Nitartha Digital Library
Tibetan
 
no previousno next

༡ ༡༨༢ ཕུར་སྒྲུབ་ཀྱི་གཞུང་ ༡༨༣ ༡༩༦ བར་ ཞི་བ་དཀར་བླུག་ བསང་ གསོལ་སྐང་ མ་མོའི་ ཕྲན་མདོས་བཅས་ ༡༩༧ ༢༠༢ བར་ སྨིན་གླིང་རྡོར་སེམས་ ༢༠༣ ༢༠༤ ཐོ་གསོལ་བ་ ༢༠༤ ༢༠༨ མཚན་ཐུན་འདོན་ཚུལ་ ༢༠༩ ༢༦༤ བར་ རྡོ་རྗེ་མཚམས་ ཐུན་དྲུག་བྲབ་ཚུལ་ ༢༦༥ ༢༦༨ བར་ སྨན་སྒྲུབ་སྐབས་སྨན་བསྡུ་ཚུལ། ༢༦༩ ༢༨༦ བར་ སྨན་སྒྲུབ་ཚུལ་ ༢༨༧ ༣༡༩ བཅའ་བཤམ་སྐོར་བཅས་གྲུབ།

(༡)ཕུར་སྒྲུབ་ཆེན་མོའི་ཕྱག་ལེན་མཐོང་རྒྱུན་རྣམས་ཕྱོགས་གཅིག་ཏུ་བཀོད་པ་མེ་ཏོག་ཨུཏྤལ་སྔོན་པོའི་ཆུན་པོ་བཞུགས་སོ། །

(༢)ཨོཾ་སྭཱ་སྟི། གདོད་མའི་སངས་རྒྱས་ཆོས་སྐུ་ཀུན་ཏུ་བཟང་། དབྱེར་མེད་རིག་དྲུག་ཁྱབ་བདག་རྡོ་རྗེ་སེམས། ལྷུན་འགྲུབ་གདངས་རྩལ་བཛྲ་ཀུ་མཱ་ར། གཅིག་འདུས་རིག་པའི་རྡོ་རྗེ་གཙུག་ཏུ་མཆོད། ཞེས་མཆོད་པར་བརྗོད་པ་ཉུང་ངུའི་མདུན་བསུས་ཏེ། དེ་ཡང་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་གཤེགས་ཤིང་གཤེགས་པར་གྱུར་པའི་ལམ་ཟབ་མོ་

(༣)ཨོ་རྒྱན་སངས་རྒྱས་གཉིས་པའི་ཐུགས་དམ་གྱི་མཐིལ་ཟབ་པ་སྐོར་བདུན་དང་། འདུས་པ་བཀའ་བརྒྱད་རིགས་འཛིན་དང་བཅས་པ་ལས། འདིར་ཡང་གསང་ཐུགས་ཀྱི་ཕུར་གཅིག་གི་སྟོད་ལས་བྱང་ཆུབ་སྒྲུབ་པ་གཙོར་བཟུང་ནས། བསྙེན་སྒྲུབ་ཡན་ལག་བཞི་ལྡན་དུ་བྱ་བའི་ཁོག་དབུབ། བཀའ་འདུས་ཀྱི་སྒྲུབ་ཁོག་ནམ་མཁའ་ཀློང་ཡངས་དང་། གུ་རུའི་མན་

(༤)ངག་གཉིས་གུང་སྤྲོས་ཏེ། ལག་རུ་བླངས་བའི་རིམ་པ་ལ། དོན་རྣམ་པ་གསུམ་སྟེ། སྒྲུབ་པའི་གཞི། སྒྲུབ་པའི་ཐབས། སྒྲུབ་པའི་འབྲས་བུའོ། དང་པོ་ལ། ཧེ་རུ་ཀའི་བརྒྱུད་ལས། ཐམས་ཅད་བདག་ཉིད་དེར་གཅིག་པས༔ ཡེ་ནས་སངས་རྒྱས་བདེ་ཆེན་ཉིད༔ སྐྱེ་འགགས་མེད་པའི་སྙིང་པོ་ཡིན༔ བྱ་བྱེད་མེད་པའི་དཀྱིལ་འཁོར་གསུམ༔ ཡེ་ནས་གྲུབ་ཟིན་ལྷུན་གྱིས་གྲུབ༔ དེ་ཉིད་སྒྲུབ་པའི་གཞི་བཟུང་ནས༔ ཞེས་དང་ཡང་། སྒྲུབ་པའི་གཞི་ནི་སྤྲོས་པའི་མཐའ་དང་བྲལ༔ སྒྲུབ་པའི་ངོ་བོར་སྟོང་པ་ཆོས་ཀྱི་སྐུ༔ ཞེས་གསུངས་པ་ལྟར། སྤྱིར་སེམས་ཅན་ཀུན་

(༥)གྱི་སེམས་ལ། ངོ་བོ་སྟོང་པ་ཆོས་ཀྱི་སྐུ་དང་། རང་བཞིན་མ་འགགས་པར་གསལ་བ་ལྷུན་གྲུབ་གྲུབ་བཞུགས་པ། ལོངས་སྐུའི་ཚུལ་དུ་ཡོད་ཅིང་གསལ་སྟོང་ཟུང་དུ་འཇུག་པ་དོན་དམ་ཡེ་ཤེས་ཀྱི་ལྷ་མ་བཅོས་ཡེ་ནས་རང་ཆས་སུ་བཞུགས་པ་ནི། སྒྲུབ་པའི་གཞིའོ། །གཉིས་པ་སྒྲུབ་པའི་ཐབས་ནི། གཏེར་གཞུང་ལས། སྒྲུབ་པའི་ཐབས་ནི་བསྙེན་སྒྲུབ་རྣམ་པ་བཞི༔ ཞེས་གསུངས་པ་ལྟར། བསྙེན་པ། ཉེ་བསྙེན། སྒྲུབ་པ་སྒྲུབ་པ་ཆེན་པོའོ། དང་པོ་བསྙེན་པ་ལ་བདུན་སྟེ། གནད་གདམས་ལས། དང་པོ་ཕུན་སུམ་ཚོགས་པས་གཞི་བཟུངས་ནས༔ ས་ཡི་ཆོ་ག་སྤྱི་བཤགས་ཚོགས་བསགས་འབད༔ གསར་རྙིང་མཆོད་བསྲེ་སྟ་གོན་རིམ་པ་རྣམས༔ མཚམས་བཅད་བྱིན་རླབས་རིམ་པ་བདུན་དང་ལྡན༔ སྒྲུབ་པའི་འགལ་རྐྱེན་ཞི་

(༦)ཕྱིར་མེད་ཐབས་མེད༔ ཞེས་གསུངས་པ་ལྟར། དང་པོ། གང་དུ་བསྟན་པའི་གནས་མཆོག་ཁྱད་པར་ཅན་འཛོམས་པར་བྱས་པའོ། གཉིས་པ་ས་ཡི་ཆོ་ག་ལ་དྲུག་ལས། དང་པོ་ས་བརྟགས་པ་གོང་དུ་སོང་། ས་སློང་བའི་ཐོག་མར། ཚེས་གཅིག་ཉིན། ལོ་གྱོན་གཟུངས། རྣམ་རྒྱལ་འཇོམས། ཚིག་བདུན་གསོལ་འདེབས། རྒྱུད་འདེབས། བྱིན་རླབས་ལྡེབ་༢རྒྱབ། བསང་ཆུ་བྱིན་རླབས་སྐབས། ལས་རྡོར་གྱིས་རྡོ་རྗེ་རྩེ་གཅིག་གི་རྒྱས་ཀུ་ཤ་བཟུང་ལ། བཛྲ་མ་ཧཱ་སོགས་ནས། ཨོཾ་བཛྲ་མ་ཧཱ་སོགས། སྔགས་༡༠༨ཁྲོ་མོ་དབྱིངས་སོགས། ལས་རྡོར་གྱིས་བདག་གནས་ཡོ་བྱད་ལ་བསང་ཆུ་གཏོར་ཞིང་། ཨོཾ་བཛྲ་སོགས་སྔགས་ལན་༣དེ་ནས་ཕྱག་རྒྱ་གཅིག་པ་བསྙེན་པའི་མཐར། ཧཱུྃ་༣ཕཊ་༣གྱིས་བསྡུ་ལྡང་བྱ།

(༧)ལས་རྡོར་གྱིས་དཀྱིལ་འཁོར་གང་དུ་བྱ་བའི་གནས་དེར། དབུས་སུ་མཎྜལ་སྟེང་དུ་ཚོམ་བུ་སེར་པོ། མདུན་དུ་གཏོར་གསར་དཀར་གཏོར་༢རྣམ་ལྔ་ཕྲེང་ཚར་བཅས་བཤམ། ༈ གཉིས་པ་ས་སློང་བ་ནི། སྒྲུབ་ཁོག་ལྡེབ་༤རྃ་ཡྃ་ཁྃ་སོགས། ལས་རྡོར་གྱིས་གནས་བདག་གཏོར་མ་ལ་བསང་ཆུས་བྲན་ལ། ཨེ་ཧྱ་ཧི། ལ་གདན་རྒྱ། ཤབྟ་ལ། དྲིལ་གསིལ་དང་དུང་དཀར་ལས། ཌཱ་རྒྱུ་དང་། རྒྱ་གླིང་མེད། གཏོར་སྔགས་ལན་གསུམ་ལ་གཏོར་རྒྱ་དང་། སེ་གོལ་བཅས། ཧཱུྃ། དགོངས་ཤིག་སོགས། བཞི་དྲིལ། འདིའི་སྐབས་ལས་རྡོར་གྱིས་སློབ་དཔོན་ལ་ཆབ་ཕུལ། མཐར། ལས་རྡོར་ཞྭ་བཞེས་ལ་དཀར་གཏོར་གསེར་སྐྱེམས་ཕྱིར་ཕུལ། མཆོད་སིལ་རིང་བའི་འོན། སློབ་དཔོན་ཆོས་གོས་བཞེས་ལ། ཞྭ་ཕྲན་འཕེན། རྡོ་དྲིལ་འཛིན་བཞིན། དཀྱིལ་འཁོར་བཞེངས་

(༨)གནས་ཤར་ཕྱོགས་སུ་ཞལ་ནུབ་ཏུ་ཕྱོགས་པས་བཞེངས་ལ། རྃ་ཡྃ་ཁྃ་སོགས། ལས་རྡོར་གྱིས་མཆོད་གཏོར་བྲན་ལ། ལག་གཡས་ཟླ་བ་སོགས། སློབ་དཔོན་ཕྱག་གཡས་རྡོ་རྗེ་བཅས་པད་སྐོར་གྱིས་ཐལ་མོ་ཁ་སྦུབ་པ་ལན་༡པ་ལ་རེག་ཚུལ་བྱ། ཨོཾ་བཛྲ་པུཥྤེ་སོགས། ཤབྟ་ལ་དྲིལ་གསིལ། འབྲུ་གསུམ་ལ། སློབ་དཔོན་གྱིས་བདུད་རྩི་མཆོད། ཨོཾ་བ་སུ་སོགས། སྔགས་ལ་གཏོར་རྒྱ་ལན་གསུམ། ཧཱུྃ་སྔོན་ཚེ་དཔལ་ཆེན་སོགས་ལ་བཞི་དྲིལ། མཐར་མཆོད་སིལ་འོན། ལས་རྡོར་གྱིས་ས་ལྷའི་མཆོད་པ་བསྡུའོ། ཨོཾ་སྭཱ་བྷ་སོགས། ལས་རྡོར་གྱིས་གཏེར་བུམ་བསང་ཆུས་བྲན་ལ། ན་མ་སརྦ་སོགས། ནམ་མཁའ་མཛོད་རྒྱ་དང་། སྔགས་ལན་༣ཟླ་བ་སོགས། གཏེར་བུམ་སློབ་དཔོན་ཕྱག་རྒྱུ་ཕུལ་ལ། གཏེར་དུ་གྱུར། གཏེར་བུམ་དབུས་སུ་བཞུགས། སློབ་དཔོན་ཞྭ་བཞེས་ལ། ཕུན་སུམ་ཚོགས་སོགས། ཚངས་དང་ལྷ་སོགས་

(༩)གནས་འདིར་ཉིན་མོ་སོགས། ཞྭ་ཕུད། ཨོཾ་ཡེ་རྡར་སོགས། འབྲུ་འཐོར། མཆོད་སིལ་སྐབས་སློབ་དཔོན་ཞྭ་ཕྲན་འཕེན་གྱིས། དཀྱིལ་འཁོར་གྱི་གཞི་དེར། ཕྱག་གཡོན་པས་དྲི་བཟང་གི་ཆུ་གཡས་སྐོར་གྱིས་གཏོར་མ། ལས་རྡོར་པས་གཡོན་བསྐོར་གྱིས་ཁྱབ་པར་བླུན་ནོ། །གསུམ་པ་ས་སྦྱངས་བ་ནི། རང་ཉིད་སོགས། ཨོཾ་བཛྲ་སྔགས་ལན་གསུམ་སྐབས། སློབ་དཔོན་ཕྱག་གཡས་རྡོ་རྗེ་པད་བསྐོར་བཅས་ལན་༣ས་ལ་བསྣུན་ཚུལ་བྱས་ཏེ། རྡོ་རྗེ་ཧཱུྃ་གིས་སོགས། ཤུ་ནྱ་ཏ་མེ་ཏོག་སྔོན་པོ་གཏོར། ཀོ྅ཧཾ། འཚོགས་ཐིང་གྲོལ། རྩ་འཚམས་མེད་སྐབས་འཚོགས་ཐེང་མི་མཛད་པར། སློབ་དཔོན་དཀྱིལ་འཁོར་དབུས་སུ་ཕེབས། དབུས་དང་ཕྱོགས་བཞིའི་མཆོད་པ་ཡང་ཕྱོགས་སོ་སོར་བཏེགས་ལ། སློབ་དཔོན་བརྐྱང་པས། ཧཱུྃ་སྒྲ་རིང་པོ་སོགས། ཨོཾ་བཛྲ་

(༡༠)ཀཱི་ལི་སོགས། ཡེ་ཤེས་ཐིག་ལེ་ཆེ་ཧོ། བར་གསུངས། དེ་བཞིན་རྒྱལ་ཐེབས་བཞི་དང་། དེའི་ཕྱོགས་གྲ་བཅས། སོ་སོའི་མཆོད་བསྟོད་དང་། གསོལ་གདབ་བཅས་མཛད་དགོས། ༈ བཞི་པ་ས་བཟུང་བ་ནི། རྩ་འཚམས་སྐབས། ཐོག་མར། རོལ་མོ། ཐིང་༣ འབེབས་ཆེན་ རྐང་༦ ཤུ་སླར་ཐེང་༡ འབེབས་ཆུང་ རྐང་༣ བུ་བཅས། སྤོས་ཕོར་༢ རྒྱ་གླིང་རྒྱུན་འབུད་གཉིས་ཀྱིས་དྲངས་ཏེ། འཚམས་དཔོན། ན་བཟའ་མཐིང་ཁ། དེའི་རྗེས་རྡོ་རྗེ་རྒྱལ་ཐེབས་ཀྱིས་སྣ་དྲངས་པའི་འཚམས་པ་ན་བཟའ་དཀར་པོ་ཅན་༥ ཀརྨ་རྒྱལ་ཐེབས་ཀྱིས་སྣ་དྲངས་པའི་འཆམས་པ་ན་བཟའ་གླང་གུ་ཅན་༥སརྦ་རྒྱལ་ཐེབས་ཀྱིས་སྣ་དྲངས་པའི་འཚམས་པ་ན་བཟའ་དམར་པོ་ཅན་༥རིན་ཆེན་རྒྱལ་ཐེབས་ཀྱིས་སྣ་དྲངས་པའི་འཚམས་པ་ན་བཟའ་སེར་པོ་ཅན་༥རིམ་པས་

(༡༡)དོན་ནས། མཐར་ཕོ་ཉ་སུམ་བརྒྱ་དྲུག་ཅུའི་རྐང་སྟབས་མཐར། སྦྲཾ། ཞེས་གསོང་ནས། ཕྱོགས་བཞི་དབུས་བཅས་མཆོད་པ་སོ་སོར་བཏེགས། མཆོད་གཡོན་རྣམས་ནས་བྷན་ཕུར་བསྡུ་ཞིང་། རྡོ་དྲིལ་འགྱེད་གྲུབ་ནས། འབེབས་བཞག །སློབ་དཔོན་གྱིས། ཨོཾ་བཛྲ་ཀཱི་ལི་སོགས། ཀུན་བཟང་། ཞབས་བསིལ། བཞི་བསྣོལ་དང་། བསྟོད་པ། ཚིག་རྐང་གསུམ་པར། རྣམ་སྣང་རྒྱ། གཡས་ཁུ་ཚུར་ལ་མཛུབ་མོ་བསྒྲེང་གཡོན་ཡང་དེ་བཞིན་སྙིང་གར་འཛིན་པའོ། ༈ དེ་བཞིན་དུ། ཤར་ཕྱོགས་པས། ཀུན་བཟང་། ཞབས་བསིལ། བཞི་བསྣོལ་མཐར། བསྟོད་པ་ལ། མི་བསྐྱོད་རྒྱ། གཡས་པ་ནོན་དང་། གཡོན་མཉམ་བཞག་དང་། གསོལ་གདབ། ཞི་བའི་ཡེ་ཤེས་སོགས་ལ། ཐལ་སྦྱར་ལས་རྒྱ་གཞན་མི་མཛད་

(༡༢)ལྷོ་ཕྱོགས་པས། ཀུན་བཟང་། ཞབས་བསིལ། བཞི་བསྣོལ་མཐར། བསྟོད་པའི་སྐབས། རིན་འབྱུང་རྒྱ། གཡས་མཆོག་སྦྱིན་དང་། གཡོན་མཉམ་བཞག །གསོལ་གདབ། ཡོན་ཏན་སོགས། ལ་ཐལ་སྦྱར་རོ། ༈ ནུབ་ཕྱོགས་པས། ཀུན་བཟང་། ཞབས་བསིལ་བཞི་བསྣོལ་མཐར། བསྟོད་པའི་སྐབས། སྣང་མཐའི་རྒྱ། ཕྱག་གཉིས་མཉམ་བཞག །རང་བཞིན་དག་པས་སོགས་ལ། ཐལ་སྦྱར། བྱང་ཕྱོགས་པས། ཀུན་བཟང་། ཞབས་བསིལ། བཞི་བསྣོལ་མཐར། བསྟོད་པའི་སྐབས། དོན་གྲུབ་རྒྱ། ཕྱག་གཡས་ཆོས་འཆད་དང་། གཡོན་མཉམ་བཞག །གསོལ་གདབ། བསམ་པ་ཐམས་ཅད་སོགས། ཐལ་སྦྱར། ༈ ཐུན་མོང་མཆོད་པ་ལ་དབུ་མཛད་ཀྱིས་བསྐུལ་ཏེ་

(༡༣)ཀུན་བཟང་། ཞབས་བསིལ། བཞི་བསྣོལ་མཐར། བསྟོད་པ། རིགས་ལྔའི་རྒྱ་མཛད། ཐམས་ཅད་བདག་ཉིད་སོགས་ལ། ཐལ་སྦྱར་མཛད་མཆོད་པ་ལྔ་དེ་མཉམ་དུ་བསྡུ་མཛད་ནས། རོལ་མོ། ཐེང་༣ འབེབས་ནས། སྦྲཾ། གསིང་བའི་འོག་རྒྱུ། སློབ་དཔོན་ཤར་ཕྱོགས་པའི་སྣ་ཁྲིད་དུ་ཕེབས་རྡོ་དྲིལ་བསྡུ། བྷན་ཕུར་འགྱེད་གྲུབ་ནས། འབེབས་སྐབས་འཚམ་དཔོན་ནས། རྐང་གཡས་རྒྱན་རྒྱུ་དྲུད་དེ། ཆོས་ཁྲིམས་པས་སྤོ་སྣ་དང་། རྒྱ་གླིང་བཅས། དགའ་འཁྱིལ་བཀོད་མཐར། འཆམ་དཔོན་གྱིས་རྐང་གཡས་དྲུད་པའི་རྡོ་རྗེ་ཕྱེད་པས། བསྡུ་ཞིང་། གཞན་རྣམས་གཉིས་རེ་བཞིན་རྡོ་རྗེ་ཕྱེད་པས་བསྡུད་དོ། ༈ འཚོགས་ཐིང་། ཡར་འཚོགས། སྐུ་རིམ་རྣམ་གསུམ་གསུངས། དབུ་མཛད་ཀྱིས་བརྡའ་བྱུང་བ་དང་། སློབ་དཔོན་སྔགས་

(༡༤)ཆས། མཆོད་གཡོན་ཞྭ་གྱོན། སྤོས་ཕོར། སྤོས་གལ་བཅས། སློབ་དཔོན་དབུས་ནས་ཞལ་ཤར་དུ་ཕྱོགས་པས་བཞེངས་ལ། ༈ ལྔ་པ་བགེགས་བསལ་བ་ནི། སློབ་དཔོན་རྐྱང་པས། རང་གི་སྙིང་གའི་སོགས། ཧཱུྃ་ཧཱུྃ་གི་སོགས། སློབ་དཔོན་ཕྱག་གཡས་རྡོ་རྗེ་བཅས་སྡིག་ཅན་མཛུབ་གྱེན་དུ་བསྒྲེང་ཞིང་། གཡོན་ཐུགས་ཀར་སྡིག་མཛུབ་ཕྱིར་བསྟན་པ་དང་། ཞབས་གཡས་བསྐུམ་ཞིང་། གཡོན་བརྐྱང་བའི་ཚུལ་མཛད་ནས། རྡོ་རྗེའི་མཚན། རོལ་མོ། ཐེང་༣། འབེབས་མཐར་སྦྲཾ་སྦྲཾ་ ༡༢༣༤༥༦༧ ལན་༢ གནུབ་གདངས་བྱ། ཧཱུྃ་ང་ནི་སོགས། གཞན་དུ་དེངས༔ མཐར་ ༡༢༣༤༥༦༧༨༩སྦྲཾ་གསེང་། མཆོད་གཡོག་གིས་སྤོས་ཕོར་དང་། ལས་རྡོར་གྱིས་གུ་གུལ་བདུག །ཡུངས་དཀར་བཏེགས། སློབ་དཔོན་གྱིས་སུམ་བྷ་ནི་གསུངས་དྲིལ་གསིལ་དང་ཡུངས་དཀར་

(༡༥)བྲབ་ཅིང་། གཡས་སྐོར་གཅིག །བྱང་ཤར་དུ་འབེབས་པ་དང་། རོལ་མོ་འབེབས་སྐབས་འཚམས་ལེན་ནས། སུམྦྷ་ནི་ཚར་༡གིས་གཡས་སྐོར་གྱིས་བྱང་ཤར་དུ་ཕེབས་ནས། སྔགས་ཨ་ན་ཡ་ནས་ཞལ་ཚུར་གྱུ་ནས། སྔགས་ཚར་གཅིག་གིས་གཡོན་སྐོར་གྱིས་བྱང་ཤར་དུ་ཕེབས་ནས། ཧཱུྃ་ཕཊ་ཞེས་སྐོར་བ་མཛད་ནས། འབེབས་མེད་པར། སྦེར་སྦྲཾ་ནས་ཞབས་གཡས་རྒྱབ་རྒྱུ་དྲུད་ནས། རྡོ་རྗེ་ཕྱེད་པ། བརྐྱང་བ། སྣ་ཚོགས་རྡོ་རྗེ་བཅས་ཤར་ཕྱོགས་ནས་འཁྲམ་ཏེ། འབེབས་སུམ་རྡུང་ལན་མེད་ཀྱིས། ཆབ་བཏང་། ༈ དྲུག་པ་ས་སྲུང་བཞི། ཁྲོ་བོ་རོལ་པའི་སོགས། གསུང་ཚེ། སྔར་རྡོ་རྗེ་གསུམ་འཁྲབ་པའི་གནས་དེར། ཞལ་ཤར་དུ་ཕྱོགས་པས་བཞེངས་ལ། དེ་ཁོ་ན། སུམ་རྡུང་འབེབས་ལ་འཚམ་ལེན་རྒྱུ་མེད། མཐར། རོལ་པ་༣ནས། ཁྲོ་བོ་རོལ་པའི་སྟང་སྟབས་དང་།

(༡༦)མ་མོའི་འཕྱོང་སྟབས། ཕྲ་མེན་གྱི་རྔམ་སྟབས་རྣམས་ལ། བར་མཚམས་སུ་རོལ་པ་༣རེ་བཅས། མཐར། འབེབས་བཞག་གོ །འཚོགས་ཐེང་གྲོལ་ནས་རྒྱལ་ཐོ་ལ་འཇུག ༈ ས་བཅད་དྲུག་པ་མཚམས་བཅད་པ་ལ། ཕྱི་དང་ནང་དང་། བར་གྱི་མཚམས་བཅད་པ། ལས་གཤིན་གྱིས་མཚམས་བཅད་པ། གསང་འཚམས་བཅད་པ། གསུམ་ལས། དང་པོ་ཕྱི་མཚམས་བཅད་པ་རྒྱལ་ཆེན་གྱི་ཐོ་འཛུག་པ་ལ། ཐོག་མར་ཕྱོགས་བཞིར་སྐུ་མཁར་བཞིའི་མདོག་ཤར་དཀར། ལྷོར་མཐིང་ག །ནུབ་དམར་པོ། བྱང་སེར་པོ་དང་། ཤར་ལྷོར་ཕྱོགས་སྐྱོང་གི་སྐུ་མཁར་ཁ་དོག་དཀར་པོ། སོ་སོའི་སྐུ་བྲིས་པའི་ཤིང་བྱང་གི་རྒྱབ་རྒྱུ་སོ་སོའི་སྔགས་བྱང་བརྟན་བཞུགས་བྲིས་པ། སོ་སོའི་རྒྱལ་མཚན་བཅས་ཕྱོགས་སོ་སོར་བཀོད། རྒྱལ་ཐོའི་སྐབས་སློབ་དཔོན་སྔགས་ཆས། རྒྱལ་ཐེབས་རྣམས་ཆོས་གོས་དང་པཎ་ཞུ། དབུ་མཛད་རྣམས་

(༡༧)རོལ་མོ་ལ། སེར་སྦྲེང་ཕེབས་སྐབས་ཐོག་མར་འདུ་ཁང་ནང་ནས་དབུ་མཛད་རྣམས་ཞལ་ཡར་གྱུ་ནས། རོལ་མོ། ཐེང་༣ འབེབས་ཚར་ནས། སེར་སྦྲེང་རོལ་མོ་ལེན་ནས། ཐོག་མར། སྤོས་སྣ། མཚམས་གཅོད་མཁར་རྔ། དར་ཁྲ་༢ རྒྱ་གླིང་། དུང་དཀར། དུང་བཀྱགས་དང་། དུང་ཆེན་པ། འཕེན་༤ ཕྱེ་ཕུར་༤ རྒྱལ་མཚན་༤ འཕེན་༤ རྔ་བ་སྔོན་མ། དབུ་མཛད་རྣམས། རྔ་བ་རྗེས་མ། དཔེར་ཁྱེར་བ། མཆོད་པ་གདན་མི་༢ ལས་རྡོར་དང་། མཆོད་གཡོག་རྣམས། ཆོས་ཁྲིམས་པ། རྒྱལ་ཐེབས་བཞི། སློབ་དཔོན་དབུ་གདུགས། སྤོས་ཕོར་༤ རྡོ་རྗེ་རྒྱལ་པོ། དབུ་གདུགས་བཅས་ཕེབས་ཏེ་ཐོག་མར་ཤར་ཕྱོགས་སུ། རྃ་ཡྃ་ཁྃ་སོགས། ལས་རྡོར་པས་སྐུ་མཁར་དང་སྐུ་གཟུགས་བྲན་ལ། བཛྲ་ས་མ་ལ་བསྡུ་རྒྱ། ཛཧཱུྃ་བྃ་ཧོ རང་རྒྱ། ཤབྡ་ལ་འབེབས་ཆུང་

(༡༨)གཏོར་སྔགས་ལན་༣ལ། ལས་རྡོར་གྱིས་མཆོད་གཏོར་བྲན། ཐེང་༣ འབེབས་སུམ་རྡུང་མཚམས་མེད། ཧཱུྃ་རི་རབ་སོགས། ཐུབ་པར་མཛོད་ནས། སུམ་རྡུང་མཚམས་མེད། སྙིང་པོ་དང་བརྟན་བཞུགས་སྔགས་ལ་སློབ་དཔོན་གྱིས་འབྲུ་འཐོར། འབེབས་མཐར། སེར་སྒྲེང་བཤར། དེ་བཞིན་དུ། ལྷོ་དང་། ནུབ། བྱང་བཅས་གྲུབ་ནས། སླར་ཤར་ལྷོའི་ཐོ་རྩར་ཕེབས་ནས། བསང་སྦྱངས། སྔགས་ཀྱིས་དམ་ཚིག་པ་བསྐྱེད། ཨོཾ་ཨིནྡྲ་ཡ་ཧཱུྃ་ཛ འགུགས་རྒྱས་ཡེ་ཤེས་པ་བཀུག་ལ། ཛཧཱུྃ་སོགས། གཉིས་མེད་བསྟིམ། སྔགས་ཀྱིས་ཉེར་སྤྱོད་ལྔས་མཆོད། ཐེང་༡འབེབས་ཆུང་བཅས་བཞག །ན་མ་སརྦ་སོགས། ལས་རྡོར་གྱིས་གཏོར་མ་བྲན། ནམ་མཛོད་རྒྱས། གཏོར་མ་ཕུལ་ལ། དབང་པོ་སོགས། སུམ་རྡུང་མཚམས་མེད་ནས་འབེབས་བཞག །དེ་ལྟར། འཇིག་རྟེན་སོགས་

(༡༩)སྲུང་བར་གྱུར། རྒྱ་གླིང་བཏང་ནས་སེར་སྦྲེང་ཡར་བྱོན་པས་རྒྱལ་ཐོ་གྲུབ་བོ། །རྒྱལ་ཐོའི་ཚེ་ཁྲོ་བཅུའི་ཕུར་གདན་བཀྲམ་དགོས། ༈ གཉིས་པ་ནང་མཚམས་བཅད་པའི་ཕུར་གདབ་ནི། ཕུར་པ་༡༠ཕྱོགས་སོ་སོར་མི་ནོར་བའི་ཁ་བྱང་བཏགས་ལ། སློབ་དཔོན་དབུས་ནས་ཞལ་ཤར་དུ་ཕྱོགས་པས་བཞེངས་ལ་དབུ་མཛད་ཀྱིས་བསྐུལ་ཏེ། བཛྲ་མ་ཧཱ་སོགས། གཏམ་པར་གྱུར། མཚམས་བཅད། སློབ་དཔོན་ཕུར་གདན་རྩར་ཕེབས་གྲུབ་ནས་དྲིལ་བརྡའ་བཅས། དབུ་མཛད་ཀྱི་བསྐུལ་ཏེ། ཨོཾ་བཛྲ་ཀྲོ་དྷ་སོགས། ཨོཾ་གྷ་གྷ་སོགས། སྟེང་ཕུར་ཤར་གྱི་ཤར་དུ་གདབ། ཧཱུྃ་ཧཱུྃ་ཧཱུྃ། བཛྲ་ཀཱི་ལ་སོགས། སློབ་དཔོན་ཕྱག་གཡས་ཐོ་བས་ཕུར་པའི་མགོར་བསྣུན་ཚུལ་ལན་༣མཛད་ནས་མཚམས་བཅད། དེ་ནས་ཤར་ཕུར་གདབ། གཡས་བསྐོར་གྱིས། ལྷོ་ནུབ་བྱང་བཅས་གདབ། གཡོན་

(༢༠)སྐོར་གྱིས། བྱང་ཤར། ནུབ་བྱང་། ལྷོ་ནུབ། ཤར་ལྷོ། སླར་ཡང་གཡོན་སྐོར་གྱིས་འོན་ཕུར་ནུབ་ཀྱི་ནུབ་རྒྱུ་གདབ་དགོས་སོ། འདི་སྐབས་སྔགས་ཐམས་ཅད་འདུད་པར་གདངས་ཡིན། ཐག་ཐག་མི་མཛད་པ་ཕྱག་བཞེས་ཡིན་ནོ། ༈ གསུམ་པ་བར་མཚམས་བཅད་པ་དམ་སྲིའི་མནན་པ་ལ། སྤོས་སྣ། རྒྱ་གླིང་། དུང་བཀྱགས། དུང་ཆེན། མནན་རྫས། རྔ་བ་སྔོན་མ། དབུ་མཛད་རྣམས། རྔ་བ་རྗེས་མ། དཔེ་ཁྱེར་བ། གསེར་སྐྱེམས་གདན་མའི་ལས་རྡོར་རྣམས། ཆོས་ཁྲིམས་པ། རྒྱལ་ཐེབས་བཞི། སློབ་དཔོན། དབུ་གདུགས། སྤོས་ཕོར། རྒྱ་གླིང་། རྡོ་རྗེ་རྒྱལ་པོ་

(༢༡)དབུ་གདུགས། བཅས་མནན་དོང་ཁར་ཕེབས་ཏེ། ལས་རྡོར་གྱིས་གསེར་སྐྱེམས་ལ་ཆུ་ཆབ་བྲན་ལ། རྃ་ཡྃ་ཁྃ་སོགས། ཆེན་པོར་གྱུར། ཐེང་༣འབེབས་སུམ་རྡུང་མཚམས་མེད། སློབ་དཔོན་གྱིས་གཡབ་དར་གྱིས་ལྕིབས་ལ་ཕུད་ཕོར་ཞབས་ནས་འཛིན་ལ། ཧཱུྃ་རིག་འཛིན་རྩ་བརྒྱུད་སོགས་བཞི་དྲིལ། བར་མཚམས་སུ། རོལ་མོ་སུམ་རྡུང་ཚེ་གསེར་སྐྱེམས་ཕུལ་ལ། ཕུད་ཕོར་སྐེད་པ་ནས་འཛིན། མ་མགོན་ལྕམ་དྲལ་སོགས། གོང་བཞིན་གསེར་སྐྱེམས་ཕུལ་ལ། ཕུད་ཕོར་ཞབས་ནས་འཛིན། སྔགས་འཆང་བདག་སོགས། གསེར་སྐྱེམས་ཕུལ་ལ། སླར་ཕུད་ཕོར་བཤལ། རོལ་མོ་སུམ་རྡུང་མཚམས་མེད་འབེབས་སུམ་རྡུང་ལན་ཡོད་ཀྱིས། ཧཱུྃ་ཧྲཱི༔ རྒྱལ་བ་སྐྱབས་གནས་སོགས། མཐར་སུམ་རྡུང་འབེབས་བཞག །ཨེ་ཡཾ་ཛྭ་ལ་རཾ། ལས་རྡོར་གྱིས་

(༢༢)ལིང་ཁེབས་བསལ་ལ་ཁྲག་ཆུས་གྲུབ་ཁུང་བྲན། ན་མོ་སོགས། ཁྲག་ཆུས་ལིངྒ་བྲན་ལ། གུ་གུལ་བདུག །འགུགས་རོལ་གཞུང་བཞིན་ལ། དར་༢རྒྱ་བཞི་མཐར་དར་༡མཐར་བདུན་རྡུངས་༢འདི་ལ་དྲིལ་མེད། ཨོཾ་བཛྲ་སོགས། རོལ་འོག་གསུང་ཚེ་སྐྱེར་ཕུར་ལིངྒར་གདབ། གནུབ་གདངས་ཀྱིས། ཧཱུྃ། དུར་ཁྲོད་ཆེན་པོ་སོགས། མཐར་༡༢༣༤༥༦༧༨༩ལན་༢ནས་ཟིལ་འབེབས་འོན། ལིངྒ་མནན་དོང་དུ་བཅུག །དེའི་སྟེང་དུ། དུག་སྣ། ཁྲག་སྣ་རྡོ་ཕྱེ། ལྕགས་ཕྱེ། རུས་ཆེན་རྣམས་ཀྱི་བར་མཚམས་སུ། ས་ཆུ་མེ་རླུང་ལན་རེ་བཏབ་པའི་ཁར་རོ་གཡམ་ལ་རྒྱ་གྲམ་བྲིས་པའི་སྟེང་དུ། སུམ་བྲིས་པ་རི་རབ་རྒྱུ་གྱུར་པས་མནན་ལ། སློབ་དཔོན་གྱིས་དྲིལ་བཅས། འབེབས་བཞག །བཛྲ་མུབྟི་རཾ། གཡས་ཁུ་ཚུར་ལ་གཡོན་ཡུ་བ་འདེགས་ཚུལ་

(༢༣)དབང་ཕྱུག་པའི་རྒྱ་དང་། མ་མཱ་པ་ཤཾ་སོགས། ལག་གཉིས་སོར་མོ་ནང་བསྡོམ་ཐོ་བའི་རྒྱས་བརྡེག་ཚུལ་བྱ། མནན་པར་གྱུར། སློབ་དཔོན་ཞལ་ལྷོར་ཕྱོགས། གཡབ་དྲིལ་རྣམས་དང་། རོལ་མོ་རྣམས་མནན་པའི་སྟེང་དུ་བཞག་ལ། ཀུན་གྱིས་ཕྱག་གཡས་སྟེང་། གཡོན་འོག་ཏུ་བཞག་ནས་མཐེའུ་ཆུང་ངམ། ཕྲེང་མས་སྦྲེལ་ལ། བྲོ་ར་གྲུ་གསུམ་ཆེར་ལྷོར་བསྟན་པས། ཨེ་བྷྲུཾ་སོགས། མ་ར་ཡ་ཕཊ། བར་གསུངས། ཞབས་བྲོའི་ཚུལ་ཅུང་ཟད་རེ་མཛད། དེ་ནས་དགེ་གཡོག་པས་གིང་བསྐུལ་གྱི་བརྡའ་ཕུལ་ནས། གིང་དཀར་དམར་གྱིས་མེ་ཆུས་ཐུན་བྲབ་ཅིང་། སློབ་དཔོན་གྱིས་གཏིང་མནན་ལ། སེར་སྦྲེང་བ་ཡར་ཕེབས་ཏེ། རྡོ་རྗེ་མཚམས་པས་ཐུན་དང་། རྡོ་སེམས་བླ་མས་ཁྲུས་མཛད་དོ། ༈ གཉིས་པ་ལས་གཤིན་གྱི་མཚམས་བཅད་པ་ལ། ཕྱི་སྒོར་

(༢༤)གཤིན་རྗེའི་སྐུ་བྲིས་པ་བཏགས་ལ། ལས་རྡོར་གྱིས་མཆོད་གཏོར་ལ་ཆུ་ཆབ་བྲན་ལ། རྃ་ཡྃ་ཁྃ་སོགས། ཤབྟ་ལ། འབེབས་ཆུང་། གཏོར་མ་བྲན་ལ་ན་མ་སརྦ་སོགས། ལན་༣གཏོར་རྒྱ། ཐིང་༣འབེབས་སུམ་རྡུང་མཚམས་མེད། ཧཱུྃ་གསང་ཆེན་སོགས། སུམ་རྡུང་མཚམས་མེད་འབེབས་བཞག །སྔགས་ཚེ་འབྲུ་གཏོར། སྒོ་ནང་དུ་ཕེབས་ལ། འཁྱིལ་བའི་སྐུ་ཕུར་པ་འདོད་ཆགས་ལ། ལས་རྡོར་གྱིས་སྐུ་དང་མཆོད་པར་ཆུ་ཆབ་བྲན་ལ། རྃ་ཡྃ་ཁྃ་སོགས། ཆུ་གཉིས་དང་། ཤབྡ་ལ། འབེབས་ཆུང་། གཏོར་མ་བྲན་ལ། སྔགས་ལན་གསུམ། ཐེང་༡འབེབས་སུམ་རྡུང་མཚམས་མེད། ཧཱུྃ་གསང་བ་བླ་མེད་སོགས། མཛོད་ལ་འབྲུ་འཐོར། སུམ་རླུང་མཚམས་མེད་འབེབས་བཞག །སུ་ཡང་མ་འདའ་ཞིག །འདི་སྐབས་མནན་ལིང་དེ་སྒོ་ཡི་ཕྱི་ལ་བཞག་དགོས་

(༢༥)དེ་ནས་འདུས་པ་རྣམས་གྲལ་དུ་བཞུགས་ལ་སྡུ་རིམ་རྣམ་གསུམ་ནས་གསུང་ངོ་། ༈ གསུམ་པ་གསང་མཚམས་བཅད་པ་ལ་བཞི་ལས། དང་པོ་ལྟ་བའི་མཚམས་བཅད་པ་ལ། དབུ་མཛད་ནས་བརྡའ་བྱུང་བ་དང་། སློབ་དཔོན་སྔགས་ཆས་དབུས་ནས་ཞལ་ཤར་དུ་ཕྱོགས་པས་བཞེངས་ལ། དབུ་མཛད་ཀྱིས་བསྐུལ་ཏེ། ཧཱུྃ་རང་ཉིད་ཞེ་སྡང་སོགས། ཐེང་༣འབེབས་ནང་། བྱང་ཤར་དུ་ཕེབས་མཐར། འཚམས་ལེན་ནས། སུམྦྷ་ནི་སྔགས་ཚར་དང་པོར་ཆ་ཚང་གཅིག་དང་། སྔགས་གཉིས་པའི་ཨ་ན་ཡ་བར་གཡས་སྐོར་གཅིག་གིས་བྱང་ཤར་དུ་སླེབ་པ་དང་། སླར་གཡོན་དུ་སྐོར་ནས། སྔགས་གཉིས་པའི་གཞུག་དང་། སྔགས་གསུམ་པ་ཆ་ཚང་གིས་བྱང་ཤར་དུ་སླེབས་ནས། རྐང་གཡས་རྒྱབ་ཏུ་དྲུད་པའི། རྡོ་རྗེ་ཕྱེད་ལ། རྐྱང་པ། སྣ་ཚོགས་རྡོ་རྗེའི་གར་གྱིས་ས་བཅག་པར་བྱའོ། མཐར་འབེབས་

(༢༦)སུམ་རྡུང་ལན་མེད་ཀྱིས། ༈ གཉིས་པ་ཁྲོ་བོ་རོལ་པའི་མཚམས་ནི། ཐུགས་ཀའི་སོགས། འདི་སྐབས་སློབ་དཔོན་ཞལ་ཤར་དུ་ཕྱོགས་པས་བཞེངས་ལ། སུམ་རྡུང་ལན་མེད་མཐར། འབེབས་མཐར། རོལ་པ་༣གྱིས། ཁྲོ་བཅུ་དང་། མ་མོ། ཕྲ་མེན་གྱི་རྔམ་སྟབས་གསུམ་གྱི་བར་མཚམས་སུ་རོལ་པ་གསུམ་རེ་མཛད། མཐར་འབེབས། སུམ་རྡུང་ལན་མེད། རྣམས་ལ་རྒྱལ་ཐེབས་རྣམས་ཀྱིས་དྲིལ་གསིལ་མཛད། ༈ གསུམ་པ་མཚོན་ཆའི་མཚམས་བཅད་པ་ནི། ཁྲོ་བོའི་ཚོགས་ལས་སོགས། སློབ་དཔོན་རྡོ་དྲིལ་མཆོད་གཡོག་ལ་ཕུལ། ཨོཾ་བཛྲ་ཀྲོ་དྷ་ཧ་ན་ཧ་ན་ཧཱུྃ་ཕཊ་སྦྲཾ། ཕྱག་གཉིས་རྡོ་རྗེ་རྩེ་ལྔའི་རྒྱ་མཛད་ལ་རྐང་གཡས་པ་ལེན་ལ་གཡོན་གཡས་སུ་སྐོར། ༈ ཐོ་བ་ནི་གཡས་ཁུ་ཚུར་གྱི་གྲུ་མོ་ལ་གཡོན་གྱི་

(༢༧)ཁུ་ཚུར་རེག་ཅིང་། རྐང་གཡོན་པས་ལེན་ལ། ཨོཾ་བཛྲ་ཀྲོ་དྷ་མུཏྒ་ར་ཨ་ཀོ་ཊ་ཡ་ཧཱུྃ་ཕཊ། སྦྲཾ་གཡས་གཡོན་དུ་སྐོར་བའོ། ༈ ལྕགས་ཀྱུ་ལ། གཡོན་ཐེའུ་ཆུང་དང་། གཡས་མཛུབ་མོ་སྦྲེལ་བ། རྐང་གཡས་པས་ལེན་ལ། ཨོཾ་བཛྲ་ཀྲོ་དྷ་ཨངྐུ་ཤ་ཧཱུྃ་ཕཊ། སྦྲཾ་གཡོན་གཡས་སུ་སྐོར་བའོ། ༈ འཁོར་ལོ་ལ། ཐལ་མོ་རྒྱབ་བསྣོལ་ལ། རྐང་གཡོན་པས་ལེན་ལ། ཨོཾ་བཛྲ་ཀྲོ་དྷ་ཛྙཱ་ན་ཙཀྲ་ཧཱུྃ་ཕཊ་སྦྲཾ། རྐང་གཡས་གཡོན་དུ་སྐོར་བའོ། ༈ རལ་གྲི་ལ། གཡས་ཁུ་ཚུར་ལས་གོང་མོ་དང་མཛུབ་མོ་རྐྱང་བ། རྐང་གཡས་པས་ལེན་ལ་ཨོཾ་བཛྲ་ཀྲོ་དྷ་ཏཱི།།།ས་མ་ཡ་ཧཱུྃ་ཕཊ། སྦྲཾ། གཡོན་གཡས་སུ་སྐོར་བའོ། འབེབས་མེད། སློབ་དཔོན་རྡོ་དྲིལ་ཚུར་བཞེས་ལ། བདག་གི་ཐུགས་ནས་སོགས།

