བརྡ་སྤྲོད་པ་པཱ་ཎི་ནིའི་མདོ།
རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་དཔལ་ལྡན་བླ་མ་དམ་པ་དང་མཁྱེན་རབ་ཀྱི་མངའ་བདག་རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །རྒྱ་གར་སྐད་དུ། པཱ་ཎི་ནི་བྱཱ་ཀ་ར་ཎ་སཱུ་ཏྲ། བོད་སྐད་དུ། བརྡ་སྤྲོད་པ་པཱ་ཎི་ནིའི་མདོ། ཨ་ཨི་ཨུཎ། རྀ་ལྀཀ་ཨེ་ཨོང༌། ཨཻ་ཨཽཙ། ཧ་ཡ་ཝ་ར་ཊ་ལཎ། ཉ་མ་ང་ཎ་ནམ། ཛྷ་བྷ་ཉ་གྷ་ཌྷ་དྷ་ཥ། ཛ་བ་ག་ཌ་ད་ཤ་།ཁ་ཕ་ཚ་ཋ་ཐ་ཙ་ཊ་ཏ་པ། ཀ་པ་ཡ་ཤ་ཥ་སར། ཧལ། ཧ་ཡིག་ལ་སོགས་པ་རྣམས་ལ་ཨ་ཡིག་བརྗོད་པའི་དོན་ནོ། །ཉེ་བའི་ཡུལ་ལ་ཨ་ཙ་དང་རྗེས་སུ་སྣ་ལྡན་འགྲོ་བའོ། །དེ་དབྱིའོ། །མཐའི་ཧལའོ། །དང་པོ་དང་མཐའི་འགྲོ་བའི་བར་དང་བཅས་པའོ། །ཨུ་ཨཱུ་ཨུ྅ ཡི་དུས་ལྟ་བུ་ཨཙ་ཐུང་ངུ་རིང་པོ་པླུ་ཏའོ། །ཁ་སྣ་ནས་བརྗོད་པ་དག་རྗེས་སུ་སྣ་ལྡན་ནོ། །ཨཎ་ཨུཏ་འགྲོ་བ་ཡང་རྐྱེན་ལ་འདྲ་བ་མ་ཡིན་ནོ། །ཏ་ཕ་རོལ་དེའི་དུས་ཀྱིའོ། །སྐྱེ་གནས་མཉམ་པའི་རིགས་མཐུན་འདྲ་བའོ། །ཨཱཏ་ཨཻཙ་འཕེལ་བའོ། །ཨཏ་ཨེང་ཡོན་ཏན་ནོ། །ཨེཀ་གི་ཡོན་ཏན་ངང་འཕེལ་བའོ། །མི་མཐོང་བ་ཕྱིས་པའོ། །བྷཱུ་ལ་སོགས་པ་རྣམས་བྱིངས་སོ། །བྱ་བ་སྦྱོར་བ་ལ་ཉེར་
བསྒྱུར་རོ། །རྩེ་བྲལ་གནས་མེད་པའོ། །ཕ་རོལ་ཡང་དག་ཉེ་བ་མཚམས་སྦྱོར་རོ། །སུབ་དང་ཏིང་གི་མཐའ་ནི་ཚིག་གོ །མཐའ་མ་ཡིན་པའི་ཧ་ལ་འདུས་པ་ནི་རབ་སྦྱོར་རོ། །ཙ་ལ་སོགས་པ་རྣམས་མི་ཟད་པའོ། །པྲ་ལ་སོགས་པའོ། །ཊ་ཀིཏ་དག་དང་པོ་དག་དང་མཐའ་མ་དག་གོ །མ་འགྲོ་བ་ཨ་ཙའི་མཐའ་ལས་ཕ་རོལ་ལོ། །ཤ་འགྲོ་བ་ཨལ་གཅིག་མ་ཡིན་པ་ཐམས་ཅད་ཀྱིའོ། །ང་འགྲོ་བའང་ངོ༌། །གནས་པ་བཞིན་གྱི་ཆོ་ག་ཀུན་ནས་བསྒྱུར་བ་ལ་ཨལ་མ་ཡིན་པ་ལའོ་ཞེས་པ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མཚམས་སྦྱོར་གྱི་མདོ་ལས་ཉེ་བར་སྦྱོར་བ་མིང་གི་རབ་ཏུ་བྱེད་པ་རྫོགས་སོ།། །།ཨིཀ་གི་ཨཙ་ལ་ཡཎའོ། །གང་ལས་གྲངས་མཚུངས་པ་རྗེས་སུ་བསྒྱུར་བའོ། །ཨཙ་མེད་པ་ལ་ཡང་ངོ༌། །ཛྷ་ཤ་ལ་ཛྷལ་རྣམས་ཀྱི་ཛ་ཤའོ། །གནས་མཐུན་པའི་དབུས་མའོ། །ཛྷར་འདྲ་བ་ལ་ཛྷར་རྣམས་ཀྱིའོ། །བརྩེགས་པའི་མཐའ་དབྱིའོ། །ཨ་ཙས་དམན་པ་ཕ་རོལ་ཏུ་རབ་ཏུ་སྦྱོར་རོ། །ཨཙ་ལས་ར་ཧ་དག་ལས་གཉིས་སོ། །ཧལ་ལས་ཡམྲ་རྣམས་ཀྱི་ཡྲམ་ལ་དབྱིའོ། །རིང་པོ་ལས་སློབ་དཔོན་རྣམས་ཀྱིའོ། །ཨེ་ཙའིཿ་ཨ་ཡྲཿ་ཨ་ཝྲཿ་ཨཱ་ཡྲཿ་ཨཱཝྲ་རྣམས་སོ། །རྐྱེན་ཡལ་ཝའི་མཐའ་ཅན་ནོ། །བྱིངས་ཀྱི་རྒྱུ་མཚན་ལ་དེ་ཁོ་ནའོ། །ཀྵཡྻ་ཛཡྻ་དག་ནུས་པའི་དོན་
ལའོ། །ཀྲཡྻ་དེའི་དོན་ལའོ། །ཤཱ་ཀ་ལྱ་ཀྱི་དབྱིའོ། །སྔོན་མ་ལས་མ་གྲུབ་པའོ། །ཨ་ལས་ཡོན་ཏན་ནོ། །རྀའི་ཨཎ་ལས་ར་ཕ་རོལ་ལའང་ངོ༌། །ཨེཙ་ལ་འཕེལ་པའོ། །ཨེ་ཏིཿ་ཨེ་དྷ་ཏིཿ་ཨཱུ་ཋ་རྣམས་ལའོ། །ཨཀྵ་ལས་ཨཱུ་ཧི་ཎཱི་ལའོ། །སྭ་ལས་ཨཱི་ར་ཨཱི་རི་ཎཱི་དག་ལས་སོ། །པྲ་ལས་ཨཱུ་ཧཿ་ཨཱུ་ཌྷཿ་ཨཱུ་ཌྷིཿ་ཨེ་ཥཿ་ཨེ་ཥྱ་རྣམས་ལའོ། །རྀ་ཏ་ལའང་གསུམ་པའི་ཚིག་སྡུད་ལའོ། །པྲ་བཏྶཿ་བཏྶ་ཏ་རཿ་ཀམྦ་ལཿ་བ་ས་ནཿ་ད་ཤཿ་རྀ་ཎ་རྣམས་ཀྱི་རྀ་ཎ་ལའོ། །ཉེར་བསྒྱུར་ལས་བྱིངས་རྀཏ་ལའོ། །ཨཱ་པི་ཤ་ལིའི་སུ་དྲ་ལ་ཡང་ནའོ། །ཨང་ལ་ཕ་རོལ་གྱི་གཟུགས་སོ། །ཨེང་དང་པོའི་སུཔ་ཀྱི་བྱིངས་ལ་ཡང་ནའོ། །ཨོ་ཏུ་ཨོཥྛ་དག་ལས་ཚིག་སྡུད་ལའང་ངོ༌། །ཨོཾ་དང་ཨཱང་དག་ལའོ། །མི་གསལ་བ་རྗེས་སུ་བྱ་བའི་ཨཏ་ཀྱི་ཨི་ཏི་ལའོ། །བསྐྱར་བའི་མཐའི་མ་ཡིན་ཏེ་ཏའི་ཡང་ནའོ། །ཨཀ་གི་འདྲ་བ་ལ་རིང་པོའོ། །ཨ་ཙ་དང་ཧལ་དག་ལ་མ་ཡིན་ནོ། །ཨེང་ལས་ཚིག་མཐའ་ལས་ཨཏ་ལའོ། །ཐམས་ཅད་དུ་འདམ་ཀ་གོ་ལའོ། །སྥོ་ཊཱ་ཡ་ནའི་ཨ་ཝང་ངོ༌། །ཨུཉ་ལས་སོ། །མ་ཡ་ལས་ཨུཉའི་བྲ་ཡང་ནའོ། །ཨིཀ་གི་འདྲ་བ་མ་ཡིན་པ་ལ་ཤཱ་ཀ་ལྱ་ཀྱི་ཐུང་ངུ་ཡང་ནའོ། །རྀཏ་ལ་ཨཀ་གིའོ་ཞེས་པ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མཚམས་སྦྱོར་གྱི་མདོ་ལས་ཨཙ་མཚམས་སྦྱོར་རྣམས་རྫོགས་སོ།། །།ཨཙའི་མཐའ་ལ་སོགས་པ་ཊིའོ། །རིང་པོར་བོད་པ་ལའང་ངོ༌། །བླུ་ཏ་རང་བཞིན་གྱི་ཨ་ཙ་ལའོ། །ཨཱིཏ་ཨཱུཏཿ་ཨེཏ་གཉིས་ཀྱི་ཚིག་རང་བཞིན་ནོ། །མ་ཎཱི་ཨི་བ་སོགས་ཀྱི་མ་ཡིན་ནོ། །ཨ་དས་ཀྱི་མ་ལས་སོ། །ཨཱང་མ་ཡིན་པའི་ནི་པཱ་ཏ་ཨཙ་གཅིག་པའོ། །ཨོ་ཏའོ་ཞེས་པ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མཚམས་སྦྱོར་གྱི་མདོ་ལས་རང་བཞིན་དུ་གནས་པའི་མཚམས་སྦྱོར་རྣམས་རྫོགས་སོ།། །།ས་ཏུའི་ཤ་ཙུ་ལ་ཤ་ཙུའོ། །ཥཊུ་ཡི་ཥ་ཊུའོ། །ཚིག་མཐའི་ཊུ་ལས་ནཱམ་མ་ཡིན་པའི་མ་ཡིན་ནོ། །ཏུའི་ཥ་ལའོ། །ཤ་ལས་སོ། །མཐའི་ཛྷལ་རྣམས་ཀྱི་ཛ་ཤ་རྣམས་སོ། །ཡར་གྱི་རྗེས་སུ་སྣ་ལྡན་ལ་རྗེས་སུ་སྣ་ལྡན་ཡང་ནའོ། །ཏུའི་ལ་ལའོ། །ཨུཏ་ལས་སྠཱ་སྟམྦྷ་དག་གི་སྔོན་མའི་འོ། །ཛྷ་ཡ་ལས་ཧའི་ཡང་ནའོ། །ཁར་ལ་ཙར་འོ། །ཨཊ་ལ་ཤའི་ཚའོ། །
མ་རྗེས་སུ་ང་རོའོ། །ནའི་ཚིག་མཐའ་མ་ཡིན་པ་ལའང་ཛྷལ་ལའོ། །རྗེས་སུ་ང་རོའི་ཡ་ཡྲ་ལ་ཕ་རོལ་འདྲ་བའོ། །ཚིག་མཐའི་ཡང་ནའོ། །སམ་གྱི་མའི་རཱ་ཛ་ཀྭིཔ་ལའོ། །ཧལ་མ་ཕ་རོལ་ལ་ཡང་ནའོ། །ཡ་བ་ལ་ཕ་རོལ་ལ་ཡ་བ་ལ་རྣམས་སུ་ཡང་ནའོ། །ན་ཕ་རོལ་ལ་ནའོ། །ང་ཎ་དག་གི་ཤར་ལ་ཀུ་ཀ་ཊུཀ་དག་གོ །ཌ་ལས་ས་ལ་དྷུཊའོ། །ན་ལས་ཀྱང་ངོ༌། །ཤ་ལ་ཏུཀའོ། །ང་མ་ལས་ཐུང་ངུ་ལ་ཨཙ་ལ་ང་མུཊ་རྟག་ཏུའོ། །པུམ་གྱི་ཁཡྲ་ལ་ཨམ་ཕ་རོལ་ལའོ། །སུམ་གྱི་སུཊ་ལའོ། །པྲ་ཤཱན་མ་ཡིན་པའི་ནའི་འང་ཚབ་ལའོ། །ཁར་དང་གནས་མེད་པའི་རྣམ་པར་བཅད་བྱའོ། །ནྲཱྀན་གྱི་པ་ལའོ། །ཀཱན་གྱི་བསྐྱར་བ་ལའོ། །ཀཿཀ་ལ་སོགས་པ་རྣམས་ལའང་ངོ༌། །ཚ་ལའང་ངོ༌། །ཨཱང་མཱང་དག་གིའང་ངོ༌། །རིང་པོ་ལས་སོ། །ཚིག་མཐའ་ལས་ཡང་ནའོ་ཞེས་པ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མཚམས་སྦྱོར་གྱི་མདོ་ལས་ཧལ་མཐའ་མཚམས་སྦྱོར་རྣམས་རྫོགས་སོ།། །།རྣམ་པར་བཅད་བྱའི་སའོ། །ཤར་ཕ་རོལ་ལ་རྣམ་པར་བཅད་བྱའོ། །ཤར་ལ་ཡང་ནའོ། །ཀུ་པུ་དག་ལ་ཐྐ་ཉྤ་དག་ཀྱང་ངོ༌། །ས་ས་ཛུཥ་དག་གི་དུའོ། །ཨཏ་ལས་རུའི་པླུ་ཏ་མ་ཡིན་པ་ལས་པླུ་ཏ་མ་ཡིན་པ་ལའོ། །ཧཤ་ལའང་ངོ༌། །བྷོ་བྷ་གོ །ཨ་གྷོ་ཨཱ་རྣམས་སྔོན་མའི་ཡ་ཨ་ཤ་ལའོ། །བྷ་ཝཏཿ་བྷ་ག་ཝཏཿ་ཨ་གྷ་ཝཏ་རྣམས་ཀྱི་ཡང་ན་སྟེ་ཨཝྲ་ཨོཏ་ཡང་ངོ༌། །ཧལ་ལ་ཐམས་ཅད་ཀྱིའོ། །སུབ་མ་ཡིན་པ་ལ་རའོ། །བུདྡྷ་ལ་ཨུཥ་སའི་རའོ། །རའི་ར་ལའོ། །ཌྷར་ཕྱིས་པ་ལ་སྔོན་མའི་ཨཎ་གྱི་རིང་པོའོ། །དགག་པ་དང་བྲལ་བ་ལ་ཕ་རོལ་གྱི་བྱ་བའོ། །ཨེ་ཏཏ་དང་ཏཏ་དག་གི་ནཉའི་ཚིག་སྡུད་དང་ཀམ་ཡིན་པའི་ཧལ་ལ་སུ་དབྱིའོ། །སཿཨཙ་ལ་དབྱི་ལ་དེ་རྐང་པ་རྫོགས་པ་ལའོ་ཞེས་པ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མཚམས་སྦྱོར་གྱི་མདོ་ལས་མཚམས་སྦྱོར་ལྔ་པ་རྫོགས་སོ།། །།བྱིངས་མིན་པ་རྐྱེན་མེད་པ་དོན་དང་ལྡན་པ་མིང་ངོ༌། །རྐྱེན་ཕ་རོལ་ལའང་ངོ༌། །སུ་ཨཽ་ཛས། ཨམ་ཨཽཊ་ཤས། ཊཱ་བྷྱཱམ་བྷིས། ངེ་བྷྱཱམ་བྷྱས། ང་སི་བྷྱཱམ་བྷྱས། ངས་ཨོས་ཨཱམ། ངི་ཨོས་སུཔ། རྣམ་དབྱེའོ། །སུཔའོ། །ཨེ་ཀ་དྭི་དག་གི་གཅིག་ཚིག་གཉིས་ཚིག་དག་གོ །བ་ཧུ་ལ་མང་ཚིག་གོ །དང་པོ་དག་ལ་སྔ་མ་འདྲ་བའོ། །ཨཏ་ཨིཙ་ལ་མ་
ཡིན་ནོ། །ཙུ་ཊུ་དག་གོ །རྣམ་དབྱེའི་ཏུ་སྲ་མྲ་རྣམས་མ་ཡིན་ནོ། །གཅིག་ཚིག་ལ་སཾ་བུདྡྷིའོ། །ཐུང་ངུ་དང་ཨེང་ལས་སཾ་བུདྡྷིའོ། །ཨམ་ལ་སྔ་མའོ། །དེ་ཕན་མ་ཡིན་པ་ལ་ལ་ཤ་ཀུ་རྣམས་སོ། །དེ་ལས་ཤས་ཀྱི་ན་སྐྱེས་པ་ལའོ། །ར་ཥ་དག་ལས་ནའི་ཎ་རྐང་པ་མཚུངས་པ་ལའོ། །ཨཊ་ཀུ་པུ་ཨཱང་ནུམ་རྣམས་པར་ན་ཡོད་ཀྱང་ངོ༌། །ཚིག་མཐའི་མ་ཡིན་ནོ། །གང་རྐྱེན་གྱི་ཆོ་ག་རྐྱེན་དེའི་སྔ་མ་ལ་ཨངྒའོ། །ཊཱ་ང་སིཿ་ངས་རྣམས་ཀྱི་ཨིན་ཨཏ་སྱ་རྣམས་སོ། །སུཔ་ལའང་ངོ༌། །ཨཏ་ལས་བྷིསའི་ཨཻསའོ། །ངེ་ཡའོ། །མང་ཚིག་ལ་ཛྷལ་ལ་ཨེཏའོ། །ཨོས་ལའང་ངོ༌། །ཐུང་ངུ་ན་དཱི་ཨཱཔ་རྣམས་ལས་ནུཊའོ། །ནཱམ་ལའོ། །ཀུན་ནས་བསྒྱུར་བ་དང་རྐྱེན་དག་ལའོ། །སརྦ་ལ་སོགས་པ་རྣམས་ལ་སརྦའི་མིང་ཅན་ནོ། །ཛས་ཀྱི་ཤཱིའོ། །སརྦའི་མིང་ཅན་ལས་སྨཻའོ། །ང་སི་ངི་དག་གི་སྨཱཏ་སྨིན་དག་གོ །ཨཱམ་ལ་སརྦའི་མིང་ཅན་རྣམས་ལས་སུཊའོ། །པཱུརྦཿ་པ་རཿ་ཨ་ཝ་རཿ་དཀྵི་ཎཿ་ཨུཏྟ་རཿ་ཨ་པ་རཿ་ཨ་དྷ་ར་རྣམས་རྣམ་པར་བཞག་པ་སྟེ་མིང་མ་ཡིན་པ་ལའོ། །སྭ་ལ་གཉེན་དང་ནོར་དག་ལ་མ་ཡིན་ནོ། །ཨནྟ་ར་ལ་ཕྱི་དང་སྦྱོར་བ་གོན་པ་དག་ལས་སོ། །པཱུརྦ་སོགས་དགུ་ལས་ཡང་ནའོ། །འབྲུ་མང་པོ་ལ་མ་ཡིན་ནོ། །གསུམ་པའི་ཚིག་སྡུད་ལའོ། །ཟླས་དབྱེ་ལའང་ངོ༌། །ཛས་ལ་གདམ་ངའོ། །པྲ་ཐ་མ། ཙ་ར་མཿ་ཏཱི་ཡཿ་ཨལྤཿ་ཨརྡྷཿ་ཀ་ཏི་པ་ཡཿ་ནེམ་རྣམས་ལ་ཡང་ངོ༌། །ཛ་རཱའི་ཛ་རས་ཡང་ནའོ། །ཤས་ལ་སོགས་པ་རྣམས་ལཿ་པདཿ་དཏཿ་ནསཿ་མཱསཿ་ཧྲྀདཿ་ནི་ཤཿ་ཨ་སནཿ་པུཥནཿ་དོཥནཿ་ཡཀནཿ་ཤཀནཿ་ཨུ་དནཿ་ཨཱ་སན་རྣམས་སོ། །སུཊ་མ་ནིང་མ་ཡིན་པའིའོ། །སུ་སོགས་རྣམས་ལ་ཐམས་ཅད་གནས་པའི་མིང་ཅན་མ་ཡིན་པ་ལའོ། །ཡ་ཨཙ་ལ་བྷའོ། །ནའི་ཨཏ་དབྱིའོ། །མིང་མཐའི་ན་དབྱིའོ། །ངི་ཤཱི་དག་ལ་གདམ་ངའོ། །གྲངས་ངི་སཱ་ཡ་སྔ་མའི་ཨཧྣའི་ཨ་ཧན་ངི་ལ་ཡང་ནའོ། །རིང་པོ་ལས་ཛས་ཨིཙ་ལའོ། །བྱིངས་ཀྱི་ཨཱཏ་ཀྱིའོ། །ཛས་ལའང་ངོ༌། །ཐུང་ངུའི་ཡོན་ཏན་ནོ། །ས་ཁི་མ་ཡིན་པ་ལ་ལྷག་མ་གྷིའོ། །བུད་མེད་མ་ཡིན་པ་ལ་ཨཱང་གི་ནཱའོ། །གྷིའི་ང་འགྲོ་བ་ལས་སོ། །ང་སི་ངས་དག་གི་ཡང་ངོ༌། །གྷིའི་ཨཏ་ཡང་
ངོ། །སུ་ལ་ཨ་ནང་ངོ༌། །ཨལ་མཐའ་ལས་སྔ་མ་ཨུ་པ་དྷཱའོ། །སཾ་བུདྡྷི་མ་ཡིན་པའི་ཐམས་ཅད་གནས་པའི་མིང་ཅན་ལ་ཡང་ངོ༌། །རྐྱེན་ཨལ་གཅིག་པ་ཨ་པྲྀཀྟའོ། །ཧལཿ་དཱི་བཿ་ཨཱཔ་རིང་པོ་རྣམས་ལས་སུ་ཏི་སི་ཨ་པྲྀཀྟའི་ཧ་ལའོ། །ས་ཁི་ལས་སཾ་བུདྡྷི་མ་ཡིན་པ་ལའོ། །ཉ་ཎ་འགྲོ་བ་ལ་ཨཙའི་འོ། །ཁི་ཏི་དག་ལས་ཕ་རོལ་གྱི་ཨའིའོ། །ཨཽའོ། །པཏ་ཚིག་སྡུད་མེད་པ་འདི་བཞིན་ནོ། །མང་དུ་འདྲེན་པ་བ་ཧུཌ་ཏི་རྣམས་སཾ་ཁྱཱའོ། །ཌ་ཏི་ལ་ཡང་ངོ༌། །རྐྱེན་གྱི་ལུཀ་ཤླུ་ལུཔ་རྣམས་སོ། །ཥཊ་རྣམས་ལས་དབྱིའོ། །རྐྱེན་ཕྱིས་པ་ལ་རྐྱེན་གྱི་མཚན་ཉིད་དོ། །ཕྱིས་པ་ལ་ཨངྒའི་མ་ཡིན་ནོ། །ཏྲིའི་ཏྲ་ཡའོ། །ཏྱད་སོགས་རྣམས་ཀྱི་ཨའོ། །ཨཙ་ལ་ཤྣུ་བྱིངས་བྷྲཱུ་རྣམས་ཀྱི་ཨི་ཨུ་དག་གི་ཨི་ཡ་ཨུཝ་དག་གོ །བྷཱུ་སུདྡྷཱི་དག་ལ་མ་ཡིན་ནོ། །ཨཱིའི་ཨཙ་མང་པོའི་སྔ་མ་བརྩེགས་པ་མ་ཡིན་པའིའོ། །ངིའི་ཨཱམ་ན་དཱིཿ་ཨཱཔ་ནཱི་རྣམས་ལས་སོ། །ཀྲོཥྚུའི་ཏྲྀཙ་བཞིན་ནོ། །རྀཏཿ་ཨུ་ཤ་ནསཿ་པུ་ར་དཾ་ཤསཿ་ཨ་ནེ་ཧས་རྣམས་ཀྱི་ཡང་ངོ༌། །རེ་ཏི་ཀྱི་ངི་ཐམས་ཅད་གནས་པའི་མིང་ཅན་དག་ལས་སོ། །ཨཔཿ་ཏྲྀནཿ་ཏྲྀཙཿ་སྭསྲྀཿ་ནཔྟྲྀཿ་ནེཥྚྲྀཿ་ཏྭཥྚྲྀཿ་ཀྵ་ཏྲྀཿ་ཧོ་ཏྲྀཿ་བོ་ཏྲིཿ་བྲ་ཤསྟྲྀ་རྣམས་ཀྱིའོ། །གསུམ་པ་སོགས་རྣམས་ལ་ཨཙ་ལ་འདམ་ཀའོ། །རིཏ་ལས་ཨུརའོ། །ར་ལས་སའིའོ། །ར་ཨཙ་ལ་ནུམ་ཏྲྀཙ་བཞིན་འགྱུར་བ་རྣམས་ཀྱི་ནུཊའོ། །ཨཱུའི་སུཔ་ལའོ། །བཪྵཱ་བྷཱུའིའང་ངོ༌། །ནྲྀའི་ཡང་ནའོ། །གོ་ལས་ཎི་ཏའོ། །ཨོཏ་ལས་ཨམ་ཤས་དག་ལའོ། །རཻའི་ཧལ་ལའོ་ཞེས་པ་བཱ་ཎི་ནི་བྱཱ་ཀ་ར་ཎའི་མདོ་ལས་ཨཙའི་མཐའ་ཅན་སྐྱེས་པའི་རྟགས་རྣམས་རྫོགས་སོ།། །།ཨཽའི་ཨཱཔ་ལས་སོ། །སཾ་བུདྡྷི་ལ་ཡང་ངོ༌། །ཨཱཔ་ཀྱི་ཨཱང་ལའང་ངོ༌། །ཨཱཔ་ལས་ཡཱཊའོ། །ཨཱཊ་ལས་འང་ངོ༌། །སརྦ་ནཱ་མ་ལས་སྱཱཊ་སྟ་ཐུང་ངུའང་ངོ༌། །འབྲུ་མང་པོ་པའི་ཚིག་སྡུད་ལ་ཕྱོགས་ལ་འདམ་ཀའོ། །དྭི་ཏཱི་ཡཱ་ཏྲི་ཏཱི་ཡཱ་དག་ལས་འདམ་ཀའོ། །ཨམྦཱའི་དོན་ན་དཱི་རྣམས་ཀྱི་ཐུང་ངུའོ། །པྲཤྩ་བྷྲསྫཿ་སྲྀ་ཛཿ་མྲྀ་ཛཿ་ཡ་ཛཿ་རྭ་ཛཿ་བྷྲཱ་ཛཿ་ཚ་ཤ་རྣམས་ཀྱི་ཥའོ། །ང་འགྲོ་བ་ལ་ཐུང་ངུའི་ཡང་ནའོ། །ན་དཱི་ལས་ཨཱཊའོ། །ཏྲིཙ་ཧུ་ར་དག་གི་བུད་མེད་ལ་ཏི་སྲྀཙ་ཏ་སྲྀ་དག་གོ །རིཏ་ཀྱི་ཨཙ་ལ་
རའོ། །ཏི་སྲྀ་ཙ་ཏ་སྲྀ་དག་ལ་མ་ཡིན་ནོ། །ཨཱི་ཨཱུ་བུད་མེད་བརྗོད་པ་དག་ན་དཱིའོ། །སྟྲཱིའིའོ། །ཨམ་ཤས་དག་ལ་ཡང་ནའོ། །སྟྲཱི་མ་ཡིན་པའི་ཨིཡ་ཨུཝ་གནས་པ་དག་མ་ཡིན་ནོ། །ཨཱམ་ལ་ཡང་ནའོ། །བུད་མེད་ལའང་ངོ༌། །རྀ་ཏ་ན་རྣམས་ལས་དཱིཔའོ། །རྗེས་མའི་ཚིག་ཨཙ་གཅིག་པ་ལ་ཎའོ། །བཪྵཱ་བྷཱུའི་འང་ངོ༌། །སྭ་སྲྀ་སོགས་ཥཊ་རྣམས་ལས་མ་ཡིན་ནོ་ཞེས་པ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མདོ་ལས་ཨཙའི་མཐའ་བུད་མེད་ཀྱི་རྟགས་རྣམས་རྫོགས་སོ།། །།ཨཏ་ལས་ཨམའོ། །མ་ནིང་ལའང་ངོ༌། །གང་གི་ཨིཏ་ལའང་ངོ༌། །ཛས་ཤས་དག་གི་ཤིའོ། །ཤི་ཐམས་ཅད་གནས་པའི་མིང་ཅན་ནོ། །མ་ནིང་གི་ཛྷལ་ཨཙའི་འོ། །ཌ་ཏ་ར་སོགས་ལྔ་རྣམས་ལས་ཨ་དཌའོ། །ཊིའིའོ། །གནས་མེད་པ་ལ་ཡང་ནའོ། །ས་མཐའ་མ་ཧཏ་དག་གི་ཡང་དག་པར་སྦྱོར་བའི་འོ། །མ་ནིང་ལས་མིང་གི་ཐུང་ངུའོ། །མ་ནིང་ལས་སུ་ཨམ་དག་གིའོ། །རྣམ་དབྱེ་ཨཙ་ཨིཀ་གིའོ། །གསུམ་པ་སོགས་རྣམས་ལ་སྐྱེས་བར་བཤད་པའི་སྐྱེས་པ་བཞིན་ག་ལ་ཝའི་འོ། །ཨསྠི་ད་དྷི་ཤཀྠི་ཨཀྵི་རྣམས་ཀྱི་ཨ་ནང་ཨུ་དཱཏྟའོ། །ཨེཙའི་ཨིཀ་ཐུང་ངུར་ཀུན་ནས་བསྒྱུར་རོ་ཞེས་པ་བཱ་ཎི་ནི་བྱཱ་ཀ་ར་ཎའི་མདོ་ལས་ཨཙའི་མཐའ་མ་ནིང་གི་རྟགས་རྣམས་རྫོགས་སོ།། །།ཧ་ཡི་ཌྷའོ། །ད་སྔ་མའི་བྱིངས་ཀྱི་གྷའོ། །ཨཙ་གཅིག་པའི་བཤའི་བྷཥ་ཛྷཥ་མཐའི་ས་དྷྭ་དག་ལའོ། །དྲུཧཿ་མུཧཿ་སྣུཧཿ་སྣི་ཧ་རྣམས་ཀྱི་ཡང་ནའོ། །ཝཱ་ཧའི་ཨཱུཋའོ། །ཙ་ཏུར་ཨན་ཌུ་ཧ་དག་གི་ཨཱམ་ཨུ་དཱཏྟའོ། །ཨན་ཌུ་ཧའི་སུ་ལའོ། །སཾ་བུདྡྷི་ལ་ཨམའོ། །བ་སུ་སྲཾ་སུ་དྷྭཾ་སུ་ཨ་ན་ཌུཧ་རྣམས་ཀྱི་དའོ། །ཨ་ཏུ་ཨས་མཐའི་འང་བྱིངས་མ་ཡིན་པའི་འོ། །ཨ་ཝ་ཡཱ་ཛ་ཤྭེ་ཏ་བཱཧ་པུ་རོ་ཌཱས་རྣམས་ཀྱིའང་ངོ༌། །སཱ་ཧའི་སཱཌྷའི་སའོ། །དེ་ཝའི་ཨཽའོ། །དེ་ཝའི་ཨུཏའོ། །ཥཊ་ཙ་ཏུར་རྣམས་ལས་ཀྱང་ངོ༌། །རའི་སུཔ྄ ལའོ། །ཨཙ་ལ་ཤར་གྱིའོ། །བྱིངས་ཀྱི་མའི་ནའོ། །ཀིམ་གྱི་ཀའོ། །ཨི་དམ྄ གྱི་མའོ། །ཨི་དམ་གྱི་ཨ་ཡ་སྐྱེས་པ་ལའོ། །ཨཏ་ཀྱི་ཡོན་ཏན་ལའོ། །དའི་འང་ངོ༌། །ཨཱཔ་ལ་ཨ་ནེ་ཀམ་ཡིན་པ་ལའོ། །ཧལ་ལ་དབྱིའོ། །ཀ་མ་ཡིན་པ་དག་གི་ཨི་དམ་ཨ་དས་དག་ལ་མ་ཡིན་ནོ། །གཉིས་པ་ཊཱ་ཨོས་རྣམས་
