར་ཎི་ཏྲི་དྲྀ༔ ལྟེ་བར་སུ་ཏྲི་ཛཿ མིག་གཉིས་ལ་ཛཿ རྣ་བ་གཉིས་ལ་འོན། ཡན་ལག་བཞི་ལ་ཛཿཧཱུྃ་བྃ་ཧོཿ ཉིང་ལག་བཞིར་ཞ་བཞི། རྐང་ཞབས་གཉིས་སུ་ཡཾ་གཉིས། འདོམས་བར་དུ་རཾ། སྤྱི་བོར་ནན། གཟུགས་སྔོ་སྐྱ་ཡན་ལག་ཕྲ་ལ་སྐམ་པ་བྲིས་ལ། དེ་ཡང་གཟས་ཤི་ན་གཟའི་གཟུགས། མུག་དུར་པུ་ཤུད། རྨུག་དུར་བྲོ་བ། ཐོབ་གྲི་བྲག་བྱ། རང་མལ་དུ་ཤི་ན་གཡག །མ་བུ་མནོལ་གྲིར་ཤི་བ་རི་བོང་། གྲིར་ཤི་བ་ཤ་བ། ཤི་སྲི་མཛོ་མོ། ཆུར་ཤི་བ་ཆུ་བྱ། རབས་ཆད་མཛོ། རྒན་དུར་སྤྲེའུ་རྣམས་ཀྱི་མགོ་ཅན་བྲིས། སྔགས་མགོ་ནི་ཕོ་ལིང་ཕྲག་པ་གཡས། །མོ་ལིང་ཕྲག་པ་གཡོན། ཆུང་ལིང་སྤྱི་བོ་ནས། དགྲ་ལིང་རྐང་ཞབས་མཐིལ་ནས་བསྐོར། ལིངྒ་མེ་ཁར་གཡུག་རླུང་ལ་ཕྱར་ནས་ཚོན་སྐུད་ཀྱིས་བཅིངས་ལ་བཞག །ཕོ་ལ་ཕོ་ཤིང་སྟག་པའམ་སྐྱེར་པ་ཤུག་པ། མོ་ལ་མོ་ཤིང་གླང་མའམ་ལྕང་མ། བྱིས་པ་ལ་ལོ་བདུན་ནས་ཉི་ཤུའི་བར་ལ་བུ་ཤིང་ཚར་བུ་ལ་བྱང་བུ་དགུ་བྱས་ལ། ཁྲག་གིས་ཡི་གེ་བྲིས་ཏེ་རིམ་པ་ལྟར། ཟ་འདྲེ་ཁུག །ཤི་གཤེད་ཁུག །སྲོག་གཅོད་ཁུག །དབུགས་ལེན་ཁུག །ཚེ་ལེན་ཁུག །མདངས་


CMR052_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲོག་ཁུག །གསོན་བདུད་ཁུག། །གཤིན་ལྕགས་ཁུག །ཤི་འདྲེ་ཤི་སྲི་ཁུག །ཅེས་སོགས་བྲིས་ལ་བཞག །ཤོག་བུའམ་ཤིང་བྱང་ལ་ཚེ་འདས་མིང་ཡིག་རྫི་དང་བཅས་པ་བྲི། ཟན་ལིང་དང་བཅས་པ་རྣམས་བཤམས། དེ་ནི་བཅའ་ཐབས་རྒྱས་པ་རྣམས་ཡིན་ནོ། །དེ་ཙམ་མི་ཐུབ་ན་ཐམས་ཅད་ལ་ཤི་སྲི་ཤ་བའི་མགོ་ཅན་གྱི་སྙིང་གར་རྨི་ཏྲ་དུ། ཡན་ལག་བཞི་ལ་ཛཿཧཱུྃ་བྃ་ཧོཿདང་ཉིང་ལག་བཞིར་ཞ་བཞི། ལིངྒའི་མཐར། གནོད་བྱེད་དར་སྲི། ཕོ་སྲི། མོ་སི། ཆེ་སྲི། ཆུང་སྲི། རྒན་སྲི། གཞོན་སྲི། འགགས་སྲི། མདའ་གྲི་མདུང་གྲི་སོགས་གང་ཡིན་ཁུག་མ་རཱཡ་ཛཿ ཞེས་བྲིས་པ་དང་ཤིང་བྱང་ལྔས་ཆོག །ཤིན་ཏུ་བསྡུ་ན་ནི་ཤིང་བྱང་ལ་རྨི་ཏྲ་ཛཿ ཞེས་བྲིས་པ་གཅིག་དང་ཟན་ལིང་ཙམ་ལ་བརྟེན་ཀྱང་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། གཅོད་ནི་དམིགས་པ་གཙོ་ཆེ་བས་སོ། །དེ་ནས་གཅོད་ཚོགས་སམ། ཁྲོས་མའི་གཞུང་བསྲངས་ལ། ཚོགས་ལས་སྐབས་སུ་གཤེད་འདུལ་འདི་བྱའོ།། ཕཊ། རང་ཉིད་སྐད་ཅིག་གིས་ངོ་བོ་མ་གཅིག་ལ་རྣམ་པ་ཁྲོས་མ་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། སྤྱན་གཡས་ཉི་མ། གཡོན་ཟླ་བ། དབུས་ཉི་ཟླ་སྤེལ་མའི་དཀྱིལ་འཁོར་གྱིས་སྲིད་པ་གསུམ་གཟིགས་པ། དབུ་སྐྲ་ཕྱེད་བཅིངས་པའི་ཟར་བུ་ལ་ལྕགས་སྲེག་གི་ཕུར་པ་རེ་རེས་བརྒྱན་པ། དུར་ཁྲོད་ཀྱི་ཆེས་


CMR052_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཀྱིས་བརྒྱན་ཅིང་ཞབས་གཡས་བསྐུམས་པས་རི་རབ་རྩེ་ནས་མནན་ཅིང་། ཞབས་གཡོན་བརྐྱངས་པས་རྒྱ་མཚོ་གཏིང་ནས་དཀྲུགས་པ། སྤྱི་བོ་ནས་ཕག་རྒོད་ཀྱི་ཞལ་ནས་ངུར་སྒྲ་བསྒྲོགས་པས་ལྷ་སྲིན་སྡེ་བརྒྱད་བྲན་དུ་ཁོལ་བ། ཕྱག་གཡས་མི་ལྤགས་ཀྱི་གཡང་གཞི་དང་གཡོན་མི་རྐང་གི་གླིང་བུ་འབུད་པ། འཁོར་རང་དང་འདྲ་བའི་མཁའ་འགྲོ་སྡེ་ལྔས་བསྐོར་བའི་དབུ་གཙུག་གི་ནམ་མཁའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ཐམས་ཅད་གཟུ་དང་དཔང་པོ་དྲང་ཤན་གྱི་ཚུལ་དུ་བཞུགས་པར་གྱུར། ཕཊ། ཀྱི། དགོངས་ཤིག་སྐྱབས་གནས་དཀོན་མཆོག་གསུམ། །གསོན་ཅིག་ཡི་དམ་ཌཱཀིའི་ཚོགས། །ཉོན་ཅིག་འཇིག་རྟེན་དྲེགས་པའི་ཚོགས། །ང་ནི་མ་ཉེས་མ་ལན་ནོ། །དང་པོ་བདག་གི་སེམས་མ་ཉེས། །བར་དུ་བདག་གི་ཁ་མ་ཉེས། །ཐ་མར་བདག་གི་ལག་མ་ཉེས། །མ་ཉེས་གཟུ་དཔང་དཀོན་མཆོག་བཞུགས། །དཀོན་མཆོག་གཟུ་དཔང་མི་མཛད་རྒྱུས། །སྐྱབས་མགོན་རེ་ས་གཞན་ན་མེད། །ཡི་དམ་ལྷ་ཚོགས་གཟུ་དང་དཔང་། །ཡི་དམ་གཟུ་དཔང་མི་མཛད་རྒྱུས། །དངོས་གྲུབ་རེ་ས་གཞན་


CMR052_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ན་མེད། །མཁའ་འགྲོ་ཆོས་སྐྱོང་གཟུ་དང་དཔང་། །ཌཱ་ཀི་གཟུ་དཔང་མི་མཛད་རྒྱུས། །ཕྲིན་ལས་སྒྲུབ་མཁན་གཞན་ན་མེད། །ལྷ་སྲིན་སྡེ་བརྒྱད་གཟུ་དང་། དཔང་། །སྡེ་བརྒྱད་གཟུ་དཔང་མི་མཛད་རྒྱུས། །དྲང་ཤན་འབྱེད་མི་ལོག་ན་མེད། །དམ་ཉམས་གཤེད་པོ་ལས་ངན་འདིས། །སངས་རྒྱས་བསྟན་པ་གཉེན་པོ་བཤིག ། དཀོན་མཆོག་གསུམ་གྱི་དབུ་འཕང་སྨད། །བླ་མ་དམ་པའི་སྐུ་ལ་བསྡོས། །གསང་སྔགས་ཟབ་མོའི་ཆོས་ལ་སྨད། །དམ་ཚིག་གཉན་པོ་ཁྱད་དུ་བསད། །དགེ་བ་བཅུ་པོ་རྒྱབ་ཏུ་མི་དགེ་བཅུ་པོ་དང་དུ་བླང་། །ཕུག་གི་ལྷ་ལ་མནོལ་ལྕགས་ཕབ། །བར་གྱི་མི་ཡི་ཚེ་སྲོག་བརྐུས། །སྒོ་ཡི་ནོར་ལ་གོད་ཁ་བྱས། །ཞིང་གི་ལོ་ལ་སད་སེར་བཏང་། །ཞིམ་མངར་ཟས་ཀྱི་གཡང་ལ་བརྐུས། །བསམ་པའི་དོན་ལ་སྟབས་བསྣོལ་བྱས། །ཏིང་ངེ་འཛིན་ལ་བྱིང་རྒོད་བཏང་། །ཁྱོད་ཀྱིས་ལས་ངན་སྣ་ཚོགས་བྱས། །དེ་བས་བསྒྲལ་བའི་ཞིང་དུ་གྱུར། །ཞིང་བཅུ་ཚང་བའི་ཤི་གཤེད་ཁྱོད། །བསྒྲལ་བའི་ཆོ་ག་བྱེད་པ་འདི། །ངན་སོང་གནས་ནས་འདྲེན་པའི་རྟགས། །མོན་རས་ལག་ལྕིབས་བྱས་པ་འདི། །


CMR052_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་བདེ་ཆེན་ལམ་ལ་འགོད་པའི་རྟགས། །དུག་ཤོག་ངོས་ལ་བྲིས་པ་འདི། །ལས་ངན་སྒྲིབ་པ་སྦྱོང་བའི་རྟགས། །སྒོ་རྐང་སྨྱུག་གུས་བྲིས་པ་འདི། །ཐུགས་རྗེའི་ལྕགས་ཀྱུས་འཛིན་པའི་རྟགས། །ཁྲག་སྣའི་སྣག་ཚས་བྲིས་པ་འདི། །ཐར་པའི་ལམ་དུ་ཁྲིད་པའི་རྟགས། །འདུག་ས་ཧོམ་ཁུང་བཅས་པ་འདི། །གཞལ་ཡས་ཁང་དུ་བཀོད་པའི་རྟགས། །དུག་ཤིང་རྩང་གིས་བསྐོར་བ་འདི། །དུག་ལྔའི་སྒྲིབ་པ་སྦྱོང་བའི་རྟགས། །ཟུར་གསུམ་མདའ་གསུམ་མདའ་ཁྲི་བྱས། །དུག་གསུམ་གཏན་ནས་སྦྱོང་བའི་རྟགས། །རྫས་སྣ་སྣ་ཚོགས་བསགས་པ་འདི། །རྟེན་འབྲེལ་ཐབས་ལ་མཁས་པའི་རྟགས། །ཨེ་མ་གཤིན་པོ་སྙིང་རེ་རྗེ། །མི་དགེ་བཅུ་པོ་སྤྱད་སྤྱད་ནས། །སྲོག་གཅོད་དབུགས་ལེན་བྱས་བྱས་ནས། །ངན་སོང་གསུམ་པོར་ལྟུང་གིས་དོགས། །སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །བསྒྲལ་ནས་གྲོལ་བར་བྱ་བའི་ཕྱིར། །ལྷ་དང་སྲུང་མ་ཐམས་ཅད་ཀྱིས། །རྣལ་འབྱོར་བདག་གི་སྡོང་གྲོགས་མཛོད། །ཅེས་བརྗོད་ལ་གཤེད་པོའི་རྒྱབ་རྟེན་ཐམས་ཅད་དང་བྲལ་བར་བསམས་ལ། ཕཊཿ བྱའོ།། དེ་ནས་འདུལ་ཆས་དམིགས་པ་ནི། །


CMR052_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊཿ གཤེད་གཞི་མི་ལྤགས་ཀྱི་གཡང་གཞི་ས་གཞི་ཁྱབ་པའི་སྟེང་དུ། གཉན་རྡོ་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། སླ་ང་དམྱལ་བའི་ཟངས་དམར་ཁྲོ་ཆུ་ཁོལ་མས་གང་བ། གཤེད་སྒྲོ་མི་ལྤགས་ཀྱི་རྨིད་བུ་རླུང་ཐུབ་པ། གཤེད་བྲེང་བ་སུ་ཏའི་ཞགས་པ་འདོམ་པ་དགུ་པ། གཞན་ཡང་གཅོད་པའི་སྟ་རེ། བརྔ་བའི་ཟོར་བ། རྒྱབ་པའི་མདའ་མདུང་། གཡབ་པའི་རྔ་མ། བརྡུང་བའི་ཐོ་བ། བྲབ་པའི་ཐུན་རྫས། འདེབས་པའི་ཕུར་པ། བརྡུང་ཤ་ལག་པ་དང་བཅས་པ་ཐམས་ཅད་མེ་འབར་ཞིང་ཚྭ་ཚྭ་འཕྲོ་བ་རེག་པ་ཙམ་གྱིས་རྡུལ་དུ་བརླག་པའི་ནུས་པ་དང་ལྡན་པར་གྱུར། ཕཊཿ ལིངྒ་མི་དམིགས་པ་ལས་ཤི་སྲི་མཛོ་མོའམ་སོགས་གང་བྲིས། མགོ་ཅན་མིག་ཤི་མིག་ལག་པ་གཡས་པས་བྲང་བརྡུང་ཞིང་གཡོན་པས་སྐུ་སྦར་བ། རྐང་པ་ལྕགས་སུ་བཅུག་པ་བུ་ག་དགུ་ནས་ཁྲག་འཛག་པ། སྔོ་ལ་ཧམ་པ་སྐེམ་ལ་རིད་པ་གཅེར་བུ་འདར་ཕྲི་ལི་ལི་བྱེད་པ། དེའི་སྙིང་གའི་སྲོག་ཡིག་ལས་འོད་ཟེར་འཕྲོས་པས་ཟ་འདྲེ་ཤི་གཤེད་ཐམས་ཅད་ཤ་རུལ་ལ་སྦྲང་མ་ལྟར་འདུས་ནས་སིབ་སིབ་ཐིམ་པའི་རང་བཞིན་ཅན་དུ་གྱུར། ཕཊཿ ན་མོ་རྗེ་བཙུན་གྲུབ་ཐོབ་


CMR052_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་ཡུལ་བརྒྱུད་པའི་བླ་མ་རྣམས་ཀྱི་བཀའ་བདེན་པ་དང་། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། མ་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་ཡུམ་ཆེན་མོའི་ལྷ་ཚོགས་འཁོར་དང་བཅས་པའི་བཀའ་བདེན་པ་དང་། ལོངས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་ཐུགས་རྗེ་ཁྲོས་མ་ནག་མོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། སྤྲུལ་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་ཨ་མ་ལབ་ཀྱི་སྒྲོན་མའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། སྤྱིར་སངས་རྒྱས་བསྟན་པའི་སྤྱི་དགྲ། དཔལ་ལྡན་བླ་མའི་སྐུ་དགྲ། རྣལ་འབྱོར་པ་བདག་གི་སྒོས་དགྲ། ཁྱད་པར་དུ་ཡང་ཚེ་ལས་འདས་པ་རྨི་མོ་ཞེས་བྱ་བའི་དང་པོ་ནད་ཀྱི་སྣ་འདྲེན་པ། བར་དུ་ནད་ཀྱི་ཚངབཅའ་བ། ཐ་མ་ནད་ཀྱིས་སྲོག་འཕྲོག་པ། གཤིན་པོ་གནས་མི་བདེ་ཞིང་གསོན་པོ་བཀྲ་མི་ཤིས་པར་བྱེད་པའི་ཟ་འདྲེ་ཤི་གཤེད། སྲོག་གཅོད་དབུགས་ལེན། ཚེ་ལེན་མདངས་འཕྲོག །གསོན་བདུད་གཤིན་ལྕགས། ཆེ་སྲི་ཆུང་སྲི་དར་སྲི་དུར་སྲི་སྒབ་འདྲེ་གནོད་བྱེད་གང་ཡིན་པ་ཐམས་ཅད། མཐོ་རི་བོའི་རྩེ། དམའ་རྒྱ་མཚོའི་གཏིང་། ས་འོག་ས་སྟེང་ས་བླ་སྲིད་པ་བར་མ་གསུམ་གར་གནས་ཀྱང་སྐད་ཅིག་རང་དབང་


CMR052_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་གཟུགས་ལིངྒ་མིང་བྱང་བུ་འདི་ལ་ཁུག་ཅིག །བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྤོ་ཊ་པཾ། བཛྲ་གནྡྷེ་ཧོ༔ བཛྲ་ཨཱ་ཝེ་ཤ་ཡ་ཨ༔ ཕཊ་ཕཊ་ཕཊཿ ཅེས་རྐང་དུང་འབུད་ཌཱ་དྲིལ་དྲག་ཏུ་འཁྲོལ། འགུགས་གཞུག་གསུམ་བྱས་ལ་ལིངྒ་བྱང་བུ་རྡེའུ་རྣམས་སྒྲོ་བར་བཅུག་ནས་སེ་ཆིངས་མདུད་པ་བྱས་གཅོད་གཡོག་པས་སྟཱ་རེ་ཕྲག་པ་གཡོན་ལ་བཟར། བྲིང་པ་གྲུ་མོ་གཡོན་ལ་བཀོན། ཟོར་བ་ལག་པ་གཡོན་དུ་ཐོགས་ལ། ལག་གཡས་གཤེད་སྒྲོ་བཟུང་ནས་ལངས་ཏེ་འདུག །ཁ་ཤར་དུ་རྒྱུ། ཧཱུྃ། ང་ནི་ཁྲོས་མ་ནག་མོའི་སྐུ། །སྲིད་གསུམ་འདུལ་བའི་མཐུ་མོ་ཆེ། །ཕག་ཞལ་གཟུགས་མེད་ཁམས་སུ་ངུར། །སྐུ་སྟོད་གཟུགས་ཁམས་གནས་སུ་འགྱིང་། །སྐུ་སྨད་འདོད་ཁམས་གནས་སུ་རོལ། །ཞབས་ཀྱི་ངན་སོང་གསུམ་པོ་མནན། །མི་ཤ་གཤེད་ལ་བདའ་བའི་ཕྱིར། །སྤྲུལ་པའི་ཕོ་ཉས་སྟོང་གསུམ་གང་། །སྐུ་ལས་སྤྲུལ་པའི་ཕོ་ཉ་ནི། །ལྕགས་ཀྱི་སྤྱང་ཀི་སྔོན་མོ་ལ། །དུང་གི་བུད་མེད་དཀར་མོས་ཆིབས། །བླ་བྱ་དཀར་པོ་ཀླད་ན་ལྡིང་། །བླ་ཁྱི་དཀར་པོ་རོལ་དུ་ཁྲིད། །བླ་འཛིན་དྲ་བ་རྒྱབ་ཏུ་ཁུར། །གཤེད་སྟ་ཁ་ཆེ་ཕྲག་ལ་གཟར། །གཤེད་ཟོར་འགུགས་མོ་ལག་ན་ཐོགས། །གཤེད་


CMR052_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོ་རླུང་ཐུབ་ལག་ཏུ་ཐོགས། །གཤེད་བྲིང་འདོམ་དགུ་གྲུ་ལ་བཀོན། །མི་ཤ་གཤེད་ལ་བདའ་བའི་ཕྱིར། །གནོད་བྱེད་ཟ་འདྲེ་ཤི་གཤེད་འདི། །ཤར་གྱི་ཕྱོགས་ནས་ཁུག་ལ་ཤོག །མི་ལྤགས་གཡང་གཞིས་རྡོབ་ལ་ཤོག །གཤེད་སྟ་ཁ་ཆེས་རྒྱོབ་ལ་ཤོག །གཤེད་ཟོར་འགུགས་མོས་ཟུང་ལ་ཤོག །གཤེད་སྒྲོ་རླུང་ཐུབ་ནང་དུ་ཆུག །གཤེད་བྲིང་འདོམ་དགུས་སྡོམ་ལ་ཤོག །བླ་འཛིན་དྲྭ་བས་དྲིལ་ལ་ཤོག །སྐད་ཅིག་ཉིད་ལ་འདིར་ཁུག་ཅིག །ༀ་བཛྲ་བྷ་ར་ཧཱི་ཀྲོ་ཏི་ཀཱ་ལཱི་ཧ་རི་ནི་ས་གནོད་བྱེད་ཟ་འདྲེ་ཤི་གཤེད་སྲོག་གཅོད་དབུགས་ལེན་ཤི་འདྲེ་ཤི་སྲི་གསོན་བདུད་གཤིན་ལྕགས་ཐམས་ཅད་རྨི་ཏྲི་ཨངྐུ་ཤ་ཛཿཛཿ ཕཊ་ཕཊ་ཕཊ། ཅེས་ཤར་ཕྱོགས་སུ་གཤེད་སྒྲོ་བརྡབ་བཅོལ་ནས་སླ་ངའི་ཁ་ནས་གྲི་གཅིག་སོ་ཡར་བསྟན་པའི་སྟེང་དུ་བྱོ་བར་བྱའོ། །ཚེ་འདས་ཀྱི་མིང་རྡེའུ་དང་གཟུགས་བརྙན་ཡོད་ན་ཡར་གཞིའི་འགྲམ་དུ་བཞག །བྱང་བུ་རྣམས་ཕོ་ཡིན་ན་ཁ་སྦུབས་པ་རྣམས་ཁུག་པ་ཡིན། མོ་ཡིན་ན་ཁ་ཡར་བསྟན་པ་རྣམས་ཁུག་པ་ཡིན། ཁུག་པ་ཧོམ་ཁུང་དུ་བཅུག་པ་སྟེ། ཕཊ། བྲུབ་ཁུང་གནམ་ལྕགས་ཀྱི་ཁང་སྒྲོམ་ཁ་དོག་ཅིང་མཐིལ་ཡངས་པ་ཞེ་སྡང་གི་མེ་འབར་བ། གཏི་མུག་གི་མུན་པ་འཐིབ་པ། ཟིན་ནས་ཐར་ས་མེད་པའི་ནང་