(༢༨)ཧ་ལ་རཾ། སློབ་དཔོན་གྱིས་འཚམ་སྐད་གསུངས། ཆོས་ཀྱི་དབྱིངས་ནས་དཔལ་བསྐྱེད་པའི་ཕྱིར་བསྐོར་བ་ལན་གསུམ་དུ་བྱ་བ། རོལ་པ། དེའི་རྐང་སྟབས། ༈ མཁའ་འགྲོ་རྣམས་དཔལ་བསྐྱེད་པའི་ཕྱིར་རྟིང་སིག་ལན་གསུམ་དུ་བྱ་བ། རོལ་པ། རྐང་སྟབས། ༈ ཁྲོ་བོ་རོལ་པའི་སྟངས་སྟབས། རོལ་པ། རྐང་སྟབས། ༈ ཕྲ་མན་མའི་རྔམ་སྟབས། རོལ་པ། རྐང་སྟབས། ༈ མ་མོའི་མཆོང་སྟབས། རོལ་པ། རྐང་སྟབས། ༈ སྲུང་མ་རྣམས་སྤྱན་འདྲེན་པའི་ཕྱིར་བཤུག་གླུ་ལན་གསུམ་བྱ་བ། རོལ་པ། རྐང་སྟབས། ༈ སྣང་སྲིད་རྣམས་དབང་དུ་བསྡུད་པའི་ཕྱིར་གཡབ་མོ་ལན་གསུམ་དུ་བྱ་བ། རོལ་པ། རྐང་སྟབས། ༈ དམ་ཉམས་རྣམས་བླ་འགུགས་པའི་ཕྱིར་མགོ་གུག་གུག་ལན་གསུམ་དུ་བྱ་བ། རོལ་པ། རྐང་སྟབས། རྡོ་དྲིལ་མཆོད་

(༢༩)གཡོན་ལ་ཕུལ་ལ། ༈ རྡོ་རྗེའི་མེ་དཔུང་འབར་བའི་འཚམས། རོལ་པ་མེད། དེའི་རྐང་སྟབས་དང་། ཐལ་མོ་བརྡབ། མཐར་འབེབས་སུམ་རྡུང་ལན་མེད། ༈ བཞི་པ་དེ་ཁོ་ནས་མཚམས་བཅད་པ་ནི། ཧཱུྃ་མ་བཅོས་ཐིག་ལེ་སོགས། སུམ་རྡུང་ལན་མེད་འབེབས་བཞག་གོ ༈ སྒྲུབ་ཁོག་ལྡེབ་མ་ཏྲཾ་ནི། རས་ནག་དབྱིབས་སྐུར་གསུམ་པ། མཐར་རས་དམར་གྱི་མེ་རིས་དབྱིབས་ཅན། སྟེང་དུ། མ་ཏྲཾ་མགོ་བོ་ལྷོ་ནུབ་ཏུ་བསྟན་པར་བཞག །ཁྲིའུའི་ཁར་སྟག་ལྤགས་སྟེང་དུ་སློབ་དཔོན་ཞལ་ཤར་དུ་ཕྱོགས་པས་བཞུགས་ལ། དགེ་གཡོག་གིས་འདུས་པར་ཞྭ་འགྱེད། སློབ་དཔོན་ནས་མ་ཏྲཾ་སྟོང་ཐུན་གསུངས། གྲུབ་ཉེའི་སྐབས་དྲིལ་བརྡའ་མཛད་པས་འཚོགས་པས་ཞྭ་བཞེས་ལ། དབུ་མཛད་ཀྱིས་བསྐུལ་ཏེ། བཛྲ་མ་ཧ་སོགས། རྟེན་ལ་བསྟིམ༔ སློབ་དཔོན་བཞེངས་

(༣༠)ལས་རྡོར་གྱིས་ཆུ་ཆབ་དང་། གུ་གུལ་བདུག་ལ། ན་མོ་སོགས། འགུགས་པ་ལན། གཡབ་དྲིལ་གཞུང་བཞིན་ལ་རྗེས་མ་དབྱངས་རོལ་སུམ་རྡུང་ལན་ཡོད། སྲས་མཆོག་རིག་གདངས་ཀྱིས། ཧཱུྃ་རེག་པ་རུ་ཏྲ་སོགས། སུམ་རྡུང་འབེབས་འོག་སྔགས་གསུངས་ནས། སློབ་དཔོན་ཕྱག་གཡས་ཁ་ཊཱཾྭ་གྱིས་སྙིང་བཏོན་ལ། གྱད་ཀྱི་སོགས་གྱུར་པར་བསམ། སུམ་རྡུང་སྦྲཾ། གསོང་ཁ་ཊཱྃྭ་གྱིས་མགོ་བོར་ཕྲལ་ལ། ལས་རྡོར་གྱིས་ལྷོར་བཞག །དེ་བཞིན་དུ། ལག་གཡས་ཤར་ལྷོ། གཡོན་ལྷོ་ནུབ་རྐང་གཡས་བྱང་ཤར། གཡོན་ནུབ་བྱང་། སྙིང་ཤར། ནང་ཁྲོལ་ནུབ། མཚན་མ་བྱང་དུ་ཕྲལ་ནས། ཕྱོགས་སོ་སོར་བཀོད། འབེབས་སུམ་རྡུང་ལན་མེད། བདག་ཉིད་སོགས། རྡོ་དྲིལ་ཕར་ཕུལ། སློབ་དཔོན་ཞལ་ཤར་དུ་ཕྱོགས་པས་བཞེངས་ལ། ཁྲོ་བཅུའི་སྟངས་སྟབས་ཀྱིས་བགེགས་དང་དམ་སྲི་བརྡུང་བ་ལ། ཕྱག་རྒྱ་དང་

(༣༡)ལུས་བསྒྱུར་བ། རྐང་སྟབས་བཅས་ནི། ཧཱུྃ་ཆོས་ཀུན་སོགས། ལག་གཉིས་ཐལ་སྦྱར་སོགས། ཐལ་མོ་སྤྱི་བོར་བཞག་པ། རྐང་གཉིས་མཐིལ་སོགས། ཞབས་གཉིས་མཛུབ་རྩེ་པར་བཙུགས་ཚུལ། རྩེ་གཅིག་སོགས། རྡོ་རྗེ་རྩེ་གཅིག་རྩེ་གསུམ་རྩེ་ལྔའི་རྒྱ་སྤྱི་བཞིན། རྩེ་དགུ་བཅུ་གཅིག་སོགས། མཐེ་བོང་གཉིས་བསྐུམ་པ་རྩེ་དགུ་དང་། སོར་མོ་ཐམས་ཅད་གདེངས་པ་བཅུ་གཅིག་གོ །ས་སྟེང་ཀུན་ཏུ་མཆོང་བྱེད་པ། ལག་གཉིས་སོགས། ཐལ་སྦྱར་གྱེན་དུ་བསྒྲེང་བ། རྐང་པ་སོགས་རྐང་གཡོན་བརྐྱང་བའི་ཚུལ་དང་། རྐང་གཡས་རྒྱབ་ཏུ་བསྐུམ་པ། རྐང་གཡས་ཀྱིས་ལེན། ཐལ་སྦྱར་ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀ་ར་ཧཱུྃ། གརྫ་གརྫ་ཧཱུྃ་ཕཊ། རྐང་པ་གཡོན་པས་སོགས། རྐང་གཡོན་པ་གཡས་ཀྱི་སྟེང་དུ་བཞག་པ། ལག་པ་སོགས། ཕྱག་གཉིས་པད་བསྐོར། རྟིང་སིན་མཛད་འོག་མར་འགྲོ། ཐལ་མོ་སོགས། ཐལ་མོ་བརྡབ། རྐང་གཡས་ཀྱིས་ལེན་ལ་

(༣༢)ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ལག་པ་སོགས། མཐེའུ་ཆུང་སོགས། ཕྱག་གཉིས་བརྒྱང་ལ་མཐེ་བོང་གཉིས་ཀྱིས་མཐེའུ་ཆུང་མནན་པ་གདེངས་པའི་སོགས། གྱེན་དུ་གདེངས་པ། རྐང་གཡོན་གྱིས་ལེན་ལ། ཨོཾ་བཛྲ་ཀྲོ་དྷ་ནི་ལ་ཌཎྜ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ ལག་པ་སོགས། གཡས་མཐེ་བོང་ནང་དུ་བཅུན་པའི་ཁུ་ཚུར། བརྡེག་པའི་སོགས། རྒྱ་དེ་ཉིད་གྱེན་དུ་བསྒྲེང་བ། གཡོན་པ་སོགས། གཡོན་གྱི་ཁུ་ཚུར་སྐུར་བརྟེན་པ། རྐང་གཡས་ཀྱིས་ལེན་ཨོཾ་བཛྲ་ཀྲོ་དྷ་ཡ་མནྟ་ཀ་ཧཱུྃ། ས་ཙ་ས་ཙ་ཧཱུྃ་ཕཊ༔ ལག་པ་གཡས་སོགས། གདེངས་པའི་སོགས། གཡས་ཀྱི་ཐལ་མོ་གྱེན་དུ་གདེངས་པ། གཡོན་པ་སོགས། གཡོན་སྡིག་མཛུབ་སྙིང་གའི་ཐད་དུ་འཛིན་པ། རྐང་གཡོན་པས་ལེན་ལ། ཨོཾ་བཛྲ་ཀྲོ་དྷ་ཨརྱ་ཨ་ཙ་ལེ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔

(༣༣)ལག་པ་སོགས། ཐལ་སྦྱར། མཛུབ་མོ་སོགས། མཛུབ་མོ་གཉིས་གོང་མོའི་རྒྱབ་ཏུ་བསྣོལ་བ། མཐེ་བོང་སོགས། མཐེ་བོང་ཁ་ཕྲལ་བ་སྤྱི་བོར་སོགས། རྒྱ་དེ་སྤྱི་བོར་བཞག་པ། རྐང་གཡས་ཀྱིས་ལེན་ལ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲྀ་ཝ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ རྐང་པ་སོགས། ཞབས་གཡས་རྒྱབ་ཏུ་བསྐུམ། ལག་པ་སོགས། ཕྱག་གཡས་གྱེན་དུ་བསྒྲེང་། གཡོན་གྱི་སོགས། ཞབས་གཡོན་པ་བཏེགས་ནས་དེ་ཡི་མུ་ལ་སྔགས་འཚམས་སྦྲེལ། ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ལག་པ་སོགས། པད་སྐོར་མེད་ཁུ་ཚུར་གཉིས་སྐྱེད་པར་བཞག །རྐང་པ་གཤིབ་ཏེ་མཆོང་པ་ནི༔ རྐང་གཡས་ཀྱིས་ལེན་ལ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུནྜ་ལི་ཧཱུྃ༔ ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊ༔ ལག་པ་སོགས། པད་སྐོར་མེད་ཕྱག་གཉིས་ཁུ་ཚུར་མཐར་ཐུག་དུ་སྦུབ་པ། རྐང་པ་སོགས་

(༣༤)ཞབས་གཡས་བརྐྱང་། གཡོན་བསྐུམ་པའི་ཚུལ། རྐང་གཡོན་གྱིས་ལེན། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ་ཕཊ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ རྐང་འཕྲལ་སོགས། ཞབས་ཀྱི་རྟིང་པ་གཉིས་པར་བཙུག་པའི་ཚུལ། རྐང་གཡོན་གྱིས་ལེན། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ། སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ ཁྲོ་ཚོགས་ཐམས་ཅད་སོགས། སུམ་རྡུང་ལན་མེད། འབེབས་བཞག །སྣང་གྲགས་རིག་གསུམ་སོགས། གསོལ་ཚིག་གྲོལ། གདན་ཁྲི་རྒྱབ་དགོས། ༈ ལྔ་པ་སྟ་གོན་གྱི་རིམ་པ་ལ་བཞི་ལས། དང་པོ་ཡན་ལག་རབ་གནས་ནི། སྤྲོས་པ་རྒྱས་ན། ཟུར་དུ་སརྦ་འདབ་བརྒྱད་རྡོར་བཅས་རྡུལ་མཚོན་དགོས་ཀྱང་། ཕྱག་བཞེས་ལ། ཆོས་ཁྲིམས་གྲལ་མགོར་ལྟ་བུར། སྟེག་ཁེབས་ལྡན་སྟོང་། འབྲུ་ཡི་སརྦ་འདབ་བརྒྱད་ཀྱི། དབུས་སུ་མཎྜལ་ཚོམ་བུའི་སྟེང་དུ་ལས་བུམ་

(༣༥)མགུལ་ཆིངས་ལྗང་གུ་ཅན་གཟུངས་རྡོར་བཅས་བཀོད། ཤར་གྱི་འདབ་མར། ཡེ་ཐིག་སྟེ། ཁ་དོག་སྣ་ལྔ་རེ་རེ་ལ་རྐང་ལྔ་རེ་བཅས་བུ་མོ་གཙང་མས་མཉམ་དུ་བསྒྲིལ་བ་རིང་ཐུང་ཡང་དཀྱིལ་འཁོར་གྱི་ཚད་ཇི་ཙམ་ཡོད་པ་ཉིས་འགྱུར་ཅན། ལས་ཐིག་ནི། ཁ་དོག །དཀར། དམར། མཐིང་། གསུམ་རྐང་གསུམ་རེ་བསྒྲིལ་བ་རིང་ཐུང་གོང་བཞིན་ཅན་མཉམ་དུ་བཀོད། ལྷོ་ཡི་པདྨར་སློབ་དཔོན་གྱི་རྡོ་རྗེ། ནུབ་ཏུ་སློབ་དཔོན་གྱི་ནང་མཆོད། བྱང་དུ་སློབ་དཔོན་གྱི་དྲིལ་བུ། དབུས་སུ་ཐེབས་ནང་རྡུལ་ཚོན་མཐིང་ཀ་ལ་ཡིག་འབྲུ་ཧཱུྃ་གྱིས་བཀོད། ཤར་ལྷོར། རྡུལ་ཚོན་དཀར་པོ་ལ་ཨོཾ་བྲིས་པ་ལྷོ་ནུབ་ཏུ་སེར་པོ་ལ། ཏྲཱྃ་བྲིས་པ་ནུབ་བྱང་དུ་དམར་པོ་ལ། ཧྲཱི བྲིས་པ། བྱང་ཤར་དུ་ལྗང་གུ་ལ། ཨཱ བྲིས་པ་བཅས་བཀོད་མཐར་ཤར་དུ་ཀུན་བཟང་ཞབས་བསིལ་དྷཱུཥྤེ་ལྷོར་པུཥྤེ་ནུབ་ཏུ་ཨ་ལོ་ཀེ།

(༣༦)བྱང་དུ་གྷནྡྷེ་བཅས་བཀོད། སྒྲུབ་ཁོག་ལྡེབ། སྭཱ་བྷ་སོགས། སྟོང་པར་གྱུར་སོགས། དབང་བསྐུར་གྱུར། ཧ་ཧཱུྃ་སྭཱ་ཨཱ ཨོཾ་འབྲུ་གསུམ་སོགས་གཞུང་བཞིན་ལ། བུམ་སྒྲོ་རྡོ་རྗེ་རྩེ་གཅིག་གིས་བཟུངས་ལ། སྔགས་མཐར་བུམ་པ་འོད་ཞུ་བྱ། ཉེས་སྐྱོན་དག་པར་གྱུར་བདག་གནས་སོགས། ཐམས་ཅད་ལ་གཏོར། ༈ ཐིག་གི་ལྷག་གནས་ནི། སྒྲུབ་ཁོག་ལྡེབ་བདག་ཉིད་སོགས། ཧཱུྃ་ལྃ་སོགས། མཱུྃ་ལྃ་སོགས། རིགས་ལྔ་ཡུམ་ལྔའི་སྔགས་བཟླས། བདག་ཉིད་སོགས། གོང་བཞིན་ལ། ཚིག་རྐང་པོ་དེ། རོ་གཅིག་སྐུ་གསུང་ཐུགས་ངོ་བོར། ཞེས་པ་ཁ་བསྒྱུར། འབྲུ་གསུམ་བཟླས་པས་གྲུབ་བོ། ༈ ཚོན་ལྷག་གནས་ནི། ལས་ཆུས་བྲན་ཞིང་། ལས་སྔགས་ཀྱིས་བསངས་ལ། རིགས་ལྔ་ཡུམ་ལྔའི་སྔགས་བཟླས། མཐར། ཚོན་རྣམས་

(༣༧)རིགས་ལྔའི་སོགས། སརྦ་པཉྩ་སོགས། ཅི་ནུས་བཟླས། རྡུལ་དུ་གྱུར། ཞེས་པས་གྲུབ་བོ། ༈ རྡོ་དྲིལ་རབ་གནས་ནི། ལས་ཆུས་བྲན་ལས་སྔགས་ཀྱིས་བསངས་ལ། རྡོ་རྗེའི་ལྟེ་སོགས། བཛྲ་གྷནྡེ་ལ་རྡོ་དྲིལ་འཛིན་ལ། དབང་བསྒྱུར་ཤོག །རྡོ་རྗེ་གསོར།  དྲིལབུ next hit་གསིལ་ལོ། ༈ ཐམས་ཅད་ཆུ་རབ་གནས་ནི། ལས་ཆུས་བྲན་ཞིང་། ལས་སྔགས་ཀྱིས་བསངས་ལ། ཨོཾ་བཛྲ་ཀཱི་ལི་སོགས། སྙིང་པོ། མཐར། ཧཱུྃ་སོགས། བདུད་རྩིར་གྱུར། ཞེས་པས། གྲུབ་བོ། ༈ གཉིས་པ་ལྷ་སྟ་གོན་ནི། དཀྱིལ་འཁོར་གྱི་གཞི་དེར་བདུད་རྩིའི་ཆག་ཆག་གདབ་ལ། ཧཱུྃ་རང་བྱུང་སོགས། ཡབ་ཡུམ་ཕུང་ཁམས་བྱིན་གྱིས་བརླབས་ལ། སྒྲུབ་ཐབས་ལྡེབ། བདག་ཉིད་དཀྱིལ་འཁོར་སོགས། བགེགས་བསྐྲད་པ་ལ། ཧཱུྃ་སྟོང་གསུམ་སོགས། དཀྱིལ་འཁོར་གྱི་གཞི་དེར་ཡུངས་དཀར་གྱིས་

(༣༨)བྲབ་བོ། ཡུམ་ལ་ཐིག་གདབ་པའི་ལས་བསྒོ་བ་ནི། ཤེས་རབ་ལྷ་མོ་སོགས། ཡབ་ཡུམ་གཉིས་ལག་པ་བྱིན་གྱིས་བརླབ་པ་ནི། ཡབ་ཡུམ་ལག་སོགས་ཐིག་རྐུད་གཡོན་པའི་ཁུ་ཚུར་གྱིས་བཟུང་ནས། ལས་ཀྱི་སོགས་ཀྱིས་གླུ་བླང་ངོ་། །དེ་ནས་སློབ་དཔོན་ནུབ་ནས་ཤར་དུ་ཕྱོགས་པའི་གཡོན་པའི་ཁུ་ཚུར་གྱིས་ཐིག་བཟུང་བའི་རྩེ་མོ། གཡས་པས་ཐིག་གཡོག་པ་ཤར་ནས་ནུབ་ཏུ་ཕྱོགས་པ་ལ་གཏད་དེ། བྱང་ཆུབ་སེམས་སོགས། ཨོཾ་ཛྙཱ་ན་སོགས། སྟོང་ནས་འོག་ཏུ་དཀྱུས་པས་ཡེ་ཐིག་གི་ཚངས་ཐིག་དང་པོ། ལྷོ་ནས་བྱང་དུ་ལྟ་བས་ཚངས་ཐིག་གཉིས་པ། མེ་ནས་རླུང་དུ་ལྟ་བས་ཟུར་ཐིག་དང་པོ། བདེན་བྲལ་ནས་དབང་ལྡན་དུ་ལྟ་བས་ཟུར་

(༣༩)ཐིག་གཉིས་པ། མེ་ནས་བྱང་དུ་ལྟ་བས་ཤར་གྱི་ལོག་ཐིག །རླུང་ནས་ལྷོར་ལྟ་བས་ནུབ་ཀྱི་ལོག་ཐིག །སླར་དེ་ཉིད་ནས་ཤར་དུ་ལྷ་ནས་བྱང་གི་ལོག་ཐིག །མེ་ནས་ནུབ་ཏུ་ལྟ་བས་ལྷོའི་ལོག་ཐིག་སྟེ། ཐིག་ཆེན་བརྒྱད་པོ་དཀྱིལ་འཁོར་གྱི་སྟེང་གི་ནམ་མཁར་སེ་གོལ་གྱི་སྒྲ་དང་བཅས་པས་བཏབ་བོ། དེ་བཞིན་དུ་མས་ཐིག་ལའང་། འདོན་བྱ་སྔགས་ཐིག་སྐོར་སོགས་གོང་བཞིན་གདབ་བོ། ཐིག་གདབ་གྲུབ་ནས། སྒྲུབ་ཁོག་ལྡེབ་རྒྱབ། ཐིག་རྐུད་ཟུང་སྔར་གྱི་གནས་སུ་བཞག་ལ། ཀུན་བཟང་། ཞབས་བསིལ། བཞི་བསྣོལ་གྱིས་མཆོད། བཛྲ་མུ ལག་གཉིས་རྡོ་རྗེའི་ཁུ་ཚུར་བཤིབ་པ་ལ་མཛུབ་མོ་གཉིས་བརྐྱང་བའི་འདེགས་པའི་རྒྱས། ཡེ་ཤེས་ཐིག་སོགས། ཐིག་ལྷ་ཡེ་ཤེས་པ་གཤེགས་པའོ། ༈ ཚོམ་བུ་དགོད་པ་ནི། དྲི་བཟང་གི་ཆུས། གཙོ་བོའི་

(༤༠)གནས་སུ་གྲུ་བཞི་དང་། འཁོར་རྣམས་ལ་ཟླུམ་པོ་རེ་བཅས་བྱུག་པའི་སྟེང་དུ། སོ་སོའི་སྔགས་གསུངས་བཞིན་མེ་ཏོག་སྔོན་པོའི་ཚོམ་བུ་བཀོད་ལ། མཐར། ཀུན་བཟང་། ཞབས་བསིལ། བཞི་བསྣོལ་བཅས་མཆོད་པས་བསྐོར་ལ། འཚོགས་བརྡའ་གཏང་། ༈ གདོང་གྲལ་ཁྲི་བའི་མགོའམ། ལོག་གང་བདེ་ཞིག་ལ། རྒྱ་ཅོག་སྟེང་། བུམ་གདན་གྱི་སྟེང་དུ། དབུས་སུ་རྐང་གསུམ་ཁར། གཙོ་བུམ་བཅུད་ལྡན་མགུལ་ཆིང་སྔོན་པོ། ཁ་རྒྱན་རིགས་ལྔ་གཟུངས་རྡོར། དུང་ཞལ་དྲི་ཆུས་བཀང་བ་བཅས། ༈ ཤར་གྱི་གཡས་སུ་ཧཱུྃ་ཀ་མགུལ་ཆིང་མཐིང་ནག །ཤར་དུ་རྣམ་རྒྱལ་བུམ་པ་མགུལ་ཆིང་དཀར་པོ། ༈ ལྷོར་གཤིན་

(༤༡)རྗེ་མགུལ་ཆིང་སེར་པོ། ༈ ནུབ་ཏུ་རྟ་མགྲིན་མགུལ་ཆིང་དམར་པོ། ༈ བྱང་དུ་འཁྱིལ་བ་མགུལ་ཆིང་ལྗང་གུ། ༈ ཤར་ལྷོར་དབང་ཕྱུག་སྔོན་མཐིང་ནག ༈ །ལྷོ་ནུབ་མི་གཡོ་ལྗང་གུ། ༈ ནུབ་བྱང་འདོད་རྒྱལ་དམར་སེར། ༈ བྱང་ཤར་ཁམས་གསུམ་རྣམ་རྒྱལ་མགུལ་ཆིང་ལྗང་ནག ༈ ནུབ་ཀྱི་གཡོན་དུ་སྟོབས་པོ་ཆེ་མགུལ་ཆིང་ནག་པོ་སྟེ། ཁྲོ་བཅུའི་བུམ་པ་རྣམས་ཞལ་གཙོ་བོ་ལ་ཕྱོགས་པ། གཙོ་།།།བྲུམ་གྱི་གཟུངས་ཐག་གིས་ཁྲོ་བཅུའི་བུམ་པའི་མཆུ་ནས་དཀྲིས་ལ་མཐར། བཞི་བསྣོལ་གྱི་མཆོད་པས་བསྐོར་བར་བྱའོ། ༈ སློབ་དཔོན་ཆོས་གོས་བཞེས་ལ། འདུས་པ་བཅས་གྲལ་དུ་བཞུགས་ནས། དབུ་མཛད་ཀྱིས་བསྐུལ་ལ། སྒྲུབ་ཁོག་ལྡེབ་ནང་། ཧཱུྃ་བི།།།སོགས། ལས་རྡོར་གྱིས་ཚོམ་བུ་དང་མཆོད་པར་གསང་ཆུས་བྲན་ལ། དཀྱིལ་འཁོར་བདག་སོགས་

(༤༢)ཐིག་ལེ་ཆེའོ། སློབ་དཔོན་ལ་ཆབ་ཕུལ་མི་དགོས། མཆོད་སིལ་འོག་སློབ་དཔོན་ཞྭ་ཕྲག་འཕེན་གྱིས་དཀྱིལ་འཁོར་མདུན་དུ་བཞེངས་ལ། ཞྭ་བཞེས། རྡོ་དྲིལ་སྤོས་རིང་བཅས། སློབ་དཔོན་རྐྱང་པས། ཐུགས་རྗེས་རྒྱུན་གདངས་ཀྱིས། མགོན་པོ་སོགས། བཟུང་བར་མཛོད། བར་ལན། སྔགས་ལན། རྡུག་འདོན་གྱིས། ལྷ་རྣམས་སོགས། རང་བཞིན་གསལ། ཞྭ་ཕུད་ལ་ཕྲག་འཕེན་མཛད། ༈ གསུམ་པ་བུམ་པ་སྟ་གོན་ནི། ལས་རྡོར་གྱིས་གུ་གུལ་བདུག །སློབ་དཔོན་གྱིས་ཡུངས་དཀར་བྲབ་ཅིང་། དབུ་མཛད་ཀྱིས་བསྐུལ་ཏེ། སུམྦྷ་ནི་སོགས་གསུངས་བཞིན་བསྐོར་བ་མཛད་ནས་མཚམས་བཞག །སློབ་དཔོན་གྲལ་དུ་བཞུགས། ལས་རྡོར་གྱིས་ལས་བུམ་ཆུས་བྲན་ལ། བི།།།ན་སོགས། ཤུ་ནྱ་སོགས། སྟོང་པའི་ངང་སོགས། དབང་བསྐུར། བྱིན་རླབས། སྙན་གསན་དབབ་པ། སྤྱན་དྲངས་པ། བསྟིམ་པ། བརྐན་པ། མཆོད་པ། བསྟོད་པའི་མཐར།

(༤༣)མཆོད་སིལ་མཐར། རོལ་སིལ་བརྗེས་ལ། རོལ་ཁེབས་རྒྱབ། བདག་གི་ཞལ་སོགས། ལས་རྡོར་གྱིས་གཟུངས་ཐག་ལེན་སྐབས་འབྲུ་འཐོར་ལ་པད་སྐོར་བཅས་དང་། སློབ་དཔོན་གྱིས་ཀྱང་བཞེས་སྐབས། དེ་བཞིན་མཛད་པ། གཟུངས་ཐག་ཐམས་ཅད་ལ་འགྲོ། གཙོ་བོ་དང་། ཁྲོ་བཅུ་སོགས་ཡིག་ཆུང་ལྟར་བསགས་པས་གྲུབ་མཐར། ལྷ་རྣམས་སོགས། རོ་གཅིག་གྱུར། བུམ་པ་འོད་ཞུ་དང་། གཟུངས་ཐག་བསྡུའོ། དཔལ་ལྡན་བླ་མ་དམ་པའི་སོགས། འཚོགས་གྲོལ་ལོ། ༈ སློབ་དཔོན་ལྷ་སྟ་གོན་གྱི་དཀྱིལ་འཁོར་མདུན་ཕེབས་ཏེ། བེ་ག་ཀྱ་མ། ལག་གཉིས་རྡོ་རྗེའི་ཁུ་ཚུར་གཤིབ་པ་ལ་མཛུབ་མོ་གཉིས་བརྐྱང་། མཐེའུ་ཆུང་གཉིས་སྦྲེལ་བ། འདེགས་པའི་རྒྱས། སྟ་གོན་གྱི་ཡེ་ཤེས་པ་ནམ་མཁར་བཏེགས་ལ། ཚོམ་བུ་རྣམས། བསལ་བར་བྱའོ། བྱིན་རླབས་བྱས་པའི་

(༤༤)ཚོན་སྣ་ལྔ། སློབ་དཔོན་གྱི་གཡོན་པའི་ཕྱག་མཐིལ་དུ་ཅུང་ཟད་བླུག་ལ། ཨོཾ་སརྦ་སོགས། གསལ་བར་གྱུར། གཡས་པའི་སེར་མོས་གཡོན་པའི་རྡུལ་ཚོན་བླངས་ལ། དཀྱིལ་འཁོར་གྱི་ཁུང་བུར་བཀོད་ལ། ཡེ་ཤེས་རིན་ཆེན་སོགས། སློབ་དཔོན་གྱིས་དབང་ལྡན་ནས་ཤར་ལྷོའི་བར་སྒོ་ཚད་གཅིག་ཙམ་བླུག་ལ་བཀབ་བོ། དེ་ནས་སློབ་མ་གཞན་དག་གིས་ཀྱང་བྲི་ཞིང་། ཚོན་ལྷག་རྣམས། སྒྲུབ་ཁོག་ལྡེབ་རྒྱབ། ཞབས་བསིལ། བཞི་བསྣོལ་གྱིས་མཆོད། བཛྲ་མུ ཡེ་ཤེས་པ་སོགས། ཚོན་ལྷ་ཡེ་ཤེས་པ་ནམ་མཁའི་ལྷ་ཡི་ཐུགས་ཀར་གཤེགས་པར་བྱའོ། ༈ ཚེས་༢ཉིན་གསུམ་པ་སྤྱི་བཤགས་ཚོགས་བསགས་ཀྱི་རིམ་པ་ཟུར་གསལ་ལྟར། ཞི་བ་དཀར་གླུག །སྒར་བསངས། གསོལ་སྐང་། ཁྲག་མདོས། སྨིན་གླིང་རྡོར་སེམས། ཐོ་གསོལ་བ་རྣམས་ནས་འདོན་བྱ་སོགས་ཞིབས་པར་

(༤༥)ཟུར་དུ་བཀོད་པ་ལ་གཟིགས་པས་འཐུས་ཤིང་། གཞན་ཡང་སྒྲུབ་ཁང་གི་སྟེང་གི་ཕྱོགས་ནས་ཤར་དུ་ཤེར་ཕྱིན། ལྷོར་སྟོབས་པོ་ཆེ། ནུབ་ཏུ་ལངས་གཤེགས། བྱང་དུ་གཏོགས་གཟུངས་བཅས་གང་འགྲུབ་བསགས་ནས་མཐར། གུང་ཚིག་གྲོལ་ལོ། ༈ ཕྱི་དྲོར། ཟླ་ནམ་བསྣམས་ནས་ཡར་འཚོགས། ཆོས་ཁྲིམས་པས་གྲལ་ཐོ་བཅས་གྲལ་དུ་བཞུགས་ནས། ཚིག་བདུན་གསོལ་འདེབས། བསམ་ལྷུན། རྒྱུད་འདེབས། བསང་ཆུ་བྱིན་རླབས། ཕྱག་རྒྱ་གཅིག་པའི་

(༤༦)བསྙེན་པའི་མཐར། ལས་རྡོར་གྱིས་མཆོད་ཁ་གསོས་ལ་བསང་ཆུས་བྲན་ལ། སྟོང་ཚིག །ཡེ་ཤེས་ལྷ་ཚོགས་སོགས། མཆོད་སིལ་འོག་ལས་རྡོར་གྱིས་སྨན་རཀ་མཆོད་ཅིང་གཏོར་མར་བྲན། མཆོད་ཁ་གསོ་བ་དང་མཆོད་གྲན་རྣམས། སྟོང་ཚིག་ཐམས་ཅད་འགྲོ། གཏོར་སྲུང་ལས་རྡོར་གྱིས་གཏོར་མར་ཆབ་བྲན་ལ་རྃ་ཡྃ་ཁྃ་སོགས། ཧཱུྃ་ཆོས་ཀྱི་སོགས། ས་མ་ཛ༔ ཧཱུྃ་བླ་མེད་སོགས། སྭཱ་ཧཱ། མ་ཧཱ་པཉྩ་སོགས། རྡོ་དྲིལ་འཛིན་བཞིན་མཆོད། ཨི་དམ་བ་ལི༚་ལ་གཏོར་རྒྱ། ཡཙྪ་སོ་གོལ། ཨོཾ་བཛྲ་སོགས། ཁཱ་ཧི། ཧཱུྃ་ཐབས་ཀྱི་སོགས། མཛད་དུ་གསོལ༔ ཡིག་བརྒྱ། རིག་འཛིན་སོགས། འབྲུ་འགྱེད། མཐར། པད་སྐོར་ཅན། རོལ་སིལ་བརྗེ། དཀོན་མཆོག་སོགས། འཚོགས་གྲོལ། དེ་སྐབས། རྡོ་རྗེ་མཚམས་པའི་བླ་མ། རྡོར་སེམས་བླ་མ་

(༤༧)ཀུན་བཟང་ཡུམ། ཀེང་པ་བཅས་ལ་ཆོས་གོས་འཛིན་དགོས་ཞེས་བརྡའ་ཕུལ་ཞིང་། ཕྱག་ཁང་ལའང་མངའ་གསོལ་གྱི་བརྡའ་ཕུལ་དགོས། ཡོ་བྱད་ཛ་མར་སོགས་སྣེ་འཛོམ་ཞུ་དགོས། ༈ བཞི་པ་སློབ་མ་སྟ་གོན་གནང་མི་མཛད། གནད་གདམས་ཀྱི་ས་བཅད་བཞི་པ་མཆེད་གསར་རྙིང་བསྲེ་བ་ཚེས་༣དགོང་མོར་གནང་བས་གྲུབ་བོ། ཚེས་༣ཉིན། སློབ་དཔོན་དང་རྒྱལ་ཐེབས་རྣམས་ཆོས་གོས་བཞེས་ལ་འཚོགས་ལ། ཐོག་མར་རྒྱུད་འདེབས། བསངས་ཆུ་བྱིན་རླབས། ཕྱག་རྒྱ་གཅིག་པའི་བཟླས་པའི་མཐར། བསྡུ་རིམ། ཧཱུྃ། ཕཊ། བཟླས་པའི་སྐབས་སློབ་དཔོན་དང་། རྒྱལ་ཐེབས་གསུམ་ལ་ཆབ་ཕུལ། ༈ བདུན་པ་བྱིན་གྱི་བརླབ་པ་ལ་གསུམ་ལས། དང་པོར་གནས་ཁང་བྱིན་རླབས་ནི། སྒྲུབ་ཁོག་ལྡེབ་ཀས་རྒྱབ། ཆོས་ཉིད་རོལ་པ་སོགས། དེ་སྐབས་ལས་རྡོར་ཞྭ་བཞེས་

(༤༨)ཆོས་གོས་བཅས་གནས་ཁང་དང་ཕྱོགས་ཐམས་ཅད་ལ་བདུད་རྩི་གཏོར། ཏ་ལི་བྷྲུཾ། སློབ་དཔོན་དང་རྒྱལ་ཐེབས་ཞྭ་ཕྲན་འཕན་རྡོ་རྗེ་རྒྱལ་པོའི་མདུན་དུ་བཞེངས་ལ། ༈ གཉིས་པ་ཕྱག་ཆེན་ཏིང་འཛིན་གྱིས་བྱིན་གྱིས་བརླབ་པ་ནི། ཧཱུྃ། ཆོས་རྣམས་ཡེ་སོགས། ལས་རྡོར་གྱིས་ཟོ་རིས་སློབ་དཔོན་ལ་ཕུལ། སློབ་དཔོན་ཞྭ་བཞེས་ལ་རྡོ་རྗེ་རྒྱལ་པོར་ཕུལ། རྡོ་རྗེ་རྒྱལ་པོའི་བཞེས་སྐབས་དབུ་ཞྭ་ཕུད། སླར་དབུ་ཞྭ་བཞེས་ལ། ཟོ་རིས་སློབ་དཔོན་ལ་གདབ་སྐབས་ཞྭ་ཕུད། དེ་ནས་སློབ་དཔོན་ལ་གནང་ནས་རྒྱལ་ཐེབས་གཅིག་ལ་གདབ་ནས་རྫས་ཕྱག་རུ་གནང་། འོག་མར་རྟག་གདབ་དང་། དཔལ་ཆེན་གྱི་ཆས་ཕུལ་སྐབས་ཐམས་ཅད་འདི་བཞིན་འགྲོའོ། ཧཱུྃ། ཆོས་རྣམས་ཡེ་ནས་སོགས། གོང་བཞིན། ཐལ་ཆེན་ཚོམ་བུ་ཕུལ། མཐར་རྒྱལ་ཐེབས་གཅིག་ལ་གནང་། ཧཱུྃ། ཆོས་རྣམས་སོགས། རཀྟ་

(༤༩)ཕུལ་ལ། མཐར་རྒྱལ་ཐེབས་གཅིག་ལ་གནང་ནས། གོང་གི་མཆོད་སིལ་འོག །རྒྱལ་ཐེབས་གསུམ་གྱི་རྟགས་གདབ་གྲལ་དུ་འགྲིམ་མཛད། རྡོ་རྗེ་རྒྱལ་པོའི་ཞྭ་བཞེས་ལ། རྡོ་རྗེ་རྒྱལ་པོ་རྐྱང་པས། སློབ་དཔོན་ཕྱག་པོར་སོགས། གསུངས་སྐབས། མཆོད་གཡོག་གི་ཞྭ་བཞེས། སྤོས་ཕོར། སྤོས་གལ་བཅས་སྣ་དྲངས་ཏེ། སློབ་དཔོན་གྱིས་གྲལ་ལ་བདུད་རྩི་གཏོར་ཞིང་འགྲིམ། སློབ་དཔོན་གྲལ་དུ་ཕེབས་སྐབས་མཆོད་གཡོག་སྤོས་ཕོར་སོགས་འདི་བཞིན་ཐམས་ཅད་ལ་འགྲོ། རྟགས་གདབ་གྲུབ་ནས་རྒྱལ་ཐེབས་གསུམ་གྲལ་དུ་བཞུགས་སློབ་དཔོན་རྒྱབ་ཏུ་བཞེངས། སླར་ཡང་རྡོ་རྗེ་རྒྱལ་པོས། རྡོ་རྗེ་previous hit དྲིལབུ next hit་ལག་ཏུ་གཏད་དེ་སོགས། རྡོ་དྲིལ་སློབ་དཔོན་ལ་གནང་ནས། གོང་བཞིན་སྤོས་ཕོར་བཅས་གྲལ་དུ་འགྲིམ་རྡོ་དྲིལ་ཕྱག་ཏུ་བཞག་པ་ལས་དཀྲོལ་མི་དགོས། འགྲིམ་ཚེ། རྡོ་རྗེ་རྒྱལ་པོས། འཇིག་རྟེན་སྤྱོད་ཚུལ་སོགས། ཚར་འགའ་ཤས་གསུངས་ནས་སྒུག་མཛད། མཐར་རྡོ་དྲིལ་

(༥༠)ཡར་ཕུལ་ལ་སློབ་དཔོན་རྒྱབ་ཏུ་བཞུགས། སླར། རྡོ་རྗེ་རྒྱལ་པོ་རྐྱང་པས། སླར་ཡང་དམ་སོགས། ཅི་བདེར་སྤྱོད། རྡོ་རྗེ་རྒྱལ་པོས་དབུ་ཞྭ་ཕུད། ༈ གསུམ་པ་སྒྲུབ་པའི་ཡོ་བྱད་བྱིན་གྱིས་བརླབ་པ་ལ་གཉིས་ལས། དང་པོ་སྤྱིར་བྱིན་རླབས་ནི། སློབ་དཔོན་གྱིས་ཡོ་བྱད་ལ་ལས་ཆུས་བྲན་ལ། དབུ་མཛད་ཀྱི་བསྐུལ་སྟེ། བི།།།ན་སོགས་བདུད་རྩིར་གྱུར། ནམ་མཁའ་མཛོད་ཀྱི་སྔགས་དང་རྒྱ་མི་གསུངས། ༈ གཉིས་པ་བྱེ་བྲག་ཏུ་བྱིན་གྱིས་བརླབ་པ་ནི། ཧཱུྃ་ཧཱུྃ་སོགས་རག་སྔགས་བརྗོད། སྐབས། སློབ་དཔོན་གྱིས་ཡུངས་དཀར་བྲབ། ལས་རྡོར་གྱིས་གུ་གུལ་བདུག །ཐེང་འབེབས་བཞག །སློབ་དཔོན་གྱིས་ལས་ཆུས་བྲན་ལ། ཧཱུྃ་བི།།།ན་སོགས། སྤྲོ་བར་གྱུར། ཀ་ཊོ་ར་འཾ་གཞན་སྣོད་ཀྱི་ནང་དུ་འབྲུའམ་ད་བྲས་ཀྱིས་བཀང་བའི་ཁར། སྒྲུབ་ཕུར་རྣམས་བཀོད་ལ། དེའི་མདུན་དུ་ཁྲིའུའི་ཁར་སློབ་དཔོན་བཞུགས་ལ། བྱུག་བདུན་ནི་རྫས། སྨན་རཀ་གཉིས་དང་

(༥༡)གུ་གུལ་དང་། ཡུངས་དཀར་འདུ་བྱའོ། ༈ གཉིས་པ་ཉེ་བསྙེན་གྱི་ཡན་ལག་ནི། གནད་གདམས་ལས། གཉིས་པ་སྒྲུ་རྟེན་བཀོད་དང་བྱིན་ཆེན་འབེབས༔ དབང་བསྐུར་སྒོ་དབྱེ་མ་ཏྲཾ་བསྒྲལ་བ་དང་༔ བྲོ་བརྡུང་དཀྱིལ་འཁོར་རབ་ཏུ་གནས་པ་བདུན༔ ཞེས་པས། དང་བཀོད་པ་ལ་གཉིས་ལས་དང་པོ་བྱིན་གྱིས་བརླབས་པ་ནི། ལས་རྡོར་གྱིས་ཞྭ་ཕྲག་འཕན་གྱིས་ཕུར་པ་རྣམས་ལ་གུ་གུལ་བདུག །སློབ་དཔོན་གྱིས་དྲིལ་གསིལ་བཅས་ཡུངས་དཀར་བྲབ་ལ། ཧཱུྃ་ཧཱུྃ་སོགས་ཐེང་། འབེབས་ཆུང་མཐར་བཞག །འདུར་གདངས་ཀྱིས། ཆོས་སྐུ་ཞི་བའི་སོགས། པར་གྱུར། སྒྱུ་འཕྲུལ་རྩ་གདངས་ཀྱིས། ཧཱུྃ། སངས་རྒྱས་ཀུན་སོགས། སྔགས་འདུར་གདངས་སོགས་འོག་མར་འགྲོ། ཀཱ་ཡ་བཛྲ་སོགས། སློབ་དཔོན་གྱི་ཕྱག་གཡོན་པས། རྡོ་རྗེའམ། ཤིང་བུའམ། སྲིན་ལག་ལྟ་བུའི། གཙོ་ཕུར་གྱི་དཔྲལ་བར། ཨོཾ་བྲི་ཚུལ་དང་། ཡུམ་ཕུར་སོགས་གཞན་