ལ་ཨེ་ནེའོ། །ངི་སཾ་བུདྡྷི་དག་ལ་མ་ཡིན་ནོ། །ན་དབྱི་བ་སུཔ་དབྱངས་མིང་ཀྲྀཏྲ་ཏུཀ་གི་ཆོ་ག་རྣམས་ལའོ། །ཝ་མ་ཡང་དག་པར་སྦྱོར་བའི་མཐའ་ལས་མ་ཡིན་ནོ། །སུ་ལའང་ངོ༌། །ཧན་གྱི་ཧའི་ཉ་ཎ་འགྲོ་བ་ན་རྣམས་ལའོ། །ཧན་གྱི་ཨཏ་སྔ་མའི་ལོ། །མ་གྷ་ཝན་གྱི་ཡང་ནའོ། །ཨུཀ་འགྲོ་བ་ཨཙ་རྣམས་ཀྱི་ཐམས་ཅད་གནས་པའི་མིང་ཅན་རྣམས་ལ་བྱིངས་མ་ཡིན་པ་ལའོ། །ཡཎའི་ཨིཀ་ཏུ་སླར་ཡང་དག་པར་བསྒྱུར་རོ། །ཤྭ་ན་ཡུ་ཝན་མ་གྷ་ཝན་རྣམས་ཀྱི་དེ་ཕན་མ་ཡིན་པ་ལའོ། །སཾ་བྲ་སཱ་རཎ་ལས་ཀྱང་ངོ༌། །སླར་ཡང་དག་པར་བསྒྱུར་བ་ལ་སླར་ཡང་དག་པར་བསྒྱུར་བ་མ་ཡིན་ནོ། །ཨརྦན་གྱི་ཏྲྀ་ནཉ་དང་སུ་མ་ཡིན་པ་ལའོ། །པ་ཐིན་མ་ཐིན་རྀ་བྷུཀྵན་རྣམས་ཀྱི་ཨཱཏའོ། །ཨིཏ་ཀྱི་ཨཏ་ཐམས་ཅད་གནས་པའི་མིང་ཅན་རྣམས་ལའོ། །ཐའི་ནྠའོ། །བྷའི་ཊི་དབྱིའོ། །ཥཎ་མཐའ་རྣམས་ཥཊའོ། །ནའི་ཨུ་བ་དྷཱའིའོ། །ཨཥྚན་གྱི་ཨཱ་རྣམ་དབྱེའོ།། ཨཥྚ་ལས་ཨཽའོ། །རྀ་ཏྭིཀྲཿ་ད་དྷྲྀཀྲཿ་སྲྀཀྲཿ་དྲྀཀྲཿ་ཨུཥྞི་ཀཿ་ཨཉྩུཿ་ཡུཛཿ་ཀྲུཾ་ཙ་རྣམས་ཀྱི་འང་ངོ༌། །ཏིང་མ་ཡིན་པ་ཀྲྀཏའོ། །བའི་ཨ་པྲྀཀྟའི་འོ། །ཀྲྀཏ་དེ་ཕན་ཚིག་སྡུད་རྣམས་ཀྱང་ངོ༌། །ཡུ་ཛའི་ཚིག་སྡུད་མ་ཡིན་པ་ལའོ། །ཀྭིན་རྐྱེན་གྱི་ཀུའོ། །ཙུའི་ཀུའོ། །བི་ཤྭའི་བ་སུ་རཱཊ་དག་ལའོ། །ཡང་དག་པར་སྦྱོར་བའི་མཐའ་ལ་སྔ་མའི་སྲ་ཀྲ་དག་གི་འང་ངོ༌། །ཏ་ད་དག་གི་སུ་ལ་ས་མཐའ་མ་ཡིན་པ་ལའོ། །ངེ་དང་པོ་དག་གི་ཨམའོ། །སུ་ལ་ཏྭ་ཨ་ཧའོ། །ལྷག་མ་ལ་དབྱིའོ། །གཉིས་ཚིག་ལཿ་ཡུ་ཝཿ་ཨཱཝ་དག་གོ །དང་པོའི་འང་གཉིས་ཚིག་བརྗོད་པ་ལའོ། །ཛས་ལ་ཡཱུ་ཡ་ཝ་ཡའོ། །གཅིག་ཚིག་ལ་ཏྭ་མ་དག་གོ །གཉིས་པ་ལ་འང་ངོ༌། །ཤས་ཀྱི་ནའོ། །ཨཙ་ལ་ཡའོ། །ཡུཥྨད་ཨསྨད་དག་གི་ཀུན་ནས་མ་བསྒྱུར་བ་ལའོ། །ངེ་ལ་ཏུ་བྷྱ་མཧྻ་དག་གོ །བྷྱས་ཀྱི་བྷྱཾའོ། །གཅིག་ཚིག་གི་འང་ངོ༌། །ལྔ་པའི་ཨཏ྄འོ། །ངས་ལ་ཏ་ཝ་མ་མ་དག་གོ །ཡུཥྨད་ཨསྨད་དག་ལས་ངས་ཀྱི་ཨཤའོ། །སཱམ་གྱི་ཨཱཀ་མའོ། །ཡུཥྨད་ཨསྨད་དག་གི་དྲུག་པ་བཞི་པ་གཉིས་པ་རྣམས་གནས་པ་དག་གི་ཝཱཾ་ནཽ་དག་གོ །མང་ཚིག་གི་ཝས་ནས་དག་གོ །གཅིག་ཚིག་གི་ཏེ་མེ་དག་གོ །གཉིས་པའི་ཏྭཱ་མཱ་དག་གོ །ཙ་བཱ་ཨ་ཧ་ཧ་ཨེ་ཝ་རྣམས་སྦྱོར་བ་ལ་མ་ཡིན་ནོ། །ལྟ་བའི་
དོན་རྣམས་ཀྱི་འང་མིག་གིས་མི་མཐོང་བ་ལའོ། །པཱད་ཀྱི་པདའོ། །ཨིཏ་འགྲོ་བ་རྣམས་མ་ཡིན་པའི་ཧལ་གྱི་ཨུ་པ་དྷཱའི་ཀ྄ད྄ འགྲོ་བ་ལའོ། །ཨཙའི་འོ། །ཙ་ལའོ། །བི་ཥྭཀ་དེ་ཝ་དག་གིའང་ཊིའི་ཨ་དྲི་ཨཉྩ་བ་འགྲོ་བའི་རྐྱེན་ཅན་ལའོ། །ཨ་དས་ཀྱི་སའི་ད་ལ་ཨུ་སྟེ་དའི་འང་མའོ། །ཨུཏ་ལས་ཨཱིཏ་འོ། །སམ་གྱི་ས་མིའོ། །ཏི་རས་ཀྱི་ཏི་རི་མི་དབྱི་བ་ལའོ། །ཨཉྩའི་མཆོད་པ་ལ་མ་ཡིན་ནོ། །གཉིས་པ་ལ་ཨ་བྷྱསྟའོ། །ཨ་བྷྱསྟ་ལས་ཤ་ཏུའི་མ་ཡིན་ནོ། །ཛཀྵ་སོགས་དྲུག་ལ་འང་ངོ༌། །ཏྱད་སོགས་རྣམས་ལ་དྲྀ་ཤའི་མི་མཐོང་བ་ལ་ཀཉ་འང་ངོ༌། །ན་ཤའི་ཡང་ནའོ། །སྤྲྀ་ཤའི་ཆུ་མ་ཡིན་པ་ལ་ཀྭིན་འོ། །ར྄ བ྄ དག་གི་ཨུ་པ་དྷཱའི་རིང་པོ་ཨིཀ་གིའོ། །ཤར་ལ་རྣམ་བཅད་ནུམ་བར་ན་ཡོད་ཀྱང་ངོ༌། །ཝས་ཀྱི་སཾ་པྲ་སཱ་ར་ཎའོ། །མ་བ་དག་ལ་འང་ངོ༌། །གམ་ཧན་ཛན་ཁནྲ་གྷས྄ རྣམས་ཀྱི་དབྱི་བ་ཨང་མ་ཡིན་པའི་ཀྲང྄འགྲོ་བ་ལའོ། །པུམྶའི་ཨ་སུང་ངོ༌། །ཨ་དས་ཀྱི་ཨཽ་སྟེ་སུ་དབྱི་བ་འང་ངོ༌། །ས་ལས་ཨུ་འང་ངོ༌། །ཨ་དས་ཀྱི་ད་ལ་ཨུ་སྟེ་དའི་འང་མའོ། །ཨེཏ་ཀྱི་ཨཱིཏ་མང་ཚིག་ལའོ་ཞེས་པ་བཱ་ཎི་ནི་བྱཱ་ཀ་ར་ཎའི་མདོ་ལས་སྐྱེས་པའི་རྟགས་ཧལ་མཐའ་ཅན་རྣམས་རྫོགས་སོ།། །།ན་ཧ་ཡི་དྷའོ། །སུ་ལ་ཡའོ། །ཨདྲ་གྱི་བྷ་ལའོ་ཞེས་པ་བཱ་ཎི་ནི་བྱཱ་ཀ་ར་ཎའི་མདོ་ལས་བུད་མེད་ཀྱི་རྟགས་ཧལ་མཐའ་ཅན་རྣམས་རྫོགས་སོ།། །།ཨ་ཧན་གྱི་རའོ། །ཨིན་ཧན་པཱུཥན་ཨཱརྻ་མན་རྣམས་ཀྱི་ཤི་ལའོ། །མ་ནིང་གི་ཡང་ནའོ། །ཨཱ་ལས་ཤཱི་ན་དཱི་དག་ལ་ནུམའོ། །ཤཔ་ཤྱན་དག་ལ་ངེས་པའོ་ཞེས་པ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མདོ་ལས་མ་ནིང་གི་རྟགས་ཧལ་མཐའ་ཅན་རྣམས་རྫོགས་སོ།། །།སྭ་ར་ལ་སོགས་པ་རྣམས་ནི་པཱ་ཏ་མི་ཟད་པའོ། །བ་ཏུའི་རྐྱེན་མཐའ་རྣམས་ཀྱང་ངོ༌། །ཏ་སི་ལ་སོགས་དེ་ཕན་གྱི་ཨེ་དྷཱའི་བར་རྣམས་ཀྱང་ངོ༌། །དེ་ཕན་ལས་རྣམ་དབྱེ་ཐམས་ཅད་མི་འཇུག་པ་རྣམས་ཀྱང་ངོ༌།། ཀྲྀཏ་ཀྱི་མ་ཨེཙ་མཐའ་འང་ངོ༌། །ཀྟྭཱ་ཏོ་སུན་ཀ་སུན་རྣམས་ཀྱང་ངོ༌། །མི་ཟད་པ་ལས་སུབ་ཀྱིའོ་ཞེས་པ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མདོ་ལས་མི་ཟད་པ་རྣམས་རྫོགས་སོ།། །།ཨ་ཛ་སོགས་ཨཏ་ལས་ཊཱ་པའོ། །ཤཱུ་དྲ་ལས་ཀྱང་མ་ཧཏ་སྔོན་ན་མེད་པའི་རིགས་ལའོ། །སཾ་བྷསྟྲ་ཨ་ཛི་ན་ཤན་པིཎྜ་
རྣམས་ལས་ཕ་ལ་ལས་སོ། །ཨུཀ་འགྲོ་བ་ལས་ཀྱང་ངོ༌། །ཝན་ལས་རའི་འང་ངོ༌། །པཱད་ལས་ཡང་ནའོ། །རིག་བྱེད་ལ་ཊཱ་པའོ། །མན་ལས་སོ། །ཨན་ལས་འབྲུ་མང་པོའི་འོ། །གཉིས་དག་ལ་ཌཱབ་ཡང་ནའོ། །རྐྱེན་གནས་པ་ལས་ཀ་ལས་སྔ་མའི་ཨཏ་ཀྱི་ཨིཏ་སུཔ་མ་ཡིན་པའི་ཨཱཔ་ལའོ། །ཏྱཀ་ཏྱཡ་དག་གིའང་ངོ༌། །ཡ་ས་དག་གི་མ་ཡིན་ནོ། །བྱང་བ་རྣམས་ཨཱཏ་ཀྱི་ཤུལ་ཡཀ་སྔ་མའི་འོ། །བྷྲསྟྲ་ཨེ་ཥ་ཨ་ཛ་ཛྙ་དྭ་སྭ་རྣམས་ལན་ཉ་སྔ་མ་ལས་ཀྱང་ཡང་ནའོ། །སྐྱེས་པ་ལས་མ་བཤད་པ་ལ་ཡང་ནའོ། །འབྲུ་མང་པོ་ལ་ངེས་པའོ། །སློབ་དཔོན་རྣམས་ཀྱི་ཨཱཏ་ལའོ། །ཊི་ཌྷི་ཨནཿ་ཨཉཿ་དྭ་ཡ་ས་ཛཿ་དགྷྣཉཿ་མཱ་ཏྲཙཿ་ཏ་ཡཔཿ་ཋཀཿ་ཋཉཿ་ཀཉཿ་ཀྭ་ར་པཿ་ཁུན་རྣམས་ཀྱིའོ། །ནཉཿ་སྣཉཿ་ཨཱི་ཀ་ཀཿ་ཏ་རུ་ཎཿ་ཏ་ལུ་ན་རྣམས་ཀྱིའང་ངོ༌། །ཤར་པ་རྣམས་ཥྐ་ཏདྡྷི་ཏའོ། །རྐྱེན་གྱི་ཥའོ། །ཡཉ་ལས་འང་ངོ༌། །ཧལ་ལས་དེ་ཕན་གྱིའོ།། ཕ་ཌྷཿ་ཁ་ཚཿ་གྷ་རྣམས་ཀྱི་ཨཱ་ཡནཿ་ཨེ་ཡཿ་ཨཱི་ནཿ་ཨཱི་ཡཿ་ཨི་ཡ་རྣམས་སོ། །ཥིཏ་གཽ་ར་སོགས་རྣམས་ལས་ཀྱང་ངོ༌། །དང་པོའི་ན་ཚོད་ལའོ། །ཕྱོགས་གཉིས་པ་ལས་སོ། །ཚད་མ་ཡིན་པ་བིསྟ་ཨ་ཙི་ཏཿ་ཀམྦ་ལྱ་རྣམས་ལས་དེ་ཕན་ཕྱིས་པ་ལ་མ་ཡིན་ནོ། །ཀཱཎྜ་མཐའ་ལས་ཞིང་ལའོ། །པུ་རུ་ཥ་ལས་ཚད་ལ་ཡང་ནའོ། །ཨཱུ་དྷས་ཀྱི་ཨ་ནང་འོ། །འབྲུ་མང་པོ་ལ་ཨཱུ་དྷས་ལས་དཱིཥའོ། །དཱ་མན་ཧཱ་ཡན་ལས་འང་ངོ༌། །ཨནྟརྦཏ་པ་ཏི་བཏ་ལས་ནུཀའོ། །པ་ཏིའི་ན་མཆོད་སྦྱིན་སྦྱོར་བ་ལའོ། །སྔ་མ་དང་བཅས་པའི་ཡང་ནའོ། །ས་པཏྣཱི་སོགས་རྣམས་ལ་རྟག་ཏུའོ། །བཱུ་ཏ་ཀྲ་ཏུའི་ཨཻ་ཡང་ངོ༌། །པྲྀ་ཥཱ་ཀ་པིཿ་ཨགྣི་ཀུ་སི་ཏཿ་ཀུ་སཱི་ད་རྣམས་ཀྱི་ཨུ་དཱཏྟའོ། །མ་ནུ་ལས་ཨཽ་ཡང་ནའོ། །དབྱངས་ཨ་ནུ་དཱཏྟ་ལས་ཨུ་པ་དྷཱའི་ཏ་ནའོ། །སཱུརྻ་ཏིཥྱཿ་ཨ་གསྟྱཿ་མཏྶྱ་རྣམས་ཀྱི་ཨུ་པ་དྷཱའི་ཡའོ། །ཛཱ་ན་པ་དཿ་ཀུཎྜཿ་གོ་ཎཿ་སྠཱ་ལཿ་བྷཱ་ཛཿ་ན་གཿ་ཀཱ་ལཿ་ནཱི་ལཿ་ཀུ་ཤཿ་ཀཱ་མུ་ཀཿ་ཀ་བ་ར་རྣམས་ལསཿ་རྒྱུ་སྣོདཿ་གླང་ཁལཿ་མ་བཅོས་པཿ་ལོ་མཿ་སྦོམ་པཿ་མྡོགཿ་ཁེབས་མིན་པཿ་ཁྱེམཿ་འཁྲིག་འྡོདཿ་སྐྲ་ཆས་རྣམས་ལའོ། །ཨུཏ་མཐའ་ལས་ཡོན་ཏན་བརྗོད་པ་ལས་སོ། །བ་ཧུ་སོགས་རྣམས་ལས་ཡང་ནའོ། །ཨིཏ་ལས་
སྲོག་ཆགས་ཀྱི་ལུས་ལས་སོ། །ཀྲྀཏ྄ ཨི་ཡིག་ལས་ཀྟིན་མ་ཡིན་པ་ལས་སོ། །སྐྱེས་པའི་མིང་དང་ལྡན་པ་ལའོ། །སཱུརྻ་ལས་ལྷ་ལ་ཙཱ་པའོ། །ཨིནྡྲཿ་བ་རུ་ཎཿ་བྷ་བཿ་ཤརྦཿ་རུ་དྲཿ་མྲྀ་ཌཿ་ཧི་མཿ་ཨ་ར་ཎྱཿ་ཡ་བཿ་ཡ་བ་ནཿ་མཱ་ཏུ་ལཿ་ཨཱ་ཙཱརྻ་རྣམས་ཀྱི་ཨཱ་ནུཀའོ། །ཀྲཱྀཏ་ལས་བྱེད་པ་སྔ་མ་ལས་སོ། །ཀྟ་ལས་ཆུང་ངུ་བརྗོད་པ་ལའོ། །འབྲུ་མང་པོའི་མཐའ་ལའང་ཨུ་དཱཏྟ་ལས་སོ། །བ་ཧུཿ་ནཉཿ་སུ་ཀཱ་ལ་སུ་ཁ་སོགས་སྔ་མ་ལས་ཀྱང་མ་ཡིན་ནོ། །རང་ལུས་མ་ཡིན་པའི་ཚིག་སྔ་མ་ལས་ཡང་ནའོ། །རང་གི་ཡན་ལག་ལའང་ཉེར་བསྒྱུར་ལས་ཨུ་པ་དྷཱ་ཡང་དག་པར་སྦྱོར་བ་མེད་པ་ལས་སོ། །ནཱ་སི་ཀཿ་ཨུ་ད་རཿ་ཨོཥྛཿ་ཛཾ་གྷཿ་དནྟཿ་ཀརྞཿ་ཤྲྀངྒ་ལས་འང་ངོ༌། །ཉེ་བར་འཇལ་བ་ལས་པཀྵ་པུཙྪ་དག་ལས་སོ། །ཀྲོ་ཌ་སོགས་དང་བཧྦྲྀ་ཙ་ལས་མ་ཡིན་ནོ། །ས་ཧཿ་ནཉཿ་ངིདྱ་མཱ་ན་སྔ་མ་ལས་ཀྱང་ངོ༌། །བཱཧ་ལས་སོ། །ས་ཁི་ཨ་ཤི་ཤྭི་བརྗོད་པ་ལ་འོ། །ཡ་ཨུ་པ་དྷཱ་མ་ཡིན་པའི་རིགས་ལས་བུད་མེད་ཀྱི་ཡུལ་མ་ཡིན་པ་ལས་སོ། །པཱ་ཀཿ་ཀརྞཿ་པརྞཿ་པུཥྤཿ་པ་ལཿ་མཱུ་ལཿ་བཱ་ལ་རྣམས་ཚིག་ཕྱི་མ་ལས་ཀྱང་ངོ༌། །ཨིཏ་ལས་མིའི་རིགས་ལས་སོ། །ཨུཏ་ལས་ཨཱུང་འོ། །ཨཱུ་རུ་ཚིག་ཕྱི་མ་ལས་ཉེ་བར་འཇལ་བ་ལའོ། །སཾ་ཧི་ཏཿ་ཤ་ཕ་ལཀྵ་ཎཿ་བཱ་མ་སོགས་ལས་ཀྱང་ངོ༌། །ས་ཧི་ཏ་ས་ཧ་དག་ལས་ཀྱང་ངོ༌། །ཤཱརྡྒ་ར་བཱ་སོགས་ཨཉ་ལས་དཱིནའོ། །ནྲྀ་ན་ར་དག་ལས་འཕེལ་བ་འང་ངོ༌། །ཡང་ལས་ཙཱ་པའོ། །ཡུ་བན་ལས་ཏིའོ་ཞེས་པ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མདོ་ལས་བུད་མེད་དུ་བརྗོད་བའི་རྐྱེན་རྣམས་རྫོགས་སོ།། །།རྟགས་ཀྱི་མཚན་ཉིད་མིང་གི་དོན་ཙམ་བརྗོད་པ་ལ་དང་པོའོ། །ཀུན་དུ་བོད་པ་ལའང་ངོ༌། །བྱེད་པོའི་འདོད་པ་ལས་སོ། །ལས་ལ་གཉིས་པའོ། །དེའི་སྦྱོར་བ་མི་འདོད་པ་ལ་འང་ངོ༌། །མ་བཤད་པ་འང་ངོ༌། །འགྲོ་བ་དང་རྟོགས་པ་དང་ཟས་དང་སྒྲའི་དོན་གྱི་ལས་དང་ལས་མེད་པ་རྣམས་ཀྱི་ཎ་དང་ལྷན་ཅིག་པ་མ་ཡིན་པའི་ཎི་མེད་པ་ལ་བྱེད་པ་པོ་ལའོ། །ཧྲྀ་ཀྲྀ་དག་གི་ཡང་ནའོ། །ཨ་དྷི་ཤཱིང་སྠཱ་ཨཱ་པ་རྣམས་ཀྱིའང་ངོ༌། །ཨ་བྷི་ནི་བི་ཤའི་འང་ངོ༌། །ཨུ་པ་ཨ་ནུ་ཨ་དྷི་ཨཱང་རྣམས་པས་ལའོ། །གཉིས་དང་ཐམས་ཅད་དེ་དག་གི་བྱ་བ་
དང། འཛིན་པ་དང༌། ཡང་ཡང་ལ་སོགས་པར་གསུམ་དུ་དང༌། ཟློས་པའི་མཐའ་རྣམས་སུ་དང༌། དེ་ལས་གཞན་དུ་ཡང་དག་གཉིས་པ་མཐོང་ངོ༌། །ཨནྟ་ར་ཨནྟ་རེ་ཎ་སྦྱོར་བ་ལའོ། །ཨ་ནུའི་མཚན་ཉིད་ལའོ། །གསུམ་པའི་དོན་ལའོ། །དམན་པ་ལའོ། །ཨུ་པ་ལྷག་པ་ལའང་ངོ༌། །མཚན་ཉིད་དང༌། འདི་ལྟར་གྱུར་པ་དང༌། བགོ་སྐལ་དང་ཟློས་པ་རྣམས་ལ་བྲ་ཏི་པ་རི་ཨ་ནུ་རྣམས་ལས་སོ། །ཨ་བྷི་བགོ་སྐལ་མ་ཡིན་པ་ལའོ། །ཨ་ཏི་ཤིན་ཏུ་བའི་བྱ་བ་ལའོ། །དུས་དང་ལམ་བར་མཚམས་མེད་པར་སྦྱོར་བ་ལའོ། །རང་དབང་ཅན་དེ་བྱེད་པོའོ། །བསྒྲུབ་ནུས་པ་དེ་བྱེད་པའོ། །བྱེད་པ་པོ་དང་བྱེད་པ་དག་ལ་གསུམ་པའོ། །པྲ་ཀྲྀ་ཏི་སོགས་རྣམས་ལས་གསུམ་པའོ། །དི་བའི་ལས་ལའང་ངོ༌། །འབྲས་བུ་ཐོབ་པ་ལ་གསུམ་པའོ། །ལྷན་ཅིག་སྦྱོར་བ་ལའོ། །གང་གི་ལུས་ཀྱི་རྣམ་འགྱུར་ལའོ། །འདི་འདྲར་ཡོད་པའི་མཚན་ཉིད་ལའོ། །ཡང་དག་པར་ཤེས་པའི་ལས་ལ་ཡང་ནའོ། །རྒྱུ་ལའོ། །མི་འོས་པའི་རྒྱུ་ལ་བཞི་པའི་དོན་ལ་གསུམ་པའོ། །གང་གི་ལས་མངོན་པར་རབ་ཏུ་འོང་བ་དེ་ཡང་དག་པར་རབ་ཏུ་སྦྱིན་པའོ། །ཡང་དག་པར་རབ་ཏུ་སྦྱིན་པ་ལ་བཞི་པའོ། །སྲེད་པའི་དོན་དང་ལྡན་པའི་དགའ་བ་ལའོ། །ཤླཱ་གྷ་ཧྣུང་སྠཱ་ཤཔ་རྣམས་ཀྱི་ཤེས་པའི་འདོད་པ་དང་ལྡན་པ་ལའོ། །འཛིན་པའི་བུ་ལོན་ལྷག་པ་ལའོ། །གྲོགས་འདོད་པ་ལའོ། །ཀྲུ་དྷཿ་དྲུ་ཧཿ་ཨིཪྵྱཿ་ཨ་སཱུ་རྣམས་གང་ལ་སོ་སོར་ཁྲོ་བའི་དོན་ལའོ། །ཀྲུ་དྷ་དྲུ་ཧ་དག་གི་ཉེ་བར་འོས་པ་དག་ལའོ། །རཱ་དྷ་ཨཱིཀྵ་དག་ལས་གང་གི་འདྲི་བ་ལའོ།། པྲ་ཏི་ཨཱང་དག་ལས་ཤྲུའི་སྔ་མའི་བྱེད་པ་པོ་ལའོ། །ཨ་ནུ་པྲ་ཏི་དག་གི་གྲྀ་ཎ་ལ་འང་ངོ༌། །བ་རི་ཀྲི་ཡའི་ཡང་དག་པར་རབ་ཏུ་སྦྱིན་པ་ཡང་ནའོ། །དེའི་དོན་ལ་བཞི་པ་བརྗོད་དོ། །བྱ་བའི་དོན་གྱི་ཉེ་བའི་ཚིག་ལའང་ལས་ལའོ། །ཏུམ་གྱི་དོན་ལས་ཀྱང་དངོས་པོ་བརྗོད་པ་ལས་སོ། །ན་མས་སྭསྟི་སྭཱ་ཧཱ་ཨ་ལཾ་བ་ཥཊ་རྣམས་སྦྱོར་བ་ལས་ཀྱང་ངོ༌། །མ་ནྱ་ལས་ལ་སྲོག་ཆགས་མ་ཡིན་པ་རྣམས་ལ་སྨད་པ་ལ་ཡང་ནའོ། །འགྲོ་བའི་དོན་གྱི་ལས་ལ་གཉིས་བ་དང་བཞི་བ་དག་གཡོ་བ་ལ་སྟེ་ལམ་མ་ཡིན་པ་ལའོ། །བརྟན་པ་ལས་བྲལ་བ་དེ་ངེས་པར་ཀུན་སྦྱིན་པའོ། །ངེས་པར་ཀུན་སྦྱིན་པ་ལ་ལྔ་
པའོ། །འཇིག་པ་དང་བསྲུང་བའི་དོན་རྣམས་ཀྱི་འཇིག་པའི་རྒྱུ་ལའོ། །རྒྱལ་བ་མ་ཡིན་པའི་འཕམ་པ་ལའོ། །སྤངས་པའི་དོན་རྣམས་ཀྱི་འདོད་པ་ལའོ། །གང་གིས་མི་མཐོང་བར་བྱེད་པའི་སྦེད་པ་ལའོ། །ཀློག་པ་དང་ཉེ་བར་སྦྱོར་བ་ལའོ། །སྐྱེད་པར་བྱེད་པའི་རང་བཞིན་ལའོ། །འབྱུང་བར་འགྱུར་བ་ལས་སོ། །གང་ལས་ལམ་དུས་ངེས་པའི་ཚད་དེ་ལ་ལྔ་པ་འང་ངོ༌། །ཨ་ནྱཿ་ཨཱ་རཱཏཿ་ཨི་ཏ་རཿ་རྀ་ཏེཿ་ཕྱོགས་ཀྱི་སྒྲ་ཨཉྩུ་རྣམས་ཀྱི་ཕྱི་མའི་ཚིག་དང༌། ཨཱཙ་ཨཱ་ཧི་སྦྱོར་བ་ལའོ། །ཨ་པ་བ་རི་དག་གི་བོར་བ་ལའོ། །ཨཱང་ལས་མཚམས་བརྗོད་པ་ལའོ། །ཨཔ་ཨཱང་པ་རི་རྣམས་ཀྱི་ལྔ་པའོ། །པྲ་ཏི་འགྲན་པ་དང་བརྗེ་བ་དག་ལའོ། །གང་ལ་འགྲན་པ་དང་བརྗེ་བ་ལའང་ངོ༌། །བྱེད་པ་པོ་མེད་པ་ལ་བུ་ལོན་ལ་ལྔ་པའོ། །བུད་མེད་མ་ཡིན་པ་ལ་ཡོན་ཏན་ལ་ཡང་ནའོ། །པྲྀ་ཐགཿ་བི་ནཱཿ་ནཱ་ནཱ་རྣམས་ཀྱི་གསུམ་པ་ཡང་ནའོ། །བྱེད་པ་ལ་འང་སྟོ་ཀཿ་ཨལྤཿ་ཀྲྀཙྪཿ་ཀ་ཏི་པ་ཡ་རྣམས་ཀྱི་ཡོད་པ་མ་ཡིན་པའི་བརྗོད་པ་ལའོ། །རིང་བ་དང་ཉེ་བའི་དོན་དག་ལས་གཉིས་པའང་ངོ༌། །ལྷག་མ་ལ་དྲུག་པའོ། །རྒྱུ་དང་རབ་ཏུ་སྦྱོར་བ་ལ་དྲུག་པའོ། །སརྦ་ནཱ་མའི་གསུམ་པ་ལའང་ངོ༌། །རྐྱེན་ཨཏ་ཏས་ཀྱིས་དོན་ལ་དྲུག་པའོ། །ཨེ་ནའི་གཉིས་པ་ལའང་ངོ༌། །རིང་བ་དང་ཉེ་བའི་དོན་རྣམས་ཀྱི་དྲུག་པ་ཡང་ནའོ། །ཛན་ཤེས་པའི་དོན་མ་ཡིན་པ་ལ་བྱེད་པ་པོ་ལའོ། །དྲན་པའི་དོན་དང་ད་ཡ་ཨི་ཤ་རྣམས་ཀྱི་ལས་ལའོ། །ཀྲྀཉའི་འབད་པ་ལའོ། །ནད་ཀྱི་དོན་རྣམས་ཀྱི་དངོས་པོ་བརྗོད་པ་རྣམས་ཀྱི་ཛྭ་ར་མ་ཡིན་པ་ལའོ། །ནཱ་ཐའི་སྨོན་པ་ལའོ། །ཛཱ་སིཿ་ནི་པྲ་ཧ་ཎཿ་ནཱ་ཊཿ་ཀྲཱ་ཐཿ་པི་ཥ་རྣམས་ཀྱི་འཚེ་བའི་དོན་རྣམས་ཀྱིའོ། །བིཿ་ཨ་བཿ་ཧྲྀཿ་པ་ཎ་དག་གི་རྒྱལ་བ་ལའོ། །དི་བའི་དེའི་དོན་གྱིའོ། །ཉེར་བསྒྱུར་ལ་ཡང་ནའོ། །དུས་ཀྱི་དོན་རབ་ཏུ་སྦྱོར་བའི་ཀྲྀཏ་ལས་ལྷག་པར་བྱེད་པ་ལའོ། །བྱེད་པ་པོ་དང་ལས་དག་ལ་ཀྲྀཏ་ལའོ། །གཉིས་ཐོབ་པ་ལ་ལས་ལའོ། །ཀྟའི་འང་ད་ལྟར་བ་ལའོ། །མ་ནིང་ལ་དངོས་པོ་ལའོ། །ལྷག་པར་བྱེད་པ་པོ་བརྗོད་པ་ལའང་ངོ༌། །འཇིག་རྟེན་མི་བཟད་པ་བདེན་པ་ཥལ་ཏྲྀཎ་རྣམས་ཀྱི་དོན་ལ་མ་ཡིན་ནོ། །ཨཀ་ཨིན་དག་གི་འབྱུང་འགྱུར་བུ་ལོན་ངན་པ་ལའོ། །
ཀྲྀཏ་རྣམས་ཀྱི་བྱེད་པ་པོ་ལ་ཡང་ནའོ། །མཉམ་པའི་དོན་དང་མཉམ་པར་ཉེ་བར་འཇལ་བ་མ་ཡིན་པ་དག་ལ་གསུམ་པ་ཡང་ནའོ། །སྨོན་པ་ཨཱ་ཡུ་ཥྱཿ་མ་དྲཿ་བྷ་དྲཿ་ཀུ་ཤ་ལ་བདེ་བའི་དོན་རྣམས་དང་ཧི་ཏ་རྣམས་ཀྱི་བཞི་པའང་ངོ༌། །ཚིམ་པའི་དོན་རྣམས་ཀྱི་བྱེད་པ་པོ་ལ་དྲུག་པ་ཡང་ནའོ། །གནས་གཞི་སྟེ་ལྷག་པར་བྱེད་པའོ། །ལྷག་པར་བྱེད་པ་ལ་འང་བདུན་པའོ། །དངོས་པོ་གང་གི་དངོས་པོའི་མཚན་ཉིད་ལའོ། །ཨ་དྷི་དབང་ཕྱུག་ལའོ། །གང་ལས་ཨ་དྷི་གང་གི་དབང་ཕྱུག་བརྗོད་པ་དེ་ལ་བདུན་པའོ། །མ་གུས་པ་ལ་དྲུག་པ་ཡང་ནའོ། །སྭཱ་མཱིཿ་ཨཱི་ཤྭ་རཿ་ཨ་དྷི་པ་དྷིཿ་དཱ་ཡཱ་དཿ་སཱཀྵིཿ་པྲ་ཏི་བྷཱུཿ་པྲ་སཱུ་ཏ་རྣམས་ཀྱི་འང་ངོ༌། །ཨཱ་ཡུཀྟ་ཀུ་ཤ་ལ་དག་གི་མཆོད་པ་ལ་ཡང་ནའོ། །གང་ལས་ཀྱང་ངེས་པར་བཀར་བ་རྣམས་ཀྱིའོ། །རྣམ་པར་གུས་པ་ལ་ལྔ་པའོ། །པྲ་ཏི་མེད་པའི་མཆོད་པའི་དོན་ལ་སཱ་དྷུ་ནི་པུ་ཎ་དག་གི་བདུན་པའོ། །པྲ་སི་ཏ་དངཿ་ཨུཏྶུ་ཀ་དག་གི་གསུམ་པ་ཡང་ནའོ། །སྐར་མ་ལའང་མི་མཐོང་བ་ལའོ་ཞེས་པ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མདོ་ལས་བྱེད་པ་ཅན་རྣམས་རྫོགས་སོ།། །།དོན་སྡུད་པ་ཚིག་གི་ཆོ་གའོ། །ཚིག་སྡུད་བཞིའོ། །མི་ཟད་པ་རྣམ་དབྱེ་དང་ཉེ་བ་དངཿ་འགྲུབ་པ་དངཿ་འཕེལ་བ་དངཿ་དངོས་མེད་ཀྱི་དོན་དངཿ་འདས་པ་དངཿ་དུས་མ་ཡིན་པ་དངཿ་སྒྲ་རབ་ཏུ་གསལ་བ་དངཿ་རྗེས་སུ་ཇི་ལྟ་བ་དངཿ་སྔ་མའི་ཕྱི་མ་དངཿ་ཅིག་ཅར་དངཿ་མཉམ་པ་དངཿ་ཕུན་སུམ་ཚོགས་པ་དངཿ་མཐའ་དག་དངཿ་མཐའི་ཚིག་རྣམས་ལའོ། །དང་པོ་ངེས་པར་སྦྱོར་བའི་ཚིག་སྡུད་ཉེར་བསྒྱུར་རོ། །ཉེར་བསྒྱུར་སྔོན་དུའོ། །བྱིངས་པྲཱ་ཏི་པ་དི་ཀ་དག་ལས་སུཔ་ཀྱིའོ། །མི་ཟད་པར་གྱུར་པ་ལའང་ངོ༌། །མི་ཟད་པར་གྱུར་པ་ལས་ཨཏ་ལ་མ་ཡིན་ཞིང་ལྔ་པ་མ་ཡིན་པའི་ཨམ་མོ། །གསུམ་པ་བདུན་པ་དག་ཡང་ནའོ། །མི་ཟད་པར་གྱུར་པའང་ངོ༌། །མི་ཟད་པར་གྱུར་པ་ལའང་དུས་མ་ཡིན་པ་ལའོ། །ཡ་ཐཱའི་མཉམ་པ་མ་ཡིན་པ་ལའོ། །ཡཱ་བཏ་ཀྱི་ལོགས་སུ་བཀོལ་བ་ལའོ། །པྲ་ཏི་ཡི་ཙམ་གྱི་དོན་ལ་སཱུ་པ་ལའོ། །ཨ་པཿ་པ་རིཿ་བ་ཧིརཿ་ཨཉྩ་རྣམས་ལྔ་པའི་ཡང་ནའོ། །ཨཱང་གི་ཚད་བཟུང་ཐམས་ཅད་དག་ལས་སོ། །མཚན་ཉིད་ཀྱི་ཨ་བྷི་པྲ་ཏི་དག་