CMR052_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གནོད་བྱེད་ཟ་འདྲེ་ཤི་གཤེད་ཐམས་ཅད་ཚུད་ནས། རྩང་རྣམས་ལས་བྱེད་མཁའ་འགྲོ་མར་གྱུར་པས་བསྲུངས་ནས་བྲོས་དབང་མེད་པར་གྱུར། ཕཊ་ཕཊ་ཕཊ་ཅེས་བྲུབ་ཁུང་དུ་བཅུག་ཤོག་ལིང་ཡང་བཅུག །སླར་ཟན་ལིང་གཅིག་དང་བྱང་བུ་ལྷག་མ་རྣམས་སྒྲོ་བར་བཅུག་ལ། སྔར་ལྟར་ལྷོ་རུ། ཧཱུྃ། མ་གཅིག་ཁྲོས་མ་ནག་མོ་ཡི། །ཡོན་ཏན་སྤྲུལ་པའི་ཕོ་ཉ་ནི། །ལྕགས་ཀྱི་སྤྱང་ཀི་སྔོན་མོ་ལ། །གསེར་གྱི་བུད་མེད་སེར་མོས་ཆིབས། །བླ་བྱ་སེར་པོ་ཀླད་ན་ལྡིང། །བླ་ཁྱི་སེར་པོ་རོལ་དུ་ཁྲིད། །བླ་འཛིན་དྲ་བ་རྒྱབ་ཏུ་ཁུར། །གཤེད་ས་ཁ་ཆེ་ཕྲག་ལ་གཟར། །གཤེད་ཟོར་འགུགས་མོ་ལག་ན་ཐོགས། །གཤེད་སྒྲོ་རླུང་ཐུབ་མཆན་དུ་བཅུག །གཤེད་བྲིང་འདོམ་དགུ་གྲུ་ལ་བཀོན། །མི་ཤ་གཤེད་ལ་བདའ་བའི་ཕྱིར། །གནོད་བྱེད་ཟ་འདྲེ་ཤི་གཤེད་འདི། །ལྷོ་ཡི་ཕྱོགས་ནས་ཁུག་ནས་ཤོག །མི་ལྤགས་གཡང་གཞིས་རྡོབ་ལ་ཤོག །གཤེད་ལྟ་ཁ་ཆེས་རྒྱོབ་ལ་ཤོག །གཤེད་ཟོར་འགུགས་མོས་ཟུང་ལ་ཤོག །གཤེད་སྒྲོ་རླུང་ཐུབ་ནང་དུ་ཆུག །གཤེད་བྲིང་འདོམ་དགུས་སྡོམ་ལ་ཤོག །བླ་འཛིན་དྲྭ་བས་དྲིལ་ལ་ཤོག །སྐད་ཅིག་ཉིད་ལ་འདིར་ཁུག་ཅིག ། །


CMR052_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་བྷ་ར་ཧཱི་ཀྲོ་ཏི་ཀཱ་ལཱི་ཧ་རི་ནི་ས་གནོད་བྱེད་ཟ་འདྲེ་ཤི་གཤེད་སྲོག་གཅོད་དབུགས་ལེན་ཤི་འདྲེ་ཤི་སྲི་གསོན་བདུད་གཤིན་ལྕགས་ཐམས་ཅད་རྨི་ཏྲི་ཨངྐུ་ཤ་ཛཿཛཿ ཕཊཿཕཊ་ཿཕཊ། གོང་ལྟར་དང་། བྱོས་ནས་གྲུ་བ་རྣམས་ཧོམ་ཁུང་དུ་བླུགས། མ་གྱུ་བ་རྣམས་སྔར་ལྟར་ནུབ་ཏུ། །ཧཱུྃ། མ་གཅིག་ཁྲོས་མ་ནག་མོ་ཡི། །གསུང་ལས་སྤྲུལ་པའི་ཕོ་ཉ་ནི། །ལྕགས་ཀྱི་སྤྱང་ཀི་སྔོན་མོ་ལ། །བྱུ་རུའི་བུད་མེད་དམར་མོས་ཆིབས། །བླ་བྱ་དམར་པོ་ཀླད་ན་ལྡིང་། །བླ་ཁྱི་དམར་པོ་རོལ་དུ་ཁྲིད། །བླ་འཛིན་དྲྭ་བ་རྒྱབ་ཏུ་ཁུར། །གཤེད་སྟ་ཁ་ཆེ་ཕྲག་ལ་གཟར། །གཤེད་ཟོར་འགུགས་མོ་ལག་ན་ཐོགས། །གཤེད་སྒྲོ་རླུང་ཐུབ་མཆན་དུ་ཐོགས། །གཤེད་བྲིང་འདོམ་དགུ་གྲུ་ལ་བཀོན། །མི་ཤ་གཤེད་ལ་བདའ་བའི་ཕྱིར། །གནོད་བྱེད་ཟ་འདྲེ་ཤི་གཤེད་འདི། །ནུབ་ཀྱི་ཕྱོགས་ནས་ཁུག་ལ་ཤོག །མི་ལྤགས་གཡང་གཞིས་རྡོབ་ལ་ཤོག །གཤེད་སྟ་ཁ་ཆེས་བ་ལ་ཤོག །གཤེད་ཟོར་འགུགས་མོས་ཟུང་ལ་ཤོག །གཤེད་སྒྲོ་རླུང་ཐུབ་ནང་དུ་ཆུག །གཤེད་བྲིང་འདོམ་དགུས་སྡོམ་ལ་ཤོག །བླ་འཛིན་དྲྭ་བས་དྲིལ་ལ་ཤོག །སྐད་ཅིག་ཉིད་ལ་འདིར་ཁུག་ཅིག །ཨོཾ་བཛྲ་བྷ་ར་


CMR052_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱི་ཀྲོ་ཏི་ཀཱ་ལཱི་ཧ་རི་ནི་ས་གནོད་བྱེད་ཟ་འདྲེ་ཤི་གཤེད་སྲོག་གཅོད་དབུགས་ལེན་ཤི་འདྲེ་ཤི་སྲི་གསོན་བདུད་གཤིན་ལྕགས་ཐམས་ཅད་རྨི་ཏྲི་ཨངྐུ་ཤ་ཛཛཿ ཕཊ་ཕཊ་ཕཊ། གྲུ་བ་རྣམས་ཧོམ་ཁུང་དུ་བཅུག་མ་རྒྱུ་བ་རྣམས་སྔར་ལྟར་བྱང་དུ། ཧཱུྃ། མ་གཅིག་ཁྲོས་མ་ནག་མོ་ཡི། །ཕྲིན་ལས་སྤྲུལ་པའི་ཕོ་ཉ་ནི། །ལྕགས་ཀྱི་སྤྱང་ཀི་སྔོན་མོ་ལ། །གཡུ་ཡི་བུད་མེད་ལྗང་མོས་ཆིབས། །བླ་བྱ་ལྗང་གུ་ཀླད་ན་ལྡིང་། །བླ་ཁྱི་ལྗང་གུ་རོལ་དུ་ཁྲིད། །བླ་འཛིན་དྲ་བ་རྒྱབ་ཏུ་ཁུར། །གཤེད་སྟུ་ཁ་ཆེ་ཕྲག་ལ་གཟར། །གཤེད་ཟོར་འགུགས་མོ་ལག་ན་ཐོགས། །གཤེད་སྒྲོ་རླུང་ཐུབ་མཆན་དུ་བཅུག །གཤེད་བྲིང་འདོམ་དགུ་གྲུ་ལ་བཀོན། །མི་ཤ་གཤེད་ལ་བདའ་བའི་ཕྱིར། །གནོད་བྱེད་ཟ་འདྲེ་ཤི་གཤེད་འདི། །བྱང་གི་ཕྱོགས་ནས་ཁུག་ལ་ཤོག །མི་ལྤགས་གཡང་གཞིས་རྡོབ་ལ་ཤོག །གཤེད་ལྟ་ཁ་ཆེས་རྒྱོབ་ལ་ཤོག །གཤེད་ཟོར་འགུགས་མོས་ཟུང་ལ་ཤོག །གཤེད་སྒྲོ་རླུང་ཐུབ་ནང་དུ་ཆུག །གཤེད་འབྲེང་འདོམ་དགུས་སྡོམ་ལ་ཤོག །བླ་འཛིན་དྲྭ་བས་དྲིལ་ལ་ཤོག །སྐད་ཅིག་ཉིད་ལ་འདིར་ཁུག་ཅིག །ཨོཾ་བཛྲ་བྷ་ར་ཧཱི་ཀྲོ་ཏི་ཀཱ་ལཱི་ཧ་རི་ནི་ས་


CMR052_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་བྱེད་ཟ་འདྲེ་ཤི་གཤེད་སྲོག་གཅོད་དབུགས་ལེན་ཤི་འདྲེ་ཤི་སྲི་གསོན་བདུད་གཤིན་ལྕགས་ཐམས་ཅད་རྨི་ཏྲི་ཨངྐུ་ཤ་ཛརཿ ཕཊ་ཕཊ་ཕཊ། མཚམས་བཞི་སྟེང་འོག་ཏུ། ཧཱུྃ། །མ་གཅིག་ཁྲོས་མ་ནག་མོ་ཡི། །ཐུགས་ལས་སྤྲུལ་པའི་ཕོ་ཉ་ནི། །ལྕགས་ཀྱི་སྤྱང་ཀི་སྔོན་མོ་ལ། །མཐིང་གི་བུད་མེད་སྔོན་མོས་ཆིབས། །བླ་བྱ་སྔོན་མོ་ཀླད་ན་ལྡིང་། །བླ་ཁྱི་སྔོན་མོ་རོལ་དུ་ཁྲིད། །བླ་འཛིན་དྲ་བ་རྒྱབ་ཏུ་ཁུར། །གཤེད་སྟུ་ཁ་ཆེ་ཕྲག་ལ་གཟར། །གཤེད་ཟོར་འགུགས་མོ་ལག་ན་ཐོགས། །གཤེད་སྒྲོ་རླུང་ཐུབ་མཆན་དུ་བཅུག ། གཤེད་འབྲེང་འདོམ་དགུ་གྲུ་ལ་བཀོན། །མི་ཤ་གཤེད་ལ་བདའ་བའི་ཕྱིར། །གནོད་བྱེད་ཟ་འདྲེ་ཤི་གཤེད་འདི། །མཚམས་བཞི་སྟེང་འོག་ཀུན་ནས་ཁུག །མི་ལྤགས་གཡང་གཞིས་རྡོབ་ལ་ཤོག །གཤེད་སྨཱ་ཁ་ཆེས་རྒྱོབ་ལ་ཤོག །གཤེད་ཟོར་འགུགས་མོས་ཟུང་ལ་ཤོག །གཤེད་སྒྲོ་རླུང་ཐུབ་ནང་དུ་ཆུག །གཤེད་བྲིང་འདོམ་དགུས་སྡོམ་ལ་ཤོག །བླ་འཛིན་དྲྭ་བས་དྲིལ་ལ་ཤོག །སྐད་ཅིག་ཉིད་ལ་འདིར་ཁུག་ཅིག །ཨོཾ་བཛྲ་བྷ་ར་ཧཱི་ཀྲོ་ཏི་ཀཱ་ལཱི་ཧ་རི་ནི་ས་གནོད་བྱེད་ཟ་འདྲེ་ཤི་གཤེད་སྲོག་གཅོད་དབུགས་ལེན་ཤི་འདྲེ་ཤི་སྲི་


CMR052_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

གསོན་བདུད་གཤིན་ལྕགས་ཐམས་ཅད་རྨི་ཏྲི་ཨངྐུ་ཤ་ཛཿཛཿ ཕཊ་ཕཊ་ཕཊ། ད་དུང་བྱང་བུ་མ་ཁུག་པ་གང་འདུག་ན་ཟན་ལིང་སྒྲོ་བར་བཅུག་ལ་གབ་སྐུང་ཕུད་ཕྱིར་ཁྱིམ་མགོ་མཇུག་ཐམས་ཅད་བརྡབ་བཅོལ་ཞིང་འདི་སྐད་གྱེར་རོ། །ཧཱུྃ། ང་ནི་ཁྲོས་མ་ནག་མོའི་སྐུ། །ཁམས་གསུམ་འདི་ན་ང་དབང་ཆེ། །གཤེད་པོ་ལས་ངན་སྡིག་ཅན་ཁྱོད། །ཁྱོད་ལ་སྐུང་བའི་ཡུལ་ཡང་མེད། །ཁྱོད་ལ་གབ་པའི་ས་ཡང་མེད། །ཁྱོད་ས་ཡི་ཁམས་སུ་གབ་སྙམ་ན། །སེར་པོའི་རིགས་ལ་སྐུང་སྙམ་ན། །ས་འདི་ཡུམ་ཆེན་སངས་རྒྱས་སྤྱན། །དེ་ཡང་ང་ཡི་སྤྲུལ་པ་ཡིན། །མཁའ་འགྲོ་མང་པོ་ས་ལྟར་གཡོས། །སེར་མོ་རིན་ཆེན་མཁའ་འགྲོ་མ། །ཁྲི་འབུམ་བྱེ་བ་ས་ཡའི་ཚོགས། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །གཤེད་པོ་གབ་པའི་གབ་སྐུང་ཕུད། །ལྕགས་ཀྱུ་འབར་བས་སྙིང་ནས་ཟུངས། །ཞགས་པ་འབར་བས་མགུལ་ནས་སྡོམས། །ལྕགས་སྒྲོག་འབར་བས་ཡན་ལག་ཆིངས། །དྲིལ་བུ་འབར་བའི་མྱོས་སུ་ཆུག །ལས་ཀྱི་རླུང་གིས་རྒྱབ་ནས་དེད། །བསྐལ་པའི་མུན་པས་མདུན་ནས་སུས། །གཟུགས་བརྙན་ལིངྒ་འདི་ལ་ཁུག །མིང་ཡིག་བྱང་བུ་འདི་ལ་སྟིམས། །རང་དབང་


CMR052_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་འདིར་ཁུག་ཅིག །ཕཊཿ ཧཱུྃ། ང་ནི་ཁྲོས་མ་ནག་མོའི་སྐུ། །ཁམས་གསུམ་འདི་ན་ང་དབང་ཆེ། །གཤེད་པོ་ལས་ངན་སྡིག་ཅན་ཁྱོད། །ཁྱོད་ལ་སྐུང་བའི་ཡུལ་ཡང་མེད། །ཁྱོད་ལ་གབ་པའི་ས་ཡང་མེད། །ཁྱོད་ཆུ་ཡི་ཁམས་སུ་གབ་སྙམ་ན། །སྔོན་མོའི་རིགས་ལ་སྐུང་སྙམ་ན། །ཆུ་འདི་ཡུམ་ཆེན་མཱ་མ་ཀཱི། །དེ་ཡང་ང་ཡི་སྤྲུལ་པ་ཡིན། །མཁའ་འགྲོ་མང་པོ་ཆུ་ལྟར་འཁྲུགས། །སྔོན་མོ་རྡོ་རྗེ་མཁའ་འགྲོ་མ། །ཁྲི་འབུམ་བྱེ་བ་ས་ཡའི་ཚོགས། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །གཤེད་པོ་གབ་པའི་གབ་སྐུང་ཕུད། །ལྕགས་ཀྱུ་འབར་བས་སྙིང་ནས་ཟུངས། །ཞགས་པ་འབར་བས་མགུལ་ནས་སྡོམས། །ལྕགས་སྒྲོག་འབར་བས་ཡན་ལག་ཆིངས། །དྲིལ་བུ་འབར་བས་མྱོས་སུ་ཆུག །ལས་ཀྱི་རླུང་གིས་རྒྱབ་ནས་དེད། །བསྐལ་པའི་མུན་པས་མདུན་ནས་སུས། །གཟུགས་བརྙན་ལིངྒ་འདི་ལ་ཁུག །མིང་ཡིག་བྱང་བུ་འདི་ལ་སྟིམས། །རང་དབང་མེད་པར་འདིར་ཁུག་ཅིག །ཕཊཿ ཧཱུྃ། ང་ནི་ཁྲོས་མ་ནག་མོའི་སྐུ། །ཁམས་གསུམ་འདི་ན་ང་དབང་ཆེ། །གཤེད་པོ་ལས་ངན་སྡིག་ཅན་ཁྱོད། །ཁྱོད་ལ་སྐུང་བའི་ཡུལ་ཡང་


CMR052_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །ཁྱོད་ལ་གབ་པའི་ས་ཡང་མེད། །ཁྱོད་མེ་ཡི་ཁམས་སུ་གབ་སྙམ་ན། །དམར་མོའི་རིགས་ལ་སྐུང་སྙམ་ན། །མེ་འདི་ཡུམ་ཆེན་གོས་དཀར་མོ། །དེ་ཡང་ང་ཡི་སྤྲུལ་པ་ཡིན། །མཁའ་འགྲོ་མང་པོ་མེ་ལྟར་འབར། །དམར་མོ་པདྨ་མཁའ་འགྲོ་མ། །ཁྲི་འབུམ་བྱེ་བ་ས་ཡའི་ཚོགས། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །གཤེད་པོ་གབ་པའི་གབ་སྐུང་ཕུད། །ལྕགས་ཀྱུ་འབར་བས་སྙིང་ནས་ཟུངས། །ཞགས་པ་འབར་བས་མགུལ་ནས་སྡོམས། །ལྕགས་སྒྲོག་འབར་བས་ཡན་ལག་ཆིངས། །དྲིལ་བུ་འབར་བས་མྱོས་སུ་ཆུག །ལས་ཀྱི་རླུང་གིས་རྒྱབ་ནས་དེད། །བསྐལ་པའི་མུན་པས་མདུན་ནས་སུས། །གཟུགས་བརྙན་ལིངྒ་འདི་ལ་ཁུག །མིང་ཡིག་བྱང་བུ་འདི་ལ་སྟིམས། །རང་དབང་མེད་པར་འདིར་ཁུག་ཅིག །ཕཊཿ ཧཱུྃ། ང་ནི་ཁྲོས་མ་ནག་མོའི་སྐུ། །ཁམས་གསུམ་འདི་ན་ང་དབང་ཆེ། །གཤེད་པོ་ལས་ངན་སྡིག་ཅན་ཁྱོད། །ཁྱོད་ལ་སྐུང་བའི་ཡུལ་ཡང་མེད། །ཁྱོད་ལ་གབ་པའི་ས་ཡང་མེད། །ཁྱོད་རླུང་གི་ཁམས་སུ་གབ་སྙམ་ན། །ལྗང་གུའི་རིགས་ལ་སྐུང་སྙམ་ན། །རླུང་འདི་ཡུམ་ཆེན་དམ་ཚིག་སྒྲོལ། །དེ་


CMR052_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ང་ཡི་སྤྲུལ་པའི་གབ་སྐུང་ཕུད། །ལྕགས་ཀྱི་འབབ་ནས་དེད། །བསྐལ་པའི་མུན་པ་མའི་སྐུ། །ཁམས་གསུམ་འདི་ན་ང་རིགས་ལ་སྐུང་སྙམ་ན། ཨ་རཱ་གའི་བཀའོ་འབུམ། ཡང་ང་ཡི་སྤྲུལ་པ་ཡིན། །མཁའ་འགྲོ་མང་པོ་རླུང་ལྟར་འཚུབ། །ལྗང་གུ་ལས་ཀྱི་མཁའ་འགྲོ་མ། །ཁྲི་འབུམ་བྱེ་བ་ས་ཡའི་ཚོགས། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ།། གཤེད་པོ་གབ་པའི་གབ་སྐུང་ཕུད། །ལྕགས་ཀྱུ་འབར་བས་སྙིང་ནས་ཟུངས། །ཞགས་པ་འབར་བས་མགུལ་ནས་སྡོམས། །ལྕགས་སྒྲོག་འབར་བས་ཡན་ལག་ཆིངས། །དྲིལ་བུ་འབར་བས་མྱོས་སུ་ཆུག །ལས་ཀྱི་རླུང་གིས་རྒྱབ་ནས་དེད། །བསྐལ་པའི་མུན་པས་མདུན་ནས་སུས། །གཟུགས་བརྙན་ལིངྒ་འདི་ལ་ཁུག །མིང་ཡིག་བྱང་བུ་འདི་ལ་སྟིམས། །རང་དབང་མེད་པར་འདིར་ཁུག་ཅིག །ཕཊཿ ཧཱུྃ། ང་ནི་ཁྲོས་མ་ནག་མོའི་སྐུ། །ཁམས་གསུམ་འདི་ན་ང་དབང་ཆེ། །གཤེད་པོ་ལས་ངན་སྡིག་ཅན་ཁྱོད། །ཁྱོད་ལ་སྐུང་བའི་ཡུལ་ཡང་མེད། །ཁྱོད་ལ་གབ་པའི་ས་ཡང་མེད། །ཁྱོད་ནམ་མཁའི་ཁམས་སུ་གབ་སྙམ་ན། །སྟོང་པའི་རིགས་ལ་སྐུང་སྙམ་ན། །ནམ་མཁའི་ཡུམ་ཆེན་དབྱིངས་ཕྱུག་མ། །དེ་ཡང་ང་ཡི་སྤྲུལ་པ་ཡིན། །མཁའ་འགྲོ་མང་པོ་མཁའ་ལྟར་ཁྱབ། །དཀར་མོ་སངས་རྒྱས་མཁའ་འགྲོ་མ། །ཁྲི་འབུམ་བྱེ་བ་ས་ཡའི་ཚོགས། ཁྱོད་ཀྱི་