(༥༢)རྣམས་ལ་གཏོར། ཡང་ལྷ་ཚོགས་སོགས། སརྦ་ཞ་ཀཱ་སོགས། སྔར་བཞིན། ཆང་བཟུང་ལ། ཨཱ བྲི་ཚུལ་དང་། གཞན་རྣམས་ལ་བདུད་རྩི་གཏོར། ཡང་ཐུགས་ཀའི་སོགས། ཙིཏྟ་བཛྲ་སོགས། རྒྱ་མཆུད་འོག་མར། ཧཱུྃ། གཞན་ལ་བདུད་རྩི་གཏོར། ལྟེ་བའི་ཧྲཱི ལས་སོགས། གུ་ཎ་བཛྲ་སོགས། ཆུ་སྲིན་གྱི་རྔམ་ཞལ་ལ། ཧྲཱི བྲིས་ལ་ཕུར་པ་གཞན་རྣམས་ལ་བདུད་རྩི་གཏོར། ཡང་ལྷ་ཚོགས་རྣམས་སོགས། ཀརྨ་བཛྲ་སོགས། དབལ་གསུམ་ལ་ ཕཊ་ བྲི་ཚུལ་དང་། གཞན་རྣམས་ལ་བདུད་རྩི་གཏོར་རོ། དེ་ནས་གཙོ་ཕུར་ཆོས་དབྱིངས་རྒྱས་བཟུང་ལ། ལྷ་ཚོགས་རྣམས་ཀྱི་སྤྱི་བོར་སོགས། འདིར་སྩོལ་གཅིག །གཙོ་ཕུར་ཨེ་ཁྲམ་དུ་བཀོད་ལ། ཤུ་ནྱ་ཥ་སོགས་ཕྱག་རྡོར་བསྡམ་ལ། གུང་མོ་གཉིས་བསྒྲེང་བ་ཕུར་པའི་དབུ་རྩེར་བཞག །ཨ་དརྴ་སོགས། མཛུབ་མོ་གཉིས་བསྒྲེང་བ་ཕུར་པའི་དཔྲལ་བར་བཞག །ས་མ་ཏ་སོགས།

(༥༣)སྲིན་ལག་གཉིས་བསྒྲེང་བ་དབུ་ཡི་གཡས་ཕྱོགས་སུ་བཞག །པྲ་ཏི་བིཀྵ་ན་སོགས། མཐེ་བོང་གཉིས་བསྒྲེང་བ་དབུ་ཡི་རྒྱན་ཏུ་བཞག །ནུཥྛ་ན་སོགས། མཐེའུ་ཆུང་གཉིས་བསྒྲེང་བ་དབུ་ཡི་གཡོན་ཕྱོགས་སུ་བཞག་གོ །སྔགས། སུ་རུ་སུ་རུ་སོགས། ཕུར་པ་ཐམས་ཅད་ལ་གུ་གུལ་བདུག །མ་གུ་ཏ་ལ་སོགས། སྐབས། ཕུར་པ་རྣམས་ལ་ཕྱག་གཡས་ཀྱིས་ཡུངས་དཀར་བྲབ། རཏྟ་ཛོ་ལ་སྐབས་ཕུར་པའི་དབལ་གསུམ་ལ་ཕྱག་གཡས་ཀྱི་སྲིན་ལག་གིས་རཀྟ་གྱེན་ལ་བྱུག །གཞན་རྣམས་ལ་གཏོར་བས་གྲུབ་བོ། ༈ གཉིས་པ་བཀོད་པ་ལ། རྟེན་གཞལ་ཡས་ཁང་དང་། བརྟེན་པ་ལྟ་བཀོད་པའོ། དང་པོ་ནི། ལས་རྡོར་གྱིས་གུ་གུལ་བདུན། སློབ་དཔོན་གྱིས་ཡུངས་དཀར་བྲན་ལ། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་སོགས། ཐེང་། འབེབས་ཆུང་འོག་ཏུ་དཀྱིལ་འཁོར་དང་། སྒྲུབ་རྫས་ལ་བསྐོར་མཛད་ལ། རོལ་མོ་བཞག་

(༥༤)རོལ་སིལ་བརྗེ། བི།།།ན་སོགས། ལས་རྡོར་གྱིས་བུམ་པ་བཏེགས་ལ། སློབ་དཔོན་གྱིས་དཀྱིལ་འཁོར་དང་སྒྲུབ་རྫས་ལ་ལས་ཆུས་བྲན་ཅིང་སྐོར་བ་མཛད་ལ་གསལ་བར་གྱུར། སློབ་དཔོན་གྲལ་དུ་བཞུགས། ༈ སྐུ་རིམ་རྣམ་གསུམ་གསུངས། དགེ་གཡོག་གིས་འདུས་པར་ཞྭ་འགྱེད། བསམ་ལྷུན་སྐབས་ཆན་ཕུལ། ༈ གཉིས་པ་ལྷ་བཀོད་པ་ལ་བཞི་ལས། དང་པོ་ནི། འདུས་པ་རྣམས་བཞེངས་ལ་ཞྭ་བཞེས། རྡོ་རྗེ་རྒྱལ་པོ་གཙོས་ཐམས་ཅད་ཞྭ་ཕྲག་འཕན་གྱི་གཡས་སྐོར་གྱིས་ཕེབས་ཏེ། ཤར་ཕྱོགས་སུ་འཁོད་ནས། ཞྭ་བཞེས་ལ། རྡོ་རྗེ་རྒྱལ་པོར་གཙོ་བུམ། རྒྱལ་ཚབ་བཾ་སློབ་དཔོན་ལ་གཙོ་ཕུར། ཡུམ་གྱི་བདུད་རྩིའི་ཐོད་པ། རྒྱལ་ཐེབས་རྣམས་དང་། རྡོ་རྗེ་མཚམས་པའི་བླ་མ། རྡོར་སེམས་བླ་མ། ཀེང་པ་བཅས་ལ། སྨན་རཀ་གཏོར་གསུམ། བུམ་པ་ལྷག་མ་རྣམས། ཁྲོ་བཅུའི་ཕུར་པ་

(༥༥)རལ་གྲི་བཞི། མདའ་དར་མེ་ལོང་ཅན། རུ་མཚོན་བཞི། འཕན་བཞི། རྒྱལ་མཚན་བཞི། ཚོན་རྐུད། སྟག་གཟིག་གི་སྣབ་སྐོར། རུ་རྟ་བཅས། བསྣམས་ལ། ལས་རྡོར་གྱིས་ཞྭ་བཞེས། སྤོས་སྣ། དར་ཁྲའི་གཡབ་མོ་འཛིན་པས་སྣ་དྲངས་ཏེ། དབུ་མཛད་ཀྱིས་བསྐུལ་ལ། ཆོས་ཀྱི་དབྱིངས་ནས་སོགས། བཞུགས་པར་གྱུར། རྒྱ་ནིང་རང་གྲལ་ལས་ཕེབས་མི་དགོས། མཆོད་སིལ་རིང་བའི་འོག་གཡས་སྐོར་ལན་ཕེབས་ལ། དཀྱིལ་འཁོར་མདུན་དུ་བཞེངས་ཏེ། ཡོ་གདངས་ཀྱིས། ཧཱུྃ། ཆོས་ཀྱི་དབྱིངས་སོགས། གཙོ་བོའི་སྔགས་དབྱངས་ལེན་གྱེར་ལ། མཆོད་རྫས་རྣམས་གང་བདེར་བཞག་ལ། སློབ་དཔོན་མ་གཏོག་ཐམས་ཅད་གྲལ་དུ་བཞུགས། དེ་ནས་མཆོད་སིལ། འོག་སློབ་དཔོན་ཞྭ་ཕྲག་འཕེན་གྱིས། གཙོ་ཕུར་ཞལ་ཤར་དུ་ཕྱོགས་ཅིང་། ཡུམ་ཕུར་ཞལ་ནུབ་དུ་ཕྱོགས་པས་བཞུགས་སུ་གསོལ།

(༥༦)

(༥༧)ཁྲོ་བཅུའི་ཕུར་པ་ཕུར་གདན་དུ་བསྙིལ་གྲུབ་ནས། མཆོད་དཔོན་བརྡའ་ཕུལ་བ་དང་མཆོད་སིལ་བཞག ༈ གདངས་གོང་བཞིན་ལ། ཧཱུྃ། མི་དགེ་བཅུ་འཇོམས་སོགས། སྔགས་བྱང་བསྡུས་པ་འདུར་གདངས་ཀྱིས། སྟེང་ཕུར་ཧཱུྃ་ཀ་ར། ཤར་གྱི་གཡས། བི་ཛ་ཡ་ཤར། དེ་བཞིན་དུ། ལྷོ། ནུབ། བྱང་། ཤར་ལྷོ། ལྷོ་ནུབ། ནུབ་བྱང་། བྱང་ཤར། འོག་ཕུར་ནུབ་ཀྱི་གཡོན་དུ་བཞུགས་སུ་གསོལ་བའི་ཁྲོ་བཅུའི་ཞལ་གཙོ་ཡབ་ཡུམ་དུ་ཕྱོགས་ལ་ཁྲ་ཐབས་གཉིས་ཀྱི་ཞལ་རང་རང་གི་གཙོ་བོ་ལ་ཕྱོགས་པའོ། སྲས་མཆོག་ཉེར་གཅིག་གི་ཕུར་པ་ཕུར་གདན་དུ་བསྙིལ་གྲུབ་ནས་མཆོད་དཔོན་གྱིས་བརྡའ་ཕུལ་ལ་མཆོད་སིལ་བཞག ༈ ཧཱུྃ། གདུག་པ་འདུལ་མཛད་སོགས། སྲས་མཆོག་གི་སྔར་དབྱངས། མཆོད་སིལ་འོག་གཡས་ཀྱི་སྲས་མཆོག་བདུན་

(༥༨)དེ་བཞིན་དུ། གཡོན་དང་རྒྱབ་ཀྱི་སྲས་མཆོག་སྟེ། ཉེར་གཅིག་པོ་བཀོད་པའི་དབྱིབས་གྲུ་གསུམ་པ་རྩེ་མོ་ཤར་དུ་བསྟན་པའི་ཚུལ་གྱིས་ཕུར་གདན་དུ་བཀོད་ལ། གཞན་ཡང་སྒོ་མ། སྐྱེས་བུ། ཕུར་སྲུང་བཅུ་གཉིས་རྣམས་ཕུར་གདན་དུ་གདན་དུ་བསྙིལ་གྲུབ་ནས་བརྡའ་ཕུལ་ལ་མཆོད་སིལ་བཞག ༈ ཧཱུྃ། དཔལ་གྱི་བཀའ་སོགས། ཕུར་སྲུང་སྔགས་ཛབ་དབྱངས་བཅས། མཆོད་སིལ་འོག །ཁྲོ་བཅུའི་ཕུར་པ་བསྒྲིགས་པའི་མཐར། ཕྱོགས་བཞིར། སྒོ་མ་བཞི། དེའི་ཕྱིར་ཕྱོགས་བཞིར་ཤྭ་ན་མ་བཞི། ཤྭ་ན་མ་བཞི་ཞལ་ནང་དུ་བསྟན་པའི་གཡས་ཕྱོགས་སུ་བདག་ཉིད་མ་བཞི། དེའི་གཡོན་ཕྱོགས་སུ་ས་བདག་མ་བཞི། དེ་ཡི་ཕྱིར་ཕྱོགས་བཞིར་སྐྱེས་བུ་གིང་བཞི། དེའི་ཕྱིར་ཕྱོགས་བཞིར་དབང་ཕྱུག་སྟེ། ཕྱོགས་རེར་དབང་ཕྱུག་རེ། དེའི་ཕྱིར་དགེ་བསྙེན་སྟེ། ཤར་ཕྱོགས་སུ་དགེ་བསྙེན། གཞན་ཕྱོགས་གསུམ་

(༥༩)དགེ་བསྙེན་ལྔ་རེ་བཅས། འབང་རྣམས་དབང་ཕྱུག་གྱི་ཕུར་པའི་མཉམ་དུ་བཙུགས་དགོས། སྐྱེས་བུ་གིང་བཞི་ཞལ་ཕྱིར་བསྟན་ཡིན། གཞན་ཐམས་ཅད་ཞལ་ནང་དུ་བསྟན་པར་མཛད་ཅིང་བརྡའ་ཕུལ་ནས་མཆོད་སིལ་བཞག ༈ གཙོ་བོའི་སྔགས་དབྱངས། མཆོད་སིལ་རིང་བའི་འོག་རུ། ལྡིང་ཁྲི་སྟེང་མར་བུམ་གདན་སྟེང་དུ། དབུས་སུ་གཙོ་བུམ་ཁར་དུང་ཞལ་ཆུས་བཀང་བ་རྡོ་རྗེའི་གཟུངས་ཐག་དང་ཐུན་ཐག་སྦྲེལ། བུམ་པ་གཞན་རྣམས་གནས་མ་འཆོལ་བར་བཞག །གཟུངས་ཐག་གི་སྦྲེལ་ལ་མར་འཐེན་དགོས། གཞན་ཡང་གསུང་རྟེན་ཐོད་བཟང་བདུད་རྩིའི་རིལ་བུས་བཀང་བ། མེ་ལོང་སིནྟུ་ར་བྱུག་པར་སྙིང་པོ་བྲིས་པས་བཀབ་པ་བཀོད། དེ་ནས་མདའ་དར་བཅུ་ཡང་བཙུག་ལ། ཚོན་རྐུད་ཀྱི་ཨེ་ཁྲོམ་དུ་བཀོད་པ་ནི། ཐོག་མར་ཤར་གྱི་མདའ་ནས་བཟུང་། མདའ་གཉིས་རེ་བཞག་ནས་དཀྲིས་པས་མཐར་ཤར་དུ་འདུས་ཚེ་གྲུབ་བོ། མཐར་མཆོད་དཔོན་གྱིས་བརྡའ་ཕུལ་ནས་མཆོད་སིལ་བཞག །

(༦༠)གཉིས་པ་རྒྱན་བཀོད་པ་ནི། རང་ལུས་ཚེ་ལྷས་འགེབས། ཧཱུྃ། མ་རིག་དྲྭ་བ་སོགས། མཆོད་སིལ་འོག །རལ་གྲི། རུ་མཚོན། མདའ་དར་མེ་ལོང་ཅན། རྒྱལ་མཚན་ཚོན་རྒྱུད་ཀྱི་དྲ་བ། སྟག་གཟིགས་ཀྱི་སྒབ་སྐོར་བཅས་གྲུབ་ནས་བརྡའ་ཕུལ་ལ་མཆོད་སིལ་བཞག །འདུས་པ་རྣམས་གྲལ་དུ་བཞུགས། ཞྭ་ཕུད། སློབ་དཔོན་མར་ཕེབས་ཏེ། ཁྲོ་བཅུའི་ཕུར་པ་ལ། སྒྲུབ་ཁོག་ལྡེབ་རྒྱབ་བཞིན། བདུག །བྲབ། བྱུག་གསུམ་མཛད་ནས། སྔགས་བྱང་བསྡུས་པ་ལྟར་གཟི་བྱིན་བསྐྱེད་ལ། ཧཱུྃ་ཆོས་སྐུ་ཞི་བའི་སོགས། མཆོད་སིལ་འོག་རུ། ཕུར་པ་གནས་སོ་སོར་བཀོད་ལ། སྟོང་ཕུར་ཤར་གྱི་ཤར་དང་། འོག་ཕུར་ནུབ་ཀྱི་ནུབ་ཏུ་བཀོད་ལ། ཕྱོགས་བཞིའི་མཆོད་པ་རྣམས་ཀྱང་ཕྱོགས་ཙམ་རེ་བསྒྲིགས་ལ། བརྡའ་ཕུལ་ནས་མཆོད་སིལ་བཞག ༈ །གསུམ་པ་མཆོད་རྫས་བཀོད་པ་ནི། སློབ་དཔོན་གྱིས་མཆོད་

(༦༡)རྫས་ལ་ལས་ཆུས་བྲན་ཅིང་བསྐོར་བ་ཕེབས་ཏེ། ཧཱུྃ། བི།།།ན་སོགས། སྭཱ་ཧཱ་སོགས། བཞེས་སུ་གསོལ༔ མཆོད་སིལ་འོག་ཏུ་ཤར་དུ་ཞི་མཆོད་ཕྲེང་ཚར། སྨན་གཏོར། གཡས་གཡོན་དུ་སྨན་རཀ །སྟེང་གོང་མར་ཕུག་གཏོར་དང་། ཞི་བའི་གཏོར་མ། ལྷོར། རྒྱས་པའི་གཏོར་མ་དང་། སྨན་རཀྟ། རྫས་བརྒྱད། རྟགས་བརྒྱད། སྣ་བདུན་བཅས། རྣམ་ལྔ་བཅས་དང་། ནུབ་ཏུ། དབང་གི་གཏོར་མ་དང་། སྨན་རཀ་བསྐང་གཏོར་བང་རིམ་ཅན་དང་། བྱང་དུ། དྲག་པོའི་གཏོར་མ་དང་། སྨན་རཀ །དྲག་མཆོད་ཕྲེང་ཚར། ལྷོ་དང་ནུབ་ལ་ཞི་མཆོད་ཕྲེང་ཚར་བཀོད། ཤར་ལྷོར་ཚོ་བུམ་དང་། སརྦ། རྟ་ཞལ། ཉི་ཟླ་མེ་རིས་མཚན་པ། གཡས་སུ་ཚེ་རིལ་དང་ཚེ་མདའ། གཡོན་དུ་ཚེ་ཆང་། འབྲང་རྒྱས་དང་། ལས་བཞིའི་འབྲང་རྒྱས་བཀོད་

(༦༢)

(༦༣)དཀྱིལ་འཁོར་གྱི་ལྷོ་ནུབ་ཏུ་དམ་སྲིའི་མནན་ལིང་རྣམས་བཞག །ནུབ་བྱང་དམ་ཅན་གྱི་གཏོར་མ་འཁོར་ཅན། བྱང་ཤར་ཤྭ་ནའི་ཟློག་གཏོར་དང་། བཀའ་སྡོད་གསུམ་གྱི་གཏོར་ཟེར་དང་། ཟོར་རྫས་རྣམས་བཀོད་ལ། དཀྱིལ་འཁོར་གྱི་མཐའ་བསྐོར་དུ་མེ་ཏོག་དང་བདུག་སྤོས། སྨན་རག་གཏོར་གསུམ། ཞལ་ཟས་དང་། ཚོགས་གཏོར་དང་ཆུ་མཆོད་ཀྱི་བསྐོར་ལ། མཐར། མཆོད་སིལ་བཞག་སྣང་གྲགས་རིགས་སོགས། གུང་ཚིག་གྲོལ།

(༦༤)ཕྱི་དྲོ་ཡར་འཚོགས་ནས། སྐུ་རིམ་རྣམ་གསུམ་གསུངས། དགེ་བ་མའི་སྐབས། སློབ་དཔོན་རྒྱལ་ཐེབས། རྡོ་རྗེ་མཚམས་པའི་བླ་མ། རྡོར་སེམས་བླ་མ་བཅས་ལ་ཆབ་ཕུལ་རྡོ་རྗེ་རྒྱལ་ཐེབས་ཞྭ་ཆོས་བཅས་གྲལ་བཞུགས་ནས། མངའ་གསོལ་གྱི་སྟོང་ཐུན་གྲུབ་ནས། ཀུན་གྱི་ཞྭ་བཞེས་ལ། ༈ བཞི་པ་སྒྲུབ་པ་པོ་འགོད་པ་ནི། ཧཱུྃ། རྡོ་རྗེ་རྒྱལ་པོ་སོགས། དབྱངས་འབོར་ལེན་མཛད། ལས་རྡོར་ཞྭ་ཆོས་བཅས་བདུད་རྩི་དྲངས་ལ། ཡབ་སྲས་ཀུན་ལ་དྲངས། ཀུན་བཟང་ཡུམ་རྒྱལ་ཐེབས་བཞི་དང་བླ་སྤྲུལ་རྣམས། དབུ་མཛད་ཁྲི་ཟུར་རྣམས། ཀུན་ཐུབ་ཀྱི་འཚམ་དཔོན་དང་། རྡོར་མཚམས་བླ་མ། རྡོར་སེམས་བླ་མ་ཆོས་ཁྲིམས་དང་དགེ་གཡོག །རྡོ་རྗེ་སྤྱན་པ་མཆོད་དཔོན་རྣམས་དང་། གསོལ་གཟིམ་རྣམས། ཇ་འདྲེན་པ་ཐམས་ཅད་ལ་

(༦༥)འདུས་ཚོགས་ཐམས་ཅད་ལ། ཞྭ་མཛོད་ལས་བྱེད་ཀུན་ལ་བདུད་རྩི་དྲངས་ལ། ཡང་དཔལ་ཆེན་གྱི་སྟོང་ཐུན་གསུངས་ལ། དབྱངས་ཐུང་བ་འབོར་ལེན་གྱིས། ཧཱུྃ། དོན་དམ་སྤྲོས་མེད་སོགས། དེ་སྐབས། སློབ་དཔོན། རྒྱལ་ཐེབས་བཞི། རྡོར་མཚམས་བླ་མ། རྡོར་སེམས་བླ་མ་རྡོ་རྗེ་རྒྱལ་པོའི་མདུན་དུ་བཞེངས་ལ། ཚིག་རིས་མཐུན་པར། སྔར་རྟག་གདབ་ཕུལ་བའི་སྐབས་བཞིན། ཡར་འགུལ་བ་དང་། མར་ཞུ་ཞིང་། རྒྱལ་ཐེབས་ལ་གནང་བ་སོགས། མཐར། མཆོད་སིལ་རིང་བའི་འོག་དབང་འགྲིམ་མཛད་དོ། ཉེ་བསྙེན་གྱི་ས་བཅད་བདུན་ལས། གཉིས་པ་བྱིན་དབབ་པ་ནི། ལས་རྡོར་གྱིས་ཞྭ་བཞེས་ལ་སྤོས་ཕོར། སྤོས་གལ་དང་། དར་ཁྲའི་གཡབ་མོ་བཅས་སྣ་དྲངས་ཏེ། རྡོ་རྗེ་རྒྱལ་པོ། སློབ་དཔོན། རྒྱལ་ཐེབས་བཞི་

(༦༦)རྡོར་མཚམས་པའི་བླ་མ། རྡོར་སེམས་བླ་མ་བཅས་དཀྱིལ་འཁོར་མདུན་དུ་བཞེངས། འདུས་པ་རྣམས་ཀྱང་བཞེངས་ལ། ཀུན་གྱིས་ཞྭ་བཞེས་ཏེ། དྲུག་འདོན་རྡོ་རྗེ་ཕུར་པའི་སོགས་ཐེང་། འབེབས་ཆེན་ནས། གདངས་གང་ཡིན་རྔ་བརྡུང་བླངས་ལ། མཆོད་གཡོག་གཉིས་ཞྭ་བཞེས་ལ་སྤོས་ཕོར་གྲལ་གཡས་གཡོན་འགྲིམ། ཧཱུྃ། མཁའ་དབྱིངས་ཡུམ་སོགས། ཕུར་བུ་སྒྲུབ་པ་ཐམས་ཅད་ལ་དར་གཡབ། མཐར། རྒྱུད་གསུམ་རོལ་མོའི་ཚེ། དར་གཡབ་ཅིང་བསྐོར་བ་གསུམ་ཕེབས་གྲུབ་ནས་འབེབས་བཞག །དཀྱིལ་འཁོར་སོགས། པྲ་ཝེ་ཤ་སོགས། དབྱེ་རྒྱ་ཁུ་ཚུར་གཉིས་མཛུབ་མོ་བརྐྱང་བ་དབྱེ་རྒྱ། ཨ་ཝེ་ཤ་སོགས། བྱིན་དབབ་པའི་རྒྱས་ཐལ་སྦྱར་མོ་གཡབ་པ། བསྟིམ་པར་བྱ༔ འདུས་པ་རྣམ་ཞྭ་ཕུད་ལ་བཞུགས། སློབ་དཔོན་དང་རྒྱལ་ཐེབས་བཞེངས། ཀརྨ་རྒྱལ་ཐེབས་དང་། བླ་མ་བཅས་གྲལ་དུ་བཞུགས་

(༦༧)གསུམ་པ་བསྙེན་དབང་བསྐུར་བ་ལ། རྡོ་རྗེ་རྒྱལ་པོས་ཞྭ་ཆོས་བཅས། དཀྱིལ་འཁོར་བདག་པོའི་སོགས། ཨ་བྷི་ཥིཀྚ་ཧཱུྃ། རྒྱལ་ཐེབས་གཅིག་གིས་རྡོར་དྲིལ་གྲལ་དུ་འགྲིམ། ༈ ཕུར་པ་ལ། ཨོཾ་བཛྲ་ཀཱི་ལི་སོགས། རྡོ་རྗེ་རྒྱལ་པོའི་ལས་ཕུར་དེ་རྒྱལ་ཐེབས་གཅིག་གིས་གྲལ་ལ་འགྲིམ། ༈ ཕྲེང་བ་ལ། ཨ་ཙནྡྲ་སོགས། རཀྴའི་ཕྲེང་བ་དེ་རྒྱལ་ཐེབས་གཅིག་གིས་གྲལ་དུ་འགྲིམ། འཛབ་དབྱངས་ལེན་གྱེར། དབུ་མཛད་ཀྱིས་བསྐུལ་ལ་རྔ་ལ། ཉི་མ་ལ་གནས་སོགས། བཛྲ་ཙ་མ་ར་སོགས། ཐེང་། འབེབས། བརྒྱ་རྡུང་མཐར། འབེབས་བཞག །དབུ་ཆུང་སིལ་སྙན་འདི་ནས་བརྡུང་། མཆོད་གཡོག་གིས་སྤོས་ཕོར་བཅས། སློབ་དཔོན་གྱིས་རྔ་བརྡུང་ཞིང་གྲལ་དུ་འགྲིམ། མཐར་རྒྱལ་ཐེབས་རྣམས་བཞུགས། སློབ་དཔོན་དཀྱིལ་འཁོར་མདུན་དུ་བཞེངས་ལ་

(༦༨)བཞི་པ་བརྡའ་སྒོ་དབྱེ་བ་ནི། དབུ་མཛད་ཀྱིས་བསྐུལ་ལ། ཧཱུྃ། ཡེ་ནས་མཉམ་ཉིད་སོགས། པྲ་ཝེ་ཤ་ཡ་ཕཊ། ཕྱོགས་བཞིར་སྔགས་ལན་ལ། ཞྭ་ཕྲག་འཕེན་རྡོ་དྲིལ་བཅས་དབྱེ་རྒྱ་མཛད། རྩ་གདངས། དཀྱིལ་འཁོར་ཆེན་སོགས། སློབ་དཔོན་ཕྱོགས་བཞིར་ཕྱག་གསུམ་རེ་འཚལ། དབྱེར་མེད་གྱུར༔ འཚོགས་ཐིང་གྲོལ་ཆབ་མི་དགོས། སློབ་དཔོན་མདུན་དུ་ལས་བུམ་དང་། དུང་ཆོས། གཟུངས་རྡོར་བཅས་དང་། རྒྱལ་ཐེབས་རྣམས་ལ་མདུན་ཐོད་རེ་ཕུལ། གོང་གི་ས་བཅད་མ་ཏྲཾ་དང་བྲོ་བརྡུང་ནི། དེ་ཁོ་ནའི་མཚམས་གཅོད་སྐབས་སོང་ཟིན། རབ་ཏུ་གནས་པ་ནི་ལྷ་བཀོད་པའི་དུས་སུ་དོན་ཐོབ་རུ་གྱུར་པས་སོ། ༈ གསུམ་པ་སྒྲུབ་པ་ལ་གསུམ་སྟེ། དང་པོ་ལུས་ལྷར་གསལ་བ་ནི། ཡར་འཚོགས་རྔ་སླང་། ལས་བྱང་། ཐེང་། འབེབས་སུམ་རྡུང་ལན་མེད། ཧཱུྃ། རྡོ་རྗེ་ཁྲོས་པས་སོགས། ཧཱུྃ། འབྱུང་བ་སོགས་

(༦༩)བྃ་ཧཱུྃ་ཕཊ། ངང་ཉིད་སོགས། ཧཱུྃ་ཕཊ། ཧཱུྃ། དམ་ཚིག་སོགས། དྲུག་འདོན། འབྲུ་གསུམ་ལ་གནས་གསུམ་ལ་རྡོ་རྗེ་གསུམ་གྱི་རྒྱ། ཧཱུྃ་མཛུབ་མོ་སྒྲེང་བ་སྤྱི་བོར། ཨོཾ་གུང་མོ་གཤིབ་པ་དཔྲལ་བ། ཏྲྃ། སྲིན་ལག་གཉིས་གཤིབ་པ་རྣ་ལྟན་གཡས། ཧྲཱི མཐི་བོང་གཉིས་གཤིབ་པ་རྒྱབ། ཨཱམཐེའུ་ཆུང་གཉིས་གཤིབ་པ་རྣ་ལྟན་གཡོན་དུའོ། ཨོཾ་བཛྲ་སོགས། བསྡུ་བྱ། ཞྭ་བཞེས་ལ། ཧཱུྃ། ཆོས་ཀྱི་སོགས། ས་མ་ཛ ཐིང་། འབེབས་ཆེན་སུམ་རྡུང་ལན་ཡོད། འདི་སྐབས་མཆོད་གཡོན་གཉིས་ཞྭ་གྱོན་ལ་སྤོས་ཕོར་གཉིས་གྲལ་ལ་འགྲིམ། ལས་རྡོར་གྱིས་ཞྭ་ཆོས་སྤོས་ཕོར་སྤོས་གལ་དར་ཁྲ་བཅས་སུམ་རྡུང་ཚེ་བསྐོར་བ་ཕེབས། ཧཱུྃ། སྲིད་པ་སོགས། དངོས་གྲུབ་སྩོལ༔ སུམ་རྡུང་ལན་ཡོད་འབེབས་སུམ་རྡུང་ལན་ཡོད། ཞྭ་ཕུད། སློབ་དཔོན་རྣམས་ཀྱིས་དར་ཁྲ་བཅས་བསྡུ་

(༧༠)བསྡུ་རྒྱ་དང་། ཛཧཱུྃ་སོགས་ལ་རང་རྒྱ། དར་བཞག །ཧཱུྃ། དུར་ཁྲོད་སོགས། ཏིཥྛ་ལྷན་ལ་གདན་རྒྱ། བྷུ་ཧོ། ཐལ་སྦྱར། ཧཱུྃ། རུ་ཏྲ་སོགས། རྐང་གླིང་ནས་ཚོགས་ལ་འབུལ༔ བར་དབྱངས་སྐབས། ཐོད་རྔའི་སྒྲ། ཚིག་རྐང་ཚེ། ཤབྡ་པཱུ་ཛ་ཧོ། སུམ་རྡུང་ལན་ཡོད་འབེབས་སུམ་རྡུང་ལན་ཡོད་དབུ་ཁྲི་བའི་རོལ་མོ་ཉར། རོལ་རོག་ཕར་བཞག །ཧཱུྃ། གཏི་མུག་སོགས། ཁ་ཧི། རྔ་ཕབ། ལས་རྡོར་གྱིས་ཞྭ་བཅས་བདུད་རྩི་མཆོད། མཆོད་གཡོག་གིས་བྱང་གི་བདུད་རྩི་གདོང་གྲལ་དུ་འགྱོད། རྒྱབ་གྲལ་དུ་འབྱོན་སྒྲོན་གྱིས་བདུད་རྩི་འགྱེད་ལ། ཆོས་སྐུ་ཀུན་བཟང་སོགས། དྲིལ་གསིལ་བཅས་བདུད་རྩི་མཆོད། ལྕེ་ཡི་སོགས། འབྲུ་གསུམ་ལ་བདུད་རྩི་གནས་གསུམ་དུ་རེག །སིདྡྷི་ཧཱུྃ། མྱང་། རྔ་སླང་། ཧཱུྃ། དུང་ཆེན་སོགས། ཧཱུྃ། ང་ལ་བར་ཆད་སོགས། རོལ་རོག་གིས་རོལ་མོ་ལེན། ཁཱ་ཧི་

(༧༡)སུམ་རྡུང་འབེབས་བཞི་རྡུང་ལེན་ཡོད། ཧཱུྃ། ཡེ་ཤེས་སོགས། བཞི་རྡུང་འབེབས་བཞག །ཟུར་གསལ། བྷྲུྃ་བི་ཤྭ་སོགས། སྒྲུབ་ཁོག་ལྡེབ། ༈ གཉིས་པ་གསུང་གི་བཟླས་པ་ནི། རང་གི་སྙིང་སོགས། བཟླས་པའི་སྐབས་ལས་རྡོར་ནས་གཟུངས་ཐག་ཕུལ། པད་སྐོར་དང་། འབྲུ་འཐོར་བ་ཐམས་ཅད་ལ་འགྲོ་མཆོད་དཔོན་ནས་ཐུན་པ་རྣམས་ལ་ཆབ་ཕུལ་ལ། བཟླས་པའི་མཐར། གཙོ་བསྙེན་ཐུན་གདང་ལན་ཁ་ཤས་མཛད་སྐབས། ལས་རྡོར་དང་། ཐུན་པ་རྣམས་ལ་གཟུངས་ཐག་གནང་ནས་བཟུང་། དངོས་གྲུབ་ལེན་ཆོག་ཐུན་བསྡུ་བའི་བར་བསྙེན་རྒྱུན་བར་མ་ཆད་པར་མཛད་དགོས། མཐར་སྟོང་ཚིག་ཕུལ། ལས་རྡོར་ནས་མཆོད་ཁ་གསོ་ཞིང་། སྨན་རག་མཆོད་ཅིང་། གཏོར་མར་བྲན་པ་སྟོང་ཚིག་ཐམས་ཅད་ལ་འགྲོ། ལྡེབ། ཕྱོགས་བཅུ་དྲེག་པ་སོགས། སྔགས་ཟུར་གསལ་ལྟར་དང་། སྟོང་

(༧༢)ཚིག་ཕུལ། ཧཱུྃ། ཟླ་གམ་སོགས། མཐར་སྟོང་ཚིག །ཧཱུྃ། རྡོ་རྗེ་ཕུར་པའི་སོགས། སྟོང་ཚིག་ཕུལ། ༈ གསུམ་པ་ཐུགས་ཀྱི་བཟླས་པ་ནི། རང་སེམས་སྤྲོས་བྲལ་རྡོ་རྗེ་གཞོན་ནུ་ངང་གིས་རྫོགས་ཤིང་། དེ་ཉིད་དུ་མཉམ་པར་བཞག་པ་ན་དོན་གྱི་བཟླས་པའོ། ཕུར་སྲུང་བསྙེན་པའི་སྐབས་སུ་སློབ་དཔོན་གྱིས། བུམ་གདན་འདབ་བརྒྱད་བྲིས་པའི་སྟེང་དུ། ལས་བུམ་ཁར་དུང་ཆུ་དང་གཟུངས་རྡོར་བཞག་མཛོད། སྒྲུབ་ཁོག་ལྡེབ། ལས་བུམ། མདུན་ཐོད་ཀྱིས་བྲན་ལ། སྭཱ་བྷཱ་སོགས། དབང་བསྐུར་རྒྱས་གདབ་སྐབས་ཧ་མཐེའུ་ཆུ། ཧཱུྃ། མཛུབ་མོ། སྭཱ་སྲིན་ལག །ཨ་མཐེ་བོང་། ཨོཾ་གུང་མོ་བཅས་རྒྱ་མཛད། ཨོཾ་ཨཱཧཱུྃ། རྡོ་རྗེ་གསུམ་གྱི་རྒྱ། ས་མཱ་ཛ༔ བསྡུ་རྒྱ་ཨེ་ཧྱ་ཧི་གདན་རྒྱ། ཛཧཱུྃ་སོགས་བསྟིམ་རྒྱ། ཀ་ཡ་སོགས། འབྲུ་གཏོར། ཀུན་བཟང་། ཨརྒྷཾ་རྒྱ། ཞབས་བསིལ། སངས་རྒྱས་རྒྱ། བཞི་བསྣོལ་བཅས་མཆོད་ལ་

(༧༣)ཧཱུྃ་བི།།།སོགས། སྔགས་སྐབས། སློབ་དཔོན་གྱིས་རྡོ་རྗེ་རྩེ་གཅིག་གི་རྒྱས་བུམ་སྒྲོ་འཛིན་ལ་བུམ་པར་རེག་ཚུལ་མཛད། དེ་སྐབས་རྡོ་དྲིལ་འཛིན་མི་དགོས་བདུད་རྩི་འཁྱིལ་སོགས། བུམ་པ་འོད་ཞུ་མཛད། སྒྲུབ་ཁོག་ལྡེབ། གཙོ་བུམ། ལས་ཆུས་བྲན་ལ། ཧཱུྃ་བི།།།ན་སོགས། གསལ་བར་གྱུར། དབང་བསྐུར་རྒྱས་སོགས་གཞུང་བཞིན་ལ། མཆོད་སིལ་རྗེས། རོལ་སིལ་བརྗེ། བདག་གི་སོགས། གང་བར་གྱུར། ལས་རྡོར་གྱིས་གཟུངས་ཐག་ཕུལ། གཙོ་སྔགས་དང་། ཁྲོ་བཅུ་སྲས་མཆོག །སྲུང་མ་རྣམས་ཀྱི་བསྙེན་པ་གྲུབ་མཐར། གཙོ་སྔགས་གཅིག་གིས་བུམ་པ་འོད་ཞུ་དང་། གཟུངས་ཐག་བསྡུ། ལྷ་རྣམས་སོགས། རོ་གཅིག་གྱུར། རྃ་ཡྃ་ཁྃ་སོགས། ཐེང་འབེབས་སུམ་རྡུང་ལན་ཡོད། ཧཱུྃ་བླ་མ་ཡི་སོགས། ལས་རྡོར་ཞྭ་བཞེས་ལ་གཏོར་མ་དང་གསེར་སྐྱེམས་ཡར་བཀྱགས་མི་དགོས་པས་

(༧༤)ཕྱིར་ཕུལ། གསང་ཕུར་ཚོགས་ལ། ཐོག་མར་ཚོགས་ཐ་མ་ཟུར་དུ་བཅར་ལ། སྤོས་ཚུགས་ཆུ་ཆབ་གྲན། ཧཱུྃ་རང་བྱུང་སོགས། བདུད་རྩིའི་བྲན་ལ་ཐོང་། འབེབས་སུམ་རྡུང་ལེན་མེད། ཧཱུྃ། ཆོས་ཀྱི་སོགས། ཚིག་འབེབས་སུམ་རྡུང་ལན་མེད། ཧཱུྃ། ཡེ་ཤེས་སོགས། སུམ་རྡུང་ལན་མེད་འབེབས་སུམ་རྡུང་མཚམས་མེད། ཧཱུྃ། མ་བཅོས་སོགས། ཧཱུྃ། ཐོག་མེད་སོགས། ཚིག་འབེབས་མཐར། སྨིན་གླིང་དགུ་རྡུང་། ཧཱུྃ། མ་རིག་སོགས། ཐ་མ་དང་བདུད་རྩི་བཅས་སློབ་དཔོན་མདུན་ཕུལ་ལ། བསྒྲལ་ནས། བདུད་རྩིར་བཏབ་ཤིང་སྨན་གཏོར་དུ་བླུན། སྨིན་གླིང་དགུ་རྡུང་མཐར་འབེབས་བཞག །ལས་རྡོར་ནས་ཞྭ་གྱོན་བཞིན་ལ་ལྷག་གཏོར་ཞུ་ནས། སློབ་དཔོན་མདུན་དུ་བཏེགས་ལ། སློབ་དཔོན་གྱིས་མཁའ་དབྱིངས་བདུད་རྩིས་བྱིན་རླབས་ལ། ཨེ་ཨ་སོགས། ཤུ། སློབ་དཔོན་འབར་བའི་རྒྱ། ཨོཾ་བཛྲ་པུཥྤེ་སོགས། ལྷག་མའི་

(༧༥)མཆོད་པའི་ནང་དུ་བཞག་ཙམ་མཛད། ཐེང་། འབེབས་ཆུང་མཐར། སུམ་རྡུང་ལན་ཡོད། ཨོཾ་ཨཱཧཱུྃ། དཔལ་གྱི་སོགས། འབེབས་མཐར་བཞག །ལྷག་མ་བཙོན་བཟུང་མཆོད་ཁྲིའི་འོག་ཏུ་བླུག །མཆོད་བསྟོད་མཐར། འཇུག་ཆིང་ལྡེབ། ཧོ བླ་མ་ཡི་དམ་སོགས། བརྟན་བཞུགས་སྒྲུབ་ཁོག་ལྡེབ། ཕྱོགས་བཅུ་སོགས། འཇུག་ཆིང་། སྣོད་བཅུད་སོགས། བཛྲ་ཀཱ་ཡ་སོགས། རྡོ་རྗེ་previous hit དྲིལབུ next hit་བཅས་རྡོ་རྗེ་རྩེ་གི་རྒྱ་གནས་གསུམ་དུ་རེག །ཧཱུྃ་དུས་གསུམ་སོགས། ཞྭ་བཞེས། རྔ་བསྐུལ། ཧཱུྃ། འཁོར་འདས་སོགས། བཀྲ་ཤིས་ཤོག །བཀྲ་ཤིས་རོལ་མོ་བཅས་མཐར་དབྱུང་ངོ་། ༈ འདི་སྐབས་སློབ་དཔོན་གྱིས་མཆེད་གསར་རྙིང་བསྲེ་བའམ། གཏོར་མཛོད། ནང་གསང་ཕུར་གཏོར་དབང་གནང་བས་གྲུབ་བོ། །

(༧༦)དངོས་གཞི་ཉིན་དང་པོར། ལོ་གྱོན་བརྙེན་པ། རྣམ་རྒྱལ་འཇོམས། ཚིག་བདུན་གསོལ་འདེབས། སྐུ་གསུམ་གསོལ་འདེབས། བར་བསམ་རེས་མོས། སརྦ་འབྱུང་གནས། ཆོས་སྐུ་ཀུན་བཟང་། དུས་གསུམ་སངས་རྒྱས། རྒྱལ་ཀུན་བསྐྱེད་ཡུམ། བརྒྱུད་འདེབས། སྔོན་འགྲོ་བྱིན་རླབས་བཅུ་གཅིག །རང་གི་སྙིང་དབུས་སོགས། འདི་སྐབས་ཆོས་ཁྲིམས་པ་ཟ་ཡིག་གནང་ལ། དགེ་གཡོག་གིས་དམ་རྫས་དང་དྲི་བཟང་ཆུ་ཕུལ་དགོས། ཨོཾ་ཨཱཧཱུྃ། ལན་གསུམ་གྱིས་མྱང་། བཛྲ་མ་ཧཱ་སོགས། བསང་ཆུ་སྒྲུབ། དེ་ཚེ་ལས་རྡོར་གྱིས་རྡོ་རྗེ་རྩེ་གཅིག་གི་རྒྱས་ཀུ་ཤ་འཛིན་ལ། སྔགས། མཐར་སྔགས་ལན་ཚེ་བདག་གནས་ཡོ་བྱད་ལ་བདུད་རྩི་གཏོར། ཧཱུྃ། ཆོས་རྣམས་སོགས། དེ་སྐབས་ཞྭ་ཕྲག་འཕན་གྱིས་རྟག་གསུམ་ཕྱག་ཏུ་བཞེས་པ་ལས་གདབ་མི་མཛད། མཎྜལ་ཧཱུྃ། ཧཱུྃ་ལས་ཡེ་ཤེས་སོགས། རྡོ་དྲིལ་བྱིན་རླབས། བདག་

(༧༧)ཉིད་རྡོར་སེམས་སོགས། ཕྱག་རྒྱ་བྱིན་རླབས་ལ། རིག་ལྔའི་ས་བོན་སྐབས་ཕྱག་གཡས་དང་། ཡུམ་ལྔའི་ས་བོན་སྐབས་གཡོན་བཟོད་ཅིང་། ཨོཾ་སརྦ་སྐབས་འཁྱུད་རྒྱ། གདབ་ཕུར་བྱིན་རླབས་ལ། ཨོཾ་བཛྲ་ཀཱི་ལི་སོགས། ལྡན་པར་གྱུར། ཨོཾ་བཛྲ་ཀཱི་ལི་སོགས། ལན་གསུམ་བསྒྲིལ་ནས་ཕུར་གདན་དུ་བཞུགས། ཨ་ཙནྡྲ་སོགས། བྱིན་རླབས་ལ། ཕྲེང་མ་ཕྱག་གཡོན་པའི་མཐིལ་དུ་བཞག་ལ། འགྲུབ་པར་ཤོག །སྙིང་པོ་བསྒྲང་། ཉི་མ་ལ་སོགས་རྔ་བྱིན་རླབས། མ་ར་ཡ་ཧཱུྃ། རོལ་མོ། ཐེང་། འབེབས། བརྒྱ་རྡུང་མཐར། འབེབས་བཅས་བཞག །རྔ་ཕབ། རོལ་སིལ་བརྗེ། ལས་རྡོར་གྱིས་བསང་ཆུས་བྲན་ལ། སྔོན་འགྲོ་གཏོར་མ་གསུངས། ཧཱུྃ་ས་བདག་ལ་བཞི་དྲིལ། གཙྪ། མཆོད་སིལ་ལ་དུང་དཀར་དང་། དྲིལ་ཁོ་ན་