སྔོན་དུ་མཐོང་བ་ལའོ། །ཨ་ནུའི་གང་ཉེ་བ་ལའོ། །གང་གིའང་དཀྱུས་ལའོ། །ཏིཥྛཏ་གུ་ལ་སོགས་པ་རྣམས་ཀྱང་ངོ༌། །པཱ་རེ་མ་དྷྱེ་དྲུག་པའི་ཡང་ནའོ། །རིགས་ཀྱི་གྲངས་ལའོ། །ཆུ་ཀླུང་རྣམས་ཀྱི་འང་ངོ༌། །ཚིག་དོན་གཞན་ལ་མིང་ལའོ། །མི་ཟད་པར་གྱུར་པ་ལ་ཤ་རཏ་སོགས་རྣམས་ལས་སོ། །པྲ་ཏིཿ་པ་རཿ་སམ྄:་ཨ་ནུ་རྣམས་ལས་ཨཀྵའི་འོ། །དེ་ཕན་རྣམས་སོ། །ཨན་ལས་ཀྱང་ངོ༌། །དེ་ཕན་ལས་ནའི་འོ། །མ་ནིང་ལས་ཡང་ནའོ། །ན་དཱིཿ་པཽརྞ་མཱ་སིཿ་ཨ་པྲ་ཧྭ་ཡ་ཎི་རྣམས་ལས་སོ། །ཛྷ་ཡའི་འོ། །གི་རི་ལས་མཆོད་པའི་འོ། །གཉིས་པ་ལ་བསྟན་པ་དངཿ་འདས་པ་དངཿ་ལྷུང་བ་དངཿ་སོང་བ་དངཿ་བདེན་པ་དངཿ་ཐོབ་པ་དངཿ་གྱུར་པ་རྣམས་ཀྱིའོ། །སྭ་ཡཾ་ལ་ཀྟའི་འོ། །ཁ་ཊྭའི་ངན་པ་ལའོ། །སཱ་མིའོ། །དུས་རྣམས་སོ། །དེའི་བྱེད་པའི་དོན་གྱི་ཡོན་ཏན་བརྗོད་པ་ལ་གསུམ་པའོ། །པཱུརྦཿ་ས་དྲྀ་ཤཿ་ས་མ་དོན་ངན་པཿ་ཀ་ལ་ཧཿ་ནི་པུ་ཎཿ་མི་ཤྲ་ཤླཀྵ་རྣམས་ཀྱིའོ། །བྱེད་པ་བྱེད་པོ་དག་ལ་ཀྲྀཏ་ཀྱི་མང་པོའོ། །ཀྲྀཏ་རྣམས་ཀྱིས་ལྷག་པའི་དོན་བརྗོད་པ་ལའོ། །ཟས་ཀྱིས་བྱ་ན་ལའོ། །ཟས་ཀྱིས་སྲེ་བའི་བྱེད་པ་ལའོ། །དེའི་དོན་དང་བ་ལི་ཧི་ཏ་སུ་ཁ། རཀྵི་ཏ་རྣམས་ཀྱི་བཞི་པའོ། །འཇིགས་པས་ལྔ་པའོ། །ཨ་པེ་ཏཿ་ཨ་པོ་ཌྷཿ་མུཀྟཿ་པ་ཏི་ཏཿ་ཨ་པ་ཏྲསྟྲ་རྣམས་ཀྱི་ཆུང་ངུ་ལའོ། །སྟོ་ཀཿ་ཨནྟི་ཀ་རིང་བའི་དོན་ཀྲྀ་ཚ྄རྣམས་ཀྟའིའོ། །དྲུག་པའོ། །ཡཱ་ཛ་ཀ་སོགས་རྣམས་ཀྱིའོ། །ངེས་པར་བཀར་བ་ལ་མ་ཡིན་ནོ། །གང་བ་དང་ཡོན་ཏན་དང་ཤིན་ཏུ་ཕན་པའི་དོན་དང་བདེ་བ་དང་མི་ཟད་པ་ཏ་བྱ་རྣམས་མཉམ་པའི་ལྷག་པར་བྱེད་པའིའོ། །ཀྟའི་འང་མཆོད་པ་ལའོ། །ལས་ལའང་ངོ༌། །ཏྲྀཙ་ཨཀ་དག་ལས་བྱེད་པ་ལའོ། །རྟག་ཏུ་རྩེད་མོ་འཚོ་བ་དག་ལས་སོ། །པཱུརྦཿ་ཨ་པ་རཿ་ཨ་དྷ་རཿ་ཨུཏྟ་ར་རྣམས་ལུས་གཅིག་གིས་གཅིག་ལྷག་པར་བྱེད་པ་ལའོ། །ཨརྡྷ་མ་ནིང་ངོ༌། །དྭི་ཏཱི་ཡཿ་ཏྲྀ་ཏཱི་ཡཿ་ཙ་ཏུརྠ། ཏུརྻ་རྣམས་ཡང་ནའོ། །པྲཱཔྟ་ཨཱ་བནྣ་འང་གཉིས་པའི་འོ། །དུས་རྣམས་ཀྱི་ཚད་ལའོ། །ཤཽཎྜ་རྣམས་ཀྱི་བདུན་པའིའོ། །གྲུབ་པཿ་བསྐམས་པཿ་ཚོད་པ་འཆིང་བ་རྣམས་ཀྱི་འང་ངོ༌། །ཀུཿ་ག་ཏིཿ་པྲ་ལ་སོགས་པ་རྣམས་ཀྱང་ངོ༌། །
ཨཱུ་རཱི་སོགས་དང༌། ཙྭི་ཌཱ་ཙ་རྣམས་ཀྱང་ངོ༌། །ཏི་རས་ཀྱི་ཡང་ནའོ། །རྣམ་དབྱེ་གཅིག་ལའང་སྔ་མ་མ་ཡིན་པའི་ངེས་ཚིག་ལའོ། །གོ་བུད་མེད་དག་གི་ཨུ་པ་སརྫའི་འོ། །སྔ་མའི་དུསཿ་ཨེ་ཀཿ་སརྦཿ་ཛ་རཏཿ་པུརཱ་ཎ་རྣམས་གཅིག་མ་ཡིན་པ་ལའང་མཉམ་པའི་ལྷག་པར་བྱེད་པ་ལའོ། །དེའི་སྐྱེས་བུ་མཉམ་པའི་ལྷག་པར་བྱེད་པ་ལས་འཛིན་པའོ། །སྐྱེས་པ་དང་འདྲ་བར་ལས་འཛིན་རིགས་ཡུལ་རྣམས་ལའོ། །ཉེ་བར་སྦྱོར་བ་རྣམས་མཉམ་པར་བརྗོད་པས་སོ། །ཉེ་བར་སྦྱོར་བ་བྱཱ་གྷྲ་ལ་སོགས་པ་རྣམས་ཀྱིས་སོ། །ཁྱད་པར་ཁྱད་པར་གྱིས་མང་པོ་ལའོ། །ནཉའི་འོ། །ནཉའི་ན་དབྱིའོ། །དེ་ལས་ཨཙ་ལ་ནུཊའོ། །ན་བྷྲཱཊཿ་ན་པཱཏཿ་ན་བེ་དཿ་ནཱ་ས་ཏྱཿ་ན་མུ་ཙིཿ་ན་ཀུ་ལཿ་ན་ཁཿ་ན་པུམ་ས་ཀཿ་ནཀྵ་ཏྲཿ་ནགྣཿ་ནཀྲཿ་ནཱ་ག་རྣམས་ལ་རང་བཞིན་གྱིས་སོ། །སཏཿ་མ་ཧཏཿ་པ་ར་མཿ་ཨུཏྟ་མཿ་ཨུཏྐྲྀཥྚ་རྣམས་མཆོད་པ་སེམས་པ་རྣམས་ཀྱིའོ། །མ་ཧཏ་ཀྱི་མཉམ་པའི་ལྷག་པར་བྱེད་པ་དང་རིགས་དག་ལ་ཨཱཏའོ། །དེ་ཕན་གྱི་དོན་ཚིག་ཕྱི་མ་མཉམ་དུ་འདུས་པ་ལའང་ངོ༌། །ཕྱོགས་ཀྱི་ཚིག་སྔ་མ་ལས་མིང་མ་ཡིན་པ་ལ་ཉའོ། །ཕྱོགས་གྲངས་དག་ལ་མིང་ལའོ། །གྲངས་ཐོག་མ་ཅན་ནི་ཕྱོགས་གཉིས་པའོ། །འདུས་པ་ལ་ཟས་ལའོ། །ཕྱོགས་གཉིས་པའི་བུ་བརྒྱུད་མ་ཡིན་པ་ལ་དབྱིའོ། །དེ་ཡིས་རྫས་བརྗེ་བ་ལའོ། །ལྷག་པའི་དོན་སྔ་མ་ལས་ཕྱོགས་གཉིས་པ་ལ་མིང་མ་ཡིན་པ་ལ་དབྱིའོ། །གོ་ཡིས་དེ་ཕན་དབྱི་བ་མ་ཡིན་ནོ། །ཕྱོགས་གཉིས་པ་ལ་གཅིག་ཚིག་གོ །དེ་མ་ནིང་ངོ༌། །ཕྱོགས་གཉིས་པ་ཨ་ཡིག་མཐའ་ཚིག་ཕྱི་མ་ལའོ། །ཨཱ་པ་མཐའ་ལ་ཡང་ནའོ། །ཨཾ་གུ་ལི་ལས་དའི་སྐྱེས་བུའི་གྲངས་མི་ཟད་པ་སོགས་ཀྱིའོ། །ཨ་ཧན་སརྦ་སཾ་ཁྱཱ་ཏཿ་པུ་ཎྱ་རྣམས་ལས་རཱ་ཏྲི་ལས་ཀྱང་ངོ༌། །རཱ་ཏྲིཿ་ཨ་ཧ་ནཿ་ཨ་ཧ་རྣམས་སྐྱེས་པའོ། །རཱ་ཛནཿ་ཨ་ཧནཿ་ས་ཁི་རྣམས་ལས་ཊཙའོ། །ཨ་ཧན་གྱི་ཊ་ཁ་དེ་དག་ལས་ངེས་པའོ། །ཨ་ཧན་གྱི་ཨཧྣ་འདི་རྣམས་ལས་སོ། །ཨ་ཧན་གྱི་ཨཏ་མཐའ་ལས་སོ། །གྲངས་ལ་སོགས་པའི་ཀུན་སྡུད་པ་ལ་མ་ཡིན་ནོ། །ཨུཏྟ་མ་ཨེ་ཀ་དག་ལས་ཀྱང་ངོ༌། །ཨུ་རས་ལས་ཙུབ་ལས་སོ། །ཨ་ནསཿ་ཨཤྨཿ་
ཨ་ཡསཿ་ས་རས་རྣམས་ཀྱི་རིགས་མིང་དག་ལས་སོ། །གྲཱ་མ་ཀཽ་ཊ་དག་ལས་ཀྱང་ཏཀྵི་ལས་སོ། །ཨ་ཏི་ལས་ཤྭ་ན་ལས་སོ། །ཉེ་བར་འཇལ་བ་ལས་སྲོག་ཆགས་མ་ཡིན་པ་རྣམས་ལའོ། །ཨུཏྟ་ར་མྲྀ་ག་པཱུརྦ་རྣམས་ལ་སཀྠི་ལས་ཀྱང་ངོ༌། །ནཽ་ལས་ཕྱོགས་གཉིས་པ་ལས་སོ། །ཨརྡྷ་ལས་ཀྱང་ངོ། །ཁྭཱ་རཱི་ལས་ཤར་བ་རྣམས་ཀྱིའོ། །དྭི་ཏྲི་དག་ལས་ཨཉྫ་ལི་ལས་སོ། །བྲཧྨན་ལས་ཡུལ་བརྗོད་པ་ལའོ། །ཀུ་མ་ཧཏ་དག་ལས་ཡང་ནའོ། །དེ་ལ་བདུན་པ་གནས་པ་ལ་ཉེ་བའི་ཚིག་གོ །ཉེ་བའི་ཚིག་ལ་ཏིང་མ་ཡིན་པ་ལའོ། །ཏུ་མུན་ཎུལ་དག་དང་བྱ་བ་སྦྱོར་བ་བདུན་པའི་ཡུལ་ཏིང་མཐའ་མ་ཡིན་པའི་ཉེ་བའི་ཚིག་གིའོ། །མི་ཟད་པའི་ངེས་པར་ཨམའོ། །གསུམ་པ་སོགས་རྣམས་ཡང་ནའོ། །ཀྟྭཱ་ཡང་ངོ༌། །ཨུ་པ་ཛྙཱཿ་ཨུ་པ་ཀ་མ་དེ་སོགས་འདོད་པ་ལའོ། །ཚཱ་ཡཱ་མང་པོ་ལའོ། །རཱ་ཛན་དང་མི་མ་ཡིན་པ་སྔ་མའི་ས་བྷཱ་ལའོ། །མགྲོན་ཁང་མ་ཡིན་པ་ལའང་ངོ༌། །སེ་ནཱ་སུ་རཱཿ་ཚཱ་ཡཱཿ་ཤཱ་ལཱཿ་ནི་ཤཱ་རྣམས་ཀྱི་འདམ་ཀའོ། །རྟགས་ཕ་རོལ་འདྲ་བར་ཟླས་དབྱེ་དེའི་སྐྱེས་བུ་དག་གིའོ། །སྔ་མ་འདྲ་བར་ཨ་ཤྭ་བ་ཌ་བ་དག་གོ །ཨརྡྷ་རྀ་ཙའི་ཡང་ནའོ། །དྭི་ཨཥྚན་དག་གི་གྲངས་ལ་འབྲུ་མང་པོ་དང་བརྒྱད་ཅུ་མ་ཡིན་པ་དག་ལའོ། །ཏྲིའི་ཏྲ་ལས་སོ། །ཙ་ཏྭཱ་རིཾ་ཤཏ་སོགས་ཐམས་ཅད་རྣམས་ཀྱི་འདམ་ཀའོ། །དུ་མ་གཞན་གྱི་ཚིག་གི་དོན་ལའོ། །བདུན་པ་ཁྱད་པར་དུ་འབྲུ་མང་པོ་ལའོ། །བུད་མེད་ཀྱི་སྐྱེས་པ་ཅན་བཤད་པ་ཨཱུང་མ་ཡིན་པའི་བུད་མེད་ལ་མཉམ་པའི་ལྷག་པར་བྱེད་པ་ལ་རྫོགས་པ་དང་པྲི་ཡ་སོགས་མ་ཡིན་པ་ལ་སྐྱེས་པ་བཞིན་ནོ། །མ་ཡིན་ཞིང་རྫོགས་པ་ཚད་དག་ལས་སོ། །ན་དཱི་རྀཏ་ལས་ཀྱང་ངོ༌། །ཏ་སི་ལ་སོགས་ནས་ཀྲྀ་ཏྭ་སུཙའི་བར་རྣམས་སོ། །ཀྱང་མཱ་ནི་ནི་དག་ལས་ཀྱང་ངོ༌། །ཀ་ཨུ་པ་དྷཱའི་མ་ཡིན་ནོ། །མིང་རྫོགས་པ་དག་ལས་ཀྱང་ངོ༌། །འཕེལ་བའི་རྒྱུ་མཚན་ཅན་གྱི་དེ་ཕན་གྱིའང་དམར་པོར་བྱེད་པ་མ་ཡིན་པ་ལའོ། །རང་ལུས་ལས་ཀྱང་ཨཱིཏ་ཀྱི་མཱ་ནི་ནཱི་མ་ཡིན་པ་ལའོ། །རིགས་ཀྱིའང་ངོ༌། །གྲངས་ཀྱི་མི་ཟད་པ་ཨཱ་སནྣཿ་ཨ་དཱུ་རཿ་ཨ་དྷི་ཀ་རྣམས་དང་གྲངས་རྣམས་གྲངས་ལའོ། །འབྲུ་མང་པོ་ལ་གྲངས་ལ་ཌཙ་སྟེ་བ་ཧུ་ག་ཎ་མ་ཡིན་པ་ལས་སོ། །བི་ཤ་ཏིའི་ཌ་འགྲོ་བ་ལ་ཏིའོ། །
ཕྱོགས་མཚམས་ཀྱི་མིང་ལའོ། །དེ་ལ་དེས་འདི་ཞེས་རང་བཞིན་མཐུན་པ་ནའོ། །གཞན་ཡང་མཐོང་ངོ༌། །གཡུལ་གྱི་ལས་ལ་ཨི་ཙའོ། །ཨུའི་ཡོན་ཏན་ནོ། །དེ་ཡིས་ས་ཧ་ཞེས་པའི་མཉམ་པའི་སྦྱོར་བ་ལའོ། །ཡང་ན་ཉེར་བསྒྱུར་རོ། །འབྲུ་མང་པོ་ལ་སཀྠི་ཨཀྵི་དག་ལ་གཟུགས་མཛེས་པ་ལས་ཥཙའོ། །ཨངྒུ་ལ་ལ་ཤིང་ལའོ། །དྭི་ཏྲི་དག་ལས་མཱུརྡྷན་ལས་སོ། །ཨནྟར་བ་ཧིར་དག་ལས་ཀྱང་ལོ་མན་ལས་སོ། །སྠཱ་ལ་མ་ཡིན་པ་ལས་ནཱ་སི་ཀའི་མིང་ལ་ཨཙ་སྟེ་ནས་ཀྱང་ངོ༌། །སྔ་མའི་ཚིག་ལས་མིང་ལ་ག་མ་ཡིན་པ་ལས་སོ། །ཉེར་བསྒྱུར་ལས་ཀྱང་ངོ༌། །ཉེར་བསྒྱུར་ལས་མང་པོའོ། །ནཉ་དུར་སུ་རྣམས་ལས་ཧ་ལི་སཀྠི་ལས་ཡང་ནའོ། །པྲ་ཛཱ་མེ་དྷ་དག་ལ་རྟག་ཏུ་ཨ་སིཙའོ། །གཅིག་ལས་དྷརྨ་ལས་ཨ་ནི་ཙའོ། །དཀྵི་ཎེརྨཱ་བསྣུན་པའི་སྦྱོར་བ་ལའོ། །པྲ་སམ་དག་ལ་ཛཱ་ནུན་གྱི་ཛྙུའོ། །དྷ་ནུཥའི་འང་ངོ༌། །ཛཱ་ཡཱའི་ནིང་འོ། །ཝ་ཡ྄ དག་གི་ཝལ་ལ་དབྱིའོ། །གནྡྷའི་ཨུཏཿ་པཱུ་ཏིཿ་སུ་སུ་ར་བྷི་རྣམས་ལས་ཨིཏ་འོ། །ཆུང་ངུ་བརྗོད་པ་ལའོ། །ཉེ་བར་གཞལ་བ་ལའོ། །ཧསྟི་སོགས་རྣམས་མ་ཡིན་པ་ལས་པཱ་དའི་དབྱིའོ། །ཀུམྦྷ་པཱ་དཱི་རྣམས་ལའང་ངོ༌། །གྲངས་དང་སུ་སྔ་མའི་འོ། །ན་ཚོད་ལ་དནྟའི་ད་ཏྲྀའོ། །ཨ་ག་ཨནྟ་ཤུདྡྷ་ཤུ་བྷྲཿ་བྲྀ་ཥ་བཱ་རཱ་ཧ་རྣམས་ལས་ཀྱང་ངོ༌། །ཀ་ཀུ་ད་ཡི་ན་ཚོད་ལ་དབྱིའོ། །ཨུཏ་བི་དག་ལས་ཀ་ཀུ་ད་ཡིའོ། །སུ་ཧྲྀ་དཿ་དུརྷྲྀ་དག་གྲོགས་དང་གྲོགས་མིན་དག་ལས་སོ། །ཨུ་རས་སོགས་རྣམས་ལས་ཀཔའོ། །ཨིན་ལས་བུད་མེད་ལའོ། །ཀབ་ལ་མ་ཡིན་ནོ། །ལྷག་མ་ལས་འདམ་ཀའོ། །ཨཱབ་ཀྱི་ཡང་ནའོ། །མིང་ལ་མ་ཡིན་ནོ། །ཨཱི་ཡས་ཀྱི་འང་ངོ༌། །བསྟོད་པ་ལ་བྷྲཱ་ཏྲྀ་ཡིའོ། །སརྦཱ་ནཱ་མ་གྲངས་དག་གིའོ། །ཨིནྡུ་སོགས་རྣམས་ལས་མ་ཡིན་ནོ། །ནིཥྛཱའོ། །ཨཱ་ཧི་ཏ་ཨགྣི་སོགས་རྣམས་ལ་ཡང་ནའོ། །དང་གི་དོན་ལ་ཟླས་དབྱེའོ། །ཟླས་དབྱེ་ལ་གྷིའོ། །ཨཙ་དང་པོ་ཨཏ་མཐའོ། །ཨཙ་ཉུང་ངུའོ། །ཟླས་དབྱེ་ལ་སྲོག་ཆགས་དངཿ་རོལ་མོ་དངཿ་དཔུང་རྣམས་ཀྱི་ཡན་ལག་ལའང་ངོ༌། །སྲོག་ཆགས་མ་ཡིན་པའི་རིགས་རྣམས་ཀྱིའོ། །གྲོང་ཁྱེར་མ་ཡིན་པའི་ཡུལ་དང་ཆུ་བོ་རྣམས་ཀྱི་རྟགས་ཐ་དད་པའིའོ། །སྲོག་ཆགས་ཕྲ་མོ་རྣམས་
སོ། །གང་རྣམས་ཀྱི་གཏན་གྱི་དགྲ་རྣམས་ཀྱིའོ། །དམངས་རིགས་རྣམས་ཀྱི་མི་གནས་པ་མ་ཡིན་པ་རྣམས་ཀྱིའོ། །བ་ལང་ལ་སོགས་པ་རྣམས་ཀྱི་འང་ངོ༌། །ལྗོན་ཤིང་དངཿ་རི་དགས་དངཿ་རྩྭ་དངཿ་འབྲུ་དངཿ་བྱ་ན་དངཿ་ཕྱུགས་དངཿ་བྱ་དངཿ་རྟ་དངཿ་རྒོད་མ་དངཿ་ཤར་དངཿ་གཞན་དངཿ་མཆུ་དངཿ་བྱང་རྣམས་ཀྱི་ཡང་ནའོ། །འགལ་བ་རྫས་མེད་པ་རྣམས་ཀྱི་བརྗོད་པ་ལའང་ངོ༌། །དདྷི་པ་ཡས་ལ་སོགས་པ་རྣམས་མ་ཡིན་ནོ། །ཟླས་དབྱེ་ལ་རྀཏ་རྣམས་ཀྱི་ཨཱ་ནང་འོ། །ལྷ་ལའང་ཟླས་དབྱེ་ལའོ། །ཨགྣིའི་སོ་མ་བ་རུ་ཎ་དག་ལ་ཨི་ཏའོ། །ཨགྣི་ལས་སྟུཏ་སྟོམ་སོམ་རྣམས་སོ། །འཕེལ་བ་ལ་ཨིཏའོ། །ཟླས་དབྱེ་ལས་ཙུ་དྲྀཥ་ཧ་མཐའ་ལས་ཀུན་སྡུད་ལའོ། །སྐྱེས་པ་ལས་བུད་མེད་ཀྱིའོ། །སྤུན་ཟླ་དང་བུ་དག་ལ་སྲིང་མོ་དང་བུ་མོ་དག་གིའོ། །མ་ནིང་ལ་མ་ནིང་མ་ཡིན་པའི་གཅིག་འདྲ་བའང་འདིའི་ཡང་ནའོ། །ཕ་ལ་མ་ཡིའོ། །གྱོས་བོ་ལ་སྒྱུག་མོའི་འོ། །ཏྱད་སོགས་རྣམས་ལ་ཐམས་ཅད་རྣམས་ཀྱི་རྟག་ཏུའོ། །གྲོང་གི་ཕྱུགས་འདུས་པ་རྣམས་ལ་གཞོན་ནུ་མ་ཡིན་པ་ལ་བུད་མེད་འོ། །རྀ་ཙ་བུར་དྷུར་བ་ཐིན་རྣམས་ཀྱི་ཨཀྵ་མ་ཡིན་པ་ལས་ཨཔའོ། །དྭེ་ཨནྟར་ཉེར་བསྒྱུར་རྣམས་ལས་ཨ་བ་ཀྱི་ཨཱི་ཏའོ། །ཨ་ནུ་ལས་ཡུལ་ལ་ཨཱུཏའོ། །པྲ་ཏི་ཨ་ནུ་ཨ་བ་སྔོན་མ་ལས་སཱ་མ་ལོ་མན་ལས་ཨཙའོ། །ཨཀྵིའི་མི་མཐོང་བ་ལས་སོ། །ཨ་ཙ་ཏུ་རཿ་བི་ཙ་ཏུ་རཿ་སུ་ཙ་ཏུ་རཿ་སྟྲཱི་པུཾ་སཿ་དྷེ་ནྭ་ན་ཌུཧཿ་རྀཀ་སཱ་མཿ་ཝཱདྨ་ནསཿ་ཨཀྵི་བྷྲུ་བཿ་དཱ་ར་ག་བཿ་ཨཱུརྦཥྛི་བཿ་བ་དཥྛི་བཿ་ནཀྟཾ་དི་བཿ་རཱི་ཏྲཾ་དི་བཿ་ཨ་ཧརྡི་བཿ་ས་ར་ཛ་སཿ་ནི་ཤྲེ་ཡ་སཿ་པུ་རུ་ཥཱ་ཡུ་ཥཿ་དྭྱཱ་ཡུ་ཥཿ་ཏྲྱཱ་ཡུ་ཥཿ་རྀཀྻ་ཛུ་ཥཿ་ཛ་ཏེཀྵཿ་བྲྀདྡྷྭ་ཀྵཿ་ཨུ་པ་ཤུནཿ་གོཥྛ་ཤྭ་རྣམས་སོ། །བྲཧྨ་ཧསྟི་དག་ལས་བརྩྩས་ལས་སོ། །ཨ་བ་སཾ་ཨནྡྷ་རྣམས་ལས་ཏ་མས་ལའོ། །ཨ་ནུ་ཨ་བ་ཏཔྟ་ལས་ར་ཧས་ལས་སོ། །པྲ་ཏི་ལས་ཨུ་རས་ལས་སོ། །ཨ་ནུ་ལས་གོ་ལ་རྒྱས་པ་ལའོ། །བསྟོད་པ་ལས་མ་ཡིན་ནོ། །ཀིམ་གྱི་ཕྲག་དོག་ལའོ། །ན་ཉའི་དེའི་སྐྱེས་བུ་ལས་སོ། །པ་ཐིན་གྱི་འདམ་ཀའོ། །མིང་ལ་ཨུ་ད་ཀའི་ཨུ་དའོ། །པེཥ་བཱ་ས། བཱ་ཧ་ན་དྷི་རྣམས་ལ་ཡང་ངོ༌། །དང་པོར་ཧལ་གཅིག་པ་ལ་གང་བར་བྱེད་
པ་ལ་ཡང་ནའོ། །མནྠཿ་ཨོ་ད་ནཿ་སཀྟུཿ་བིནྡུཿ་བཛྲབྷཱ་རཿ་ཧཱ་ར་བཱིཿ་བ་དྷཿ་གཱ་ཧ་རྣམས་ལ་འང་ངོ༌། །ཨེ་ཀཱའི་དེ་ཕན་ལ་འང་ངོ༌། །དཱི་བ་ཨཱཔ་དག་གི་མིང་སྡེ་བ་སྦྱོརྡག་ལས་མང་པོའོ། །ཨིཥྚ་ཀཱཿ་ཨཱི་ཥཱི་ཀཱཿ་མཱ་ལཱ་རྣམས་ཀྱི་ཙི་ཏ་ཧཱུ་ལ་བྷཱ་ར་རྣམས་ལའོ། །བནྡྷུ་ཥུཿ་ཛྱོ་ཏི་ཥཿ་ཛ་ན་པ་དཿ་རཱ་ཏྲིཿ་ནཱ་བྷིཿ་ནཱ་མཿ་གོ་ཏྲཿ་རཱུ་པཿ་སྠཱ་ནཿ་བརྞཿ་པ་ཡསཿ་པ་ཙ་ནཿ་བནྡྷུ་རྣམས་ལའོ། །སྤྱོད་པ་ལ་བྲཧྨ་ཙཱ་རི་ལའོ། །ཏཱིརྠ་ལ་ཡ་ལའོ། །ཨུ་དར་ལ་འདམ་ཀའོ། །དྲྀ་ཀ་དྲྀ་ཤ་བ་ཏུ་རྣམས་ལའོ། །ཨི་དཾ་ཀིཾ་དག་གི་ཨཱི་ཤ་ཀཱི་དག་གོ །སརྦ་ནཱ་མའི་ཨཱའོ། །དྲུག་པ་དང་གསུམ་པ་དག་གནས་པ་མ་ཡིན་པའི་ཨ་ནྱ་ཀྱི་དུ་ཀ་ཨཱ་ཤཱིཥ་ཨཱ་ཤཿ་ཨཱསྠཱཿ་ཨཱསྠི་ཏཿ་ཨུཏྶུ་ཀཿ་ཨཱུ་ཏིཿ་ཀཱ་ར་ཀཿ་རཱ་གཿ་ཚ་རྣམས་ལའོ། །ཀུའི་ཀཏ་དེའི་སྐྱེས་བུ་ལ་ཨཙའོ། །ར་ཐ་པ་ད་དག་ལས་ཀྱང་ངོ༌། །ཏྲྀ་ཎ་ལའང་རིགས་ལའོ། །པ་ཐིན་ཨཀྵ་དག་ལས་ཀཱའོ། །ཆུང་ངུའི་དོན་ལའང་ངོ༌། །པུ་རུ་ཥལ་གདམ་ངའོ། །ཨུཥྞ་ལ་ཀ་པའང་ངོ༌། །པྲྀ་ཥོ་ད་ར་ལ་སོགས་པ་རྣམས་གང་ལེགས་པ་རྣམས་སུའོ། །ན་ཧི་བྲྀ་ཏིཿ་བྲྀ་ཛིཿ་བྱ་དྷིཿ་རུ་ཙིཿ་ས་ཧིཿ་ཏ་ནི་རྣམས་ལ་ཀྭི་པ་ལའོ། །པ་ན་གི་རི་དག་ལས་མིང་ལ་ཀོ་ཊ་ར་ཀིཾ་ཤུ་ལུ་ཀ་སོགས་རྣམས་ཀྱིའོ། །པ་ནའི་པུ་ར་ཀཱཿ་མི་ཤྲ་ཀཱཿ་སི་དྷྲ་ཀཱཿ་ས་རི་ཀཱཿ་ཀོ་ཊ་རཿ་ཨ་གྲ་རྣམས་ལས་སོ། །པྲ་ནིརཿ་ཨནྟརཿ་ཤརཿ་ཨིཀྵུ་པླཀྵཿ་ཨཱ་མྲཿ་ཀཱཪྴྱཿ་ཁ་དི་རཿ་པཱི་ལུཿ་ཨཱུཀྵཱ་རྣམས་ལས་མིང་ལ་ཡང་ངོ༌། །ཉེར་བསྒྱུར་གྱི་གྷཉ་ལ་མི་མ་ཡིན་པ་ལ་མང་པོར་རོ། །སྨན་རྣམས་ལ་བ་ནའི་གདམ་ངའོ། །ཨི་རི་ཀཱ་སོགས་རྣམས་ལས་མ་ཡིན་ནོ། །པཱ་ནའི་ཡུལ་ལའོ། །དངོས་པོ་དང་བྱེད་པ་དག་ལས་ཡང་ནའོ། །གི་རི་ན་དཱི་སོགས་རྣམས་ཀྱི་ཡང་ནའོ། །མིང་ནུམ་རྣམ་དབྱེ་རྣམས་ལའང་ངོ༌། །ཡུ་བན་སོགས་ཀྱི་མ་ཡིན་ནོ། །ཀུ་ལྡན་པ་ལའང་ངོ༌། །ཚིག་བར་ན་ཡོད་པ་ལའང་ངོ༌། །པཱ་རསྐ་ར་ལ་སོགས་པ་རྣམས་ཀྱང་མིང་ལའོ། །ཨ་དྷ་ཤི་ར་ཤིའི་པ་ད་ལའོ། །སྟོ་ཀ་ལ་སོགས་པ་རྣམས་ལྔ་པའི་འོ། །ཨོ་ཛསཿ་ས་ཧསཿ་ཨམྦྷསཿ་ཏ་མས་ལས་གསུམ་པའི་འོ། །མ་ནས་ལས་མིང་ལའོ། །ཨཱ་ཛྙཱ་ཡིན་ལའང་ངོ༌། །ཨཱཏྨན་ལས་ཀྱང་
རྫོགས་པ་ལའོ། །པྲ་ཀྲྀ་ཏི་སོགས་རྣམས་ལས་ཀྱང་ངོ༌། །བརྡ་སྤྲོད་པའི་མིང་ལ་བཞི་པ་ཡའི་འོ། །པ་རའི་འང་ངོ༌། །ཧལ་ཨཏ་མཐའ་ལས་བདུན་པའི་མིང་ལའོ། །ག་བཱི་ཡུ་དྷི་དག་ལས་སྠི་རའི་འོ། །ཧྲྀད་དིབ་དག་ལས་ཀྱང་ངོ༌། །མ་དྷྱ་ལས་གུ་རུ་ལའོ། །ཨནྟ་ལས་ཀྱང་ངོ༌། །མཱུརྡྡྷ་མསྟ་ཀ་ཀཱ་མ་ལ་མ་ཡིན་ཞིང་རང་ལུས་ལས་སོ། །བནྡྷ་ལའང་གདམ་ངའོ། །དེའི་སྐྱེས་བུ་ལ་ཀྲྀཏ་ལ་མང་པོའོ། །པྲཱ་བྲྀཥ་ཤ་རཏ་ཀཱ་ལ་དཱིཔ་རྣམས་ཀྱི་ཛ་ལའོ། །བཪྵཿ་ཀྵརཿ་ཤ་རཿ་བར་ལས་གདམ་ངའོ། །ཤ་ཡཿ་པཱ་སཿ་པཱ་སིན་རྣམས་ལ་དུས་མ་ཡིན་པ་ལའོ། །དྲུག་པ་ནི་ཁྲོས་ཚིག་ལའོ། །ཝཱཀ་དི་ཤ་པ་ཤྱཏ་རྣམས་ལ་ཡུཀྟིཿ་དཎྜཿ་ཧ་ར་རྣམས་ལའོ། །ཤྭན་ལས་ཤེ་ཕཿ་པུཙྪ་ལཱངྒུ་ལ་རྣམས་ལའོ། །པུ་ཏྲ་ལ་ཡང་ནའོ། །རིཏ་ལས་རིག་པ་སྐྱེ་གནས་འབྲེལ་པ་རྣམས་ལས་སོ། །སྭ་སྲྀ་པ་ཏི་དག་ལ་གདམ་ངའོ། །མཱ་ཏྲྀ་པི་ཏྲྀ་དག་ལས་སྭ་སྲྀ་འོ། །མཱ་ཏྲྀ་བི་ཏྲྀ་དག་ལ་ཡང་ནའོ་ཞེས་པ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མདོ་ལས་ཚིག་སྡུད་རྣམས་རྫོགས་སོ།། །།རྩེས་པ་ལས་གོང་དུ་ཨཎའོ། །དེའི་བུ་བརྒྱུད་ལའོ། །ཡང་དག་པའི་དོན་རྣམས་ཀྱི་ཐོག་མ་ལས་ཡང་ནའོ། །དེ་ཕན་རྣམས་ལ་ཨཙ་རྣམས་ཀྱི་དང་པོའི་འོ། །བུ་བརྒྱུད་ལ་བུའི་བུ་ལ་སོགས་པ་རྣམས་ལ་རིགས་ལའོ། །རིགས་ལ་གཅིག་པའོ། །ཨཏ་ལས་ཨིཉའོ། །ཡཉ་ཨིཉ་དག་ལས་སོ། །ཀ་འགྲོ་བ་ལའང་ངོ༌། །གརྒ་སོགས་རྣམས་ལས་ཡཉའོ། །ཡཉ་ཨཉ་དག་གི་འང་ངོ༌། །བུ་བརྒྱུད་ཀྱིའང་དེ་ཕན་ལ་ཨཱཏ་མ་ཡིན་པ་ལའོ། །བ་ཧུ་ལ་སོགས་པ་རྣམས་ལས་ཀྱང་ངོ༌། །སུ་བྷཱ་ཏྲྀའི་ཨ་ཀང་ངོ༌། །ཡ྄ ཝ྄ ཚིག་དང་པོ་དག་གི་མ་ཡིན་ཞིང་དེ་དག་གི་ཨཻཙའོ། །ཀུཉྫ་སོགས་རྣམས་ལས་རིགས་ལའང་ཙྥཉའོ། །པྲཱཏ་ལས་ཙྥཉ་ལ་བུད་མེད་མིན་པ་ལའོ། །ཉྱ་སོགས་རྣམས་དེའི་རྒྱལ་པོའོ། །དེའི་རྒྱལ་པོ་མང་པོ་རྣམས་ལ་བུད་མེད་མ་ཡིན་པ་ལ་དེ་ཡིས་སོ། །ན་ཌ་སོགས་རྣམས་ལས་ཕ་ཀའོ། །ཤི་བ་སོགས་ལ་ཨཎ་འོ། །དྲང་སྲོང་ཨནྡྷ་ཀཿ་བྲྀཥྞཿ་ཀུ་རུ་རྣམས་ལས་ཀྱང་ངོ༌། །གྲངས་སམཿ་བྷ་དྲ་སྔོན་མའི་མཱ་ཏྲཱྀ་ལས་ཨུཏའོ། །ཀ་ནྱཱ་གྱི་ཀ་ནཱི་ནའང་ངོ༌། །བུད་མེད་རྣམས་ལས་ཌྷ་ཀའོ། །ཤུ་བྷྲ་ལ་སོགས་པ་རྣམས་ལས་ཀྱང་ངོ༌། །ཀ་དྲཱུ་མ་ཡིན་པའི་ཌྷ་ལ་