CMR052_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་དུས་ལ་བབ། །གཤེད་པོ་གབ་པའི་གབ་སྐུང་ཕུད། །ལྕགས་ཀྱུ་འབར་བས་སྙིང་ནས་ཟུངས། །ཞགས་པ་འབར་བས་མགུལ་ནས་སྡོམས། །ལྕགས་སྒྲོག་འབར་བས་ཡན་ལག་ཆིངས། །དྲིལ་བུ་འབར་བས་མྱོས་སུ་ཆུག །ལས་ཀྱི་རླུང་གིས་རྒྱབ་ནས་དེད། །བསྐལ་པའི་མུན་པས་མདུན་ནས་སུས། །གཟུགས་བརྙན་ལིངྒ་འདི་ལ་ཁུག །མིང་ཡིག་བྱང་བུ་འདི་ལ་སྟིམས། །རང་དབང་མེད་པར་འདིར་ཁུག་ཅིག །ཕཊཿ ཅེས་གབ་སྐུང་ཕུད་པར་བྱའོ། །ད་རུང་ཡང་མ་ཁུག་པར་གདའ་ན་ཡར་ཆུག །ད་རུང་ཟན་ལིང་གཅིག་དང་ཤོག་ལིང་ཡང་སླ་ང་ནང་ནས་སྒྲོ་བར་བཅུག་ལ་གདོང་ཆེན་བཞིའི་བསྐུལ་གྱིས་བཀུག་ཅིང་བསྒྲལ་བ་ནི། གཤེད་སྒྲོ་དེ་གཤེད་བྲིང་གིས་བཅིངས་ལ་མི་རུས་མི་གཅིག་པ་གཉིས་ཀྱིས་ཕར་འཐེན་ཚུར་འཐེན་བྱེད་བྲེང་པའི་སྣེ་མོ་ནས་འཐེན་ཅིང་ཕྱོགས་བཞིར་བརྡེབ་བཅུག་སྟེ། གདོང་ཅན་རྣམས་ཀྱིས་ཕྱོགས་སོ་སོ་ནས་གཡང་གཞི་བརྡབ་ཅིང་དེད་ནས་བྱུང་བ་ལས་བྱེད་དམར་མོ་ཟངས་ཞགས་འཛིན་པ་གཉིས་ཀྱིས་ཞགས་པ་འཕང་བས་སྐེ་ལ་ཐེབས་ནས་ཕར་འཐེན་ཚུར་འཐེན་བྱས་པས་སྐད་ངན་ཙེ་རེ་རེ་བྱེད་པར་སྒོམ་ཞིང་འདི་སྐད་དོ། །ཧཱུྃ། མ་ཡུམ་ཆེན་ཐུགས་ལས་སྤྲུལ་པའི་སྲས། །མ་གཅིག་ཇོ་མོ་རྣལ་འབྱོར་མ། །ཕ་རོལ་ཕྱིན་པའི་གྲུབ་ཐོབ་


CMR052_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཡོངས་ཀྱི་རྒྱུད་གྲོལ་མ། །ཐུགས་དམ་བསྐུལ་ལོ་མཁའ་འགྲོའི་ཚོགས། །སངས་རྒྱས་མཁའ་འགྲོའི་དུས་ལ་བབ། །ཁྲོས་མ་ནག་མོའི་དུས་ལ་བབ། །དུར་ཁྲོད་བདག་མོའི་དུས་ལ་བབ། །ཤར་ཕྱོགས་དུར་ཁྲོད་གཞལ་ཡས་ནས། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །དཀར་མོ་ཆེན་མོ་སེང་གེའི་གདོང་། །ཤར་ནས་དཀར་མོ་སེང་གདོང་མ། །ལྷོ་ནས་སེར་མོ་སེང་གདོང་མ། །ནུབ་ནས་དམར་མོ་སེང་གདོང་མ། །བྱང་ནས་ལྗང་མོ་སེང་གདོང་མ། །ཤར་ཕྱོགས་མཁའ་འགྲོ་སྡེ་ལྔ་ཡང་། །ཕྱག་གཡས་ཞིང་ཆེན་གཡང་གཞི་རྡེབ། །གཡོན་པས་འགུགས་པའི་ལྕགས་ཀྱུ་བསྣམས། །ཤར་ཕྱོགས་མཁའ་འགྲོའི་དུས་ལ་བབ། །སྲོག་གཅོད་དབུགས་ལེན་འགུགས་པའི་དུས་ལ་བབ། །ཟ་འདྲེ་ཤི་གཤེད་འགུགས་པའི་དུས་ལ་བབ། །བཀུག་ནས་བསྒྲལ་བའི་དུས་ལ་བབ། །དུས་ལ་བབ་བོ་ས་མ་ཡ། །ཕཊ་ཕཊ་ཕཊཿ ཅེས་ཤར་དུ་རྡེབ། ཧཱུྃ། ལྷོ་ཕྱོགས་དུར་ཁྲོད་གཞལ་ཡས་ནས། །རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །སེར་མོ་ཆེན་མོ་སྟག་གདོང་མ། །ཤར་ནས་དཀར་མོ་སྟག་གདོང་མ། །ལྷོ་ནས་སེར་མོ་སྟག་གདོང་མ། །ནུབ་ནས་དམར་མོ་


CMR052_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་གདོང་མ། །བྱང་ནས་ལྗང་མོ་སྟག་གདོང་མ། །ལྷོ་ཕྱོགས་མཁའ་འགྲོ་སྡེ་ལྔ་ཡང་། །ཕྱག་གཡས་ཞིང་ཆེན་གཡང་གཞི་རྡེབ། །གཡོན་པས་འགུགས་པའི་ལྕགས་ཀྱུ་བསྣམས། །ལྷོ་ཕྱོགས་མཁའ་འགྲོའི་དུས་ལ་བབ། །སྲོག་གཅོད་དབུགས་ལེན་འགུགས་པའི་དུས་ལ་བབ། །ཟ་འདྲེ་ཤི་གཤེད་འགུགས་པའི་དུས་ལ་བབ། །འགུགས་ནས་བསྒྲལ་བའི་དུས་ལ་བབ། །དུས་ལ་བབ་བོ་ས་མ་ཡ། །ཕཊ་ཕཊ་ཕཊཿ ཅེས་ལྷོ་རུ་རྡེབ། ཧཱུྃ། ནུབ་ཕྱོགས་དུར་ཁྲོད་གཞལ་ཡས་ནས། །པདྨ་རིགས་ཀྱི་མཁའ་འགྲོ་མ། །དམར་མོ་ཆེན་མོ་ཆུ་སྲིན་གདོང་། །ཤར་ནས་དཀར་མོ་ཆུ་སྲིན་གདོང་། །ལྷོ་ནས་སེར་མོ་ཆུ་སྲིན་གདོང་། །ནུབ་ནས་དམར་མོ་ཆུ་སྲིན་གདོང་། །བྱང་ནས་ལྗང་མོ་ཆུ་སྲིན་གདོང་། །བྱང་ཕྱོགས་མཁའ་འགྲོ་སྡེ་ལྔ་ཡང་། །ཕྱག་གཡས་ཞིང་ཆེན་གཡང་གཞི་རྡེབ། །གཡོན་པས་འགུགས་པའི་ལྕགས་ཀྱུ་བསྣམས། །ནུབ་ཕྱོགས་མཁའ་འགྲོའི་དུས་ལ་བབ། །སྲོག་གཅོད་དབུགས་ལེན་འགུགས་པའི་དུས་ལ་བབ། །ཟ་འདྲེ་ཤི་གཤེད་འགུགས་པའི་དུས་ལ་བབ། །བཀུག་ནས་བསྒྲལ་བའི་དུས་ལ་བབ། །དུས་ལ་བབ་


CMR052_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ས་མ་ཡ། །ཕཊ་ཕཊ་ཕཊཿ ཅེས་ནུབ་ཏུ་རྡེབ། ཧཱུྃ། བྱང་ཕྱོགས་དུར་ཁྲོད་གཞལ་ཡས་ནས། །ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། །ལྗང་མོ་ཆེན་མོ་འབྲུག་གདོང་མ། །ཤར་ནས་དཀར་མོ་འབྲུག་གདོང་མ། །ལྷོ་ནས་སེར་མོ་འབྲུག་གདོང་མ། །ནུབ་ནས་དམར་མོ་འབྲུག་གདོང་མ། །བྱང་ནས་ལྗང་མོ་འབྲུག་གདོང་མ། །བྱང་ཕྱོགས་མཁའ་འགྲོ་སྡེ་ལྔ་ཡང་། །ཕྱག་གཡས་ཞིང་ཆེན་གཡང་གཞི་རྡེབ། །གཡོན་པས་འགུགས་པའི་ལྕགས་ཀྱུ་བསྣམས། །བྱང་ཕྱོགས་མཁའ་འགྲོའི་དུས་ལ་བབ། །སྲོག་གཅོད་དབུགས་ལེན་འགུགས་པའི་དུས་ལ་བབ། །ཟ་འདྲེ་ཤི་གཤེད་འགུགས་པའི་དུས་ལ་བབ། །བཀུག་ནས་བསྒྲལ་བའི་དུས་ལ་བབ། །དུས་ལ་བབ་བོ་ས་མ་ཡ། །ཕཊ་ཕཊ་ཕཊཿ ཅེས་བྱང་དུ་རྡེབ། དེ་ནས་ཐམས་ཅད་སླ་ངའི་ནང་དུ་བྱོས་ལ་འབྲོས་ལམ་བཅད་པ་ནི། མི་ཐམས་ཅད་ཀྱིས་འདུལ་ཆས་མདའ་གཞུ་མདུང་གྲི་ཐོ་བ་རྔ་མ་ཤ་ལག་རྣམས་བཟུང་ནས་སླ་ང་བསྐོར་ལ། ཧཱུྃ། ང་ནི་ཁྲོས་མ་ནག་མོའི་སྐུ། །སྣང་སྲིད་ཐམས་ཅད་ང་ལས་བྱུང་། །གནོད་བྱེད་ཟ་འདྲེ་ཤི་གཤེད་ཁྱོད། །ཤར་གྱི་ཕྱོགས་སུ་མ་བྲོས་ཤིག །ཤར་གྱི་ཕྱོགས་སུ་འབྲོས་སྙམ་ན། །ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་


CMR052_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

མ། །དེ་ཡང་ང་ཡི་ཕོ་ཉ་ཡིན། །གཤེད་པོ་ཤར་གྱི་འབྲོས་ལམ་ཆོད། །གནོད་བྱེད་ཟ་འདྲེ་ཤི་གཤེད་ཁྱོད། །ལྷོ་ཡི་ཕྱོགས་སུ་མ་བྲོས་ཤིག །ལྷོ་ཡི་ཕྱོགས་སུ་འབྲོས་སྙམ་ན། །ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་མ། །དེ་ཡང་ང་ཡི་ཕོ་ཉ་ཡིན། །གཤེད་པོ་ལྷོ་ཡི་འབྲོས་ལམ་ཆོད། །གནོད་བྱེད་ཟ་འདྲེ་ཤི་གཤེད་ཁྱོད། །ནུབ་ཀྱི་ཕྱོགས་སུ་མ་བྲོས་ཤིག །ནུབ་ཀྱི་ཕྱོགས་སུ་འབྲོས་སྙམ་ན། །ནུབ་ཕྱོགས་པདྨ་མཁའ་འགྲོ་མ། །དེ་ཡང་ང་ཡི་ཕོ་ཉ་ཡིན། །གཤེད་པོ་ནུབ་ཀྱི་འབྲོས་ལམ་ཆོད། །གནོད་བྱེད་ཟ་འདྲེ་ཤི་གཤེད་ཁྱོད། །བྱང་གི་ཕྱོགས་སུ་མ་བྲོས་ཤིག །བྱང་གི་ཕྱོགས་སུ་འབྲོས་སྙམ་ན། །བྱུང་ཕྱོགས་ལས་ཀྱི་མཁའ་འགྲོ་མ། །དེ་ཡང་ང་ཡི་ཕོ་ཉ་ཡིན། །གཤེད་པོ་བྱང་གི་འབྲོས་ལམ་ཆོད། །གནོད་བྱེད་ཟ་འདྲེ་ཤི་གཤེད་ཁྱོད། །ཤར་ལྷོ་མཚམས་སུ་མ་བྲོས་ཤིག །ཤར་ལྷོ་མཚམས་སུ་འབྲོས་སྙམ་ན། །ཤར་ལྷོ་དམ་ཚིག་མཁའ་འགྲོ་མ། །དེ་ཡང་ང་ཡི་ཕོ་ཉ་ཡིན། །གཤེད་པོ་ཤར་ལྷོའི་འབྲོས་ལམ་ཆོད། །གནོད་བྱེད་ཟ་འདྲེ་ཤི་གཤེད་ཁྱོད། །ལྷོ་ནུབ་མཚམས་སུ་མ་བྲོས་ཤིག །ལྷོ་ནུབ་མཚམས་སུ་འབྲོས་སྙམ་ན། །


CMR052_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་ནུབ་སྣ་ཚོགས་མཁའ་འགྲོ་མ། །དེ་ཡང་ང་ཡི་ཕོ་ཉ་ཡིན། །གཤེད་པོ་ལྷོ་ནུབ་འབྲོས་ལམ་ཆོད། །གནོད་བྱེད་ཟ་འདྲེ་ཤི་གཤེད་ཁྱོད། །ནུབ་བྱང་མཚམས་སུ་མ་བྲོས་ཤིག །ནུབ་བྱང་མཚམས་སུ་འབྲོས་སྙམ་ན། །ནུབ་བྱང་འཇིག་རྟེན་མཁའ་འགྲོ་མ། །དེ་ཡང་ང་ཡི་ཕོ་ཉ་ཡིན། །གཤེད་པོ་ནུབ་བྱང་འབྲོས་ལམ་ཆོད། །གནོད་བྱེད་ཟ་འདྲེ་ཤི་གཤེད་ཁྱོད། །བྱང་ཤར་མཚམས་སུ་མ་བྲོས་ཤིག །བྱང་ཤར་མཚམས་སུ་འབྲོས་གྱུར་ན། །བྱང་ཤར་ཐམས་ཅད་མཁའ་འགྲོ་མ། །དེ་ཡང་ང་ཡི་ཕོ་ཉ་ཡིན། །གཤེད་པོ་བྱང་ཤར་འབྲོས་ལམ་ཆོད། །གནོད་བྱེད་ཟ་འདྲེ་ཤི་གཤེད་ཁྱོད། །སྟེང་གི་ཕྱོགས་སུ་མ་བྲོས་ཤིག །སྟེང་གི་ཕྱོགས་སུ་འབྲོས་སྙམ་ན། །སྟེང་ནི་མཁའ་སྤྱོད་མཁའ་འགྲོ་མ། །དེ་ཡང་ང་ཡི་ཕོ་ཉ་ཡིན། །གཤེད་པོ་སྟེང་གི་འབྲོས་ལམ་ཆོད། །གནོད་བྱེད་ཟ་འདྲེ་ཤི་གཤེད་ཁྱོད། །འོག་གི་ཕྱོགས་སུ་མ་བྲོས་ཤིག །འོག་གི་ཕྱོགས་སུ་འབྲོས་སྙམ་ན། །འོག་ནི་ས་སྤྱོད་མཁའ་འགྲོ་མ། །དེ་ཡང་ང་ཡི་ཕོ་ཉ་ཡིན། །གཤེད་པོ་འོག་གི་འབྲོས་ལམ་ཆོད། །ཧཱུྃ། ང་ནི་ཁྲོས་མ་ནག་མོའི་སྐུ། །གཤེད་པོ་ལས་ངན་སྡིག་ཅན་ཁྱོད། །ནམ་


CMR052_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ལངས་དུས་སུ་མ་བྲོས་ཤིག །ནམ་ལངས་དུས་སུ་འབྲོས་སྙམ་ན། །ནམ་ལངས་དཀར་མོ་སེང་གེའི་གདོང་། །དེ་ཡང་ང་ཡི་ཕོ་ཉ་ཡིན། །གཤེད་པོ་ཁུག་ལ་འབྲོས་ལམ་ཆོད། །གཤེད་པོ་ལས་ངན་སྡིག་ཅན་ཁྱོད། །ཉི་དྲོས་དུས་སུ་མ་བྲོས་ཤིག །ཉི་དྲོས་དུས་སུ་འབྲོས་སྙམ་ན། །ཉི་དྲོས་སེར་མོ་ཅེ་སྤྱང་གདོང་། །དེ་ཡང་ང་ཡི་ཕོ་ཉ་ཡིན། །གཤེད་པོ་ཁུག་ལ་འབྲོས་ལམ་ཆོད། །གཤེད་པོ་ལས་ངན་སྡིག་ཅན་ཁྱོད། །ཉིན་གུང་དུས་སུ་མ་བྲོས་ཤིག །ཉིན་གུང་དུས་སུ་འབྲོས་སྙམ་ན། །ཉིན་གུང་དཀར་སེར་བྱ་རྒོད་གདོང་། །དེ་ཡང་ང་ཡི་ཕོ་ཉ་ཡིན། །གཤེད་པོ་ཁུག་ལ་འབྲོས་ལམ་ཆོད། །གཤེད་པོ་ལས་ངན་སྡིག་ཅན་ཁྱོད། །དགོང་མོའི་དུས་སུ་མ་བྲོས་ཤིག །དགོང་མོའི་དུས་སུ་འབྲོས་སྙམ་ན། །དགོང་མོ་སྔོན་མོ་བྱ་རོག་གདོང་། །དེ་ཡང་ང་ཡི་ཕོ་ཉ་ཡིན། །གཤེད་པོ་ཁུག་ལ་འབྲོས་ལམ་ཆོད། །གཤེད་པོ་ལས་ངན་སྡིག་ཅན་ཁྱོད། །སྲོད་ཀྱི་དུས་སུ་མ་ཁྲོས་ཤིག །སྲོད་ཀྱི་དུས་སུ་འབྲོས་སྙམ་ན། །སྲོད་དུས་དམར་མོ་ཝ་ཡི་གདོང་། །དེ་ཡང་ང་ཡི་ཕོ་ཉ་ཡིན། །གཤེད་པོ་ཁུག་ལ་འབྲོས་ལམ་ཆོད། །གཤེད་པོ་ལས་


CMR052_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ངན་སྡིག་ཅན་ཁྱོད། །ནམ་གུང་དུས་སུ་མ་བྲོས་ཤིག །ནམ་གུང་དུས་སུ་འབྲོས་སྙམ་ན། །ནམ་གུང་ནག་མོ་སྟག་གི་གདོང་། །དེ་ཡང་ང་ཡི་ཕོ་ཉ་ཡིན། །གཤེད་པོ་ཁུག་ལ་འབྲོས་ལམ་ཆོད། །གཤེད་པོ་ལས་ངན་སྡིག་ཅན་ཁྱོད། །ཐོ་རངས་དུས་སུ་མ་བྲོས་ཤིག །ཐོ་རངས་དུས་སུ་འབྲོས་སྙམ་ན། །ཐོ་རངས་ལྗང་མོ་ཕག་གདོང་མ། །དེ་ཡང་ང་ཡི་ཕོ་ཉ་ཡིན། །གཤེད་པོ་ཁུག་ལ་བྲོས་ལམ་ཆོད། །ཨོཾ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀཱ་ལཱི་ཧ་རི་ནི་ས་གནོད་བྱེད་ཟ་འདྲེ་ཤི་གཤེད་ཐམས་ཅད་བྷནྡ་བྷན་ཧ་ན་ཧ་ན་ཧཱུྃ་ཕཊ། ཕཊ་ཕཊ་ཕཊ། ཅེས་མི་ཐམས་ཅད་ཀྱི་འདུལ་ཆས་རྣམས་རྒྱབ་བཅུག །ཕཊཿ དྲག་ཏུ་བརྗོད་ཌཱ་དྲིལ་འཁྲོལ་ལོ། །དེ་ནས་བདེན་པའི་ཆོས་བཤད་པ་ནི། སྙིང་རྗེ་ཆེན་པོས་འདི་སྐད་དོ། །ཨེ་མ་སེམས་ཅན་སྙིང་རེ་རྗེ། །འཁོར་བའི་རྒྱ་མཚོ་གཏིང་རེ་ཟབ། །ངན་སོང་གསུམ་པོ་ཡ་རེ་ང་། །གཤེད་པོ་ལས་ངན་སྡིག་ཅན་ཁྱོད། །དྲག་པོའི་དབང་གིས་མི་བཏུལ་རྒྱུས། །ཁྱོད་སྲོག་གཅོད་དབུགས་ལེན་བྱེད་ཀྱིས་དོགས། །ཧོམ་ཁུང་ལིངྒ་མི་བཅའ་རྒྱུས། །ཁྱོད་ངན་སོང་གསུམ་དུ་སྐྱེ་ཡིས་དོགས། །སྔགས་དང་ཕྱག་རྒྱས་མི་བཅིངས་རྒྱུས། །ཁྱོད་བཀའ་དང་དམ་ལ་འདའ་