(༧༨)ཡིན། ལས་རྡོར་ཞྭ་བཞེས་ལ་དཀར་གཏོར་དང་གསེར་སྐྱེམས་ཕྱིར་ཕུལ། རང་གི་སྙིང་ག་སོགས། རྡོ་དྲིལ་བཅས་བསྡུ་རྒྱ། སྐྱབས་སེམས་དང་། ཡན་ལག་བདུན་པ་བཅས་གཞུང་བཞིན་ལན་རེ། བསོད་ནམས་སོགས། ལན། ཛཧཱུྃ་སོགས། བསྟིམ་རྒྱ། རང་ཉིད་སོགས། བགེགས་གཏོར་པག་ཀོང་མེ་སྦར། བསང་ཆུས་བྲན་ལ་རྃ་ཡྃ་སོགས། འབྲུ་གསུམ་ལ་མཁའ་ལྡིང་རྒྱ། ཨཀརྵ་ཛ། འགུགས་རྒྱ། ན་མ་སརྦ་སོགས། གཏོར་རྒྱ། རྔ་སླང་། ཐོང་། འབེབས་སུམ་རྡུང་ལན་མེད་ཀྱིས། སྤྱི་ཆིངས། ཧཱུྃ། རྣལ་འབྱོར་སོགས། གདོན་མི་ཟ༔ སུམ་རྡུང་ལན་མེད་འབེབས་སུམ་རྡུང་ལན་མེད་འདི་སྐབས། རྡོ་རྗེ་མཚམས་པས་ཐུན་གྲབ་ལས་རྡོར་ཞྭ་བཞེས་ལ་བགེགས་གཏོར་ཕྱིར་དོར། མཆོད་གཡོག་གཉིས་ཀྱིས་ཞྭ་ཕྲག་འཕེན་བཅས། གྲལ་གཡས་གཡོན་ལ་གུ་གུལ་འགྲིམ་ལ། མཐར་མཉམ་དུ་འཛོམ་ནས། ཧཱུྃ། ང་ནི་སོགས་

(༧༩)གསུངས་སྐབས་གདོང་གྲལ་ནས་ཡར་ཕེབས་དགོས། ཀུ་རུ་ཧཱུྃ། ཧཱུྃ་ཆོས་ཀུན་སོགས། རྡོ་དྲིལ་བཅས་དབྱེ་རྒྱ། ཧཱུྃ། དབྱིངས་རིག་སོགས། ཧཱུྃ། སྣང་སྲིད་སོགས། དགེ་གཡོག་གིས་དབུ་ཞྭ་འགྱེད། ཟིན་པར་ཤོག༔ ཧཱུྃ་རང་རིག་སོགས། ཞྭ་བཞེས། ཙིཏྟ་ཧཱུྃ། སྒྲུབ་ཁོག་ལྡེབ། ཧཱུྃ་མཁའ་དབྱིངས་སོགས། ལས་རྡོར་གྱིས་ཞྭ་བཞེས་དར་ཁྲ་བཅས་དཀྱིལ་འཁོར་མདུན་དུ་བཞེངས་ལ། མཆོད་གཡོག་གཉིས་གྲལ་ལ་སྤོས་འགྲིམ། གྲོགས་མཛོད་ཅིག །མཆོད་གཡོག་སྤོས་འགྲིམ་གདོང་གྲལ་ནས་ཡར་ཕེབས་ལ། ཧཱུྃ། མི་མངོན་སོགས་ཤ་ཡ་ཨ༔ བརྒྱུད་གསུམ་རོལ་མོ་ཚོ། དགུ་བཞུགས་རྣམས་ནས་དར་ཁྲ་དང་། རྒྱལ་ཐེབས་རྣམ་ནས་དར་དམར་ཡིན། ལས་རྡོར་དཀྱིལ་འཁོར་ལ་སྐོར་མཛད་

(༨༠)ལ་དར་ཁྲ་གཡབ། མཐར་འབེབས་ཕབ་ནས་བཞག །ཞྭ་ཕུད། རོལ་རོག་རོལ་སིལ་བརྗེ་ལ། དགུ་ཁྲི་བ་བརྗེ་མི་དགོས། ༈ རྫས་ཕུར་བྱིན་རླབས། ལས་རྡོར་གྱིས་གཡོན་པར་གུ་གུལ་སྣོད་དང་། གཡས་པར། སྨན་དང་། རཀྟ། ཡུངས་དཀར་བཅས་མཉམ་དུ་འཛིན་ལ། རྡོ་རྗེ་རྒྱལ་པོ། སློབ་དཔོན་རྒྱལ་ཐེབས་རྣམས་ཀྱིས། ཕུར་པ་ལ་གུ་གུལ་བདུག་ལ། མཛུབ་མོའི་བདུད་རྩི། གུང་མཐེབ་ཀྱིས་ཡུངས་དཀར། སྲིན་ལག་གིས་རཀྟ་བླང་ལ། སྔགས་སུ་རུ་སུ་རུའི་སྐབས་གུ་གུལ་གྱིས་བདུག །བདུད་རྩི་ཞལ་གསུམ་ལ་བྱུག །སྔགས། པྲ་ཛྭ་ལ། སྐབས། དབལ་གསུམ་ལ་རཀྟ་གྱེན་ལ་བྱུག་མ་གུ་ཏ་ལི་སྐབས། ཡུངས་དཀར་གྱིས་བྲབ་ལ། ཧཱུྃ། ཆོས་ཀྱི་སོགས། ཕུར་པ་ཐལ་སྦྱར་གྱིས་འཛིན་ལ། ཧཱུྃ། དིབྟ་ཙཀྟྲ་སོགས་ནས་ཕུར་བ་

(༨༡)ཆོས་དབྱིངས་རྒྱས་འཛིན་ལ། ཀཱི་ལི་ཀཱི་ལ་སྐབས་ཕུར་པ་ལན་བསྒྲིལ་ལ་ཕུར་གདན་དུ་བཞུགས། ཧཱུྃ། སྐུ་གསུང་སོགས། ཧཱུྃ། རྡོར་བསྡམ་ལས་མཛུབ་མོ་བརྐྱང་བ། ཨོཾ་གོང་མོ། ཏྲཱྃ་སྲིན་ལག །ཧྲཱིམཐེ་བོང་། ཨཱ མཐེའུ་ཆུང་བརྐྱང་བ། དབུ་ཡི་གནས་ལྔར་བཞག་ ཨོཾ་ཨཱཧཱུྃ། རྡོ་རྗེ་གསུམ་གྱི་རྒྱ་དང་། ཧྲཱིལ་མཐེ་བོང་གཉིས་གཤིབ་པ་པར་མཛོད། ཨོཾ་བཛྲ་སོགས། ལན་ དབུ་ཁྲི་བའི་རོལ་སིལ་བརྗེ། རྔ་ཕབ། མཆོད་ཁ་གསོ་ལ་ཞལ་ཟས་བཞག །བསང་ཆུས་བྲན། ཧཱུྃ། རྡོ་རྗེ་ལྟ་བུའི་སོགས། ཤབྟ་ལ། མཆོད་སིལ། ཌཱ་མེད། རོལ་སིལ་བརྗེ་ཨ་ལས་སོགས། ཤབྡ་ལ་ཐིང་འབེབས་ཆུང་མཐར་བཞག །རོལ་སིལ་བརྗེ། ཡིག་འབྲུ་སོགས། ལས་རྡོར་གྱིས་ཞྭ་བཞེས་ལ་ཤར་གྱི་སྨན་ལན་དཀྲུག་

(༨༢)དེ་སྐབས་རྡོ་རྗེ་རྒྱལ་པོ་སོགས་མདུན་ཐོད་ཡོད་པ་ཀུན་གྱིས་སྲིན་ལག་གིས་དཀྲུག །ཨཱ་ལས་ལྕགས་ལོ་སོགས། མ་ཧཱ་རཀྟའི་སྐབས་ཕྱག་གཡས་ཀྱིས་རཀྟ་གཡོན་སྐོར་གྱི་ཚུལ་དུ་དཀྲུག་ཤིང་ལན་ཕྱར། བྷྲུྃ་ལས་སོགས། བ་ལི༚་ཏའི་སྐབས་སྨན་རཀ་ཀྱིས་ཆབ་ལན་གྲན། ༈ མཆོད་ཁ་གསོས་ཞལ་ཟས་བཞག་བསང་ཆུས་བྲན་ལ། ཨོཾ་མ་ཧ་སོགས། སྔགས་འདུར་གདངས། ཧཱུྃ། སྒྱུ་འཕྲུལ་རྩ་གདངས། ཆོས་ཉིད་དབྱིངས་ཀྱི་སོགས། ཨོཾ་ཧཱུྃ་སོགས་རང་རྒྱ། ཨོཾ་ཨཱཧཱུྃ། རྡོ་རྗེ་གསུམ་གྱི་རྒྱ་ས་མ་ཡ་ཧོ ལ་པད་སྐོར། ཡ་མི་ལ་སེ་གོལ། ཡབ་ཡུམ་སོགས། གདངས་གོང་བཞིན། ཨོཾ་སརྦ་སོགས། ཀ་ཡ། རྡོ་རྗེ་རྩེ་ལྔའི་རྒྱ། ཝ་ཀཱ་ལ་རྩེ་གསུམ། ཙིཏྟ་ལ་རྩེ་གཅིག་རྒྱ། གནས་གསུམ་དུ་བཞག །ཤུ་ནྱ་ཏ་ཛྙཱ་ན་སོགས། སྐབས། རྡོར་བསྡམས་ལ་གོང་མོ་གཉིས་བརྐྱང་བ་སྤྱི་བོར་བཞག་

(༨༣)ཨ་དརྴ་སོགས། མཛུབ་མོ་དཔྲལ་བ། ས་མ་ཏ། སྲིན་ལག་གཉིས་བརྐྱང་བ་རྣ་ལྟག་གཡས། བིཀྵ་ན་སོགས། མཐེ་བོང་བརྐྱང་བ་རྒྱབ། ནུཥྛ་ན་སོགས། མཐེའུ་ཆུང་གཉིས་རྣ་ལྟག་གཡོན་དུ་བཞག །ཤྲཱི་ཧེ་རུ་སོགས་ལ་པད་སྐོར་བཅས་བསྡུ་རྒྱ། མཆོད་སིལ་པད་སྐོར་ཅན་མཆོད་གཡོག་གཉིས་ཞྭ་ཕྲག་འཕེན་གྱིས་སྤོས་ཕོར་འགྲིམ། ཛཧཱུྃ་སོགས་ལ་དར་ཁྲ་བཅས་རང་རྒྱ་ལ་ཕྱིར་བསྐྱེད་པ། ས་མ་ཏིཥྛ་ལྷན་ལ་གདན་རྒྱ། ཨ་ཏི་བྷུ་སྡེ་སོགས་ལ་ཐལ་སྦྱར། ཁུ་ཚུར་གཉིས་ཁ་སྦྱར་བས་སྙིང་ཀར་བཟུང་། ཧཱུྃ། རྡོ་རྗེ་སྒེག་མོ་སོགས་ལ་ཁུ་ཚུར་གཉིས་དཀུར་བརྟེན་པ། སྒེག་པའི་གར་གྱིས་ལ་ཕྱག་གཉིས་པད་སྐོར། ནམ་མཁའ་མཉམ་པར་སོགས་ལ། སྒེག་མོའི་རང་རྒྱ་ཁུ་ཚུར་དཀུར་བརྟེན། ཆགས་པའི་སོགས་ལ་འཁྱུད་རྒྱ། ཨོཾ་བཛྲ་གཽའུ་རི་སོགས། རང་རྒྱ་བཅས་སེ་གོལ་བཅས་འོག་མར་ཀུན་ལ་

(༨༤)འགྲོ། ཙཽའུ་རཱི་ལ། མེ་ཏོག་གི་ཕྲེང་བ་འཛིན་ཚུལ། རྡོ་རྗེའི་གླུ་མ་ལ་གཡོན་སི་ཝང་འཛིན་ཅིང་། གཡས་ཀྱི་བརྡུང་ཚུལ། རྡོ་རྗེའི་གར་མ་ལ་ཐལ་མོ་གཡས་གཡོན་བསྐྱོད་པ། རྡོ་རྗེའི་མེ་ཏོག་ལ། གཡོན་མེ་ཏོག་གི་སྣོད་འཛིན་ཅིང་གཡས་ཀྱིས་མཆོད་པ། གཞན་ཐམས་ཅད་གཞུང་བཞིན་ལ་གྷནྡྷེ་གྷན་ལ་སེ་གོལ་མེད། མ་ཧཱ་མཾ་ས་སོགས། པད་སྐོར། འདི་སྐབས་ལས་རྡོར་གྱིས་ཞྭ་ཕྲག་འཕེན་གྱིས་སྨན་རཀ་མཆོད་ཅིང་གཏོར་མར་གྲན་སརྦ་པཉྩ་སོགས། གཡོན་པའི་སྲིན་ལག་གིས་མཆོད་ཚུལ། མ་ཧཱ་རཀྟ་སོགས་གཡས་ཀྱི་སྲིན་ལག་གིས་མཆོད་ཚུལ། བ་ལི༚་ཏ་སོགས། གཏོར་རྒྱ། མ་ཧཱ་མུ་དྲ་སོགས་འཁྱུད་རྒྱ། པྲ་ཝེ་ཤ་ཡ་སོགས། དབྱེ་རྒྱ། དྷརྨ་དྷ་ཏུ་ལ་ཆོས་རྒྱ། མཆོད་སིལ་པད་སྐོར་ཅན། རྡོ་དྲིལ་བཅས་ཁུ་ཚུར་དཀུར་བརྟེན་

(༨༥)ཧཱུྃ། ཟླ་གཾ་འབར་བའི་སོགས། ཆོས་སྐུ་འགྱུར་མེད་ནས་པད་སྐོར་བཅས། སྐུ་གསུམ་ལྡན་པའི་སོགས། ཕྱག་ཐལ་སྦྱར་ལ། མཛུབ་མོ་རྒྱབ་ཏུ་བསྣོལ་བ། གཡས་ཞལ། གཡོན་ཞལ། དབུས་ཞལ་གྱི་ཚུལ་བཞག །རྡོ་རྗེ་ལ། གཡས་ཀྱི་རྡོ་རྗེ་བཅས་ནང་དུ་ངོམ་ཚུལ། ཁ་ཊཱྭྃ་རྩེ་གསུམ་སོགས་གཡས་སོར་མོ་བསྒྲེང་བ་ཕྱིར་བསྐྱོད་ཚུལ། ཐོད་རྔས་སོགས། གཡས་ཀྱི་ཌ་རུ་བཀྲོལ་ཚུལ། དྲིལ་བུས་སེམས་སོགས། དྲིལ་གསིལ་དུང་ཁྲག་སོགས། གཡོན་previous hit དྲིལབུ next hit་བཅས་ཐལ་མོ་བཟོད་པ་སྙིང་གར་བཞག་པ། རྒྱུ་ཞགས་སོགས། གཡོན་གྱི་ཐལ་མོ་པད་སྐོར་ནང་ནས་ཕྱིར་བསྐྱོད་པ། བསྡུ་བ་སོགས་ཐལ་མོ་གཉིས་སྦུབ་པའི་གཡས་དང་གཡོན་དུ་བསྐྱོད་པ། རུ་ཏྲའི་ཆོས་རྣམས་སོགས། ཕྱག་འཚལ་བསྟོད་བར། པད་སྐོར་བཅས་ཐལ་སྦྱར་བྱ་

(༨༦)བསྐུལ་མཚམས་བཅས། གཉིས་མེད་སོགས། དྲིལ་གསིལ། བཛྲ་ཀྲོ་དྷི་སོགས། ཕྱག་གཉིས་པད་སྐོར། ཁ་ཊཱྭྃ་ཐོད་པ་སོགས། གཡས་ཐུགས་ཀར་རྩེ་གསུམ་རྒྱ་གཡོན་ཐལ་མོ་གཟོད་པ་དུང་ཁྲག་རྒྱ། རྣལ་འབྱོར་སོགས། ཐལ་སྦྱར། འོག་མར་འགྲོའོ། ཕྱག་འཚལ་བསྟོད། བསྐུལ་མཚམས། རྡོ་དྲིལ་བཞག །ཐུགས་ཀར་ཉི་ཟླའི་སོགས། གདངས་གོང་བཞིན། འགྲུབ་པར་བསམ༔ བསྙེན་པ། མཐར། ཧཱུྃ། ཡེ་ཤེས་ལྷ་ཚོགས་སོགས། ཧཱུྃ། ཕཊ། རོལ་སིལ་བརྗེ། རོལ་མོ་ཁ་བསྒྲིགས་ལ་ཕུལ། དབུ་ཆུང་བརྗེ་མི་དགོས། རྔ་སླང་། མཆོད་པ་ཁ་གསོས་ལ་ཞལ་ཟས་བཞག །ཞུག་གཏོར་ལ་གསང་ཆུས་བྲག་ཐིང་། འབེབས་སུམ་རྡུང་ལན་མེད། ལས་བྱང་། ཧཱུྃ། རྡོ་རྗེ་ཁྲོས་པས་སོགས། ལྕེ་ཡི་དམ་ཚིག་སོགས། ཆབ་བཏང་། ཕྱག་འཚལ་བསྟོད༔ བར་

(༨༧)ཚེས་དགོང་མོ་ལྟར་ལ། དབྱངས་ཡོད་མེད་སོགས་ཀྱིས། རོལ་མོ་འདྲ་མིན། རྔ་ཕབ་སླང་དང་། ཌ་རུ་རྒྱ་རག་ཡོད་མེད་སོགས། ཉིན་སོ་སོའི་འཐེན་གྲངས་ལས་ངེས་པར་མཛད་དགོས། རོལ་སིལ་བརྗེ། འཚོགས་ཐིང་། ༈ ཡར་འཚོགས། སྒྲུབ་ཁོག་ལྡེབ། བྷྲུྃ་བི་ཤྭ་སོགས། ཧཱུྃ་སྲིད་པའི་ཕུར་བུ་སོགས། གདངས་རེས་མོས། རང་གི་སྙིང་གར་སོགས། གཙོ་བོ་སྔགས་བཟླས། དེ་སྐབས་རྡོ་རྗེ་རྒྱལ་པོའི་དབུ་ཞྭ་ཆོས་གོས་བཅས་སྔགས་ཀྱི་ཕན་ཡོན་གྱི་སྟོང་ཐུན་གསུངས་མཐར་སྟོང་ཚིག་ཕུལ། ལས་རྡོར་པས་སྨན་རག་མཆོད་པ་སོགས་གོང་བཞིན། ཧཱུྃ། སྟེང་ཕྱོགས་ཚངས་པའི་སོགས། མཐར་སྟོང་ཚིག་ཕུལ། དེ་བཞིན་ཁྲོ་བཅུ་སྲས་མཆོག །ཕུར་སྲུང་སོགས། སོ་སོའི་མཐར། སྟོང་ཚིག་དང་། མཆོད་སིལ་དགོས། སློབ་དཔོན་ནས་ལས་བུམ་བཅའ། སྒྲུབ་ཁོག་ལྡེབ་བཞིན། ལས་བུམ་

(༨༨)སྒྲུབ་ནས་འོད་ཞུ་མཛད། སྒྲུབ་ཁོག་ལྡེབ་ནང་། ཧཱུྃ་བི།།།ན་སོགས། སློབ་དཔོན་གྱིས་ལས་བུམ་ཆུས་བྲན་ལ། གཙོ་བུམ་སྒྲུབ། བཟླས་པའི་ནང་ནས། ༈ དེ་དམ་པས། རས་དཀར་གྱི་སྤང་གདན། མིག་དར་དང་། མེ་ཏོག །སྟོད་ལོ། ཐོར་ཚུག །དར་དཔྱང་བཅས་འགྱེད། ཆུ་དང་རོ་གཅིག་གྱུར། རྒྱ་གླིང་བཏང་། དེ་སྐབས་དཔང་གདན། སྟོད་མེ། ཐོར་ཚུག་བཅས་མཆོད། རྡོ་དྲིལ་འཛིན་བཞིན། རྒྱུན་གདངས་ཀྱིས། ཇི་ལྟར་བལྟམས་པ་སོགས། ལས་རྡོར་ཞྭ་ཕྲག་འཕེན་གྱིས་རྡོ་རྗེ་རྒྱལ་པོར་ལས་བུམ་ཕུལ་ལ་ཁྲུས་ཆུ་བཞེས། བུམ་པ་ཚུར་ཞུ་ནས། མཆོད་གཡོག་གི་བུམ་པ་གཉིས་ལ་བླུག་ནས་གྲམ་གཡས་གཡོན་དུ་འགྱོད། ལས་རྡོར་གྱིས་བླ་སྤྲུལ་གཞན་པ་རྣམས་ལ་ཕུལ། རྒྱབ་གྲལ་རྣམས་ལ་ཞྭ་ཁྲ་བཞེས་དགོས། ཧཱུྃ་ཧཱུྃ་སོགས་

(༨༩)སླར་མཆོད་གཡོག་གིས་ཞྭ་བཞེས་ལ་གུ་གུལ་བདུག་ཅིང་གྲལ་འགྲིམ། སློབ་དཔོན་གྱིས་ཡུངས་དཀར་བྲབ་བོ། དྲུག་འདོན། ས་གཞི་སྤོས་སོགས། འབྲུ་འབུམ་གྱིས། མིན་དར་བཅིངས། རྡོ་དྲིལ་བཅས་ཐལ་སྦྱར་ལ། དཔལ་ཆེན་ཧེ་རུ་སོགས། ལན། ཐུགས་རྗེའི་རྒྱུན་གདངས། དྲུག་འདོན་གྱིས། རྡོ་རྗེ་སློབ་དཔོན་སོགས། ཆེན་པོར་བསྔོ་ལན། དྲུག །བདེ་གཤེགས་སོགས། ལན་དྲུག་འདོན། དེ་ལྟར་ཡིན་ན་སོགས། ལས་རྡོར་གྱིས་ཞྭ་ཕྲག་འཕེན་གྱིས་དུང་ཆུ་བདག་འཇུག་བཞེས་པ་པོ་ལ་ཕུལ། དེས་ཕན་ཚུན་མདུན་ཐོད་ཀྱི་བདུད་རྩིར་བསྲེས་ལ་ཞལ་དུ་བཞེས། ལས་རྡོར་ནས་དུང་ཞལ་ཚུར་ཞུ་ནས་མཆོད་གཡོག་གི་དུང་ཆུ་ལ། བསྲེས་ལ་མཆོད་གཡོག་ཞྭ་བཞེས་ལ་གྲལ་དུ་འགྲིམ། ལས་རྡོར་གྱིས་བླ་སྤྲུལ་གཞན་ལ་ཕུལ། འོག་གི་བུམ་ཆུ་དང་། གསང་ཐོད་ཀྱི་བདུད་རྩི་བཅས་འགྱེད་

(༩༠)ཚུལ་གོང་དང་མཚུངས། བདག་ཉིད་སོགས། ཐིམ་པར་བསམ་ལ། མཆོད་སིལ་པད་བསྐོར་ཅན། མཆོད་གཡོན་གཉིས་ནས་ཞྭ་བཅས་གྲལ་ལ་སྤོས་འགྲིམ་བྱ། མཐར། རོལ་སིལ་བརྗེ། རོལ་ཁེབས་རྒྱབ། ཏིཥྛ་བཛྲ་སོགས། རྡོ་རྗེ་སྤྱི་བོར་བཞག །འདི་ནས། བུམ་དབང་གསོལ་གདབ་བར། ཐམས་ཅད་དྲུག་འདོན་ཡིན། རང་རིག་སོགས། པུཥྤེ་པྲ་ཏི་སོགས་ལ། འབྲུ་གཏོར། ཧོ། བསྐལ་པ་སོགས། མ་ཧ་བ་ལ་ལ་མེ་ཏོག་སྤྱི་བོར་བཞག །བདག་འཇུག་བཞེས་པ་པོའི་མིག་ཐུར་རཾ། རྡོ་རྗེ་ཡིས། མ་རིག་སོགས། དཔལ་ཆེན་སོགས། ཙཀྵུ་པྲ་བེ་སོགས། མིག་དར་བསལ། ལྟོས་ཤིག་སོགས། རྡོ་རྗེ་དཀྱིལ་འཁོར་དུ་བསྟན། ས་གཞི་སྤོས་སོགས། ཐུགས་རྗེའི་རྒྱུན་གདངས་ཀྱིས། བྱང་ཆུབ་རྡོ་རྗེ་སོགས། ལན་ལ་ཐལ་སྦྱར། ལས་རྡོར་ཞྭ་ཕྲག་འཕེན་གྱིས་གཙོ་བུམ་ཚུར་གདན་དགོས། ཧཱུྃ། བུམ་པ་དུར་སོགས། བུམ་པ་

(༩༡)རྡོ་རྗེ་རྒྱལ་པོའི་བདག་འཇུག་བཞེས་ལ་ཕུལ་ལ། སྔགས་སྐབས་དྲིལ་གསིལ་བཅས། བུམ་དབང་བཞེས། བུམ་ཆུ་གསོལ། སྔར་བཞིན་མཆོད་གཡོག་གཉིས་ཀྱིས་འགྱེད། གཞན་ལ་ལས་རྡོར་གྱིས་ཕུལ། ཧཱུྃ། རིན་ཆེན་ཅོད་པཎ་སོགས། ལས་རྡོར་གྱིས་ཅོད་པཎ་ཕུལ། སྔགས་སྐབས་དྲིལ་གསིལ་འདུས་པ་རྣམས་ཀྱིས་རིག་ལྔ་བཞེས། དབུ་ཁྲི་བའི་སྐུ་རྒྱབ་ནས། དེ་དམ་པ་གཅིག་གིས་གྲོགས་བྱ། ཧཱུྃ། ཡེ་ཤེས་ཆོས་བདུན་སོགས། ལས་རྡོར་གྱིས་རྡོ་རྗེ་ཕུལ། སྔགས་སྐབས་དྲིལ་གསིལ་བཅས། རྡོ་རྗེ་ཐུགས་ཀར་རིན་ཧཱུྃ་སྟོང་ཉིད་ཆོས་སོགས། ལས་རྡོར་གྱིས་previous hit དྲིལབུ next hit་ཕུལ། སྔགས་སྐབས་དྲིལ་གསིལ་མཐར་previous hit དྲིལབུ next hit་དཀུར་བརྟེན། ཧཱུྃ། དུས་གསུམ་སོགས། ལས་རྡོར་གྱིས་མིང་དྲིལ་ཕུལ། ཕྱག་གཡས་ཀྱིས་བཞེས་ཤིང་། སྔགས་དང་། དཔལ་ཆེན་པོ་སོགས་ཀྱི་

(༩༢)སྐབས་མིང་དྲིལ་སྤྱི་བོར་དཀྲོལ། འདུས་པ་རྣམས་ཀྱིས་རྡོ་དྲིལ་བཞག །བདག་འཇུག་བཞེས་པ་པོའི་རྡོ་དྲིལ་འཛིན། བླ་མ་ཧེ་སོགས། ཧཱུྃ། ཐབས་ཤེས་སོགས། ལས་རྡོར་གྱིས་བདུད་རྩི་ཀ་པ་ལ་ཕུལ། བཞེས་པ་པོའི་ཕྱག་གཡས་སུ་བསྣམས་ནས། མགྲིན་པར་རེག་ཙམ་དང་། གཡོན་པའི་བདུད་རྩི་བླང་ལ་ཕྱག་གཡས་པར་བླུན་ཅིང་གསོལ། བདུད་རྩི་ཀ་པ་ལར་གཉིས་ལ་བླུན་ནས་གྲལ་དུ་འགྱེད། གཞན་རྣམས་ལ་ལས་རྡོར་གྱིས་ཕུལ། དཀྱིལ་འཁོར་སོགས། ཧཱུྃ། འདི་ནི་གསང་ཆེན་སོགས། ལས་རྡོར་གྱིས་རིག་ཙཀ་ཕུལ་ལ། ཕྱག་གཡས་ཀྱིས་བཞེས་ལ། གཡོན་པའི་མཐེབ་སྲིན་དུ་བཞུགས། མ་ཧཱ་མུ་དྲ་སོགས། འཁྱུད་རྒྱ་མཛད། རང་གི་སེམས་སོགས། ལས་རྡོར་གྱིས་ཤེལ་རྡོ་ཕུལ་ལ། དྲུག་འདོན། ཧཱུྃ། ཕྱི་དང་ནང་མེད་སོགས། བྱས་པའོ། དྷརྨ་དྷ་ཏུ་སོགས།

(༩༣)ལ་ཤེལ་རྡོ་ཚུར་གནང་། དེ་ལྟར་ཐིག་ལེ་སོགས། བརྩམ་པར་བྱ་སྟེ། དྲུག །ཧཱུྃ། དིཔྟ་ཙཀྲ་སོགས། རྡོ་རྗེ་རྒྱལ་པོ། སློབ་དཔོན། རྒྱལ་ཐེབས་བཞི་བཅས་མཉམ་དུ་སོ་སོའི་གདབ་ཕུར་བཞེས་ལ། སྔགས་སྐབས་ཕུར་པ་བསྒྲིལ། ཆབ་བཏང་། སྲས་མཆོག་སོགས། བྱ་སྙམ་པས། རུན་གདངས། གཙོ་བོས་ཇི་སོགས། ལན། ས་གཞི་སྤོས་སོགས། མཎྜལ་ཕུལ། བསོད་ནམས་འདི་སོགས། དབང་རྫས་རྣམས་བསྡུ་དགོས། ཨོཾ་དགེ་བ་མ་སོགས། སྣང་གྲགས་རིག་གསུམ་སོགས། གུང་སེང་གྲོལ། ༈ ཕྱི་དྲོ་ཡར་འཚོགས། ཐེང་། འབེབས་སུམ་རྡུང་ལན་མེད་ཀྱིས། སྐྱབས་སེམས་ནས་བཟུང་། བསྟོད་པའི་བར་གོང་བཞིན་བཏང་བས་གྲུབ་བོ། རོལ་སིལ་བརྗེ། ཀུར་གསལ། བྷྲུྃ་བི་ཤྭ་སོགས། སྒྲུབ་ཁོག་ལྡེབ། རང་གི་སྙིང་གར་སོགས་

(༩༤)གཙོ་སྔགས། སྟོང་ཚིག །ཕྱོགས་བཅུར་དྲེག་སོགས། སྔགས་བྱང་ཟུར་གསལ་ལྟར་དང་། སྟོང་ཚིག །ཟླ་གཾ་ཨེ་སོགས། སྲས་མཆོག་སྔགས་དང་། སྟོང་ཚིག །རྡོ་རྗེ་ཕུར་པའི་སོགས། ཕུར་སྲུང་སྔགས་དང་། སྟོང་ཚིག་ཕུལ། འདི་ཐམས་ཅད་ལ་སློབ་དཔོན་རྒྱལ་ཐེབས་རྣམས་ཀྱིས་བདུད་རྩི་མཆོད་པ་དང་། ལས་རྡོར་གྱིས་སྨན་རཀ་མཆོད་པ་ཀུན་ལ་འགྲོ། རོལ་སིལ་བརྗེ། ༈ དེ་ནས་བཀའ་སྲུང་ཤྭ་ན་ལ་འཇུག །ལས་རྡོར་གྱིས་མཆོད་ཁ་གསོ། བསང་ཆུས་བྲན་ལ། རང་ཉིད་དཔལ་སོགས། འབྲུ་གསུམ་ལན། མདུན་དུ་དུར་སོགས། རྒྱ་སྟག་ལ་ཆིབས་པ་སོགས། སྤྱན་དྲངས། ཐེང་འབེབས་ཆེན་སུམ་རྡུང་ལན་ཡོད། མཆོད་གཡོག་གཉིས་ནས་ཞྭ་ཕྲག་འཕེན་གྱིས་སྤོས་འགྲིམ། ཧཱུྃ། ཆོས་ཀྱི་དབྱིངས་སོགས། གཤེགས་སུ་གསོལ། སུམ་རྡུང་འབེབས་སུམ་རྡུང་ལན་ཡོད། གཡབ་དྲིལ་བཅས་བསྡུ་རྒྱ། ཧཱུྃ། དུར་ཁྲོད་སོགས། ཛཧཱུྃ་སོགས་

(༩༥)གཡབ་དྲིལ་བཅས་རང་རྒྱ། ཏིཥྛ་ལ། གདན་རྒྱ། ཧཱུྃ། དྲག་གཏུམ་སོགས། ཨ་མྲྀ་ཏ་སོགས། གཡབ་དར་རྡོ་རྗེའི་བདུད་རྩི་མཆོད། རྐང་གླིང་ནས། འབུལ་ལག་ན་བར་རྐང་། པཱུ་ཛ་ཧོ། སུམ་རྡུང་འབེབས་སུམ་རྡུང་ལན་ཡོད། ཧཱུྃ། ཡེ་ཤེས་སོགས། ཨ་མྲྀ་ཏ་སོགས་སྐབས་གཡོན་པའི་སྲིན་ལག་གིས་བདུད་རྩི་མཆོད། ལས་རྡོར་གྱིས་ཞྭ་ཕྲག་འཕེན་གྱིས་བྱང་གི་དྲག་མཆོད་ཀྱི་སྨན་རག་མཆོད་ལ། རཀྟ་ཁ་རཾ་སོགས། ཨོཾ་བཛྲ་ཀཱི་ལི་སོགས། འདི་སྐབས་ལས་རྡོར་གྱིས་འབུག་གཏོར་དང་འབུལ་གཏོར་ལ་སྔགས་ལན་ཚེ་སྨན་རཀ་ཀྱིས་ལན༴ སློབ་དཔོན་རྒྱལ་ཐེབས་རྣམས་ཀྱིས་གཡབ་དྲིལ་བཅས་གཏོར་རྒྱ། ལས་རྡོར་ཞྭ་བཞེས་ལ་འབུལ་གཏོར་དང་། ག་རུ་བཅས། ཆོས་ཁྲིམས་གྲལ་མགོར་ལྟ་བུར། གཏོར་མ་བཀྱགས་ལ། དབྱིངས་ནས་སྐུར་བཞེངས་སོགས། སློབ་དཔོན་དང་། རྒྱལ་ཐེབས་བཅས་ནས་གཡབ་དྲིལ་བཅས་

(༩༦)འབྲུ་མཆོད་ལ། གཏོར་མ་མཆོད་དོ། དར་ནག་བཞག །ཐིང་། འབེབས་མཐར། བཞི་རྡུང་ལན་ཡོད་ཀྱིས། ཧཱུྃ། ཆོས་ཀྱི་དབྱིངས་སོགས། ཕྱག་འཚལ་བསྟོད། བཞི་རྡུང་འབེབས་བཞག །རྔ་ཕབ་རུ་མེད། རང་ཉིད་དཔལ་སོགས། ཨོཾ་བཛྲ་ཀཱི་ལི་སོགས། བཟླས་པའི་མཐར། ༈ དམ་སྤྱི་གསུངས། མཆོད་ཁ་གསོས་ལ་ཞལ་ཟས་བཞག་ལ། བསང་ཆུས་བྲན་ལ། རྃ་ཡྃ་ཁྃ་སོགས། སྟོང་པའི་ངང་སོགས། ཨོཾ་ཨཱཧཱུྃ་ཧོ མཁའ་ལྡིང་རྒྱ། རང་གི་སྙིང་གར་སོགས། གློགས་འཁྱུགས་པ་ནས། མཆོད་གཡོག་ཞྭ་ཕྲག་འཕེན་གྱིས་སྤོས་ཕོར་འགྲིམ། བཛྲ་ས་མ་ཛ སྦྲཾ་སྦྲཾ། འབེབས་ནས། སུམ་རྡུང་ལན་ཡོད། ཧཱུྃ། ཆོས་ཀྱི་སོགས། བསྟན་པ་སྲུང་ནས་ཚིག་འབེབས་མཐར། སུམ་རྡུང་ལན་

(༩༧)ཧཱུྃ་དུས་གསུམ་སོགས། ཏིཥྛནྟུ། ཨོཾ་བཛྲ་ས་མ་སོགས། དམ་ཚིག་གི་རྒྱ་རྡོ་རྗེ་རྩེ་གཅིག་གི་གཡོན་ཕྱོགས་སྦས་པའི་ཚུལ་དུ་མཛད། ཐུན་མོང་སོགས་སུམ་རྡུང་འབེབས་བཞག །ལས་རྡོར་གྱིས་ཞྭ་ཕྲག་འཕེན་གྱིས་བྱང་གི་དྲག་མཆོད་ནས། སྨན་རཀ་མཆོད་ལ། ཨ་མྲྀ་ཏ་སོགས། རཀྟ་པཱུ་སོགས། སློབ་དཔོན་རྣམས་ཀྱིས་སྲིན་ལག་གིས་བདུད་རྩི་མཆོད་ལ། ལྷ་རྣམས་ཀྱི་སོགས། གཡབ་དྲིལ་བཅས་གཏོར་རྒྱ། ལས་རྡོར་གྱིས་སྨན་རཀ་ཀྱིས་བྲན་ལ། གཏོར་སྔགས་ལན་སློབ་དཔོན་རྣམས་ཀྱིས་གཡབ་དྲིལ་བཅས་འབྲུ་འཛིན་ལ། དཔལ་མ་ཧཱ་ཀ་སོགས། མཛོད་ཅིག །འབྲུ་མཆོད། དར་ནག་བཞག །ཧཱུྃ། འཇིག་བྱེད་སོགས། ཁྱོད་ལ་བསྟོད། ལས་རྡོར་གྱིས་བདུད་རྩིའི་གཏོར་མ་བྲན་ལ། རྃ་ཡྃ་ཁྃ་སོགས། ཨོཾ་ཨཱསོགས། ཧཱུྃ། བླ་མ་ཡི་དམ་སོགས། ལས་རྡོར་ཞྭ་

(༩༨)བཞེས་ལ་གྲལ་མགོར་གཏོར་མ་བཀྱགས་ལ། འབྲུ་མཆོད་པ་དང་། གཏོར་ཕྱིར་མཆོད། སུམ་རྡུང་འབེབས་བཞག །རང་གི་ཐུགས་ཀའི་སོགས། ཧཱུྃ། སྔོན་ཚེ་སོགས་ཨརྒྷཾ་ལ་དྲིལ། ཏིཙྪ་ཡེ་སྭཱ་ཧཱ། ལས་རྡོར་གྱིས་སྨན་རག་ཀྱིས་བྲན་ལ། ནི་དྷི་ས་ཏི་སོགས། རྡོ་དྲིལ་བཅས་གཏོར་རྒྱ་ལན། ལས་རྡོར་གྱིས་སྨན་རཀ་མཆོད་ལ། ཟབ་གཏེར་སོགས། ལས་རྡོར་ཞྭ་བཞེས་ལ་གཏོར་མ་དང་། ག་རུ་བཅས་བཏེགས་ལ། འབྲུ་འཐོར་བ་དང་གཏོར་མ་ཕྱིར་མཆོད། ཧཱུྃ། དུས་གསུམ་སོགས་བཅས་ལ་བསྟོད། ཆབ་བཏང་། ལས་རྡོར་གྱིས་དཀར་གཏོར་གསེར་སྐྱེམས་ལ་བདུད་རྩིའི་བྲན་ལ། ཨ་མྲྀ་ཏ་སོགས། སྭཱ་ཧཱ་སོགས། སྟོང་པའི་སོགས། འབྲུ་བཞི་ལ་མཁའ་ལྡིང་གི་རྒྱ། བཛྲ་ས་མ་ཛ ལ་བསྡུ་རྒྱ། ཨ་ཀ་རོའི་སྔགས་ལན་ལ་གཏོར་རྒྱ། ཨརྒྷཾ་སོགས། ཐེང་འབེབས་མཐར་བཞག་

(༩༩)པཉྩ་ལ། ལས་རྡོར་གྱིས་བྱང་གི་བདུད་རྩི་མཆོད། ལས་རྡོར་གྱིས་དཀར་གཏོར་གསེར་སྐྱེམས་བཀྱགས་ལ། གཞི་བདག་ཆེན་པོ་སོགས། འབྲུ་འཐོར་ལ། དཀར་སྐྱེམས་ཕྱིར་ཕུལ། སུམ་རྡུང་འབེབས་བཞག །ཆབ་གསིལ་གྲོལ། ཡར་འཚོགས། འཇུག་ཆིངས་གི་ཚོགས་ལ་འཇུག །ཐོག་མར་ཚོགས་ཐ་མ་བཅད་ལ་ཟུར་དུ་བཞག །མཆོད་གཡོག་གིས་ཕྱག་འཚལ་ལ། ཚོགས་བསང་སྦྱངས། བྱིན་གྱིས་བརླབ་པ་ལ་ཐུགས་གཏད་པར་ཞུ། བསང་ཆུས་བྲན་ལ་སྤོ་བཙུགས། རྔ་སླང་། ཐེང་། འབེབས་སུམ་རུང་ལན་མེད། ཧཱུྃ། རྡོ་རྗེ་ལྟ་བུའི་སོགས། གང་བར་གྱུར། སྔགས་རོལ་འོག །ཧཱུྃ། ཆོས་དབྱིངས་མཁའ་ལྟར་སོགས། ཡེ་ཤེས་ཚོགས་སོགས། ཚིག་འབེབས་དང་སུམ་རྡུང་ལན་མེད། མཆོད་གཡོག་གི་ཞྭ་ཕྲག་འཕེན་

(༡༠༠)གྱིས་ཕྱག་ལན་འཚལ་ནས། ཚོགས་དང་པོ་ཚོགས་ཕུད་འབུལ་བ་ལ་ཐུགས་གཏད་པར་ཞུ། ཐེབ་ནང་ཚོགས་དང་བར་པ་གཉིས་བཅད་ལ་བཞག །ཧཱུྃ། བླ་མེད་མཆོག་སོགས། སུམ་རྡུང་འབེབས་སུམ་རྡུང་ལན་ཡོད་ཀྱིས། ལས་རྡོར་གྱིས་ཚོགས་ཕུད་སྨན་གཏོར་དུ་ཕུལ་ལ། ཚོགས་ཆང་སྨན་ཐོད་དུ་བླུག །ལས་རྡོར་གྱིས་རྟག་ཏུ་ཞྭ་ཕྲག་མཛད་དགོས། མཆོད་གཡོག་གིས་ཕྱག་བཅས། ཚོགས་བར་པ་སྐང་བཤགས་གནང་བ་ལ་ཐུགས་གཏད་པར་ཞུ། མཆོད་ཁ་གསོས། བདུད་རྩིས་བྲན་ལ་ཧཱུྃ། རང་བྱུང་བདེ་ཆེན་སོགས། ཧཱུྃ་བྷྱོ་ཧཱུྃ་ཧཱུྃ་དཔལ་ཆེན་སོགས་པར་མཛོད། ཧཱུྃ་བླ་མ་ཡི་དམ་སོགས། མཆོག་དང་ཐུན་མོང་སོགས། ཚིག་འབེབས་མཐར་བཞག །ལས་རྡོར་གྱིས་ཚོགས་བར་པ་མཆོད་གཏོར་ནང་དུ་ཕུལ། མཆོད་གཡོག་གིས་ཕྱག་བཅས། ཚོགས་ཐ་མ་བསྒྲལ་མཆོད་གནང་བ་ལ་ཐུགས་སོགས་

(༡༠༡)ལས་རྡོར་གྱིས་ཚོགས་ཐ་མ་སློབ་དཔོན་མདུན་དུ་ཕུལ་ལ། འགུགས་པར་ཆུ་ཆབ་བྲན། སྒྲུབ་ཁོག་ལྡེབ། ན་མོ། སངས་རྒྱས་སོགས། ལན། འཁུགས་རོལ་ལ་དར་ནག་དང་། རྒྱ་བཅས། མཐར་སུམ་རྡུང་ཆེ་བརྡེབ་ཅན། ཧཱུྃ། ཆོས་ཀྱི་དབྱིངས་སོགས། ཧཱུྃ་ང་ནི་དཔལ་ཆེན་སོགས། འདི་སྐབས་ཕུར་པས། ཚེ་བསོད་རང་ལ་བསྟིམ་ཚུལ་དང་། རྣམ་ཤེས་སྤར་ཚུལ། སླར་ཕུར་པ་བརྡེག་སྟེ་རྟེན་གཞི་བསྒྲལ་བ་ལས། ཕུར་བསྐོར་སོགས་གང་ཡང་མི་མཛད། དབྱིངས་སུ་སྤོར༔ སུམ་རྡུང་ཆེ་བརྡེབ་ནས། འབེབས་མཐར། སྨིན་གླིང་དགུ་རྡུང་གིས། ཚོགས་བསྒྲལ་བ་སློབ་དཔོན་གྱིས་འཛིན་ལ། ལས་རྡོར་གྱིས་བདུད་རྩིའི་བྲན་ལ། ཧཱུྃ། དཔལ་ཆེན་འཁོར་བཅས་སོགས། མཐར་ལས་རྡོར་གྱིས་མཆོད་གཏོར་དྲུང་ཕུལ་ལ། ཕྲིན་ལས་མཛོད། སྨིན་གླིང་དགུ་རྡུང་ནས། འབེབས། བཞག །

(༡༠༢)

