སྒྲོལ་མའི་སྒྲུབ་ཐབས།
― DTG075_Page_0418 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྒྱ་གར་སྐད་དུ། ཏཱ་ར་སཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མའི་སྒྲུབ་ཐབས། སྒྲོལ་མ་དཀར་མོ་ལ་ཕྱག་འཚལ་ལོ། །སྔར་བཞིན་དུ་སྟོང་པ་ཉིད་ཀྱི་བར་དུ་བསྒོམས་ལ། །ཐིག་ལེ་དཀར་པོའི་དབུས་གནས་པའོ། །ཏཱོཾ་བྱུང་ཟླ་བའི་གདན་ལ་ནི། །རྡོ་རྗེ་དཀྱིལ་ཀྲུང་ལེགས་བཅིངས་ཤིང༌། །མཆོག་སྦྱིན་པ་དང་ཨུཏྤལ་བསྣམས། །སྟོན་ཀའི་ཟླ་བ་ལྟ་བུའི་མདོག །རྒྱབ་ནི་ཟླ་བ་ལ་ལེགས་བརྟེན། །རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་མ། །ལོ་ནི་བཅུ་དྲུག་མ་ཡི་སྐུ། །རིམ་གྱིས་འཕགས་མ་སྒྲོལ་བསྒོམས་ལ། །དེ་ཐུགས་འཁོར་ལོ་ཟླ་འོད་ཅན། །རྩིབས་བརྒྱད་ལ་ནི་ཡི་གེ་ |