CMR052_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་དོགས། །རྣོན་པོ་རྩང་གིས་མི་བསྐོར་རྒྱུས། །ཁྱོད་ལོག་པའི་ལམ་དུ་འཁྱམས་ཀྱིས་དོགས། །ཟ་འདྲེ་གཤེད་པོ་ལས་ངན་ཁྱོད། །ལིངྒའི་གདན་ལ་བཞག་ཙམ་ན། །པད་ཟླའི་གདན་ལ་བཞག་པར་བསྒོམ། །ཚོན་སྐུད་སྣ་ལྔས་བཅིངས་ཙམ་ན། །ཡེ་ཤེས་ལྔ་དང་འཕྲད་པར་བསྒོམ། །གྲུ་གསུམ་ནང་དུ་བཅུག་ཙམ་ན། །གཞལ་ཡས་ཁང་དུ་ཕྱིན་པར་བསྒོམ། །དམར་ནག་རྩང་གིས་བསྐོར་ཙམ་ན། །དཔའ་བོ་མཁའ་འགྲོས་བསྐོར་བར་བསྒོམ། །ཧཱུྃ་དང་ཕཊ་ཀྱིས་གཟིར་ཙམ་ན། །དབུ་མའི་དམ་ཆོས་བཤད་པར་བསྒོམ། །དྲག་པོ་ཐུན་གྱིས་བྲབ་ཙམ་ན། །ལས་ངན་སྒྲིབ་པ་དག་པར་བསྒོམ། །ཟུར་གསུམ་ཕུར་པ་བཏབ་ཙམ་ན། །སྐུ་གསུམ་འབྲས་བུ་ཐོབ་པར་བསྒོམ། །ཁྱོད་སྔོན་གྱི་ལས་ངན་ཐམས་ཅད་ལ། །འཕྲལ་དུ་འགྱོད་སེམས་དྲག་པོ་གྱིས། །ལུས་ངག་ཡིད་གསུམ་ཡོན་དུ་འབུལ། །ཁྱོད་བསད་ཅིང་མནན་པ་མ་ཡིན་ཏེ། །མ་རིག་འཁོར་བའི་རྒྱུན་བཅད་ནས། །དག་པའི་ཞིང་དུ་བསྐྱལ་བ་ཡིན། །བྱམས་པ་མགོན་པོའི་བསྟན་པ་ལ། །ཁྱོད་ཀྱིས་བྱང་ཆུབ་ཐོབ་པར་ཤོག །ཕཊ་ཕཊ་ཕཊཿ རྨི་ལམ་དུ་སེམས་ཅན་དེད་པ་


CMR052_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་བ་བཀྱིགས་པ་ལྕགས་བླུགས་པ། ལྷམ་ཁྲོད་རེ་བ་གཏོར་བ་རྙེད་པ་རྣམས་གཤེད་ཁུག་རྟགས་སློང་ཚད་ཡིན། དེ་ནས་ཕུར་པ་འདེབས་པ་ནི། ཧཱུྃ་ཡིག་ལས་བྱུང་ཁྲོས་མ་ནག་མོ་ནི། །མཐིང་ནག་རབ་འཇིགས་གྲི་གུག་ཐོད་ཁྲག་བསྣམས། །སྐུ་སྨད་གནམ་ལྕགས་ཕུར་པ་རྣོ་དབལ་ཅན། །གནོད་བྱེད་དགྲ་བགེགས་སྙིང་ལ་ཏ་ལ་ལ། །ཟ་འདྲེ་ཤི་གཤེད་སྙིང་ལ་མཱ་ར་ཡ། །དམ་ཉམས་གཤེད་པོ་ལས་ངན་སྡིག་ཅན་གྱི། །བལྟ་བྱེད་མིག་ལ་བཛྲ་ཀཱི་ལ་ཡ། །སྣོམ་བྱེད་སྣ་ལ་བཛྲ་ཀཱི་ལ་ཡ། །ཉན་བྱེད་རྣ་བར་བཛྲ་ཀཱི་ལ་ཡ། །སྨྲ་བྱེད་ལྕེ་ལ་བཛྲ་ཀཱི་ལ་ཡ། །བསམ་བྱེད་སྙིང་ལ་བཛྲ་ཀཱི་ལ་ཡ། །སྙབ་བྱེད་ལག་ལ་བཛྲ་ཀཱི་ལ་ཡ། །འགྲོ་བྱེད་རྐང་ལ་བཛྲ་ཀཱི་ལ་ཡ། །སྲོག་ཡིག་ཏྲི་ལ་བཛྲ་ཀཱི་ལ་ཡ། །སྟོབས་ནུས་རྡུལ་དུ་བརླག་པའི་དུས་ལ་བབ། །ཨོཾ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས་བཛྲ་ཀཱི་ལི་ཀཱི་ལ་ཡ་གནོད་བྱེད་ཟ་འདྲེ་ཤི་སྲི་མཱ་ར་ཡ་ཧཱུྃ་ཕཊ། ཕཊ། ཅེས་ཕུར་པ་བཏབ་པས། སྲོག་ཡིག་ཏྲི་དམར་ནག་མར་མེ་ལྟ་བུ་དེ་ནག་སེམས་སེ་སོང་བར་བསྒོམ། ཁོའི་སེམས་ཉིད་བདེ་བར་གཤེགས་པའི་སྙིང་པོ་ཨ་དཀར་པོ་གཅིག་ཏུ་གྱུར་ནས་ཕུར་པའི་ཁོང་སེང་ནས་བརྒྱུད་སྤྱི་བོ་ནས་ཐོན་ཏེ་འོག་མིན་གྱི་འཇིག་རྟེན་ཁམས་སུ་མདའ་འཕངས་བ་ལྟར་སོང་ནས་སངས་


CMR052_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཏེ་ཡུམ་ཆེན་མོའི་སྐུ་མཐེ་བོང་ཙམ་ཞིག་ཏུ་གྱུར་པར་བསྒོམ། ཕཊ་ཕཊ་ཕཊཿ ཁོའི་ཚེ་བསོད་ནམས་ཐམས་ཅད་ཚྭ་ལྗང་གུར་གྱུར་ནས་རང་ལ་ཐིམ་པས་བཀྲག་མདངས་རྒྱས་པར་བསྒོམ། ཕཊ་ཕཊ་ཕཊཿ དེ་ནས་གྲི་གུག་དང་ལྕགས་ཀྱུ་མེད་ན་གྲི་དང་ཟོར་བ་ཐོགས་ལ། ཕཊཿ རང་ཉིད་ཁྲོས་མའི་ཐུགས་ཀ་ནས། །ལས་བྱེད་དམར་མོ་འཇིགས་པའི་གཟུགས། །ཕྱག་ན་གྲི་གུག་ལྕགས་ཀྱུ་འཛིན། །ལས་ངན་གཤེད་པོ་དམ་ཉམས་འདི། །ལྕགས་ཀྱུ་འབར་བས་སྙིང་ནས་ཟུངས། །ཕྱག་གཡས་གྲི་གུག་འབར་བ་ཡིས། །ཟ་འདྲེ་མགོ་ལུས་དུམ་བུར་ཕྲོལ། །ཡན་ལག་གཟུགས་བཞི་སིལ་བུར་ཐོངས། །ཤ་དང་རུས་པ་ད་ཕྱེས་ཤིག །སྲོག་རྩ་དམར་པོ་རྦད་ཀྱིས་ཆོད། །ཐལ་བ་རྡུལ་དུ་བརླག་པར་མཛོད། །ཨོཾ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀཱ་ལཱི་ཧ་རི་ནི་ས་གནོད་བྱེད་ཟ་འདྲེ་ཤི་གཤེད་ཐམས་ཅད་ད་ཧ་ད་ཧ་མཱ་ར་ཡ་ཧཱུྃ་ཕཊ་ཕཊ་ཕཊཿ དེ་ནས་འདུལ་ཆས་རྣམས་གཅོད་གཡོག་ལ་རྒྱབ་བཅུག་པ་འམ་རང་གིས་རྒྱབ་ཅིང་འདི་སྐད་དོ། །ཧཱུྃ། ཐུགས་རྗེ་ཁྲོས་མ་ནག་མོ་ཡི། །བཀའ་ཡི་ཕོ་ཉ་ལས་མཁན་ནི། །རིགས་བཞི་མཁའ་འགྲོ་བྱེ་བ་འབུམ། །དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམ། །རིན་ཆེན་རྒྱན་ཆ་སི་ལི་ལི། །རུས་པའི་རྒྱན་


CMR052_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་ཁྲོ་ལོ་ལོ། །དར་གྱི་ཅོད་པན་པུ་རུ་རུ། །དུར་ཁྲོད་རྒྱན་ཆ་སྤུངས་སེ་སྤུང་། །ཕྱག་ན་མཚོན་ཆ་ཅིར་ཡང་སྤྲུལ། །དོན་ལ་སངས་རྒྱས་ཡིན་མོད་ཀྱང་། །མ་ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །གཤེད་པོ་བསྒྲལ་བའི་དུས་ལ་བབ། །ཟ་འདྲེ་འདུལ་བའི་ཕྲིན་ལས་མཛོད། །ཧཱུྃ། སྔོན་གྱི་བསྐལ་པའི་དང་པོ་ལ། །བཅོམ་ལྡན་ཁྲོས་མ་ནག་མོ་དང་། །དཔའ་བོ་རྟ་མགྲིན་ཡབ་ཡུམ་གྱིས། །བདུད་ཕོ་རུ་ཏྲ་ནག་པོ་བཏུལ། །རུ་ཏྲ་བསྒྲལ་བའི་ཕུང་པོ་ལ། །རང་གཤེད་དྲག་པོའི་འདུལ་ཆས་བྱུང་། །རུ་ཏྲ་བཏུལ་བའི་པགས་པ་ལ། །དེ་ལས་གཤེད་གཞི་ནག་པོ་བྱུང་། །རུ་ཏྲ་བསྒྲལ་བའི་སྒང་པ་ལ། །དེ་ལས་གཤེད་སྒྲོ་རླུང་ཐུབ་བྱུང་། །གཤེད་པོའི་དབུགས་ཀྱི་རྒྱུན་ཐག་ཆོད། །རུ་ཏྲ་བསྒྲལ་བའི་རྒྱུ་མ་ལ། །དེ་ལ་གཤེད་བྲིང་འདོམ་དགུ་བྱུང་། །གཤེད་པོའི་ཡན་ལག་ད་ཆིངས་ཤིག །རུ་ཏྲ་བསྒྲལ་བའི་མ་ཁ་ལ། །དེ་ལས་གཤེད་ཟོར་འགུག་མོ་བྱུང་། །གཤེད་པོའི་ཉིང་ལག་ད་བྲོག་ཅིག །རུ་ཏྲ་བསྒྲལ་བའི་རྩིབ་རུས་ལ། །དེ་ལས་གཤེད་གཞུ་འགུགས་མོ་བྱུང་། །གཤེད་པོའི་གཞུ་རྒྱུད་རྩད་ནས་ཆོད། །རུ་ཏྲ་བསྒྲལ་བའི་སྲོག་རྩ་ལ། །དེ་


CMR052_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གཤེད་མདའ་ལྟོང་བཟང་བྱུང་། །གཤེད་པོའི་སྙིང་ལ་ད་རྒྱོབ་ཅིག །རུ་ཏྲ་བསྒྲལ་བའི་མགོ་བོ་ལ། །གཤེད་པོ་བརྡུང་བའི་ཐོ་བ་བྱུང་། །གཤེད་པོའི་མགོ་ལ་ད་རྒྱོབ་ཅིག །རུ་ཏྲ་བསྒྲལ་བའི་སོག་པ་ལ། །དེ་ལས་གཤེད་སྟ་ཁ་ཆེ་བྱུང་། །གཤེད་པོའི་གཟུགས་བཞི་ད་ཆོད་ཅིག །རུ་ཏྲ་བསྒྲལ་བའི་གཞུང་པ་ལ། །དེ་ལས་གཤེད་མདུང་མཚམས་རིང་བྱུང་། །གཤེད་པོའི་ཤ་རུས་ད་ཕུག་ཅིག །རུ་ཏྲ་བསྒྲལ་བའི་ལྕེ་ལ་ནི། །གཤེད་པོ་གཅོད་པའི་རལ་གྲི་བྱུང་། །གཤེད་པོའི་མགོ་ལུས་ད་གཏུབ་ཅིག །རུ་ཏྲ་བསྒྲལ་བའི་ཁ་སོ་ལ། །དེ་ལས་དྲག་པོའི་ཐུན་རྫས་བྱུང་། །གཤེད་པོའི་ལུས་ལ་ད་བྲོབས་ཤིག །རུ་ཏྲ་བསྒྲལ་བའི་ལག་པ་ལ། །གཤེད་ཀྱི་བརྡུང་ཤ་ལག་པ་བྱུང་། །གཤེད་པོ་ལས་ངན་ད་རྡུངས་ཤིག །རུ་ཏྲ་བསྒྲལ་བའི་མཁལ་མ་ལ། །དེ་ལ་གཤེད་རྡོ་དཀར་ནག་བྱུང་། །གཤེད་པོ་རྡུང་ཞིང་ནོན་པར་གྱིས། །རུ་ཏྲ་བསྒྲལ་བའི་མགོ་ལྤགས་ལ། །དེ་ལ་གཤེད་སླང་ནག་པོ་བྱུང་། །གཤེད་པོ་མུན་ནག་འཐིབས་སུ་ཆུག །རུ་ཏྲ་བསྒྲལ་བའི་རལ་པ་ལ། །གཤེད་པོ་གཡབ་པའི་རྔ་མ་བྱུང་། །གཤེད་པོའི་མགོ་ལ་ད་


CMR052_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

གཡོབ་ཅིག །རུ་ཏྲ་བསྒྲལ་བའི་བྲང་རུས་ལ། །དེ་ལས་གྲུ་གསུམ་ཧོམ་ཁུང་བྱུང་། །ལན་ངན་ཁྱོད་ཀྱི་འདུག་གནས་ཡིན། །རུ་ཏྲ་བསྒྲལ་བའི་ཙིཏྟ་ལ། །དེ་ལས་དམར་གྱི་གཏོར་མ་བྱུང་། །གཤེད་པོ་གཟིར་བའི་དུས་ལ་བབ། །ༀ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས་གནོད་བྱེད་ཟ་འདྲེ་ཤི་སྲི་ཐམས་ཅད་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་དི་ན་མི་ཀེ་ན་མཱ་ར་ཡ་ཧཱུཾ་ཕཊ་ཕཊ་ཕཊཿ ཅེས་སྔགས་འདོན་ཅིང་ཐམས་ཅད་རིམ་པར་བརྒྱབ། འདུལ་ཆས་བརྒྱབ་དུས་ཆུས་ཤི་ན་དུག་ཆུའི་རྦ་རླབས། གྲིར་ཤི་ན་རལ་གྲིའི་ཆར་པ། མདས་ཤི་ན་མདའི་ཆར་པ། འགག་གྲི་ལ་དུག་ཆུ། དུག་ལ་དུག་གི་ཞགས་པ་སོགས་རང་གཤེད་འབེབས་པའི་དམིགས་པ་དང་། ཕོ་གདོན་ལ་མེ་དཔུང་། མོ་གདོན་ལ་ཁྲག་ཐུན། ཀླུ་གདོན་ལ་དུག་ཐུན་དུ་དམིགས་སོ། །དེ་ནས་འདུལ་ཆས་རྣམས་ཧོམ་ཁུང་གི་གཡས་གཡོན་དུ་བཞག་གོ །སླ་ང་ལིང་རོ་དང་བཅས་པ་མཆོད་གཡོག་གིས་བཀྱགས་ལ། ཕྱོགས་བཞིར་དབུས་དང་ལྔར་བསྟབ་པ་བྱེད་པ་ནི། མཁའ་འགྲོ་རྣམས་ཀྱིས་ཟ་འདྲེའི་ཤ་ཁྲག་ཧབ་ཐོབ་ཏུ་གསོལ་བར་བསྒོམ། ཧཱུྃ། ཁྲོས་མ་ནག་མོ་ཞལ་ཕྱེས་ཤིག །གདོན་གཏི་མུག་བསྒྲལ་བའི་ཕུང་པོ་འདི། །མ་ཁྲོས་མ་ནག་མོའི་ཞལ་དུ་བསྟབ། །གཟུགས་ཤ་ཁྲག་རུས་པའི་མཆོད་པ་བཞེས། །སེམས་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་


CMR052_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

དྲོངས། །ཆོས་དབྱིངས་ཡེ་ཤེས་དངོས་གྲུབ་སྩོལ། །ཨོཾ་བཛྲ་བྷ་རཱ་ཧི་ཀྲོ་ཏི་ཀཱ་ལི་གནོད་བྱེད་ཟ་འདྲེ་ཤི་གཤེད་མ་ཧཱ་མཱཾ་ས་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་ཀིཾ་ནི་རི་ཏི་ལ་ཁཱ་ཧི། ཕཊ་ཕཊ་ཕཊཿ ཅེས་རོལ་མོ་དང་བཅས་པས་ནམ་མཁར་བཏབ་བོ། །ཤར་རྡོ་རྗེ་མཁའ་འགྲོ་ཞལ་ཕྱེས་ཤིག །གདོན་ཞེ་སྡང་བསྒྲལ་བའི་ཕུང་པོ་འདི། །མ་རྡོ་རྗེ་མཁའ་འགྲོའི་ཞལ་དུ་བསྟབ། །གཟུགས་ཤ་ཁྲག་རུས་པའི་མཆོད་པ་བཞེས། །སེམས་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་དྲོངས། །མེ་ལོང་ཡེ་ཤེས་དངོས་གྲུབ་སྩོལ། །ཧ་བཛྲ་ཌཱ་ཀི་ནཱི་གནོད་བྱེད་ཟ་འདྲེ་ཤི་གཤེད་མ་ཧཱ་མཾ་ས་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་ཀི་ནི་རི་ཏི་ལ་ཁཱ་ཧི། ཕཊ་ཕཊ་ཕཊཿ ལྷོ་རིན་ཆེན་མཁའ་འགྲོ་ཞལ་ཕྱེས་ཤིག །གདོན་ང་རྒྱལ་བསྒྲལ་བའི་ཕུང་པོ་འདི། །མ་རིན་ཆེན་མཁའ་འགྲོའི་ཞལ་དུ་བསྟབ། །གཟུགས་ཤ་ཁྲག་རུས་པའི་མཆོད་པ་བཞེས། །སེམས་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་དྲོངས། །མཉམ་ཉིད་ཡེ་ཤེས་དངོས་གྲུབ་སྩོལ། །རི་རཏྣ་ཊཱ་ཀི་ནཱི་གནོད་བྱེད་ཟ་འདྲེ་ཤི་གཤེད་མ་ཧཱ་མཾ་ས་ལ་ལཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་ཀི་ནི་རི་ཏི་ལ་ཁཱ་ཧི། ཕཊ་ཕཊ་ཕཊཿ ནུབ་པདྨ་


CMR052_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་ཞལ་ཕྱེས་ཤིག །གདོན་འདོད་ཆགས་བསྒྲལ་བའི་ཕུང་པོ་འདི། །མ་པདྨ་མཁའ་འགྲོའི་ཞལ་དུ་བསྟབ། །གཟུགས་ཤ་ཁྲག་རུས་པའི་མཆོད་པ་བཞེས། །སེམས་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་དྲོངས། །སོར་རྟོག་ཡེ་ཤེས་དངོས་གྲུབ་སྩོལ། །ནཱི་པདྨ་ཊཱ་ཀི་ནཱི་གནོད་བྱེད་ཟ་འདྲེ་ཤི་གཤེད་མ་ཧཱ་མཾ་ས་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་ཀི་ནི་རི་ཏི་ལ་ཁཱ་ཧི། ཕཊ་ཕཊ་ཕཊཿ བྱང་ལས་ཀྱི་མཁའ་འགྲོ་ཞལ་ཕྱེས་ཤིག །གདོན་ཕྲག་དོག་བསྒྲལ་བའི་ཕུང་པོ་འདི། །མ་ལས་ཀྱི་མཁའ་འགྲོའི་ཞལ་དུ་བསྟབ། །གཟུགས་ཤ་ཁྲག་རུས་པའི་མཆོད་པ་བཞེས། །སེམས་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་དྲོངས། །བྱ་གྲུབ་ཡེ་ཤེས་དངོས་གྲུབ་སྩོལ། །ས་ཀརྨ་ཊཱ་ཀི་ནཱི་གནོད་བྱེད་ཟ་འདྲེ་ཤི་གཤེད་མ་ཧཱ་ཡཱཾ་ས་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་ཀིཾ་ནི་རི་ཏི་ལ་ཁཱ་ཧི། ཕཊ་ཕཊ་ཕཊཿ དེ་ནས་ཟན་ལིང་ཅུང་ཟད་གཅིག་དམར་གཏོར་ནང་དུ་བཞག། །གཞན་ལིངྒ་བྱང་བུ་ཐམས་ཅད་བྲུབ་ཁུང་དུ་བླུགས། ཕཊཿ ཟ་འདྲེ་ཤི་གཤེད་ཐམས་ཅད་ལྕགས་ཁང་འབར་བའི་ནང་དུ་ཚུད། གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པས་ཁ་བཅད་མི་ལྤགས་ཀྱི་གཡང་གཞི་འབར་བས་བཀབ་མུན་པ་ནག་པོ་


CMR052_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་རིམ་གྱིས་གཡོགས་པར་གྱུར། སླ་ང་དེས་འགེབ་སྟངས་རེ་དང་ཕཊ་རེ་སྤྱད་ལ། ཕཊ་ཕཊ་ཕཊཿ ཕཊ་ཕཊ་ཕཊཿ ཕཊ་ཕཊ་ཕཊཿ ཧོམ་ཁུང་སྟེང་དུ་ཕུར་པ་བཙུགས། དེའི་སྟེང་དུ་མདའ་གསུམ་ཨོ་བྱས་པའི་སྟེང་དུ་ཡི་དམ་གྱི་དམར་གཏོར་གཅིག་བཞག །རྒྱུན་དུ་བཞག་མི་བདེ་ན་ནུབ་མོ་བླང་ལ་གཏོར་སྒམ་ནང་དུ་བཞག་ནས་ཉིན་མོ་ཨོ་ཁ་ན་བཞག་ཆོག །ཕཊཿ བྲུབ་ཁུང་སྟེང་དུ་མ་གཅིག་ཁྲོས་མ་ནག་མོ་འཇིགས་སུ་རུང་བ་གཅིག་གིས་སྐུ་སྨད་གནམ་ལྕགས་ཀྱི་ཕུར་པས་ཟ་འདྲེ་གཟིར་བའི་ལས་བྱེད་པར་གྱུར། ཞེས་ཕུར་པ་གཏོར་མ་གཉིས་ཀ་དབྱེར་མེད་དུ་བསྒོམ་མོ། །ཡང་ན་ཕུར་པ་ཁྲོས་མའི་གཏོར་མ་ཡི་དམ་བཞིན་དུ་བསྒོམ་ཡང་རུང་། དེ་ལྟར་ནུབ་དང་པོ་ལ་དེ་ལྟར་བྱས་ནས། རྒྱུན་དུ་དགོང་ཁའམ་ནུབ་མོ་དེ་ལྟར་འདུལ་གཞུང་ཚར་རེ་འདོན་དགོས་ཀྱང་ཤོག་ལིང་དང་ཤིང་བྱང་རྣམས་ཧོམ་ཁུང་ནང་ནས་མི་ལེན་རྒྱུན་དུ་ཟན་ལིང་རེ་སྒྲོ་བར་བཅུག་ནས་རྡེབ་པ་སོགས་བྱེད། གླུ་མ་གྲུ་བརྟག་མི་དགོས། སླ་ང་ནང་དུ་ཡང་ཟན་ལིང་གཅིག་བཞག་ནས་བསྒྲལ་ལ། དེ་ནུབ་དམར་གཏོར་ནང་དུ་བཞག་ལ་འབུལ། སྒྲོ་བ་ནང་གི་ཟན་ལིང་ཕྱེ་མོ་སླ་ངར་བྱོས་ལ་ཧོམ་ཁུང་དུ་བླུགས་ལ་ཁ་བཅད་དོ། །ཐུན་དྲུག་ཏྟེན་ཐོ་རངས་སྟག་སྐྱ་བོ་ཁ་གདངས་དུས། ཉི་དྲོས་རུས་སྦལ་རྒྱ་བོ་དང་ཁ་བསྐྱེད་དུས། ཉིན་གུང་སྲིན་མོ་ལྟོ་ལ་འཁོར་དུས། དགོང་མོ་རི་བོས་གསེར་ཞུ་གྱོན་དུས། སྲོད་ལ་དམག་ཆེན་ཁྲོམ་ཚོགས་བྱེད་དུས། ནམ་ཕྱེད་མཁའ་འགྲོ་མས་