དབྱིའོ། །ཨིཏ་ལས་ཀྱང་ཨིཉ་མ་ཡིན་པ་ལས་སོ། །ཀ་ལྱཱ་ཎཱི་ལ་སོགས་པ་རྣམས་ཀྱི་ཨི་ནང་ངོ༌། །ཧྲྀདཿ་བྷ་གཿ་སིནྡྷུ་རྣམས་མཐའ་ལ་ཚིག་སྔ་མའི་འང་ངོ༌། །ཀུ་ལ་ཊཱའི་ཡང་ནའོ། །ཙ་ཊ་ཀཱ་ལས་ཨཻ་རཀའོ། །གོ་དྷཱ་ལས་ཌྷ་ཀའོ། །ཕྲ་མོ་རྣམས་ལས་ཡང་ནའོ། །པི་ཏྲི་ཥྭ་སྲྀ་ལས་ཚཎ་འོ། །ཌྷཀ་ལ་དབྱིའོ། །མཱ་ཏྲི་ཥྭ་སྲྀ་ལས་འང་ངོ༌། །རཱ་ཛན་ཤྭ་སུ་ར་ལས་ཡཏའོ། །རཱ་ཛན་ལས་རིགས་ལ་ཡཏའོ། །ཀྵ་ཏྲ་ལ་གྷའོ། །ཀུ་ལ་ལས་ཁའོ། །ཚིག་སྔོན་ན་མེད་པ་ལས་ཡཏ་ཌྷཀ་ཉ་དག་ཡང་ནའོ། །མ་ཧཱ་ཀུ་ལ་ལས་ཨཉ་ཁཉ་དག་གོ །དུཥྐུ་ལ་ལས་ཌྷཀའོ། །སྭ་སྲྀ་ལས་ཚའོ། །བྷྲཱ་ཏྲྀ་ལས་བྱཏ་འང་ངོ༌། །དགྲ་བོ་ལ་བྱན་ལའོ། །རེ་བ་ཏཱི་ལ་སོགས་པ་རྣམས་ལས་ཋཀའོ། །ཋའི་ཨིཀའོ། །དྲང་སྲོང་མ་ཡིན་པའི་རྒྱུན་མ་ཆད་པ་ལ་བི་ད་ལ་སོགས་པ་རྣམས་ལས་ཨཉའོ། །ཡསྐ་ལ་སོགས་པ་རྣམས་ལས་རིགས་ལའོ། །ཨ་ཏྲྀ་བྷྲྀ་གུ་ཀུཏྶ་བ་སིཥྛཿ་གོ་ཏ་མཿ་ཨངྒི་རས་རྣམས་ལས་ཀྱང་ངོ༌། །ལྗོངས་ཀྱི་སྒྲ་ལས་རྒྱལ་རིགས་ལས་ཨཉའོ། །ཐུང་ངུ་ཡང་བའོ། །ཡང་དག་པར་སྦྱོར་བ་ལ་ལྕི་བའོ། །རིང་པོའང་ངོ༌། །དྲང་སྲོང་མ་ཡིན་པ་ལྕི་བ་མཐའ་ཉེ་ལྡན་པ་ལས་རིགས་ལ་ཨན་ཨིཉ་དག་ནི་ཥྱང་འོ། །ཨ་ཤྭ་པ་ཏི་ལ་སོགས་པ་རྣམས་ལས་ཀྱང་ངོ༌། །དི་ཏིཿ་ཨ་དི་ཏིཿ་ཨཱ་དི་ཏྱ་པ་ཏི་ཚིག་ཕྱི་མ་ལས་ཎྱའོ། །ཨུཏྶ་ལ་སོགས་པ་རྣམས་ལས་ཨཉའོ། །སྟྲཱི་པུཾ་ས་དག་ལས་དངོས་པོ་ལ་ནཉ་སྣཉ་དག་གོ །དེ་ཡིས་བཙོས་པའི་ཚོས་ལས་སོ། །ལཱ་ཀྵཱཿ་རོ་ཙ་ནཿ་ཤ་ཀ་ལཿ་ཀརྡྡ་མ་རྣམས་ལས་ཋཀའོ། །རྒྱུ་སྐར་གྱི་སྦྱོར་བའི་དུས་ལའོ། །མཉམ་པར་ལྟ་བ་ལའོ། །ཤིང་རྟ་ཡོངས་སུ་དཀྲིས་པའོ། །སྣོད་རྣམས་ལ་དེར་བླུགས་པ་ལའོ། །ཟས་ལེགས་པར་སྦྱར་བ་རྣམས་སོ། །དེ་འདི་ལ་ཟླ་བ་ཉ་གང་བའི་མིང་ལའོ། །དེ་འདིའི་ལྷ་ཉིད་ལའོ། །ཀའི་ཨི་ཏའོ། །ཤུ་ཀྲ་ལས་གྷན་འོ། །སོ་མ་ལས་ཡཎའོ། །བཱ་ཡུཿ་རྀ་ཏུཿ་པི་ཏྲྀ་ཨུ་ཥས་རྣམས་ལས་ཡཏའོ། །རྀཏ་ཀྱི་རཱིང་འོ། །ཨགྣི་ལས་ཌྷཀའོ། །ལྷ་ཉིད་ལ་ཟླས་དབྱེ་ལའང་ངོ༌། །ཨིནྡྲ་ཕ་རོལ་གྱི་མ་ཡིན་ནོ། །རིང་པོ་ལས་ཀྱང་བ་རུ་ཎའི་འོ། །དེའི་ཚོགས་ལའོ། །བྷིཀྵ་ལ་སོགས་པ་རྣམས་ལ་ཨཎའོ། །རིགྶཿ་ཨུཀྵནཿ་ཨུཥྚྲཿ་ཨུརབྷྲཿ་རཱ་ཛཿ་རཱ་ཛ་ནྱཿ་
རཱ་ཛ་པུ་ཏྲཿ་བཏྶཿ་མ་ནུ་ཥྱཿ་ཨ་ཛ་ལས་བུཉའོ། །བྲྀདྡྷ་ལས་ཀྱང་ངོ༌། །ཀེ་དཱ་ར་ལས་ཡཉ་འང་ངོ༌། །ཡུ་བུ་དག་གི་ཨན་ཨ་ཀ་དག་གོ །ཀ་བ་ཙིན་ལས་ཋཉ་ཡང་ངོ༌། །བྲཱཧྨ་ཎཿ་མཱ་ན་པཿ་བཱ་ཌ་བ་ལས་ཡཏའོ། །གྲཱ་མཿ་ཛ་ནཿ་བནྡྷུཿ་ས་ཧཱ་ཡ་རྣམས་ལས་ཏལ་འོ། །སེམས་མེད་པ་ཧསྟིན་དྷེ་ནུ་ལས་ཋཀའོ། །ཨིས་ཨུས་ཨུཀ་མཐའ་རྣམས་ལས་ཀའོ། །པཱ་ཤ་ལ་སོགས་པ་རྣམས་ལས་ཡའོ། །ཨཱུ་ལའང་ངོ༌། །ཨི་ནིཿ་ཏྲ་ཀ་དྱཙ་རྣམས་ཀྱང་ངོ༌། །མཚོན་ཆ་ལས་དེ་འདི་ལ་རྩེ་བར་བྱེད་པ་ཞེས་པ་ལ་ཎའོ། །དེ་འདི་ལ་བྱ་བ་ཞེས་པའི་གྷཉ་ལ་ཉའོ། །ཤྱེ་ན་ཏི་ལའི་པཱན་ཉ་ལའོ། །དེ་བརྗོད་པ་དང་དེ་རིག་པའོ། །ཀྲ་མ་ལ་སོགས་པ་རྣམས་ལས་བུནའོ། །དེ་འདི་ན་ཡོད་པ་ཞེས་པ་ཡུལ་ལ་དེའི་མིང་ལའོ། །དེ་ཡིས་རྫོགས་པ་ལའོ། །དེའི་གནས་པ་ལའོ། །མི་རིང་བ་ཉིད་ལས་ཀྱང་ངོ༌། །ལྗོངས་ལ་དབྱིའོ། །བ་ར་ཎ་ལ་སོགས་པ་རྣམས་ལས་ཀྱང་ངོ༌། །ལྷག་མ་ལའོ། །དེར་སྐྱེས་པ་ལས་སོ། །པྲཱ་བྲྀཥ་ལས་ཋཀའོ། །དེ་ལ་དངོས་པོ་ལའོ། །དི་ཤ་ལ་སོགས་པ་རྣམས་ལས་ཡཏའོ། །ལུས་ཀྱི་ཆ་ཤས་ལས་ཀྱང་ངོ༌། །དེ་ལས་འོངས་པ་ལའོ། །གནས་ནས་འོངས་པ་ལ་ཋཀའོ། །དེ་འདིའི་གནས་ལའོ། །དེས་རབ་ཏུ་གསུང་བ་ལའོ། །བྱས་པའི་གཞུང་ལའོ། །དེའི་འདི་ལའོ། །ར་ཐ་ལས་ཡཏའོ། །གྲཱ་མ་ལས་ཡ་ཁཉ་དག་གོ །ན་དཱི་ལ་སོགས་པ་རྣམས་ལས་ཌྷཀའོ། །དཀྵི་ཎཱ་པཤྩཱཏ་པུ་རས་ལས་ཏྱཀའོ། །དིཔཿ་པྲཱཙཿ་ཨ་བཱཙཿ་ཨུ་དཱིཙཿ་པྲ་ཏཱིཙ་ལས་ཡཏའོ། །མི་ཟད་པ་ལས་ཏྱཔའོ། །ནི་ལས་བརྟན་པ་ལ་ཏྱཔའོ། །ཨཻཥཿ་མསཿ་ཧྱསཿ་ཤྭས་ལས་ཡང་ནའོ། །གང་གི་ཨཙ་རྣམས་ཀྱི་དང་པོ་འཕེལ་བ་དེ་འཕེལ་བའོ། །འཕེལ་བ་ལས་ཚ་འོ། །ཏྱད་ལ་སོགས་བ་རྣམས་ཀྱང་ངོ༌། །རྐྱེན་དང་ཚིག་ཕྱི་མ་དག་ལས་ཀྱང་ངོ༌། །བྷ་བཏ་ལས་ཋཀ་ཚཔ་དག་གོ ། ས་འགྲོ་བ་ལའང་ངོ༌། །ཨིཉ་ལས་ཀྱང་ངོ༌། །ག་ཧ་ལ་སོགས་པ་རྣམས་ལས་ཀྱང་ངོ༌། །ཛ་ན་པ་ར་དག་ལས་ཀུཀ་འང་ངོ༌། །ཡུཥྨད་ཨསྨད་དག་ལས་ཁཉ་ཡང་ནའང་ངོ༌། །དེ་ལ་ཨཎ་ལའང་ཡུཥྨཱ་ཀ་ཨསྨཱ་ཀ་དག་གོ །གཅིག་ཚིག་ལ་ཏ་བ་ཀ་མ་མ་ཀ་དག་གོ །མ་དྷྱ་ལས་མའོ། །ཨཱ་དི་ལས་
ཀྱང་ངོ༌། །ཨ་དྷས་ཀྱི་མཐའ་དབྱི་བའང་ངོ༌། །མཉམ་པ་ལ་ཨའོ། །དུས་ལས་ཋཉ་འོ། །ནི་ཤཱཿ་པྲ་དོ་ཥ་དག་ལས་ཀྱང་ངོ༌། །ཤྭས་ལས་ཏུཊ་འང་ངོ༌། །དྭཱ་ར་ལ་སོགས་པ་རྣམས་ཀྱིའང་ངོ༌། །རྟག་ཏུ་ཨཎ་སྟེ་ཏ་དབྱི་བའང་ངོ༌། །སཱ་ཡཾཿ་ཙི་རཾཿ་པྲཱ་ཧྣེཿ་པྲ་གེཿ་མི་ཟད་པ་རྣམས་ལས་ཥྻུཊ་ཡུལ་དག་སྟེ་ཏུཊ་འང་ངོ༌། །ཨ་གྲ་བཤྩཱཏ་ལས་ཨི་མན་འོ། །ཨནྟ་ལས་ཀྱང་ངོ༌། །དེའི་རྣམ་པར་འགྱུར་བ་ལའོ། །སྲོག་ཆགས་དང༌། སྨན་དང༌། ཤིང་རྣམས་ལས་ཡན་ལག་ལའོ། །བཤད་པ་ལ་མ་ཡཌ་ཡང་ན་སྟེ་བཟའ་བ་དང༌། གོས་དེ་དག་ལས་མ་ཡིན་ནོ། །འཕེལ་བ་དང༌། ཤ་ར་ལ་སོགས་པ་རྣམས་ལས་རྟག་ཏུའོ། །དེ་རང་བཞིན་བརྗོད་པ་ལ་མ་ཡཊའོ། །གོ་ལས་གཅི་བ་ལའོ། །གོ་དང་བ་ཡས་དག་ལས་ཡཏའོ། །འབྲས་བུ་ལ་འཇིག་གོ །དེ་ཕན་འཇིག་པ་ལས་འཇིག་གོ །གོ་ཎཱིའི་ཨིཏའོ། །པླཀྵ་ལ་སོགས་པ་རྣམས་ལས་ཨཎའོ། །ཨུ་ལས་ཨཉའོ། །ཛམྦུ་ལས་ཡང་ནའོ། །དབྱི་བའང་ངོ༌། །ཧ་རཱི་ཏ་ཀཱི་ལ་སོགས་པ་རྣམས་ཀྱི་འང་ངོ༌། །དེ་ལ་ངེས་པར་སྦྱོར་བའོ། །ནྱ་གྲོ་དྷའི་འང་གཅིག་ཉིད་ལའོ། །སྭཱ་ག་ཏ་ལ་སོགས་པ་རྣམས་ཀྱིས་འང་ངོ༌། །ཤྭན་ལ་སོགས་པ་རྣམས་ཀྱི་ཨིཉ་ལའོ། །ཤྭ་ག་ཎ་ལས་ཋཉ་འང་ངོ༌། །པ་ད་མཐའི་ཡང་ནའོ། །སུ་སརྦ་ཨརྡྷ་ལས་ལྗོངས་ཀྱིའོ། །ཡང་དག་པར་སྦྱོར་བ་སོགས་ཀྱང་ངོ༌། །བརྨ་ན་མ་ཡིན་པའི་མ་སྔོན་མ་ལས་བུ་བརྒྱུད་ལ་མ་ཡིན་ནོ། །ཨཽ་ཀྵཾ་བུ་བརྒྱུད་མ་ཡིན་པ་ལའོ། །ཥ་སྔོན་མ་ཧན་དྷྲྀཏ་རཱ་ཛན་རྣམས་ཀྱི་ཨཎ་ལའོ། །འདྲེན་པ་ལས་གོང་དུ་ཋཀའོ། །དེ་ཡིས་རྩེས་སོཿ་རྐོས་སོཿ་རྒྱལ་ལོཿ་ཐུལ་བ་རྣམས་ལའོ། །བྱཉཿ་རི་དགས་རྣམས་ལ་གསོད་དོ་ལའོ། །ཡང་དག་པར་བྱས་པ་ལའོ། །ཤཔྡ་དངཿ་དརྡུ་ར་དག་ལ་བྱེད་དོ་ལའོ། །དྷརྨ་ལ་སྤྱོད་དོ་ལའོ། །ཨསྟི་ནཱསྟིཿ་དིཥྚ་ལ་བློ་གྲོས་ལའོ། །ཕན་པ་ལས་སྔོན་དུ་ཡཏའོ། །ར་ཐཿ་ཡུ་གཿ་པྲཱ་སངྒ་ལ་དེ་འདྲེན་ནོ་ལའོ། །དྷུར་ལས་ཡཏ་ཌྷཀ་དག་གོ །ཧལ་ལའང་ངོ༌། །བྷ་ཀུ་རཿ་ཚུར་རྣམས་ཀྱི་མ་ཡིན་ནོ། །སརྦ་དྷུ་ར་ལས་ཁའོ། །ཨེ་ཀ་དྷུ་ར་ལས་ཡང་ན་འཇིག་གོ །ཤ་ཀ་ཊ་ལས་ཨཎ་འོ། །ཧ་ལ་སཱི་ར་ལས་ཋཀའོ། །དེར་ལེགས་པ་ལའོ།།
ས་བྷཱ་ལས་ཡའོ། །ས་མཱ་ན་ཏཱིརྠ་ལ་གནས་པ་ལའོ། །སཱ་མ་ན་ཨུ་ད་ར་ལ་ཉལ་བ་ལའོ། །སོ་ད་ར་ལས་ཡའོ། །ཨ་གྲ་ལས་ཡཏའོ། །གྷ་ཚ་དག་ཀྱང་ངོ༌། །དེའི་ཆེད་དུ་ཕན་པ་ལའོ། །ལུས་ཀྱི་ཆ་ཤས་ལ་ཡཏའོ། །བྷོ་ག་ཚིག་ཕྱི་མ་དང༌། ཨཱཏྨན་བི་ཤྭ་ཛ་ན་ལས་ཁའོ། །ཨཱཏྨནཿ་ཨ་དྷྭན་དག་ཁ་ལའོ། །དེས་ཉོས་པ་ལའོ། །ཏི་ཤད་ཀྱི་མཐའ་ཅན་མ་ཡིན་པའི་གྲངས་ལས་ཀནའོ། །བ་ཏུའི་ཨིཊ་ཡང་ནའོ། །ཤ་ཏ་ལས་ཀྱང་ཋ་ན་ཡཏ་དག་སྟེ་ཤ་ཏ་མ་ཡིན་པ་ལའོ། །དེའི་དབང་ཕྱུག་ལའོ། །དེས་མཉམ་པར་བྱ་བ་ལ་བ་ཏིའོ། །དེ་ལ་དེའི་ལྟ་བུ་ལའོ། །དེ་མཆོད་པ་ལའོ།། དེའི་དངོས་པོ་ལ་ཏྭ་ཏལ་དག་གོ །ཐུང་ངུ་ལས་དེ་ཕན་ཏ་ལ་སོགས་པ་ལའོ། །པྲྀ་ཐུ་ལ་སོགས་པ་རྣམས་ལས་ཨི་མན་དང་ཨིཙ་ཡང་ནའོ། །ཊིའིའོ། །ཧལ་དང་པོའི་རྀཏ་ཡང་བའི་འོ། །ཁ་དོག་དང་དྲྀ་ཌྷ་ལ་སོགས་པ་རྣམས་ལས་ཥྱཉ་འང་ངོ༌། །ཡོན་ཏན་བརྗོད་པ་དང་བྲཱཧྨ་ཎ་ལ་སོགས་པ་རྣམས་ལས་ལས་ལའོ། །སྟེ་ན་ལས་ཡཏ་སྟེ་ན་དབྱི་བ་འང་ངོ༌། །ས་ཁི་ལས་ཡའོ། །དཱུ་ཏ་པ་ཎི་ཛ་དག་ལས་ཀྱང་ངོ༌། །ཀ་པི་ཛྙཱ་ཏི་དག་ལས་ཌྷཀའོ། །པ་ཏི་མཐའ་དང་པུ་རོ་ཧི་ཏ་ལ་སོགས་པ་རྣམས་ལས་ཡཀའོ། །སྲོག་ཆགས་ཀྱི་རིགས་དང༌། ན་ཚོད་བརྗོད་པ་དང༌། ཨུངྒཱ་ཏྲ་ལ་སོགས་པ་རྣམས་ལས་ཨཉའོ། །ཧཱ་ཡ་ན་མཐའ་དང་ཡུ་བ་ལ་སོགས་པ་རྣམས་ལས་ཨཎའོ། །ཡང་བ་སྔོན་མ་ལས་ཨིཀ་མཐའ་ལས་ཀྱང་ངོ༌། །ཡ་ཨུ་པ་དྷཱ་ལས་ལྕི་བ་ཉེ་བ་ལས་བུཉའོ། །འབྲུ་རྣམས་ཀྱི་ཡོད་པའི་ཞིང་ལ་ཁཉའོ། །བྲཱི་ཧི་དང་ཤཱ་ལི་དག་ལས་ཌྷཀའོ། །ཡ་བ་ཡ་བ་ཀཿ་ཥཥྛི་ཀ་ལས་ཡཏའོ། །ཏི་ལཿ་མཱ་ཥཿ་ཨུ་མཱཿ་བྷངྒཱཿ་ཨ་ཎུ་རྣམས་ལ་ཡང་ནའོ། །སརྦ་དང་པོའི་པ་ཐིཿ་ཨཾ་གཿ་ཀརྨཿ་པ་ཏྲཿ་པཱ་ཏྲ་ལ་དེ་རྣམ་པར་ཁྱབ་པ་ལའོ། །ཨ་དྷྭན་ལས་ཡཏ་ཁ་དག་གོ །པཱི་ལུ་ལ་སོགས་པ་རྣམས་ལས་སྨིན་པ་དང༌། ཀརྞ་ལ་སོགས་པ་རྣམས་ལས་དེའི་རྩ་བ་ལ་ཀུ་ཎཔ་ཛཱ་ཧཙ་དག་གོ །དེས་རིག་པ་ལ་ཙུཉྩུ་པ་ཙ་ཎ་པ་དག་གོ །སཾ་པྲ་ཨུཏ་རྣམས་ལས་རང་དོན་ལ་ཀ་ཊ་ཙའོ། །ཨ་ཛ་ལ་སོགས་པ་ཕྱུགས་ཀྱི་མིང་རྣམས་ལ་གནས་ལ་སོགས་པ་རྣམས་ལ་གོཥྛའོ། །འདུས་པ་ལ་ཀཊ་ཙའོ། །རྒྱས་པ་ལ་ཡཊ་ཙའོ། །གཉིས་པ་ལ་གོ་ཡུ་གཙའོ། །དྲུག་པ་ལ་ཥཌྷ་
བཙའོ། །སྣུ་པ་ལ་ཏི་ལཙའོ། །ཡོད་པའི་ཞིང་ལ་ཤཱཀ་ཊ་ཤཱ་ཀི་ན་དག་གོ །དེ་འདིའི་ཡང་དག་པར་སྐྱེས་པ་ལ་ཏཱ་ད་མ་ལ་སོགས་པ་རྣམས་ལས་ཨིཏ་ཙའོ། །ཚད་ལ་དྭ་ཡ་ས་ཙཿ་དགྷྣ་ཉཿ་མཱ་ཏྲཙ་རྣམས་སོ། །ཚད་ལ་དབྱིའོ། །ཕྱོགས་གཉིས་པ་ལས་རྟག་ཏུ་འོ། །པུ་རུ་ཥ་ཧསྟི་ན་དག་ལས་ཨཎ་འང་ངོ༌། །བུ་བརྒྱུད་མ་ཡིན་པ་ལ་ཨཎ་ལ་ཨཎའོ། །ཡཏཿ་ཏཏཿ་ཨེ་ཏཏ་རྣམས་ལས་ཚད་ལ་བ་ཏུ་བའོ། །ཀིམ་ཨི་དམ་དག་ལས་པའི་གྷའོ། །ཀིམ་ལས་གྲངས་ཀྱི་ཚད་ལཌ་ཏིའང་ངོ༌། །ཁེངས་ཚིག་ལ་མ་ཡིན་ནོ། །གྲངས་ལས་ཆ་ཤས་ལ་ཏ་ཡ་པའོ། །དྭི་ཏྲི་དག་ལས་ཏ་ཡཔ་ཀྱི་ཨ་ཡ་ཙ་ཡང་ནའོ། །ཨུ་བྷ་ལས་རྟག་ཏུའོ། །དེ་འདི་ལ་ལྷག་པ་ཞེས་པ་ད་ཤའི་མཐའ་ལས་ཌའོ། །ཤད་མཐའ་དང༌། བིང་ཤ་ཏི་ལས་ཀྱང་ངོ༌། །དེའི་རྫོགས་པ་ལ་ཌཊའོ། །གྲངས་དང་པོ་མ་ཡིན་པའི་ན་མཐའ་ལས་མཊའོ། །ཥཥཿ་ཀ་ཏིཿ་ཀ་ཏི་པ་ཡཿ་ཙ་ཏུར་རྣམས་ཀྱི་ཐུགའོ། །ཙ་ཏུར་ལས་ཚ་ཡཏ་དག་སྟེ་ཙ་དབྱི་བའང་ངོ༌། །བ་ཧུཿ་པཱུ་གཿ་གཎཿ་སཾ་གྷ་རྣམས་ཀྱི་ཏི་ཐུཀའོ། །བ་ཏུ་ལས་ཨི་ཐུཀའོ། །དྭི་ལས་ཏཱི་ཡའོ། །ཏྲིའི་སླར་ཡང་དག་པར་འགྱུར་བའང་ངོ༌། །བིང་ཤ་ཏི་ལ་སོགས་པ་རྣམས་ལས་ཏ་མཊ་ཡང་ནའོ། །ཤ་ཏ་ལ་སོགས་པ་རྣམས་དང་མཱ་སཿ་ཨརྡྷ་མཱ་སཿ་སཾ་བཏྶ་ར་ལས་རྟག་ཏུའོ། །གྲངས་དང་པོ་མ་ཡིན་པའི་ཥཥྛི་ལ་སོགས་པ་རྣམས་ལས་ཀྱང་ངོ༌། །ལེགས་བརྗོད་དང་སྙན་ཚིག་དག་ལ་མ་ཏུ་ལ་ཚའོ། །བཱུརྦ་ལས་ཨི་ནིའོ། །སྔ་མ་དང་བཅས་པ་ལས་ཀྱང་ངོ༌། །ཨིཥྚ་ལ་སོགས་པ་རྣམས་ལས་ཀྱང་ངོ༌། །དེ་འདིའི་ཡོད་པ་འདི་ལ་ཞེས་པ་མ་ཏུཔའོ། །ཏ་ས་དག་ལས་མ་ཏུཔ་ཀྱི་དོན་ལའོ། །ཡ་བ་ལ་སོགས་པ་རྣམས་མ་ཡིན་པ་ལས་མ་ཨཏ་ཨུ་པ་དྷཱའི་འང་མ་ཏུའི་བའོ། །ཛྷ་ཡ་ལས་སོ། །སྲོག་ཆགས་ཀྱི་ཡན་ལག་ལས་ཨཱཏ་ལས་ལ་ཙ་ཡང་ནའོ། །སིདྷྨ་ལ་སོགས་པ་རྣམས་ལས་ཀྱང་ངོ༌། །པེ་ན་ལས་ཨི་ལཙ་འང་ངོ༌། །ལོ་མན་ལ་སོགས་པ་རྣམས་དང་པཱ་ལན་ལ་སོགས་པ་རྣམས་དང༌། པིཙྪ་ལ་སོགས་པ་རྣམས་ལས་ཤན་ཨི་ལཙ་རྣམས་སོ། །པྲཛྙཱཿ་ཤྲཱརྡྷཱཿ་ཨརྩཱཿ་བྲྀཏྟི་རྣམས་ལས་ཎའོ། །དནྟ་མཐོ་བ་ལ་ཨུརཙའོ། །ཨཱུ་ཥཿ་ཤུ་ཥིཿ་མུཥྐཿ་མ་དྷུ་ལས་རའོ། །ལ་
མུ་ཁཿ་ཀུཉྫ་རྣམས་ལས་ཀྱང་ངོ༌། །ཀེ་ཤ་ལས་བ་ཡང་ནའོ། །ཨརྞས་ཀྱི་ས་དཔྱི་བ་འང་ངོ༌། །མེ་དྷཱ་ར་ཐ་དག་ལས། ཨི་རན་ཨི་རཙ་དག་ཀྱང་ངོ༌། །ཀཱཎྜ་ཨཱཎྜ་ལསཿ་ཨཱི་རན་ཨཱི་རཙ་དག་གོ །དྻུ་དྲུ་དག་ལས་མའོ། །ཨཏ་ལས་ཨི་ནི་ཋན་དག་གོ །བྲཱྀ་ཧི་ལ་སོགས་པ་རྣམས་ལས་ཀྱང་ངོ༌། །ཤི་ཁ་ལ་སོགས་པ་རྣམས་ལས་ཋན་མ་ཡིན་ནོ། །ཏུནད་ལ་སོགས་པ་རྣམས་ལས་ཨི་ལཙའོ། །ཨས་མཱ་ཡཱཿ་མེ་དྷཱཿ་ས྄ ཛ྄ལས་བི་ནིའོ། །ཤྲིངྒ་བྲྀནད་དག་ལས་ཨཱ་ར་ཀཙའོ། །ཕ་ལ་བརྷ་དག་ལས་ཨི་ན་ནའོ། །ར་ཐ་ལས་ཀྱང་ངོ༌། །ཤཱི་ཏཿ་ཨུཥྞཿ་ཏྲྀ་ཥ་རྣམས་ལས་ཀྱང་དེ་མི་བཟོད་པ་ལ་ཨཱ་ལུཙའོ། །ཧི་མ་ལས་ཀྱང་ངོ༌། །བ་ལ་ལས་ཨཱུ་ལའོ། །བ་ཏ་ལས་ཀྱང་ངོ༌། །པརྦཿ་མ་རུཏ་དག་ལས་ཏའོ། །ཨཱུརྞཱ་ལས་ཡུས་འོ། །བཱཙ་ལས་གྨི་ནིའོ། །སྨད་པ་ལ་ཨཱ་ལཙ་ཨཱ་ཊཙ་དག་གོ །དབང་ཕྱུག་ལ་སྭཱ་ལ་མིནའོ། །ཨཪྴས་ལ་སོགས་པ་རྣམས་ལས་ཨཙའོ། །བཱ་ཏཿ་ཨ་ཏྲཱི་སཱ་ར་དག་ལས་ཀུཀ་འང་ངོ༌། །ཧསྟ་ལས་རིགས་ལའོ། །ཀཾ་ཤཾ་དག་ལསཿ་བ་བྷཿ་ཡུསཿ་ཏིཿ་ཏུཿ་ཏཿ་ཡ་ས་རྣམས་སོ། །ཏུནྡིཿ་བ་ལིཿ་བ་ཊི་ལས་བྷའོ། །ཨ་ཧཾ་ཤུ་བྷཾ་དག་ལས་ཡུསའོ། །ར་ཛས་ཀྲྀ་ཥིཿ་ཨཱ་སུ་ཏིཿ་པ་རི་ཥད་ལས་བ་ལཙའོ། །བ་ཡ་ལའོ། །ཕྱོགས་ལས་སྔ་མ་རྣམ་དབྱེའོ། །དྭི་ལ་སོགས་པ་རྣམས་མ་ཡིན་པའི་སརྦ་ནཱ་མ་རྣམས་དང་ཀིཾ་བ་ཧུ་རྣམས་ལས་སོ། །ལྔ་པ་ལས་ཏ་སིལ་ལའོ། །ཏ་ཧ་དག་ལས་ཀུའོ། །ཨི་དམ་ཨི་ཤའོ། །ཨེ་ཏཏ་ཀྱི་ཨ་ཤའོ། །བ་རི་ཨ་བྷི་དག་ལས་ཀྱང་ངོ༌། །བདུན་པ་ལས་ཏྲལ་འོ། །ཨི་དམ་ལས་ཧའོ།། ཀིཾ་ལས་ཨཏའོ། །ཨཏ་ལ་ཀྭའོ། །སྡེབ་སྦྱོར་ལ་ཧ་ཡང་ནའོ། །སརྦ་ཨེ་ཀཿ་ཨ་ནྱཿ་ཀིམཿ་ཡཏཿ་ཏཏ་རྣམས་ལས་དུས་ལ་དཱའོ། །སརྦའི་དཱ་ལ་ས་ཡང་ནའོ། །ཨི་དམ་ལས་རྷིལའོ། །ར་ཐ་དག་ལས་ཨེཏ་ཨིཏ་དག་གོ །ཨ་དྷུ་ནཱའོ། །དཱ་ནཱིཾའང་ངོ༌། །ཏད་ལས་དཱ་འང་ངོ༌། །དེ་རིང་མ་ཡིན་པ་ལ་རྷིལ་ཡང་ནའོ། །ས་དྱཿ་པ་རུ་ཏཿ་པ་རཱ་རིཿ་ཨཻ་ཥ་མཿ་པ་རེ་དྱ་བིཿ་ཨ་དྱ། པཱུརྦེ་དྻུཿ་ཨ་ནྱེ་དྻུཿ་ཨ་ནྱ་ཏ་རེ་དྻུཿ་ཨི་ཏ་རེ་དྻུཿ་ཨ་པ་རེ་དྻུཿ་ཨ་དྷ་རེ་དྻུཿ་ཨུ་བྷ་ཡེ་དྻུཿ་ཨུཏྟ་རེ་དྻུཿRNAMS་སོ། །རྣམ་པ་བརྗོད་པ་ལ་ཐཱལའོ། །ཨི་དམ་ལས་ཐ་མུའོ། །ཀིམ་ལས་ཀྱང་ངོ༌། །
ཕྱོགས་ཀྱི་སྒྲ་རྣམས་ལས་བདུན་པ་ལྔ་པ་དང་པོ་རྣམས་ལས་ཕྱོགས་དུས་ཡུལ་རྣམས་ལ་ཨསྟཱ་ཏིའོ། །པཱུརྦཿ་ཨ་དྷ་རཿ་ཨ་པ་ར་རྣམས་ཀྱི་ཨ་སི་ལཿ་པུརཿ་ཨ་དྷཿ་ཨ་བ་འདི་རྣམས་ཀྱང་ངོ༌། །ཨསྟཱ་ཏི་ལས་ཀྱང་ངོ༌། །ཨ་པ་རའི་འདམ་ཀའོ། །དཀྵི་ཎ་ཨུཏྟ་ར་དག་ལས། ཨ་ཏ་སུཙའོ། །བ་རཿ་ཨ་བ་ར་དག་ལས་ཡང་ནའོ། །ཨཉྩ་ལས་དབྱིའོ། །ཨུ་པ་རི་ཨུ་པ་རིཥྚཱ་ཏ་འོ། །པཤྩཱཏ་འོ། །ཨུཏྟ་རཿ་ཨ་དྷ་རཿ་དཀྵི་ཎ་ལས་ཨཱ་ཏིའོ། །རིང་པོ་མ་ཡིན་པ་ལ་ལྔ་པ་མ་ཡིན་པ་ལས་ཨེ་ནས་ཡང་ནའོ། །དཀྵི་ཎ་ལས་ཨཱ་ཙའོ། །རིང་པོ་ལས་ཨཱ་ཧི་འང་ངོ༌། །ཨུཏྟ་ར་ལས་ཀྱང་ངོ༌། །གྲངས་ལས་རྣམ་པའི་དོན་ལ་དྷཱའོ། །ཨེ་ཀ་ལས་དྷཱའི་དྷྱ་མུཉ་ཡང་ནའོ། །ཨེ་དྷཱའང་ངོ༌། །སྨད་པ་ལ་པཱ་ཤ་པའོ། །ཨིཎ་ལས་ཥའོ། །རྫོགས་པ་ལས་ཏཱི་ཡ་ལས་ཆ་ལ་ཨནའོ། །སྡེབ་སྦྱོར་མ་ཡིན་པ་ལ་བཅུ་གཅིག་གི་སྔ་མ་རྣམས་ལས་སོ། །ཥཥྛཿ་ཨཥྚཿ་མ་དག་ལས་ཉའང་ངོ༌། །བྱུང་བ་སྔོན་མ་ལ་ཙ་རཊའོ། །དྲུག་པ་ལས་རཱུ་པྱ་ཡང་ངོ༌། །ཕུལ་དུ་བྱུང་བ་ལ་ཏ་མས་ཨིཥྛན་དག་གོ །ཏིང་ལས་ཀྱང་ངོ༌། །བརྗོད་པ་གཉིས་ལས་བརྐང་བ་དང་ཉེ་བའི་ཚིག་ལ་ཏ་རཔ་ཨཱིཡ་སུནའོ། །ཨ་ཛ་ལ་སོགས་པ་རྣམས་ལས་ཡོན་ཏན་བརྗོད་པ་ལས་འདིའོ། །ཏ་རབ་ཏ་མཔ་དག་གྷའོ། །རྫས་མ་ཡིན་པ་ཕུལ་དུ་བྱུང་བ་ལ་ཀིམ་དངཿ་ཨེ་དངཿ་ཏིང་དངཿ་མི་ཟད་པ་རྣམས་ལ་གྷ་ལས་ཨཱ་མུའོ། །ཏྲྀའི་སྡེབ་སྦྱོར་ལའོ། །ཏྲྀ་ཡི་ཨིཥྛ་ནཿ་ཨི་མནཿ་ཨཱི་ཡ་སུན་རྣམས་ལའོ། །པྲ་ཤ་སྱ་གྱི་ཤྲའོ། །ཨཙ་གཅིག་པ་ལ་རང་བཞིན་གྱིས་སོ། །ཛྱ་འང་ངོ༌། །ཛྱ་ལས་ཨཱི་ཡས་ཀྱི་ཨཱཏའོ། །བྲྀདྡྷའི་འང་ངོ༌། །ཨནྟི་ཀ་དང༌། བཱ་ཌྷ་དག་གི་ནེ་ད་སཱ་དྷ་དག་གོ །སྠུ་ལཿ་དཱུ་རཿ་ཡུ་བཿ་ཧྲསྭཿ་ཀྵི་པྲཿ་ཀྵུ་དྲ་རྣམས་ཀྱི་ཕ་རོལ་གྱི་དང་བོའི་ཡཎ་སྟེ་སྔ་མས་ཀྱང་ཡོན་ཏན་ནོ། །པྲི་ཡཿ་སྠི་རཿ་སྥི་རཿ་ཨུ་རུཿ་བ་ཧུ་ལཿ་གུ་རུཿ་བྲདྡྷཿ་ཏྲྀ་པྟཿ་དཱིརྒྷཿ་བྲྀནྡཱ་རཀ་རྣམས་ཀྱི་པྲཿ་སྠཿ་སྥཿ་བ་རཿ་བཾ་ཧིཿ་གརཿ་བཪྵིཿ་ཏྲ་པཿ་དྲཱགྷིཿ་བྲྀནད་རྣམས་སོ། །བ་ཧུ་ལས་དབྱི་སྟེ་བ་ཧུའི་བྷཱུའོ། །ཨིཥྛན་གྱི་ཡིཊ་འང་ངོ༌། །ཡུ་བ་ཨལྤ་དག་གི་ཀ་ན་ཡང་ནའོ། །བིན་མ་ཏུ་པ་དག་གིས་འཇིག་གོ །ཁ་བསྒྱུར་བ་ལ་རཱུ་པ་ཡའོ། །ཅུང་ཟད་ཡོངས་སུ་མ་རྫོགས་པ་དག་ལ་ཀལྤ་