(༡༠༣)ཚོགས་དྲངས་ལ། ཞབས་བརྟན་གསུངས། ལྷག་མ་བསྡུས་ལ། ཐིང་༡༢༣༡༢༣དབྱངས་སྐབས་ཚེས་བཅུ་ལྟར་ཧཱུྃ། དང་པོ་ཕུད་སོགས། ལས་བྱུང་། མཆོད་གཡོག་གིས་ལྷག་མ་དང་བདུད་རྩི་ཁྱེར་ཞྭ་བཞེས་བཞིན་དུ། ལྷག་གཏོར་བྱིན་གྱིས་བརླབ་པ་དང་བསྔོ་བ་ལ་ཐུགས་གཏད་པར་ཞུ། དབུ་མཛད་ཀྱིས། སརྦ་པཉྩ་སོགས། སློབ་དཔོན་གྱི་མཁའ་དབྱིངས་རྒྱས་བདུད་རྩིའི་བྲན་ལ། ལྷག་མའི་སོགས། ཨེ་ཨ་ར་སོགས། སློབ་དཔོན་གྱིས་འབར་བའི་རྒྱ་དཔྲལ་བར་སྐོར། ལྷག་མ་མཆོད་པའི་དབུས་སུ་བཞག །དཔལ་འབར་བཙུགས། ཨོཾ་བཛྲ་པུཥྤེ་སོགས། ཐིང་། འབེབས་ཆུང་མཐར་ལྷག་གཙང་ལྷག་གི་མཆོད་ལྕམ་ལ་ཚོགས་མ་དྲངས་བའི་གོང་།།།དུ་གཅིག་བཅད་ལ་བཞག །གཙོག་ལྷག་བསྡུ་གྲུབ་ནས། དང་པོ་ཕུད་ཀྱི་སྐབས། གཙང་ལྷག་འོག་རུ་རྩོག་ལྷག་ཕྲན་བུ་བཞག་ནས་མཆོད་གཏོར་མདུན་ཕུལ། བར་དུ་ལོངས་སུ་སྐབས་མཆོད་གཏོར་ནས་འབྲུ་སྣ་ལྟ་བུར་དངོས་གྲུབ་ཞུ་ནས་གཙང་ལྟར་དང་བསྲེ། ཐ་མ་གཅིག་ཏུ་མི་བསྲེ་སྐབས་གཙང་ལྷག་རྩོན་དང་བསྲེས་ལ་གྲལ་གཞུག་

(༡༠༤)རོལ་ནི། སྦྲམ་སྦྲཾ་༢༣༡༢༣༤༥༦༧༡༢༣ ༡༢༣ སྦྲཾ་སྦྲཾ་སྦྲཾ། ཧཱུྃ། དཀྱིལ་འཁོར་ཆེན་སོགས། སྒྲུབ་པར་མཛོད། ༢༣༡༢༣༤༥༦༧༡༢༣༡༢༣འབེབས་བཞག །དམ་སྤྱིའི་འགུགས་པ། ལྡེབས། ལས་རྡོར་ནས་དམ་སྤྱིའི་འབུལ་གཏོར་མ་ཆུ་ཆབ་བྲན། འདུས་པ་རྣམས་ཞྭ་བཞེས། ན་མོ། རིག་འཛིན་སོགས། བདེན་པ་ཆེན་པོ་ནས་རྐང་། བུ་ཁུག་ཅིག །དྲག་འབེབས། མཐར་བཞག །ཨོཾ་ཨཱཧཱུྃ། བྱང་གི་སྨན་རཀ་ཀྱིས་བྲན་ལ། ཨོཾ་མ་ཀཱ་ལ་སོགས། རྒྱུན་དུ་ལན། གྲོལ་ཉིན། གཡབ་དྲིལ་བཅས་གཏོར་རྒྱ། ཐེང་། འབེབས་སུམ་རྡུང་ལན་ཡོད། ཧཱུྃ། ཆོས་ཀྱི་སོགས་ལས་རྡོར་ཞྭ་བཞེས་ལ། གྲལ་མགོར་གཏོར་མ་བཀྱགས་ལ་གཡོན་ན་རུ་འཛིན་ལ། གྲགས་དང་འབྱོར་བ་ནས། རྒྱ་གླིང་། སྐྱོགས་བར་མཛོད། འབྲུ་གཏོར་ལ་གཏོར་མ་

(༡༠༥)ཕྱིར་མཆོད། སུམ་རྡུང་ནས་འབེབས་བཞག །མཆོད་ཁ་གསོས་ཞལ་ཟས་བཞག །བསང་ཆུས་བྲན་ལ། ཨོཾ་ཤྲཱི་བཛྲ་སོགས། ཐེང་འབེབས་ཆུང་མཐར་བཞག །ཧེ་རུ་ཀ་དཔལ་སོགས། དྲིལ་གསིལ། མ་རྙེད་ཡོངས་སུ་སོགས། ཐུགས་ཀར། གང་ཡང་བདག་ཅག་སོགས། ཡིག་བརྒྱ། འདི་ནི་གཟུགས་སོགས་སྩལ་དུ་གསོལ། རྒྱུན་དུ། སུ་པྲ་ཏིཥྛ། གྲོལ་ཉིན། གཙྪ་གཙྪ་སོགས། དགེ་བ་འདི་སོགས། རབ་འབྱམས་དཀྱིལ་འཁོར་སོགས། བཀྲ་ཤིས་ཤོག །འབེབས་ཆེན། མཐར། སྨིན་གླིང་དགུ་བརྡུང་གིས། འཇུག་ཆིངས། ལྡེབ། ཧཱུྃ། མི་མངོན་སོགས་མཛོད། ཧཱུྃ་འོག་མིན་སོགས། ཁྱད་པར་རྒྱ་གར་དུར་ཁྲོད་བསིལ་ཚལ། ཞེས་པ་ནས། མེ་སྒྲོན་བཙུགས། ལས་རྡོར་ཞྭ་བཞེས་

(༡༠༦)ལ་གཡས་སུ་ཆད་ཐོ་བསྟེགས་ལ། གཡོན་དུ་བརྟན་མ་ཅུང་དམའ་བར་འཛིན། བརྟན་མའི་གཏོར་སྣོད་དུ། སྨན་རཀ་བླུག་པའི་སྒྲོན་ཐུར་བཅས་བཞག་ནས། གདོང་གྲལ་གྱི་གཞུག་རྒྱུ་གཏོར་མ་གཉིས་བཀྱགས་ལ་བཞེངས། འགྲུབ་པར་མཛོད། གཏོར་མ་ཕྱིར་ཁྱེར་ལ། ཆད་ཐོའི་རོལ་མོའི་མཐར་ཆད་ཐོ་འབུལ། གཏོར་སྣོད་རཀྟས་བཤལ་ལ་བརྟན་མར་བླུག །འབེབས་མཐར་བརྟན་མའི་དགུ་རྡུང་ སྦྲཾ་སྦྲཾ་༡༢༣༤༥༦༧༨༩ ཧཱུྃ། བརྟན་མ་སོགས། བདུད་རྩིའི་བརྟན་མ་བྲན། སུམ་རྡུང་འབེབས་སུམ་རྡུང་ལན་མེད། བརྟན་མ་ཕུལ། ཧཱུྃ། གཏུམ་ཆེན་སོགས། གྲལ་གཞུག་རུ། ཅོག་ཁེབས་བཀབ་པའི་སྟེང་དུ། གཏོར་སྣོད་བརྩེགས་ནས་སྦུབ། ལས་རྡོར་སློབ་དཔོན་མདུན་དུ་སླེབས་པ་དང་ཞྭ་གྱོན་ལ་སློབ་དཔོན་གྱི་རྡོ་རྗེ་ཞུ་ནས། སྡིག་མཛུབ་བཅས་མར་ཁྱེར་ལ་རྒྱ་གྲམ་གྱི་ཚུལ་དུ་བཞག །གཏོར་གཞོང་འོག་ནས་

(༡༠༧)སྐོར་ཏེ། ཞྭ་ཕྲག་འཕེན་གྱིས་རྡོ་རྗེ་ཡར་ཕུལ། སམྦྷ་ཡ་ནན༔ གཏོར་གཞོང་ཁ་ཕྱིས་ལ་འབྲུ་བླུན་ལ། ཡར་མཆོད་སྲོལ་ཡོད། སུམ་རྡུང་འབེབས་བཞག །ཆབ་གསིལ་གྲོལ། ༈ ཡར་འཚོགས། ཕྱག་རྒྱ་གཅིག་པ་ལྡེབ་ནང་ལྟར། མཆོད་ཁ་གསོས། ཞལ་ཟས་བཞག །བསང་ཆུས་བྲན་ལ། རྔ་སླང་མི་དགོས། ཨོཾ་ཤྲཱི་བཛྲ། ཀུ་མ་ར་སོགས། སྭཱ་ཧཱ། ཐེང་། འབེབས་ཆུང་མཐར་བཞག །མ་ཧཱ་པཉྩ་སོགས་མ་ཧཱ་རཀྟ་སོགས། ལས་རྡོར་གྱིས་སྨན་རཀ་མཆོད། ཧཱུྃ། ཐབས་ཀྱི་སོགས། དྲིལ། རྡོ་དྲིལ་ཐུགས་ཀར། ལྷོ་བླ་མ་ཡི་དམ་སོགས། ཡིག་བརྒྱ། སྒྲུབ་ཁོག་ལྡེབ་ཕྱོགས་བཅུ་ན་སོགས། བཛྲ་ཡེ་སྭཱ་ཧཱ། འཇུག་ཆིངས་ལྡེབ། སྣོད་བཅུད་སོགས། ཆོས་ཀྱི་དབྱིངས་སོགས། བཛྲ་ཀཱ་བ་སོགས། རྡོ་དྲིལ་བཅས་རྡོ་རྗེ་རྩེ་གཅིག་གི་རྒྱ་

(༡༠༨)གནས་གསུམ་དུ་རེག །ཧཱུྃ། དུས་གསུམ་སོགས། ཐལ་སྦྱར། སྣང་བཞི་མཐར་ཕྱིན་ནས། རྔ་སླང་། ཞྭ་བཞེས། ཐོབ་པར་ཤོག །ཧཱུྃ། འཁོར་འདས་ཀུན་ཁྱབ་སོགས། བཀྲ་ཤིས་ཤོག །༡༢༣༤༡༢ཐིང་འབེབས་ཆེན་བཅས་བཞག །ཞྭ་ཕུད། ཕྱོགས་བཅུ་དུས་བཞི་སོགས། ཆེན་པོ་ཐོབ་པར་ཤོག ༈ །གཏོར་བསྔོས་སྐབས། བ་ལིང་། གཏོར་སྤུངས་ལ། དཀར་གཏོར། དམར་གཏོར། གསེར་སྐྱེམས། དུས་ངན་སྙིགས་མར་དམར་གཏོར་དང་། གསེར་སྐྱེམས། ཐུན་གཏོར་བཅས་བཤམ་དགོས། མགོན་པོའི་སྤྱན་འདྲེན་རོལ་མོ་གྲུབ་ཚར་ནས། མཆོད་གཡོག་པས། སློབ་དཔོན་དང་རྒྱལ་ཐེབས་བཞི་བཅས་ལ་ཆབ་ཕུལ་དགོས། །

(༡༠༩)བུམ་སྒྲུབ་འཆམ་སྐབས། སློབ་དཔོན་རྒྱལ་ཐེབས་རྣམས་སྔགས་ཆས་བཞེས་ལ། དབུས་སུ་སློབ་དཔོན། གཡས་སུ། རྡོ་རྗེ་རྒྱལ་ཐེབས། དེ་བཞིན། རིན་ཆེན་རྡོ་རྗེ་མཚམས་ས་བཅས་དང་། གཡོན་དུ་སརྦ། ཀརྨ་བཅས་ཁྲིའུའི་ཁར་བཞུགས། གཏོར་བསྔོས། གཏོར་མ་གསེར་སྐྱེམས་མཆོད་སྐབས་མཆོད་གཡོག་ནས་ཞྭ་ཕྲན་འཕེན་མི་དགོས། གཏོར་བསྔོས་འགུགས་པའི་སྐབས་སློབ་དཔོན་ཁོ་ནས་གཡབ་དར། བཀྲ་ཤིས་རོལ་མོ་གྲུབ་ནས། དཀོན་མཆོག་རིན་ཆེན་སོགས། མཐའ་རྟེན་གང་རུང་གཅིག་གིས་མཐའ་དབྱུང་བར་བྱའོ། ༈ སྒྲུབ་ཁོག་ལྡེབ་རྒྱབ། ཨེ་ཡཾ་ཛྭ་ལ་རཾ། གྲུབ་ཁུང་དང་། གུ་གུལ། ཐུན་རྡོ་བཅས། སློབ་དཔོན་རྣམས་ཀྱི་མདུན་དུ་བཞག་ནས། མིང་ཁེབས་བསལ། ལས་རྡོར་ཞྭ་བཞེས་ལ་ཁྲག་ཆུས་ལན་འགུགས་པ་རེ་རེ་བཞིན་བྲན། སློབ་དཔོན་རྒྱལ་ཐེབས་རྣམས་བཞེངས་ལ། ཕྱག་གཡབ་དྲིལ་བཅས་

(༡༡༠)ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་བདེན༴ ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན༴ ཁྱད་པར་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་བཀའ༴ བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པའི་ཉུལ་ལེ་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །འགུགས་རོལ། གཡབ་དར། རྒྱ་བཅས་དར་བཅས་འགུགས་པ་ལན་ཏྲི་ཡཾ་ཛ ཏྲི་བཛྲ་ཨངྐུ་ཤ་ཛ ཛཧཱུྃ་བྃ་ཧོ མཐར་ཐིང་འབེབས་ཆེན། སློབ་དཔོན་རྒྱལ་ཐེབས་རྣམ་ཁྲིའུ་ཁར་བཞུགས། མཆོད་གཡོག་ནས་གྲུབ་ཁུང་བསྡུ་

(༡༡༡)མཆོད་གཡོག་ནས། ཞྭ་གྱོན། སྤོས་ཕོར། ཕྲག་ཁེབས་བཅས། རོལ་མོ། ཐེང་། འབེབས་འོག་འཚམ་པ་རྣམ་རལ་གྲི་དང་། བྷནྡྷ་འཛིན་ཞིང་དོན་ནས་ཕྱི་དང་ནང་ལྟ་བུར། དེ་ཁོ་ནས་འབེབས་ཕབ་མཐར། སྦྲཾ་སྦིར། སྦྲཾ། བདུན་བརྒྱད་མ་དང་། སྦིར། སྦྲཾ། ༡༢༣ ༡༢༣ ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ༔ དཔལ་ཆེན་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ ༡༢༣ ༡༢༣

(༡༡༢)༡༢༣༡༢༣སྲས་དང་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ ཕུར་པའི་ལྷ་ཚོགས་དུས་ལ་བབས༔ ༡༢༣ ༡༢༣ གཡས་ཀྱི་ཕྱག་ན་ཕུར་བུ་བསྣམས༔ གཡོན་གྱི་ཕྱག་ན་ལྕགས་ཀྱུ་བསྣམས༔ ལྕགས་ཀྱུས་ཟུངས་ལ་ཕུར་བུས་ཐོབ༔ རྡུལ་ཕྲན་ཙམ་ཡང་མེད་པར་མཛོད༔ དེ་སྐབས། མཆོད་གཡོག་གིས། སློབ་དཔོན་རྒྱལ་ཐེབས་རྣམས་ཀྱི་གཡབ་དྲིལ་བསྡུས་ལ། ཕུར་པ་ཚུར་འགྱེད་དགོས།

(༡༡༣)༡༢༣ ༡༢༣ སློབ་དཔོན་རྒྱལ་ཐེབས་བཞེངས་ལ་ཕུར་སྐོར་མཛད། ལན་དགུ། སྦྲཾ་གསེང་

(༡༡༤)ཟིལ་འབེབས་འོག་ལིངྒ་ར་མཚོན་ཆས་བརྡེག་གོ ༈ །སློབ་དཔོན་དང་། རྒྱལ་ཐེབས་རྣམས་ཀྱི་ཕུར་བསྐོར་ནི། སྒྲུབ་ཁོག་གཞུང་གི་ཚིག་རིས་དང་ཅུང་ཟད་མི་མཐུན་པ། དཔལ་གྱི་སྟོད་ལུང་མཚུར་ཕུའི་མཐོང་རྒྱུན་ནི། ཡུམ་འཁོར་སྲུང་ཕྱིར་ཕུར་པའི་དབལ་ནས་བཟུང་ནས་ཀླད་ལ་ལན་སྐོར། མི་ལྡོག་པའི་ཕྱིར་སྐེད་ལ་ལན་སྐོར། ཕོ་རྒྱུད་འདུལ་ཕྱིར་གཡས་སུ་ལན་བསྒྲིལ། སླར་གཡས་ཀྱི་མཚམས་ལན་མཛད་ཚེ་གཡོན་སྙིང་གར་ཐལ་སྦྱར། མོ་རྒྱུད་འདུལ་ཕྱིར་གཡོན་དུ་ལན་བསྒྲིལ། སླར་གཡོན་དུ་མཚམས་རྔམ་ལན་མཛད་ཚེ་གཡས་གོང་བཞིན། བསྒྲལ་ཕྱིར་མདུན་དུ་ལན་བསྒྲིལ། ཕུར་པ་ཆོས་དབྱིངས་རྒྱས་གནས་གསུམ་དུ་གཏུག །ཕུར་པ་པད་སྐོར་ཤིན་ཏུ་དལ་བའི་མཐར་བརྡེག །མཆོད་གཡོག་གིས་གྲུབ་ཁུང་དང་ཐུན་ཁྱེར་ནས། ཐོག་མར། རྡོ་རྗེ་མཚམས་པས། ཕུར་རྩེ་

(༡༡༥)ལིངྒར་ཚད་ཙམས་གྱིས་ཚེ་བསོད་རང་ལ་བསྟིམ་པ་དང་། སླར་ཚད་ཙམ་གྱིས་རྣམ་ཤེས་སྤར་བ་དང་། དེ་ནས་ཕུར་པ་བརྟེན་ནས་རྟེན་གཞི་བསྒྲལ། ཡར་ཕྱུང་བ་དང་། གཡོན་པས་ཐུན་གྲབ་པ་ཀུན་ལ་འགྲོ། དེ་ནས་ཀརྨ་རྒྱལ་ཐེབས། པདྨ། རིན་ཆེན། རྡོ་རྗེ། སློབ་དཔོན་བཅས་གྲུབ་ནས། འབེབས་ཕབས་ནས། འཚམ་པ་རྣམས་ཟེར། རྒྱལ་ཐེབས་རྣམས་བཞུགས། མཆོད་གཡོག་གིས། ཕུར་པ་བསྡུ་ཞིང་། གཡབ་དྲིལ་ཕུལ་དགོས། སྦྲཾ། ཞེས། བདུན་བརྒྱད་མ་དལ་བ། བྲེལ་བ་རེས་བསྡུད་དོ། ཌ་ཀི་ནག་པོ་བསྡུས་སྐབས་དར་རེ་གཡབ་བོ། སྦྲཾ་སྦྲཾ་སྦྲཾ་སྦྲཾ་༡༢༣༤༥༦༧༨༩༩༩ ལན་

(༡༡༦)སྦྲཾ་སྦྲཾ་སྦྲཾ། ༡༢༣༤༥༦༧༨༩༩༩ དེ་འདྲ་བ་ལན། བཞད་པས་ཧེ་དང་དཔལ་གྱི་སྤུ་དྲིའི་གཏམས༔ རྔམས་པའི་ལྗགས་འདྲིལ་བསྐལ་པའི་མེ་ཆེན་འབར༔ ཨམ་ཚོམ་མེ་འབར་རབ་འབྱམས་སྲིད་པ་སྲེག༔ བསྐལ་པའི་འབྲུག་སྒྲ་སྙན་ནས་གསུང་སྒྲ་སྒྲོགས༔ ལག་པ་དམར་པོ་སྤུ་གྲི་འབུམ་གྱིས་གཏམས༔ སེན་མོ་ལྕགས་ཀྱུའི་རྩེ་ལ་བསྐལ་པའི་མེ་ཆེན་འབར༔ བ་སྤུ་རྡོ་རྗེ་གནམ་ལྕགས་ཞུན་མ་འཁྲུགས༔ སྨིན་མ་ལྕགས་ཀྱི་ཁྲོ་ཆུ་

(༡༡༧)ཆར་འབེབས་ཤིང་༔ ཞབས་ཀྱི་ཕུར་པས་སྲིན་པོ་ལྔ་བརྒྱ་གཟིར༔ རལ་པ་བསེ་ཁྲབ་ཁྲག་གི་དགུ་ཆར་འབེབས༔ ཤིན་ཏུ་མི་བཟད་གཏུམ་ཆེན་ཁྲག་འཐུང་མ༔ སྲིན་མོའི་སྙིང་འབྱིན་ཆངས་པར་བཅུག་ནས་གསོལ༔ ཤིན་ཏུ་མི་བཟད་འབར་བའི་སྐུ་གཅིག་མ༔ དཔག་ཚད་ལྔ་བརྒྱར་རྒྱུག་ཅིང་ཀླུ་སྲིན་མ་ལུས་སྒྲོལ༔ ཁྲོས་པའི་ཞལ་མདོག་ཁྲག་གི་མཆིན་པ་ཁ༔ ན་བཟའ་དམར་པོ་སྲིན་གྱི་གཡང་གཞི་གསོལ༔ ཕྱོགས་བཅུར་ཁ་བལྟས་ཕྱོགས་སྐྱོང་ཞབས་ཀྱིས་མནན༔ བདུད་ལ་བབ་ན་སྙིང་ཁྲག་དྲོན་མོ་འཐུང་༔ སྲིན་ལ་བབ་ན་སྲོག་རྩ་དམར་པོ་ཆོད༔ དགྲ་ལ་འབེབས་ན་དུག་གི་ཁ་ཆུ་འདེབས༔ བགེགས་ལ་བབས་ན་རཱུ་པ་རྡུལ་དུ་རློགས༔ དམ་ཉམས་དགྲ་དང་འབྱུང་པོ་བགེགས་ཀྱི་ཚོགས༔ ཕུང་པོ་དུམ་

(༡༡༨)གཏུབས་ཤིང་དོན་སྙིང་མ་ལུས་སྲེག༔ སྦྲཾ་སྦྲཾ་སྦྲཾ། ༡༢༣༤༥༦༧༨༩༩༩ ལན་ཐེང་འབེབས་ཆེན་ལ། སྔར་བཞིན་སྤོས་ཕོར་གྱིས་སྣ་དྲངས་ཏེ། དཔལ་གྱི་ཕོ་ཉ་དང་། ཐུན་བྲབ་པའི་སྐབས་སུ་ཀུན་ཐུབ་རྒྱལ་མོའི་ཕྱག་མཚན། ཁྱད་པར་ཅན་གྱི་དབྱུག་པ་རྒྱུན་མགོ་ཅན་དང་། ཡབ་དང་། ཀེང་པ། རལ་གྲི། ཌ་ཏི་དཀར་པོ་མི་ལག་དང་། ནག་པོ་ལ་མི་རྐང་བཅས། དལ་བུས་རོག་ནས་རིམ་པས་དཀྱིལ་འཁོར་ལ་བསྐོར་ནས་ཐུན་གྲབ། དེའི་རྗེས་སུ་རྒྱལ་ཐེབས་རྣམས་དང་། སློབ་དཔོན་བཅས་ཐུན་གྲབ་ནས་གཡོན་གྱི་རྩ་གྲལ་ནས་མར་ཕེབས་ཏེ། སྒོ་ཡི་གྲུབ་ཁུང་ལ་བྲབ། གཡས་ཀྱི་རྩ་གྲལ་ནས་ཡར་ཕེབས་ཏེ། དཀྱིལ་འཁོར་མདུན་ཕེབས་པ་དང་། སློབ་དཔོན་རྒྱལ་ཐེབས་ཁྲིའུའི་ཁར་བཞུགས། འཚམ་པ་རྣམས་དཀྱིལ་འཁོར་རྒྱབ་ཏུ་ཕེབས། རོལ་མོ་ཤུག་ཆེ་བས། ༡༢ འཚམ་དཔོན་ཞབས་གཡོན་པ་བཙུགས་ནས། མཆོད་གཡོག་སྤོ་སྣ་ནས་རིམ་པས་

(༡༡༩)དོན་ནས་འབེབས་མཐར། སྦྲཾ། བདུན་བརྒྱད་མ། ལོག་འཚམ། ལམ་འགྲོས་དལ་བ་བཞི་དང་། གསང་འདུས་དགུ་སྐོར། དེ་བཞིན་ཤུགས་ཆེ་བ་རེས་བསྡུད་དོ། ཚེས་ཉིན། བུམ་སྒྲུབ་ཕྱིར་འདོན་སྐབས། སྤོ་སྣ། རྒྱ་གླིང་བཏང་། དུང་བཀྱགས་དང་དུང་དམར། རྔ་བ། དཔེ་ཁྱེར་རྣམས་དབུ་མཛད་རྣམས། ཆོས་ཁྲིམས་པ། སྤོས་ཕོར་གཉིས། སློབ་དཔོན། དབུ་གདུགས། རྒྱལ་ཐེབས་བཅས་རིམ་པར་སེར་སྦྲེང་ཕེབས་ལ། ཞལ་ལྷོ་ནས་བྱང་དུ་ཕྱོགས་སྟེ། མདུན་དུ་སློབ་དཔོན་དང་། གཡས་གཡོན་རྒྱལ་ཐེབས། དེ་རྒྱབ་དབུ་མཛད་རྣམས་དང་། ཁ་འབུད། རྔ་བ་བཅས་བཞེངས་ལ། འགུགས་པ་ལན་གསུམ་རྗེས་སློབ་དཔོན་རྒྱལ་ཐེབས་རྣམ་ཁྲིའུའི་ཁར་བཞུགས། འཚམ་དང་། ཕྱག་ལེན་ཐམས་ཅད་གཞུང་བཞིན་ཡིན། ཀུན་ཐུབ་ཡུམ། ཡབ། ཀེང་པ། ཊ་ཀི་དཀར་ནག་བཅས་

(༡༢༠)དོན་ཚུལ་ལ། ཀུན་ཐུབ་རྒྱལ་མོ། དེ་རྗེས་ཡབ་ཡུམ་གཉིས་རེ་ཙབ་སྟེ་དོན། ཀེང་པ་དང་། ཊ་ཀི་དཀར་ནག་རེ་རེ་དོན། ལོག་འཚམ་ལའང་། དེ་བཞིན་ཡིན། ཤར་ཕྱོགས་དཀར་མོ་དབྱངས། བུ་ཡུག་ཐོག་འབེབས་ལྟར་ཡིན། ཐུན་བྲབ་སྐབས། དབུ་གདུགས་རང་སར་བསྡད་ཅིང་། སྤོས་ཕོར་གྱིས་སློབ་དཔོན་རྒྱལ་ཐེབས་རྣམས་བསུ། འཚམ་གྲུབ་ནས་རོལ་མོ་འབེབས་བཞག །རྒྱ་གླིང་བཏང་ནས། སེར་སྦྲེང་རྣམས་རིམ་པས་བསྡུའོ། བུམ་སྒྲུབ་མ་དོན་པའི་སྔོན་ནས། ལས་རྡོར་དང་མཆོད་གཡོག་རྣམས་ནས། ཉུལ་ལེའི་གྲུབ་ཁུང་དང་། ཕུང་ཐོད་ནང་དུ་ཐུན་རྡོ། མེ་གུ་གུལ། ཁྲག་ཆུ་རྣམས། ཕྱི་རྒྱུ་གོ་བསྒྲིགས་མཛད་དགོས། དེ་ལྟར་བུམ་སྒྲུབ་ལེགས་པར་གྲུབ་བོ། །ནང་དུ་ཕེབས་ནས། བྱིན་འབེབས་ལ་འཇུག་གོ །བུམ་སྒྲུབ་ལ་སྟོད་ལ་ཉིན་ལ་གར་སོགས་དཀར་མོ་དབྱངས་དང་། དཔལ་གྱི་ཕོ་ཉ་པས་རྒྱས་པ་ཡིན། །

(༡༢༡)དེ་ནས་བྱིན་འབེབས་ནི། སློབ་དཔོན་རྒྱལ་ཐེབས་རྣམས་ཞྭ་ཕྲག་འཕན་གཡབ་དྲིལ་བཅས་དཀྱིལ་འཁོར་མདུན་དུ་བཞེངས། འདུས་པ་རྣམས་ཀྱང་ཞྭ་བཞེས་ལ་བཞེངས། དབུ་མཛད་ནས། སྒྲུབ་ཁོག་ལྡེབ། རྡོ་རྗེ་ཕུར་སོགས། ཐེང་འབེབས་ཆེན་ནས། གདངས་གང་ཡིན་གྱི་རྔ་རྡུང་བླངས་ནས། མཆོད་གཡོག་གཉིས་ནས་སྤོས་འགྲིམ། ཧཱུྃ། མཁའ་དབྱིངས་ཡུམ་སོགས། ཧཱུྃ། སྲིད་པའི་ཕུར་བུ་སོགས། བརྒྱུད་གསུམ་རོལ་མོའི་ཚེ། དར་ཁྲ་གཡབ་ཅིང་སྐོར་བ་གསུམ་མཛད། མཐར་འབེབས་བཞག །དཀྱིལ་འཁོར་ལྷ་ཚོགས་སོགས། དབྱེ་རྒྱ། གཞལ་ཡས་སོགས། བསྟིམ་རྒྱ། མཐར། སློབ་དཔོན་རྒྱལ་ཐེབས་རྣམས་ཞྭ་ཕྲག་འཕན་མཛད་ལ། ཛབ་དབྱངས་རིང་བ་ལན་གྱིས་བས་དངོས་གཞི་ཉིན་དང་པོ་གྲུབ་བོ། རྡོ་རྗེ་རྒྱལ་ཐེབས་ཀྱིས་ཚོམ་བུ་བཀོད་མཛད། ཚེས་༥དངོས་གཞི་ཉིན་གཉིས་པ་དང་། ཚེས་༦ཉིན་

(༡༢༢)གསུམ་པ་བཅས། འདོན་བྱ་སོགས་ཐམས་ཅད་གོང་དང་མཚུངས། ༈ ཚེས་༧ཉིན་བཞི་པ་སྨད་ལས་ཀྱི་སྐབས་ལ། རྒྱུད་འདེབས་ནས་བཟུང་ཕུར་སྲུང་བསྙེན་པའི་མཐའ་བར་གོང་དང་མཚུངས། ༈ བཞི་པ་སྒྲུབ་པ་ཆེན་པོ་ལ་བདུན་ཏེ། གནད་གདམས་ལས། བཞི་པ་དྲོད་འགུགས་བོན་འདོན་སྟ་གོན་བྱ༔ དངོས་གྲུབ་བླངས་ནས་སྒྲུབ་པ་ལས་ལ་སྦྱར༔ རྗེས་ཀྱི་བྱ་བ་རྒྱུན་གྱི་སྤྱོད་ལམ་བདུན༔ སྒྲུབ་པའི་དགོས་པ་ཡིན་པས་མེད་ཐབས་མེད། ཞེས་པ་ལྟར། དང་པོ་དྲོད་འགུགས་པ་ལ་གཉིས་ལས། དང་པོ་ཡོན་ཏན་གྱི་དངོས་གྲུབ་སྒྲུབ་པ་ནི། སྒྲུབ་ཁོག་ལྡེབ། བདག་གི་ཐུགས་ཀ་སོགས། བཟླས་པའི་མཐར། དཀྱིལ་འཁོར་གསུམ་སོགས། ཨོཾ་བཛྲ་སོགས། ཚེ་བྷྲཱུྃ། ཞེས་བཟླས། མཐར་རྡོ་རྗེ་རྒྱལ་པོའི་སློབ་དཔོན་གྱིས་ཞྭ་བཞེས་ལ། བཞི་དྲིལ། ལས་རྡོར་གྱིས་ཚེ་མདའ་

(༡༢༣)ཕུལ། དབུ་མཛད་ཀྱིས་བསྐུལ་ལ། ཧཱུྃ། དབུས་ནས་རྡོ་རྗེ་སོགས། བརྟན་པར་མཛོད། མཆོད་གཡོག་གཉིས་ཞྭ་བཞེས་ལ་སྤོས་འགྲིམ་ཧཱུྃ། རྡོ་རྗེ་ཕུར་པ་སོགས། ཨོཾ་བཛྲ་སོགས། མཆོད་སིལ་རིང་བའི་འོག་ལས་རྡོར་གྱིས་ཚེ་བུམ་ཕུལ། ཚེ་རིལ་ཚེ་ཆང་རྡོ་རྗེ་རྒྱལ་པོའི་གཙོས། བླ་སྤྲུལ་རྒྱལ་ཐེབས་སོགས་ལ་ཕུལ། ཞྭ་བཞེས་ལ་མཆོད་གཡོག་གཉིས་ཀྱིས་ཚེ་རིལ་དང་ཚེ་ཚང་གྲལ་དུ་འགྱེད། མཆོད་སིལ་རིང་བ་ལ་དབུ་མཛད་གཉིས་རེ་བཅས་རེས་མོས་མཛད་སྲོལ་ཡོད། སྒྲུབ་ཁོག་ལྡེབ་ཤང་། ལས་བུམ་སྔར་དང་། ལྡེབ་ནང་། གཙོ་བུམ་སྒྲུབ་སྐབས། མ་ལུས་ཐིག་ལེ་ཆེའོ༔ མཐར་རོལ་སིལ་བརྗེ། གཙོ་སྔགས་དང་། སྔགས་བྱང་མཐར། རོ་གཅིག་གྱུར། ནས་བུམ་པ་འོད་ཞུ་བྱའོ། ༈ གཉིས་པ་ཕྲིན་ལས་ཀྱི་བར་ཆད་སྒྲོལ་བ་ལ། སྒྲུབ་ཁོག་ལྡེབ་

(༡༢༤)ཕྲིན་ལས་བཟླས་པ་ནི། ཨོཾ་བཛྲ་ཀཱི་ལི་སོགས། མེད་པར་གྱུར། གོང་གི་སྔགས་དང་། སྤུ་གྲིའི་སྔགས་བཅས་སྦྲེལ་ནས། བཟླས། ཆབ་བཏང་། དབུ་མཛད་ཀྱིས་བརྡའ་བྱུང་ནས། ཞུང་ཐོད་ནང་དུ་རྡོ་ཐུན་ལ་ཕུ་གདབ་ནས། ལས་རྡོར་གྱིས་ལྷོ་ནུབ་གྲུབ་ཁུང་དུ་ཐུན་གྲབ། སྔ་དྲོ། སྣང་གྲགས་རིག་གསུམ་སོགས་གུང་ཚིག་གྲོལ། ཕྱི་དྲོའི་སྐབས་སུ་ཤྭ་ན་ལ་འཇུག །བདག་འཇུག་གསུངས་མི་དགོས། དཀྱིལ་འཁོར་མདུན་དུ་མཆོད་བཏེགས་ཁར། བྱང་ནི་དྲག་མཆོད། བདུད་རྩི། དྲག་པོའི་གཏོར་མ། རཀྟ། ཞལ་ཟས། ཚོགས། ཆང་། མཆོད་མེ་སྲེག་ཆག་བཾ་གཟུགས་ཚེ་གལ། སྤོས་ཕོར་བཅས་བསྒྲིགས་དགོས། ༈ ཕྱི་དྲོ་ཡར་འཚོགས་ནས། ཉིན་སྔ་མ་ལྟར་ལ་བསྙེན་པ་རྣམས་གྲུབ་པའི་

(༡༢༥)མཐར། ཡོན་ཏན་བཟླས་པ། བདག་གི་ཐུགས་སོགས། ཨོཾ་བཛྲ་ཀཱི་ལི་སོགས། ཧཱུྃ་ཨ མཐར། རོལ་སིལ་བརྗེ། ཕྲིན་ལས་བཟླས་པའི་མཐར། དེ་ནས་བཀའ་སྲུང་ཤྭ་ན་ལ་འཇུག །བསྙེན་པའི་མཐར། དམ་སྤྱི་སྔར་བཞིན་དང་། འཇུག་ཆིངས་ཀྱི་ཚོགས་བར་པའི་བར་སྔར་བཞིན་ཡིན། ཚེས་༧པ་དང་ཚེས་༨གཉིས་ལ་སྐང་བ་བཏེགས་སྐབས། སྐང་བ་དཔལ་ཆེན་ནང་ནས། སློབ་དཔོན། ཀུན་བཟང་ཡུམ། རྒྱལ་ཐེབས་བཞི། རྡོ་རྗེ་མཚམས་པ། ཀེང་པ་བཅས་ཆབ་ཕུལ་དགོས། སློབ་དཔོན་སྔགས་ཆས་བཞེས། གཞན་རྣམས་ཆོས་གོས་བཞེས་ལ། ཞྭ་ཕྲག་འཕན་གྱིས་གཡས་བསྐོར་དུ་ཕེབས་ལ། དཀྱིལ་འཁོར་མདུན་དུ་བཞེངས་ལ་ཞྭ་བཞེས་བསྐང་རྫས་རྣམས་ཕྱག་ཏུ་འཛིན་པ་ལ། ཀུན་བཟང་ཡུམ་ལ། བདུད་རྩི། རྡོ་རྗེ་རྒྱལ་ཐེབས་ལ་གཏོར་མ། རིན་ཆེན་རྒྱལ་ཐེབས་ལ་རཀྟ། སརྦ་རྒྱལ་ཐེབས་

(༡༢༦)ཚོགས་གཏོར། ཀརྨ་རྒྱལ་ཐེབས་ལ་ཚོགས་ཆང་དང་། ཞུན་མར། རྡོ་རྗེ་མཚམས་ལ་བུམ་གཟུགས། ཀེང་པ་ལ། ཚེ་གལ་དང་སྤོས་ཕོར་བཅས་བཏེགས་ལ་ཐུན་མོང་དངོས་གྲུབ་སྩོལ༔ ཚིག་འབེབས་སྐབས་གཡས་སྐོར་གིས་ཤར་ཕྱོགས་སུ་བཞེངས་ལ། སུམ་རྡུང་ལན་མེད་ཀྱིས། ཧཱུྃ། སྣང་སྲིད་ཕུར་སོགས་སོར་སྩོལ་གཅིག༔ སུམ་རྡུང་ལན་མེད། རྐང་རྫས་རྣམས་སུ་བཞག །འབེབས་སུམ་རྡུང་ལན་མེད་ཀྱིས། ཞལ་ཕྱིར་གྱུ་ནས། ཧཱུྃ། དེ་ལྟར་སོགས་ཚིག་རྐང་ལ་ཐལ་རྡེབ་མེད། ཡས་ཀྱི་བདུད་གཡོས་ནས་ཐལ་རྡེབ་མཛད་བཞིན་གཡོན་སྐོར་གཉིས་ཀྱི་རྗེས་སུ་སློབ་དཔོན་ཕེབས་ཏེ་ཁྲིའུའི་ཁར་བཞུགས་མཐར་ཚིག་རྐང་ལ་ཐལ་བརྡེབ་མེད། མཐར་སུམ་རྡུང་ལེན་མེད་མཐར་འབེབས་ནས་ཟློག་རོལ་ཆུང་བ་ལེན། འདི་ནས་འཁོར་ལོ་རྩིབས་བཅུའི་བར་ཟློག་རོལ་

(༡༢༧)ཆུང་བ་ཡིན། སྐང་བ་བཏེགས་མཁན་རྣམས་གྲལ་དུ་བཞུགས། མཆོད་གཡོག་གཉིས་ཀྱིས། གྲུབ་ཁུང་ལིང་ག་ལྕགས་ཁང་རྣམས་བསྒྲིགས། གཞན་ཡང་གདབ་ཕུར་རྣམས་དང་། རྡོ་ཐུན་དང་། གསེར་སྐྱེམས། དུག་ཁྲག །རལ་གྲི། ཐོ་བ། གཏུན་ཁུང་རྣམས་ཀྱང་། སློབ་དཔོན་མདུན་དུ་བསྒྲིགས། སྒྲུབ་ཁོག་ལྡེབ། ཧཱུྃ། མཁའ་དབྱིངས་ཡུམ་སོགས། ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག་བར་ཟློག་རོལ་རྐྱང་པ། ལས་རྡོར་གྱིས་ཞྭ་བཞེས་ལ་ཁྲག་སྐྱེམས་འོག་གི་དམ་རྫས་མཆོད་པའི་སྐབས་སུ་མཆོད་དགོས། ཧཱུྃ། མཐིང་ནག་གྲུ་གསུམ་སོགས། ད་རེས་གནོད་སོགས། མཛོད་ཅིག །ཟློག་རོལ་མཐར་འབེབས་བཞག་བཞག །རྃ་ཡྃ་ཁྃ། ལས་རྡོར་གྱིས་གསེར་སྐྱེམས་ལ་ཆུ་ཆབ་བྲན་ལ། མཆོད་གཡོག་ཞྭ་བཞེས་ལ་གསེར་སྐྱེམས་ལྡེར་མ་འཛིན། འདོད་ཡོན་སོགས་

(༡༢༨)ཐོང་། འབེབས་མཐར། སུམ་རྡུང་མཚམས་མེད་ཀྱིས། ཧཱུྃ་རིག་འཛིན་རྩ་བརྒྱུད་སོགས། བཞི་དྲིལ། གསེར་སྐྱེམས་ལན་གསུམ་མཆོད་སྐབས། ཕུད་ཕོར་ཞབས། རྐད་པ། ཁ་ནས་འཛིན་པ་གོང་དུང་མཚུངས། མཐུ་དཔུང་བསྐྱེད༔ སུམ་རྡུང་མཚམས་མེད་ནས། འབེབས་མཐར་ཟློག་རོལ་ལེན། མཆོད་གཡོག་གི་གསེར་སྐྱེམས་ཕྱིར་མཆོད། ཧཱུྃ། དུས་གསུམ་སོགས། བརྟན་པ་བཅུ་གཉིས་གཟུ་དང་དཔགས༔ ཟློག་རོལ་རྐྱང་པ། ཧཱུྃ། བདག་གམ་ནི་སོགས། ཟློག་རོལ་མཐར་འབེབས་བཞག །ལྷ་རྣམས་ཀྱི་སོགས། རྔམ་པར་གྱུར། ལས་རྡོར་ཞྭ་བཞེས་གྲུབ་ཁུང་ཁྲག་ཆུས་བྲན་ལ། ལིང་ཁེབས་བཤལ། སློབ་དཔོན་བཞེངས་ལ། ན་མོ། སངས་རྒྱས་ཀྱི་སོགས། བདེན་པ་ཆེན་པོ་ནས། རྐང་རག །ཁུག་ཅིག །དྲག་འབེབས། གཡབ་དྲིལ་ཕྱག་རྒྱ་གཞུང་བཞིན། མཐར་ཟློག་རོལ་

(༡༢༩)ནས། སློབ་དཔོན་བཞུགས། ཧཱུྃ་ཛ དམ་ཚིག་ཆེན་པོ་སོགས། སྡུག་བསྔལ་སོགས། མཛོད། ཟློག་རོལ་མཐར་འབེབས་བཞག །འདུར་གདངས་ཀྱིས་ཨོཾ་ལཾ་ཧཱུྃ་ལཾ་སོགས། སློབ་དཔོན་གྱིས་ཕུར་པ་བསྒྲིལ། བདག་དཔལ་ཆེན་པོ་སོགས། ཕུར་པ་ཆོས་དབྱིངས་རྒྱས་འཛིན་ལ། དགྲ་བོའི་ཚེ་བསོད་རང་ལ་བསྡུ་བའི་ཚུལ་མཛད། སེམས་སུ་གྱུར། ཨོཾ་བཛྲ་ཀཱི་ལི་ཀི་ལི་སོགས། ཕུར་བུ་ཀླད་ལ་ལན་བསྐོར། ཐུགས་ཀའི་ཧཱུྃ་སོགས། དགྲ་བོའི་རྣམ་ཤེས་ཨ་ཡིག་གི་བཟུགས་དེ་འོག་མིན་དུ་སྤར་བའི་ཚུལ་གྱིས། ཕཊ་ཕཊ་ཕཊ། ཕུར་པ་ཨི་ཁྲོམ་དུ་བཞུགས། ཨོཾ་བཛྲ་ཀི་ལི་སོགས། སྔགས་ཚར། དངོས་གྲུབ་བར་ཆད་སོགས། བསྒོ་བའི་སོགས། ཟློག་རོལ་རྐྱང་པ། སྔགས་འདུར་གདངས། ཧཱུྃ། ས་ར་མ་སོགས། ཕུར་པ་དཔྲལ་བའི་མདུན་དུ་གདབ་ཡར་ཕྱུང་བ་དང་། ཕྱག་གཡོན་པས་ཐུན་ཕྲབ། མཆོད་གཡོག་གིས་ཕུར་རྩེར་

(༡༣༠)དུག་ཕྲག་བྱུག་ལ་སླར་གདབ་བོ། འོམ་མར་ཀུན་འགྲོ། བིནྡྷ་བིནྡྷ་ལྟེ་བའི་མདུན། གྷྲྀ་ཧྣ་མགྲིན་པའི་མདུན། ཧ་ན་སོགས། སྙིང་གའི་མདུན། བྷནྡྷ་སོགས། དཔུང་གཡོན་གྱི་མདུན། པྲ་ཤ་མ་དཔྱི་གཡོན། ཧ་ས་ར་ཡ། དཔྱི་གཡས་མདུན། ཛྭ་ལ་ས་ལ་སོགས། དཔུང་གཡས་མདུན། ཨ་བེ་ཤ་ཡ་སོགས་སྤྱི་བོའི་མདུན། བིནྡ་བིནྡ་སོགས་གསང་བའི་མདུན་རྣམས་སུ་གདབ་བོ། ཧཱུྃ་ཕཊ། བྲན་དང་བཀའ་ཉན་སོགས། མངོན་སྤྱོད་སོགས། ཟློག་རོལ་ལེན་ཧ་ན་ཧ་ན་སོགས་དཔྲལ་བར། ད་ཧ་ད་ཧ་སོགས་ལྟེ་བར། པ་ཙ་པ་ཙ་སོགས་མགྲིན་པར། མ་ཐ་སོགས་སྙིང་གར། ཛྭ་ལ་སོགས་དཔུང་གཡོན། སུ་རུ་སོགས་དཔྱི་གཡོན། མུ་ཏུ་དཔྱི་གཡས། ཀ་ཊ་སོགས་དཔུང་གཡས། ཛ་ཡེ་བི་ཛ་སོགས། དེ་ལྟར་ཁྲོ་བཅུའི་ཕུར་པ་ལས་སྟེང་འོག་གཉིས་བཞག་དགོས་