CMR052_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱེད་དུས་དང་འདི་དྲུག་གདོན་འདུལ་དུས་ཡིན་པས་དེ་དུས་དུར་གཅོད་དམིགས་པ་འདི་རྣམས་གང་རུང་རེ་རེ་ལན་བདུན་བདུན་ཙམ་བཟུང་ངོ་། །ཕཊཿ བྲུབ་ཁུང་ནང་དུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་སྟོང་རྣོ་ངར་དང་ལྡན་པ་གཡོན་དུ་དྲག་ཏུ་འཁོར་བས་ཟ་འདྲེ་ཤི་གཤེད་ཐམས་ཅད་དམར་མྱ་ལ་ལ་གཏུབ་པར་གྱུར། ཕཊཿ རང་གི་རིག་པ་ཁྲོས་མར་གྱུར་པས་བེམ་ཤུན་སྟེང་དུ་ཤ་ཁྲག་སྤུངས་པས་གནོད་བྱེད་ཟ་འདྲེ་རྣམས་ཀྱིས་ཟོས་ཤིང་འཐུང་བས་ལན་ཆགས་བྱང་། གཡང་གཞི་རྩ་བཞི་ནས་བསྡུས་ནམ་མཁར་ཕྱར་ནས་ལྕགས་སྲེག་གི་ས་གཞི་ལ་བརྒྱབས་པས་གཞོབ་ཐུལ་གྱིས་སོང་བར་བསྒོམ། ཡང་ཁྲོ་ཆུའི་ཕ་བོང་ལ་དེ་ལྟར་བརྡབས་པས་སྐད་ངན་ཙེ་རེ་རེ་ཁས་བླངས་དམ་བཅས་སྲོག་གི་སྙིང་པོ་ཕུལ་བར་བསམ། ཕཊཿཕཊཿ རང་ཉིད་ཁྲོས་མས་ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་ཐོག་དམར་འཕྲོ་བ་ཕྱར་བས་གནོད་བྱེད་ཟ་འདྲེ་ལ་བརྒྱབ། གཡོན་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་ཇོ་འཁོར་ལྟར་ཟ་འདྲེ་ཤི་གཤེད་ཀྱི་སྟེང་དུ་འཁོར་བས་གནོད་བྱེད་ཐམས་ཅད་ཤ་དུམ་ཁྲག་ཐིགས་ཙམ་དུ་གཏུབས་པ་ཁྲོས་མ་གྲངས་མེད་པས་གསོལ་བར་བསྒོམ། ཕཊཿ རང་ཉིད་ཁྲོས་མ་དམར་མོ་སྤྱི་གཙུག་ཏུ་སྟག་ཞལ་ངུར་སྒྲ་སྒྲོགས་པའི་ཐུགས་ཀ་ནས་མཁའ་འགྲོ་མ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པ་གྲངས་མེད་པ་འཕྲོས། ཟ་འདྲེ་ཤི་སྲི་ཐམས་ཅད་རང་དབང་མེད་པར་བཀུག་ནས་ཧོམ་ཁུང་དུ་བཅུག །ཕོ་རྣམས་ཁ་སྦུབ་མོ་རྣམས་གན་རྐྱལ་འགྱེལ་བའི་སྙིང་ནང་དུ། གནམ་ལྕགས་ཀྱི་


CMR052_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་རྩིབས་བརྒྱད་གཡོན་དུ་དྲག་ཏུ་འཁོར་བས་ཤ་ཁྲག་དམར་ཉི་ལི་ལི་གཏུབ་པར་གྱུར། ཕཊ། རང་ཉིད་ཁྲོས་མའི་ཐུགས་ཀ་ནས་ཁྲོས་མ་ཤར་དུ་དཀར་མོ་ལྕགས་ཀྱུ་ཐོགས་པ་འབུམ། ལྷོ་རུ་སེར་མོ་གྲི་གུག་ཐོགས་པ་འབུམ། ནུབ་ཏུ་དམར་མོ་སོག་ལེ་ཅན་འབུམ། བྱང་དུ་ལྗང་མོ་སྟག་གདོང་གྲི་གུག་ཅན་འབུམ། མཚམས་བཞིར་མཁའ་འགྲོ་མ་སྣ་ཚོགས་དང་སྟེང་ན་ནག་མོ་གསེར་གྱི་རྡོ་རྗེ་ལས་ཐོག་སེར་འབེབས་པ། འོག་ཏུ་སྔོན་མོ་དྲེད་གདོང་སྤྱན་གཅིག་རླུང་གི་འཁོར་ལོ་འཛིན་པ་ཐམས་ཅད་ཀྱང་རུས་རྒྱན་ཅན་འབུམ་ཕྲག་འབུམ་ཕྲག་འཕྲོས་ནས་གནོད་བྱེད་དུར་སྲི་ཤི་སྲི་ཐམས་ཅད་རང་དབང་མེད་པར་བཀུག་ནས་ལིངྒ་ལ་བསྟིམ་མོ། །ཕཊཿ བདག་དང་བསྲུང་བྱའི་རིག་པ་ཨ་དམར་པོ་དེ་སྤྱི་བོར་ཕ་དམ་པའི་ཐུགས་ཀར་བསྲེས། རང་དང་བསྲུང་བྱའི་བེམ་པོ་ལུས་གདོན་དང་བཅས་པ་དེ་ལྕགས་ཁང་ནང་དུ་འཕངས་པས་ཁྲག་གི་རྒྱ་མཚོ་རུལ་ལ་བཙོག་པར་གྱུར་ནས་གནོད་བྱེད་ཤི་སྲི་ཐམས་ཅད་སུབ་ཅིང་འཚུབས་ནས་སྐད་ངན་རྩེ་རེ་རེ་ཁས་བླངས་པར་བསམ། ཚར་ཚད་བྱུང་ན་དཀར་གསུམ་བདུད་རྩིའི་རྒྱ་མཚོར་གྱུར་ནས་ལོངས་སྤྱོད་བདེ་སྐྱིད་དང་ལྡན་པར་བསྒོམ། ཕཊཿ བདག་ཡུམ་ཆེན་མོས་གཡང་གཞི་བརྡབས་པས་ཟ་འདྲེ་ཐམས་ཅད་འདུས། གཡང་གཞིའི་སྟེང་དུ་ཤ་ཁྲག་སྟོན་མོར་བྱིན་ནས་བདག་ཡུམ་ཆེན་གྱི་གཟི་བརྗིད་དེ་མ་བཟོད་ནས་རང་དབང་མེད་པར་ཆོས་ལ་ཚུད་པར་བསམས་ལ་ཆོས་བཤད། སྡིག་པ་ཅི་ཡང་མི་བྱ་ཞིང་། །ཞེས་སོགས་བརྗོད། ཕཊཿ


CMR052_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་དམ་པ་མཐིང་ནག་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། དུར་ཁྲོད་ཀྱི་ཆས་བརྒྱད་གསོལ་བ། ཕྱག་གཡས་ཌཱ་མ་རུ་འཁྲོལ་ཞིང་གཡོན་རྐང་གླིང་འབུད་པའི་དབུ་ཐད་ཀྱི་ནམ་མཁར་བམ་རོ་གསལ་རྙིང་གི་ཁྲི་ལ་རྗེ་བཙུན་མ་དམར་མོ་གཞུང་ལྟ་བུ་ལ་གྲུ་མོ་གཡོན་དུ་ཟངས་ཀྱི་ཞགས་པ་བཀོན་པ། གཡས་སུ་དུར་ཁྲོད་མཁའ་འགྲོ་ནག་མོ་ལྕགས་ཀྱུ་ཐོད་ཁྲག་བསྣམས་པ། གཡོན་དུ་ལས་ཀྱི་མཁའ་འགྲོ་ལྗང་གུ་རལ་གྲི་ཐོད་ཁྲག་བསྣམས་པ་དེ་གསུམ་མཁའ་འགྲོ་མ་དཔག་ཏུ་མེད་པས་བསྐོར་བར་བསམ། ཕཊ། བརྗོད་པས་འོད་ཟེར་ལྕགས་ཀྱུ་ལྟར་འཕྲོས་པས་གྲི་སྲིའམ་ཤི་སྲི་ཐམས་ཅད་སྙིང་དཀར་ནག་མཚམས་སུ་འོད་ཟེར་གྱི་ལྕགས་ཀྱུས་བཀུག་ནས་ཁ་བ་བུ་ཡུག་རླུང་གིས་དེད་པ་བཞིན་ཚུབ་ཉི་ལི་ལི་བྱུང་ནས་འཁོད་པ་ལ། ཕྱི་ནས་རང་འདྲ་བའི་དམ་པ་གྲངས་མེད་པས་ཧབ་སྒྲ་ཕཊཿསྒྲ་དི་རི་རི་བསྐོར་ནས་ཡོད་པ་ལ། སྙིང་རྗེ་ཚད་མེད་པས་ཤ་ཁྲག་གི་སྦྱིན་པ་བཏང་ངོ་། །དེ་ནས་རང་གི་ཐུགས་ཀ་ནས་ཧཱུྃ་མཐིང་ནག་གྲངས་མེད་པ་འཕྲོས་ནས་གནམ་ས་བར་སྣང་ས་རྡོ་རི་བྲག་ཐམས་ཅད་ལ་ཕོག་པས། ཐམས་ཅད་མཁའ་འགྲོ་མ་དམར་མོ་ལྕགས་ཀྱུ་དང་བྷནྡྲ་འཛིན་པར་


CMR052_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ནས། སྟོང་གསུམ་འཇིག་རྟེན་ཁམས་ཀྱི་ཚེ་བསོད་བཀྲག་མདངས་གཟི་བརྗིད་ཐམས་ཅད་དང་འབྱུང་བའི་བཅུད་ཐམས་ཅད་བསྡུས་ནས་ཐོད་པའི་ཞལ་བུར་ལྟེམ་གྱིས་གང་། མཁའ་འགྲོ་མ་ཐམས་ཅད་གཅིག་ལ་གཅིག་ཐིམ་ནས་མཐར་རང་ལ་བསྟིམས་པས་བཀྲག་མདངས་གཟི་བརྗིད་རྒྱས་པར་བསྒོམ། ཕཊཿ རང་ཉིད་རྗེ་བཙུན་མ་དམར་མོའི་ཕྱག་གཡས་ཐུགས་རྗེའི་ལྕགས་ཀྱུ་བསྣམས་པའི་རྩེ་ལས་འོད་ཟེར་འཕྲོས། འཇིག་རྟེན་ཁམས་ཀྱི་ལྷ་འདྲེ་མི་གསུམ་འགྲོ་བ་ཕོ་མོ་དང་གཉན་སའི་ལྷ་འདྲེ་དང་ཁྱད་པར་དུ་ཤི་སྲི་དུར་སྲི་གནོད་བྱེད་ཐམས་ཅད་ཀྱི་ཚེ་བསོད་ནམས་བཀྲག་གཟི་བརྗིད་ཐམས་ཅད་བསྡུས་ནས་རང་ལ་ཐིམ། ཕྱག་གཡོན་ཐོད་པ་ལྕང་ལོ་ཅན་དཔྲལ་བ་རང་ལ་བསྟན་པའི་ནང་དུ་འོད་ཀྱི་ཐིག་ལེ་དཀར་དམར་མཐིང་གསུམ་གྱིས་བཀང་བ་ལས་འོད་ཟེར་གྱིས་སྐྱེ་འགྲོ་རིགས་དྲུག་ཐམས་ཅད་ཀྱི་བཅུད་བསྡུས་ནས་བདག་ལ་དངོས་གྲུབ་ཏུ་གནང་ནས་བདག་གིས་དངོས་གྲུབ་ཐོབ། རང་གི་གནས་ཁང་དེ་རིན་པོ་ཆེ་འབར་བ་གྱེན་དུ་ལངས་པ་འདྲ་བའི་ནང་དུ་འདོད་དགུ་ལོངས་སྤྱོད་ཟས་གོས་ནོར་གསུམ་ཆར་ལྟར་བབ་ནས་དངོས་གྲུབ་ཐམས་ཅད་ཐོབ་


CMR052_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྒོམ། ཕཊ། དམིགས་པ་འདི་གཉིས་བྱས་ན་དུར་གཅོད་ཅི་བྱས་ཀྱང་གཅོད་པ་མི་དབུལ་ཞིང་ལོངས་སྤྱོད་འཕེལ་བའི་མན་ངག་གོ །དེ་ནས་ཚེ་འདས་ཟ་འདྲེ་དང་ཕྲལ་ནས་ལམ་སྟོན་དགོས་ཏེ། དེ་ཡང་ལས་ཀྱི་དབང་གིས་ཟ་འདྲེ་དང་ཚེ་འདས་གཉིས་འབྲལ་མེད་དུ་ཡོད་པས་ཕྱེ་ཐབས་ནི། གཞི་དཀར་པོ་གཅིག་གི་སྟེང་དུ་རྡུལ་ཚོན་ནམ་རྩམ་པས་མཆོད་རྟེན་བང་རིམ་བཞི། བུམ་པ་ཏོག་དང་བཅས་པ་བྲི། སྨྱུག་རྒོད་དམ་མདའ་འམ་ཤིང་གཙང་མ་ལ་ཆེ་འདས་ཀྱི་མིང་བྱང་གཟུགས་གྲོ་ཤོག་ལ་བྲིའམ། དེ་མི་བདེ་ན་ཤིང་བྱང་ནི་ཡིག་འདྲ་ཡིན་ཟེར་བ་མཁས་གྲུབ་ཐམས་ཅད་ཀྱིས་གསུང་ལས་བྱུང་། ཧཱུྃ་ཡིག་མིང་དང་བཅས་པ་བྲིས་ལ་བཏགས། ཡོད་ན་མེ་ལོང་དར་པན་ཚེ་འདས་ཀྱི་ལུས་ལ་འབྱར་བའི་ཕྲེང་བ་ལྟ་བུའི་སེར་དུམ་གཅིག་ཀྱང་བཏགས། ཕྱེ་མར་ཇ་ཆང་སོགས་འདོད་ཡོན་དང་། བླ་གླུད་ངར་མི་ཆངས་བུས་བསྐོར་བའམ། ལྕོག་རྡོག་ངར་མི་ཆངས་བུས་བསྐོར་བའམ། ལྕོག་རྡོག་ཆངས་བུ་ཏིང་ལོ་གང་རུང་ཡང་སྣོད་གཅིག་ཏུ་བཤམས། ཟན་ནམ་སའམ་ཡུངས་ལ་པདྨ་འདབ་བརྒྱད་བྱས་པ་ལ་མིང་བྱང་བཙུགས་ནས་མཆོད་རྟེན་གདན་ཁྲིའི་འོག་དེར་བཞག་ལ། ཕཊ་རང་ཉིད་ཁྲོས་མ་དམར་ནག་ཕག་རྒོད་ཀྱི་དབུ་ཅན་ཕྱག་གཡས་གནམ་ལྕགས་ཀྱི་ཐོག་རྒོད་རྩེ་དགུ་མེ་འབར་བ་ཕྱར་ཞིང་། ཕྱག་གཡོན་ཐོད་ཁྲག་འཛིན་པ་རྫུ་འཕྲུལ་དྲག་རྩལ་དང་ལྡན་པའི་འོད་ཟེར་གྱིས་ཟ་འདྲེ་ཤི་གཤེད་ཐམས་ཅད་བཀུག་ནས་ལྕགས་ཁང་གི་ལིངྒ་ལ་ཐིམ་པས་ཁྲོས་མ་འབུམ་གྱིས་བསྐོར་ནས་བྲོས་དབང་མེད་


CMR052_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར། ཕཊཿ ཕྱག་གཡས་གནམ་ལྕགས་ཀྱི་ཐོག་ཆེན་འཕངས་བས་ཟ་འདྲེ་གཤིན་ལྕགས་ཐམས་ཅད་ཐལ་བ་བུན་ནེ་སོང་བར་གྱུར། ཕཊཿ རང་ལུས་འདི་གསེར་གྱི་མཆོད་རྟེན་བང་རིམ་བཞི་པ་འགྲོ་བ་རིགས་དྲུག་གི་གནས་དང་ཐ་དད་མེད་པའི་བུམ་པར་ཨ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་རང་ཉིད་ཁྲོས་མ་སྐུ་མདོག་དཀར་མོ་ཞི་ཞིང་བཞད་པ། ཕྱག་གཡས་ཡེ་སྒོ་ཤེས་ཀྱི་བུམ་པས་ཚེ་འདས་ཀྱི་ལས་སྒྲིབ་འཁྱུད་པ། ཕྱག་གཡོན་བྱམས་པའི་ལྕགས་ཀྱུས་ཚེ་འདས་འདྲེན་པ། འཁོར་མཁའ་འགྲོ་མ་སྡེ་བཞི་ཡང་རང་དང་མཚུངས་པའོ། །རང་གི་དཔྲལ་བར་རྣམ་སྣང་ཡབ་ཡུམ། མགྲིན་པར་སྣང་བ་མཐའ་ཡས་ཡབ་ཡུམ། ཐུགས་ཀར་རྡོ་རྗེ་སེམས་དཔའ་ཡབ་ཡུམ། ལྟེ་བར་རིན་ཆེན་འབྱུང་ལྡན་ཡབ་ཡུམ། གསང་བར་དོན་ཡོད་གྲུབ་པ་ཡབ་ཡུམ། དབུ་རྒྱན་དུ་མི་བསྐྱོད་པ་ཡབ་ཡུམ་རྣམས་རྒྱན་ཆ་ལུགས་དང་ལྡན་པ། ཐུགས་ཀའི་ས་བོན་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ཨ་ཧ་རི་ནི་ས་རྣམས་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས་གཉིས་སུ་མེད་པར་ཐིམ་པར་གྱུར། ཨརྒྷཾ་སོགས། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་


CMR052_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །ཕཊཿ ཟ་འདྲེ་ཤི་གཤེད་ཐམས་ཅད་མཆོད་རྟེན་གྱི་ཞབས་སུ་ཚུད་ནས་མགུལ་དབང་མེད་པར་གྱུར། ཕཊཿ བསྲུང་བྱ་ཐམས་ཅད་མཆོད་རྟེན་གྱི་བུམ་པར་ཚུད་ནས་མཁའ་འགྲོ་སྡེ་བཞིས་སྲུང་སྐྱོབ་མཛད་པར་གྱུར། ཕཊཿ རང་གི་ཕྱག་གཡོན་བྱམས་པའི་ལྕགས་ཀྱུ་ལས་ཐུགས་རྗེའི་འོད་ཟེར་ལྕགས་ཀྱུ་ལྟ་བུས་ཚེ་འདས་རིགས་དྲུག་བར་མ་དོ་གང་ན་ཡོད་ཀྱང་མདུན་དུ་བཀུག་པར་གྱུར། ཀྱེ་མ་ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །ང་ནི་ཡེ་ཤེས་མཁའ་འགྲོ་ཡིན། །ང་ནི་ཆོས་སྐུ་ཡུམ་ཆེན་ཡིན། །དུས་གསུམ་སངས་རྒྱས་ང་ལས་བྱུང་། །རིགས་ལྔའི་སངས་རྒྱས་སྐུ་ལ་རྫོགས། །མཁའ་འགྲོ་སྡེ་བཞི་འཁོར་གྱིས་བསྐོར། །ཕ་རོལ་ཕྱིན་དྲུག་དོན་དང་ལྡན། །ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོས། །རིགས་དྲུག་འདྲེན་པའི་སངས་རྒྱས་ཡིན། །ཐར་པའི་ལམ་སྟོན་སློབ་དཔོན་ཡིན། །སངས་རྒྱས་རྣམས་ཀྱི་ཕྲིན་ལས་ཡིན། །བྱང་ཆུབ་སེམས་དཔའི་ཕོ་ཉ་ཡིན། །ང་ནི་ཁྱོད་ཀྱི་སུན་མ་ཡིན། །དཀོན་མཆོག་གསུམ་གྱི་བདེན་པ་དང་། །སྔགས་དང་ཏིང་འཛིན་བྱིན་རླབས་ཀྱིས། །ཚེ་འདས་གནས་འདིར་མྱུར་དུ་ཤོག །བདེན་པའི་