པཿ་དེ་ཤྱཿ་དེ་ཤཱི་ཡ་ར་རྣམས་སོ། །སུཔ་ལས་བ་ཧུ་ཙ་ཡང་ན་སྟེ་དང་པོར་འོ། །རྣམ་པ་བརྗོད་པ་ལ་ཛཱ་ཏཱི་ཡར་འོ། །གྷཿ་རཱུ་པཿ་ཀལྤཿ་ཙེ་ལཊཿ་བྲུ་བཿ་གོ་ཏྲཿ་མ་ཏྲཿ་ཧ་ཏ་རྣམས་ལ་དཱིའི་ཨ་ཙ་གཅིག་མ་ཡིན་པ་ལས་ཐུང་ངུའོ། །ན་དཱིའི་ཡང་ནའོ། །ཨུཀ་འགྲོ་བ་ལས་ཀྱང་ངོ༌། །འདི་ལས་གོང་དུ་ཀའོ། །མི་ཤེས་པ་ལའོ། །སྨད་པ་ལའོ། །མི་ཟད་པ་སརྦ་ནཱ་མ་རྣམས་ཀྱི་ཊིའི་གོང་དུ་ཨ་ཀཙའོ། །ཀའི་འང་དའོ། །ཀུ་ཊཱིཿ་ཤ་མཱིཿ་ཤུཎྜ་རྣམས་ལས་རའོ། །བཏྶཿ་ཨུ་ཀྵཿ་ཨ་ཤྭ་རྣམས་ལས་ལུས་ཉིད་ལའོ། །ཀིམ་ཡད་ཏད་ལས་གཉིས་ལས་གཅིག་ངེས་པར་འཛིན་པ་ལ་ཌ་ཏ་རཙའོ། །མང་པོ་རྣམས་ཀྱི་རིགས་འདྲི་བ་ལ་ཌ་ཏ་མ་ཙ་ཡང་ནའོ། །ཨེ་ཀ་ལས་ཀྱང་ཤར་པ་རྣམས་ཀྱིའོ། །སྒྲ་ཐམས་ཅད་ལས་རང་དོན་ལ་ཀནའོ། །ཀ་ལ་ཨཎའི་འོ། །པྲ་ཛྙཱ་ལ་སོགས་པ་རྣམས་ལས་ཀྱང་ངོ༌། །གྲངས་ལས་བྱ་བ་ལན་གྲངས་ལ་ཀྲྀ་ཏྭ་སུཙའོ། །དྭིཏྲི་ཙ་ཏུར་རྣམས་ལས་སུཙའོ། །ཨེ་ཀའི་ས་ཀྲྀཏ་འང་ངོ༌། །མང་བ་དང་ཉུང་བའི་དོན་ལས་བྱེད་པ་ལས་ཤས་ཡང་ནའོ། །གྲངས་གཅིག་ཚིག་ལས་ཐོབ་པར་འདོད་པ་ལ་འང་ངོ༌། །པྲ་ཏི་སྦྱོར་བ་ལ་ལྔ་པ་ལས་ཏ་སིའོ། །ཨཱ་དི་མ་དྷྱ་ལ་ས་ཏ་ཏེ་པྲིཥྛ་པཱརྴྭ་ལ་སོགས་པ་རྣམས་ལས་ཀྱང་ངོ༌། །བྱུང་ཁུངས་ལ་ཡང་ཧཱི་ཡ་རུ་ཧ་དག་མ་ཡིན་པ་ལས་སོ། །མ་བྱུང་བ་དེ་བྱུང་བ་ལ་ཀྲྀ་བྷཱུ་ཨསྟི་སྦྱོར་བ་ལ་ཕུན་སུམ་ཚོགས་པའི་བྱེད་པ་ལ་ཙྭིའོ། །ཨའི་ཙྭི་ལའོ། །བིའི་དབྱིའོ། །ཀྱཙྭི་ལའང་ངོ༌། །ཙྭི་ལ་འང་ངོ༌། །ཨ་རུསཿ་མ་ནསཿ་ཙཀྵུསཿ་ཙེ་ཏསཿ་ར་ཧསཿ་ར་ཛས་རྣམས་ཀྱི་དབྱིའོ། །རྫོགས་པ་ལ་སཱ་ཏི་ཡང་ནའོ། །སཱཏ་དང་ཚིག་གི་དང་པོ་དག་གིའོ། །མངོན་པར་ཁྱབ་པ་ལ་སཾ་པ་ད་ལས་ཀྱང་ངོ༌། །དེའི་གཡོག་འཁོར་བརྗོད་པ་ལའོ། །སྦྱིན་པར་བྱ་བ་ལ་ཏྲཱ་ཡང་ངོ༌། །དེ་བཿ་མ་ནུ་ཥྱཿ་པུ་རུ་ཥཿ་པུ་རུཿ་མརྟྱ་རྣམས་ལས་གཉིས་པ་དང་བདུན་པ་དག་ལ་མང་པོའོ། །མི་གསལ་བ་རྗེས་སུ་བྱེད་པ་ལས་ཨཙ་གཅིག་མ་ཡིན་པ་ལས་ཨེ་ཏི་མ་ཡིན་པ་ལ་ཌཱ་ཙའོ། །དེས་ཟློས་པ་ལ་ཕ་རོལ་ལའོ། །ཟློས་པ་ལ་རྟག་ཏུ་ཌཱཙ་ལའོ། །ཀྲྀཉ་ཡི་དྭི་ཏཱི་ཡཿ་ཏྲྀ་ཏཱི་ཡཿ་ཤམྦཿ་བཱི་ཛ་ལས་རྐོ་བ་ལའོ། །གྲངས་ལས་ཀྱང་གུ་ཎ་མཐའ་ལས་སོ། །ས་མ་ཡ་ལས་ཀྱང་ཐོབ་པར་
བྱེད་པ་ལའོ། །ས་པ་ཏྲ་ནིཥྤ་ཏྲ་ལས་ཤིན་ཏུ་འཁྲུགས་པ་ལའོ། །ནིཥྐུ་ལ་ལས་ཤུབས་མེད་པ་ལའོ། །སུ་ཁཿ་པྲི་ཡ་ལས་རྗེས་སུ་མཐུན་པ་ལའོ། །དུཿཁ་ལས་རྗེས་སུ་མི་མཐུན་པ་ལའོ། །ཤཱུ་ལ་ལས་ཚོས་པ་ལའོ། །སཏྱ་ལས་མནའ་མ་ཡིན་པ་ལའོ། །མ་དྲ་ལས་སྐྲ་འདྲེག་པ་ལའོ། །བྷ་དྲ་ལས་ཀྱང་ངོ་ཞེས་པ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མདོ་ལས་དེ་ཕན་གྱི་རྐྱེན་རྣམས་རྫོགས་སོ།། །།ཁྱབ་པར་འདོད་པ་ལ་རྟག་ཏུའོ། །ཕ་རིའི་སྤངས་པ་ལའོ། །ཨུ་པ་རིཿ་ཨ་དྷིཿ་ཨ་དྷས་རྣམས་ཀྱི་ཉེ་བ་ལའོ། །ཁྲོ་བ་དངཿ་སྨད་པ་དངཿ་མི་སྡུག་པ་རྣམས་ལ་གོ་བར་མི་བཟོད་པ་དང། ཡང་དག་པར་འདོད་པ་དག་ལ་བོས་ནས་བརྗོད་པ་ཚིག་དང་པོའོ། །ཨེ་ཀ་འབྲུ་མང་པོ་འདྲའོ། །ཀུན་དུ་གནོད་པ་ལའང་ངོ༌། །རྣམ་པ་ལ་ཡོན་ཏན་གྱིའོ། །ཚིག་སྡུད་ལྟར་མང་པོ་ལའོ་ཞེས་པ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མདོ་ལས་གཉིས་སུ་བརྗོད་པ་རྣམས་རྫོགས་སོ།། །།བྱིངས་ལས་སོ། །ད་ལྟར་བ་ལ་ལཊའོ། །ཨཊ་དག་འགྲོ་བའོ། །ཏིཔཿ་ཏསཿ་ཛྷིཿ་སིབཿ་ཐསཿ་ཐཿ་མིཔཿ་བསཿ་མསཿ་ཏཿ་ཨཱ་ཏཱཾཿ་ཛྷཿ་ཐཱསཿ་ཨཱ་ཐཱཾཿ་དྷྭཾཿ་ཨིཊཿ་པ་ཧིཿ་མ་ཧིང་ངོ༌། །ལ་རྣམས་པ་རསྨཻ་པ་དའོ། །ཏང་ཨཱན་དག་ཨཱཏྨ་ནེ་པ་དའོ། །ལྷག་མ་བྱེད་པ་ལ་པ་རསྨཻ་པ་དའོ། །ཨ་ནུ་དཱཏྟ་དང་ངིཏ་དག་གི་ཨཱཏྨ་ནེ་པ་དའོ། །སྭ་རི་ཏ་དང་ཉིཏ་ཀྱི་གཉིས་ཀའོ། །ལྷག་མ་པ་རསྨཻ་པ་དའོ། །ཏིང་གི་གསུམ་གསུམ་རྣམས་དང་པོ་དབུས་མ་ཕྱི་མ་རྣམས་སོ། །དེ་རྣམས་རེ་རེ་ལ་གཅིག་ཚིག་གཉིས་ཚིག་མང་ཚིག་རྣམས་སོ། །ལྷག་མ་ལ་དང་པོའོ། །ཡུཥྨད་ཉེ་བའི་ཚིག་མཉམ་པའི་ལྷག་པར་བྱེད་པ་གནས་པ་ལས་ཀྱང་དབུས་མའོ། །ཨསྨད་ལ་ཕྱི་མའི་འོ། །ཏིང་གི་ཤ་འགྲོ་བ་བྱིང་ས་ཐམས་ཅད་པའོ། །བྱེད་པ་པོ་ལ་ཤ་པའོ། །བྱིངས་ཐམས་ཅད་པ་དང་བྱིངས་ཕྱེད་པ་དག་ལས་སོ། །ཛྷའི་ཨནྟའོ། །ཡཉ་ལ་ཨཏ་ཀྱི་རིང་པོའོ། །ཊ་འགྲོ་བའི་ཨཱཏྨ་ནེ་པ་ད་རྣམས་ཀྱི་ཊིའི་ཨེའོ། །བྱིངས་ཐམས་ཅད་པ་པ་འགྲོ་བ་མ་ཡིན་པའོ། །ང་འགྲོ་བའི་ཨཱཏ་ཀྱིའོ། །ཐཱས་ཀྱི་སེའོ། །ཆོ་ག་བསྒྲུབ་པཿ་ངེས་པར་བོད་པཿ་ཀུན་དུ་བོད་པཿ་གསོལ་བ་གདབ་པཿ་ཡང་དག་པར་དྲི་བཿ་དོན་དུ་གཉེར་བ་རྣམས་ལ་ལིངའོ། །པ་རསྨཻ་པ་ད་ལ་ཡཱ་སུཊ་སྟེང་འགྲོ་བའི་ཨུདཱཏྟ་འང་ངོ༌། །ང་འགྲོ་
བའང་མ་ཡིན་ནོ། །ལིང་གི་མཐའ་མ་ཡིན་པའི་ས་དབྱིའོ། །ཨིཏ་ཀྱིའང་ངོ༌། །ཨཏ་ལས་ཡཱ་ཨཱི་ཡའོ། །ཏས་ཐསཿ་ཐ་མི་པ་རྣམས་ཀྱི་ཏཱཾ་ཏཾཿ་ཏཿ་ཨམ་རྣམས་སོ། །ཛྷིའི་ཛུས་སོ། །ང་འགྲོ་པའི་རྟག་ཏུའོ། །ལིང་གི་སཱི་ཡུཊའོ། །ཛྷའི་རནའོ། །ཨིཊའི་ཨཏའོ། །ལོཊ་འང་ངོ༌། །སྨོན་པ་ལ་ལིང་ལོཊ་དག་གོ །ཨིའི་ཨུའོ། །ཏུ་ཧི་དག་གི་ཤིས་བརྗོད་ལ་ཏཱ་ཏང་ཡང་ནའོ། །ལོཊའི་ལང་འདྲ་བའོ། །སིའི་ཧི་སྟེ་པ་འགྲོ་བ་འང་མ་ཡིན་ནོ། །ཨཏ་ལས་ཧིའི་འོ། །མིའི་ནིའོ། །ཕྱི་མའི་ཨཱཊ་སྟེ་པ་འགྲོ་བ་འང་ངོ༌། །དེ་རྣམས་བྱིངས་ཀྱི་དང་པོའོ། །ལོཊའི་ཨཱ་ནིའོ། །ཨེཏ་ཀྱི་ཨཱམའོ། །ས་བདག་ལས་བ་ཨམ་དག་གོ །ཨེཏ་ཀྱི་ཨཻའོ། །དེ་རིང་མ་ཡིན་པ་ལང་ངོ༌། །ལུང་ལང་ལྲྀང་རྣམས་ལ་ཨཊ་སྟེ་ཨུ་དཱཏྟ་འང་ངོ༌། །ལུང་འོ། །མཱང་ལ་ལུངའོ། །སྨ་ཕྱི་མ་ལང་འང་ངོ༌། །ལུང་ལ་ཙླིའོ། །ཙླིའི་སིཙའོ། །གཱ་ཏི་གནས་པ་གྷུ་པཱ་བྷཱུ་རྣམས་ལས་པ་རསྨཻ་པ་ད་རྣམས་ལ་སིཙའི་འོ། །བྷཱུ་ཥཱུ་དག་ལས་ཏིང་ལའོ། །ཀ྄ ང྄ འགྲོ་བ་ལ་འང་ངོ༌། །ལུང་ལིཊ་དག་ལས་བྷཱུའི་བུཀའོ། །ལྷག་མ་བྱིངས་ཕྱེད་པའོ། །བྱིངས་ཕྱེད་པའི་བལ་དང་པོ་ལ་ཨིཊའོ། །ཨཱཏྨ་ནེ་པ་ད་རྣམས་ལ་ཨཏ་མ་མིན་པ་ལས་སོ། །དྷ་ལ་འང་ངོ༌། །ཨིཊའི་འདམ་ཀའོ། །མཱང་སྦྱོར་བ་ལ་མ་ཡིན་ནོ། །ལྐོག་ཏུ་གྱུར་པ་ལ་ལིཊའོ། །ལིཊ་འང་ངོ༌། །པ་རསྨཻ་པ་ད་རྣམས་ཀྱི་ཎལཿ་ཨ་ཏུསཿ་ཨུསཿ་ཐལཿ་ཨ་ཐུསཿ་ཨཿ་ཎལཿ་བ་མ་རྣམས་སོ། །ཨིནྡྷི་བྷ་བ་ཏི་དག་ལ་འང་ངོ༌། །ལིཊ་ལ་བྱིངས་ཨ་བྷྱཱ་ས་མེད་པའི་འོ། །ཨཙ་གཅིག་པའི་དང་པོའི་གཉིས་སོ། །སྔ་མ་ཨ་བྷྱཱ་སའོ། །ཐུང་ངུའོ། །ཨ་བྷྱཱ་ས་ལ་ཙར་འང་ངོ༌། །བྷ་བ་ཏིའི་ཨའོ། །ལིཊའི་ཏ་ཛྷ་དག་གི་ཨེ་ཤ་ཨི་རེ་ཙའོ། །དེ་རིང་མ་ཡིན་པ་ལ་ལུཊ་འོ། །སྱ་ཏཱས་དག་ལྲྀ་ལུཊ་དག་ལའོ། །ལུཊའི་དང་པོ་རྣམས་ཀྱི་ཌཱ་རཽ་རས་རྣམས་སོ། །ར་ལ་འང་ངོ༌། །ཏཱས་ཨསྟི་དག་གི་དབྱིའོ། །ཨེཏ་ལ་ཧའོ། །སྨོན་པ་ལ་ལིང་འོ། །སྨོན་པ་ལ་ཀིཏའོ། །ཏཐ་དག་གི་སུཊའོ། །འབྱུང་བར་འགྱུར་བ་ལ་ལྲྀཊའོ། །ལིང་གི་ཡུལ་ལ་བྱ་བ་ཤོར་བ་ལ་ལྲྀང་འོ། །བཀླགས་པ་ལ་དང་པོར་ཀ་ཁ་མེད་པ་མཐར་ཥ་མེད་པ་ལ་ཡང་ནའོ། །པུཀ་མཐའ་དང་ཨུ་པ་དྷཱ་ཐུང་ངུ་དག་གི་འང་ངོ༌། །བད་པྲ་ཛ་ཧལ་མཐའ་རྣམས་ཀྱི་ཨཙའི་འོ། །ཨིཊ་ལ་མ་
ཡིན་ནོ། །ཨསྟི་སིཙའི་ཨ་པྲྀཀྟ་ལའོ། །དཱི་དྷཱི་བེ་བཱི་ཨིཊ་རྣམས་ཀྱིའོ། །ཨིཊ་ལ་ས་ཨཱིཊ་ལའོ། །སི་ཙ་ཨ་བྷྱ་སྟ་བི་དི་རྣམས་ལས་ཀྱང་ངོ༌། །བརྩེགས་པ་མ་ཡིན་པ་ལས་ལིཊ་ཀ་འགྲོ་བ་ལའོ། །ཨིར་འགྲོ་བ་ལས་ཡང་ནའོ། །ཧལ་དང་པོ་ལྷག་པོའོ། །ཤར་སཱ་མ་རྣམས་ཁ་ཡ་རྣམས་སོ། །ཨིཏ་འགྲོ་བའི་བྱིངས་ཀྱི་ནུ་མའོ། །ཀུ་ཧ་དག་གི་ཙུའོ། །བྱིངས་ཀྱི་དང་པོའི་ཥའི་སའོ། །ཉེར་བསྒྱུར་ལསཿ་སུ་ནུ་ཏིཿ་སུ་བ་ཏིཿ་སྱ་ཏིཿ་སྟཽ་ཏིཿ་སྟོ་བྷ་ཏིཿ་སྠཱཿ་སེ་ན་ཡཿ་སེ་དྷཿ་སི་ཙཿ་སཉྫཿ་སྭཉྫ་རྣམས་ཀྱིའོ། །པྲ་ཏི་མ་ཡིན་པས་ས་དིའོ། །སྟམྦྷིའི་འོ། །ཨ་བ་ལས་ཀྱང་བརྟེན་པ་དང་མི་རིང་བ་དག་ལའོ། །བི་ལས་ཀྱང་སྭ་ན་འི་ཟས་ལའོ། །པ་རི་ནི་བི་རྣམས་ལས་སེ་བཿ་སི་ཏཿ་ས་ཡཿ་སི་བཿ་ས་ཧཿ་སྟུཿ་ཥྭཉྫཿ་སུཊ་རྣམས་ཀྱིའོ། །སི་ཏ་ལས་དང་པོར་ཨཊ་ས་བར་ཆོད་པ་ལས་ཀྱང་ངོ༌། །སྠཱ་ལ་སོགས་པ་རྣམས་ལ་ཨ་བྷྱཱ་ས་ཡིས་ཀྱང་ཨ་བྷྱཱ་སའིའོ། །སེ་དྷ་ཏི་འགྲོ་བ་ལའོ། །སྭ་ར་ཏི་སཱུ་ཏིཿ་སཱུ་ཡ་ཏི་དྷཱུཉཿ་ཨཱུ་འགྲོ་བ་རྣམས་ཡང་ནའོ། །ཛྷལ་གྱི་ཛྷལ་ལའོ། །དྷཱ་མ་ཡིན་པའི་ཛྷཥ་ལས་ཏ་ཐ་དག་གི་དྷའོ། །ཧལ་དང་པོའི་ཨཏ་ཐུང་ངུའི་འོ། །ཨུ་པ་དྷཱའི་ཨཏ་ཀྱིའོ། །ཎལ་ཕྱི་མའི་ཡང་ནའོ། །ནིའི་ག་དཿ་ན་དཿ་བ་ཏཿ་པ་དཿ་གྷུཿ་མཱཿ་སྱ་ཏིཿ་ཧནྟིཿ་ཡཱ་ཏིཿ་བཱ་ཏིཿ་དྲཱ་ཏིཿ་པྶཱ་ཏིཿ་བ་ཡ་ཏིཿ་བ་ཧ་ཏིཿ་ཤཱ་མྱ་ཏིཿ་ཙི་ནོ་ཏིཿ་དེ་ཧ་རྣམས་ལའང་ངོ༌། །ལིཊ་ལ་དང་པོ་ཀུན་ནས་བསྒྱུར་བ་མ་ཡིན་པའི་ཧལ་གཅིག་པ་དབུས་མའི་ཨཏ་ཀྱིའོ། །ཐལ་ལའང་ཨིཊ་དང་བཅས་པ་ལའོ། །ཎའི་ནའོ། །ཉེར་བསྒྱུར་ལས་ཚིག་སྡུད་མ་ཡིན་པ་ལས་ཀྱང་ཎ་ཉེ་བའི་ཡུལ་གྱིའོ། །དང་པོའི་ཨཏ་ཀྱིའོ། །དེ་ལས་ནུཊ་ཧལ་གཉིས་པ་རྣམས་སོ། །ཨཙ་དང་པོ་རྣམས་ཀྱི་ཨཱཊའོ། །རྀཙྪ་མ་ཡིན་པའི་ཨིཙ་དང་པོ་ལས་ཀྱང་ལྕིབ་ལྡན་པ་ལས་སོ། །ཨཱམ་ལས་སོ། །ཀྲྀཉ་འང་རྗེས་སུ་རབ་ཏུ་སྦྱོར་ཏེ་ལིཊ་ལའོ། །རྀའི་ཨ་ཏའོ། །ལྀཊ་ལཿ་ཀྲྀཿ་སྲྀཿ་བྷྲྀཿ་བྲྀཿ་སྟུཿ་དྲུཿ་སྲུཿ་ཤྲཱུ་ལས་སོ། །ནིནྶཿ་ནིཀྵཿ་ནིནད་རྣམས་ཀྱི་ཡང་ནའོ། །ཨ་བྷྱཱ་སའི་འདྲ་བ་མ་ཡིན་པ་ལའོ། །ཛྲཱྀ་སྟམྦྷུཿ་མྲུ་ཙུཿ་མླུ་ཙུཿ་གྲུ་ཙུཿ་གླུ་ཙུཿ་གླུཉྩུཿ་ཤྲི་རྣམས་ལས་ཀྱང་ངོ༌། །ཨུ་པ་དྷཱ་ལའང་ངོ༌། །ཤ་ཤཿ་ད་དཿ་བ་དང་པོ་རྣམས་ཀྱི་མ་ཡིན་ནོ། །ཨ་ཛའི་བཱི་གྷཉ་མ་ཡིན་ཕ་
ཡ་མ་ཡིན་པ་དག་ལས་སོ། །ཨཙ་གཅིག་པ་ཉེ་བའི་ཡུལ་ལས་ཨིཊ་མ་ཡིན་ནོ། །སིཙ་ལ་འཕེལ་བ་པ་རསྨཻ་པ་ད་རྣམས་ལའོ། །ཨཙ་ལས་ཏཱས་འདྲ་བར་ཐལ་ལ་ཨིཊ་རྟག་ཏུ་འགྱུར་བ་མ་ཡིན་ནོ། །རྀཏ་ལས་བྷཱ་ར་དྭཱ་ཛའི་འོ། །ཀྲྀཏ་མ་ཡིན་པ་བྱིངས་ཐམས་ཅད་པ་དག་ལ་རིང་བོའོ། །ཧ྄ མ྄ ཡ྄ མཐའ་ཀྵཎཿ་ཤྭསཿ་ཛཱ་གྲྀ་ཎི་ཤྭི་ཨེ་འགྲོ་བ་རྣམས་ཀྱིའོ། །གུ་པཱུཿ་དྷཱུ་པཿ་པི་ཚཿ་ད་ཎཿ་པ་ན་རྣམས་ལས་ཨཱ་ཡའོ། །སན་ལ་སོགས་པའི་མཐའ་རྣམས་བྱིངས་སོ། །ཨཱ་ཡ་ལ་སོགས་པ་རྣམས་བྱིངས་ཕྱེད་པ་ལ་ཡང་ནའོ། །ཨཏ་ཀྱི་དབྱིའོ། །ཀཱ་ས་དང་རྐྱེན་ལས་བོད་པ་མ་ཡིན་པ་ལ་ལིཊ་ལ་ཨཱམའོ། །ཥྛི་བུཿ་ཀླ་མུཿ་ཨཱཙ་མུ་རྣམས་ཀྱི་ཤ་འགྲོ་བ་ལའོ། །བྷྲཱ་ཤཿ་བྷླཱ་ཤཿ་བྷྲ་མུཿ་ཀྲ་མུཿ་ཀླ་མུཿ་ཏྲ་སཱིཿ་ཏྲུ་ཊིཿ་ལ་ཥ་ལས་ཡང་ནའོ། །ཀྲམ་གྱི་པ་རསྨཻ་པ་ད་རྣམས་ལའོ། །སྣུ་ཀྲམ་དག་ལས་ཨཱཏྨ་ནེ་པ་དའི་རྒྱུ་མཚན་མ་ཡིན་པ་ལའོ། །ཨིཥུཿ་ག་མ་ཡཾ་རྣམས་ཀྱི་ཚའོ།། ཡམཿ་རམཿ་ནམཿ་ཨཱཏ་རྣམས་ཀྱི་སཀའོ། །ལ྄ ར྄ མཐའི་ཨཏ་ཀྱིའོ། །དང་པོའི་ཉི་ཊུ་ཌུ་རྣམས་སོ། །ཏྲཱྀཿ་ཕ་ལ་བྷ་ཛ་ཏྲ་པ་ཀྱི་འང་ངོ༌། །སན་ལིཊ་དག་ལ་ཛིའི་འོ། །ཨཀྵ་ལས་ཡང་ནའོ། །ཨུས་ལ་ཚིག་མཐའ་མ་ཡིན་པ་ལས་སོ། །ས་ལ་ཥ་ཌྷ་དག་གི་ཀའོ། །ཏཀྵཱུའི་ཕྲ་མོར་བྱེད་པ་ལའོ། །ཀྲྀཥཿ་མྲྀ་ཥཿ་སྤྲྀ་ཤཿ་ཏྲྀཔཿ་དྲྀ་པཿ་སྲྀ་པ་ལས་ཙླིའི་སི་ཙ་ཡང་ནའོ། །ཨ་ནུ་དཱཏྟའི་འང་རྀཏ་ཨུ་པ་དྷཱའི་ཡང་ནའོ། །ཤལ་ཨིཀ་ཨུ་པ་དྷཱ་ཨིཊ་མེད་པ་ལས་ཀྶའོ། །ཨི་ཥུཿ་ས་ཧཿ་ལུ་བྷཿ་རུ་ཥཿ་རི་ཥ་ལས་སོ། །ཨུ་ཥ་བི་དཿ་ཛཱ་གྲྀ་རྣམས་ལས་ཡང་ནའོ། །ཌྷའི་ཌྷ་ལ་དབྱིའོ། །ཤ་འགྲོ་བ་མ་ཡིན་པ་ཉེ་བའི་ཡུལ་ལ་ཨེ་ཙའི་ཨཱཏའོ། །ཨཱཏ་ལས་ཎལ་གྱི་ཨཽའོ། །ཨིཊ་ལའང་ཨཱཏ་ཀྱི་དབྱིའོ། །གཞན་བརྩེགས་པ་སོགས་ཀྱི་ཡང་ནའོ། །ལིང་ལ་ཨེའོ། །དཱཔ་མིན་པའི་དཱ་དྷཱ་རྣམས་གྷུའོ། །དྷེཊ་ཤྭི་དག་ལ་གདམ་ངའོ། །ཙང་ལའོ། །གྷྲཱཿ་དྷེཊ་ཤཱཿ་ཚཱཿ་སཱ་ལས་ཡང་ནའོ། །ཨཱཏ་ལས་སོ། །པཱཿ་གྷྲཱཿ་དྷྨཱཿ་སྠཱཿ་མྣཱཿ་དཱ་ཎཿ་དྲཥྚིཿ་ཨརྟིཿ་སརྟིཿ་ཤ་དཿ་སད་རྣམས་ཀྱི་ཕི་བཿ་ཛི་གྷྲཿ་དྷ་མཿ་ཏིཥྛཿ་མནཿ་ཡ་ཚཿ་པ་ཤྱཿ་རྀ་ཚཿ་དྷཽཿ་ཤཱི་ཡཿ་སཱི་ད་རྣམས་སོ། །བརྩེགས་པ་དང་པོའི་རྀཏ་ཀྱི་འང་ཡོན་ཏན་ནོ། །ཨརྟི་བརྩེགས་པ་དང་པོ་དག་གི་ཡོན་ཏན་ནོ། །
རྀཏ་ཧན་དག་ལས་སྱ་ལའོ། །སརྟི་ཤཱསྟིཿ་ཨརྟི་རྣམས་ལས་ཀྱང་ངོ༌། །རྀ་དྲྀ་ཤ་དག་གི་ཨང་ལ་ཡོན་ཏན་ནོ། །ཤ་ཡཀ་ལིང་རྣམས་ལ་རིང་འོ། །རྀཙྪ་ཏི་རཱྀཏ་རྣམས་ཀྱིའོ། །ཨཏྟི་ཨརྟིཿ་བྱ་ཡ་ཏི་རྣམས་ཀྱི་ཨིཊ་འོ། །ཤྲུའི་ཤྲྀ་འང་ངོ༌། །ཧུ་ཤྣུ་དག་གི་བྱིངས་ཐམས་ཅད་པ་ལའོ། །བ་མ་དག་ལ་འདིའི་དབྱི་བ་འང་ཡང་ནའོ། །རྐྱེན་ཨུཏ་ལས་ཀྱང་བརྩེགས་པ་དང་པོ་མ་ཡིན་པ་ལས་སོ། །སྟུ་སུ་དྷཱུཉ་རྣམས་ལས་པ་རསྨཻ་པ་ད་རྣམས་ལའོ། །ཎིཿ་ཤྲིཿ་དྲུཿ་སྲུ་རྣམས་ལ་བྱེད་པ་ལ་ཙངའོ། །པུཥ་ལ་སོགས་པ་རྣམས་དང་དྱུ་ཏ་ལ་སོགས་པ་རྣམས་དང་ལྀ་འགྲོ་བ་ལས་པ་རསྨཻ་པ་ད་རྣམས་ལའོ། །གམ་ལ་པ་རསྨཻ་པ་ད་རྣམས་ལ་ཨིཊ་འོ། །བི་ལས་སྐནྡིའི་ནིཥྛཱ་མ་ཡིན་པ་ལའོ། །པ་རི་ལས་ཀྱང་ངོ༌། །བྲྀ་རཱྀཏ་ལས་ཡང་ནའོ། །སིཙ་ལའང་པ་རསྨཻ་པ་ད་ལའོ། །ལིང་ལ་མ་ཡིན་ནོ། །བྱིངས་ཀྱི་རཱྀཏ་ཀྱི་ཨིཏའོ། །དནྴཿ་སཉྫཿ་སྭཉྫ་རྣམས་ཀྱི་ཤཔ་ལའོ། །དྲྀ་ཤ་ལས་མ་ཡིན་ནོ། །སྲྀ་ཛི་དྲྀ་ཤ་དག་ལ་ཛྷ་ལ་ཀ་འགྲོ་བ་མ་ཡིན་པ་ལ་ཨམའོ། །སྲྀ་ཛི་དྲྀ་ཤ་དག་ལས་འདམ་ཀའོ། །གུཔཿ་ཏི་ཛཿ་ཀཏི་རྣམས་ལས་སནའོ། །སན་ཡང་དག་ལའོ། །སན་གྱི་སྔ་མ་དང་འདྲའོ། །ཀཏི་ལས་ཐེ་ཚོམ་ལའང་ངོ༌། །རྀ་ཏི་ལས་ཨཱི་ཡང་ངོ༌། །རྐྱེན་ཨཱམ་བཞིན་ཀྲྀཉ་རྗེས་སུ་སྦྱར་བའིའོ། །ཨིཎ་མཐའ་ལས་ཥཱི་དྷྭཾཿ་ལུང་ལིཊ་རྣམས་ཀྱི་དྷའིའོ། །སིཔ་ལ་སོགས་པ་རྣམས་ཀྱི་ཨཊ་བར་ན་ཡོད་པ་ལ་འང་ཡང་ནའོ། །ས་དིཿ་སྭཉྫ་དག་གི་ཕ་རོལ་གྱི་ལིཊ་ལའོ། །ར་དྷིཿ་ཛ་བྷ་དག་གི་ཨ་ཙ་ལའོ། །ཀ་མི་ལས་ཎིངའོ། །ཎ་ལི་ཙང་ལ་ཨུ་པ་དྷཱའི་ཐུང་ངུའོ། །ཨཀ་ཕྱིས་པ་མ་ཡིན་པ་ལ་ཡང་བ་ལ་ཙང་ཕ་རོལ་ལ་སན་བཞིན་ནོ། །སན་ལ་ཨཏ་ཀྱིའོ། །ཡང་བའི་རིང་པོའོ། །ཨིཏ་མ་ཡིན་པ་ལ་ཎིའི་འོ། །ཨཱམ་མཐའ་ཨཱ་ལུཿ་ཨཱ་པྱཿ་ཨིཏྣུཿ་ཨིཥྞུ་རྣམས་ལ་ཨ་ཡའོ། །ད་ཡཿ་ཨ་ཡཿ་ཨཱ་པ་ལས་ཀྱང་ངོ༌། །ཉེར་བསྒྱུར་གྱི་ཨ་ཡ་ཏི་ལའོ། །དཱི་བཿ་ཛ་ནཿ་བུ་དྷཿ་པཱུ་རིཿ་ཏཱ་ཡིཿ་པྱཱ་ཡི་རྣམས་ལས་ཡང་ནའོ། །ཙི་ཎ་ལས་འཇིག་གོ །ལིཊ་ཡང་དག་ལའང་ངོ༌། །སྠཱ་གྷུའི་ཨིཏ་འང་ངོ༌། །གཟུགས་ཐུང་ངུ་ལས་སོ། །ལིཊ་ལ་ད་ཡ་ཏིའི་དི་གིའོ། །མཱནཿ་བ་དྷཿ་དཱན་ཤཱ་རྣམས་ལས་ཨ་བྷྱཱ་སའི་རིང་པོ་འང་ངོ༌། །དྻུཏ་རྣམས་ལས་
