འཕགས་པ་སྤྱན་རས་གཟིགས་དབང་མགོན་པོ་མཆོག་ལ་བསྟོད་པ།
― DTG073_Page_0224 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། །འགྲོ་ལ་ཉེ་རིང་མེད་པས་ཁྱད་དུ་འཕགས། །སེམས་ཅན་རྣམས་ལ་སྤྱན་རས་གཟིགས་མཛོད་ལ། །ཀུན་གྱིས་རང་ངོ་ཤེས་པར་བྱིན་གྱིས་རློབས། །རང་དོན་དུ་ཆོས་སྐུ་རྟོགས་པ། །གཞན་དོན་དུ་གཟུགས་སྐུ་རྣམ་པ་གཉིས་ཀྱིས། མཐོང་ཐོས་དྲན་རེག་གི་སྒོ་ནས། འགྲོ་བ་ཡོངས་ལ་པན་ཐོགས་པ། འགྲོ་བ་ཡོངས་ཀྱི་དོན་རླབས་པོ་ཆེ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ན་མོ་རཏྣ་ཏྲ་ཡཱ་ཡ། ནམ་ཨཱཪྻཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷིས་ཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཙཀྲ་བརྟྟི། ཙིནྟཱ་མ་ཎི། མ་ཧཱ་པདྨ་རུ་རུ་ཏིཥྛ། ཛྭ་ལ་ཨཱ་ཀཱཪྵ། ཡ། ཧཱུཾ་ཕཊ་སྭཱ་ཧཱ། རྩ་བའི་གསང་སྔགས་སོ། །ཨོཾ་པདྨ་ཙིནྟཱ་མ་ཎི་ཛྭ་ལཧཱུཾ། སྙིང་པོའོ། །ཨོཾ་བྷ་ར་ཏ་པདྨེ་ཧཱུཾ། ཉེ་བའི་སྙིང་པོའོ།