CMR052_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ལ་ཁྱོད་ཀྱང་ཉོན། །གཤེད་དང་བྲལ་བའི་དུས་ལ་བབ། །གསོན་གཤིན་ཕྲལ་བའི་དུས་ལ་བབ། །བླ་ཁྱེར་བསླུ་བའི་དུས་ལ་བབ། །བླ་གླུད་བཏང་བའི་དུས་ལ་བབ། །བླ་ཡིད་བཀྲོལ་བའི་དུས་ལ་བབ། །གསོན་གཤིན་འཇལ་བའི་དུས་ལ་བབ། །གཤིན་ཟས་གཏད་པའི་དུས་ལ་བབ། །སྒྲིབ་པ་སྦྱོང་བའི་དུས་ལ་བབ། །ཐར་ལམ་བསྟན་པའི་དུས་ལ་བབ། །དུས་ལ་བབ་པོ་ཚེ་འདས་ཁྱོད། །འབོད་པའི་གནས་འདིར་མྱུར་དུ་ཤོག །ཨ་ཧ་རི་ནི་ས། ཀྲྀ་བཛྲ་ཨཾ་ཀུ་ཤ་ཛ་ཛཿ ལྕགས་ཀྱུས་ཕྱག་རྒྱ་དང་། ཕཊ་ཕཊ་ཕཊཿ ཅེས་བརྗོད། ཀྱེ་མ་ཚེ་འདས་ཀྱི་རིགས་ཀྱི་བུ། །ཐུགས་རྗེའི་ལྕགས་ཀྱུ་འདི་ལ་འཇུས། །ཤེས་རབ་སྒྲོན་མེ་འདི་ལ་ལྟོས། །གཟུགས་བརྙན་འདི་ནི་སྐུ་ཡི་རྟེན། །མིང་བྱང་འདི་ནི་གསུང་གི་རྟེན། །མེ་ལོང་འདི་ནི་ཐུགས་ཀྱི་རྟེན། །དར་པན་འདི་ནི་ལུས་ཀྱི་རྟེན། །མདའ་སྨྱུག་འདི་ནི་འཇུ་བའི་ཤིང་། །གདུགས་ཆུང་འདི་ནི་གཞལ་ཡས་ཁང་། །གདན་དཀར་པདྨ་སྡོད་པའི་གདན། །ཉེ་དུ་འདི་ནི་སྔར་གྱི་གཤིས། །དྲི་མ་འདི་ནི་གོས་ཀྱི་རྟེན། །ཚེ་འདས་རྒྱལ་བའི་སྲས་པོ་ཁྱོད། །སྐྱེ་ཤི་མཚམས་སུ་དབུ་ཡར་


CMR052_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོགས། །ཡོད་མེད་མཚམས་ནས་ཞལ་ཚུར་སྟོན། །སྣང་སྲིད་མཚམས་ནས་སྙན་ཚུར་གསོན། །ཀྱེ་མ་སེམས་ཅན་སྙིང་རེ་རྗེ། །འཁོར་བའི་གནས་སུ་ཡུན་རེ་རིང་། །ལས་ཀྱི་རྒྱ་མཚོ་གཏིང་རེ་ཟབ། །སྲིད་པའི་འཁོར་ལོ་དབང་རེ་ཆེ། །ལོག་པའི་རྣམ་ཤེས་ཁས་རེ་དྲག །འཁྲུལ་པའི་བག་ཆགས་སྤང་རེ་དཀའ། །དམྱལ་བའི་སྡུག་བསྔལ་ཡ་རེ་ང་། །ལུས་བརྗེས་བར་དོ་ཉོན་རེ་མོངས། །ཀྱེ་མ་ཚེ་འདས་རིགས་ཀྱི་བུ། །འཁོར་བའི་གནས་སུ་ཡུན་རིང་ལ། །ཐུགས་རྗེའི་ལྕགས་ཀྱུ་དྲན་པར་གྱིས། །ལས་ཀྱི་རྒྱ་མཚོ་གཏིང་ཟབ་ལ། །བརྩོན་འགྲུས་གྲུ་གཟིངས་དྲན་པར་གྱིས། །སྲིད་པའི་འཁོར་ལོ་དབང་ཆེན་ལ། །རྟེན་འབྲེལ་སྒྱུ་མ་དྲན་པར་གྱིས། །ལོག་པའི་རྣམ་ཤེས་ཁས་དྲག་ལ། །བཀའ་དང་དམ་ཚིག་དྲན་པར་གྱིས། །འཁྲུལ་པའི་བག་ཆགས་སྤང་དཀའ་ལ། །ཆོས་ཉིད་བདེན་པ་དྲན་པར་གྱིས། །དམྱལ་བའི་སྡུག་བསྔལ་མི་བཟོད་ལ། །ཚད་མེད་གོ་ཆ་དྲན་པར་གྱིས། །རྒྱུ་དྲུག་གནས་སུ་འཁོར་བ་ལ། །ཕ་རོལ་ཕྱིན་དྲུག་དྲན་པར་གྱིས། །མི་དགེ་བཅུ་པོ་སྡིག་བྱས་ལ། །དགེ་བ་བཅུ་པོ་དྲན་པར་གྱིས། །ལུས་རྗེས་ཕུང་པོ་


CMR052_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་ལ། །ལྷ་ལུས་བདེ་བ་དྲན་པར་གྱིས། །ཡུམ་ཆེན་རྒྱལ་བའི་དཀྱིལ་འཁོར་ལ། །དད་པའི་སེམས་ཀྱིས་ཕྱག་འཚོལ་ཞིག །གུས་པའི་ཡིད་ཀྱིས་སྐྱབས་གསོལ་ཞིག །ཨ་ཧ་རི་ནི་ས་རྣོ་ས་མ་ཡ་ཏིཥྛ་ལྷན། ཕཊ་ཕཊ་ཕཊཿ ཅེས་མིང་བྱང་ལ་བསྟིམས་ལ་ཚེ་འདས་དངོས་སུ་བསམ། ཕཊཿ རིན་པོ་ཆེའི་སྣོད་ཀྱི་ནང་དུ་གླུད་ཀྱི་གཏོར་མ་ལ། འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར་པ་འདི་ཚེ་ལས་འདས་པ་སྒོ་མོ་ཞེས་བགྱི་བ་ལ་ཚེ་རབས་དཔག་ཏུ་མེད་པ་ནས་ལན་ཆགས་པའི་ལན་ཆགས། ད་ལྟ་བླ་ཡིད་རྣམ་ཤེས་ལ་བདག་ཏུ་བཟུང་ནས་གཤིན་པོ་ཐར་པ་ཐོབ་ཏུ་མི་བཅུག་པ། ཚེ་འདས་ལ་བརྫུ་ཞིང་གསོན་པོ་བཀྲ་མི་ཤིས་པར་བྱེད་པའི་ལན་ཆགས་ཟ་འདྲེ་འབྱུང་པོ་རྣམས་ལ་བསྔོའོ། །སྦྱིན་ནོ། །ལན་ཆགས་བྱང་། བུ་ལོན་འཁོར་ཤ་འཁོན་དག་ནས་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །ཨོཾ་ཨ་ཀཱ་རོ་སོགས་བརྗོད། ཧཱུྃ། ང་ནི་ཡེ་ཤེས་ཁྲོས་མའི་སྐུ། །སྟོབས་ཆེན་བདུད་འདུལ་ཆེན་མོ་ཡིན། །ཉོན་ཅིག་བགེགས་དང་འབྱུང་པོའི་ཚོགས། །གཤིན་གྱི་བླ་གླད་འདི་ལོངས་ལ། །ཚེ་འདས་ཐར་པའི་གེགས་མ་བྱེད། །བཟུང་བ་ཐོངས་ལ་


CMR052_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

བཅིངས་བ་ཁྲོལ། །བསྡམ་པ་གློད་ལ་མནན་པ་ཁྱོག །བུ་ལོན་ལན་ཆགས་བྱང་གྱུར་ཅིག །ཧཱུྃ། ཤར་ཕྱོགས་དྲི་ཟའི་གདོན་ཚོགས་དང་། །ལྷོ་ཕྱོགས་གཤིན་རྗེའི་གདོན་ཚོགས་དང་། །ནུབ་ཕྱོགས་ཀླུ་ཡི་གདོན་ཚོགས་དང་། །བྱང་ཕྱོགས་གནོད་སྦྱིན་གདོན་ཚོགས་རྣམས། །གཤིན་གྱི་བླ་གླུད་འདི་ལོངས་ལ། །ཚེ་འདས་ཐར་པའི་གེགས་མ་བྱེད། །བཟུང་བ་ཐོངས་ལ་བཅིངས་བ་ཁྲོལ། །བསྡམ་པ་གློད་ལ་མནན་པ་ཁྱོག །བུ་ལོན་ལན་ཆགས་བྱང་གྱུར་ཅིག །ཧཱུྃ། ཤར་ལྷོ་མེ་ལྷའི་གདོན་ཚོགས་དང་། །ལྷོ་ནུབ་སྲིན་པོའི་གདོན་ཚོགས་དང་། ནུབ་བྱང་རླུང་ལྷའི་གདོན་ཚོགས་དང་། །བྱང་ཤར་དབང་ལྡན་གདོན་ཚོགས་རྣམས། །གཤིན་གྱི་བླ་གླུད་འདི་ལོངས་ལ། །ཚེ་འདས་ཐར་པའི་གེགས་མ་བྱེད། །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམ་པ་གློད་ལ་མནན་པ་ཁྱོག །བུ་ལོན་ལན་ཆགས་བྱང་གྱུར་ཅིག །ཧཱུྃ། སྟེང་ཕྱོགས་ལྷ་ཡི་གདོན་ཚོགས་དང་། །འོག་ཕྱོགས་ས་བདག་གདོན་ཚོགས་དང་། །སྡེ་བརྒྱད་ཡུལ་ལྷ་མཐུ་ཆེན་དང་། །སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀུན། །གཤིན་གྱི་བླ་གླུད་འདི་ལོངས་ལ། །ཚེ་འདས་ཐར་པའི་


CMR052_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

གེགས་མ་བྱེད། །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམ་པ་གློད་ལ་མནན་པ་ཁྱོག །བུ་ལོན་ལན་ཆགས་བྱང་གྱུར་ཅིག །ཧཱུྃ། ང་ནི་ཁྲོ་ཆེན་འབར་བའི་སྐུ། །ཚེ་འདས་འདི་ཡི་བླ་ཁྱེར་ནས། །གཤིན་ལྕགས་བྱེད་པའི་འབྱུང་པོ་རྣམས། །བླ་གླུད་བཟང་པོ་འདི་ཁྱེར་ལ། །ཉི་མ་དེ་རིང་ཕྱིན་ཆད་ནས། །ཚེ་འདས་རིགས་ཀྱི་བུ་འདི་ལ། །མ་ཉེ་མ་གནོད་མ་འཁོར་ཅིག །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །བཀའ་དང་དམ་ལ་མ་འདའ་བར། །སོ་སོ་རང་རང་གནས་སུ་དེངས། །གལ་ཏེ་བཀའ་ལ་ཁྱོད་འདའ་ན། །ལས་ཀྱི་ཊཱ་ཀིས་སྙིང་ཁྲག་འཐུང་། །མནར་མེད་དམྱལ་བའི་སྡུག་བསྔལ་མྱོང་། །དེ་བས་མ་གནོད་གཞན་དུ་དེངས། །ཨོཾ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀ་ལི་ཧ་རི་ནི་ས་གནོད་བྱེད་གཤིན་ལྕགས་བླ་ཁྱེར་ཐམས་ཅད་ཨུ་ཙ་ཏ་ཡ་ཕཊ་ཕཊ་ཕཊཿ ཅེས་རོལ་མོ་དང་བཅས་བླ་གླུད་ཕྱིར་དོར་རོ། །དེ་ནས་རིགས་དྲུག་གནས་འདྲེན་ནི། མཚན་བྱང་མཆོད་རྟེན་བང་རིམ་འོག་མའི་སྟེང་དུ་བཞག་ལ། ཧཱུྃ། བདག་ལུས་གསེར་གྱི་མཆོད་རྟེན་གྱི། །ཞབས་སུ་ཟ་འདྲེ་ཤི་གཤེད་མནན། །མཆོད་རྟེན་བང་རིམ་དང་པོ་ལ། །རླུང་གི་


CMR052_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་རྩིབས་དགུའི་སྟེང་། །ཚེ་འདས་ཞེ་སྡང་ངོ་བོ་དེ། །དུཡིག་ནག་པོ་གཉིས་རེ་ལས། །ཚ་དམྱལ་གྲང་དམྱལ་བཅོ་བརྒྱད་ཆགས། །ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །ཞེ་སྡང་དྲག་པོའི་ལས་དབང་གིས། །དམྱལ་བའི་གནས་སུ་སྐྱེ་སྲིད་པས། །མ་གཅིག་ང་ཡི་དབུ་གཙུག་ན། །བཅོམ་ལྡན་མི་བསྐྱོད་སྐུ་མདོག་མཐིང་། །ས་གནོན་མཉམ་བཞག་སྐྱིལ་ཀྲུང་བཞུགས། །ཡུམ་ཆེན་མཱ་མ་ཀི་དང་འཁྲིལ། །ལོངས་སྤྱོད་རྫོགས་སྐུ་མཚན་དཔེ་རྫོགས། །ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱང་། །བཅོམ་ལྡན་དེ་ལ་ཕྱག་འཚལ་ཞིང་། །བཅོམ་ལྡན་དེ་ལ་སྐྱབས་ཞུས་ཤིག །བཅོམ་ལྡན་ཐུགས་རྗེའི་འོད་ཟེར་གྱིས། །ཞེ་སྡང་དམྱལ་བ་སྟོང་པར་སྦྱངས། །ཧཱུྃ་བཛྲ་དྷིཀྲ་ཨ་ཧ་རི་ནི་ས་ཚེ་འདས་ཞེ་སྡང་གི་ལས་སྒྲིབ་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ། ཕཊ་ཕཊ་ཕཊཿ ཚེ་འདས་ཞེ་སྡང་སྒྲིབ་པ་དག །ཚ་གྲང་སྡུག་བསྔལ་རང་སར་ཞི། །བཟོད་པའི་ཕར་ཕྱིན་ཡོངས་སུ་རྫོགས། །རྣམ་ཤེས་ཕུང་པོ་ཆུ་ཁམས་དག །མི་བསྐྱོད་ཡབ་ཡུམ་སྐུ་ཐོབ་གྱུར། །མ་གཅིག་ཐུགས་རྗེའི་ལྕགས་ཀྱུ་ཡིས། །བང་རིམ་གཉིས་པའི་ཐོག་ཏུ་དྲོངས། །ཉི་མ་དེ་རིང་ཕྱིན་ཆད་


CMR052_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །དམྱལ་བའི་སྐྱེ་སྒོ་ཆོད་པར་ཤོག །ཕཊ་ཕཊ་ཕཊཿ བང་རིམ་གཉིས་པར་བཞག་ལ། ཧཱུྃ། མཆོད་རྟེན་བང་རིམ་གཉིས་པ་ལ། །མེ་ཡི་འཁོར་ལོ་རྩིབས་གསུམ་སྟེང་། །ཚེ་འདས་སེར་སྣའི་ངོ་བོ་དེ། །པྲཡིག་གཉིས་རེ་ཡོངས་གྱུར་ལས། །ཡི་དྭགས་གྲོང་ཁྱེར་དཔག་མེད་གསལ། །ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །སེར་སྣ་དྲག་པོའི་ལས་དབང་གིས། །ཡི་དྭགས་གནས་སུ་སྐྱེ་སྲིད་པས། །ཡུམ་ཆེན་སྤྲུལ་པའི་འཁོར་ལོ་ན། །བཅོམ་ལྡན་རིན་འབྱུང་སྐུ་མདོག་སེར། །མཆོད་སྦྱིན་མཉམ་གཞག་སྐྱིལ་ཀྲུང་བཞུགས། །ཡུམ་ཆེན་སངས་རྒྱས་སྤྱན་མ་འཁྲིལ། །ལོངས་སྤྱོད་རྫོགས་པའི་མཚན་དཔེ་རྫོགས། །ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱང་། །བཅོམ་ལྡན་དེ་ལ་ཕྱག་འཚལ་ཞིང་། །བཅོམ་ལྡན་དེ་ལ་སྐྱབས་ཞུས་ཤིག །བཅོམ་ལྡན་ཐུགས་རྗེའི་འོད་ཟེར་གྱིས། །སེར་སྣ་ཡི་དྭགས་སྟོང་པར་སྦྱངས། །སཱ་རཏྣ་དྷིཀྲ་ཨ་ཧ་རི་ནི་ས་ཚེ་འདས་སེར་སྣའི་ལས་སྒྲིབ་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ། ཕཊ་ཕཊ་ཕཊཿ ཚེ་འདས་སེར་སྣའི་སྒྲིབ་པ་དག །བཀྲེས་སྐོམ་སྡུག་བསྔལ་རང་སར་ཞི། །སྦྱིན་པའི་ཕར་ཕྱིན་ཡོངས་སུ་རྫོགས། །


CMR052_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

ཚོར་ཕུང་ས་ཁམས་རྣམ་པར་དག །རིན་འབྱུང་ཡབ་ཡུམ་སྐུ་ཐོབ་ཤོག །མ་གཅིག་ཐུགས་རྗེའི་ལྕགས་ཀྱུ་ཡིས། །བང་རིམ་གསུམ་པའི་སྟེང་དུ་དྲོངས། །ཉི་མ་དེ་རིང་ཕྱིན་ཆད་ནས། །ཡི་དྭགས་སྐྱེ་སྒོ་ཆོད་པར་ཤོག །ཕཊ་ཕཊ་ཕཊཿ བང་རིམ་གསུམ་པར་བཞག་ལ། ཧཱུྃ། མཆོད་རྟེན་བང་རིམ་གསུམ་པ་ལ། ཆུ་ཡི་འཁོར་ལོ་རྩིབས་གསུམ་ལ། །ཚེ་འདས་གཏི་མུག་ངོ་བོ་དེ། །ཏྲི་ཡིག་གཉིས་རེ་ཡོངས་གྱུར་ལ། །དུད་འགྲོའི་རིགས་ནི་དཔག་མེད་གསལ། །ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །གཏི་མུག་དྲག་པོའི་ལས་དབང་གིས། །དུད་འགྲོའི་གནས་སུ་སྐྱེ་སྲིད་པས། །ཡུམ་ཆེན་དཔྲལ་བའི་དབྱིངས་རུམ་ན། །བཅོམ་ལྡན་རྣམ་སྣང་སྐུ་མདོག་དཀར། །བྱང་ཆུབ་ཕྱག་རྒྱ་སྐྱིལ་ཀྲུང་བཞུགས། །ཡུམ་ཆེན་དབྱིངས་ཕྱུག་མ་དང་འཁྲིལ། །ལོངས་སྤྱོད་རྫོགས་པའི་མཚན་དཔེ་རྫོགས། །ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱང་། །བཅོམ་ལྡན་དེ་ལ་ཕྱག་འཚལ་ཞིང་། །བཅོམ་ལྡན་དེ་ལ་སྐྱབས་ཞུས་ཤིག །བཅོམ་ལྡན་ཐུགས་རྗེའི་འོད་ཟེར་གྱིས། །གཏི་མུག་བྱོལ་སོང་སྟོང་པར་སྦྱངས། །ཨོཾ་ཛི་ན་ཛིཀྲ་ཨ་ཧ་རི་ནི་ས་ཚེ་འདས་གཏི་མུག་ལས་སྒྲིབ་ཤུདྡྷེ་ཤུདྡྷེ་བི་


CMR052_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ཤུདྡྷེ་སྭཱ་ཧཱ། ཕཊ་ཕཊ་ཕཊཿ ཚེ་འདས་གཏི་མུག་སྒྲིབ་པ་དག །གླེན་ལྐུགས་སྡུག་བསྔལ་རང་སར་ཞི། །ཤེས་རབ་ཕར་ཕྱིན་ཡོངས་སུ་རྫོགས། །གཟུགས་ཕུང་ནམ་མཁའ་རྣམ་པར་དག །རྣམ་སྣང་ཡབ་ཡུམ་སྐུ་ཐོབ་གྱུར། །མ་གཅིག་ཐུགས་རྗེའི་ལྕགས་ཀྱུ་ཡིས། །བང་རིམ་བཞི་པའི་སྟེང་དུ་དྲོངས། །ཉི་མ་དེ་རིང་ཕྱིན་ཆད་ནས། །དུད་འགྲོའི་སྐྱེ་སྒོ་ཆོད་པར་ཤོག །ཕཊ་ཕཊ་ཕཊཿ བང་རིམ་བཞི་པར་བཞག་ལ། ཧཱུྃ། མཆོད་རྟེན་བང་རིམ་བཞི་པ་ལ། །ས་ཡི་འཁོར་ལོ་རྩིབས་བཞིའི་སྟེང་། །ཚེ་འདས་འདོད་ཆགས་ངོ་བོ་དེ། །ནི་ཡིག་ལྗང་གུ་གཉིས་རེ་ལས། །གླིང་བཞི་མི་ཡི་འཇིག་རྟེན་གསལ། །ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །འདོད་ཆགས་དྲག་པོའི་ལས་དབང་། མི་ཡི་གནས་སུ་སྐྱེ་སྲིད་པས། །མ་གཅིག་ལོངས་སྤྱོད་འཁོར་ལོ་ན། །བཅོམ་ལྡན་སྣང་བ་མཐའ་ཡས་དམར། །མཉམ་གཞག་ཕྱག་རྒྱ་སྐྱིལ་ཀྲུང་བཞུགས། །ཡུམ་ཆེན་ན་བཟའ་དཀར་མོ་འཁྲིལ། །ལོངས་སྤྱོད་རྫོགས་པའི་མཚན་དཔེ་རྫོགས། །ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱང་། །བཅོམ་ལྡན་དེ་ལ་ཕྱག་འཚལ་ཞིང་། །བཅོམ་ལྡན་དེ་ལ་