ལུང་ལའོ། །དྱུ་ཏི་སྭ་པི་དག་གི་སཾ་པྲ་སཱ་ར་ཎའོ། །བྲྀཏ་རྣམས་ལ་སྱ་སན་དག་ལའོ། །བྲྀཏ་རྣམས་ལས་བཞི་རྣམས་ལས་མ་ཡིན་ནོ། །སྲོག་ཆགས་མ་ཡིན་པ་ལ་ཨ་ནུཿ་བིཿ་པ་རིཿ་ཨ་བྷི་ནི་རྣམས་ལས་སྱནྡ་ཏེའི་འོ། །ཀྲྀ་པཱུའི་ར་ལའོ། །ཨཱཏྨ་ནེ་པ་ད་རྣམས་ལ་ལིང་སིཙ་དག་གོ །ལུཊ་ལའང་ཀླྀ་པའི་འོ། །ཏཱས་ལ་འང་ཀླྀ་པའི་འོ། །བྱ་ཐའི་ལིཊ་ལའོ། །པཏའི་པུམའོ། །ཛྲཱྀཿ་བྷྲ་མུཿ་ཏྲས་རྣམས་ཀྱི་ཡང་ནའོ། །ས་ཧིཿ་བ་ཧ་དག་གི་ཨ་ཡིག་གི་ཨོཏའོ། །སོ་ཌྷའི་འོ། །ཤ་དིའི་ཤ་འགྲོ་བའི་འོ། །ཕ་ཎ་རྣམས་ཀྱི་འང་བདུན་རྣམས་ཀྱིའོ། །ཡལ་འདམ་ཀའོ། །གོ་ཧའི་ཨུ་པ་དྷཱ་འི་ཨཱུཏའོ། །དུ་ཧཿ་དི་ཧཿ་ལི་ཧཿ་གུ་ཧ་རྣམས་ཀྱི་ཨཱཏྨ་ནེ་པ་ད་སོ་ལ་གནས་པ་ལ་ཡང་ན་འཇིག་གོ །ཀྶའི་ཨཙ་ལའོ། །རི་ལས་ཀྱང་ངོ༌། །རཉྫིའི་འང་ངོ༌། །ལིཊ་ལ་གཉིས་རྣམས་ཀྱི་ཨ་བྷྱཱ་སའི་འོ། །བ་ཙིཿ་སྭ་པིཿ་ཡ་ཛ་ལ་སོགས་པ་རྣམས་ཀྱི་ཀིཏ་ལའོ། །བེཉའི་འོ། །བེཉའི་ཝ་ཡིའོ། །གྲ་ཧིཿ་ཛྱཱཿ་བ་ཡིཿ་བྱཱ་དྷིཿ་བཥྚིཿ་བི་ཙ་ཏིཿ་པྲྀཤྩ་ཏིཿ་པྲྀ་ཚ་ཏིཿ་བྷྲྀ་ཛྫ་ཏི་རྣམས་ཀྱི་ང་འགྲོ་བ་ལ་འང་ངོ༌། །ལིཊ་ལ་བ་ཡའི་ཡའོ། །ཀིཏ་ལ་དེའི་འང་ཝ་ཡང་ནའོ། །བྱཱའི་ལིཊ་ལ་མ་ཡིན་ནོ། །ལི་པིཿ་སི་ཙི་ཧྭཱ་ལས་ཀྱང་ངོ༌། །ཨཱཏྨ་ནེ་བ་ད་རྣམས་ལ་ཡང་ནའོ། །ཨ་བྷྱསྟའི་འང་ངོ༌། །བྱིངས་ཕྱེད་པ་ལ་སའི་འོ། །ཤཱ་སིཿ་བ་སིཿ་གྷ་སི་རྣམས་ཀྱི་འང་ངོ༌། །ཤྭ་ཡ་ཏིའི་ཨའོ། །ཤྭའི་གདམ་ངའོ་ཞེས་པ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མདོ་ལས་བྷཱུ་ལ་སོགས་པ་རྣམས་རྫོགས་སོ།། །།ཨ་ད་ལ་སོགས་པ་རྣམས་ལས་ཤཔ་ཀྱིའོ། །ཧུ་ཛྷལ་རྣམས་ལས་ཧིའི་དྷིའོ། །ཨཏ་ལས་ཐམས་ཅད་ཀྱིའོ། །ལུང་སན་དག་ལ་གྷ་སླྀའོ། །ལིཊ་ལ་ཡང་ནའོ། །ལང་གི་ཤཱ་ཀ་ཊཱ་ཡ་ནའི་ངེས་པའོ། །ཨ་ནུ་དཱཏྟ་ཉེ་བའི་ཡུལཿ་བ་ནོ་ཏིཿ་ཏ་ནོ་ཏི་ལ་སོགས་པ་རྣམས་ཀྱི་རྗེས་སུ་སྣ་ལྡན་ཛྷལ་ཀ་ང་འགྲོ་བ་ལ་དབྱིའོ། །བ་མ་དག་ལ་ཡང་ནའོ། །ཧནྟིའི་ཛའོ། །འདི་ལ་གཞི་མཉམ་པ་ལ་མ་གྲུབ་པོ། །ལུང་ལའང་ངོ༌། །ཨ་བྷྱཱ་ས་ལས་ཀྱང་ངོ༌། །ལིང་ལ་ཧན་གྱི་བ་དྷའོ། །འཇིག་པ་ལ་ཧལ་ལ་ཨུཏ་ཀྱི་འཕེལ་བའོ། །ཨིཎ་གྱི་ཡཎའོ། །ལུང་ལ་ཨིཎ་གྱི་གཱའོ། །ཀ་འགྲོ་བ་ལ་ཨིན་གྱི་རིང་པོའོ། །ཨེ་ཏིའི་ལིང་ལའོ། །ཨ་སྱ་ཏིཿ་བཀྟིཿ་ཁྱཱ་ཏི་རྣམས་
ལས་ཨངའོ། །བིད་ལས་ལིཊའི་ཡང་ནའོ། །བི་དཱཾ་ཀུརྦནྟུ་ཞེས་པ་ཡང་ནའོ། །ཏན་ལ་སོགས་པ་རྣམས་ལས་ཨུའོ། །ཨཏ་ཀྱི་ཨུཏ་བྱིངས་ཐམས་ཅད་པ་ལའོ། །དའི་འང་ངོ༌། །ཤྣ་ཨས་དག་གི་ཨཏ་དབྱིའོ། །གྷུ་ཨས་དག་གི་ཧི་ལ་ཨེ་སྟེ་ཨ་བྷྱཱ་ས་དབྱི་བའང་ངོ༌། །ཨསྟིའི་བྷཱུའོ། །ཉེར་བསྒྱུར་དང་པྲཱ་དུར་དག་ལས་ཨསྟིའི་ཡ་ཨ་ཙ་ཕ་རོལ་ལའོ། །མྲྀ་ཛིའི་འཕེལ་བའོ། །བ་ཙའི་ཨུ་མའོ། །རུད་ལ་སོགས་པ་རྣམས་ལས་བྱིངས་ཐམས་ཅད་པ་ལའོ། །རུད་ལས་ཀྱང་ལྔ་རྣམས་ལས་སོ། །གརྒའི་བུ་དང་གཱ་ལ་བདག་གི་ཨཊའོ། །སུཿ་བིཿ་ནིཿ་དུར་རྣམས་ལས་སྭ་པིཿ་སཱུ་ཏིཿ་ས་མ་རྣམས་ཀྱིའོ། །ཨ་ནི་ཏིའི་ཡང་ནའོ། །ཨ་བྷྱསྟ་ལས་ཨཏའོ། །ཛུས་ལ་འང་འོ། །ཛཱ་གྲྀ་གྱི་བི་ཙི་ཎ་ཎལ་ང་འགྲོ་བ་རྣམས་མ་ཡིན་པ་རྣམས་ལའོ། །ང་རི་དྲཱའི་ཨིཏའོ། །ཤྣཱ་ཨ་བྷྱསྟ་དག་ཨཱཏ་ཀྱིའོ། །ཨ་སྟི་མ་ཡིན་པའི་ཏིཔ་ལའོ། །སིཔ་ལ་བྱིངས་ཀྱི་རུ་ཡང་ནའོ། །ཤཱས་ཀྱི་ཨིཏ་ཨང་ཧལ་དག་ལའོ། །ཧིལ་ཤཱའོ། །ཙ་ཀྵཱིང་གི་ཁྱཱ་ཉའོ། །ལིཊ་ལ་ཡང་ནའོ། །ཨཱི་ཌ་ཛན་དག་ལས་དྷྭ་ལ་འང་ངོ༌། །ཤཱིང་གི་བྱིངས་ཐམས་ཅད་པ་ལ་ཡོན་ཏན་ནོ། །ཤཱིང་ལས་རུཊའོ། །ལུང་ལྲྀང་དག་ལ་གདམ་ངའོ། །གཱ་ང་ཀུཊ་ལ་སོགས་པ་རྣམས་ལ་ཉཎ་འགྲོ་བ་མ་ཡིན་པ་རྣམས་ང་འགྲོ་བའོ། །གྷུཿ་མཱཿ་སྠཱཿ་གཱཿ་པཱ་ཛ་ཧཱ་ཏི་སཱ་རྣམས་ཀྱི་ཧལ་ལའོ། །ལིཊ་ལ་གཱངའོ། །ཡི་ཨི་ཡིག་དག་ལ་དཱི་དྷཱི་བེ་བཱི་དག་གིའོ། །དྭིཥ་ལས་ཀྱང་ངོ༌། །ཨཱུརྞོ་ཏིའི་འདམ་ཀའོ། །ཨ་བྲྀཀྟ་ལ་ཡོན་ཏན་ནོ། །ཨཱུརྞོ་ཏིའི་གདམ་ངའོ། །ཨཱུརྞུའི་ཡང་ནའོ། །ཨཙ་དང་པོ་ལས་གཉིས་པའིའོ། །ན་ད་ར་རྣམས་བརྩེགས་པའི་དང་པོ་རྣམས་མ་ཡིན་ནོ། །ནུཿ་རུཿ་སྟུཿ་ཤམཿ་ཡམ་ལས་བྱིངས་ཐམས་ཅད་པ་ལའོ། །བྲཱུ་ལས་ཨཱིཊའོ། །བྲཱུ་ལས་དང་པོ་ལྔ་རྣམས་ཀྱི་སྟེ་བྲཱུའི་ཨཱ་ཧའོ། །ཨཱ་ཧའི་ཐའོ། །བྲཱུའི་བ་ཙིའོ་ཞེས་པ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མདོ་ལས་ཨད་ལ་སོགས་པ་རྣམས་རྫོགས་སོ།། །།ཛུ་ཧོ་ཏི་ལ་སོགས་པ་རྣམས་ལས་ཤླུའོ། །ཤླུ་ལའོ། །བྷཱི་ཧྲཱིཿ་བྷྲྀ་ཧུ་རྣམས་ཀྱི་ཤླུ་བཞིན་དུ་ཡང་ངོ༌། །བྷཱིའི་ཡང་ནའོ། །ཨརྟི་བི་བརྟི་དག་གི་འང་ངོ༌། །ཨོཥྚིའི་སྔོན་མ་ཡིན་པའི་ཨུཏའོ། །ཛ་ཧཱ་ཏིའི་འང་ངོ༌།།
གྷུ་མ་ཡིན་པའི་ཧལ་ལ་ཨཱིའོ། །ཡ་ལ་དབྱིའོ། །ཧི་ལ་ཨཱ་འང་ངོ༌། །ཎི་ཛ་སོགས་གསུམ་རྣམས་ཀྱི་ཤླུ་ལ་ཡོན་ཏན་ནོ། །བྱིངས་ཐམས་ཅད་པ་ཨ་ཙ་པ་འགྲོ་བ་ལ་ཨ་བྷྱསྟའི་མ་ཡིན་ནོ། །ཛ་ནཿ་ས་ནཿ་ཁན་རྣམས་ཀྱི་སན་ཛྷལ་དག་ལའོ། །ད་དྷའི་ཏ་ཐ་དག་ལ་འང་ངོ༌། །བྷྲྀཉ་རྣམས་ཀྱི་ཨིཏའོ་ཞེས་པ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མདོ་ལས་ཧུ་ལ་སོགས་པ་རྣམས་རྫོགས་སོ།། །།དིབ་ལ་སོགས་པ་རྣམས་ལས་ཤྱནའོ། །ཀྲྀ་ཏཿ་ཙྲྀ་ཏཿ་ཚྲྀ་དཿ་ཏྲྀ་དཿ་ནྲྀ་ཏ་ལས་སི་ཙ་མ་ཡིན་པའི་ས་ལའོ། །ཨོཏ་ཀྱི་ཤྱན་ལའོ། །རཱ་དྷི་ལ་འཚེ་བ་ལའོ། །ཤླི་ཥ་འཁྱུད་པ་ལའོ། །ར་དྷ་ལ་སོགས་པ་རྣམས་ལས་ཀྱང་ངོ༌། །ར་དྷིའི་ལིཊ་ལ་མ་ཡིན་པའི་ཨིཊ་ལ་མ་ཡིན་ནོ། །ན་ཤིའི་ཥ་མཐའིའོ། །མསྫིཿ་ན་ཤ་དག་གི་ཧལ་ལ་ནུམའོ། །ཤ་མ་སོགས་བརྒྱད་རྣམས་ཀྱི་ཤྱན་ལ་རིང་པོའོ། །ཨ་སྱ་ཏིའི་ཐུ་ཀའོ། །ཡ་ས་ལས་ཉེར་བསྒྱུར་མེད་པ་ལས་སོ། །སམ་ཡས་ལས་ཀྱང་ངོ༌། །མི་དིའི་ཡོན་ཏན་ནོ། །མཱི་ནཱ་ཏིཿ་མི་ནོ་ཏིཿ་དཱིང་རྣམས་ཀྱི་ལྱ་པ་ལ་འང་ངོ༌། དཱིང་ར་རྣམས་ལྱི་ལྱཔ་ལའང་ངོ༌། །དཱི་ར་ལས་ཨ་ཙཀྵ་རུ་འགྲོ་བ་ལ་ཡུཊའོ། །ཛྙཱ་ཛན་དག་གི་ཛཱའོ། །ཛ་ནི་བ་དྷི་དག་གི་འང་ངོ༌། །པད་ལས་ཏ་ལ་ཙིཎའོ་ཞེས་པ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མདོ་ལས་དི་བུ་ལ་སོགས་པ་རྣམས་རྫོགས་སོ།། །།སུ་ལ་སོགས་པ་རྣམས་ལས་ཤྣུའོ། །སུ་ན་ཏིའི་སྱ་སན་དག་ལའོ། །ཙིའི་འདམ་ཀའོ། །རྀཏ་ལས་ཀྱང་བརྩེགས་པ་དང་པོ་ལས་སོ། །ལིང་སེ་ཙ་དག་གི་ཨཱཏྨ་ནེ་པ་ད་རྣམས་ལའོ། །ཧི་ནུ་མཱི་ནཱ་དག་གིའོ། །ཧའི་ཙང་མ་ཡིན་པ་ལའོ། །དྷིནྭིཿ་ཀྀཎྭི་དག་གི་ཨ་འང་ངོ༌། །ཨཤྣོ་ཏིའི་འང་ངོ་ཞེས་པ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མདོ་ལས་སུ་ལ་སོགས་པ་རྣམས་རྫོགས་སོ།། །།ཏུད་ལ་སོགས་པ་རྣམས་ལས་ཤའོ། །བྷྲསྫའི་བྷརྫ་ཡང་ནའོ། །མུཙ་ལ་སོགས་པ་རྣམས་ཀྱི་ཤལའོ། །ཀིར་ཏི་ལ་གཅོད་པར་བྱེད་པ་ལའོ། །ཨཊ་ཨ་བྷྱཱས་དག་བར་ན་ཡོད་ཀྱང་ངོ༌། །འཚེ་བ་ལ་པྲ་ཏི་ལས་ཀྱང་ངོ༌། །ཨཙ་ལ་གདམ་ངའོ། །ནིར་ནི་བི་རྣམས་ལས་སྥུ་ར་ཏི་སྥུ་ལ་ཏི་དག་གིའོ། །མི་ཡ་ཏི་ལས་ལུང་ལིང་དག་གི་འང་ངོ༌། །བི་ཛ་ལས་ཨིཊའོ་ཞེས་པ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མདོ་ལས་ཏུད་ལ་སོགས་པ་རྣམས་རྫོགས་སོ།། །།རུ་དྷ་ལ་སོགས་པ་རྣམས་ལས་ཤྣམའོ། །ཏྲྀ་ཎ་ཧ་ལས་ཨི་མའོ། །ཤྣ་ལས་ན་དབྱིའོ། །ཨཉྫི་ལས་
སིཙ་ལའོ་ཞེས་པ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མདོ་ལས་རུ་དྷ་ལ་སོགས་པ་རྣམས་རྫོགས་སོ།། །།ཏ་ན་ལ་སོགས་པ་རྣམས་ལས་ཏ་ཐཱས་དག་ལའོ། །ཀ་རོ་ཏི་ལས་རྟག་ཏུའོ། །ཨ་ལའང་ངོ༌། །སཾཿ་པ་རི་ཨུ་པ་རྣམས་ལས་ཀ་རོ་ཏི་ལ་རྒྱན་ལའོ། །འདུས་པ་ལ་འང་ངོ༌། །ཨུ་པ་ལས་སོ་སོར་འབད་པ་དངཿ་རྣམ་འགྱུར་བརྗོད་པ་དངཿ་རྟོག་པ་རྣམས་ལའོ་ཞེས་པ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མདོ་ལས་ཏ་ན་ལ་སོགས་པ་རྣམས་རྫོགས་སོ།། །།ཀྲཱི་ལ་སོགས་པ་རྣམས་ལས་ཤྣཱའོ། །སྟམྦྷུཿ་སྟུམྦྷུཿ་སྐམྦྷུཿ་སྐུམྦྷུཿ་སྐུ་ཉ་རྣམས་ལས་ཤྣུ་འང་ངོ༌། །བི་ལས་སྐ་བྷྣཱ་ཏིའི་རྟག་ཏུའོ། །བཱུ་ལ་སོགས་པ་རྣམས་ཀྱི་ཐུང་ངུའོ། །ཧལ་ལས་ཤྣཱའི་ཤཱ་ན་ཙ་ཧི་ལའོ། །གྲ་ཧ་ལས་ལིཊ་མ་ཡིན་པ་ལ་རིང་པོའོ། །ཤྲཱྀ་དྲཱྀ་པྲཱྀ་རྣམས་ཀྱི་ཐུང་ངུའོ། །ཧལ་རྣམས་སོ། །ནིར་ལས་ཀུཥ་ལས་སོ་ཞེས་པ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མདོ་ལས་ཀྲཱི་ལ་སོགས་པ་རྣམས་རྫོགས་སོ།། །།ས་ཏྱཱ་པཿ་པཱ་ཤཿ་རཱུ་པཿ་བཱི་ཎཱཿ་ཏཱུ་ལཿ་ཤློ་ཀཿ་སེ་ནཿ་ལོ་མཿ་ཏྭ་ཙཿ་བརྞཿ་ཙརྨཿ་ཙཱུརྞཿ་ཙུ་ར་ལ་སོགས་པ་རྣམས་ལས་ཎི་ཙའོ། །ཎི་ཙ་ལས་ཀྱང་ངོ༌། །ཨུ་པ་དྷཱའི་འང་ངོ༌། །ག་ནའི་ཨཱི་འང་ངོ༌། །ཨརྟིཿ་ཧྲཱིཿ་ཙླཱིཿ་རཱིཿ་ཀྲཱུ་ཡཱིཿ་ཀྵྨཱ་ཡཱིཿ་ཨཱཏ་རྣམས་ཀྱི་ཎི་ལ་པུ་ཀའོ་ཞེས་པ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མདོ་ལས་ཙུ་ར་ལ་སོགས་པ་རྣམས་རྫོགས་སོ།། །།རྒྱུ་དང་བཅས་པ་དང་རྒྱུ་མེད་པ་ལས་ཀྱང་ངོ༌། །ཨཀ་ཕྱིས་པ་དང་ཤཱ་སུ་རྀཏ་འགྲོ་བ་རྣམས་ཀྱི་མ་ཡིན་ནོ། །ཎི་ལ་འང་སན་ཙང་དག་ལའོ། །སྟམྦྷུཿ་སི་བུ་ས་ཧ་རྣམས་ཀྱི་ཙང་ལའོ། །ར་བྷིའི་ཤ་ལིཊ་དག་མ་ཡིན་པའི་ཨཙ་ལའོ། །ལ་བྷའི་འང་ངོ༌། །ཨཱུ་ན་ཡ་ཏིཿ་དྷྭ་ན་ཡ་ཏིཿ་ཨེ་ལ་ཡ་ཏིཿ་ཨརད་ཡ་ཏི་རྣམས་ལས་མ་ཡིན་ནོ། །སྨྲྀཿ་དྲྀཿ་ཏྭ་རཿ་པྲཐཿ་མྲ་དཿ་སྟྲྀཿ་སྤ་ཤ་རྣམས་གྱི་ཨཏའོ། །བེཥྚིའི་འདམ་ཀའོ། །བྷྲཱ་ཛཿ་བྷྲཱ་སཿ་བྷཱ་ཥཿ་དཱི་པཿ་ཛཱི་པཿ་མཱི་ལཿ་པཱི་ཌ་རྣམས་ཀྱི་ལང་ནའོ། །ཀ་ཎཿ་ར་ཎཿ་བ་ཎཿ་བྷ་ཎཿ་ཤྲ་ཎཿ་ཧྭེ་ཉཿ་ལ་པཿ་ལུ་པཿ་ལུ་ཋཿ་ཧཱ་ཨིཥ་རྣམས་ཀྱི་འང་ངོ༌། །རྀའི་རྀཏའོ། །སྭཱ་པའི་ཙང་ལའོ།། ཤཱཿ་ཚཱཿ་སཱཿ་ཧྭཱཿ་བྱཱཿ་བཿ་བཱ་རྣམས་ཀྱི་ཡུ་ཀའོ། །ཧྭཱའི་སཾ་གྲ་སཱ་ར་ཎའོ། །བི་བ་ཏིའི་དབྱི་ཞིང་ཨ་བྷྱཱ་སའི་ཨཱི་ཏའང་ངོ༌། །ཏིཥྛ་ཏིའི་ཨི་ཏའོ། །ཛི་གྷྲ་ཏིའི་ཡང་ནའོ། །བཱའི་རྣམ་པར་གཡོ་བ་ལ་ཛུཀའོ། །ལཱི་ཡ་ཏིའི་འདམ་ཀའོ། །ལཱི་ལཱི་དག་གི་ནུཀ་ལུག་དག་ཡང་ནའོ། །ལཱི་ལས་ཀུན་ནས་གུས་པ་དང་གནོད་
པ་དག་ལ་ཡང་ནའོ། །བེ་བྷེ་ཏིའི་འཇིགས་པའི་རྒྱུ་ལའོ། །བྷཱིསྨི་དག་ལས་འཇིགས་པའི་རྒྱུ་ལའོ། །བྷཱིའི་འཇིགས་པའི་རྒྱུ་ལ་ཥུཀའོ། །སྨ་ཡ་ཏིའི་རྟག་ཏུའོ། །སྥཱ་ཡཱིའི་བའོ། །ཤ་དིའི་འགྲོ་བ་མ་ཡིན་པ་ལ་ཏའོ། །རུ་ཧའི་པ་ཡང་ནའོ། །ཀྲཱི་ཨིང་ཛི་རྣམས་གྱི་ཎིལའོ། །ཎི་ལའང་སན་ཙང་དག་ལའོ།། སི་དྷྱ་ཏིའི་འཇིག་རྟེན་ཕ་རོལ་ཉིད་མ་ཡིན་པ་ལའོ། །ཙི་སྥུ་ར་དག་གི་ཎི་ལའོ། །བཱི་ཡ་ཏིའི་རབ་ཏུ་སྐྱེ་བ་ལའོ། །ཨུའི་པུ་ཡཎ་ཛི་ཨ་ཕ་རོལ་ལའོ། །སྲ་བ་ཏིཿ་ཤྲྀ་ཎོ་ཏིཿ་དྲ་བ་ཏི་པྲ་བ་ཏི་བླ་བ་ཏིཿ་བྱ་བ་ཏི་རྣམས་ཀྱི་ཡང་ནའོ། །དོ་ཥའི་ཎི་ལའོ། །སེམས་ཉོན་མོངས་པ་ལ་ཡང་ནའོ། །མ་འགྲོ་བ་རྣམས་ཀྱི་ཐུང་ངུའོ། །ཛ་ནཱིཿ་ཛྲཱི་ཥུཿ་ཀྣ་སཿ་རཉྫའི་འང་མ་མཐའོ། །འཆི་བ་དང་དགའ་བ་དང་རྣོ་བར་བྱེད་པ་རྣམས་ལ་ཛྙཱའོ། །ཉེར་བསྒྱུར་མེད་པ་ལས། ཛྭ་ལཿ་ཧྭ་ལཿ་ཧྨ་ལཿ་ནམ་དངཿ་གླཱཿ་སྣཱཿ་བ་ནཿ་བ་མའི་འང་ངོ༌། །ཀམཿ་ཨམཿ་ཙམ་གྱི་མ་ཡིན་ནོ། །ཤ་མུའི་མི་མཐོང་བ་ལ་མ་འགྲོ་བའོ། །ཡ་མུའི་ཡོངས་སུ་འཇུག་པ་མ་ཡིན་པ་ལའོ། །སྑ་དིའི་ཨ་བ་དང་པ་རི་དག་ལས་ཀྱང་ངོ༌། །ཁོང་དུ་ཆུད་པ་མ་ཡིན་པ་ལ་ཎི་ལ་ག་མིའོ། །ཙི་ཎ་དང་ཎལ་དག་མ་ཡིན་པ་ལ་ཧན་གྱི་ཏའོ། །ཨཱིཪྵྱ་ཏིའི་གསུམ་པའི་གཉིས་སོ་ཞེས་པ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མདོ་ལས་ཎིཙ་མཐའ་ཅན་རྣམས་རྫོགས་སོ།། །།བྱིངས་ལས་ལས་དང་འདོད་པ་བྱེད་པ་པོ་མཉམ་པ་ལས་ཡང་ནའོ། །ཨུ་ཨི་ཨུ་པ་དྷཱ་ཧལ་དང་པོ་དང་ར་ལ་ལས་སན་འང་ངོ༌། །ས་ལ་ཨ་བྷྱཱ་སའི་གཉིས་དག་གིའོ། །ཧལ་མཐའ་ལས་ཀྱང་ངོ༌། །སན་ལ་ཨིཊ་ཡང་ནའོ། །ཨིཀ་ལས་ཛྷ་ལའོ། །ཨཙ་ཧན་གམ་རྣམས་ཀྱི་སན་ལའོ། །སན་ལ་འང་ངོ༌། །ཨིང་གི་འང་ངོ༌། །གྲ་ཧ་གུ་ཧ་དག་གིའང་སན་ལའོ། །རུ་དཿ་བི་དཿ་མུ་ཥཿ་གྲ་ཧིཿ་སྭ་པིཿ་པྲ་ཚ་ལས་སན་འང་ངོ༌། །སྨིཿ་བཱུངཿ་རྀཿ་ཨཉྫཱུཿ་ཨ་ཤ་རྣམས་ཀྱི་སན་ལའོ། །ཀྲཱྀ་ལས་ཀྱང་ལྔ་རྣམས་ལས་སོ། །ཨཱི་པ་མཐའ་དངཿ་རྀ་དྷཿ་བྷྲསྫ་དམྦྷུཿ་ཤྲི་སྤྲིཿ་ཡུཿ་ཨཱུརྞུཿ་བྷ་རཿ་ཛྙཱ་པིཿ་སན་རྣམས་ཀྱི་སན་ལའོ། །ཨཱཔཿ་ཛྙཱ་པིཿ་རྀ་དྷ་རྣམས་ཀྱི་ཨཱིཏའོ། །དམྦྷའི་ཨིཏ་འང་ངོ༌། །ཏ་ནོ་ཏིའི་འདམ་ཀའོ། །སན་ལཿ་མཱིཿ་མཱཿ་གྷུཿ་ར་བྷཿ་ལ་བྷཿ་ཤ་ཀ་པ་ཏ་རྣམས་ཀྱི་ཨ་ཙའི་ཨི་ཤའོ། །མུ་ཙའི་ལས་མ་ཡིན་པའི་ཡོན་ཏན་ལ་ཡང་ནའོ། །སྟཽ་ཏི་དང་ཎི་དག་གི་
ཨ་བྷྱཱ་སའི་འོ། །སྭི་དིཿ་སྭ་དིཿ་ས་ཧ་རྣམས་ཀྱིས་འང་ངོ་ཞེས་པ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མདོ་ལས་སན་མཐའ་ཅན་རྣམས་རྫོགས་སོ།། །།བྱིངས་ཨཙ་གཅིག་པ་ཧལ་དང་པོ་ལས་བྱ་བ་ཡང་དག་པར་སྡུད་པ་ལ་ཡང་ངོ༌། །འགྲོ་བ་ལ་འཁྱོག་པོ་ཁོ་ན་ལའོ། །ལུ་པཿ་ས་དཿ་ཙ་རཿ་ཛ་པཿ་ཛ་བྷཿ་ད་ཧཿ་ད་ཤཿ་གྲཱྀ་རྣམས་ལས་སྨད་པ་ཉིད་ལའོ། །ཡང་འཇིག་པ་དག་ལ་ཡོན་ཏན་ནོ། །ཡའི་ཧལ་ལས་སོ། །ཀ་འགྲོ་བ་མ་ཡིན་པའི་རིང་པོའོ། །ཡང་ལ་འང་ངོ༌། །སི་ཙའི་ཡང་ལའོ། །གྲཱྀའི་ཡང་ལའོ། །ཀ་བ་ཏིའི་ཡང་ལ་མ་ཡིན་ནོ། །བཉྩུཿ་སྲཾ་སུཿ་དྷྭཾ་སུཿ་ཀ་སཿ་པ་ཏ་པ་ད་སྐནད་རྣམས་ཀྱི་ནཱིཀའོ། །རྗེས་སུ་སྣ་ལྡན་མཐའ་ཅན་གྱི་ཨཏ་ཀྱི་ནུཀའོ། །ཛ་པཿ་ཛ་བྷཿ་ད་ཧཿ་ད་ཤཿ་བྷཉྫ་པ་ཤ་རྣམས་ཀྱི་འང་ངོ༌། །ཙ་ར་ཕ་ལ་དག་གི་འང་ངོ༌། །ཨཏ་ལས་ཕ་རོལ་གྱི་ཨུཏའོ། །རྀཏ་ཨུ་པ་དྷཱའིའང་རཱིཀའོ། །ཀྵུ་བྷྣ་ལ་སོགས་པ་རྣམས་ལའང་ངོ༌། །སྭ་པ་སྱ་མཿ་བྱེ་ཉ་རྣམས་ཀྱི་ཡང་ལའོ། །བ་ཤའི་མ་ཡིན་ནོ། །ཙིའི་ཀཱིའོ། །གྷྲཱ་དྷྨཱ་དག་གི་ཨཱིཏའོ། །ཀ་ང་འགྲོ་བ་ལ་ཨ་ཡང་ངོ་ཞེས་པ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མདོ་ལས་ཡང་གི་མཐའ་རྣམས་རྫོགས་སོ།། །།ཡང་གི་ཨཙ་ལ་ཡང་ངོ༌། །ཡང་ལས་ཡང་ནའོ། །ཚ་བ་དག་གི་རྗེས་སུ་སྣ་ལྡན་ལའང་ཤ་ཨཱུ་ཋ་དག་གོ ། བྱིངས་ཕྱིས་པའི་བྱིངས་ཕྱེད་པ་ལ་མ་ཡིན་ནོ། །འཇིག་པ་ལ་རུཀ་རིཀ་དག་ཀྱང་ངོ༌། །རྀཏ་ལས་ཀྱང་ངོ་ཞེས་པ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མདོ་ལས་ཡང་འཇིག་པའི་མཐའ་རྣམས་རྫོགས་སོ།། །།སུཔ་ལས་བདག་ཉིད་ལ་ཀྱཙའོ། །ཀྱཙ་ལའང་ངོ༌། །ནའི་ཀྱ་ལའོ། །ཀྱའི་འདམ་ཀའོ། །མ་མཐའ་དང་མི་ཟད་པ་རྣམས་ལས་ཀྱཙ་མ་ཡིན་ནོ། །ཨ་ཤ་ནཱ་ཡཿ་ཨུ་ད་ནྱཿ་དྷ་ནཱ་ཡ་རྣམས་ལྟོགས་བ་སྐོམ་པ་འདོད་པ་རྣམས་ལའོ། །ཨ་ཤྭཿ་ཀྵི་རཿ་པྲྀ་ཥཿ་ལ་བ་ཎ་རྣམས་ཀྱི་ཀྱ་ཙ་ལ་བདག་ཉིད་དགའ་བ་ལའོ། །ཀཱ་མྱཙ་འང་ངོ༌། །ཉེ་བར་འཇལ་བ་ལས་ཀུན་སྤྱོད་ལའོ། །ལྷག་པར་བྱེད་པ་ལས་ཀྱང་ངོ༌། །བྱེད་པ་པོ་ལས་ཀྱང་སྟེ་ས་དབྱི་བའང་ངོ༌། །ཨོ་ཛ་ས་ཨཔྶ་རས་དག་གི་རྟག་ཏུའོ། །སུ་སྔོན་མའི་མ་ནས་ཀྱི་རྟག་ཏུའོ། །གལྨཿ་ཀླཱི་བཿ་ཧོ་ཌྷ་རྣམས་ལས་ཀུན་སྤྱོད་པ་ལ་ཀྭི་པ་ཡང་ནའོ། །བྷྲྀ་ཤ་ལ་སོགས་པ་རྣམས་ལས་གྱུར་པ་ལ་ཙྭི་མ་ཡིན་པ་ལས་ཧལ་དབྱི་བ་འང་ངོ༌། །ལོ་ཧི་ཏ་ལ་