(༡༣༡)སྤུ་གྲིའི་སྔགས། མ་རཀྨོ་སོགས། ཕུར་པ། ཁྲ་ཐབས་རྣམ་དབང་པོ་རྣམས་ལ་གདབ། སྲས་མཆོག་རྣམས་དོན་སྙིང་ལ་གདབ། སྒོ་མ་བཞི་གཟུགས་བཞི་ལ་གདབ། དམ་ཅན་བཅུ་གཉིས་ལྷ་ཀླུ་ལ་གདབ། དབང་ཕྱུག་ཉེར་བརྒྱད་རྣམས་མཐིལ་བཞི་སོགས་ལ་གདབ་པར་བསམ་ལ་གྲངས་མེད་དུ་གདབ་བོ། རྡོ་རྗེ་གསང་བའི་སོགས་ང་ཡི་སོགས། ཟློག་རོལ་ནས་གསེང་། རལ་གྲིས་ཐོག་མར་སྙིང་གར་ཁྲཾ་རིས། དེ་ནས་མགོ་བོ་བཅད། དེ་ནས་ཡན་ལག་བཞི་བཅད། དེ་ནས་བེམ་པོ་བརྡུབ་ལ་སློབ་དཔོན་གྱིས་དྲིལ་འབེབས་ཕབ་ལ་ཟློག་རོལ། གདུག་ཅིང་སོགས། མཐུ་དང་སོགས། ཟློག་རོལ་སེང་། སློབ་དཔོན་གྱིས་ཕྱག་གཡས་སུ་ཧཱུྃ་ཀ་རིའི་ཕུར་པ་དང་། གཡོན་དུ་སྟོབས་པོ་ཆེའི་ཕུར་པ་གཉིས། གཡས་ནང་། གཡོན་ཕྱིར་བཞག་པའི་སྤྱི་བོར་དང་། གསང་གནས་སུ་དུས་གཅིག་ལ་གདབ། སྔགས་རོལ་འོག །དྲིལ་

(༡༣༢)འབེབས་ཟློག་རོལ། རྡུང་ཤིག་སོགས། བཅོལ་བའི་སོགས། ཟློག་རོལ། འབེབས་ན་གསེང་། དེ་ཚེ་གཏུན་ཁུང་དུ་ལིང་རོ་བཞག་ལ་ཕྱག་གཡོན་དུ་འཛིན་ལ་གཡས་ཀྱི་ཐོ་བས་གནས་བདུན་དུ་བརྡུང་ལ་སླར་ལས་རྡོར་ལ་ཕུལ། དྲིལ། འབེབས་ནས་ཟློག་རོལ། ཧཱུྃ། དཔལ་ཆེན་སོགས། གཏུན་ཁུང་ལིང་རོ་ཡོད་པ་གཡབ་དར་གྱིས་གཅིབ་ནས་འཛིན། ལས་རྡོར་གྱིས་བདུད་རྩིའི་བྲན་ལ། ཞལ་དུ་བསྟབ་དུས་ལས་རྡོར་ལ་ཕུལ། རྡུལ་ཕྲན་སོགས། ཟློག་རོལ། འབེབས་སླར་ཟློག་རོལ་མཛད་ནས། སྒྲུབ་ཁོག་ལྡེབ། ཧཱུྃ་ཛ དམ་ཚིག་སོགས། ཚིག་ལྷུག་དང་། སྔགས་རྣམས་སྤངས་བའི་བཅོལ་བསྐུལ་ཚེ། སློབ་དཔོན་བཞེངས་ལ་ཕུར་པ་བསྒྲིལ། གདབ་ཕུར་སོགས་བསྒྲལ་ཆས་བསྡུ། གྲུབ་ཁུང་རང་གནས་སུ་བཞག །གྲུབ་ཁུང་བར་ཚུར་ཁྱེར་སྐབས་དཀྱིལ་འཁོར་གྱི་འོག་ནས་འཛིན་པ་ལས། ལྷག་ནས་

(༡༣༣)མི་འཛིན་པ་ཕྱག་རྒྱུན་ཡིན་གསུངས། ཚོགས་ཞུས་འཐེན་མཁན་ཆབ་ཞུ་མཛད། མཐར་ཟློག་རོལ་འབེབས་གསེང་། སློབ་དཔོན་སྔགས་ཆས་ཕུད་དེ་གྲལ་དུ་བཞུགས་པ་དང་། འབེབས་ཕབས་ནས་བཞག །འཇུག་ཆིངས་ལྡེབ་རྒྱབ། ཚོགས་ཞུས་འཐེན། ཞབས་བརྟན་གསུངས། ལྷག་མ་བྱིན་རླབས་དང་། ཧཱུྃ། དཀྱིལ་འཁོར་ཆེན་སོགས། ལྷག་མ་སྔར་བཞིན་བཏང་ནས་ལྷག་རོལ་མཐར་འབེབས། ཟློག་རོལ་རྒྱས་པ་རྔ་བཤད་བྱ། ༡༢༣ ༡༢༣༤༥༦༧༡༢༣༡༢༣ སྦྲཾ་སྦྲཾ་སྦྲཾ། སྒྲུབ་ཁོག་ལྡེབ། ཧཱུྃ། འཁོར་ལོ་རྩིབས་བཅུ་སོགས། འདིའི་སྐབས་ལས་རྡོར་གྱི་ཞྭ་གྱོན་ལ། དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ། ཞེས་པ་ཐམས་ཅད་ལ་སྐྱེར་།།།གྱིས་ལིང་རོ་ཤྭ་ནའི་ཟློག་གཏོར་དུ་ཕུལ། ཕྱི་ཡི་ལྕགས་ནི་ནག་པོ་ནས་ལིང་རོ་ལྷག་མ་རྣམས་བཀའ་སྡོད་གསུམ་གྱི་ནང་དུ་ཕུལ། དགྲ་ལ་བསྒྱུར། ཟློག་རོལ་རྒྱས་

(༡༣༤)འབེབས། རྔ་བསྒྱུར། གཙང་རོལ་ལེན། སྦྲོར་སྦྲཾ་སྦྲོར་སྦྲཾ། ༡༢༣༤༥༦༧༨༩༩ བྷྱོ་བྷྱོ། ད་ནི་འཁོར་སོགས། ཟློག་བསྒྱུར་སོགས། མཛོད། བྱས་༡༢༣༤༥༦༧༨༩ འབེབས་མཐར་བཞག ༈ དམ་སྤྱིའི་འགུགས་པ་ནས་བཀྲ་ཤིས་བར་གོང་བཞིན་ལ། དེ་ནས་འཇུག་ཆིངས་ལྡེབ་ནང་། ཧཱུྃ། མི་མངོན་དབྱིངས་སོགས། རྒྱས་པར་མཛོད་ནས། ཆད་ཐོའི་གིས་རྡུང་གིས། ཧཱུྃ། འོག་མིན་ཆོས་ཀྱི་སོགས། ཁྱད་པར་རྒྱ་གར་སོགས་སྐབས་ལས་རྡོར་ཞྭ་བཞེས་ལ་གཡས་ཆད་ཐོ་ལ་མེ་སྒྲོན་བཙུགས་པ་དང་། གཡོན་ཀ་རུ་འཛིན་ལ་བཀྱགས་མི་དགོས་པར་ཕྱིར་ཕུལ། ཆད་ཐོའི་ཉིས་རྡུང་ནས། འབེབས་རྔ་བསྒྱུར་ལ། གཙང་རོལ་གྱིས་ཧཱུྃ། གཏུམ་ཆེན་ལས་ཀྱི་སོགས། འདི་སྐབས་ལས་རྡོར་ཞྭ་བཞེས་ལ་གཏོར་ཟོར་ལ་མེ་སྒྲོན་དང་བཅས་པ་འཛིན། གཡོན་བརྟན་མར་སྨན་རག་བཅས་གྲལ་གཞུག་ཏུ་

(༡༣༥)བཀྱགས་ལ། སྨན་ལས་ཉིན་ལ་ཁྲག་འཐུང་རྡོ་རྗེ་གཞོན་ནུ་ལ། ཉིན་པ་ལ་སེང་གེ་སྟེ་སྤྲུགས་ལ། ཉིན་པ་དགྲ་བགེགས་དཔུང་འཇོམས་རྒྱས་པ་ལ་རོལ་ཆེན་ཚར་ན་འབེབས་སྐབས་ཕྱིར་ཁྱེར་ལ་ཕུལ། གཏོར་གཞོང་རཀྟས་བཤལ་ལ་རྟེན་མར་བླུག །བརྟེན་མའི་དགུ་རྡུང་མཐར། ཧཱུྃ། བརྟན་མ་སོགས། བདུད་རྩིའི་ཆབ་གྲན། རྟེན་མ་ཕུལ་ཞིང་། གཏོར་གྲོ་སོགས་ནས། བཀྲ་ཤིས་བར་རྒྱུན་བཞིན་དང་། བཀྲ་ཤིས་རོལ་མོ་སྨིན་གླིང་། བཀྲ་ཤིས་འཁྱིལ་བ་ལྡིར། རོལ་སིལ་བརྗེ། ཐུགས་དམ་གསུངས། མཐའ་རྟེན་བཅས་གྲུབ་ནས། ཉུ་ལེ་བསྐྲད་པ་ལ། བུ་ཡུག་ཐོག་འབེབས་དང་། དཔལ་གྱི་ཕོ་ཉ་འཁྲབ་དགོས། བྱིན་འབེབས་དང་། གཙོ་སྔགས་ཐུན་གདངས་བཅས་གྲུབ་བོ། སརྦ་རྒྱལ་ཐེབས་ཀྱིས་ཚོམ་བུ་བཀོད། ༈ ཚེས་༨ཉིན་ལྔ་བ་གོང་བཞིན་ལ་ཉིན་ལྔ་བ་འཚོགས་ཐེང་ཡར་འཚོགས་སྐབས་སེར་སྦྲེང་གི་བརྡའ་ཐམ་དང་། གླིང་ཁྲིམས་བཤེགས་རྒྱུའི་འཚོགས་གཏམ་གསུངས་སྲོལ་ཡོད། དེ་སྐབས་ཆོས་ཁྲིམས་པས་ཞྭ་ཟླ་མཛད་

(༡༣༦)གསོལ་ཚིག་བར་སརྨ་རྒྱལ་ཐེབས་ཀྱིས་སྦྱིན་སྲེག་བླུག་མཛད། ཉུལ་ལེ་བསྐྲད་སྐབས། ཟློག་གདངས་དང་། དཔལ་གྱི་ཕོ་ཉ་མེད། བཀྲ་ཤིས་རོལ་མོ། ཨེ་ཝཾ་ཆོས་སྒར་ལྡིར། གཞན་སྤྱི་དང་མཚུངས་སོ། །ཚེས་༩ཉིན་དྲུག་པ་ལ། གཞན་གོང་བཞིན་ལ། ཕུར་སྲུང་བསྙེན་པའི་མཐར། ཡོན་ཏན་བཟླས་པ། ཚེ་སྒྲུབ། གཙོ་བུམ། གཙོ་བུམ་མཐར་རོལ་སིལ་བརྗེ། ཕྲིས་བཟླས་པའི་ནང་ཆབ་བཏང་། མཐར་རྡོ་ཐུན་ལ་ཕུ་འགྲིམ་ཞུ་ནས། འཚོགས་ཐེང་གྲོལ། བདག་འཇུག་མི་དགོས་ཡར་འཚོགས། ལས་བྱང་ནས་བཟུང་། བསྙེན་པ་རྣམས་གྲུབ་པའི་བར་བཏང་། ཡོན་ཏན་བཟླས་པའི་མཐར། རོལ་སིལ་བརྗེ། ཚེ་སྒྲུབ་མི་དགོས་ཕྲིན་ལས་བཟླས། རྡོ་ཐུན་ལ་ཕུ་འགྲིམ་ཞུ། མཐར། བཀའ་སྲུང་ཤྭ་ན། དམ་སྤྱི། བླ་མ་ཡི་དམ་ནང་སྐང་བ་འཚམ་མཁན་ལ་ཆབ་ཕུལ། འཇུག་ཆིངས་

(༡༣༧)ཚོགས་ལ་འཇུག །འཚམ་པ་རྣམས་སྔགས་ཆས་བཞེས་ལ། སྐང་བ་དཔལ་ཆེན་རོལ་པའི་འཇུག་ནས་གཡས་སྐོར་གྱིས་ཕེབས་ལ་དཀྱིལ་འཁོར་མདུན་དུ་བཞེངས་ལ། སློབ་དཔོན་ལ་བདུད་རྩི། ཀུན་བཟང་ཡུམ་ལ་གཏོར་མ། རྡོ་རྗེ་རྒྱལ་ཐེབས་ལ་རཀྟ། རིན་ཆེན་རྒྱལ་ཐེབས་ལ་ཚོགས་གཏོར། སརྨ་རྒྱལ་ཐེབས་ལ་ཚོགས་ཆང་། ཀརྨ་རྒྱལ་ཐེབས་ལ་ཞུན་མར། རྡོ་རྗེ་མཚམས་པར་བཾ་གཟུགས། ཀེང་པ་ལ་ཚེ་གལ་དང་། སྤོས་ཕོར་བཅས་ཕུལ་ལ། ཐུན་མོང་སོགས་ཚིག་འབེབས་སྐབས་འཚམས་པ་རྣམས་གཡས་སྐོར་གྱིས་ཕེབས་ཏེ་མཐར་འབེབས་ལ་འཚམ་ལེན། སྦྲཾ། སྦིར་སྦྲཾ་ཞེས། དབུ་གཡས་འཇོག་གིས་ཚིག་རྐང་༤དང་། ཡང་། དགུ་གཡས་འཇོག་

(༡༣༨)མི་དགེ་བཅུ་པོ་སོགས། གདངས་རིང་བ་ཚིག་རྐང་། ཡང་དགུ་གཡས་འཇོག་ནས། དབང་ཕྱུག་ཉེར་བརྒྱད་ཐུགས་དམ་བསྐང་བར། ཡང་དགུ་གཡོས་འཇོག་ནས་སྐང་ངོ་བསྐལ་པ་ནས། དྲུག་འདོན། འཚམ་ཚེ་དཀྱིལ་འཁོར་ལ་གཡས་སུ་སྐོར་བ་གཉིས་མཛད་དགོས། སུམ་རྡུང་ལན་མེད་ནས། སྐང་རྫས་རྣམས་གཞི་སྟེང་དུ་བཞག་ལ་ཞལ་ཕྱིར་གྱུ་ནས། འབེབས་ལ་འཚམ་ལེན། སྦྲཾ་སྦིར་སྦྲཾ་ནས། དགུ་གཡས་འཇོག །ཕྱོགས་བཅུར་སྤྲུལ་པའི་རྐང་སྟབས་ཀྱིས། དེ་ལྟར་ཐུགས་དམ་སོགས་ཡས་ཀྱི་བདུད་ནས་ཐལ་རྡེབ། མཐར་ཚིག་རྐང་ཐལ་རྡེབ་མེད། གཡོན་སྐོར་གཉིས་ཀྱི་མཐར། སློབ་དཔོན་ཕེབས་ཏེ་འུའི་ཁར་བཞུགས་ལ། འཚམ་པ་རྣམས་

(༡༣༩)དགུ་གཡས་འཇོག་ནས། འབེབས་སྐབས་དཀྱིལ་འཁོར་རྒྱབ་ཏུ་ཕེབས་ཏེ། སྔགས་ཆས་ཕུད་ནས་གྲལ་དུ་བཞུགས། ཟློག་རོལ་ཆུང་བ་ལེན་མཆོག་གཡོན་གཉིས་ཀྱི་བྱང་ཤར་གྱི་གྲུབ་ཁུང་ཆེ་བ་སློབ་དཔོན་མདུན་དུ་ཁྱེར། བསྒྲལ་ཆས་རྣམས། བཀོད་ལ། སྒྲུབ་ཁོག་ལྡེབ་རྒྱབ། ཧཱུྃ། མཁའ་དབྱིངས་ཡུམ་སོགས། འདོན་བྱ་དང་ཕྱག་ལེན་ཐམས་ཅད་སྔར་བཞིན་ལ། ཞལ་བསྟབ་བར། དེ་ནས་བཅོལ་བསྐུལ་ནི། ཧཱུྃ་ཛ དམ་ཚིག་ཆེན་པོ་སོགས། ཆབ་བཏང་བཅོལ་བསྐུལ་མཐར། འབེབས་བཞག །འཚོགས་ཐེང་གྲོལ། ཡར་འཚོགས། ཚོགས་ཞུས་དང་། ལྷག་མའི་མཐར། འཁོར་ལོ་ཆིབས་བཅུ་སོགས། བཟློག་པ་ལ་རྔ་བསྒྱུར། དམ་སྤྱིའི་གཏོར་འབུལ་ནས་བཀྲ་ཤིས་མཐར། འཇུག་ཆིངས། མི་མངོན་སོགས་ནས། ནག་འགྲོས་ཀྱིས་བརྟན་

(༡༤༠)མ་བར། རྔ་བསྒྱུར་ལ། ཧཱུྃ། གཏུམ་ཆེན་འབར་བ་སོགས། རོལ་ཆེན་མཐར། བརྟན་མ་ནས་བཟུང་། བཀྲ་ཤིས་བར་རྒྱུན་བཞིན་ལ། བཀྲ་ཤིས་རོལ་མོ་སྨིན་གླིང་བཀྲ་ཤིས་འཁྱིལ་བ་ལྡིར་བས་ལེགས་པར་གྲུབ་བོ། རོལ་སིལ་བརྗེ། གཏོར་བསྔོས་གསུངས་མཐར་འཚོགས་གྲོལ། ༈ སྐྱ་འཚམ་གྲུབ་ནས་བུམ་སྒྲུབ་ཕྱིར་འདོན་རྒྱས་པ་དང་། བྱིན་འབེབས་དང་། གཙོ་བོའི་སྔགས་ཐུན་གདངས་ལན་གསུམ་མཐར་ལེགས་པར་གྲུབ་བོ། ༈ ཚེས་༡༠ཉིན་བདུན་ཉིན། སྔ་དྲོད་གོང་བཞིན་ལ། ཡང་དག་མི་དགོས། བསྙེན་པའི་མཐར། ཡོན་ཏན་བཟླས་པ་དང་། ཚེ་སྒྲུབ། ལས་བུམ་དང་། གཙོ་བུམ་སྒྲུབ་ཕྲིན་ལས་བཟླས་པའི་སྐབས། ཆབ་བཏང་། མཐར་རྡོ་ཐུན་ལ་ཕུ་འགྲིམ་དང་། མཐར། འཚོགས་ཐེང་གྲོལ། ༈ གཉིས་པ་བོག་འདོན་པ་ནི། དྲོད་འགུགས་

(༡༤༡)པའི་བྱ་བ་རྣམས་ཀྱིས་གྲུབ་པའི་རྟགས་རབ་འབྲིང་ཐ་མ་སྐལ་པ་དང་མཚམས་པར་མཐོང་ནས། ཚོགས་ཀྱི་འཁོར་ལོ་རྒྱས་པ་དང་། ལིངྒ་ལ་གདབ་པ་དང་། བསྒྲལ་བས། ལིང་རོ་ཞལ་དུ་བསྟབ་པ་སོགས་བྱའོ། ༈ གསུམ་པ་དངོས་གྲུབ་ལེན་པའི་སྟ་གོན་བྱ་བ་ནི། དཀྱིལ་འཁོར་གྱི་མདུན་དུ་ལྕོག་ཁེབས་སྟེང་། འབྲས་དཀར་གྱི་གཡུང་དྲུང་བྲིས་པའི་དབུས་སུ། རྐང་གསུམ་ཁར། ནོར་བུ་དབང་རྒྱལ། ཕྱོགས་བཞིར་ལས་བཞིའི་གཏོར་མ། མདུན་དུ་ཐོད་པ་མཚན་ལྡན་དུ་ཆང་གར་མ། བུར་སྦྲང་སྦྱར་བ་བདུད་རྩི་རིལ་བུ་བཏབ་པ། རྩེར་ཉི་ཟླ་ནོར་བུའི་བརྒྱན་པའི་འབྲང་རྒྱས་འགའ་ཤས་དང་། ཉི་ཟླ་མེད་པའི་འབྲང་རྒྱས་གྲངས་མང་། ཚེ་རིལ་དང་ཚེ་ཚང་། ནོར་བུ་དབང་རྒྱལ་གྱི་ལྷོར་ཡོད་པའི་རྒྱས་པའི་གཏོར་མ་ནས་གྲུབ་ཐོབ་ཀྱི་རྫས་ཀྱི་ཚུལ་དུ། འབྲང་རྒྱས་རྣམས་དང་། ཟས་སྣ་

(༡༤༢)རྣམས་ལ་བསྲེ་ལྷག་མ་བུམ་རྫས་།།།ཉར་འདུས་པ་རྣམས་དང་། གཞན་པ་རྣམས་ལ་དངོས་གྲུབ་ཀྱི་རྫས། ཚོགས་རིལ་ལྟ་བུ་གྲངས་མང་དང་། ཚོགས་རྫས་སྣ་འཛོམ་ཅན་བཀོད། སྟེང་ནས་སྦ་དཀར་རྒྱ་གྲམ་གུ་ཁྱིམ་གྱི་ཚུལ་དུ་ཕུབ་ལ། དེའི་སྟེང་ནས་བཀྲ་ཤིས་ཀྱི་རི་མོ་ཅན་གྱིས་རས་དཀར་གྱིས་བཀབ་པའོ། ༈ བཞི་པ་དངོས་གྲུབ་བླངས་བ་ནི་ཡར་འཚོགས་ལ། ཆོས་ཁྲིམས་པས། ཞྭ་ཟླ་བཅས། གདོང་གྲལ་གྱི་འཇུག་ནས་

(༡༤༣)ད་ལྟ་སྐྱ་རིང་འཆར་དུས་དངོས་གྲུབ་ལེན་པའི་དུས་ལ་བབ་པའོ། དངོས་གྲུབ་ལེན་ཆོག་སྐབས་རྔ་སླང་མི་དགོས། ཐེང་། འབེབས་སུམ་རྡུང་ལན་མེད་ཀྱིས། ཧཱུྃ། གསང་བ་མཆོག་སོགས། གདོན་མི་ཟ༔ སུམ་རྡུང་ལན་མེད་ཀྱིས། སྦྲཾ། གསེང་ནས། གོང་དཀར་དམར་གཉིས་རྒྱབ་བྲལ་ནས་མར་མཉམ་དུ་རྡུག་ལ། དཀར་པོའི་གཡས་གྲལ་དང་། དམར་པོའི་གཡོན་གྲལ་ཐམས་ཅད་འགྲིམ། མཆོད་གཡོན་གི་ཞྭ་ཕྲག་འཕེན་གྱིས། གུ་གུལ་བདུན་རྡོ་ཐུན་ཁྱེར་ལ། རྡོ་རྗེ་མཚམས་པ་སྔགས་ཆས་བཅས། གདོང་གྲལ་ནས་མར་ཐུབ་བྲབ་བཞིན་ཕེབས་ཏེ། གྲལ་ཐམས་ཅད་ལ་འགྲིམ། ཀེང་པ་གཉིས་ཀྱང་གཡས་གཡོན་གྱི་གོ་སར་བརྗེས་ནས། གྲལ་ཐམས་ཅད་ལ་རྡུག་སྐབས་གདོང་ཐུན་མ་རྒྱབ་པ་དགོས་ཞེས་མཐོང་རྒྱུན་ལ། མཐར་རྡོ་རྗེ་མཚམས་པའི་

(༡༤༤)གཡས་སུ་གོང་དཀར་པོ་དང་། གཡོན་དུ་གོང་དམར་པོ་བཅས་དཀྱིལ་འཁོར་གྱི་མདུན་དུ་འཛོམ་པ་དང་། འབེབས་ལ། འཚམ་ལེན་ནས། ས་འདུལ་དགུ་སྐོར་ལམ་འགྲོས་བཞི། ཡང་དགུ་སྐོར། དགུ་འཛིན་ནས། ཟིན་སྐོར་གིས་དབྱངས་ལ་འཇུག །ཧཱུྃ། དཔལ་ཆེན་སྤྲུལ་པ་སོགས། ཚིག་མཚམས་ཟིན་སྐོར། སླར་གྱེར་ལ། ཚིག་མཐར་ཟིན་སྐོར་དལ་བ་དང་། སླར་ལོག་འཚམ་ཀྱིས་སྐོར་དལ་བ་དང་། ཤུག་ཆེ་བ་རེས་བསྡུད་དོ། མཆོད་དཔོན་ཞྭ་བཞེས་ལ་སྤོས་ཕོར་དང་། སློབ་དཔོན་ཞྭ་ཆོས་བཅས་དཀྱིལ་མདུན་དུ་བཞེངས་ལ། ལོག་འཚམ་༦༦འཚམ་སྡུད་ནས། ༡༢༣འབེབས་མཐར་སུམ་རྡུང་ཆེ་བརྡེབ་ཀྱིས་གདངས་རྒྱས་སྲས་བསྟན་འཕེལ། ཧཱུྃ། མི་མངོན་དབྱིངས་ནས་སོགས། ཨ་ཨ་བརྒྱུད་གསུམ་རོལ་མོ་དལ་བའི་ཚེ། ཐོག་མར་དཀྱིལ་འཁོར་ལ་བསྐོར་བ་གཅིག་

(༡༤༥)དེ་ནས་གདོང་གྲལ་ནས་ཕེབས། གཡས་གཡོན་དུ་དར་གཞུག་བཞིན། གྲལ་ཐམས་ཅད་ལ་ཕེབས་ཏེ། མཐར་དཀྱིལ་འཁོར་ལ་བསྐོར་བ་མཛད། འབེབས་བཞག །སློབ་དཔོན་གྲལ་དུ་བཞུགས། དངོས་གྲུབ་ལེན་ཆོག་སྐབས་སློབ་དཔོན་གྱིས་རྡོ་དྲིལ་འཛིན་མཛད། ལས་རྡོར་ཞྭ་ཕྲག་འཕེན་གྱིས་བསང་ཆུས་དངོས་གྲུབ་ཀྱི་རྫས་ཐམས་ཅད་བྲན་ལ། འདི་ཕྱིན་ཐམས་ཅད་དྲུག་འདོན་ཡིན། རྃ་ཡྃ་ཁྃ་སོགས། སརྦ་པཉྩ་སྐབས་ལས་རྡོར་གྱིས་དངོས་གྲུབ་ལེན་ཆོག་གི་ཚེ་ཆང་ལན་དཀྲུག ཧཱུྃ། ཡེ་ནས་གཉིས་སོགས་གསོལ༔ ཧཱུྃ་ཀུན་བཟང་སོགས། བར་བགྱི༔ ཧཱུྃ་ནམ་མཁའི་སོགས། བདག་ལ་སྩོལ༔ ཨོཾ་བཛྲ་ཀི་ལི་སོགས། སྔགས་ལན། ཧཱུྃ། མཉམ་པའི་སོགས། དབབ་ཏུ་གསོལ༔ ཧཱུྃ༔ ཁམས་གསུམ་སོགས། ཨོཾ་བཛྲ་ཀཱི་སོགས། ཧཱུྃ། དཔལ་ཆེན་སོགས། སློབ་དཔོན་གྱི་མདུན་དུ། གཡས་སུ་སྨན་

(༡༤༦)གཡོན་དུ་རཀྟ། དགུས་སུ་ཐོད་པ་སྟོང་པ། སྒྲོན་ཐུར་བཅས་བསྒྲིགས་ལ། ཧཱུྃ། དཔལ་ཆེན་རྡོ་རྗེ་སོགས། དངོས་གྲུབ་སྩོལ། ཧཱུྃ། གཉིས་བསྡུས་སོགས། རཀྟ་ལན་ཕྱར། ཧཱུྃ། དེ་ཀུན་བདེ་བ་སོགས། ལན་གཉིས་པ་ཕྱར། ཧཱུྃ། བདག་གཞན་སོགས། ལན་པ་ཕྱར་ལ། སྙིང་པོའི་མཐར། མ་ཧ་རཀྟ་སྐབས། རཀྟ་ལན་དང་བདུད་རྩི་ལན་༣ཐོད་པར་བླུག་ལ་བསྲེས། སྨན་རག་བསྲེས་པའི་བདུད་རྩི་དེ་ལས། རྡོ་རྗེ་རྒྱལ་པོ་དང་། རྒྱལ་ཐེབས་རྣམས་ཀྱི་མདུན་ཐོད་དུ་བསྲེ། སྨན་རག་བསྲེས་པའི་ཐོད་པ་དེ་ཉིད་དང་། གཞན་སྨན་རཀ་གཉིས་བཅས་ལས་རྡོར་གྱིས་དཀྱིལ་འཁོར་དུ་གདན། ཧཱུྃ། བདེ་ཆེན་སྦྱོར་བས་སོགས། བྱོན་པར་གྱུར༔ ཧཱུྃ། བདེ་གཤེགས་སོགས། ད་ལྟ་སྩོལ༔ གཙོ་སྔགས་མཐར། ས་མ་ཡ༔ བཛྲ་ས་མ་ཡ༔ སྦྱར། འཁོར་སྔགས་ཐམས་ཅད་ལ་ཤཾ་བུར་སྦྱར་བ་རེ་བཟླའ་

(༡༤༧)དེ་སྐབས་དགེ་གཡོག་གིས་བརྡབ་སྦྱར་ནས། ཐུན་པ་རྣམས་ཀྱིས་ཐུན་གདངས་ཀྱིས་ཤམ་བུ་འདི་སྦྱར་དགོས། ཧཱུྃ། དགོངས་བརྡའ་སོགས། སརྦ་པཉྩ་སོགས་ལས་རྡོར་གྱིས་དཀྱིལ་འཁོར་མདུན་དུ་སྨན་རཀ་བསྲེས་དངོས་གྲུབ་ཀྱི་སྨན་ནས་མཆོད་ལ། སློབ་དཔོན་གྱིས་སྨན་རཀ་བསྲེས་པའི་མདུན་ཐོད་ཀྱི་བདུད་རྩི་ནས་མཆོད། ཧཱུྃ། ལྷ་ཚོགས་སོགས། ཀ་ཡ་སིདྡྷི་སོགས། དེ་སྐབས་ཆབ་ཕུལ་མི་དགོས། སློབ་དཔོན་ཞྭ་བཞེས་ཆོས་དགོས། རྡོ་དྲིལ་བཅས་སྔར་དངོས་གྲུབ་ཀྱི་རྫས་སྨན་རཀ་བསྲེས་པ་མདུན་ཐོད་དེ་གཡོན་པའི་སྲིན་ལག་གིས་འདུས་པ་རྣམས་ལ་གནས་གསུམ་དུ་གཏོར་ཞིང་གྲལ་ལ་འགྲིམ། མཆོད་གཡོག་པས་ཞྭ་དང་། སྤོས་ཕོར་བཅས་བསུ་དགོས། དེ་སྐབས་དགེ་གཡོག་གིས་བརྡའ་བསྐུལ་ཏེ། ཐུན་པ་རྣམས་ཀྱིས་གཙོ་སྔགས་ཐུན་གདངས་མཐར། ཀཱ་ཡ་སིདྡྷི་ཨོཾ་སོགས། ཐུན་བསྒྱུར། ཧཱུྃ། ཐུན་པ་རྣམས་ཆབ་ཞུ། བདག་ནི་རིག་འཛིན་སོགས། ངང་ལ་བཞག༔ གཙོ་སྔགས་ཤམ་བུ་ཅན་བཟླའ་

(༡༤༨)ཐུན་པ་རྣམས་ཀྱིས་ཀ་ཡ་སིདྡྷི༴ ཝ་ཀ་སིདྡྷི༴ ཙིཏྟ་སིདྡྷི༴ གྲངས་ཁ་ཤས་རྗེས། སླར་སྔགས་དེ་ཉིད་ཀྱི་རྗེས་སུ། སརྦ་སིདྡྷི་ཧཱུྃ་ཞེས་བཏགས་པ་ལན་ཁ་ཤས་ཐུན་གདངས་བཅས་བཟླས། དེ་ནས་དབུ་མཛད་ཀྱིས་གཙོ་སྔགས་ཐུན་གདངས་ལན་ཁ་ཤས་ཚེ། ལས་རྡོར་དང་། མཆོད་གཡོག །ཐུན་པ་རྣམས་ཀྱིས་ཐུན་ཐག་སློབ་དཔོན་ལ་ཕུལ་ཏེ་ཐུན་བསྡུ། མཐར་ཡེ་ཤེས་ལྷ་ཚོགས་སོགས། སྟེང་ཚིག་ཕུལ་ལ། ཁྲོ་བཅུ་ཀས་རེ། སྟོང་ཚིག །སྲས་མཆོག་རི་སྟོང་ཚིག་ཕུར་སྲུང་དེ་མཐར་སྟོང་ཚིག་ཕུལ། རོལ་སིལ་བརྗེ། ཧོ་རྡོ་རྗེ་སློབ་དཔོན་སོགས། ད་ལྟ་སྩོལ༔ ཧཱུྃ་དམ་ཚིག་ཆེན་པོའི་སོགས། ཕ་ལ་ཧོ ཧོ དཔལ་ཆེན་པོའི་སོགས། སྔགས་དབྱངས་ལན་ཚེ། སྒྲུབ་རྟེན་རྣམས་སློབ་དཔོན་གྱིས། རྡོ་རྗེ་རྒྱལ་པོར་ཕུལ། དེས་རྒྱལ་ཚབ་པའམ་སློབ་དཔོན་ལ་གནང་

(༡༤༩)དཔལ་ཆས་དང་རྟགས་གདབ་བཅས་ཐམས་ཅད་ཕུལ་དགོས། བླ་སྤྲུལ་རྣམས་དང་། རྒྱལ་ཐེབས་རྣམས་ལ་དབང་རྫས་དང་དཔལ་ཆས་རྟགས་གདབ་བཅས་ཕུལ་མཆོད་གཡོག་གཉིས་ཞྭ་བཞེས་ལ་ལས་ཕུར་གྲལ་གཡས་གཡོན་དུ་འགྲིམ། མི་མང་ལ་འགྲིམ་མི་དགོས། སྒྲོལ་མའི་རྒྱུན་གདངས་ཀྱིས། ཧཱུྃ། རང་བཞིན་སོགས། ཨོཾ་ཨཱཧཱུྃ། དམར་པོ་སོགས། རྡོ་རྗེ་མཚམས་པས་ཚེ་རིམ་དང་། རྡོར་སེམས་བླ་མས་ཚེ་ཆང་བཅས་གྲལ་ཕྱི་ནང་ཐམས་ཅད་ལ་འགྱེད་གྲུབ་ནས། ཚེ་རིལ་འཛིན་མཁན་གཡས་ཀྱི་རྒྱབ་གྲལ་ནས་ཡར་ཕེབས། ཚེ་ཆང་འཛིན་མཁན་གཡོན་གྱི་རྩ་གྲལ་ནས་ཡར་ཕེབས་ལ་དཀྱིལ་འཁོར་གྱི་ལྟག་ནས་གཡོན་སྐོར་གྱིས། སྐུ་མདུན་བཞུགས་ཁྲིའི་རྒྱབ་ཏུ་རྒྱ་གྲམ་དུ་ཁེལ་བར་མཛད་ལ་ཚེ་རིལ་གཡས་སྐོར་དང་། ཚེ་ཆང་གཡོན་སྐོར་གྱིས་དཀྱིལ་འཁོར་དུ་འཛོམ་པ་ནི་ཚེ་པྲ་བཏགས་པའོ།

(༡༥༠)ན་མོ་ཚེ་དབང་དུ་སོགས། ལྡན་པར་གྱུར་ཅིག །སྨན་སྒྲུབ་དང་སྦྲེལ་སྐབས་སྨན་གྱི་དངོས་གྲུབ་ལེན་ཆོག་འདིར་སྦྱར། དབང་འགྲིམ་ཕེབས་མཁན་རྣམས་ལ་དབང་རྫས་བཅས་གོ་བསྒྲིགས་མཛད་ནས། བདག་ཅག་དཔོན་སློབ་སོགས་བརྙེས་པར་གྱུར་ཅིག །དབང་འགྲིམ་ཚེ། གཏེར་ཆེན་ཨེ་ཝཾ་ཆོས་སྒར་དལ་བོ་བརྡུང་། དེའི་ཚེ། མཆོད་གཡོག་ཞྭ་བཞེས་སྤོས་ཕོར་ཕྲག་ཁེབས་བཅས་སྣ་དྲངས་ཏེ། རྡོ་རྗེ་རྒྱལ་པོ་ཕེབས་གྲུབ་ན། གཙོ་ཕུར། མ་ཕེབས་ན་སློབ་དཔོན་གྱིས་གཙོ་ཕུར། གཞན་རྣམས་རིམ་པས་ཕེབས། ཀེང་པ་ཞྭ་བཅས་ཚོགས་རིལ་དང་ཚོགས་རྫས་འགྱོད་དགོས། ལས་རྡོར་རྣམས་ནས། སྐུ་མདུན་དུ་ནོར་བུ་དབང་རྒྱལ། རྒྱལ་ཚབ་པར་དྲག་པོའི་གཏོར་མ། ཕྱག་མཛོད་ལ་དབང་གི་གཏོར་མ། རྒྱས་པ་ འདི་ཐམས་ཅད་ནོར་བུ་དབང་རྒྱལ་གྱི་ལས་བཞི་ཡིན། དངོས་གྲུབ་ཀྱི་རྫས་ཐམས་ཅད་དང་བསྲེས་ལ་ལྷག་མ་བུམ་རྫས་རྒྱུར་ལྟར། ཚེ་ཁན་རྣམས་ལ་འབྲང་རྒྱས་ཉི་ཟླ་ཅན་དང་། གཞན་རྣམས་ལ་ཉི་ཟླ་མེད་པ་ཅན་རི་ཕུལ་དགོས་

(༡༥༡)ཆབ་བཏང་། དབང་འགྲིམ་གྲུབ་ནས། རོལ་མོ་བཞག །སེམས་ཅན་དོན་ཕྱིར་སོགས། ཏིཥྛ་ཏིཥྛ་ལྷན༔ འཚོགས་ཐིང་བྱ། ༈ ཡར་འཚོགས། ཤྭ་ན་དང་། དམ་སྤྱི། བླ་མ་ཡི་དམ་དང་། གཏེར་གཞི་མཐར། ཐུགས་དམ་གསུངས། སྐང་བ་འཚམ་མཁན་ཆབ་ཕུལ། འཇུག་ཆིངས་ཀྱི་ཚོགས་བཤགས་པའི་མཐར། སྐང་བ་འཚམ་མཁན་སྔགས་ཆས་བཅས་གཡས་སྐོར་གྱིས་ཕེབས་ལ་མདུན་དུ་བཞེངས་ལ། སྐང་རྫས་རྣམས་ཕྱག་ཏུ་ཕུལ། ཚིག་འབེབས་འོག་གཡས་སྐོར་གྱིས་ཕེབས་ཏེ་འབེབས་ལ་འཚམ་ལེན། སྦྲཾ་སྦེར་སྦྲཾ། དགུ་གཡས་འཇོག་གིས། ཧཱུྃ། སྣང་སྲིད་ཕུར་བུ་སོགས། ཚིག་རྐང་མཁའ་དབྱིངས་ཡུམ་གྱི་སྐང་སྐབས་ལྟར་དང་། ཡང་དབུ་གཡས་འཇོག་གིས། མི་དགེ་བཅུ་སོགས། ཚིག་རྐང་མཐིང་ནག་གྲུ་གསུམ་གྱིས་འགེབ་

(༡༥༢)ཡང་། དགུ་གཡས་འཇོག །ཕྱོགས་བཅུར་སྤྲུལ་པ་སོགས་ནས་དྲུག་འདོན། འཚམ་དང་དྲུག་འདོན་ཚེ་གཡས་སྐོར་ལན། མཐར། སུམ་རྡུང་ལན་མེད་ནས་སྐང་རྫས་མཆོད་བཏེགས་སུ་བཞག །ཞལ་ཕྱིར་གྱུ་ནས་འབེབས་ལ་འཚམ་ལེན། སྦྲཾ་སྦིར་སྦྲཾ་ནས། དགུ་གཡས་འཇོག་གིས། མཐིང་ནས་གྲུ་གསུམ་གྱིས་བཀབ་ལ། ཧཱུྃ། དེ་ལྟར་བསྐང་བས་སོགས། ཚིག་རྐང་བར་འཚམ་ལ། མཐར་དགུ་གཡས་འཇོག །གཤིན་རྗེའི་འཁྲུལ་འཁོར་སོགས། དྲུག་འདོན། འཚམ་དང་དྲུག་འདོན་ཚེ་གཡོན་སྐོར་མཐར་སུམ་རྡུང་ལན་མེད་འབེབས་བཞག །རོལ་མོ་བསྒྲིལ། འཚོགས་གྲོལ། ༈ ལྔ་བ་སྒྲུབ་པ་ལས་སྦྱར་ནི། གོང་དུ་བསྒྲལ་བ་དང་དངོས་གྲུབ་བླངས་བས་གྲུབ་བོ། ༈ དྲུག་པ་རྗེས་ཀྱི་བྱ་བར་ཏེ། གཉིས་པ་གཏོར་སྐྱོང་ལ་གསུམ་ལས། དང་པོ་ནི་འཚམ་གྱི་སྐབས་སུ་སྲེག་པ་གྲུབ་བོ། དངོས་གཞི་འཚམ་གྲུབ་ནས། ཡར་འཚོགས། ཚོགས་གདང་ཐུང་བ་ཡིས་ཚོགས་དྲངས། ལྷག་མ་བཙོན་འཛིན་ལ་མེ་སྒྲོན་བཙུགས་ནས་གྲལ་

(༡༥༣)གཞུག་ཏུ་བཞག །གཙང་ལྷག་དང་རྩོག་ལྡན་བསྲེས་ཏེ་ཡར་ཕུལ་བ་སོགས་དང་། ལྷག་མ་ཞུ་བ་སོགས། ཐམས་ཅད་སྤྱི་བཞིན་མཐར། ལྷག་རོལ་དང་། འཚམ་སྐབས་མར་ཕེབས་ཏེ། ལྷག་མ་བཙོན་འཛིན་དང་བསྲེས་ལ། སྦྲཾ་གསེང་། ཀེང་དམར་དམར་གྲི་སྟན་བཅས། དགེ་གཡོག་གི་རྩ་གྲལ་ནས་དོན་ལ་གྲལ་ཐམས་ཅད་ལ་འགྲིམ་ནས་རྒྱུག །ཀེང་པ་རེ་རེས་ལྷག་མ་ལ་རེག་ཙམ་རེ་མཛད་ནས། མཐར། རལ་གྲི་དང་། བྷནྡྷ། མཆོད་གཡོག་ཚང་གི་ཇ་འདྲེན་ལ་གནང་ནས། ཀེང་པ་ཀྱིས་ལྷག་མ་གཡས་གཡོན་ནས་བཟུང་ལ་ཕྱིར་ཁྱེར་བ་དང་། འབེབས་ཕབ་ནས་གཙང་རོལ་གྱིས། འཁོར་ལོ་རྩིབས་བཅུ་སོགས། མཐར་འབེབས་བཞག །ཀེང་པ་ནས་ལྷག་མ་ཁྱེར་བའི་སྐབས། ཧོ་ར་པས་ཁྱི་སྲུང་དགོས། ལྷག་མ་ཕུལ་ཚར་ནས། ཇ་འདྲེན་པས་གྲི་བྷན་ཕུལ་ལ་ཡར་ལོག་སྐབས་གོང་འགྲོས་ཀྱིས་།།།ཐུག་དགོས། མཆན་