CMR052_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་ཞུས་ཤིག །བཅོམ་ལྡན་ཐུགས་རྗེའི་འོད་ཟེར་གྱིས། །འདོད་ཆགས་གླིང་བཞི་སྟོང་པར་སྦྱངས། །ཨཾ་ཨཱ་རོ་ལིཀྲ་ཨ་ཧ་རི་ནི་ས་ཚེ་འདས་འདོད་ཆགས་ཀྱི་ལས་སྒྲིབ་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ། ཕཊ་ཕཊ་ཕཊཿ དེ་ནས་གསུར་བྱ། ཕྱེ་མར་ཇ་ཆང་ཟས་སྣ་རྣམས་བྲན་ལ། ཕཊཿ སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་ཟས་གོས་བཟའ་བཏུང་ཕུན་སུམ་ཚོགས་པར་གྱུར། ན་མསརྦ་ཏ་ཐཱ་ག་ཏ་བྷོ་བི་ཤྭ་མུ་ཁེ་བྷ་སརྦ་ཐཱ་ཁཾ་ཨུཏྤ་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཀྱེ་མ་ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །སྔོན་ཚེ་རྒྱལ་སྲས་དྲི་མེད་གྲགས་པ་དེ། །གདན་མེད་ཐང་ལ་འཁྱམས་ཚེ་ལྷ་རྣམས་ཀྱིས། །རྫུ་འཕྲུལ་སེང་གེའི་ཁྲི་གདན་བཏིང་བ་ལྟར། །ལས་ཀྱི་འབྲེལ་བའི་ཉེ་དུ་བརྩེ་བ་ཡིས། །སྣམ་རས་ཕྱིང་དཀར་གཙང་མའི་གདན་བཟང་འདི། །ཚེ་འདས་ཁྱོད་ལ་གདན་གྱི་སྐལ་བར་བསྔོ། །ཚ་གྲང་སྡུག་བསྔལ་ཐམས་ཅད་རབ་ཞི་ནས། །བདེ་ལྡན་བྱང་ཆུབ་འབྲས་བུ་ཐོབ་པར་ཤོག །སྔོན་ཚེ་རྒྱལ་བུ་བདེ་ལྡན་མུན་པར་འཁྱམས། །སྤྱན་རས་གཟིགས་ཀྱི་ཡེ་ཤེས་སྒྲོན་མེ་ཡིས། །མ་རིག་མུན་པ་བསལ་བ་དེ་བཞིན་དུ། །ལས་ཀྱིས་འབྲེལ་བའི་ཉེ་དུ་


CMR052_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེ་བ་ཡིས། །ཡེ་ཤེས་གསལ་བའི་སྒྲོན་མེ་འདི་བལྟམས་ནས། །ཚེ་འདས་ཁྱོད་ཀྱི་མུན་པ་སེལ་ཕྱིར་བསྔོ། །མ་རིག་མུན་པ་གཏན་ནས་སངས་གྱུར་ཏེ། །ཡེ་ཤེས་གསལ་བའི་འོད་ལ་བདེ་བར་ཤོག །སྔོན་ཚེ་མོའུ་འགའ་བུ་ཡིས་ཡུམ་ལ་ཟས། །བསྔོས་པས་ངན་སོང་གནས་ནས་ཐར་བ་ལྟར། །བརྩེ་ཞིང་བྱམས་པའི་ཉེ་འབྲེལ་འདི་དག་ཚུ་གིས། །ཞལ་ཟས་བཟའ་བཅའ་ཞིམ་མངར་སྣ་ཚོགས་འདི། །ཚེ་འདས་ཁྱོད་ལ་ཟས་ཀྱི་སྐལ་པར་བསྔོ། །ཟག་མེད་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །སྔོན་ཚེ་རྒྱལ་བུ་དགེ་མཐོང་ཚེ་ལས་འདས། །སྲིང་མོ་ལྷ་མོ་བདེ་ལྡན་ཞེས་བྱ་བས། །འབྲས་ཆང་དྭངས་པ་བདུད་རྩི་མངར་དང་ལྡན། །བསྔོས་པས་ཚ་གྲང་སྡུག་བསྔལ་ཞི་བ་ལྟར། །བརྩེ་གདུང་ཡིད་ལ་ཆགས་པའི་གཉེན་འདུན་གྱིས། །ཇ་ཆང་འོ་ཞོ་བཏུང་བ་སྣ་ཚོགས་ཀྱིས། །ཚེ་འདས་ཁྱོད་ལ་སྐོམ་གྱི་སྐལ་བར་བསྔོ། །ཚེ་འདས་སྐོམ་གྱི་སྡུག་བསྔལ་ཞི་གྱུར་ཅིག །བླ་མེད་བྱང་ཆུབ་བརླན་དང་འཕྲད་པར་ཤོག །སྔོན་ཚེ་བྲམ་ཟེའི་བུ་མོ་འཕགས་པའི་ཡུམ། །སེར་སྣའི་དབང་གིས་ཡི་དྭགས་ཡུལ་དུ་འཁྱམས། །བུ་མཆོག་སྤྱན་རས་གཟིགས་ཀྱི་


CMR052_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཡིས། །བྱིན་གྱིས་བརླབས་པའི་ན་བཟའ་བྱིན་པ་ལྟར། །བརྩེ་གདུང་ཡིད་ལ་ཆགས་པའི་གཉེན་བཤེས་ཀྱིས། །ཚ་བའི་བསིལ་གཡབ་གྲང་བའི་སྐྱབས་གྱུར་པའི། །ཞྭ་གོས་སྣམ་ཕྱིང་བལ་དང་དར་རས་སོགས། །ཚེ་འདས་ཁྱོད་ལ་གོས་ཀྱི་སྐལ་བོར་བསྔོ། །ནམ་ཡང་ཚ་གྲང་སྡུག་བསྔལ་མི་འབྱུང་ཞིང་། །ཡུན་དུ་བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །བདེ་གཤེགས་རིན་ཆེན་མང་དུ་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཁྱེད་རྣམས་བདེན་པའི་མཐུས། །ཚེ་འདས་འདོད་ཡོན་ལོངས་སྤྱོད་ཀུན་ཐོབ་ནས། །སྐྱེ་བ་གཏན་གྱི་ལོངས་སྤྱོད་འབྱུང་བར་ཤོག །ན་མསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏི་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཞེས་བསྔོས་པའི་ཟས་གོས་སྤྲང་པོ་དང་བྱ་ཁྱི་སོགས་ཉམ་ཐག་ལ་སྦྱིན་པ་བཏང་ངོ་། །ཧཱུྃ། ཚེ་འདས་འདོད་ཆགས་སྒྲིབ་པ་དག །བྲེལ་ཕོངས་སྡུག་བསྔལ་རང་སར་ཞི། །ཚུལ་ཁྲིམས་ཕར་ཕྱིན་ཡོངས་སུ་རྫོགས། །འདུ་ཤེས་མེ་ཁམས་རྣམ་པར་དག །སྣང་མཐའ་ཡབ་ཡུམ་སྐུ་ཐོབ་གྱུར། །མ་གཅིག་ཐུགས་རྗེའི་ལྕགས་ཀྱུ་ཡིས། །མཆོད་རྟེན་བུམ་པའི་ནང་དུ་དྲོངས། །ཉི་མ་དེ་


CMR052_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

རིང་ཕྱིན་ཆད་ནས། །བྲེལ་ཕོངས་སྐྱེ་སྒོ་ཆོད་པར་ཤོག །ཕཊ་ཕཊ་ཕཊཿ བུམ་པའི་སྟེང་སྨད་དུ་བཞག །ཧཱུྃ། བུམ་མཐིལ་གསེར་འཁོར་རྩིབས་བརྒྱད་ལ། །ཚེ་འདས་ཕྲག་དོག་ངོ་བོ་དེ། །སཿཡིག་གཉིས་རེ་ཡོངས་གྱུར་ལས། །ལྷ་མིན་འཐབ་རྩོད་གྲོང་ཁྱེར་གསལ། །ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །ཕྲག་དོག་དྲག་པོའི་ལས་དབང་གིས། །ལྷ་མིན་གནས་སུ་སྐྱེ་སྲིད་པས། །ཡུམ་ཆེན་བདེ་སྤྱོད་འཁོར་ལོ་ནས། །བཅོམ་ལྡན་དོན་ཡོད་གྲུབ་པ་ལྗང་། །མཆོག་སྦྱིན་མཉམ་བཞག་སྐྱིལ་ཀྲུང་བཞུགས། །ཡུམ་ཆེན་དམ་ཚིག་སྒྲོལ་མ་འཁྲིལ། །ལོངས་སྤྱོད་རྫོགས་པའི་མཚན་དཔེ་རྫོགས། །ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱང་། །བཅོམ་ལྡན་དེ་ལ་ཕྱག་འཚལ་ཞིང་། །བཅོམ་ལྡན་དེ་ལ་སྐྱབས་ཞུས་ཤིག །བཅོམ་ལྡན་ཐུགས་རྗེའི་འོད་ཟེར་གྱིས། །ཕྲག་དོག་ལྷ་མིན་སྟོང་པར་སྦྱངས། །ཧ་པྲཛྙཱ་དྷཱིཀྲ་ཨ་ཧ་རི་ནི་ས་ཚེ་འདས་ཕྲག་དོག་གི་ལས་སྒྲིབ་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ། ཕཊ་ཕཊ་ཕཊཿ ཚེ་འདས་ཕྲག་དོག་སྒྲིབ་པ་དག །འཐབ་རྩོད་སྡུག་བསྔལ་རང་སར་ཞི། །བསམ་གཏན་ཕར་ཕྱིན་ཡོངས་སུ་རྫོགས། །འདུ་བྱེད་རླུང་ཁམས་རྣམ་པར་


CMR052_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

དག །དོན་གྲུབ་ཡབ་ཡུམ་སྐུ་ཐོབ་གྱུར། །མ་གཅིག་ཐུགས་རྗེའི་ལྕགས་ཀྱུ་ཡིས། །མཆོད་རྟེན་དབུ་རྩེའི་གནས་སུ་དྲོངས། །ཉི་མ་དེ་རིང་ཕྱིན་ཆད་ནས། །ལྷ་མིན་སྐྱེ་སྒོ་ཆོད་པར་ཤོག །ཕཊ་ཕཊ་ཕཊཿ དབུ་རྩེའི་སྟེང་དུ་བྱང་བུ་བཞག་ལ། ཧཱུྃ། གསེར་གྱི་མཆོད་རྟེན་དབུ་རྩེ་ན། །འཁོར་ལོ་སྔོ་སྐྱ་རྩིབས་བརྒྱད་སྟེང་། །ཚེ་འདས་ང་རྒྱལ་ངོ་བོ་དེ། །ཨ་ཡིག་དཀར་པོ་ཡོངས་གྱུར་ལས། །ལྷ་ཁམས་གནས་རིས་ཐམས་ཅད་གསལ། །ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །ང་རྒྱལ་དྲག་པོའི་ལས་དབང་གིས། །ལྷ་ཡི་གནས་སུ་སྐྱེ་སྲིད་པས། །ཡུམ་ཆེན་ཆོས་ཀྱི་འཁོར་ལོ་ན། །བཅོམ་ལྡན་རྡོར་སེམས་ཤེལ་གྱི་མདོག །རྡོ་རྗེ་དྲིལ་འཛིན་སེམས་དཔའི་སྐྱིལ། །ཡུམ་ཆེན་རྡོ་རྗེ་སྙེམས་མ་འཁྲིལ། །ལོངས་སྤྱོད་རྫོགས་པའི་མཚན་དཔེ་རྫོགས། །ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱང་། །བཅོམ་ལྡན་དེ་ལ་ཕྱག་འཚལ་ཞིང་། །བཅོམ་ལྡན་དེ་ལ་སྐྱབས་ཞུས་ཤིག །བཅོམ་ལྡན་ཐུགས་རྗེའི་འོད་ཟེར་གྱིས། །ང་རྒྱལ་ལྷ་ཁམས་སྟོང་པར་སྦྱངས། །ཨོཾ་བཛྲ་སཏྭ་ཧཱུྃ་ཨ་ཧ་རི་ནི་ས་ཚེ་འདས་ང་རྒྱལ་གྱི་ལས་སྒྲིབ་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ། ཕཊ་ཕཊ་


CMR052_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊཿ ཚེ་འདས་ང་རྒྱལ་སྒྲིབ་པ་དག །འཕོ་ལྟུང་སྡུག་བསྔལ་རང་སར་ཞི། །བརྩོན་འགྲུས་ཕར་ཕྱིན་ཡོངས་སུ་རྫོགས། །ཡིད་དང་ཆོས་ཁམས་རྣམ་པར་དག །རྡོར་སེམས་ཡབ་ཡུམ་སྐུ་ཐོབ་ཤོག །མ་གཅིག་ཐུགས་རྗེའི་ལྕགས་ཀྱུ་ཡིས། །མཆོད་རྟེན་དབུ་རྩེའི་སྟེང་དུ་དྲོངས། །ཉི་མ་དེ་རིང་ཕྱིན་ཆད་ནས། །ལྷ་ཡི་སྐྱེ་སྒོ་ཆོད་པར་ཤོག །ཕཊ་ཕཊ་ཕཊཿ དེ་ནས་བར་དོ་ངོ་སྤྲོད་འཁོར་བ་དང་འབྲེལ་ཐག་བཅད་ནས་ལམ་སྟོན་པ་ནི། ཕཊཿ ཚེ་ལས་འདས་པའི་སྟེང་གི་ནམ་མཁའི་ཐད་ན་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་མ་གཅིག་ལབ་ཀྱི་སྒྲོན་མ་སྐུ་ཆུང་ལ་ཡན་ལག་དོད་པ། ཟླ་བའི་གདན་ལ་སྐུ་གར་སྟབས་ལིང་ལིང་། ཕྱག་ཌཱ་དྲིལ་སིལ་སིལ། གསུང་སྙན་པའི་དབྱངས་ཀྱིས་རིགས་ཀྱི་བུ་ཡར་ཤོག །དག་པ་མཁའ་སྤྱོད་ཀྱི་ཞིང་དུ་འགྲོ་དགའོ་སྐྱིད་དོ་གསུངས་པར་གྱུར། ཀྱེ་མ་ཚེ་འདས་རིགས་ཀྱི་བུ། །ཁྱོད་ནི་ཚེ་ལས་འདས་པ་ཡིན། །འཇིག་རྟེན་འདི་ནས་ཕ་རོལ་སོང་། །སྣང་མུན་བར་དོའི་མཚམས་ན་ཡོད། །བསམ་པ་ཙམ་གྱིས་སྟོང་གསུམ་འཁོར། །ཐོགས་མེད་རྫུ་འཕྲུལ་སྟོབས་དང་ལྡན། །ཉི་ཟླའི་གྲིབ་


CMR052_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

མར་རྐང་རྗེས་མེད། །གནས་ལ་ངེས་མེད་ཀུན་ཏུ་འཁྱམས། །གྲོགས་ནི་ཤི་གསོན་ཅིར་ཡང་འགྲོགས། །ཟས་ནི་བསྔོས་པ་ཙམ་གྱིས་ཚིམ། །ཆུ་བྲག་རྩིགས་པར་ཐོགས་པ་མེད། །བར་དོ་ཡིན་ནོ་རིགས་ཀྱི་བུ། །ཁྱོད་ཉིད་གཅིག་པུ་ཤི་བ་མིན། །ཐམས་ཅད་འཆི་བའི་ཆོས་ཅན་ཡིན། །མ་སྡུག་མ་བསྔངས་རིགས་ཀྱི་བུ། །སྒྲ་འོད་ཟེར་དང་རྒྱོབ་སོད་སྒྲ། །ཐམས་ཅད་རང་སྣང་འཁྲུལ་པ་ཡིན། །ལོག་ནས་བྱུང་བ་གཅིག་ཀྱང་མེད། །མ་འཇིགས་མ་སྐག་རིགས་ཀྱི་བུ། །ཁྲག་འཐུང་ཁྲོ་བོ་མགོ་བརྙན་ཚོགས། །འུར་སྒྲ་ཆོམ་སྒྲ་མཚོན་ཆའི་ཆར། །ཐམས་ཅད་ཡི་དམ་སུན་མ་ཡིན། །མ་བསྔངས་མ་བྲོས་རིགས་ཀྱི་བུ། །འཁོར་བའི་གནས་ན་བདེ་བ་མེད། །ཡུལ་དང་ཞིང་ཁང་ནོར་རྫས་དང་། །གཉེན་དང་ཉེ་དུ་རང་ལུས་རྣམས། །སྒྱུ་མ་རྨི་ལམ་ཇི་བཞིན་དུ། །མི་རྟག་འབྲལ་བའི་ཆོས་ཅན་ཡིན། །རྟག་པར་གནས་པ་གཅིག་ཀྱང་མེད། །མ་ཆགས་མ་ཞེན་རིགས་ཀྱི་བུ། །ཁྱོད་ལ་ཤ་ཁྲག་ལུས་པོ་མེད། །ཡིད་ལུས་མིང་གཞི་ཙམ་ལ་བརྟེན། །བར་དོའི་རྣམ་པར་ཤེས་པ་དེ། །འོད་ཀྱི་ཐིག་ལེ་ལྕོང་སྒོང་ཙམ། །ཡི་གེ་ཨ་ཡིས་མཚན་པར་


CMR052_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ། །མ་གཅིག་ལབ་སྒྲོན་ཐུགས་ཀ་རུ། །ཐེ་ཚོམ་མེད་པར་རྒྱངས་སེ་ཕོངས། །དབྱེ་བ་མེད་པ་ཁྲུགས་སེ་བསྲེས། །མ་གཅིག་རྩལ་ཆེན་མདའ་འཕངས་བཞིན། །བདེ་བ་ཅན་གྱི་ཞིང་དུ་གཤེགས། །མེ་ཏོག་པདྨའི་སྦུབས་སུ་ཐིམ། །པདྨ་རྒྱས་པའི་ཟེའུ་འབྲུ་ལ། །རྫུས་སྐྱེས་སྤྲུལ་སྐུ་ཐོབ་པར་ཤོག །ཕཊ་ཕཊ་ཕཊཿ ཅེས་རྣམ་ཤེས་སྤར་རོ། །དེ་ནས་རང་སེམས་ཁྲོས་མ་དང་ལུས་གསེར་གྱི་མཆོད་རྟེན་གཉིས་ཀ་མི་དམིགས་པར་གྱུར། ཕཊ་ཕཊ་ཕཊཿ ཅེས་གཞི་བསྡུའོ། །འདི་ནི་ཉིན་རེ་ཚར་རེ་ཐོན་ན་བསོད་ནམས་ཆེ་སྟེ། དོན་ལ་གཅོད་ལུགས་ཀྱི་ཚེ་འདས་གནས་འདྲེན་ཡང་ཡིན། ཟ་འདྲེ་བཀུག་པས་ཚེ་འདས་ཀྱང་མཉམ་དུ་འོང་བས། ཟ་འདྲེ་དང་ཁ་ཕྲལ་ནས་ལམ་བསྟན་པ་འདི་གལ་ཆེའོ། །དེ་ལྟར་གཅོད་ཚོགས་ལུས་སྦྱིན་ལ་གཞུང་བཟུང་། །འདུལ་གཞུང་འདི་ལ་ཉིན་རེ་ཚར་རེ་ཐོན་པར་བྱེད། དུས་དྲུག་ཏུ་དམིགས་པ་བཟུང་བས། གཅན་གཟན་འཕར་སྤྱང་དོམ་སྤྲེལ་དྲེད་གླ་བ་སྲེག་པ་དུར་བྱ་སོགས་གདོན་རིགས་རྣམས་བསད་པ་མནན་པ་བཅིངས་པ་རང་རྒྱལ་ཁ་ཐོབ་པ་དངོས་གྲུབ་སྟེར་བར་ཁས་ལེན་བྱེད་པ་སོགས་ཚར་ཚད་བྱུང་ན། རྒྱས་པར་ན་མེ་མཆོད་རྒྱས་པར་བྱའོ། །བསྡུ་ན་ས་སྟེགས་སམ། གཡམ་པ་ལ་རྡུལ་ཚོན་ནམ། བཙག་གམ་སོལ་བས་གྲུ་གསུམ་རཾ་ཡིག་མཚན་པར་བྲི། དེའི་སྟེང་དུ་ཚེར་མ་གྲུ་


CMR052_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དུ་བརྩེགས་ལ་མེ་སྦར། ཕཊ་ཕཊ་ཕཊཿ གྲུ་གསུམ་དམར་ནག་མེ་དཔུང་གི་དབུས་སུ་མ་ཡུམ་ཆེན་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྐུ་མདོག་དམར་ནག་མེའི་རང་བཞིན་གྲི་གུག་ཐོད་ཁྲག་ཁཊྭཱཾ་བསྣམས་ནས་གར་ཐབས་སུ་བཞུགས་པ། འཁོར་རིགས་བཞིའི་མཁའ་འགྲོ་ཡང་གཙོ་མོ་ལྟ་བུ། ཐམས་ཅད་ཀྱི་སྤྱི་གཙུག་ནས་ཕག་རྒོད་ཀྱི་ཞལ་ནས་ངུར་སྒྲ་སྒྲོག་པ། སྤྱན་གསུམ་ཉི་ཟླ་ཙམ་བསྒྲད་ཅིང་ཞལ་གནམ་ས་ཙམ་གདངས་པའི་ནང་ནས་བསྐལ་པའི་མེ་དཔུང་འབར་བ་ཡེ་ཤེས་པ་དང་དམ་ཚིག་པ་དབྱེར་མེད་པར་གྱུར། ཕཊཿ དེའི་སྟེང་གི་ནམ་མཁར་རང་ཉིད་ཁྲོས་མ་ནག་མོ་གཟི་བརྗིད་དང་ལྡན་པའི་ཐུགས་ཀ་ནས་ལས་བྱེད་ཀྱི་མཁའ་འགྲོ་མ་དཔག་ཏུ་མེད་པ་འཕྲོས་ནས་ཟ་འདྲེ་ཤི་གཤེད་ཐམས་ཅད་རང་དབང་མེད་པར་བཀུག་ནས། ཡེ་ཤེས་མཁའ་འགྲོའི་ཞལ་མེ་དཔུང་གི་ནང་དུ་མེ་ལྕེ་ཁའི་སྦྲང་མ་བཞིན་དུ་སོང་བར་གྱུར། ཕཊ་ཕཊ་ཕཊཿ ཧཱུྃ། དུས་གསུམ་སངས་རྒྱས་བསྐྱེད་པའི་ཡུམ། །དམག་ནག་མེ་དཔུང་ཀློང་ན་འགྱིང་། །སྤྱན་བགྲད་ཞལ་གདངས་མཆེ་བ་གཙིགསས། །གྲི་གུག་ཐོད་ཁྲག་ཁཊྭཱཾ་བསྣམས། །གར་ཐབས་དུར་ཁྲོད་ཆས་ཀྱིས་བརྒྱན། །རང་འདྲ་