སོགས་པ་དང་ཌཱ་ཙ་རྣམས་ལས་ཀྱཥའོ། །ཀྱཥ་ལས་ཡང་ནའོ། །ཀཥྚ་ལ་ལས་ལའོ། །ས་ཏྲཿ་ཀཀྵཿ་ཀཥྚཿ་ཀྲྀ་ཚྭཿ་ག་ཧན་རྣམས་ལས་སྡིག་པ་བྱེད་པར་འདོད་པ་ལའོ། །རོ་མནྠ་དང་ཏ་པས་དག་ལ་གཡོ་བའི་ལས་ལ་འཇུག་པ་ལའོ། །བཱཥྤཿ་ཨཱུཥྨ་དག་ལས་སྟེང་དུ་འཕྱུར་བ་ལའོ། །པེ་ན་ལས་ཀྱང་ངོ༌། །ཤཔྡཿ་བཻ་རཿ་ཀ་ལ་ཧཿ་ཨ་བྷྲཿ་ཀཎྛཿ་མ་དྷྱ་རྣམས་ལས་བྱེད་པ་ལའོ། །སུ་དི་ནཿ་དུརྡི་ན་ནཱི་ཧཱ་ར་རྣམས་ལས་ཀྱང་ངོ༌། །སུ་ཁ་ལ་སོགས་པ་རྣམས་ལས་རིག་པར་བྱེད་པ་ལའོ། །ན་མསཿ་བ་རི་བས་ཙི་ཏྲད་ལ་ཀྱ་ཙའོ། །པུཙྪ་ལས་ཨུཏ་ལས་འཕེན་པ་ལའོ། །པ་རི་ཨུཏ་ལས་ཀྱང་ཁྱབ་པ་ལའོ། །ཙི་པ་ར་ལས་བོར་བ་སྡུད་པ་ལ་ཡང་ནའོ། །མུཎྜཿ་མི་ཤྲཿ་ཤླཀྵཿ་ལ་བཎཿ་བྲ་ཏཿ་བསྟྲཿ་ཧ་ལཿ་ཀྲྀཏཿ་ཏཱུསྟ་རྣམས་ལས་ཎིཙའོ། །མིང་གི་ནི་ལ་ཨིཥྛ་བཞིན་ནོ། །ཤྭེ་ཏཿ་ཨ་ཤྭཿ་ཨ་ཤྭ་ཏ་རཿ་ག་ལོ་ཌིཿ་ཨཱ་ཧྭ་རཿ་ཀཱ་ཀ་རྣམས་ཀྱི་མཐའ་དབྱིའོ། །ཀཎྜུ་ལ་སོགས་པ་རྣམས་ལས་ཡཀའོ། །ཀྱཙའི་མཐའ་ལས་སནའོ་ཞེས་པ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མདོ་ལས་མིང་གི་བྱིངས་རྣམས་རྫོགས་སོ།། །།ཨ་ནུ་པ་རཱ་དག་ལས་ཀྲྀཉ་ལས་སོ། །ཨ་བྷིཿ་པྲ་ཏིཿ་ཨ་ཏི་རྣམས་ལས་ཀྵི་པ་ལས་སོ། །པྲ་ལས་བ་ཧ་ལས་སོ། །པ་རི་ལས་མྲྀཥ་ལས་ཀྱང་ངོ༌། །བི་ཨཱངཿ་པ་རི་རྣམས་ལས་ར་མ་ལས་སོ། །ཨུ་པ་ལས་ཀྱང་ངོ༌། །ལས་མེད་པ་ལས་འདམ་ཀའོ། །བུ་དྷཿ་ཡུ་དྷཿ་ན་ཤཿ་ཛནཿ་ཨིངཿ་བྲུཿ་དྲུཿ་སྲུ་རྣམས་ལས་ཎི་ལས་སོ། །འགྲོ་བ་དངཿ་གཡོ་བ་དངཿ་ཟས་རྣམས་ཀྱི་དོན་ལས་ཀྱང་ངོ༌། །ཎི་མེད་པ་ལ་སེམས་དང་ལྡན་པའི་བྱེད་པ་པོ་ལས་མེད་པ་ལས་ཎི་ལས་སོ།། པཱཿ་དམཿ་ཨཱ་ཡམཿ་ཨཱ་ཡསཿ་པ་རི་མུ་ཧཿ་རུ་ཙིཿ་ནྲྀ་ཏིཿ་བ་དཿ་བས་ལས་མ་ཡིན་ནོ། །བྱེད་པ་པོ་ལས་གཅིག་ལ་འཇུག་པ་ལའོ། །འཚེ་བ་དང་འགྲོ་བའི་དོན་ལས་མ་ཡིན་ནོ། ཕན་ཚུན་བྱེད་པ་ལའང་ངོ༌། །ནི་ལས་བི་ཤ་ལས་སོ། །པ་རའི་ཨ་བ་རྣམས་ལས་ཀྲཱི་ལས་སོ། །བི་པ་ར་དག་ལས་ཛི་ལས་སོ།། ཨཱང་ལས་དཱ་ལས་ཁ་གདངས་པ་མ་ཡིན་པ་ལའོ། །ཀྲཱི་ཌ་ལསཿ་ཨ་ནུཿ་སཾ་པ་རི་རྣམས་ལས་ཀྱང་ངོ༌། །ཨཱང་ལས་ག་མི་ལས་བཟོད་པ་ལའོ། །ཨ་པ་ལས་རྐང་བཞི་དང་འདབ་ཆགས་འདྲི་བ་ལའོ། །སམཿ་ཨ་བཿ་པྲ་བི་རྣམས་ལས་སྠཱ་ལས་སོ། །རབ་ཏུ་སྟོན་པ་ངེས་པར་བཤད་པ་དག་ལས་ཀྱང་ངོ༌། །ཨུཏ་ལས་
སྟེང་མ་ཡིན་པའི་ལས་ལའོ། །ཨུ་པ་ལས་སྔགས་ཀྱི་བྱེད་པ་ལའོ། །ཐོབ་པར་འདོད་པ་ལ་ཡང་ནའོ། །ལས་མེད་པ་ལའང་ངོ༌། །ཨུཏ་བི་དག་ལས་ཏ་པ་ལས་སོ། །ཨཱང་ལ་ཡམ་ཧན་ལས་སོ། །ཧན་ལས་སིཙའོ། །ཨཱཏྨ་ནེ་པ་ད་རྣམས་ལ་ཡང་ནའོ། །ཡམ་ལས་འང་ངོ༌། །སམ་ལས་གམ་རྀ་ཚིཿ་པྲ་ཚིཿ་སྭ་ར་ཏིཿ་ཨརྟིཿ་ཤྲུཿ་བི་དི་རྣམས་ལས་སོ། །གམ་ལས་ཡང་ནའོ། །བིརྟི་ལས་གདམ་ངའོ། །ནི་སམ་ཨུ་པ་བི་རྣམས་ལས་ཧྭཱ་ལས་སོ། །ཉེར་བསྒྱུར་ལས་ཨཱུ་ཧ་ཏིའི་ཐུང་ངུའོ། །འགྲན་པ་ལས་ཨཱང་ལས་སོ། །སྨོད་པ་དངཿ་གནོད་པ་དངཿ་བསྟེན་པ་དངཿ་ལྷན་ཅིག་པ་དངཿ་འབད་པ་དངཿ་གཏམ་དང་ཉེ་བར་སྦྱོར་བ་རྣམས་ལ་ཀྲྀཉ་ལས་སོ། །ཨ་དྷི་ལས་ནུས་པ་ལའོ། །བི་ལས་སྒྲའི་ལས་ལས་སོ། །ལས་མེད་པ་ལས་ཀྱང་ངོ༌། །ནཱི་ལས་ཡང་དག་པར་གུས་པ་དངཿ་ཁྲོ་བ་དངཿ་མཆོད་པ་བྱེད་པ་དངཿ་སྒྲུབ་པ་ཤེས་པ་དངཿ་ཡོན་དངཿ་གླ་རྣམས་ལའོ། །བྱེད་པ་པོའི་གནས་སུ་ལུས་ཅན་མ་ཡིན་པའི་ལས་ལའོ། །འཇུག་པ་དངཿ་སྤྲོ་བ་དངཿ་བསྟན་པ་རྣམས་ལས་ཀྲ་མ་ལས་སོ། །ཨུ་བ་པ་ར་དག་ལས་སོ། །ཨཱད་ལས་འགྱེད་བ་ལའོ། །བི་ལས་རྒང་པ་གས་པ་ལའོ། །པྲ་ཨུ་པ་དག་ལས་རྩོམ་པ་ལའོ། །བརྫུན་ལ་ཛྙཱ་ལས་སོ། །ལས་མེད་པ་ལས་ཀྱང་ངོ༌། །སཾ་པྲ་ཏི་དག་ལས་དྲན་པ་མ་ཡིན་པ་ལའོ། །བད་ལས་གསལ་བ་དངཿ་ཉེ་བར་འདུན་པ་དངཿ་ཤེས་པ་དངཿ་འབད་པ་དངཿ་བློ་གྲོས་མཐའ་དད་པ་དངཿ་ཉེ་བར་བསྔགས་པ་རྣམས་ལའོ། །གསལ་བར་ལྷན་ཅིག་བརྗོད་པ་ལའོ། །ཨ་ནུ་ལས་ལས་མེད་པ་ལས་སོ། །བི་པྲ་བརྗོད་པ་ལ་གདམ་ངའོ། །ཨ་པ་ལས་གྲཱྀ་ལས་སོ། །སམ་ལས་དམ་བཅའ་བ་ལའོ། །ཨུཏ་ལས་ཙ་ར་ལས་ལས་དང་བཅས་པ་ལས་སོ། །སམ་ལས་གསུམ་པ་སྦྱོར་བ་ལའོ། །དཱཎ་ལས་གལ་ཏེ་བཞི་པའི་དོན་ལའོ། །ཨུ་པ་ལས་ཡམ་ལས་རང་གི་བྱ་བ་ལའོ། །ཨུ་པ་ཡམ་ལས་འདམ་ཀའོ། །ཛྙཱཿ་ཤྲཱུཿ་སྨྲྀཿ་དྲྀ་ཤ་རྣམས་ཀྱིས་ན་ལས་སོ། །ཨ་ནུ་ལས་ཛྙཱ་ལས་སོ། །པྲ་ཏི་ཨཱང་དག་ལས་ཤྲུ་ལས་སོ། །ཇི་ལྟར་བཀླགས་པ་ལའོ། །དངོས་པོ་དང་བྱ་བ་དག་ལས་སོ། །པྲ་ཨུ་པ་དག་ལས་ཡུ་ཛི་ལས་མཆོད་སྦྱིན་གྱི་སྣོད་མ་ཡིན་པ་ལའོ། །སམ་ལས་ཀྵུ་ལའོ། །བྷུ་ཛ་ལས་སྐྱོང་བ་མ་ཡིན་པ་ལའོ། །ཎི་ལས་འབྲས་བུ་ལྡན་པའི་བྱེད་པ་པོ་ལའོ། །བཀླགས་པ་རྣམ་པར་བཤད་པ་ལས་སོ། །
གྲྀ་དྷི་པཉྩི་དག་ལས་རབ་ཏུ་ཐོབ་པ་ལའོ། །མ་ཐྱ་ཉེ་བའི་ཚིག་ལས་ཀྲྀཉ་ལས་ཡང་ཡང་ལའོ། །ཨ་པ་ལས་བ་ད་ལས་སོ། །སམ་ཨུཏ་ཨཱང་རྣམས་ལས་ཡམ་ལས་གཞུང་མ་ཡིན་པ་ལའོ། །ཉེར་བསྒྱུར་མེད་པ་ལས་ཛྙཱ་ལས་སོ། །ཉེ་བའི་ཚིག་རྟོགས་པ་ལ་གདམ་པའོ་ཞེས་པ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མདོ་ལས་བྱིངས་དང་ཉེར་བསྒྱུར་སྦྱོར་བ་རྣམས་རྫོགས་སོ།། །།དངོས་པོ་དང་ལས་ལས་སོ། །བྱིངས་ཐམས་ཅད་པ་རྣམས་ལས་ཡཀའོ། །དངོས་པོ་དང་ལས་དག་ལ་ཙིཎའོ། །དངོས་པོ་དང་ལས་དག་ལས་ཉེ་བའི་ཡུལ་དང་ཧན་གྲ་ཧ་དྲི་ཤ་རྣམས་ཀྱིཿ་སྱཿ་སི་ཙཿ་སཱི་ཡུཊཿ་ཏཱ་སི་རྣམས་ལ་ཙིཎ་བཞིན་ཨིཊ་ཡང་ནའོ། །ཏ་ནོ་ཏིའི་ཡཀ་ལའོ། །ཏ་པའི་ཨ་ནུ་ཏ་པའི་འང་ངོ༌། །ཙིཎ་ཀྲྀཏ་དག་ལ་ཨཱཏ་ལས་ཡུཀའོ། །ཙིཎ་ཎ་མུལ་དག་ལ་རིང་བོ་ཡང་ནའོ། །བྷཾ་ཛིའི་ཙིཎ་ལའོ། །ཙིཎཿ་ཎ་མུལ་དག་ལ་ཡང་ནའོ། །བྱ་བའི་ལས་མཉམ་པ་ལས་ཅན་ནོ། །ཀུ་ཥིཿ་རཉྫ་དག་ལ་ཤར་པ་རྣམས་ཀྱི་ཤྱན་ཏེ་པ་རསྨཻ་པ་དའང་ངོ༌། །ཨཙ་ལས་ལས་བྱེད་པ་ལའོ། །རུ་དྷ་ལས་མ་ཡིན་ནོ། །དུ་ཧཿ་སྣུ་ཧཿ་ནམ་རྣམས་ཀྱི་ཡཀ་ཙིཎ་དག་མ་ཡིན་ནོ། །ཎིཿ་ཤྲནྠིཿ་གྲནྠིཿ་བྲཱུཉ་རྣམས་ལ་ཨཱཏྨ་ནེ་པ་ད་སྟེ་ལས་ལས་ཡཀ་ཙིཎ་དག་མ་ཡིན་ནོ་ཞེས་པ་པཱ་ཎི་ནི་བྱཱ་ཀར་ཎའི་མདོ་ལས་དངོས་པོ་དང་ལས་རྣམས་རྫོགས་སོ།། །།དངོས་སུ་ཤེས་པའི་བརྗོད་པ་ལ་ལྲྀཊའོ། །ཡཏ་ལ་མ་ཡིན་ནོ། །དེ་འདོད་པ་ལ་ཡང་ནའོ། །ལྐོག་ཏུ་གྱུར་པ་ལ་ལིཊའོ། །ཧ་ཤ་ཤྭཏ་དག་ལས་ལིད་འང་ངོ༌། །ཡང་དག་པར་དྲི་བ་ལའང་སྡོད་པའི་དུས་ལའོ། །སྨ་ལ་ལྲྀཊའོ། །ལྐོག་ཏུ་གྱུར་པ་མ་ཡིན་པ་ལའང་ངོ༌། །ན་ནུ་ལ་དྲི་པ་སོ་སོར་བརྗོད་པ་ལའོ། །ན་ནུ་དག་ལས་ཡང་ནའོ། །སྨ་མ་ཡིན་པ་ལ་ཕུར་ལ་ལུང་འང་ངོ༌། །ཡཱ་བཏ་པུ་རཱ་དག་ལས་ངེས་ཚིག་ལ་ལཊའོ། །ཀ་དཱ་ཀརྟི་དག་ལས་ཡང་ནའོ། །ཀིམ་འཇུག་པ་ལས་འདོད་པ་ལའོ། །འདོད་པ་ཅན་འགྲུབ་པ་ལའང་ངོ༌། །ལོཊའི་དོན་གྱི་མཚན་ཉིད་ལའོ། །ད་ལྟར་བ་ཉེ་བ་ལ་ད་ལྟར་བ་བཞིན་ཡང་ནའོ། །ཐེ་ཚོམ་ལ་འདས་པ་བཞིན་ཡང་ནའོ། །མགྱོགས་པར་བརྗོད་པ་ལ་ལྲྀཊའོ། །ཐེ་ཚོམ་བརྗོད་པ་ལ་ལིང་འོ། །ཨ་པི་ཛཱ་ཏུ་དག་ལས་སྨོད་པ་ལ་ལཊའོ། །ཀ་ཐཾ་ལ་ལིང་འང་ཡང་ནའོ། །ཀིམ་འཇུག་པ་ལ་ལིང་ལྲྀཊ་དག་གོ །ཀིམ་ཀི་ལ་ཡོད་པའི་དོན་རྣམས་ལ་ལྲྀཊའོ། །ཛཱ་ཏུ་ཡང་དག་ལས་ལིངའོ། །ཡ་དཱ་ཡ་དི་དག་གི་སྦྱོར་
བ་ལ་འང་ངོ༌། །ཡཙྩ་ཡ་ཏྲ་དག་གིའོ། །ངོ་མཚར་བར་བྱེད་པ་ལའང་ངོ༌། །ལྷག་མ་དང་ཡི་དི་མ་ཡིན་པ་ལ་ལྲྀཊའོ། །ཨུཏ་ཨ་པི་དག་ལས་ལེགས་པའི་དོན་ལ་ལིངའོ། །ལིང་གི་ཡུལ་ལ་བྱ་བ་ཤོར་བ་དང་བྱུང་བ་ལའང་ལྲྀང་རྟག་ཏུའོ། །སྲིད་པ་ལས་ཨ་ལཾ་ཞེས་པ་གལ་ཏེ་གྲུབ་པར་མི་སྦྱོར་རོ། །བྱིངས་ལ་སྲིད་པ་བརྗོད་པ་ལ་ཡ་དི་མ་ཡིན་པ་ལ་ཡང་ནའོ། །རྒྱུ་དང་རྒྱུ་ཅན་དག་ལ་ལིང་འོ། །འདོད་པའི་དོན་རྣམས་ལ་ལིང་ལོཊ་དག་གོ །ལིང་འང་ངོ༌། །འདོད་པའི་དོན་རྣམས་ལས་ད་ལྟར་པ་ལ་ཡང་ནའོ། །སྤྲིང་བསྐུལ་རྗེས་སུ་ཤེས་པ་དུས་ལ་བབ་པ་རྣམས་ལ་ཀྲྀཊ་རྣམས་ཀྱང་ངོ༌། །འོས་པ་ལ་ཀྲྀཏ་ཏྲྀ་ཙའང་ངོ༌། །ནུས་པ་ལ་ལིང་འང་ངོ༌། །ཚོགས་པ་ལ་ཡང་ནའོ། །ཚོགས་པ་མཉམ་པར་བརྗོད་པའི་འོ་ཞེས་པ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མདོ་ལས་དུས་ཀྱི་དོན་གྱི་འཇུག་པ་རྣམས་རྫོགས་སོ།། །།བྱིངས་ལས་སོ། །དེ་ལ་བདུན་པ་གནས་པ་ཉེ་བའི་ཚིག་གོ །བུད་མེད་མ་ཡིན་པ་གཟུགས་མཚུངས་པ་མིན་པ་ཡང་ནའོ། །ཎུལ་ལས་སྔོན་མ་ཀྲྀཏའོ། །བྱེད་པ་པོ་ལ་ཀྲྀཏའོ། །ཀྲྀཏ་ཀྟ་ཁལ་དག་དོན་དེ་དག་ཉིད་ལའོ། །ཏ་བྱཏཿ་ཏ་བྱཿ་ཨ་ནཱི་ཡར་རྣམས་སོ། །བ་སི་ལས་ཏ་བྱཏ་འོ། །བྱེད་པ་པོ་ལཎ་འགྲོ་བའང་ངོ༌། །ཀྲྀཏ་ཨ་ཙའིའོ། །ཎི་ལས་ཡང་ནའོ། །ཧལ་ལས་ཀྱང་ཨི་ཙ་ཨུ་པ་དྷཱ་ལས་སོ། །ཨིཙ་དང་པོ་ལས་ནུམ་དང་བཅས་པའི་འོ། །བྷཱཿ་བྷཱུཿ་པཱུཿ་ཀ་མིཿ་ག་མིཿ་པྱཱ་ཡཱིཿ་བེས་རྣམས་ཀྱི་མ་ཡིན་ནོ། །མང་པོ་ལ་སྐྲྀཏ་ལྻུཊ་འོ། །ཨ་ཙ་ལས་ཡཏའོ། །ཡཏ་ལ་ཨཱིཏའོ། །ཨཏ་ཨུ་པ་དྷཱ་ལས་པུ་ལས་སོ། །ཨཱང་ལས་ཀྱང་ངོ༌། །ཨུ་པ་ལས་ཐེ་ཚོམ་ལའོ། །ཤ་ཀིཿ་ས་ཧ་དག་ལས་ཀྱང་ངོ༌། །ཉེར་བསྒྱུར་མེད་པ་ལ་ག་དཿ་མ་དཿ་ཙ་ར་ཡམ་ལས་ཀྱང་ངོ༌། །ཙ་རིའི་ཨཱང་ལས་ཀྱང་བླ་མ་མ་ཡིན་པ་ལས་སོ། །ཨ་བ་དྱཿ་པ་ཎྱཿ་བྲ་ཛྱ་རྣམས་སྨད་བྱཿ་བཙོང་བྱཿ་འགོག་པ་མེད་པ་རྣམས་ལའོ། །བ་ཧྱཾ་བྱེད་པ་ལའོ། །ཨརྻ་ཇོ་བོ་དང་རྗེའུ་རིགས་དག་ལའོ། །ཨུ་པ་སརྻཱ་ཟླ་མཚན་ཅན་མ་ལའོ། །ཨ་ཛརྻཾ་ཡང་དག་སོང་བ་ལའོ། །རྀ་དང་ཧལ་ལས་ཎྱཏཱོ། །ཙ་ཛ་དག་གི་གྷི་ཎྱཏ་དག་ལ་ཀུའོ། །ཀུ་དང་པོའི་མ་ཡིན་ནོ། །ཨ་ཛི་བྲ་ཛི་དག་གིའང་ངོ༌། །པཉྩིའི་འགྲོ་བ་ལའོ། །ཎྱ་ལ་ལྷག་པར་ལའོ། །ཡ་ཛཿ་ཡཱ་ཙཿ་རུ་ཙཿ་པྲ་པ་ཙཿ་རྀ་ཙའིའང་ངོ༌། །བ་ཙའི་སྒྲའི་མིང་མ་ཡིན་བ་ལའོ། །པྲ་ཡོ་ཛྱ་ནི་ཡོ་ཛྱ་
དག་ནུས་པའི་དོན་ལའོ། །ཨུ་ལས་ངེས་པ་ཅན་ལའོ། །ཨཱ་སུཿ་ཡུཿ་བ་པིཿ་ར་བིཿ་ལ་པིཿ་ཏྲ་པིཿ་ཙམ་ལས་ཀྱང་ངོ༌། །དམྦྷི་ལས་ཀྱང་ངོ༌། །ཨཱ་ནཱ་ཡྻ་མི་རྟག་པ་ལའོ། །པྲ་ཎཱ་ཡྻཿ་ཡང་དག་པར་འདོད་པ་མ་ཡིན་པ་ལའོ། །པཱ་ཡྻཿ་སཱ་ནྣཱ་ཡྻཿ་ནི་ཀཱ་ཡྻཿ་དྷཱཡྻ་རྣམས་ང་རྒྱལ་དངཿ་སྲེག་རྫས་དངཿ་གནས་དངཿ་ཡམ་ཤིང་རྣམས་ལའོ། །ཀུཎྜ་པཱ་ཡྻཿ་སཉྩཱ་ཡྻ་དག་མཆོད་སྦྱིན་ལའོ། །ཨ་མཱ་བ་སི་ཡང་ནའོ། །སུཔ་ལ་བད་ལས་ཀྱཔའང་ངོ༌། །བྷཱུ་ལས་དངོས་པོ་ལའོ། །ཧན་ལས་ཏའང་ངོ༌། །ཨེ་ཏིཿ་སྟུཿ་ཤཱས་བྲྀཿ་དྲྀཿ་ཛུཥ་ལས་ཀྱ་པའོ། །ཐུང་ངུའི་ཕ་འགྲོ་བ་ལ་ཀྲྀཏ་ལ་ཏུཀའོ། །ཤཾ་སིཿ་གུ་ཧིཿ་དུ་ཧི་རྣམས་ལས་ཡང་ནའོ། །ཨཱང་སྔོན་མ་ལས་ཨ་ཛི་ལས་ཀྱང་མིང་ལའོ། །རྀཏ་ཨུ་པ་དྷཱ་ལས་ཀྱང་ཀླྀ་པི་དང་ཙྭྀཏ་མ་ཡིན་པ་ལས་སོ། །པཱ་ཎི་ལ་སྲྀ་ཛ་ལས་ཎྱཏཱོ། །སཾ་ཨ་བ་སྔོན་མ་ལས་ཀྱང་ངོ༌། །ཁ་ནའི་ཨཱི་འང་ངོ༌། །བྷྲྀཉ་ལས་མིང་མ་ཡིན་པ་ལའོ། །སཾ་བྷྲཉ་ལས་ཡང་ནའོ། །སྲྀ་ཛིའི་འདམ་ཀའོ། །རཱ་ཛ་སཱུ་ཡཿ་སཱུརྻ་མྲྀ་ཥོ་དྱཿ་རུ་ཙྱཿ་ཀུ་པྱཿ་ཀྲྀཥྚ་པ་ཙྱཿ་ཨ་བྱ་ཐྱ་རྣམས་སོ། །བྷ་དྱཿ་ཨུདྡྷྱ་དག་ཆུ་བོ་ལའོ། །པུ་ཥྱ་དང་སི་དྷྱ་དག་སྐར་མ་ལའོ། །བི་པཱུ་ཡཿ་བི་ནཱི་ཡཿ་ཛི་ཏྱ་རྣམས་མུཉྫ་སྙིགས་མ་ཐོབ་པ་རྣམས་ལའོ། །པྲ་ཏི་ཨ་པི་དག་ལས་གྲ་ཧི་ལས་སྡེབ་སྦྱོར་ལའོ། །ཚིག་རང་དབང་མིན་པ་ཕྱི་རོལ་ཕྱོགས་རྣམས་ལའང་ངོ༌། །ཀྲྀ་བྲྀཥ་དག་ལ་འདམ་ཀའོ། །བྷ་བྱཿ་གེ་ཡཿ་པྲ་བ་ཙ་ནཱི་ཡཿ་ཨུ་པསྠཱ་ནི་ཡཿ་ཛ་ནྱཱཿ་པླཱ་བྱཱཿ་པཱ་ཏྱཱ་རྣམས་སོ་ཞེས་པ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མདོ་ལས་ཀྲྀཏ་རྣམས་རྫོགས་སོ།། །།ཎྭུལ་ཏྲི་ཙ་དག་གོ །ནནྡིཿ་གྲ་ཧིཿ་པཙ་ལ་སོགས་པ་རྣམས་ལས་ལྻུ་ཎི་ནི་ཨཙ་རྣམས་སོ། །ཡང་ལས་ཨཙ་སྟེ་ཡང་འང་འཇིག་གོ །ཙ་རིཿ་ཙ་ལིཿ་བ་ཏིཿ་བ་དི་རྣམས་ཀྱི་གཉིས་ཉིད་ཡང་ན་སྟེ་ཨ་བྷྱཱ་སའི་ཨཱཀྩའང་ངོ༌། །རཱ་ཏྲྀའི་ཀྲྀཏ་ལ་གདམ་ངའོ། །ཨིཀ་ཨུ་པ་དྷཱ་དང་ཛྙཱ་པྲཱྀ་ཀྲཱྀ་ལས་ཀའོ། །ཨཱཏ་ལས་ཀྱང་ཉེར་བསྒྱུར་ལའོ། །པཱཿ་གྷྲཱཿ་དྷྨཿ་དྷེཊཿ་དྲྀ་ཤ་ལས་ཤའོ། །ཉེར་བསྒྱུར་མེད་པ་ལས་ལིམྤཿ་བིནྡཿ་དྷཱ་རིཿ་པཱ་རིཿ་བེ་དིཿ་ཨུ་དེ་ཛིཿ་ཙེ་ཏིཿ་སཱ་ཏིཿ་སཱ་ཧི་རྣམས་ལས་ཀྱང་ངོ༌། །ད་དཱ་ཏིཿ་ད་དྷཱ་ཏེ་དག་ལས་འདམ་ཀའོ། །ཛྭ་ལ་སོགས་པ་རྣམས་ལཎ་ཡང་ནའོ། །ཤྱཱཿ་ཨཱཏཿ་བྱ་དྟཿ་ཨཱ་ཤྲུཿ་སཾ་སྲུཿ་ཨ་ཏཱི་ཎཿ་ཨ་བ་སཱཿ་ཨ་བ་
ཧྲྀཿ་ལི་ཧཿ་ཤླི་ཥཿ་ཤྭས་ལས་ཀྱང་ངོ༌། །ཉེར་བསྒྱུར་མེད་བ་ལ་དུ་ནཱི་དག་ལས་སོ། །གྲ་ཧ་ལས་འདམ་ཀའོ། །ཁང་པ་ལ་ཀའོ། །བཟོ་བོ་ལ་ཥུན་ནོ། །གཱ་ལ་ཐ་ཀནའོ། །ཎྱུཊའང་ངོ༌། །ཧཱ་ལས་ཀྱང་འབྲུ་དང་དུས་དག་ལའོ། །དྲུཿ་སྲིཿ་ལཱུ་ལས་མཉམ་པའི་བྱེད་པ་ལ་བུནའོ། །སྨོན་པ་ལའང་ངོ༌། །མིང་ལ་ཀྟིཙ་དང་ཀྟ་དག་ཀྱང་ངོ༌། །ཏིཿ་ཏུཿ་ཏྲཿ་ཏཿ་ཐཱཿ་སིཿ་སུཿ་སཿ་རཿ་ཀས་རྣམས་ལའང་ངོ༌། །རྗེས་སུ་སྣ་ལྡན་གྱི་ཛྷལ་ཀ་ང་འགྲོ་བ་ལ་ཀྭི་དག་ལའོ། །ཀྟིཙ་ལ་རིང་པོའང་མ་ཡིན་ནོ། །སན་གྱི་ཀྟིཙ་ལ་ཡང་ན་དབྱིའོ། །ལས་ལས་ཨཎའོ། །ཧྭཱཿ་བཱཿ་མཱ་ལས་ཀྱང་ངོ༌། །ཨཱཏ་ལས་ཉེར་བསྒྱུར་མེད་པ་ལ་ཀའོ། །སུབ་ལ་སྠཱ་ལས་སོ། །ཨམྦཿ་ཨཱམྦཿ་གོཿ་བྷཱུ་མིཿ་ས་བྱཱ་པཿ་དྭི་ཏྲི་ཀུཿ་ཤེ་ཀུཿ་ཤཾ་ཀུཿ་ཨཾ་གུཿ་མཉྫིཿ་པུཉྫིཿ་པ་ར་མེཿ་བརྷིཿ་དི་བི་ཨགྣི་རྣམས་ལས་སྠཱིའིའོ། །པ་རི་མྲྀ་ཛ་དང་ཨ་པ་ནུ་ད་དག་ལས་ལེ་ལོ་དང་མྱ་ངན་དག་ལའོ། །བི་བྷུ་ཛ་ལ་སོགས་པ་རྣམས་ལས་ཀྱང་རྩ་བ་ལའོ། །པྲ་ལས་དཱ་ཛྙཱ་ལས་སོ། །གཱ་པཱ་དག་ལས་ཊཀའོ། །ཧ་རཏི་ལས་ནུས་པ་མ་ཡིན་པ་ལའང་ངོ༌། །ཤཀྟིཿ་ལཱཾ་ག་ལཿ་ཀུ་ཤཿ་ཡཥྚིཿ་ཏོ་མ་རཿ་གྷ་ཊཿ་ད་ཊཱིཿ་དྷ་ནུ་རྣམས་ལ་གྲ་ཧི་ལས་སོ། །ན་ཚོད་ལའོ། །གི་ར་ལ་ཤེ་ཏི་ལས་ཌའོ། །ཙ་རི་ལས་ཊའོ། །བྷི་ཀྵཱཿ་སེ་ནཱ་དཱ་ཡ་རྣམས་ལའང་ངོ༌། །པུ་རཿ་ཨ་གྲ་ཏཿ་ཨ་གྲ་རྣམས་ལ་སརྟི་ལས་སོ། །པཱུརྦ་ལ་བྱེད་པ་ལས་སོ། །ཀྲྀཉ་ལས་རྒྱུ་དང་དེའི་ངང་ཚུལ་དང་རྗེས་སུ་མཐུན་པ་རྣམས་ལའོ། །ཀྲྀཿ་ཀ་མིཿ་ཀཾ་སཿ་ཀུམྦྷཿ་བཱ་ཏྲཿ་ཀུ་ཤཱཿ་ཀརྞཱི་རྣམས་ལ་མི་ཟད་པ་མ་ཡིན་པའི་འོ། །དི་བཱཿ་བི་བྷཱཿ་ནི་ཤཱཿ་པྲ་བྷཱཿ་བྷ་སཿ་ཨནྟཿ་ཨ་ནནྟ་ཨཱ་དིཿ་བ་ཧུ་ནཱནྡིཿ་ཀིཾཿ་ལི་པི་ལི་བིཿ་བ་ལིཿ་བྷཀྟིཿ་ཀརྟིཿ་ཙི་ཏྲཿ་ཀྵེཏྲཿ་སཾཁྱཿ་ཛཾ་སྷཿ་བཱ་ཧུ་ཨུ་རསཿ་ཡཏཿ་ཏདཿ་དྷ་ནུསཿ་ཨ་རུས་རྣམས་ལའོ། །ཀརྨན་ལས་གཡོག་ལའོ། །ཤབྡཿ་ཤློ་ཀཿ་ཀ་ལ་ཧཿ་གཱ་ཐཱཿ་བཻ་རཿ་ཙཱ་ཊུཿ་སཱུ་ཏྲཿ་མནྟྲཿ་བ་ད་རྣམས་ལ་མ་ཡིན་ནོ། །སྟམྦ་ཤ་ཀྲྀ་ཏི་དག་ལ་ཨིནའོ། །ཧ་ར་ཏི་ལས་དྲྀ་ཏི་ནཱ་ཐ་དག་ལས་ཕྱུགས་ལའོ། །ཕལ་གྲ་ཏིཿཨཱཏྨམྦྷ་རིའང་ངོ༌། །ཀུ་ཀྵིམྦྷ་རིཿའང་ངོ༌། །ཨེ་ཛི་ལས་ཁཤའོ། །སྡུག་བསྔལ་དང་མི་མཐུན་པ་ལ་ཨཙ་མཐའི་མུམའོ། །བཱ་ཏ་ཤུ་ནཱི་ཏི་ལཿ་ཤྲཱདྡྷཱ་རྣམས་ལ་ཨ་ཛ་དྷེཊ་ཏུད་ཛ་ཧཱ་ཏི་རྣམས་ལས་ཁཤའོ། །མི་ཟད་པ་མ་ཡིན་པའི་ཁ་འགྲོ་བ་ལའོ།།
