Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཟི་བརྗིད་བསྐྱེད་པའི་ཆོ་ག། 
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཟི་བརྗིད་བསྐྱེད་པའི་ཆོ་ག། next

གཟི་བརྗིད་བསྐྱེད་པའི་ཆོ་ག།


DTG073_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་གཟི་བརྗིད་འབར་བ་ལ་ཕྱག་འཚལ་ལོ། །སྔགས་པ་གང་ཞིག་ལུས་རིང་ཉམ་ཆུང་དང༌། །བཞིན་བཟང་མཐོང་བས་འགྲོ་བ་དང་འགྱུར་ཉིད། །སྤྲོ་བ་ལྷུར་ལེན་སྐྱེ་བོ་སྡུད་བྱད་པ། །དེ་དག་ཕྱིར་ནི་གཟི་བརྗིད་བསྐྱེད་པ་བྲི། །གཟི་བརྗིད་འབར་བ་བརྗིད་པའི་སྐུ། །རས་རིས་ལ་སོགས་མདུན་བཞུགས་ལ། །བརྒྱ་རྩ་བརྒྱད་མཚན་བསྟོད་པ་ཡིས། །གུས་བསྟོད་མེ་ཏོག་ཕྲེང་བ་གདགས། །གཞོན་ནུ་མ་བརྟུལ་མེ་ལོང་ངམ། །རིན་ཆེན་སོགས་འོད་བརྡར་བ་ཡིས། །སྐུ་བཀྲམ་མེ་ཏོག་སྦོས་སོགས་དབུལ། །མེ་ཡི་ལས་ཀྱིས་དངོས་གྲུབ་བླང༌། །སྤྲིན་བྲལ་ཉི་མ་ཟླ་བ་དང༌། །མར་མེ་འབར་བའི་འོད་རེག་བས། །སྐུ་གཟུགས་གསལ་བར་བྱས་ནས་སུ། །ཧྲཱིཿ་ཡིག་གཟི་བརྗིད་སྙིང་པོ་བསྐྱེད། །དེ་ལ་སྐུ་མཆོག་བསྟིམས་ལ་སྐུ། །རང་འདྲ་དཔག་ཏུ་མེད་འཕྲོས་པས། །རྫོགས་སངས་རྒྱས་སོགས་གཟི་བརྗིད་བསྡུས། །འགྲོ་བ་གཟི་བརྗིད་བསྐྱེད་བདག་དོན་བསྒྲུབས་པས། །ཕྱི་ནང་ལུས་དང་སྙིང་གི་དབུས། །འཁོར་ལོ་པདྨ་པདྨོ་ཅན། །གཟི་བརྗིད་རྒྱལ་པོ་འོད་འབར་བ། །སྡིག་འཇོམས་རྟག་ཏུ་བསྒོམ་པར་བྱ། །གཟུགས་སྒྲ་དྲི་རོ་རེག་དང་ཆོས། །སངས་རྒྱས་སྲས་པོ་གཟི་བསྐྱེད་ལ། །གཟི་ཆེན་འབར་བའི་གསང་སྔགས་ཀྱིས། །སྟོབས་བསྐྱེད་བྱ་ཕྱིར་རྟག་ཏུ་དབུལ། །སེམས་ཅན་གཟི་བྱིན་ཆུང་དུ་གང༌། །དེ་དག་ལ་ཡང་ཆོ་ག་བཞིན། །བཟང་དང་འགྲན་ཟླ་མ་རབས་རིམ། །དགའ་དང་འདུན་པ་སྙིང་རྗེས་སྤྱོད། །ལྷག་པའི་སེམས་དང་ལྷན་ཅིག་ཏུ། །རླུང་དང་འོད་དང་འོད་འབྱུང་ཞིང༌། །སྤྲོ་བས་སྐྱེ་བོ་ཐམས་ཅད་ཀྱི། །ཡིད་འོང་རློམ་པ་ཞུ་བར་བྱེད། །མི་གང་འཇིག་རྟེན་མགོན་ལ་དད། །འབར་བའི་མཚན་མས་རྟག་ལུས་མཚན། །དེ་ནི་དུད་འགྲོ་འདྲ་ན་ཡང༌། །འགྲོ་བའི་མིག་སྔར་ལྷ་ལྟར་སྡུག །ཨོཾ་


DTG073_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཧྲཱིཿམ་ཧཱ་ཛྙཱ་ན་སྭཱ་ཧཱ། ཨོཾ་ཨཱཿཧྲཱིཿམ་ཧཱ་ཀཱ་རུ་ཎི་ཀ་སྭཱ་ཧཱ། ཨོཾ་ཨཱཿཧྲཱིཿམ་ཧཱ་ཛྭ་ལ་ག་ཏོ་སྭཱ་ཧཱ། ལུས་ལས་མེ་འབར་འོད་འབྱུང་དང༌། །ཉི་མ་ལ་སོགས་སྣང་བར་རེག །རིན་ཆེན་སྒྲོན་མ་ལག་ན་ཐོགས། །འདི་དག་གཟི་བརྗིད་སྒྲུབ་པའི་ལྟས། །དེ་ནས་བློ་ལྡན་གྲོང་ཁྱེར་སོགས་འཇུག་རང་གི་ཁྱིམ་དུ་དེ་བརྟེན་ལ། །འོད་འབར་མདོག་བཟངས་མར་མེ་དྲི་ཞིམ་བདུག་པ་ཅན་སྐོར་སྙན་པའི་སྒྲས། །ལེགས་མཆོད་སུ་ཡང་ཇི་སྲིད་བདག་སོང་དེ་སྲིད་མཐོང་པ་འབབ་བཀག་ལ། །སླར་ལོག་དོན་བསྒྲུབ་གཏོར་མས་མཉེས་བྱ་སློབ་མ་བཟང་ལ་རྒྱུ་མཆོད་བསྒོམས། །གཟི་བརྗིད་བསྐྱེད་པའི་ཆོ་ག་རྫོགས་སོ།།


previousགཟི་བརྗིད་བསྐྱེད་པའི་ཆོ་ག། next