CMR052_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་བཞི་མཁའ་འགྲོས་བསྐོར། །ཕག་ཞལ་ངུར་སྒྲས་ཁམས་གསུམ་གཡོ། །ཞལ་ནས་བསྐལ་པའི་མེ་ཆེན་འབར། །གནོད་བྱེད་ཟ་འདྲེ་ཤི་གཤེད་རྣམས། །ཞལ་དུ་བསྟབ་བོ་ཛྭ་ལ་རཾ། །སྟོང་པ་ཉིད་ཀྱི་ངང་དུ་བསྲེགས། །གཏི་མུག་ལས་གྱུར་གདོན་དང་བགེགས། །སངས་རྒྱས་མཁའ་འགྲོའི་ཞལ་དུ་བསྟབ། །ཞལ་དུ་བསྟབ་བོ་ཛྭ་ལ་རོ། །ཆོས་དབྱིངས་ཡེ་ཤེས་ངང་དུ་བསྲེགས། །ཞེ་སྡང་ལས་གྱུར་གདོན་དང་བགེགས། །རྡོ་རྗེ་མཁའ་འགྲོའི་ཞལ་དུ་བསྟབ། །ཞལ་དུ་བསྟབ་བོ་ཛྭ་ལ་རྃ། །མེ་ལོང་ཡེ་ཤེས་ངང་དུ་བསྲེགས། །ང་རྒྱལ་ལས་གྱུར་གདོན་དང་བགེགས། །རིན་ཆེན་མཁའ་འགྲོའི་ཞལ་དུ་བསྟབ། །ཞལ་དུ་བསྟབ་བོ་ཛྭ་ལ་རཾ། །མཉམ་ཉིད་ཡེ་ཤེས་ངང་དུ་བསྲེགས། །འདོད་ཆགས་ལས་གྱུར་གདོན་དང་བགེགས། །པདྨ་མཁའ་འགྲོའི་ཞལ་དུ་བསྟབ། །ཞལ་དུ་བསྟབ་བོ་ཛྭ་ལ་རཾ། །སོར་རྟོག་ཡེ་ཤེས་ངང་དུ་བསྲེགས། །ཕྲག་དོག་ལས་གྱུར་གདོན་དང་བགེགས། །ལས་ཀྱི་མཁའ་འགྲོའི་ཞལ་དུ་བསྟབ། །ཞལ་དུ་བསྟབ་བོ་ཛྭ་ལ་རཾ། །བྱ་གྲུབ་ཡེ་ཤེས་ངང་དུ་བསྲེགས། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲོངས།


CMR052_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ་ཕཊ་ཕཊཿ ཅེས་བརྗོད་ཧོམ་ཁུང་ནང་གི་ཤིང་བྱང་དང་ཟན་ལིང་རྩང་ཐུར་དང་བཅས་པ་ཐམས་ཅད་བསྲེག་ཅིང་སྔགས་རེ་དང་སྤྲད་ལ་འཕེན། ཐཾ་ཧ་རི་ནི་ས་ཛྭ་ལ་རཾ་གནོད་བྱེད་ཟ་འདྲེ་ཤི་གཤེད་སརྦ་ཤ་ཏྲོ་མཱ་ར་ཡ་རྦད་ནན། ཞེས་བསྲེག་ཅིང་མནན་པ་མི་བྱེད་ན་ཤོག་ལིང་ཡང་བསྲེག་གོ །མནན་པ་བྱེད་ན་ཤོག་ལིང་ཡང་བཞག་དགོས་སོ། །ཚེ་འདས་མིང་བྱང་ཡང་མེ་ནང་དུ་འཕང་ལ། ཧཱུྃ། མ་ཡུམ་ཆེན་མཁའ་འགྲོ་སྡེ་ལྔ་ལས། །ཡེ་ཤེས་ལྔ་ཡི་མེ་འབར་བས། །སྣང་ཞིང་སྲིད་པའི་འཇིག་རྟེན་གྱི། །མ་དག་འཁྲུལ་པ་ཐམས་ཅད་བསྲེག །སྣོད་བཅུད་ཐམས་ཅད་འོད་དུ་ཞུ། །ཡུམ་ཆེན་ལྔ་ཡི་སྐུ་ལ་ཐིམ། །སྐུ་ལྔ་འོད་ཞུ་པཾ་ཡིག་དམར། །པཾ་ཡིག་བདག་ཉིད་ཁྲོས་མར་ཐིམ། །ཁྲོས་མ་འོད་ཞུ་ནམ་མཁར་ཡལ། །ནམ་མཁས་གར་ཁྱབ་སེམས་ཀྱིས་ཁྱབ། །སེམས་ཀྱིས་གར་ཁྱབ་ཆོས་སྐུས་ཁྱབ། །ཆོས་སྐུ་ཡུམ་ཆེན་ཕ་རོལ་ཕྱིན། །འཁོར་འདས་ཀུན་ཁྱབ་བདེ་ཆེན་ངང་། །འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག །ཕཊ་ཕཊ་ཕཊ། ཅེས་དམིགས་མེད་དུ་བཞག །མནན་པ་མི་བྱེད་ན་ཐལ་སོལ་དེ་མ་ཎི་བརྒྱ་མཁར་འོག་གམ་ལམ་རྒྱ་གྲམ་དུ་བླུག་པས་མནན་པར་འགྲོ་ལ། མནན་པ་བྱེད་པའི་བཅའ་ཏི་བྱེད་དམ། བསྡུ་ན་ཤོག་ལིང་དེ་སྐུད་པ་སྔོ་དམར་གྱིས་རྒྱ་གྲམ་དུ་བཅིངས་ལ། ཁྱི་


CMR052_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་དམ་གཅན་ཐོད་དམ་མཛོ་རུ་སོགས་རང་གི་ནོར་མ་ཡིན་པའི་རྭ་ཅོའམ་གོད་བྱུང་བའི་རྭ་བོར་བཅུག་ལ། རི་སྣའམ་བྲག་སྣའམ་ལྷ་འདྲེ་གཉན་པོ་གནས་པའི་འོག་ཏུ་མནན་ཏེ། ཤོག་ལིང་མེད་ན་ཤིང་བྱང་རྣམས་རེ་བས་དྲིལ་ཚོན་སྐུད་ཀྱིས་བཅིངས་ལ་མནན་ཆོག། །ཟན་ལིང་རྣམས་བསྲེག་གོ །གྲི་གུག་གམ་ཟོར་བས་རྒྱ་གྲམ་ས་ལ་བྲིས་དོང་བརྐོ་བཅུག་ལ་དེ་ནས་བྲུབ་ཁུང་དེར་དངོས་སུ་བཞག་ན་ལེགས། ཕཊཿ རང་ཉིད་ཁྲོས་མར་གསལ་བས་གྲི་གུག་བརྒྱབས་པས་ས་གས་ནས་རྒྱུ་མཚོ་སྔོ་ཧ་རེ་བྱུང་བའི་ནང་དུ་གནམ་ལྕགས་ཀྱི་ཁང་སྒྲོམ་འབར་བའི་ནང་དུ་གནོད་བྱེད་ཟ་འདྲེ་ཤི་གཤེད་ཐམས་ཅད་ཚུད་པར་གྱུར། བདེན་བརྡར་འགུགས་གཞུག་ལན་གསུམ་བྱེད། ས་རིམ་པ་དགུས་གཡོགས་ནས་སྡིགས་མཛུབ་ཀྱིས་འཁོར་ལོ་རྩིབས་བརྒྱད་བྲིས་ལ། ཕཊཿ གནམ་ལྕགས་ཀྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་གཉིས་སྟེང་འོག་གཉིས་སུ་རྒྱུན་ཆད་མེད་པར་འཁོར་བས་གནོད་བྱེད་བསྐལ་པའི་བར་དུ་མི་ཐར་བར་གྱུར། དེ་ནས་ལྷ་འདྲེ་ཐམས་ཅད་ལ་འབོད་པར་བྱས་ནས། ལོ་ཡུལ་འདིར་གནས་པའི་ལྷ་འདྲེ་ཁྱེད་རྣམས་ལ་གནོད་བྱེད་ཟ་འདྲེ་ཤི་གཤེད་འདི་གཏད་པ་ཡིན་པས་མ་ཤོར་ཅིག །ཁྱེད་རྣམས་ལ་མཐུ་དང་ནུས་པ་ཅི་གདའ་བལྟའོ། །གལ་ཏེ་ཟ་འདྲེ་ཤི་སྲི་འདི་ཤོར་བྱུང་ན། ངས་ནམ་མཁའ་འདི་གདན་དུ་བཏིང་། ས་གཞི་འདི་གདུགས་ལྟར་ཕུབ། རི་ཆེན་ཟབ་ཏུ་བསྒྲིལ། རི་


CMR052_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་ཚོགས་པོར་འཕེན། ས་འདི་ན་མཛེ་ཤའི་ཐང་མ་བརྡལ། མཛེ་ཁྲག་གི་རྒྱ་མཚོར་བསྐྱིལ། དཀར་ཐབ་དམར་ཐབ་ཁྲག་ཐབ་བརྫོགས། ཁྱེད་སྣང་སྲིད་ལྷ་འདྲེ་རྩ་བ་ནས་སྐམ། ད་ལས་དེ་ལ་མ་ཐུག་པར་ཟ་འདྲེ་ཤི་སྲི་འདི་མ་བཏང་བར་ཟུངས་ཤིག །ཆིངས་ཤིག །སྡོམས་ཤིག །ནོན་ཅིག །ཕཊ་ཕཊ་ཕཊཿ དེ་ནས་རྐང་པས་ས་ལ་བཅག་ཅིང་བྲོ་མནན་རྒྱས་པའམ། བསྡུ་ན། ཧཱུྃ། དབུས་ཕྱོགས་སངས་རྒྱས་མཁའ་འགྲོས་བྲོ་བརྡུངས་པས། །གདོན་གཏི་མུག་མགོ་ལ་ཆེམས་སེ་ཆེམ། །སྐུ་འཁོར་ལོའི་གོམ་སྟབས་ཤིགས་སེ་ཤིག །གདོན་གཏི་མུག་ཆོས་ཀྱི་དབྱིངས་སུ་ནོན། །ཤར་རྡོ་རྗེ་མཁའ་འགྲོས་བྲོ་བརྡུངས་བས། །གདོན་ཞེ་སྡང་མགོ་ལ་ཆེམས་སེ་ཆེམ། །སྐུ་རྡོ་རྗེའི་གོམ་སྟབས་ཤིགས་སེ་ཤིག །གདོན་ཞེ་སྡང་མེ་ལོང་ངང་དུ་ནོན། །ལྷོ་རིན་ཆེན་མཁའ་འགྲོས་བྲོ་བརྡུངས་བས། །གདོན་ང་རྒྱལ་མགོ་ལ་ཆེམས་སེ་ཆེམ། །སྐུ་རིན་ཆེན་གོམ་སྟབས་ཤིགས་སེ་ཤིག །གདོན་ང་རྒྱལ་མཉམ་ཉིད་ངང་དུ་ནོན། །ནུབ་པདྨ་མཁའ་འགྲོས་བྲོ་བརྡུངས་བས། །གདོན་འདོད་ཆགས་མགོ་ལ་ཆེམས་སེ་ཆེམ། །སྐུ་པདྨའི་གོམ་སྟབས་ཤིགས་སེ་


CMR052_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག །གདོན་འདོད་ཆགས་སོར་རྟོག་ངང་དུ་ནོན། །བྱང་ལས་ཀྱི་མཁའ་འགྲོས་བྲོ་བརྡུངས་བས། །གདོན་ཕྲག་དོག་མགོ་ལ་ཆེམས་སེ་ཆེམ། །སྐུ་རྒྱ་གྲམ་གར་སྟབས་ཤིགས་སེ་ཤིག །གདོན་ཕྲག་དོག་བྱ་གྲུབ་ངང་དུ་ནོན། །ༀ་ལཾ། ཨཱཿལཾ། ཧཱུྃ་ལཾ། སཱ་ལཾ། ཧཱ་ལཾ། གནོད་བྱེད་སྟེ་བྷ་ཡ་ནན། ཕཊ་ཕཊ་ཕཊཿ དེ་ནས་སྟེང་དུ་རྡོ་བ་ཅུང་ཟད་བརྩེགས་ཏེ་ཆེར་མ་ཡང་བཙུགས། མ་བྱས་ཀྱང་རུང་། ཕཊཿ ལྕགས་ཁང་གི་སྟེང་དུ་གནམ་ལྕགས་ཀྱི་མཆོད་རྟེན་བང་རིམ་དགུ་པ་མུན་པའི་ན་བུན་འཐིབས་པ། ཆེ་ལ་བརྗིད་པ། སྲ་ལ་བརྟན་པ། གཡོ་འགུལ་མེད་པ་གཅིག་གིས་མནན་པར་གྱུར། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཕཊ་ཕཊ་ཕཊཿ ཅེས་མནན་ལ་ཕྱི་མིག་མི་བལྟ་བར་འོང་ངོ་། །དེ་ཡང་ཚར་ཚད་ཁས་ལེན་དམ་བཅའ་བྱུང་ན་མནན་པ་མི་དགོས་སོ། །ཐུབ་རྟགས་མི་གསལ་ན་མནན་པ་གལ་ཆེའོ། །དེ་ནས་ཡོན་བདག་གི་ཁྱིམ་དུ་འོང་རྒྱུ་ཡིན་ན་སླར་ཡང་གཏང་རག་གཅོད་ཚོགས་ཚར་གཅིག་བྱེད། ཁྱིམ་དུ་འོང་རྒྱུ་མིན་ན་མི་དགོས་སོ། །རང་ཁྱིམ་དུ་འོང་རྒྱུ་ཡིན་ན་ས་མཚམས་གཉན་ས་ཞིག་ཏུ་ཁལ་ཕོག་ལ་ཡུད་ཙམ་བསྡད། རང་ཁྲོས་མར་བསྒོམས་ལ་དབང་སྡུད་བྱེད། དཀར་འགྱེད་དམར་འགྱེད་དམིགས་པ་ཡུད་ཙམ་བྱས་ནས། འཽ། ས་ཆ་འདི་ན་


CMR052_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་ལྷ་འདྲེ་ཁྱེད་རྣམས་ཀྱིས་ང་ཡི་རྗེས་སུ་འབྲང་བའི་སྒབ་འདྲེ་སྒབ་སྲི་ཟ་འདྲེ་ལྟོགས་འགོང་དབུལ་སྲི་འབྱུང་པོ་རྗེས་ཁྱི་འདི་རྣམས་མ་བཏང་བར་ཟུངས་ཤིག །ཁྱེད་ལ་མཐུ་ནུས་ཅི་འདུག་ལྟའོ། །ཞེས་བརྗོད། དེ་ནས་ཚུར་ཟད་དུ་ཐོ་ཆུང་བྱེད་དམ་ཚེར་ལྕགས་གཅིག་བཙུགས་ལ། ཕཊཿ ཡེ་ཤེས་ཀྱི་བྱ་ཁྱུང་འཇིགས་སུ་རུང་བ་གཅིག་ཞལ་ཕྱིར་གྲུ་ནས་རྗེས་གཅོད་པར་གྱུར། ཕཊ་ཕཊ་ཕཊཿ འདི་ལྟར་རྗེས་གཅོད་མ་བྱས་ན་ཟ་འདྲེ་རྗེས་སུ་འབྲངས་བས་ཟས་ནོར་གྱི་ས་ཕན་མི་ཐོགས་ཤིང་རང་གཞན་གྱི་རིམ་གྲོ་སྒབ་མི་དྲོ་བ་ཡིན་པས་འདི་གལ་ཆེའོ། །ཞེས་པ་འདི་ནི་དུར་གཅོད་བླ་འགུགས་དང་། དུར་གཅོད་གསེར་སྒྲོམ་དང་། དྲག་ལས་ཕྲིན་ལས་རྒྱ་མཚོ་དང་། དུར་གཅོད་ལས་བྱུང་། དུར་གཅོད་གསེར་གྱི་སྟ་རེ་དང་། དུར་གཅོད་གནས་སྦྱང་དྲུག་པ་དང་། གཅོད་ཀྱི་གཤེད་འདུལ། དུར་གཅོད་རྒྱས་བསྡུས་གཉིས་དང་། འཐོར་བུ་མང་པོའི་དོན་བསྡུས་ཁྱེར་བདེ་བ་ངག་འདོན་འགྲིགས་ཆགས་སུ་ཨ་རཱ་གས་བཀོད་པ་ལ་ཉེས་འགལ་མཆིས་ན་ཌཱཀིའི་ཚོགས་ལ་བཤགས་ཤིང་། དགེ་བས་འདི་ལ་འབྲེལ་བའི་ཡོན་བདག་ཐམས་ཅད་བཀྲ་ཤིས་པ་དང་ཡུམ་ཆེན་གྱི་དོན་རྟོགས་པ་དང་། ཚེ་འདས་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། །ཤུ་བྷཾ།། །། ༈ སྲི་ཁྱིམ་བཅུ་གསུམ་ནི། གང་འདོད་བསྒྱུར་བ་ཡིན་ཀྱང་དམིགས་ན་དགྲ་སྲི་ཟེར་བ་དཀར་རྣམས་


CMR052_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་དགྲ་སྲི་ཟེར་ལས་ཚོགས། འབྲི་དུས་རང་གི་ཁ་ལག་གི་དྲི་མ་སོགས་ཀྱི་མ་གོས་པར་ཁ་རས་དང་རེས་གཙང་མས་ལག་པ་ཤོག་གུས་ལག་ལྕིབས་སོགས་བྱས་ལ། དེ་ནས་བྲི་དུས་དྲི་མ་ཅུང་ཟད་ཕོག་པ་རྣམས་ཀྱང་དག་པར་བྱ་བའི་ལིང་ཁྲུས་བྱ་སྟེ། ལིང་ཁྲུས་ནི་དང་པོ་རང་གི་ཁ་རླངས་དང་ཟག་རྫས་དང་དྲི་མ་སོང་བའི་ཟན་ཆེན་གཙང་མས་ཟན་དྲུད་བྱས་ཏེ་མེ་སྦར་བས་བཤུར་ཞིང་། བདག་གི་ཁ་རླངས་དང་དྲི་མ་ཕོག་པ་ཐམས་ཅད་འབྱུང་བ་མེས་ཕྱིས་ཤིང་དག་པར་གྱུར་ཅིག །རཾ་ཤུདྡྷེ་ཤུདྡེ་རཾ་རཾ་རཾཿ མེ་ལོང་ལ་ལིངྒ་འཆར་དུ་བཅུག་མེ་ལོང་ནང་གི་གཟུགས་ལ་ཆུ་གཙང་གིས་བཀྲུས་ཤིང་། བདག་གི་ཁ་རླངས་དང་དྲི་མ་ཕོག་པ་ཐམས་ཅད་འབྱུང་བ་ཆུས་བཀྲུས་པས་དག་པར་གྱུར་ཅིག །བི་ཤུདྡྷེ་ཤུདྡྷེ་བཾ་བཾ་བཾཿ འཁོར་ལོའི་མགོ་ལ་ས་སེར་ཕྱར་ཞིང་། བདག་གི་ཁ་རླངས་དང་དྲི་མ་ཕོག་པ་ཐམས་ཅད་འབྱུང་བ་སས་ཕྱིས་ཤིང་དག་པར་གྱུར་ཅིག །ལཾ་ཤུདྡྷེ་ཤུདྡྷེ་ལཾ་ལཾ་ལཾ། འཁོར་ལོ་རླུང་གཡབ་ཀྱིས་གཡབ་ཅིང་། བདག་གི་ཁ་རླངས་དང་དྲི་མ་ཕོག་པ་ཐམས་ཅད་འབྱུང་བ་རླུང་གིས་གཏོར་བས་དག་པར་གྱུར་ཅིག །ཡཾ་ཤུདྡྷེ་ཤུདྡྷེ་ཡཾ་ཡཾ་ཡཾ། ཡང་ལིངྒ་ནམ་མཁའ་ལ་གཡུག་ཅིང་། བདག་གི་ཁ་རླངས་དང་དྲི་མ་ཕོག་པ་ཐམས་ཅད་འབྱུང་བ་ནམ་མཁས་སྦྱང་ཞིང་དག་པར་གྱུར་ཅིག །ཁཾ་ཤུདྡྷེ་ཤུདྡྷེ་


CMR052_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

ཁཾ་ཁཾ་ཁཾ། ཞེས་དེ་རྣམས་སྦྱང་ཚིག་ཚིག་དོན་དང་འབྲེལ་ངེས་བསྒོམ་བཞིན་བསང་བས་དག་པར་འགྱུར་རོ། །ལིང་ཁྲུས་འདི་ལས་རྒྱས་འདོད་ན་ལོགས་སུ་ཤེས་སོ། །དེ་ནས་ལིངྒ་ལག་རྗེན་གྱིས་མི་རེག་ཅིང་སྐྱེར་པའི་སྐམ་པས་འཛིན་པར་བྱའོ། །དེ་ནས་རང་ཕྱོགས་ཀྱི་གནས་ཁང་རྟེན་གསུམ་རྣམས་མི་བཞུགས་པའི་ས་འཁོར་ས་ཕྱིན་ནས། ཁྲག་སྣ་དུག་སྣ་མི་གཙང་བའི་རྫས་རིགས་རྣམས་མེ་ལ་བསྲེགས་པའི་དུད་པས་ལིངྒ་ལ་བདུག་ཅིང་། རང་གི་ཁ་སྣར་དྲི་མ་མ་ཤོར་བར་འཛེམ་མོ། ས་མ་ཡཱ། རྒྱ་རྒྱ་རྒྱ། དགེའོ། །བྷ་ཝནྟུ། ཤུ་བྷཾ།། །། ༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


CMR052_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་ཀྱི་གཤེད་འདུལ་ལས་འདུལ་དཀར་བྱང་ཞུས་དཔེའུ་རིས།