(༡༥༤)རྟེན་གཙུག་སྐབས། བླ་རེ་མཐིལ། ལྕོག་ཁེབས་སྟེང་དུ། དྲག་པོའི་སྨན་རཀ་གཏོར་གསུམ། མདུན་གྱི་ཆར། བསྐང་བའི་གཏོར་མ། གཡས་སུ་ཤྭ་ནའི་ཕུག་གཏོར། གཡོན་དུ་དམ་སྤྱིའི་ཕུག་གཏོར། མདུན་ནས་མཆོད་པ་ཕྲེང་ཚར། ལས་བུམ། གུལ་གུལ། ཡུངས་དཀར་བཅས་གོ་བསྒྲིགས་མཛད། གཞན་ཡང་བསྐང་རྫས། རྟ་ནག་དང་། དྲེལ་ནག་སོགས་ལ་གསེར་སྒ་དང་གསེར་སྲབ་གསེར་གཏོག་དང་རིན་ཆེན་རྒྱས་ཆས་སྤྲས་པ། དཔའ་བོ་གོ་ཁྲབ་ཅན་གྱིས་བཟུང་བ། གཡག་ནག་དང་། ཁྱི་ནག་སོགས་མར་གྱི་ཐོད་རྒྱན་དང་། དར་མཚོན་གྱིས་སྤྲས་པ་སོགས་འདུ་བྱས་ལ། སེར་སྦྲེང་ལ། ཐོག་མར། སྤོས་སྣ་སྤོས་ཕོར། དུང་བཀྱགས་དང་དུང་ཆེན། རྐང་གླིང་། རྒྱ་གླིང་། དུང་དཀར། རྔ་བ་རྣམས་དང་། དཔེ་ཁྱེར་བ། དབུ་མཛད་རྣམས། ཆོས་ཁྲིམས་པ། ལྕགས་རྒྱུག་གདན་མི་རྒྱལ་ཐེབས་བཞི་

(༡༥༥)སློབ་དཔོན། དབུ་གདུགས་སྤོས་ཕོར་རྡོ་རྗེ་རྒྱལ་པོ། དབུ་གདུགས་བཅས་ཕེབས། དབུ་ཞྭ་སྒྲོ་ལྷུགས། སློབ་དཔོན་སྔགས་ཆས། རྒྱལ་ཐེབས་བཞི་ཞྭ་ཆོས། སྤོས་ཕོར་དང་ཆོས་ཁྲིམས་རྩེ་ཞྭ་བཅས་མཐོང་རྒྱུན་ཡིན། སློབ་དཔོན་གྱིས་སྐང་རྫས་རྟ་གཡག་རྣམས་ལ་ཡུངས་ཐུན་གྱིས་བྲབ། གུ་གུལ་བདུག །ཧཱུྃ་ཧཱུྃ་སོགས། ཐེང་འབེབས་ཆུང་བཞག །སློབ་དཔོན་གྱིས་རྫས་རྣམས་ལ་ལས་ཆུས་བྲན་ལ། ཧཱུྃ། བི།།།ན་སོགས། ལན། སྔགས་དྲུག་ཕྱག་དྲུག་གསུངས། ཐེང་འབེབས་ཆེན་སུམ་རྡུང་ཆེ་བརྡེབ་ཅན། ཧཱུྃ་ཧྲཱི ཆོས་ཀྱི་དབྱིངས་ལས་སོགས། བུམ་སྒྲུབ་ཆད་ཐོ་ཐ་མའི་དབྱངས། འགྲུབ་པའི་རྒྱན་དུ་འབུལ༔ སུམ་རྡུང་ཆེ་བརྟེན་ཀྱིས། བསམ་མཆོད་མེ་འབར་སོགས། སུམ་རྡུང་ཆེ་བརྡེབ་འབེབས་བཞག །ལས་རྡོར་ཞྭ་བཞེས་ལ་ཆབ་བྲན་

(༡༥༦)ན་མོ་རིག་འཛིན་སོགས། བདེན་པ་ཆེན་པོ་ནས་རྐང་། འདི་ཁུག་ཅིག་ལན། འགུགས་རོལ་གཞུང་བཞིན་མཐར་བཞག །ལས་རྡོར་ཞྭ་ཕྲག་འཕེན་གཏོར་མ་ལ་མེ་སྒྲོན་བཙུགས། སྨན་རཀ་ཀྱིས་བྲན་ལ། ཨོཾ་ཨཱཧཱུྃ་སོགས། མཁའ་དབྱིངས་རྒྱ། གཡས་དྲིལ་བཅས་གཏོར་རྒྱ། ཨོཾ་མ་ཧཱ་ཀཱ་ལ་སོགས་ལན། ཐིང་། འབེབས་སུམ་རྡུང་ལན་ཡོད་ཀྱིས། ཧཱུྃ་ཆོས་ཀྱི་དབྱིངས་ནས་སོགས། གྲ་ཞྭ་སྒྲོ་ལྟུགས་བཞེས་ལ། ཤྭ་ན་དང་། དམ་སྤྱིའི་ཕུག་གཏོར་གཉིས་བཀྱགས་ལ། སྐྱོང་བར་མཛོད། འབྲུ་གཏོར། གཏོར་མ་གཉིས་རྟེན་མཁར་དུ་འབུམ་བཅུག །སུམ་རྡུང་འབེབས་བཞག །མཆོད་ཁ་གསོ། ཆབ་བྲན་ཨོཾ་ཤྲཱི་བཛྲ་སོགས། ཐེང་། འབེབས་ཆུང་བཅས་བཞག །ཧེ་རུ་ཀ་དཔལ་སོགས། མ་རྙེད་ཡོངས་སུ་སོགས། གང་ཡང་བདག་སོགས། ཡིག་བརྒྱ་ལན་

(༡༥༧)འཐོར་ནས་འགྱེད། འདིར་ནི་གཟུགས་དང་སོགས། གཙྪ་གཙྪ་སོགས། དགེ་བ་འདི་ཡི་སོགས། རབ་འབྱམས་དཀྱིལ་འཁོར་སོགས། བཀྲ་ཤིས་ཤོག ༡༢༣༡༢འབེབས་རིང་མཐར། སྦྲཾ་སྦྲཾ་སྦྲཾ་སྦྲཾ་སྦྲཾ་རྒྱ་གླིང་མི་བཅད་པར་སེར་སྦྲེང་ཡར་ཕེབས། འདུས་པ་རྣམས་གྲལ་བར་དུ་བཞེངས་ལ། ཐེང་འབེབས་སྨིན་གླིང་དགུ་རྡུང་གིས། ཧཱུྃ། མི་མངོན་དབྱིངས་སོགས། རྒྱས་པར་མཛོད། ཉིས་རྡུང་། ཧཱུྃ། འོག་མིན་སོགས། འདི་སྐབས་ཆད་ཐོ་མེ་སྒྲོན་བཙུགས་ལ་མདོས་ནང་དུ་ཕུལ། གཏོར་ཐེབས་རཀྟས་བཤལ་ལ་མདོས་ནང་དུ་བླུག །འབེབས་བཞག ༈ གཉིས་པ་འཕང་བ་ནི། ཨོཾ་བཛྲ་སོགས། གཏོར་མའི་སོགས། ཆས་པར་གྱུར། རྐང་རྦད་བཅད་བྱ། རོལ་མོ་ཐེང་འབེབས་༡༢༣༡༢༣༤༥༦༧༨༩སྦྲཾ་སྦྲཾ་

(༡༥༨)ཧཱུྃ་ཤར་ཕྱོགས་སྒོ་མ་སོགས། དུང་སྒོ་དཀར་པོ་ཕྱེས་ཞེས་པའི་སྐབས་སུ། སློབ་དཔོན་རྡོ་དྲིལ་བཅས་སྐམ་པའི་རྒྱས་ཞི་བའི་གཙང་ལེན། དེ་བཞིན་ཕྱོགས་གསུམ་ལ་འགྲོ། རྔ་བྲངས་གོང་བཞིན་མཐར་འབེབས་བཞག །ལས་རྡོར་ཞྭ་བཞེས། ཐེབ་ནང་། གཏོར་ཆུང་བྲ་གཟུགས་མ་བཞག་ལ། ཆུ་ཆབ་བྲན། ན་མོ་སོགས། ལན། འགུགས་རོལ་གཞུང་བཞིན། འབྲུ་གསུམ་ལ་སྨན་རཀ་ཀྱིས་གཏོར་ཆུང་བྲན། ཨོཾ་བཛྲ་སོགས། རྩ་སྔགས་ལ། མཾ་ས་རཀྟ་སོགས། ཁཱ་ཧི་ལན་ཚེ་གཏོར་ཆུང་ཟློག་གཏོར་དུ་ཕུལ་ཐེང་། འབེབས། ཟློག་རོལ་ཆུང་བ་ལེན། ཧཱུྃ། མཁའ་དབྱིངས་སོགས། ཟློག་རོལ་རྐྱང་པ། ཧཱུྃ། མཐིང་ནག་གྲུ་གསུམ་སོགས། དམ་རྫས་མཆོད་པའི་སྐབས་སློབ་དཔོན་གྱིས་ཁྲག་སྐྱེམས་མཆོད། ལས་མཛོད་ཅིག ཟློག་རོལ་འབེབས་སུམ་རྡུང་འཛབ་མེད་ཀྱིས། དགུ་གཏོར་མ་གཅིག་གཉན་གདངས། ཧཱུྃ་དམར་

(༡༥༩)ཆེན་གཏོར་མ་སོགས། ཤྭ་ནའི་ཟློག་གཏོགས་ལ་མེ་སྒྲོན། བཀའ་སྡོད་གསུམ་ལ་རེ་རེ་བཙུགས། དགྲ་ལ་ཡ། སུམ་རྡུང་འཛབ་མེད་འབེབས་བཞག །རྡོ་རྗེ་ཕུར་པའི་ལྷ་ཚོགས་སོགས། ཐེང་། འབེབས། སྦིར། སྦཾ་སྦིར་སྦཾ། ཞེས་དེ་འདྲ་བས་སེར་སྦྲེང་གཤར་ནས། ཐོག་མར་ཤོག་ལིང་ལ་ཊ་ཀི་ནག་པོ་སྤོ་སྣ། སྲིད་པ་ཧོ་ལ་ཊ་ཀི་དཀར་པོ། གྲ་ཞ་ཆུང་བཞེས་ལ་ལམ་སེལ་དཀར་གཏོར། ཕྱག་དར་རྣམས་དང་། རྟེན་མདུང་ཕེབས་མི་དགོས། དུང་བཀྱགས། དུང་ཆེན་རྐང་གླིང་། རྒྱ་གླིང་། མནན་རྫས་ཁྱེར་མི་ཞྭ་ཆུང་། རྐང་གསུམ་ཁྱེར་མི་སྟག་པགས་ཁྱེར་མི་ཟོར་ཁྱེར་མི་བཀའ་སྡོད་གསུམ་ལ་མི་ཟློག་གཏོར་མ་མི་མནན་རྫས་ནས་བཟུང་མི་པོ་ཞྭ་ཆུང་དང་ཁ་དཀྲིས་རྒྱབ་དགོས། དེ་ནས་ལས་རྡོར་མཆོད་གཡོག་རྣམས་ཆོས་གོས་མི་དགོས་ཞྭ་ཕྲག་འཕན་ཡིན་

(༡༦༠)རྔ་བ་སྔོན་མ། དབུ་མཛད་རྣམས། ཆོས་ཁྲིམས། རྔ་བ་རྗེས་མ། དཔེ་ཁྱེར་བ། རྒྱ་གླིང་། སྤོས་ཕོར། གསེར་སྐྱེམས་གདན་མི། སློབ་དཔོན་དབུ་གདུགས། རྡོ་རྗེ་རྒྱལ་པོ། དབུ་གདུགས་བཅས་སོ། གདན་པ་མཚུར་ཕུ་ནས། རྒྱལ་དབང་ཀརྨ་པ་ཆེན་པོ་སེར་སྦྲེང་ལ་ཕེབས་པའི་སྐབས་ལྟ་བུར་རྒྱ་གླིང་། སྤོས་ཕོར། ཟུ་རུའི་དྲུང་པ། གྲ་ཚང་དཔོན་སློབ། ལྡེ་འཆང་། ཞྭ་ནག་མཛོད་པ་བཅས་སྤོས་སྣ། སྐུ་མདུན་ཕེབས། སྐུ་ཡི་གཡས་གཡོན་གྱི་ཟུར་ནས། གསོལ་དཔོན། གཟིམ་དཔོན། མགྲོན་གཉེར། གཟིམ་དགའ་བཅས་དང་། སྐུ་རྒྱབ་ཏུ་དབུ་གདུགས་ཆེན་མོ་གདན་སྲོལ་ཡོད། འཚམས་པ་ལ། སློབ་དཔོན། རྒྱལ་ཐེབས། རྡོ་རྗེ་མཚམས་པ། ཀུན་བཟང་ཡུམ། འཚམ་གཞུག་བཞི་བཅས་སྔགས་ཆས། ཕྱག་འཚམ་རྔ་བཅས་ལམ་འགྲོས་

(༡༦༡)ཀྱིས་ཕེབས་ཏེ། གཏོར་ཚུག་པར་ཕེབས་པ་དང་། ༣༤༡ འཚམ་བཞག །རོལ་མོ་འབེབས་བཞག །སློབ་དཔོན་གྱི་ཕྱག་རྔ་ཚུར་ཞུ་ཞིང་། གཡབ་དྲིལ་ཡར་ཕུལ། རྔ་བ་རྣམས་རྔ་ཡུ་པར་བཙུགས་ནས་རྡུང་། ཨོཾ་ཨཱསོགས། ལས་རྡོར་གྱིས་ཆུ་ཆབ་བྲན། འདོད་ཡོན་སོགས། ཐེང་འབེབས། སུམ་རྡུང་འཚམས་མེད་ཀྱིས་ཧཱུྃ་རིག་འཛིན་རྩ་བརྒྱུད་སོགས། བཞི་དྲིལ། ཕུད་ཕོར། ཞབས་སྐེད་པར། ཁ་ནས་འཛིན་ཞིང་། མཐར་བཤམ་བ་སོགས་གཏེར་གསར་སྤྱིར་མཚུངས། མཐར་མཐར། སུམ་རྡུང་འཚམས་མེད། འབེབས་མཐར། ཟློག་རོལ་ཆུང་བ། སློབ་དཔོན་གྱིས་ཕུར་པ་བསྒྲིལ་ལ། ཧཱུྃ། ང་ནི་རྡོ་རྗེ་སོགས། ཟློག་རོལ་ཆུང་བ། འབེབས་དང་། ཟློག་རོལ་ཆུང་བ། ཧཱུྃ། འཁོར་ལོ་རྩིབས་བཅུ་སོགས། སྐབས་འདིར་ལིང་རོ་མཆོད་མི་དགོས། ཟློག་རོལ། འབེབས་དང་། གཙང་རོལ་གྱིས། བྷྱོ་བྷྱོ་

(༡༦༢)ད་ནི་འཁོར་སོགས། གཙང་རོལ་འབེབས་ནས། ༈ སེར་སྦྲེང་རོལ་མོ་ཁྲཾ་ཆེན་ཟིལ་གནོན་གྱིས་ཕེབས། འཚམ་པ་རྣམས་ཁྲག་འཐུང་རྡོ་རྗེ་གཞོན་ནུའི་རྐང་སྟབས་གྲངས་མེད་ཀྱིས་ཕེབས་ཏེ། རྐང་རག །སློབ་དཔོན་འཚམ་དང་། ཟོར་འཕེན་པ། མནན་པ་སོགས་ཀྱི་སྐབས་སུ། དགུ་གདུགས་རང་སར་དུ་བཞུགས་དགོས། འཕང་པར་སླེབ་ནས། འཚམ་པ་རྣམས་ཀྱིས་རྐང་སྟབས་བཞག་ནས། རོལ་མོ་འབེབས་སུམ་རྡུང་། མཚམས་མེད་ཀྱིས་ཧཱུྃ་རིག་འཛིན་སོགས། མཆོད་གཡོག་གིས་སློབ་དཔོན་རྔ་ཞུ་གཡབ་དྲིལ་དང་གསེར་སྐྱེམས་ཕུལ་ལ། ཧཱུྃ། རིག་འཛིན་རྩ་བརྒྱུད་སོགས། གསེར་སྐྱེམས་ཚེ་གསུམ་ཕུལ། སུམ་རྡུང་མཚམས་མེད། འབེབས་དང་། ཟློག་རོལ་གྱིས། ཧཱུྃ། དུས་གསུམ་རྒྱལ་བའི་སོགས། བརྟན་མ་བཅུ་གཉིས་གཟུ་དང་དཔང་༔ ཟློག་རོལ་རྐྱང་པ། ཧཱུྃ། བདག་ནི་རྣལ་འབྱོར་སོགས། ཟློག་རོལ་འབེབས་བཞག །ལས་རྡོར་གྱིས་ཤོག་ལིང་བྲན། གུ་གུལ་བདུག །ན་མོ་སངས་རྒྱས་ཀྱི་སོགས་

(༡༦༣)ཁུག་ཅིག །ལན་༣འགུགས་རོལ་ལན་༣མཐར། སྦྲཾ་རོལ་མོ་གསེང་། སློབ་དཔོན་གྱི་གཡབ་དྲིལ་ཞུ་ཤིང་། ཕྱག་གཉིས་ལ་ཟོར་༢ཕུལ་ལ། འབེབས་སྐབས་སྐབས་འཚམ་ལེན། སྦྲཾ། དགུ་གཡས་འཇོག་གིས། ཐུན་གདངས་ཀྱིས། ཧཱུྃ། ནམ་མཁའ་ཡངས་པའི་སོགས། ཚར་ཆོད་གཅིག །ཐུན་འགྲོས་ཟོར་གཡབ་མཐར་ཟིལ་འབེབས་འོག །དྲག་སྔགས་དང་། ཤཾ་ཆ་ན་བཟླ་ཞིང་། ཟོར་༤རིམ་པས་འཕང་ནས། འབེབས་བཞག །སླར་ཡང་གཏོར་མའི་སོགས། ཐེང་། འབེབས་མཐར་འཚམ་ལེན། སློབ་དཔོན་ལ་རྔ་ཕུལ། སྦྲཾ། དགུ་རླུང་འཚུབ་༡གིས། གཏེར་གསར་ཞལ་བསྟབ་གདངས། ཧཱུྃ་བྷྱོ། རྡོ་རྗེ་གཞོན་ནུ་སོགས། རྐང་སྟབ་དཔལ་ལྡན་མགོན་པོ་ཡིན། འདི་སྐབས་ལས་རྡོར་སོགས་ནས། གཏོར་ཆེན་གྱི་གདུགས་དང་། མི་རི་སོགས་ཚུར་ལེན་རྒྱུའི་རིག་ཞུ་དགོས། འགྲུབ་པར་མཛོད། དགུ་རླུང་འཚུབ་༡གིས་མཐར། ཏིལ་འབེབས་

(༡༦༤)འོག་སྤུ་གྲིའི་སྔགས་གསུངས་ལ། བཀའ་སྡོད་གསུམ་འཕེན་ལ། འབེབས་བཞག །དགྲ་བགེགས་རྣམས་སོགས། བྱས་པར་གྱུར། ཐེང་ཟིལ་འབེབས་འོག །ཤྭ་ནའི་ཟློག་གཏོར་འཕང་ལ། འཚམ་ལེན་མི་དགོས། འབེབས་མཐར། གཏེར་གསར་མ་ར་ཡ། ཁྲག་འཐུང་རྡོ་རྗེ་གཞོན་ནུའི་རྐང་སྟབས་ལན་མཐར་འབེབས་བཞག །ཨོཾ་ཁྲོཾ་ག་རུ་སོགས་ཚེ་སྒོམ་པ་ཕྱིར་ནུད་བྱེད་པའི་ཚུལ་མཛད། དེ་སྐབས་རྡོའམ་གཡམ་པ་ལྟ་བུར་ལ། ཁྲོཾ་བྲིས་པས་རྗེས་བཅད། ཧཱུྃ་ཧཱུྃ། བདུད་སྲ་མ་ར་ཡ་སོགས། ལན་གསུངས་ཚེ་སློབ་དཔོན་ལ་རྔ་ཕུལ་ལ། འཚམ་པ་རྣམས་རྐང་གཡོན་རྒྱབ་ཏུ་དྲུད་དེ། རྐང་གཡས་ཀྱིས་བླང་པའི་རྩེ་གསུམ་འགྲོས་འཁྲབ་ལ་བཞག །དཀྱིལ་འཁོར་ནང་ནས་བརྟན་མ་དང་སྨན་རཀ་བཅས་ཚུར་ལེན་དགོས། རཀྟས་གཏོར་གཞོང་བཤལ་ལ་བརྟན་མར་བླུག །སློབ་དཔོན་ཕྱག་རྔ་ཞུ་ཞིང་གཡབ་དྲིལ་ཕུལ། སྔགས་ལན་༢༡གྲུབ་ནས་

(༡༦༥)ཐེང་འབེབས་སུམ་རྡུང་ལེན་མེད་ཀྱིས། ཧཱུྃ་རང་རྩལ་སོགས། རཀྵ་བྷྲཱུྃ་སུམ་རྡུང་ལན་མེད་འབེབས་བཞག །རྣམ་འཇོམས་གསུངས། དེའི་ཚེ། སྤོས་སྣ་ཕྱག་དར་བས་སྣ་དྲངས་ཏེ། གཡས་སུ་སྐོར་བ་མཛད། དབུ་མཛད་རྣམས་འཚམ་པའི་ཐད་དུ་ཕེབས་པ་དང་མཚམས་བཞག །རྣམ་འཇོམས་གྲུབ་ནས། ཐེང་བརྟན་མའི་དགུ་རྡུང་གིས། ཧཱུྃ་བརྟན་མ་སོགས། འགྲུབ་པར་མཛོད༔ སུམ་རྡུང་ལན་ཡོད་འབེབས་བཞག ༈ །གསུམ་པ་མནན་པ་ནི། མནན་དོང་ཁར་མནན་ལིང་བཞག་ལ། ལས་རྡོར་ཞྭ་བཞེས་ཁྲག་ཆུས་བྲན་ལ། ན་མོ་སངས་རྒྱས་སོགས། འགུགས་པ་ལན་གསུམ་ལ། རྔ་མཐུར་བསྟན་གྱིས་རུང་། མཐར། སུམ་རུང་ལན་ཡོད་ཀྱིས། ཧཱུྃ་ལས་ཀྱི་འཆི་བདག་སོགས། མ་བཏང་ཞིག༔ ཧཱུྃ་འཇིགས་རུང་སོགས། འོང་བར་ཤོག །ཟིལ་འབེབས་ལིངྒ་མནན་པ་བྱ་

(༡༦༦)སྙིང་པོ་དང་། དགྲ་བགེགས་བཟླ་བཞིན། ཚྭ་དང་། སྒེག་པ། བ་ཚྭ། བུལ་ཏོག །རླུང་མེ་ཆུ། རོ་གཡབ་ལ་རྒྱ་གྲམ་དང་། རང་འཐག་ལ་གླིང་བཞི་རི་རབ་གྲིས་པས་མནན། ས་རིམ་པ་དགུས་གཡོགས་ཏེ་རྒྱ་གྲམ་རེ་བྲིས། སཱ་ཚ་ནག་པོས་མནན་ལ་ས་བཅགས་ནས། དེའི་སྟེང་དུ་མདོས་གཞུང་སྦུབ་ལ། མཐར་འབེབས་ལ་འཚམ་ལེན་རུ་མེད། སློབ་དཔོན་ལ་ཕྱག་རྔ་ཕུལ་ལ། ཨེ་ཡིག་སོགས། རྐང་གཡོན་པས་ལེན་ལ་གཏོར་བྲོ་བརྡུང་། འགྲུབ་པར་མཛོད། འབེབས་མེད། སྣ་ཚོགས་རྡོ་རྗེ་འཚམ་མཐར། ཟིལ་འབེབས་འོག །སེང་སྦྲེང་རྣམས་གོ་རིམ་སྔར་བཞིན་ཕེབས། རྒྱ་གླིང་བཏང་མི་དགོས། འཚམ་པ་རྣམས་འཚམ་གཞུག་གིས་སྣ་དྲངས། སློབ་དཔོན་གྱིས་རྟིང་མནན་ལ་ཕེབས། དང་པོ་སྤོས་སྣ་དར་རྣམས་གཙུག་ལག་ཁང་གི་གཡས་ཕྱོགས་ནས་རིམ་པས་སེར་སྦྲེང་བ་ཞལ་ནང་དུ་གྱུ་ནས་བཞེངས། དེའི་ནང་ནས་དེ་བཞིན་

(༡༦༧)དབུ་མཛད་རྣམས་བཞེངས། དེའི་ནང་ནས། འཚམ་གཞུག་གཙུག་ལག་ཁང་གི་གཡོན་ཕྱོགས་སུ་ཕེབས་ཏེ། སློབ་དཔོན་གཡས་ཕྱོགས་སུ་ཕེབས་ཏེ། འཚམ་པ་རྣམ་ཟླ་ཚེས་ལྟར་སྐོར་གྲུབ་ནས། རོལ་མོ་འབེབས་ལ་འཚམ་ལེན། སྦྲཾ། དགུ་གཡས་འཇོག་གིས། སྲིད་པ། ཕུར་བུ། དངོས་གྲུབ་ཀུན་གྱི་གཏེར༔ མ་མོ་མཁའ་འགྲོ་མྱུར་མགྱོགས་ཕྲིན་ལས་ཅན༔ ཕུར་པ། དཀྱིལ་འཁོར་ལྷ་ཡི་བཀྲ་ཤིས་ཤོག༔ མཐར་དགུ་གཡས་འཇོག་གི་མཐར་རྐང་གཡས་

(༡༦༨)རྒྱབ་ཏུ་དྲུད་པའི་ལྡེམ་འགྲོས་སཾ་ལམ་འགྲོས་ཀྱིས་དགའ་འཁྱིལ་བསྐོར་ཞིང་། གཙུག་ལག་ཁང་གི་སྐོར། སྐྱ་དར། གཡས་གཡོན་དུ་ཕྱེ་མར། ཆུ་དཀར་བསངས། གཡས་གཡོན་དུ་དུང་དཀར་བཞི་སྔར་ནས་བསྒྲིགས་དགོས། དགའ་འཁྱིལ་བཀོད་ཅིང་། མཐར་སྒོ་ཁྱམས་སུ་ཕེབས་པ་དང་། ༣༤༡ སླར་སྦེར་སྦྲཾ་ཞེས་འཚམ་དཔོན་ཞབས་གཡས་རྒྱབ་ཏུ་དྲུད་དེ། ལམ་འགྲོས་གསུམ་གྱིས་སྡུད། གཞན་རྣམས་ལམ་འགྲོས་གསུམ་རེས་མི་རེ་རེ་བཞིན་སྡུད་དོ། འདི་སྐབས་ཕྱེ་མར་བཞེས་མི་དགོས། ༈ མཐར་འབེབས་བཀྲ་ཤིས་རོལ་བཅས་བཞག །རྒྱ་གླིང་མི་བཅད། སེར་སྦྲེང་རྣམས་རིམ་པས་སྡུད་དོ། ༈ ཡར་འཚོགས། ཞབས་བརྟན་གསུངས། ཕྱེ་མར་གསོལ། འཇུག་ཆིངས་མཆོད་བསྟོད་སྐབས། མཆོད་ཁ་གསོ། རོལ་མོ་འབེབས་ཆུང་མཐར། རོལ་སིལ་བརྗེ། དེ་ནས་གཞུང་བཞིན། བཀྲ་ཤིས་བར་མཐར་དབྱུང་། རྒྱ་རག་དུང་དཀར། པད་སྐོར་ཅན་

(༡༦༩)མཐར་བསྔོ་སྨོན་གྱིས་མཐའ་རྒྱན་པས་ལེགས་པར་གྲུབ་བོ། །འདིའི་དགོང་མོར་རིན་ཆེན་རྒྱལ་ཐེབས་ཀྱིས་ཚོམ་བུ་བཀོད་དགོས། ༈ ཚེས་༡༡ཉིན་༨པ་ལ། སྔ་ཆར་རིན་ཆེན་རྒྱལ་ཐེབས་ཀྱིས་རྒྱས་པའི་སྦྱིན་སྲེག་མཛད་དེ། རྒྱལ་ཐོའི་སེར་སྦྲེང་སྐབས་གྲུབ་པར་མཛད་དགོས། རྒྱུད་འདེབས་༢བསང་བྱིན་རླབས་དགོས། སྔོན་གཏོར་མི་གསུང་། སྤྱི་ཆིངས་བཞིན་ལ། བརྒྱ་རུང་དང་། མཁའ་དབྱིངས་ཡུམ་མི་དགོས། རྔ་སླང་དགོས། དབུ་ཞྭ་སྒྲོ་ལྷུགས་མི་དགོས། རྒྱུད་གསུམ་རོལ་མོ་དང་། དར་མེད། སྨན་རཀ་གཏོར་གསུམ་སྔགས་ལས་ཆ་ཚང་གསུང་མི་དགོས། སྐྱབས་སེམས་སྤྱི་ཆིངས་དགོས། རྫས་ཕུར་བྱིན་རླབས་མི་དགོས་ལས་བྱང་ཕྲིན་ལས་འདུས་པ་ནས། ཟུར་གསལ། བྷྲུྃ་བི་ཤྭ་སོགས། རང་གི་སྙིང་ག་སོགས། གཙོ་སྔགས། མཐར་སྟོང་ཚིག་ཕྱོགས་བཅུར་དྲེག་པ་སོགས། སྔགས་བྱང་

(༡༧༠)ཟླ་གམ་སོགས། སྲས་མཆོག་རྡོ་རྗེ་ཕུར་པ་སོགས། ཕུར་སྲུང་བཅས་ཀྱི་ཛབ་བསྐུལ་དང་། སྟོང་ཚིག་མཐར་རོལ་སིལ་བརྗེ། ཐེང་། འབེབས་སུམ་རྡུང་ལན་ཡོད། བླ་མ་ཡི་དམ་མཁའ་འགྲོ་སོགས། འབེབས་བཞག །ཚོགས་བསང་སྦྱངས་ཞུ། ཕྱག་རྒྱ་གཅིག་པའི་ཚོགས་གསུངས། ཚོགས་དྲངས་མི་དགོས་ལྷག་མ་དང་སྦྲེལ། ལྷག་མའི་མཐར། རོལ་སིལ་བརྗེ། མཆོད་ཁ་གསོ་ཞལ་ཟས་བཞག་གསང་ཆུས་བྲན་ལ། ཨོཾ་ཤྲི་ཀུ་མ་ར་སོགས། མ་ཧ་སོགས། ཧཱུྃ། ཐབས་ཀྱི་སྤྱོད་སོགས། ༈ གསུམ་པ་དཀྱིལ་འཁོར་བསྡུ་བ་ནི། སློབ་དཔོན་ལ་ཆབ་ཕུལ། སློབ་དཔོན་ཆོས་གོས་བཞེས་ཞྭ་ཕྲག་འཕན། ཕྱག་རྡོ་དྲིལ་བཅས་དཀྱིལ་འཁོར་གྱི་ཤར་སྒོར་བཞེངས་ལ་ཧོ བླ་མ་ཡི་དམ་སོགས། ཡིག་བརྒྱ་ལན་༣ཚེ་སྐོར་བ་༣མཛད། ཕྱོགས་བཅུ་ན་སོགས། ཨོཾ་ཁྱེད་ཀྱི་སེམས་ཅན་སོགས། བཛྲ་མུ སྣོད་བཅུད་ཐམས་ཅད་སོགས། ཆོས་

(༡༧༡)ཀྱི་དབྱིངས་སོགས། རཀྵ་རཀྵ་ཧཱུྃ། དཀོན་མཆོག་རིན་ཆེན་སོགས། སངས་རྒྱས་མྱུར་ཐོབ་ཤོག །ཨོཾ་ཨ་ཀ་རོ་སོགས། ཆབ་བཏང་མཆོད་སིལ་རིང་བའི་འོག །ཐོག་མར་སློབ་དཔོན་གྱི་གཡས་ཀྱི་རྡོ་རྗེས་ཤར་ཕྱོགས་མེ་རིའི་མཐའ་ནས་བཟུང་དཀྱིལ་བར་གཤགས་ཤིང་། དེ་ནས་ཕྱོགས་ཐམས་ཅད་ནས་བསྡུ། རྡུལ་ཚོན་ཕུད་བཞུགས་ཁྲིའི་མདུན་དུ་ཕུལ། སོ་སོའི་སྤྱི་བོར་བྱིན་རླབས་ཀྱི་བྱེ་མ་ཅུང་ཟད་བླུག །དེ་ནས་བུམ་པར་བླུག་ལ། བུམ་ཁེབས་དང་། རིག་ལྔ་གསོལ། ཤུལ་ཇ་འདྲེན་རྣམས་ཀྱིས་བཀྲུས་ཤིང་རྗེས་མི་མངོན་པར་བྱའོ། བརྡའ་བཅས་མཆོད་སིལ་བཞག ༈ བཞི་པ་འཚམས་གྲོལ་བ་ནི། རྒྱལ་ཐོའི་སེར་སྦྲེང་གོང་བཞིན་ལ། སློབ་དཔོན་ཞྭ་ཆོས། རྒྱལ་ཐེབས་ཆོས་གོས་དང་ཞྭ་ཁྲ། དབུ་མཛད་རྣམས་སིལ་སྙན། འབེབས་ཆུང་རྣམས་ལ་མཆོད་སིལ། རྔ་ཚིག་རྣམས་ལ་བཞི་དྲིལ་

(༡༧༢)ཕྱོགས་སྐྱོང་གི་གཏོར་འབུལ་མཐར། དེ་ལྟར་འཇིག་རྟེན་སྐྱོང་བ་སོགས། གསུངས་མི་དགོས། བསྡུ་སྐབས་འབྲུ་རེ་གཏོར་བ་ཕྱག་རྒྱུན་ཡིན་འདུག །སྒོ་བྱང་ཕྱི་ནང་བསྡུ་སྲོལ་མེད། ཡར་འཚོགས། སྒྲུབ་ཁོག་ལྡེབ་༧༡ཕུར་པའི་བསྡུ་རིམ་ལ། ལས་རྡོར་ནས་འོ་མ་དང་བྱེ་མ་འཛིན་ལ། གདབ་རིམ་ལས་བཟློག་སྟེ་ཕྱུང་དགོས་པས། ཐོག་མར་འོག་ཕུར། དེ་ནས་གཡས་སྐོར་གྱིས་བྱང་། དེ་ནས་གཡོན་སྐོར་གྱིས་ནུབ་ལྷོ་ཤར་བཅས་བསྡུ། དེ་ནས་གཡས་སྐོར་གྱིས། ཤར་ལྷོ། ལྷོ་ནུབ། ནུབ་བྱང་། བྱང་ཤར། སླར་གཡས་སྐོར་གྱིས། སྟེང་ཕུར་བསྡུའོ། གདབ་པའི་སྐབས་ཕྱོགས་བཞི་གཡས་སྐོར་ལ། བསྡུ་བའི་སྐབས་གཡོན་སྐོར་དང་། གདབ་སྐབས་མཚམས་བཞི་གཡོན་སྐོར་ལ་བསྡུ་སྐབས་གཡས་སྐོར་དང་། གདབ་རིམ་སྔ་ཕྱི་ཡང་བཟློག་སྟེ་ཕྱུང་དགོས་སོ། །

(༡༧༣)ལྔ་པ་རྡུལ་ཚོན་ཆུར་གཤེགས་པ་ནི། ཐོག་མར་རྡོའམ་ཤིང་ལེབ་མྱུར་ལ། རྡུལ་ཚོན་གྱི་པདྨ་དཀར་པོ་འདབ་མ་བརྒྱད་པ་ཡི་ལྟེ་བར་དབུས་སུ་ཚོམ་བུ་དཀར་པོ། འདབ་མ་བརྒྱད་ལ་ཤར་དུ། དཀར་པོ། ལྷོར་དམར་པོ། ནུབ་ཏུ་དམར་པོ། བྱང་དུ་སེར་པོ། ཤར་ལྷོར་སེར་པོ། ལྷོ་ནུབ་ནག་པོ། ནུབ་བྱང་དུ་དཀར་པོ། བྱང་ཤར་དུ་དཀར་པོ་བཅས་བཀོད་ལ། རྒྱལ་ཐོ་བཞིན་སེར་སྦྲེང་ཕེབས། ལས་རྡོར་གྱིས། དཀྱིལ་འཁོར་དང་། མཆོད་གཏོར་དང་བསང་ཆུ་སོགས་གདན། རྡུལ་མཚོན་གྱི་བུམ་པ་སློབ་དཔོན་གྱིས་བསྐུར་བསྟི་བཅས་གདན་ལ། རྒྱུན་འབབ་ཀྱི་ཆུ་བོའི་རྩར་ཕེབས་དང་། བུམ་པ་བསྟེགས་མཐོ་བར་བཞུགས། མདུན་དུ་དཀྱིལ་འཁོར་ལ་མཆོད་པ་བརྒྱད་ཀྱིས་སྐོར། ནུབ་ཏུ་ལྕོག་ཟླུམ་བཞག་ལ། ཨ་མྲྀ་ཏ་སོགས། བསང་ཆུས་མཆོད་གཏོར་གྲན། ཡང་བསང་ཆུས་དཀྱིལ་འཁོར་བྲན་

(༡༧༤)སྟོང་པའི་ངང་ལས་སོགས། བཛྲ་ས་མ་ཛ བསྡུ་རྒྱ། འདབ་མ་སོགས། ཤབྡ་ལ་གདེངས་ཀ་སོགས། འཚལ་བསྟོད། ལག་གཡོན་གདེངས་ཀ་དང་། གཡས་མཆོག་སྦྱིན་གྱི་རྒྱས། ཨོཾ་ཀླུ་རྒྱལ་སོགས། ཨོཾ་བྷཀྵ་སོགས། སྔགས་ལན་༣ལ་གཏོར་མ་ལན་༣བྲན། ཨོཾ་བཛྲ་སོགས། ཤབྡ་གདེངས་ཀ་སོགས། འཚལ་བསྟོད། མཆོད་སྦྱིན་གཏོར་སོགས། ཀུན་འགྲུབ་ཤོག །ཀླུ་ཡི་རྒྱལ་པོ་སོགས། ཨོཾ་ཕུན་སུམ་ཚོགས་པ་སོགས། ཡིག་རྒྱ། མ་རྙེད་སོགས། ཨོཾ་ཁྱེད་ཀྱི་སོགས། ཧཱུྃ་མུ བྱེ་མ་ཆུར་གཤེགས་ལ། བུམ་པ་ཆུ་ཡི་བཀང་ཞིང་ཁར་མེ་ཏོག་གིས་བརྒྱན། མཆོད་པ་རྡུལ་མཚོན་གྱི་དཀྱིལ་འཁོར་ཡང་ཆུར་གཤེགས་ལ། ཛཧཱུྃ་བྃ་ཧོ རྡོ་རྗེ་སེམས་སོགས། ཡར་གཙུག་ལག་ཁང་དུ་ཕེབས་གྲུབ་ནས། སློབ་དཔོན་གྱིས། ཨོཾ་རུ་རུ་སོགས་

(༡༧༥)སྔགས་གསུང་བཞིན་གནས་ཁང་སོགས་ལ་གཏོར་ཞིང་བདེ་ལེགས་ཀྱི་སྣང་བ་ཆེན་པོས་ཁྱབ་པར་བྱའོ། ༈ དྲུག་པ་གཏེར་ཐ་བ་ནི་འདུས་པ་རྣམས་གྲལ་དུ་བཞུགས། སློབ་དཔོན་ཆོས་གོས་དང་ཕྱག་རྡོ་དྲིལ་བཅས་དཀྱིལ་འཁོར་བསྡུས་པའི་ཤར་ཕྱོགས་སུ་བཞེངས་ལ། སྒྲུབ་ཁོག །སྔར་པ་ཆོག་གི་གཏེར་བུམ་དེ་ལ་ལས་ཆུས་བྲན་ཅིང་། སྭཱ་བྷ་སོགས། ན་མ་སརྦ་སོགས། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་༣བྷྲུྃ་ལས་སོགས། གཏེར་དུ་གྱུར༔ ཧཱུྃ་ས་ཡི་ལྷ་མོ་སོགས་བཞི་དྲིལ་བཅས་སློབ་དཔོན་ཕྱག་ཏུ་གཏེར་བུམ་ཕུལ་ལ། མཐར། རེ་འདོད་སྐོང་བར་ཤོག༔ གཏེར་བུམ་དཀྱིལ་བསྡུས་པའི་དབུས་སུ་བཞུགས་ལ། ཡེ་དྷརྨ་སོགས་འབྲུ་འཐོར་ལ། སློབ་དཔོན་གྲལ་དུ་བཞུགས། ༈ དྲུག་པ་རྗེས་ཀྱི་བྱ་བ་ལ་བདུན་ལས། གཉིས་པ་ནས་དྲུག་པ་བར་གོང་དུ་སོང་ཟིན། དང་པོ་དགའ་

(༡༧༦)སྟོན་སྨོན་ལམ་ནི། ལས་རྡོར་གྱིས་གདོང་གྲལ་གཉིས་ཀྱི་ཕྲེང་མ་རྣམས་ཀ་ཊོ་ར་མྱུར་བསྡུས་ལ་རྡོ་རྗེ་རྒྱལ་པོའི་མདུན་ཕུལ་ལ། དབུ་མཛད་ཀྱི་བསྐུལ་ཏེ། བུ་དང་ཆུང་མ་སོགས། དབྱངས་འཐེན། རྡོ་རྗེ་རྒྱལ་པོ་རྐྱང་པས་དབྱངས་འཐེན་ལ། དེ་རིང་ཕན་ཆད་སོགས། ཡང་དབུ་མཛད་ཀྱིས་བསྐུལ་ཏེ། བླ་མ་རྡོ་རྗེ་སོགས་གཉེར་གྱིས་བླངས༔ ༈ གསོལ་ཇ་ཚེ་སྐུ་རིམ་རྣམ་གསུམ་གསུངས། མཐར་ཨོཾ་དགེ་བ་མའི་སྐབས། སྟོང་ཐུན་གསུང་པ་པོར་ཆབ་ཕུལ། ལས་རྡོར་གཉིས་ནས། སྐུ་མདུན་ནས་བཟུང་། གྲལ་གཡས་གཡོན་དུ་དར་ཐག་འཐེན། དར་སྣེ་རྒྱབ་གྲལ་སོགས་ཐམས་ཅད་ལ་བར་མ་ཆད་པར་སྦྲེལ་དགོས། སྨོན་ལམ་ནི། སྟོང་ཐུན་གསུང་མཁན་གྲལ་བཞུག་ཏུ་ཕེབས་ལ་ཆོས་གོས་དང་། དབུ་ཞྭ་གསོལ། འདུས་པ་རྣམས་ཀྱང་ཞྭ་ཁྲ་བཞེས། མར་མི་འགྱེད་

(༡༧༧)སྟོང་ཐུན་གསུངས་གྲུབ་ནས། ཧཱུྃ། དུར་ཁྲོད་གསང་བ་སོགས། དབྱངས་ཐུང་བ་ལྟར་འབོར་ལེན་མཛད། འགྲུབ་པར་ཤོག །མཆོད་སིལ་འོག་སྟོང་ཐུན་གསུངས་པ་པོ་ཡར་ཕེབས་ལ་གྲལ་དུ་བཞུགས། མར་མེ་དང་དར་ཐག་ཡང་བསྡུའོ། འཇུག་ཆིངས། ལྡེབ་༨ཧཱུྃ་དུས་གསུམ་བདེ་གཤེགས་སོགས། ཐོབ་པར་ཤོག༔ ༈ བདུན་པ་བཀྲ་ཤིས་ནི། དྲུག་འདོན་བཞི་དྲིལ་གྱིས། ཧཱུྃ། འཁོར་འདས་ཀུན་ཁྱབ་སོགས། བཀྲ་ཤིས་ཤོག་ལས་རྡོར་གྱིས་ཞྭ་ཆོས་བཅས་སྤོ་སྣ་དབུ་ཁྲི་བར་ཕུལ་ལ། ཕུན་སུམ་ཚོགས་པ་སོགས། དེ་ཡི་ཉེ་བར༴ དགེ་འདུན་དམ་པ༴ དུས་གསུམ་སངས་རྒྱས་སོགས། སྤོས། དབུ་མཛད་ལ་ཕུལ། བཀའ་བཞི་བརྒྱུད་པའི༴ དེའི་གོང་མར་ཕུལ། རིམ་བཞིན་ཡར་འགྲིམ་ནས། སྐུ་མདུན་བཅུ་བདུན་པ་དཔལ་

(༡༧༨)རྒྱལ་དབང་ཀརྨ་པས། བཀྲ་ཤིས་ཤ་ལོ་ཀ་གསུངས་ནས། ལས་རྡོར་གྱིས་ཞྭ་ཆོས་བཅས་སྤོས་ཞུ་ནས། བཀྲ་ཤིས། གཡོན་གྱི་གདོང་གྲལ་ལ་ཕུལ། དེ་ནས་རིམ་པས་མར་རྒྱུད་དེ། དེའི་གྲལ་གཞུག་ནས། ཆོས་ཁྲིམས་པས་ལེན་ནས། བཀྲ་ཤིས་བཅས། གཡས་ཀྱི་གདོང་གྲལ་ལ་ཕུལ། དེ་ནས་རིམ་པས་ཡར་བརྒྱུད་དེ། དབུ་ཁྲི་བ་ལ་སླེབ་ནས། བཀྲ་ཤིས་བཀའ་རྒྱ་ཆ་ཚང་། ཆོས་སྐྱོང་མཐར། ནོར་གྱི་དབང་ཕྱུག༔ མི་འགྱུར་ལྷུན་པོ༴ ལོ་བྱ་འཚོ་ཞིང་༴ ཚངས་དང་ལྷ་དབང་སོགས། བསོད་ནམ་རི་བོ༴ ལས་རྡོར་གྱིས་སྤོས་སྣ་ཞུ་དགོས། བསྟན་པ་འཇིག་རྟེན༴ ཧཱུྃ། རིག་འཛིན་རྩལ་འཆང་སོགས། མཐར། ཕྱོགས་བཅུ་དུས་བཞི༴ བདག་གི་དུས་གསུམ་སོགས། སྒར་ཆེན་བཀྲ་ཤིས། བདེན་གྲུབ་མ༴ བཀྲ་ཤིས་དཔལ་འབར་སོགས་

