Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཁའ་འགྲོ་སྡེ་ལྔའི་སྒོ་ནས་རྩང་འདུལ།


 
previousམཁའ་འགྲོ་སྡེ་ལྔའི་སྒོ་ནས་རྩང་འདུལ།no next

མཁའ་འགྲོ་སྡེ་ལྔའི་སྒོ་ནས་རྩང་འདུལ།


CMR052_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་སྡེ་ལྔའི་སྒོ་ནས་རྩང་འདུལ་བྱེད་ན་ཧོམ་ཁུང་རྩང་རྣམས་བྲན་ལ་འདི་སྐད་བརྗོད། ཧཱུྃ། ཤར་གྱི་ཕྱོགས་ནས་རྡུང་བཙུགས་པ། །རྡོ་རྗེ་མཁའ་འགྲོ་གྲུབ་པའི་རྩང་། །དཀར་མོ་ཞི་བའི་ལས་མཛད་བདུན། །སྐེད་པ་རྒྱ་མདུད་བྷྲཱུཾ་ལས་སྐྱེས། །ཡར་གྱི་རྩེ་ལ་བྱ་རྒོད་ལྡིང་། །མར་གྱི་རྩེ་ལ་རྒྱ་སྟག་འཕྱོ། །རྩང་གི་དྲ་མིག་ཐམས་ཅད་ལ། ཁྲོ་མོ་འབུམ་འབུམ་འཕྲོ། །ཟ་འདྲེ་མ་ཤོར་ཀཱི་ལ་ཡ། །ཧཱུྃ། ལྷོ་ཡི་ཕྱོགས་ནས་རྩང་བཙུགས་པ། །རིན་ཆེན་མཁའ་འགྲོ་གྲུབ་པའི་རྩང་། །སེར་མོ་རྒྱས་པའི་ལས་མཛད་བདུན། །སྐེད་པ་རྒྱ་མདུད་མཾ་ལས་སྐྱེས། །ཡར་གྱི་རྩེ་ལ་འུག་པ་གྲག །མར་གྱི་རྩེ་ལ་དྲེད་མོང་ཁྲོ། །རྩང་གི་དྲ་མིག་ཐམས་ཅད་ལ། །གདུག་པའི་ཁྲོ་མོ་འབུམ་འབུམ་འཕྲོ། །ཟ་འདྲེ་མ་ཤོར་ཀཱི་ལ་ཡ། །ཧཱུྃ། ནུབ་ཀྱི་ཕྱོགས་ནས་ཅུང་བཙུགས་པ། །པདྨ་མཁའ་འགྲོ་གྲུབ་པའི་རྩང་། །དམར་མོ་དབང་གི་ལས་མཛད་བདུན། །སྐེད་པ་རྒྱ་མདུད་ཨ་ལས་སྐྱེས། །ཡར་གྱི་རྩེ་ལ་གཡུ་ཡི་ཁུ་བྱུག་གྲག །མར་གྱི་རྩེ་ལ་གསེར་གྱི་ཉ་མོ་འཕྱོ། །རྩང་གི་དྲ་མིག་ཐམས་ཅད་ལ། །གདུག་པའི་ཁྲོ་མོ་འབུམ་འབུམ་འཕྲོ། །


CMR052_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

ཟ་འདྲེ་མ་ཤོར་ཀཱི་ལ་ཡ། །ཧཱུྃ། བྱང་གི་ཕྱོགས་ནས་རྩང་བཙུགས་པ། །ལས་ཀྱི་མཁའ་འགྲོ་གྲུབ་པའི་རྩང་། །ལྗང་མོ་དྲག་པོའི་ལས་མཛད་བདུན། །སྐེད་པ་རྒྱ་མདུད་ཧཱུྃ་ལས་སྐྱེས། །ཡར་གྱི་རྩེ་ལ་ཁྲག་གི་ཕོ་རོག་ལྡིང་། །མར་གྱི་རྩེ་ལ་ལྕགས་ཀྱི་སྦྲང་བུ་འཚུབ། །རྩང་གི་དྲ་མིག་ཐམས་ཅད་ལ། །གདུག་པའི་ཁྲོ་མོ་འབུམ་འབུམ་འཕྲོ། །ཟླ་འདྲེ་མ་ཤོར་ཀཱི་ལ་ཡ། །ཧཱུྃ། རྩང་ལ་གནས་པའི་ཕོ་ཉ་རྣམས། །ཟ་འདྲེ་མ་ཤོར་ཀཱི་ལ་ཡ། །དགྲ་བགེགས་ཟ་འདྲེ་ཤི་གཤེད་འདི། །དམར་ནག་རྩང་གིས་བཟློག་ཏུ་གསོལ། །ཅེས་མཁའ་འགྲོའི་རྩང་ཟློག་རཱ་ག་ཨ་སྱས་སྦྱར་བའོ། །སརྦ་མངྒ་ལཾ།། །།


previousམཁའ་འགྲོ་སྡེ་ལྔའི་སྒོ་ནས་རྩང་འདུལ།no next