ནཱ་སི་ཀཱ་དང་སྟ་ན་དག་ལས་དྷྨཱ་དང་དྷེཊ་དག་ལས་སོ། །ནཱ་ཌཱི་མུཥྚཱི་དག་ལས་ཀྱང་ངོ༌། །ཀཱུ་ལ་ལ་ཨུཏ་རུ་ཛི་བ་ཧ་དག་ལས་སོ། །བ་ཧ་ཨ་བྷྲ་ལ་ལི་ཧ་ལས་སོ། །ཚད་ལ་པཙ་ལས་སོ། །མི་ཏ་ན་ཁ་ལའང་ངོ༌། །ཨ་སཱུརྻ་དང་ལ་ལཱ་ཊ་དག་ལ་དྲྀ་ཤ་ཏ་པ་དག་ལས་སོ། །ཨུ་གྲཾ་པ་ཤྱ་ཨི་རམྨ་དཿ་པཱ་ཎིནྡྷ་མ་རྣམས་ཀྱང་ངོ། །པྲི་ཡབ་ཤ་ལ་བད་ལས་ཁཙའོ། །བི་ཧཱ་ཡ་སའི་བི་ཧའང་ངོ༌། །དྭིཥ་པ་ར་དག་ལ་ཏཱ་པི་ལས་སོ། །ཁ་ཙ་ལ་ཐུང་ངུའོ། །བརྟུལ་ཞུགས་ལ་བཱ་ཙ་ལས་ཡམ་ལའོ། །བཱ་ཙཾཿ་ཡ་མཿ་པུ་རཾ་ད་ར་དག་ཀྱང་ངོ༌། །སརྦ་ལ་ས་ཧ་ལས་སོ། །སརྦ་ཀཱུ་ལཿ་ཨ་བྷྲ་ཀ་རི་ཥ་རྣམས་ལ་ཀ་ཥ་ལས་སོ། །མེ་དྷ་རི་ཏི་བྷ་ཡ་རྣམས་ལ་ཀྲྀཉ་ལས་སོ། །ཀྵེ་མཿ་པྲི་ཡཿ་མ་དྲ་ལ་འང་ངོ༌། །ཨཱ་ཤི་ཏ་ལ་བྷཱུ་ལས་བྱེད་པ་དང་དངོས་པོ་དག་ལས་སོ། །བྷྲྀཿ་ཏྲཱྀཿ་པྲྀཿ་ཛིཿ་དྷཱ་རིཿ་ས་ཧིཿ་ཏ་པི་དམ་ལས་མིང་ལའོ། །གམ་ལས་ཀྱང་ངོ༌། །ཨནྟཿ་ཨནྟྱ་ཏཿ་ཨ་དྷྭ་ཨུ་རསཿ་པཱ་ར་ཁཿ་ཨ་ནནྟ་རྣམས་ལ་ཌའོ། །ཨུར་སའི་ས་དབྱི་བའང་ངོ༌། །སརྦ་པནྣ་དག་ལའང་ངོ༌། །སུ་དུ་ར་དག་ལས་ལྷག་པར་བྱེད་པ་ལའོ། །སྨོན་པ་ལ་ཧན་ལས་སོ། །ཛཱ་ཡ་དང་པ་ཏི་དག་ལ་མཚན་ཉིད་ལའོ། །བྱེད་པ་པོ་མི་མ་ཡིན་པ་ལའང་ངོ༌། །པཱ་ཎི་གྷ་ཏཱ་ཌ་གྷ་དག་བཟོ་བོ་ལའོ། །ཨཱ་ཌྷྱཿ་སུ་བྷ་གཿ་སྠཱུ་ལཿ་པ་ལི་ཏ་ནགྣཿ་ཨནྡྷ་པྲི་ཡ་རྣམས་ལ་ཙྭིའི་དོན་ལ་ཙྭི་མེད་པ་ལ་ཀྲྀཉ་ལས་བྱེད་པ་ལ་ཁྱུནའོ། །བྱེད་པ་པོ་ལ་བྷཱུ་ལས་ཁིཥྞུ་ཙ་ཁུ་ཀཉ་དག་གོ །སཏཿ་སཱུཿ་དྭིཥཿ་དྲུ་ཧཿ་དུ་ཧཿ་ཡུ་ཛཿ་བི་དཿ་བྷི་དཿ་ཚི་ད་ཛི་ནཱི་ལ་ཀྭིཔའོ། །བྷ་ཛ་ལས་ཎྭིའོ། །སྡེབ་སྦྱོར་ལ་ས་ཧ་ལས་སོ། །ཨ་ན་བ་ཧི་ལས་ཀྭིཔའོ། །ཛན་སནཿ་ཁནཿ་ཀྲ་མ་གམ་ལས་བིཊའོ། །སྡེབ་སྦྱོར་ལའོ། །ས་ནོ་ཏིའི་ན་མེད་པའིའོ། །དུ་ཧ་ལས་ཀ་པ་སྟེ་གྷའང་ངོ༌། །སྔགས་ལ་ཤྭེ་ཏ་བ་ཧཿ་ཨུཀྠ་ཤསཿ་པུ་རོ་ཌཱ་ཤ་ལས་ཎྭིནའོ། །ཨཱཏ་ལས་མ་ནིནཿ་ཀྭ་ནི་པཿ་པ་ཀྭིཔ་རྣམས་ཀྱང་ངོ༌། །ཀྭི་པའང་ངོ༌། །ཨནྟིའི་འོ། །ཨརྩིཿ་ཤུ་ཙིཿ་རུ་ཙིཿ་ཙི་ཧུ་སྲྀ་པི་ཚ་དིཿ་ཚྲྀ་དི་རྣམས་ལས་ཨིསའོ། །དྷནཿ་ཨརྟིཿ་ཙ་ཀྵིངཿ་པྲཱྀཿ་བ་པིཿ་ཏྲ་པིཿ་ཛན་ཡཛ་ལས་ཨུསའོ། །བྱིངས་ཐམས་ཅད་ལས་ཏྲནའོ། །ཛྭར་ཏྭརཿ་སྲ་བཿ་ཨ་བིཿ་མབ་རྣམས་ཀྱི་ཨུ་པ་དྷཱའི་འང་ངོ༌། །ར་ལས་དབྱིའོ། །གམ་གྱི་ཀྭི་ལའོ། །སུཔ་ལ་རིགས་མ་ཡིན་པ་ལ་དེའི་ངང་ཚུལ་ལ་ཎི་ནིའོ། །མན་ལས་སོ། །བདག་ཉིད་ལ་ཁཤའོ། །ཨིཙ་ཨཙ་གཅིག་པའི་རྐྱེན་ཨམ་བཞིནའང་ངོ༌། །བྱུང་བ་ལ་ཡ་ཛ་ལས་སོ། །ལས་ལ་ཧན་ལས་སོ། །བྲཧྨཿ་བྷྲུ་ཎཿ་བྲྀཏ་རྣམས་ལས་སོ།།
སུ་ཀརྨ་པཱ་པཿ་མ་ཏྲ་པུཎྱ་རྣམས་ལ་ཀྲྀཉ་ལས་སོ། །དྲྀ་ཤ་ལས་ཀྭ་ནིཔའོ། །རཱ་ཛན་ལ་ལས་སོ། །བདུན་པ་ལ་ཛ་ནི་ལས་ཌའོ། །ལྔ་པ་ལ་རིགས་མིན་པ་ལའོ། །ཉེར་བསྒྱུར་ལའང་མིང་ལའོ། །སུ་ཡ་ཛ་དག་ལ་དྭ་ནིཔའོ། །ཀྟ་དང་ཀྟ་བ་ཏུ་དག་ནིཥྛཱའོ། །ཎྱཏ་ཀྱི་དོན་ལ་ནིཥྛཱ་འོ། །ཀྵིའི་རིང་པོ་ལས་སོ། །ཤྲི་ཨུཀ་ལས་ཀ་འགྲོ་བ་ལའོ། །ར་ད་དག་ལས་ནིཥྛཱའི་ཏ་ན་སྟེ་སྔ་མའི་དའི་འང་ངོ༌། །བྱིངས་ཨཱཏ་མཐའ་ཡཎ་ཅན་ལས་བརྩེགས་པ་དང་པོ་ལས་སོ། །ལཱུ་ལ་སོགས་པ་རྣམས་ལས་ཀྱང་ངོ༌། །ཨོཏ་འགྲོ་བ་ལས་ཀྱང་ངོ༌། །སཱུ་ལ་སོགས་པ་རྣམས་ཨུཏ་འགྲོ་བ་མ་ཡིན་ནོ། །ནིཥྛཱ་ལ་སྥཱ་ཡཱིའི་སྥཱིའོ། །ཁུ་བའི་གོང་བུ་དང་རེག་པ་དག་ལ་ཤྱཱའིའོ། །ཤྱཱ་ལས་རེག་པ་མ་ཡིན་པ་ལའོ། །པྲ་ཏི་ལས་ཀྱང་ངོ༌། །ཨཔྷི་ཨ་བ་སྔ་མའི་ཡང་ནའོ། །བྱུང་ཁུངས་མ་ཡིན་པ་ལ་ཨཉྩ་ལས་སོ། །དི་བ་ལས་རྒྱལ་བ་མ་ཡིན་པ་ལའོ། །རླུང་མ་ཡིན་པ་ལ་ནིརྦཱ་ཎའོ། །ཤུཥ་ལས་ཀའོ། །པཙ་ལས་བའོ། །ཀྵཻ་ལས་མའོ། །པྲསྟྱཱ་ལས་ཡང་ནའོ། །པྲ་སྔོན་མའི་སྟྱཱའིའོ། །ཀྵི་བ་ཀྲྀ་ཤ་ཨུལླཱ་གྷ་སོགས་པ་རྣམས་སོ། །ཨཏ་འགྲོ་བ་ལས་ཀྱང་ངོ༌། །ཏ་ལའང་ངོ༌། །ནུཏཿ་བིདཿ་ཨུནྡཿ་ཏྲཱཿ་གྷྲཱཿ་ཧྲཱི་རྣམས་ལས་ཡང་ནའོ། །ཤྭི་ཨིཏ་འགྲོ་བ་ལས་ནིཥྛཱ་ལའོ། །དྷྱཱཿ་ཁྱཱཿ་པྲཱྀཿ་མཱུརྪི་མང་རྣམས་ཀྱི་མ་ཡིན་ནོ། །ལོངས་སྤྱོད་དང་རབ་ཏུ་གྲགས་པ་དག་ལ། བིཏྟཿའོ། །རྀ་ཎཾ་བུ་ལོན་ལྷག་པ་ལའོ། །ནིཥྛཱ་ལ་ཨིཊའོ། །བ་ས་ཏིཿ་ཀྵུ་དྷ་དག་ལས་ཨིཊའོ། །ཨཉྩ་ལ་མཆོད་པ་ལའོ།། ཀླི་ཤ་ལས་ནིཥྛཱ་ལའོ། །པཱུང་ལས་ཀྱང་ངོ༌། །པཱུང་ལས་ཀྟྭཱའང་ངོ༌། །ཤཱིང་སྭི་དིཿ་མི་དེཿ་ཀྵི་དིཿ་དྷྲྀཥ་ལས་ནིཥྛཱ་འོ། །དང་པོའི་ལས་ལ་ཀྟ་སྟེ་བྱེད་པ་པོ་ལའང་ངོ༌། །དངོས་པོ་དང་དང་པོའི་ལས་ལ་ཡང་ནའོ། །མྲྀ་ཥ་ལས་བཟོད་པ་ལའོ། །ཨུཏ་ཨུ་པ་དྷཱ་ལས་དངོས་པོ་དང་དང་པོའི་ལས་དག་ལ་ཡང་ནའོ། །ན་ཨུ་པ་དྷཱ་ཐ་ཕ་མཐའ་ལས་ཡང་ནའོ། །ཨིཊ་དང་བཅས་པའི་ནིཥྛཱ་ལའོ། །དང་པོའི་ལས་ལའོ། །ཀྵུཔྡཿ་སྭཱཾ་ཏཿ་དྷྭཾ་ཏཿ་ལགྣཿ་མླིཊཿ་བི་རིཔྡྷ་ཕཱཾ་ཊཿ་བཱ་ཌྷཱ་རྣམས་སྲུབ་པ་ཡིད་མུན་པ་ཡང་དག་པར་སྦྱོར་བ་མི་གསལ་བའི་སྒྲ་དབྱངས་རྙིབ་མྱུར་བ་རྣམས་ལའོ། །དྷྲྀཥཿ་ཤ་སི་སྦུབས་ཆེ་བ་ལའོ། །དྲྀ་ཌྷ་སྦོམ་པ་དང་སྟོབས་ལྡན་དག་ལའོ། །ང་རི་བྲྀ་ཌྷའོ། །དཀའ་བ་དང་ཟབ་པ་དག་ལས་ཀ་ཥ་ལས་སོ། །གྷུ་ཥི་ལས་སྒྲའི་ཁྱད་པར་མ་ཡིན་པ་ལའོ། །ཨི་རྡའི་སཾ་ནི་པི་རྣམས་ལས་སོ། །ཨ་བྷི་ལས་ཀྱང་མེ་རིང་བ་ལའོ། །ཎིའི་ཀློག་པ་ལ་བྲྀཏྟཾའོ། །དཱནྟཿ་ཤཱནྟཿ་པཱུརྞ་དཱཥྚཿ་སྤཥྚཿ་ཚནྣཿ་ཛྙཔྟ་རྣམས་སོ། །རུ་ཥཿ་ཨ་མཿ་ཏྭ་རཿ་སཾ་བྷུ་ཥཿ་ཨཱ་སྭན་རྣམས་ཀྱིའོ། །ཧྲྀཥ་ལ་
བསྤུ་ལའོ། །ཨ་པཙི་ཏའང་ངོ༌། །བྱཱ་ཡིའི་པཱིའོ། །ཨཱང་སྔོན་མའི་ཁྲོན་པ་དང་བཞོ་བ་དག་ལའོ། །དྱ་ཏི་སྱ་ཏི་མཱ་སྠཱ་རྣམས་ཀ་འགྲོ་བ་ལ་ཨིཏའོ། །ཤཱ་ཚཱ་དག་གི་ཡང་ནའོ། །ད་དྷཱ་ཏིའི་ཧིའོ། །གྷུའི་དཱའི་དཏའོ། །ཉེར་བསྒྱུར་ཨཙ་ལས་ཏའོ། །དཱའི་ཏ་ལའོ། །ལྱབ་ཏ་ཀ་འགྲོ་བ་ལ་ཨཏ་ཀྱི་ཛགྡྷིའོ། །ཁྲོས་ཚིག་དང་འོ་བརྒྱལ་བ་དག་ལ་ཡང་ནའོ། །ནི་ན་དཱི་དག་ལས་སྣཱ་ཏིའི་དགེ་བའི་དངོས་པོ་ལའོ། །འགྲོ་བའི་ལས་དང་ལས་མེད་པ་ལ་གཞི་ལའང་ངོ༌། །ཤཱི་ཥ་ཤཱིང་སྠཱ་ཨཱས་པཱ་ས་ཛན་རུ་ཧ་ཛྲཱི་རྣམས་ལས་སོ། །ཟས་ཀྱི་དོན་ལས་སོ། །ཉ་འགྲོ་བ་ལས་ཀྟའོ། །མ་ཏི་བུ་དྷི་པཱུ་ཛ་ལས་དོན་ལས་ཀྱང་ངོ༌། །དངོས་པོ་ལ་མ་ནིང་ལ་ཀྟའོ། །ལི་ཊའི་ཀཱ་ན་ཙ་ཡང་ནའོ། །ཀྭ་སུ་འང་ངོ༌། །ཨཙ་གཅིག་པ་ཨཱཏ་གྷས་རྣམས་ཀྱི་བ་སུ་ལའོ། །གམ་ཧན་བིད་བི་ཤ་རྣམས་ཀྱི་ཡང་ནའོ། །དཱ་སྭཱན་སཱ་ཧྭཱན་ཨཱི་ཡ་བཱ་ནའང་ངོ༌། །མཉམ་པའི་ལྷག་པར་བྱེད་པ་ལ་ལཊའི་ཤ་ཏྲྀ་དང་ཤཱ་ནཙ་དག་གོ །ཨཱ་ན་ལ་མུཀའོ། །མཚན་ཉིད་ཀྱི་རྒྱུའི་བྱ་བ་ལའོ། །ཨཱས་ལས་ཨཱིཏའོ། །བི་དི་ལས་ཤཱ་ཏྲྀ་ཡི་བ་སུའིའོ། །དེ་དག་སཏའོ།། ལྲྀཊའི་སཏ་ཡང་ནའོ། །པཱུང་ཡ་ཛ་དག་ལ་ཤཱ་ནནའོ། །དེའི་ངང་ཚུལ་དང་ན་ཚོད་བརྗོད་པ་དང་སྟོབས་རྣམས་ལ་ཤཱན་ཙའོ། །ཨིང་དྷྲྀ་དག་ལས་དགྲ་དང་དཀའ་བ་དག་ལའོ། །དེའི་ངང་ཚུལ་དེའི་ཆོས་དེ་ལེགས་པ་བྱ་བ་རྣམས་ལ་ཀྭིཔ་ནས་བརྩམས་ཏེའོ། །ཨ་ལཾ་ཀྲྀཉ་ནི་རཱ་ཀྲྀཉ་ཛ་ནཿ་ཨུཏྤ་ཏཿ་ཨུཏྤ་ཙཿ་ཨུནྨདཿ་རུ་ཙིཿ་ཨ་བ་ཏྲ་པཿ་བྲྀ་ཏུ་བྲྀ་དྷུཿ་ས་ཧ་ཙ་ར་ལས་ཨིཥྞུ་ཙའོ། །བྷཱུ་ལས་ཀྱང་ངོ༌། །ཎི་ལས་སྡེབ་སྦྱོར་ལའོ། །གླཱ་ཛིཿ་སྠཱ་ལས་ཀྱང་ཀྣུའོ། །ཏྲ་སི་གྲྀ་དྷི་དྷི་ཥིཿ་ཀྵེ་པ་ལས་ཀྣུའོ། །འགྲོ་བ་དང་སྒྲའི་དོན་ལས་ལས་མེད་པ་ལས་ཡུཙའོ། །ཨ་ནུ་དཱཏྟ་འགྲོ་བ་ལས་ཀྱང་ཧལ་དང་པོ་ལའོ། །ལ་ཥ་པ་དཿ་སྠ་བྷཱུཿ་བྲྀ་ཥ་ཧནཿ་ཀམ་གམ་ཤྲཱྀ་རྣམས་ལས་ཨུ་ཀཉའོ། །ཛལྤ་བྷི་ཀྵུཿ་ཀུཊྚ་ལུཎྚཿ་བྲྀང་ལས་ཥཱ་ཀནའོ། །སྤྲྀ་ཧི་གྲྀ་ཧིཿ་པ་ཏི་ད་ཡིཿ་ནི་དྲ་ཏནྡྲཿ་ཤྲདྡྷཱ་རྣམས་ལས་ཨཱ་ལུཙའོ། །དཱ་དྷེ་ཊ་སི་ཤེད་སད་ལས་རུའོ། །སྲ་གྷ་སཿ་ཨད་ལས་ཀྨ་རཙའོ། །བྷཉྫ་བྷཱ་སཿ་མིད་ལས་གྷུ་རཙའོ། །བི་དི་བྷི་དི་ཚི་དི་ལས་ཀུ་ར་ཙའོ། །ཨིཎ་ན་ཤིཿ་ཛི་སྲྀ་རྣམས་ལས་ཀྭ་རཔའོ། །ཡ་ཛ་ཛ་པཿ་ད་ཧཿ་ད་ཤ་ལས་ཡང་ལས་སོ། །ན་མི་ཀམྤིཿ་སྨི་ཨ་ཛསཿ་ཀམ་ཧིཾ་སཿ་དཱི་པ་ལས་རའོ། །སན་ཨཱ་ཤཾ་སཿ་བྷི་ཀྵ་ལས་ཨུའོ། །བནྡུཿ་ཨིཙྪཿའོ། །ས་ཧི་ཙ་ལི་བ་ཧི་རྣམས་ལས་ཀི་ཀིན་དག་གོ །པཱ་པ་ཏིའོ། །སྭ་པི་ཏྲྀ་པ་ལས་ན་ཛིད་ངོ༌། །ཤྲཱི་བནད་དག་ལས་ཨཱ་རུའོ། །བྷཱི་ལསཿ་ཀྲུཿ་ཀླུཿ་ཀན་ཀྲུ་ཀནཿ་རྣམས་སོ། །སྠཱ་ཨཱི་ཤཿ་བྷཱ་སཿ་པི་སཿ་ཀས་ལས་
བར་ཙའོ། །ཡཱ་ལས་ཀྱང་ཡང་ལའོ། །བྷྲཱ་ཛ་བྷཱ་ས་དྷཱུར་བིདྱུཏ་ཨུརྫི་པྲཱི་ཛུར་གྲ་བསྡུ་ལས་ཀྭིཔའོ། །བ་ཙི་པྲ་ཚི་ཨཱ་ཡ་ཏསྟུ་ཀ་ཊ་པྲུ་ཛུ་ཤྲཱི་རྣམས་ཀྭིཔ་ལ་རིང་པོའང་ངོ༌། །དྱུ་ཏི་ག་མི་ཛུ་ཧོ་ཏི་རྣམས་ཀྱི་གཉིས་ཀྱང་ངོ༌། །ཛུ་ཧོ་ཏིའི་རིང་པོའང་ངོ༌། །མིང་གི་ཕྱི་མ་ལས་བྷཱུ་ལས་སོ། །པ་པྲ་སཾ་རྣམས་ལས་མིང་མ་ཡིན་པ་ལ་ཌུའོ། །དཱ་པ་ནཱི་ཤ་ས་ཡུ་ཡུ་ཛ་སྟུ་ཏུད་སི་སི་ཙ་མི་ཧ་པཏ་དཾ་ཤ་ན་ཧ་ལས་བྱེད་པ་ལའོ། །ཨརྟི་ལཱུ་དྷཱུ་སཱུ་ཁ་ན་ས་ཧ་ཙ་ར་ལས་ཨི་ཏྲའོ། །པུ་ལས་མིང་ལའོ་ཞེས་པ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མདོ་ལས་བྱེད་པ་ལ་སོགས་པ་རྣམས་རྫོགས་སོ།། །།ཨུཙ་ལ་སོགས་རྣམས་མང་པོ་ལའོ། །ཀྲྀ་པཱ་པཱ་ཛི་མི་སྭད་སཱ་དྷི་ཨ་ཤཱུ་རྣམས་ལས་ཨུཎ་འོ། །གམ་ལས་ཌོའོ། །གླཱ་ནུད་དག་ལས་ཌཽའོ། །སི་ཏ་ནི་ག་མི་ས་སི་ས་ཙི་ཨ་བི་དྷཱཉ་ཀྲུ་ཤ་རྣམས་ལས་ཏུནའོ། །ཨ་པ་ཏྲཱྀ་སྟྲྀ་ཏཾ་ཏྲྀ་རྣམས་ལས་ཨཱིའོ། །ལཀྵ་ལ་མུཊའང་ངོ༌། །སྟྱཱ་ཡ་ཏི་ལས་ཌྲཊའོ། །ཛྲཱི་བི་ཤི་དག་ལས་ཛྷཏའོ། །གཎྜི་མཎྜི་ཛ་ནི་ནནྟི་རྣམས་ལས་ཀྱང་ངོ༌། །ཤྲུ་དཀྵི་སྤྲྀཧི་གྲྀ་ཧི་དྲྀ་ཛི་རྣམས་ལས་ཨཱ་བྱའོ། །ཀྲཱྀ་གྲཱྀ་སྟྲཱྀ་ཛཱ་གྲྀ་རྣམས་ལས་ཀྭིནའོ་ཞེས་པ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མདོ་ལས་ཨུཎ་ལ་སོགས་པ་རྣམས་རྫོགས་སོ།། །།བྱ་བ་དང་བྱ་བའི་དོན་ལ་ཏུ་མུན་ཎྭུལ་དག་གོ །བྱེད་པ་པོ་མཉམ་པ་ལ་ཏུ་མུན་ནོ། །ཤ་ཀ་དྷྲྀཥ་ཛྙཱ་གླཱ་གྷཊ་རབྷ་ལབྷ་ཀྲ་མ་ས་ཧ་ཨརྷ་ཡོད་པའི་དོན་རྣམས་ལ་ཏུ་མུནའོ། །ཀཱ་ལ་ས་མ་ཡ་པེ་ལ་རྣམས་ལ་ཏུ་མུན་ནོ། །དངོས་པོ་བརྗོད་པ་ལའང་ངོ༌། །པ་ད་རུ་ཛ་བི་ཤ་སྤྲྀ་ཤ་ལས་གྷ་ཉའོ། །བྱཱ་བྷ་དང་མཏྶྱ་དང་བ་ལ་རྣམས་ལའང་ངོ༌། །ཨིཀ་གི་ཀཱ་ཤཱ་ལའོ། །ཨི་ལས་ཨ་ཙའོ། །རཱྀཏ་དང་ཨུ་ལས་ཨཔའོ། །ཨིང་ལས་ཀྱང་ངོ༌། །རྒྱས་པ་ལ་བི་ལས་སྒྲ་མ་ཡིན་པ་ལའོ། །གྷཉ་ཨ་པ་དག་ལས་ཀྱང་ངོ༌། །ཨད་ལས་ཉེར་བསྒྱུར་ལས་སོ། །སཾ་ཨུཏ་ལས་ཨ་ཛ་ལ་ཕྱུགས་ལའོ། །ཧན་གྱི་བདྷའང་ངོ༌། །ལས་ཕན་ཚུན་བྱེད་པ་ལ་ཎ་ཙ་སྟེ་བུད་མེད་ལའོ། །ཎ་ཙ་ལས་བུད་མེད་ལ་ཨཉའོ། །ལས་ཕན་ཚུན་བྱེད་པ་ལ་མ་ཡིན་ནོ། །མངོན་པར་ཁྱབ་པའི་དངོས་པོ་ལ་ཨི་ནུ་ཎའོ། །ཨི་ནུཎ་ལས་ཨཎའོ། །ཉེར་བསྒྱུར་ལས་ཁ་ལུ་གྷ་ཉ་ལའོ། །སུ་དུར་དག་ལས་མ་ཡིན་ནོ། །སྤུ་ར་ཏི་སྥུ་ལ་ཏི་དག་གི་གྷཉ་ལའོ། །ངེས་པར་གནས་པ་དང་མེ་དང་ལུས་དང་ལྕི་བའི་ཕུང་པོ་རྣམས་ལ་དང་པོའི་ཙའང་ཀའོ། །དངོས་པོ་དང་བྱེད་པ་དག་གྷཉ་ལའང་ངོ༌། །སྤ་ངཿ་མགྱོགས་པ་ལའོ། །ཌུ་འགྲོ་བ་ལ་ཀྟྲིའོ། །ཀྟྲི་ལས་
མམ་རྟག་ཏུའོ། །ཊུ་འགྲོ་བ་ལས་ཨ་ཐུ་ཙའོ། །ཡ་ཛ་ཡཱ་ཙ་ཡ་ཏ་བི་ཚ་རཀྵ་ལས་ནངའོ། །ཉེར་བསྒྱུར་ལས་གྷུ་ལས་ཀིའོ། །སྭ་པ་ལས་ནནའོ། །བུད་མེད་ལ་ཀྟིངའོ། །ཨཱུ་ཏི་ཡཱུ་ཏི་ཛཱུ་ཏི་སཱ་ཏི་ཧེ་ཏི་ཀཱིརྟི་རྣམས་སོ། །པྲ་ཛ་ཡ་ཛ་དག་ལས་ཀྱཔྲའོ། །ས་མ་ཛ་ནི་ཥད་ནི་བ་ཏ་མན་བིད་ཥུཉ་ཤཱིང་བྷྲྀཉ་ཨིཎ་རྣམས་ལས་མིང་ལའོ། །ཀྲྀཉ་ལས་ཤཙའོ། །པ་རི་ཙརྻཱ་པ་རི་སརྻཱ་འོ། །རྐྱེན་ལས་ཨའོ། །ལྕི་བ་ལས་ཀྱང་ཧ་ལ་ལས་སོ། །ཥ་འགྲོ་བ་དང་བྷིད་ལ་སོགས་པ་རྣམས་ལས་ཡང་འོ། །ཙིནྟི་པཱུཛི་ཀ་ཐི་ཀུམྦི་ཙརྩ་ལས་ཀྱང་ངོ༌། །ཨཱརྟ་ལས་ཀྱང་ཉེར་བསྒྱུར་ལའོ། །ཎི་ཨཱས་ཤྭནྠ་ལས་ཡུཙའོ། །པ་རི་ལས་ཡང་ནའོ། །མང་པོ་ལ་ཎྭུ་ལའོ། །ཨཙ་དང་པོ་ལ་ཨིཉའོ། །བ་པ་ལ་སོགས་པ་རྣམས་ལས་ཨི་ཎའོ། །ཀྲྀ་ཥ་ལ་སོགས་པ་རྣམས་ལས་ཨི་ཀའོ། །རྩ་བཤད་པ་དང་ཡོངས་སུ་འདྲི་བདག་ལས་ཨིཉ་ཡང་ནའོ། །ཁྲོས་ཚིག་ལ་ན་ཉ་ལ་ཨ་ནིའོ། །ལྱུཊ་འང་ངོ༌། །ཡུལ་ཡང་ནའོ། །སྐྱེས་པ་ལ་མིང་ལ་གྷའོ། །ཚཱ་དིའི་གྷ་ལ་ཉེར་བསྒྱུར་གཉིས་མེད་པའིའོ། །བ་ཧ་བྲ་ཛ་པྱ་ཛ་ཨ་བ་ཎ་ནི་ག་མ་རྣམས་ཀྱང་ངོ༌། །ཁ་ནས་གྷའང་ངོ༌། །ཨཱི་ཥཏ་དུར་སུ་རྣམས་ལ་ཁལའོ། །བྱེད་པ་པོ་དང་ལས་དག་ལས་ཀྱང་བྷཱུ་ཀྲྀཉ་ལའོ། །ཨཱཏ་ལས་ཡུཙའོ། །ཤཱ་སི་ཡུ་དྷི་དྲྀ་ཤི་དྷྲྀ་ཥི་མྲྀ་ཥི་རྣམས་ལས་ཀྱང་ངོ༌། །ཨ་ལཾ་ཁ་ལུ་དག་ལས་དགག་པ་ལ་ཀྟྭྰྸོ།། མཉམ་པའི་བྱེད་པ་པོ་དག་གི་སྔོན་མའི་དུས་ལའོ། །སྐནད་སྱནྡ་དག་གི་ཀྟྭཱ་ལའོ། །མྲྀ་ཌ་མྲྀདྷ་གུདྷ་ཀུ་ཥ་ཀླི་ཤ་པ་ད་བས་ལས་ཀྟྭཱའོ། །ན་ཨུ་པ་དྷཱ་ལས་ཐ་པའི་མཐའ་ལས་ཡང་ནའོ། །པཉྩི་ལུཉྩི་རྀཏ་ལས་ཀྱང་ངོ༌། །ཏྲྀ་ཥི་མྲྀ་ཥི་ཀྲྀ་ཤི་ལས་ཀཱ་ཤྱ་པའིའོ། །ཛྲཱི་པྲཤྩ་དག་ལས་ཀྟྭཱ་ལའོ། །ཨུཏ་འགྲོ་བ་ལ་ཡང་ནའོ། །ཀྲམ་གྱིའང་ཀྟྭཱ་ལའོ། །པཱུང་ལས་ཀྱང་ངོ༌། །ཛ་མཐའ་ནཾ་ཤ་རྣམས་ཀྱི་ལང་ནའོ། །ཛ་ཧཱ་ཏིའི་ཀྟྭཱ་ལ་ཧིའོ། །ཚིག་སྡུད་ལ་ནཉ་སྔོན་དུ་མེད་པ་ལ་ཀྟྭཱའི་ལྱཔའོ། །ལྱཔ་ལ་ཡང་ནའོ། །ལྱ་པ་ལམ་ཡིན་ནོ། །ལྱ་པ་ལས་ཡང་བ་སྔོན་མ་ལས་སོ། །ཨ་ཡ་ཡང་ནའོ། །མ་ཡ་ཏིའི་ཨིཏ་ཡང་ནའོ། །ལྱ་པ་ལའང་ངོ༌། །པ་རི་ལས་ཡང་ནའོ། །ཡང་ཡང་ལ་ཎ་མུལ་འང་ངོ༌། །ལས་ལས་ཀྲྀཉ་ལ་སྤྱོ་བ་ལ་ཁ་མུཉའོ། །ཞིམ་པ་ལ་ཎ་མུལའོ། །ཨ་ནྱ་ཐཱ་ཨེ་བཾ་ཀ་ཐཾ་ཨིཏྠཾ་རྣམས་ལས་ཀྱང་ངོ༌། །ཛཱི་བ་ལས་བི་དི་ལས་སོ། །ནི་མཱུ་ལ་སལ་དག་ལ་ཀ་ཥ་ལས་སོ། །ཤུཥྐ་ཙུརྞ་རཱུ་ཀྵ་རྣམས་ལ་པི་ཥ་ལས་སོ། །ས་མཱུ་ལ་ཨཱ་ཀྲྀ་ཏ་ཛཱི་པ་རྣམས་ལ་ཧན་ཀྲྀཉ་གྲ་ཧ་ལས་སོ།
ཧསྟ་ཀར་དག་ལ་བརྟི་གྲ་ཧ་དག་ལས་སོ། །སྲ་ལ་པུ་ཥ་ལས་སོ། །ཉེ་བར་འཇལ་བ་ལས་ལའོ། །གསུམ་པ་ལ་ཨུ་པ་དཾ་ཤ་ལས་སོ། །བྱུངས་ཁུངས་ལ་ཡོངས་སུ་གྱུར་པ་ལའོ། །གཉིས་པ་ལའང་ངོ༌། །གང་མི་ཟད་པ་ལ་མངོན་པར་དགའ་བ་བརྗོད་པ་ཀྲྀཉ་ལས་ཀྟྭཱ་དང་ཎ་མུལ་དག་གོ་ཞེས་པ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མདོ་ལས་ཀྲྀཏ་ལ་སོགས་པ་རྣམས་རྫོགས་སོ།། །།དེ་ལྟར་འཕགས་པ་འཇིག་རྟེན་དབང་ཕྱུག་གི་སློབ་དཔོན་ཆེན་པོ་པཱ་ཎི་ནི་ལ་དངོས་སུ་སྩལ་པ། བརྡ་སྤྲོད་ཀུན་གྱི་ཕྱི་མོ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མདོ་འདི་ནི་རང་ཅག་བསིལ་ལྡན་པ་རྣམས་ཀྱི་མཚུངས་པ་མེད་པའི་སྐྱབས་དང༌། མགོན་དང༌། དཔུང་གཉེན་དམ་པ་འཕགས་པ་ཕྱག་ན་པདྨ་སུམ་ལྡན་རྡོ་རྗེ་འཛིན་པའི་སྐུར་བཞེངས་པ་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་ཆེན་པོས་མཐུན་པའི་ཡོ་བྱད་ཐམས་ཅད་འབད་མེད་དུ་སྩལ་ཏེ། འདི་ལྟར་སྒྱུར་ཅིག་ཅེས་བཀའི་གནང་བ་ཐོབ་པར་བརྟེན་འཕགས་ཡུལ་ནུབ་ཕྱོགས་ཀུ་རུ་ཀྵེ་ཏྲར་བྲམ་ཟེའི་རིགས་ལས་འཁྲུངས་པ་མ་ཧཱ་པཎྜི་ཏ་བ་ལ་བྷ་དྲ་དང༌། སྐྱབས་མཆོག་རྒྱལ་དབང་ཆེན་པོའི་མཉམ་པ་མེད་པའི་བཀའ་དྲིན་ལས། བརྡ་སྤྲོད་པའི་རིང་ལུགས་ལ་ཅུང་ཟད་ཙམ་སྦྱངས་བ་བོད་ཀྱི་ལོ་ཙཱ་བ་འདར་བ་ངག་དབང་ཕུན་ཚོགས་ལྷུན་གྲུབ་ཀྱིས། བོད་ཡུལ་དབུས་ཀྱི་ལྟེ་བ་ཆོས་གྲྭ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་སློབ་དཔོན་ཆེན་པོ་རཱ་མ་ཙནྡྲས་མཛད་པའི་འགྲེལ་པར་བརྟེན་ནས་བསྒྱུར་བའོ།། །།གང་འདི་སྐྱོབ་པ་ཀུན་འདུས་འགྲོ་བའི་མགོན། །བད་དཀར་འཛིན་པའི་ཐུགས་རྗེའི་ཤིང་རྟ་ཡིས། །ཉེར་བསྐྱོད་འཇིག་རྟེན་མུན་སེལ་གཙུག་ལག་མཆོག །རིག་ཚུལ་སྣང་བྱེད་གཞན་གྱིས་མཚོན་མིན་པ། །འཕགས་ཡུལ་པཎ་ཆེན་གསུང་ངག་ཡིད་བཞིན་དབང༌། །བརྡ་སྤྲོད་ཀུན་གྱི་ཕྱི་མོ་པཱ་ཎི་ནི། །དགའ་བྱེད་ཟླ་བའི་འགྲེལ་པ་ལ་བརྟེན་ནས། །སེ་དཀར་རིགས་སྐྱེས་སྐད་གཉིས་སྨྲ་བ་ཡིས། །གཞུང་ལུགས་པད་ཚལ་བཞད་པའི་གཉེན་དུ་བསྒྱུར། །མ་རྟོགས་ལོག་རྟོག་ཆུ་འཛིན་དྲི་མ་ཡིས། །ལེགས་བཤད་ནམ་མཁའི་ནོར་འདིར་གོས་སྲིད་ན། །མཁས་མཆོག་དམ་པ་རྣམས་ཀྱིས་བཟོད་མཛོད་ལ། །མཁྱེན་དཔྱོད་རླུང་ཤུགས་དྲག་པོས་བསལ་དུ་གསོལ། །གང་འདི་བཅུ་གཉིས་ཁྱིམ་གྱི་དོ་ར་བྱ། །ལེགས་ལམ་ཉི་ཟླའི་ཟློས་གར་ཆད་མིན་པར། །བརྡ་སྤྲོད་ཨུ་དུམ་ཝཱ་རའི་ལྗོན་པ་འདི། །བློ་གསལ་བུང་བའི་དང་ལ་དུ་འགྱུར་བར་ཤོག །།