(༡༧༩)བཀྲ་ཤིས་སྨོན་ལམ་གྱིས་མཐའ་ལེགས་པར་རྒྱན་ཏེ་ཕྱོགས་དུས་ཐམས་ཅད་དུ་བདེ་ལེགས་ཀྱི་སྣང་བ་ཆེན་པོའི་ཁྱབ་པར་བྱའོ། ༈ བདུན་པ་རྒྱུན་གྱི་སྤྱོད་ལམ་ནི། དུས་དང་དུས་སུ་རྩ་བ་གསུམ་གྱི་ཚོགས་བསྐང་བྱ། སྣང་བ་ཐམས་ཅད་ལྷ། གྲགས་པ་ཐམས་ཅད་སྔགས། དྲན་རྟོགས་འཛིན་མེད་རང་གྲོལ་ཡེ་ཤེས་ཀྱི་ངང་ནས། གར་འགྲོ་ཞིང་ཁམས། གར་འདུག་གཞལ་ཡས་ཁང་། གྲོགས་ལྷ་དང་ལྷ་མོ། ལུས་ངག་ཡིད་གསུམ་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་སུ་གསལ་བས་འགྲོ་བའི་དོན་ལ་བརྩོན་ཞིང་། གདུལ་བྱའི་བློ་དང་མཚམས་པར་ཆོས་སྟོན་ཅིང་། སྤྱོད་ལམ་ཐམས་ཅད་དུ་དོན་ཡོད་པར་བྱ་བའོ། ༈ རྩ་བའི་ས་བཅད་གསུམ་པ་འབྲས་བུ་ནི། ཞལ་གདམས་སྙིང་བྱང་ལས། ཨེ་མ་ལས་ཅན་རྗེས་འབངས་རྣམས༔ ད་ནི་མ་ཡེངས་རྩེ་གཅིག་རྒྱུ༔ ནོར་བུའི་བང་མཛོད་ཆེན་པོར་སྤྱོད༔

(༡༨༠)མཆོག་ཐུན་ཕྲིན་ལས་གང་སྒྲུབ་ཀྱང་༔ མྱུར་བ་ཉིད་དུ་ཚེ་འདིར་འགྲུབ༔ རིག་པ་འཛིན་པའི་ལུས་བཟུང་ནས༔ མཐར་ཐུག་མྱུར་དུ་སངས་རྒྱས་འགྲུབ༔ ཞེས་པོ་ཡང་གུ་རུའི་ཐུགས་སྒྲུབ་ལས། གཞན་ཡང་འདི་ཡི་སྒྲུབ་མཆོད་ཙམ༔ གང་དུ་བགྱིས་པའི་ས་ཕྱོགས་དེར༔ རྡོ་རྗེ་ཡེ་ཤེས་དབབ་པའི་མཐུ༔ པདྨ་འོད་ཀྱི་ཞིངས་དང་མཚུངས༔ ནང་མུན་འཁྲུགས་རྩོད་ཀུན་ཞི་ཞིང་༔ ཆར་ཆུ་དུས་བབ་ལོ་ཕྱུགས་ལེགས༔ ཀུན་ཀྱང་བདེ་སྐྱིད་ལྡན་པར་འགྱུར༔ བསླུ་མེད་ཡིན་ནོ་ཐེ་ཚོམ་སྤོངས༔ ངེས་པར་བསམ་པ་ལྷུན་གྱིས་འགྲུབ༔ ཞེས་སོ། གནད་གདམས་ལས། དེ་ལྟར་བསྒྲུབ་པའི་འབྲས་བུ་ཡང་༔ འདྲེན་པ་ཆེན་པོའི་སྡེ་སྣོད་དང་༔ སྒྲུབ་པ་ཐབས་ཀྱི་འཇུག་སྒོའོ༔ ཨ་ནུ་ཡོ་གའི་ཐེག་པ་ནི༔ བར་མ་ཆོད་པའི་ཚེ་གཅིག་ནས༔ སངས་རྒྱས་

(༡༨༡)པ་ལ་ངེས་པར་འགྲོ༔ འབྲས་བུ་ཉིད་ཀྱི་རྫོགས་སངས་རྒྱས༔ ཞེས་རྒྱུད་ལུང་མན་ངག་ཏུ་གསུངས་པ་ལྟར་དད་མོས་ཏིང་ངེ་འཛིན་རྩེ་གཅིག་པས་བསྒྲུབས་ན་དེ་དང་མཚམས་པའི་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པར་འགྱུར་བ་གདོན་མི་ཟའོ། དེ་ལྟར་ཟབ་བདུན་ཕུར་པའི་སྒྲུབ་ཆེན་གྱི་ཕྱག་ལེན་མཐོང་བ་རྒྱུད་པའི་ཚུལ་གཙོར་བརྟེན་ནས་བཀོད་པ་ལེགས་པར་གྲུབ་བོ། །

(༡༨༢)

(༡༨༣)གསུམ་པ་སྤྱི་བཤགས་ཚོགས་བསགས་ཀྱི་རིམ་པ་ལ། ཚེས་༢ཉིན། སྣ་སེལ་སྦུ་རིམ་ལ། རྡོ་རྗེ་རྒྱལ་ཐེབས་དེའི་ཕྱོགས་གྲྭ་བཅས་ཞི་བ་དཀར་བླུགས་ལ། མཆོད་ཁྲི་བང་རིམ་དང་པོའི་སྟེང་དུ། ཞལ་ཟས་ལྔ་དང་། མདའ་དར་སྣ་ལྔ། ཕྱེ་མར་བཅས་བཀོད་བང་རིམ་གཉིས་པར། གནམ་ཆོས་དཀར་གཏོར་ལྔ་མར་གྱིས་བཟོས་པ། མེ་དར་དཀར་པོ། ཕྲེང་ཚར་གཅིག་བཅས་བཀོད། ས་རྒོད་ཡིན་ན་རྡོ་ལེབ་དང་ཤིང་རྩི་བཏིང་ལ་དེ་སྟེང་པ་ཉོབ་བླུགས་ལ་ལེགས་པར་བཅག་འོ་ཆབ་ཀྱིས་བྲན་ལ་ཐིག་ཆེན་བརྒྱད་དང་། ཟླུམ་སྐོར་ལྔ་བྲི། ལྟེ་བར་ཟླ་

(༡༨༤)སྟེང་རཾ་ཡིག་དམར་པོ། དེ་རྒྱབ་པད་འདབ་བཞི་ཕྱོགས་མདོག །དེ་རྒྱབ་པད་འདབ་བརྒྱད་སེར་པོ། དེ་རྒྱབ་པད་འདབ་བཅུ་དྲུག་དཀར་པོ། དེ་རྒྱབ་པད་འདབ་པོ་གཉིས་དམར་པོ། དེ་རྒྱབ་མུ་ཁྱུད་ལྗང་སྨུག་པོ་གཅིག །དེ་ལ་མེ་ཏོག་དཀར་པོ་བརྒྱད་ཅུ་བྲི། ཡང་ན་ཐམས་ཅད་དཀར་པོ་བྲིས་ཀྱང་རུང་། ལྕང་མ་དང་པུར་དཀར་སོགས་ཞི་བའི་ཤིང་གཡས་སྐོར་དུ་བརྩིགས། དེ་ནས་ཤིང་ཞིབ་བརྫང་སྟེ་མི་ཚང་བཅའ། དེའི་སྟེང་དུ་བསང་ཤིང་གི་བསང་ཁང་ཕུབ། ས་བདག་དང་ལྷ་མོ་བརྟན་མའི་དཀར་གཏོར་དང་གསེར་སྐྱེམས་ཀྱང་མི་ཐབས་ཟུར་དུ་བཞག ༈ །སྲེག་རྫས་ལ་ཡཾ་ཤིང་པོར་བཅུ་གཉིས་པ། མར་གྱི་རིལ་བུ། ཟས་སྣ། ཕྱེ་མར། ཀུ་ཤ་དར་ཚོན་སྣ་ལྔ་བཅས་བཤམས་ལ། ༈ ཐོག་མར། ཚིག་བདུན་གསོལ་འདེབས། བསམ་འགྲུབ་མ། ཞིང་སྒྲུབ་གདངས་ན་མོ༔

(༡༨༥)དཀོན་མཆོག་སོགས། སེམས་བསྐྱེད་དོ༔ རང་ཉིད་སོགས། བཛྲ་གུ་རུ་སོགས་༡༠༨ཨརྒྷཾ་སོགས། ཞི་རོལ་སྔགས་རོལ་འོག །སྨན་རཀ་གཏོར་གསུམ་བསྒྲིགས་མི་དགོས། ཧཱུྃ། སྐྱེ་རྒ་སོགས་དྲིལ་གསིལ། ཧཱུྃ། གནམ་པ་སོགས། དུག་ཤིང་གང་རུང་ཞིག་ལ་མེ་སྦར་ནས་མཆོད་པ་དང་། རྫས་ལ་བསྐོར་ཞིང་། ཀུ་རུ་ཡེ་སྭཱ་ཧཱ། སྐབས་ཕྱིར་དེར། མཆོད་གཡོག་གིས་ཆུ་ཆབ་ཀྱིས་བྲན་ལ། ཧཱུྃ། སྟོང་གསུམ་སོགས། སྔགས་དྲུག་ཕྱག་དྲུག་གཞུང་བཞིན་བྱ་མཆོད་གཡོག་གིས་ཆུ་ཆབ་ཀྱིས་དཀར་གཏོར་གསེར་སྐྱེམས་བྲན་ལ། བྷཱུ་མི་པ་ཏི་སོགས་སྔགས་ལན་༣ཧཱུྃ་དབུས་ཕྱོགས་སོགས་

(༡༨༦)ཐིམ་པར་གྱུར། ཞི་རོལ་སྔགས་གསུངས། གཏོར་མ་གསེར་སྐྱེམས་མཆོད། ཧཱུྃ། ཁྲོ་བོའི་སོགས། དེངས་ཤིག་རོལ་འོག་སྔགས་གསུང་། ཡུངས་ཐུན་བྲབ་མེ་དར་གཡབ་ལ། ཨེ་སྟོང་པའི་སོགས། བཞི་དྲིལ། བཛྲ་ས་མ་ཛ ཧཱུྃ། ཕྱོགས་བཞི་དབུས་ཀྱི་སོགས། རཾ་རཾ་སྭཱ་ཧཱ། ཧཱུྃ། ཡེ་ཤེས་ལྔ་ཡི་སོགས། བཞི་དྲིལ་གྱིས་མེ་དར་གཡབ་ལ། བྷ་ག་ཝན་ཧཱུྃ་ཧཱུྃ། མེ་དར་མེ་ནང་དུ་བཙུག །ཡང་ན་སྲུང་བའི་ཚུལ་གྱིས་མི་ལ་བཏགས་གོ །བཞི་དྲིལ་གྱིས་མདའ་དར་སྣ་ལྔ་གཡབ་ལ། ཧཱུྃ། དད་པ་དང་ནི་སོགས། ཛཧཱུྃ་བྃ་ཧོ། ཧཱུྃ། རིན་ཆེན་སོགས། ཀུ་ཤ་རྒྱ་གྲམ་ཕུལ། ལ་ཡ་སྟཾྭ དྲི་མེད་ཡིད་འོང་སོགས། མཆོད་ཡོན་ཕུལ་ལ། དྲི་མེད་ཡིད་འོང་སོགས། བྷོ་དྷི་སོགས་སྔགས། ཡམ་ཤིང་ལྷག་མེད་དུ་འབུལ། ཨོཾ་དྲི་མེད་སོགས། མར་ཁུ་དང་། མར་གྱི་འབྲང་འབྲང་

(༡༨༧)དུ་ཡོད་འབུལ། ཨོཾ་དྲི་མེད་སོགས། ཨོཾ་བཛྲ་པུཥྤེ་སོགས། སྔགས་ཁ་ཕྲལ་ཏེ། མཆོད་པ་འབུལ། ཕྱེ་མར་འབུལ་བ་ནི། ཧཱུྃ། ཡེ་ཤེས་ཀློང་ཡངས་སོགས། འགྲུབ་པར་མཛོད། སྔགས་སྐབས། ཕྱེ་མར་ཕུལ་ལ། གྲངས་གཙོ་བོར་བཟུང་༡༠༨མཐར། ཀུ་ཤ་འབུལ་བ་ནི། ཨོཾ་དྲི་མེད་སོགས། ཨ་པྲ་ཏི་ཧ་ཏ་སོགས། བསྟོད་པ་ནི། ཨོཾ་ཚངས་པ་སོགས། ཨ་ཀ་རོའི་སྐབས། གཏོར་མ་དགང་གཟར་དུ་བཞག་ལ་ཆབ་བྲན་ལ་སྔགས་ལན་༣ཚེ་བླུག་ན་རག་གྱིས་མར་ཁུས་བྲན་ལ། མེ་ལྷའི་སོགས། ཀུ་རུ་ཡེ་སྭཱ་ཧཱ། གཏོར་མ་ཐབ་དུ་འབུལ། ཡང་གོང་བཞིན་ལ་གཏོར་མ་བཞི་པོ་རེ་རེ་བཞིན་དགང་གཟར་དུ་བཞག་ལ་མར་ཁུས་བྲན། ཀུ་རུ་ཡེ་སྭཱ་ཧཱ། ཐབ་དུ་འབུལ། ཞི་རོལ་མཐར་བསང་ཆེན་རོལ་མོ་ཐེང་མཐར། སུམ་རྡུང་གིས། བསང་གདང་མཛད། ཧཱུྃ་དད་པ་སོགས་

(༡༨༨)སྒྲུབ་ཏུ་གསོལ། འབེབས་སུམ་རྡུང་། ནད་ཐམས་ཅད་སོགས། རོལ་འོག་ཏུ་གསུངས་ནས། ཧཱུྃ། དད་པ་སོགས། མ་ཡེ་སྭཱ་ཧཱ། གྲངས་ཁ་ཤས་མཐར། འབེབས་སུམ་རྡུང་གི་བྷྲུྃ་གྱི་ཡི་གེ་སོགས། གྲངས་གང་འགྲུབ། མཐར་འབེབས་བསང་ཆེན་རོལ་མོ་མཐར། སུམ་རུང་གིས། ཀྱཻ། བསླུ་མེད་དཀོན་མཆོག་སོགས། གདངས་བཅས་མཐར་དཀྱིལ་འཁོར་གཞལ་སོགས། བཀྲ་ཤིས་རོལ་མོ་བཞག །རྗེས་ཆོག་མཆོད་པ་མཐར། རྒྱ་རག་རྒྱ་གླིང་མི་བཅད། བསྟོད་པར་འོས་པ་སོགས། བདག་ཅག་སོགས་བསང་གདངས། ཡིག་བརྒྱ་ལན་༣ཡེ་ཤེས་འཇིག་རྟེན་སོགས། བྱང་ཆུབ་ཤོག །བཀྲ་ཤིས་རབ་རྒྱས་སོགས། ཤིས་བརྗོད་ཁ་ཤས་མཐར། བྱང་ཆུབ་སེམས་སོགས། བསྟན་རྒྱས་སྨོན་ལམ་དང་། བསྔོ་སྨོན་བཅས་ལེགས་པར་གྲུབ་བོ། །

(༡༨༩)རིན་ཆེན་རྒྱལ་ཐེབས། དེའི་ཕྱོགས་གྲྭ་བཅས་གཙུག་ལག་ཁང་གི་སྟེང་དུ་སྒར་བསང་ཆེན་མོ་དཔལ་སྤུངས་སྤར་མ་བཞིན་ལ། བརྔན་དང་། དགྲ་ལྷ་ལཾ་ལྷ་བཅས་གསུངས་སྲོལ་ཡོད། ༈ པདྨ་རྒྱལ་ཐེབས། དེའི་ཕྱོགས་གྲྭ་བཅས། མགོན་ཁང་ཆེན་མོར། གསོལ་སྐང་མཚལ་འབྲིང་ལ། གསོལ་ཁ་གདན་བཞུགས། བསྐང་བ་འབྲིང་པོ། ཚོགས་མི་གསུང་། གཏོར་འབུལ་ལྷ་མགྲོན་ཆ་ཚང་གསུངས་མཛད་དགོས། ༈ ཀརྨ་རྒྱལ་ཐེབས། དེའི་ཕྱོགས་གྲྭ་བཅས་ཁྲག་མདོས་ལ། དེའི་བཅའ་ཐབས་ནི། མདོས་གདན་ཤིང་ངམ་གང་རུང་སྟེང་དུ། རི་རབ་བང་རིམ་བཞི་པ་ཕྱོགས་མདོག་ཅན། དེའི་སྟེང་དུ་གཏེར་གསར་དྲག་པོའི་དཔལ་གཏོར་རྒྱན་ལྔ་བསྒྲོམ་རྩོར་ཉི་ཟླ་དང་མེ་རི་ཁྱི་གཞུག་ཅན། དེའི་རྒྱབ་ཏུ་ནམ་མཁའ་དཔལ་བེའུ། མདུན་དུ་ལྷ་མོའི་སྐུ་ཙཀ །རིགས་

(༡༩༠)ལྔ་ཕྱག་མཚན་སྤར་གཏབ་བཀོད། གཡས་སུ་མདའ་དར་༣གཡོན་དུ་འཕང་བཀྲ་གསུམ། བང་རིམ་གཉིས་པར་སྐང་སྤར་བྱ་ནག་གཙོས་འདབ་ཆགས་སྣ་ཚོགས་བང་རིམ་གསུམ་པར་འདུག་ནག །གཙོས་སྐང་རྫས་བཙུག །གཡས་སུ་བྱ་ནག་མགྲིན་པ་དུང་ཕྲེང་། ཟེ་བ་དང་མཆུ་ནི་དམར་པོ་ཅན། གཡོན་དུ་ལུག་ནག་སྤྱི་དཀར། མདུན་དུ། ཟན་གྱི་ནང་དུ་ཚྭ་བསྟུམ་པ་ལྒོང་ངའི་དབྱིབས། རྒྱབ་ཏུ་སྨན་ཏིང་བརྩེགས་མ་རྩེ་མོ་དཀར། བར་མཚམས་ཐེབས་ཀྱུ། ཤ་དུམ་གྱིས་བསྐོར། ཁྲག་ཀོང་༡༣ གཏོར་ཆུང་༡༣ བཅས་བཀོད། སྟེགས་གཞན་དུ། ངར་མི་ལ་མར་མེ་གསུམ་བཞག །ཐ་མ་དྲི་གླུད་ཀྱིས་བསྐོར། དེ་ཡི་མདུན་གང་བདེར། སྐུ་གླུད་ཀྱི་གཟུགས་བཞག །རས་ནག་སྟེང་དུ་འབྲུའམ་འབྲས་ཀྱི་ཆོས་འབྱུང་ཟུར་དྲུག་བྲིས་པའི་དབུས་དང་། ཟུར་ལ། ཀོང་བུའམ། སྟེང་བདུན་གྱི་ནང་དུ་ཇ་ཕུད་བླུག །གཡས་སུ་ལྷ་

(༡༩༡)གཟུགས་དཀར་པོ་དབྱེ་ཞིང་ལག་ན་དར་དཀར་གྱེན་དུ་ཕྱར་བ། དེ་དྲུང་དུ་ཤྭ་གདན་དཀར་པོ་ལ། ཤྭ་དཀར་མིག་བྲིས་པ། རྡེའུ་དཀར་པོ་༡༣བཞག་པར་བྱ། གཞོན་དུ་འདྲེ་གཟུགས་ནག་པོ་མགོ་བཀུག་པ། ལག་ན་དར་ནག་ཐུར་དུ་བཟུང་བ། དེ་དྲུང་དུ་ཤྭ་གདན་ནག་པོ་ལ། ཤྭ་ནག་མིག་བྲིས་པ། རྡེའུ་ནག་པོ་བཞག་མི་གཟུགས་གཉིས་ཀྱི་བར་དུ་འབྲང་རྒྱས་ཕྱེད་དཀར་ཕྱེད་ནག་ཅན། ཆང་ཕུད་དང་གསེར་སྐྱེམས་འདུ་བྱས་ལ། ཐོག་མར། ཚིག་བདུན་གསོལ་འདེབས། སྤྲོས་བྲལ་ཆོས་དབྱིངས། བར་ཆད་ལམ་སེལ། པདྨ་འབྱུང་གནས། ཆོས་སྐུ་ཀུན་བཟང་། བརྒྱུད་འདེབས། གསང་ཆུ་བྱིན་རླབས། རྡོ་དྲིལ། ཕུར་པ་ཕྲེང་མ། རྔ་བྱིན་རླབས་མཐར། བརྒྱ་རྡུང་མི་དགོས། འབེབས་ཆེན་བཅས་བཞག །སྔོན་འགྲོ་དཀར་གཏོར། སྐྱབས་སེམས་ཚོགས་བསགས། རྣལ་འབྱོར་ཆེན་པོ་

(༡༩༢)སོགས་ནས། མཁའ་དབྱིངས་ཡུམ་དང་། རྫས་ཕུར་བྱིན་རླབས་གཉིས་མི་དགོས། གཞན་ཐམས་ཅད་གཞུང་བཞིན་ལ། སྨན་རཀ་གཏེར་གསུམ་བྱིན་རླབས། ཧཱུྃ་ཧྲཱི་ཋ་བར་དང་། ཡང་དག་མི་གསུང་། རོལ་མོ་ཐེང་འབེབས་སུམ་རྡུང་ལན་མེད་ཀྱི། ལས་བྱང་རྡོ་རྗེ་ཁྲོས་པ་ནས། བསྟོད་པའི་བར། ཟུར་གསལ་བྷྲཱུྃ། ནི་ཤྭ་སོགས་སྒྲུབ་ཁོག་ལྡེབ་ནང་། རང་གི་སྙིང་གར་སོགས། གཙོ་སྔགས། ཕྱོགས་བཅུ་དྲེགས་པ་སོགས། ཁྲོ་བཅུ། སྲས་མཆོག །ཕུར་སྲུང་མཐར་སྟོང་ཚིག་ཕུལ། མཐར་བླ་མ་ཡི་དམ་གསུང་། མཐར་མ་མོའི་ཁྲག་མདོས། རང་ཉིད་ཡི་དམ་སོགས། ཆུ་ཆབ་བྲན། རང་གི་མདུན་དུ་སོགས། དྲངས་པར་གྱུར་ཐེང་། འབེབས་སུམ་རྡུང་ལན་ཡོད། བྷྱོ། མུ་ལེ་མཚོ་དང་སོགས། ཨརྒྷཾ་སོགས། སུམ་རྡུང་། འབེབས་དང་། སུམ་རྡུང་གིས། བྷྱོ། ཆོས་སྐུ་སྐྱེ་སོགས་

(༡༩༣)སུམ་རྡུང་འབེབས་བཞག །ལྷ་མོའི་ཐུགས་ཀར་སོགས། བྷྱོ་མ་ཧཱ་སོགས། བྷྱོ་མ་ཧཱ་སོགས། ལན་༣། དྲུག་འདོན། ཕཊ་སྐད་ཅིག་སོགས། མ་ཧཱ་རཀྟ་སོགས། ཧྲཱིསྭཱ་ཧཱ། ཐེང་། འབེབས་སུམ་རྡུང་གིས། བྷྱོ་གཞོང་པ་སོགས། ཏིང་ཕོར་བདུན་གྱི་ནང་དུ་ཇ་ཕུད་ཕྱར་ཞིང་། བྷྱོ། རཀྟ་སོགས། བདུད་རྩིའི་ཏིང་ཕོར་བདུན་བྲན་ལ། བྷྱོ། རིན་ཆེན་སོགས། ཧཱུྃ་ཧཱུྃ་བྷྱོ་བྷྱོ། སུམ་རྡུང་འབེབས་དང་སུམ་རྡུང་གིས། འབྲུ་སྣ་ཁ་གསོས་ལ། ཧཱུྃ་སྣང་སྲིད་སོགས། རྒྱལ་མོའི་ཐུགས་དམ་བསྐང་། ཨོཾ་ས་མ་ཡ་སོགས། ཡིག་བརྒྱ་བཅས་ལན་༣། མར་མེ་གསུམ་སྦར་ལ་བདུད་རྩིའི་བྲན། བྷྱོ། སྲིད་པའི་རྒྱལ་མོ་སོགས། བྱང་གྱུར་ཅིག །ན་མ་སོགས། ལན་༧ཆུ་གཙང་སྦྲེང་། སྐུ་གསུང་ཐུགས་སོགས། སངས་གྱུར་ཅིག །སུམ་རྡུང་འབེབས་སུམ་རུང་། མར་མེ་གསུམ་ངར་མའི་ནང་

(༡༩༤)དུ་ཕུལ། ལྷ་འདྲེའི་གཟུགས་བྲན་ལ། བྷྱོ། སྲིད་པ་ལས་སོགས། ཤ་ཡ་ཕཊ། སུམ་རྡུང་འབེབས་སུམ་རྡུང་གིས། འབྲང་རྒྱས་བགོས་ལ་ལྷ་འདྲེའི་མདུན་དུ་བཞག །ཤྭ་དཀར་ནག་སྒྲིལ་ཅུག་ལ། བྷྱོ་མ་གཅིག་སོགས། པུཥྚི༚་ཀུ་རུ་ཡེ་སྭཱ་ཧཱ། སུམ་རྡུང་འབེབས་སུམ་རྡུང་། ཤྭ་འཕང་། ལྷ་རྒྱལ་བྱ། ཤྭ་སོ་སོར་བླུག །འདྲེ་གཟུགས་མར་བཀུག་ལ། བྷྱོ་སྣང་སྲིད་འཇིག་རྟེན་སོགས། རྒྱས་པར་མཛོད། སུམ་རྡུང་འབེབས་སུམ་རྡུང་། རྡིལ་ནག་ཁྲག་ཕོར་དུ་བླུག །རྡིལ་དཀར་གནམ་དུ་གཏོར་ལྷ་གཟུགས་འབྲང་རྒྱས་དཀར་པོ་ཁང་སྟེང་དུ་བསྐྱལ། འདྲེ་གཟུགས་འབྲང་རྒྱས་ནག་པོ། འདྲེ་ལྔའམ། བདུད་གཅོད་དཾ། ལོ་བདུད་ཕྱོགས་སུ་དོར། དེ་ནས་ཁྲག་གཾ་ཇ་ཕུད་བླུག་པའི་ཏིང་ཕོར་བདུན་པོ་མདོས་མདུན་སྣོད་ཀྱི་ནང་དུ་བླུག །སླར་ཡང་ཕོར་བ་རང་མལ་དུ་བཞག་ནས་ཁྲག་ཆུས་བཀང་ལ་བདུད་རྩིས་བྲན། བྷྱོ། སྔོན་གྱི་སོགས་

(༡༩༥)ཕྲིན་ལས་འགྲུབ་པར་མཛོད། སུམ་རྡུང་འབེབས་ནས་སུམ་རྡུང་། བདེ་རིམ་སྐབས་བལ་མཚོན་མི་དགོས། བྷྱོ། ནད་གྱི་ཚོན་སྤྲིན་སོགས། ད་བསྒྱུར་ཅིག །སུམ་རྡུང་འབེབས་སུམ་རྡུང་། ཕོར་བའི་ཁྲག་ཆུ་མདོས་མདུན་དུ་བླུག་ལ། ཕོར་བའི་ནང་དུ་ཁྲག་ཐིག་རེ་བླུག་སྟེ། ལུག་སོགས་སོ་སོ་རས་ནག་གི་ཟུར་བཞི་ནས་བཏེགས་ལ། བྷྱོ་ཤར་གྱི་དཀར་མོ་སོགས། ཕྱོགས་སུ་བྷྱོ། སུམ་རྡུང་འབེབས་སུམ་རུང་། ཁྲག་ཐིག་རྣམས་ཕོར་བ་གཅིག་དུ་བསྡུ། ལོ་བདུད་ཕྱོགས་སུ་དོར། སླར་ཡང་བདུད་རྩི་ཅུང་ཟད་རེ་བླུག་ལ། རྩ་བ་གསུམ་སོགས། ན་མོ་ག་སུམ་རྡུང་འབེབས་སུམ་རྡུང་གིས། བྷྱོ། སྔོན་ཚེ་སོགས། ཀུ་རུ་ཨོཾ་ཚར་༣མཾ་གང་འགྲུབ་སུམ་རྡུང་འབེབས་བཞག ༈ གནམ་ཆོས་དཀར་གཏོར་རཾ། སྡེ་བརྒྱད་གསེར་སྐྱེམས་བཏང་། དེ་ནས་དཀར་གཏོར་གསེར་སྐྱེམས། དེ་རྒྱབ་ངར་མི་

(༡༩༦)དེ་རྒྱབ་ཁྲག་སྣོད། དེ་རྒྱབ་མདོས་ཞལ་གྱུ་ལ། སུམ་རྡུང་མཚམས་མེད། འབེབས་སུམ་རྡུང་ལན་མེད། བྷྱོ་མ་གཅིག་སོགས། མ་གཅིག་གཉེན་གདངས་ཀྱིས་གྱེར་ལ། གཙྪ་ནས་དགྲ་བགེགས་དཔུང་འཇོམ་བསྡུས་པ། སུམ་རྡུང་ལེན་མེད། ན་མོ་སོགས། གཏོར་གཞུང་སྦུབ་ལ། བྷ་ཡ་ནན། སུམ་རྡུང་ལན་མེད་འབེབས་བཞག །འཇིག་རྟེན་འདྲེན་པའི་སོགས། མཐར་བཀྲ་ཤིས་བརྗོད་ལ། རྗེས་ཆོག་གཞན་ནི་མི་དགོས། ཕྱོགས་བཅུ་དུས་བཞི་དང་། བསྔོ་སྨོན་གྱིས་མཐའ་རྒྱན་བར་བྱའོ།

(༡༩༧)སྨིན་གླིང་རྡོར་སེམས་གྱུར་ལ། ཚིག་བདུན་གསོལ་འདེབས། བར་བསམ་རེས་མོས། རྒྱུད་འདེབས། བསང་ཆུ་སྒྲུབ། གནས་བདག་གཏོར་མ་བྲན། རྃ་ཡྃ་ཁྃ། སྟོང་པའི་སོགས། གནས་བདག་གཏོར་ཕུལ། གཏོར་མ་གཉིས་པ་བྲན། སྔགས་ལན་༣། ཧཱུྃ་རྣལ་འབྱོར་སོགས། བགེགས་གཏོར་དོར། ཧཱུྃ་ཧཱུྃ་སོགས། ཡུངས་ཐུན་བྲབ། བླ་མ་རིག་འཛིན་སོགས། གཞུང་བཞིན། མཆོད་པ་བྱིན་རླབས་མཐར། ས་མ་ར་སོགས། ཨོཾ་མ་ཧཱ་སོགས། བདག་བསྐྱེད་ལ་བཞི་དྲིལ་ནས། བཛྲ་ས་མ་ཛ༔ བསྡུ་རྒྱ། ཨོཾ་ཕྱོགས་བཅུ་སོགས། ཛཧཱུྃ་སོགས། ཨོཾ་ཧཱུྃ་སྐབས་དྲོད་བསྡམ་བརྐྱང་བ་སྒྲུབ་གཞུང་བཞིན་མཚུངས། ཐུགས་ཀ་སོགས་ཨོཾ་དཔག་མེད་སོགས། མཚན་ལྡན་སོགས། འདི་ཕྱིན་སྔགས་ལ་དྲིལ། དྲིལ་སྟབས་དང་། རིགས་ལྔའི་རྒྱ་དང་། ཨོཾ་བླ་མ་དཔལ་ལྡན་སོགས། བདག་གི་སོགས། དྲུག་འདོན། བསྙེན་པའི་

(༡༩༨)མཐར། ཨོཾ་དཔལ་ལྡན་སོགས། རང་གི་སྙིང་སོགས། མདུན་ལ་བསང་ཆུས་བྲན་ལ། ཨོཾ་མ་ཧཱ་སོགས། ས་མ་ཛ བསྡུ་རྒྱ། ཨོཾ་ཕྱོགས་བཅུ་སོགས། ཛཧཱུྃ་སོགས། དབང་བསྐུར་རྒྱས་གདབ་གོང་བཞིན། ཚོགས་རྟེན་སོགས། དྲུག་འདོན། གང་གི་དྲིན་སོགས། བདེ་བར་གཤེགས་སོགས། ཨོཾ་དཔག་མེད་སོགས། ཤབྡ་ལ། མི་དབང་སོགས། སྔགས་ལ་པད་སྐོར་དང་ནཾ་མཛོད་རྒྱ། ཕྱོགས་དུས་ཀུན་སོགས། སིལ་སྙན་བཞི་བརྟེན་ལ། ཨོཾ་པཉྩ་ཀ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཧཱུྃ། ལྷ་ཡི་དབང་སོགས། སྔགས་ཐམས་ཅད་པད་སྐོར་དང་། ནམ་མཁའི་མཛོད་རྒྱ། འོག་མར་འགྲོ། ཨ་ལངྐ་ར་ནས་བསྐུལ་མཚམས། ཨོཾ་མཆོད་པའི་སོགས། བཞི་དྲིལ། གཙང་དམེའི་སོགས། བཞི་དྲིལ། ལས་རྡོར་འདུས་པར་བདུད་རྩི་འགྱེད། དཀྱིལ་འཁོར་ནས་མཆོད་ལ། ཨོཾ་མཆོད་དོ་སོགས། རྡོ་དྲིལ་བཅས་མཆོད། ཤ་ལྔ་སོགས། སྔགས་ལ་དྲིལ། བདེ་ཆེན་ཉིད་

(༡༩༩)དྲིལ་སྟབས་རྒྱ་གོང་བཞིན་ལ། ཨོཾ་བླ་མ་སོགས། ཕྱག་འཚལ་བསྟོད༔ དྲུག་འདི་ནི་སོགས། བདག་ཉིད་སོགས། སྔགས་ཡིག་དྲུག །ཡིག་བརྒྱ་བཟླས། ཨོཾ་དཔལ་ལྡན་སོགས། འོག་གི་བུམ་པ། རང་གི་ཐུགས་ཀ་སོགས། ཡིག་བརྒྱ་བཟླ། མེ་ཏོག་དོར་ཞིང་། གཟུངས་ཐག་ཕུལ། ཨོཾ་ཨཱསོགས། ལྷ་འོད་ཞུ་སོགས། གསུངས་མཛད། བུམ་པ་འོད་ཞུ་མི་དགོས། ཧཱུྃ་ཡེ་ཤེས་སོགས། ཞི་གདངས་དང་དྲུག་འདོན་གང་མོས། བཟོད་པར་གསོལ། གང་ཞིག་ཐོག་སོགས། ཕྱིར་བསྔོའོ། ཨོཾ་རྣལ་འབྱོར་དབང་སོགས། སྩལ་དུ་གསོལ། ཨོཾ་བདེ་བར་སོགས། ཧཱུྃ་བསྐང་ངོ་སོགས། བར་མཚམས་ཐམས་ཅད་ལ་མཆོད་སིལ་ལ། འོག་མར་འགྲོ་སྒྲུབ་ཆེན་སྣ་སེལ་སྐབས། བདག་འཇུག་མི་དགོས། བླ་མ་ཡི་དམ་གསུངས། མཐར། ༈ ཚོགས་བསང་སྦྱངས་ཞུ། བསང་ཆུས་བྲན། སྤོས་བཙུགས། བདུད་རྩིའི་བྲན་

(༢༠༠)ཨོཾ་སརྦ་དྲ་བྱཾ་སོགས། ཨོཾ་བསོད་ནམས་སོགས། ས་མ་ཡ་སྟཾ། ཨོཾ་གུ་རུ་བཛྲ་སོགས། ཨོཾ་རཱུ་པ་སོགས། ཤབྡ། ༈ ཚོགས་དང་པོ་ཞུ་གཟུགས་སྒྲ་སོགས། ཚོགས་ཕུད་ཕུལ། ༈ ཚོགས་བར་པ་ཞུ། ཐོག་མེད་སོགས། ཡིག་བརྒྱ་དྲིལ། ཚོགས་བར་པ་ཕུལ། ༈ ཚོགས་ཐ་མ་ཞུ། སློབ་དཔོན་མདུན་དུ་བཀོད་ལ། བཛྲ་ཡ་སོགས། མཆིས་པར་གྱུར་དྲིལ། ནྲི་ཡཾ་སོགས། ཏྲི་ཡཾ་སོགས། འགུགས་རྒྱ་ལན་༢ཛ་ཧཱུྃ་རང་རྒྱ། ཧཱུྃ་ང་ནི་སོགས། སྔགས་སྐབས་ཚོགས་བསྒྲལ། དུག་ལྔས་སོགས། བདུད་རྩིའི་བྲན་ལ། སྨན་གཏོར་དུ་འབུལ། ༈ ཚོགས་དྲངས་ལ། ཞུ་ལེན་དང་། སྨོན་ལམ་གསུང་། ལྷག་མ་བསྡུས་ལ། ལ་རྡོར་པས། ལྷག་གཏོར་ཞུ་ལ། བདུད་རྩི་བཅས་སློབ་དཔོན་མདུན་དུ་ཁྱེར་བ་སོགས་སྤྱི་ཞིན། པུཥྤེ་མཐར། ཧཱུྃ། སྔོན་ཚེ་སོགས། ཁ་ཧི། ལྷག་མ་མཆོད། འབྲུ་གསུམ་གྱིས་སྨན་རཀ་བྲན་ལ་

(༢༠༡)ཧཱུྃ་སྔོན་ཚེ་སོགས། ཆད་ཐོ་ཕུལ། གཏོར་གཞོང་བཤལ་བ་བརྟན་མར་བླུག །འབྲུ་གསུམ། བྷྱོ། སློབ་དཔོན་པདྨ་སོགས། བརྟན་ཕུལ། མཆོད་ཁ་གསོས། བསང་ཆུས་བྲན་ཞིང་། ཨོཾ་མ་ཧ་སོགས། སྭཱ་བྷཱ་སོགས། སྟོང་པའི་སོགས། ཤབྡ། ཨོཾ་གུ་རུ་སོགས། མི་རྟོག་སོགས། བཞི་དྲིལ། མ་རྙེད་སོགས། ཡིག་བརྒྱ་ལན་༣། འདིར་ནི་གཟུགས་སོགས། རང་གི་སྙིང་སོགས། འབྲུ་གསུམ་ལ། རྡོ་དྲིལ་བཅས་རྒྱ། བཛྲ་ཀ་ཝ་སོགས། གོ་ཆའི་རྒྱ་མཐར་གོ་གྱོན་ཚུལ། ཐམས་ཅད་མ་སོགས། བླ་མ་ཡི་དམ་སོགས། ཡོ་དྷར་མ་སོགས། ཨོཾ་བྱིན་རླབས་སོགས། བཀྲ་ཤིས་ཤོག །མཆོད་སྦྱིན་གནས་སོགས། ཕྱོགས་བཅུ་དུས་བཞི་སོགས། བསྔོ་སྨོན་གྱིས་མཐའ་རྒྱན་པར་བྱའོ། །

(༢༠༢)

(༢༠༣)ཚེས་༢སྔ་དྲོད་ཐོ་གསོལ་བ་རྣམས། དང་པོ་ཆབ་གཏོར་བཏང་། འབྱུང་བའི་སྐབས། རླུང་རྫས་གཏོར་མ་ལྗང་གུ་ཟླ་གཾ། ཤར་ཕྱོགས་སུ་ཕུལ་མེ་རྫས་གཏོར་མ་དམར་པོ་ཟུར་གསུམ། ལྷོ་ཕྱོགས་སུ་ཕུལ། ཆུ་རྫས་གཏོར་མ་དཀར་པོ་ནུབ་ཕྱོགས་སུ་ཕུལ། ས་རྫས་སེར་པོ་གྲུ་བཞི་བྱང་ཕྱོགས་སུ་ཕུལ། སྔོན་ཚེ་ལྷ་དབང་སྐབས་སྐུ་གླུད་ཕུལ། ཆ་གསུམ་གཞུང་བཞིན་བཏང་། དྲི་མེད་བཤགས་རྒྱུད་སོགས་བྱའོ། ༈ རྒྱལ་ཐོ་གསོ་སྐབས་མཆོད་པ་ཕྲེང་ཚར། རྒྱལ་ཆེན་བཞི་ལ་དཀར་གཏོར། ཕྱོགས་སྐྱོང་ལ་དཀར་གཏོར། སྒོ་བྱང་ཕྱི་ནང་ལ་དམར་གཏོར། སོགས་དགོས། ༈ ཚེས་༣ སྔ་དྲོར་གཞུང་འཚོགས་ལ་ཕེབས་ཏེ་ཕྱག་རྐྱང་མཐར་རྒྱལ་ཐོ་གསོ་དགོས། ༈ དངོས་གཞི། ཚེས་༤ ཉིན། གཞུང་འཚོགས་ཀྱིས་ཕྱག་བརྐྱང་གི་སྨན་རཀ་གཏོར་མ་ཚུར་གདན་ལ་

(༢༠༤)ཟུར་འཚོགས་ཀྱིས། སྔ་ཆར་ཆབ་གཏོར། ཕྱག་རྒྱ་གཅིག་པའི་བསྙེན་པ་གྲུབ་མཚམས། རྒྱལ་ཆེན་བཞི་དང་། ཕྱོགས་སྐྱོང་། སྒོ་བྱང་ཕྱི་ནང་བཅས་ཐོ་གསོས་གྲུབ་ནས། ཡར་འཚོགས། བསྡུ་ལྡང་བྱ། བསངས་བདུད་རྩི་སྤྲིན་ཕུང་གསུངས་ནས། གོང་ཚིག་གྲོལ། ཕྱི་དྲོ་ཡར་འཚོགས། དྲི་མེད་བཤགས་བརྒྱུད། རྒྱ་ནག་ཀག་ཟློག །ལྕགས་མཆུ། ཟངས་མཆུ། གཙུག་ལག་མདོ་བཞི་ནི། བཀྲ་ཤིས་བརྩེགས་པ། ཕྱོགས་བཅུ་མདུན་སེལ། གནམ་པ་སྣང་བརྒྱད། ཉེས་པ་ཀུན་སེལ་བཞིའོ། གཞན་ཡང་གདུགས་དཀར་མཆོག་གྲུབ། སྡོང་པོ་བརྒྱད་མདོས་བཅས་ཀླག་ནས། འཚོགས་གཞུང་ཐུགས་དམ་གྲུབ་པ་དང་འཚོགས་གྲོལ། ཚེས་༩བར་དེ་བཞིན། ཚེས་༡༠ཉིན་ཕྱག་རྐྱང་བསྙེན་པའི་མཐར་སྟོང་ཚིག་དང་། རྒྱལ་ཐོ་གསོ། ཡར་འཚོགས་བསྡུ་ལྡང་མཐར། བསངས་བདུད་རྩི་སྤྲིན་ཕུང་མཐར་གྲུབ་བོ། །

(༢༠༥)མཚན་ཐུན་སྐབས། ཐེང་། འབེབས་སུམ་རྡུང་། སྐྱབས་སེམས་ནས་བཟུང་། ལས་བྱང་ཕྲིན་ལས་འདུས་པ་སྤྱི་ལྟར། ཟུར་གསལ་བྷྲུྃ་བི་ཤྭ། རང་གི་སྙིང་གར་སོགས། གཙོ་སྔགས་ལ་ཐུན་གདངས་ཀྱིས་ཐུན་བཟུང་ནས། ༈ མཚན་ཐུན་གཉིས་པ་རྣམས་ཕེབས་ནས་སྔར་བཞིན། སྐྱབས་སེམས་ནས་བཟུང་། གཙོ་སྔགས་བར་གསུངས། ཐུང་གདངས་ཀྱིས་ཐུན་བསྡུང་བའི་སྐབས། ཐུན་ཐག་དེ་ལ་ཕུལ་ནས། བསྙེན་པ་ཁ་ཤས་མཐར། པྲོ་ཐ་དང་ཕུལ་ཕྱོགས་བཅུར་སོགས་ཁྲོ་བཅུ་དང་། སྲས་མཆོག་དང་། ཕུར་སྲུང་བཅས་རེ་རེའི་མཐར་སྟོང་ཚིག་ཕུལ། ཨེ་ཡཾ་ཛྭ་ལ་རཾ་སོགས་ནས། གཞུང་བཞིན་ལ། ཆོས་ཀྱི་དབྱིངས་མཐར། རོལ་མོ་གསེང་། ཐུན་གྲབ་ལ་སྤར་བ་དང་བསྒྲལ་བར་བྱ། མཐར་ཟློག་རོལ་གྱིས། ཤར་ཕྱོགས་དཀར་མོ་ཟློག་གདངས། མཐར། རོལ་མོ་གསེང་

(༢༠༦)གྲུབ་ཁུང་དུ་ཐུན་བྲབ། དཀྱིལ་འཁོར་ལ་བསྐོར་བ་མཛད་ནས། སྒོ་ཡི་གྲུབ་ཁུང་ལ་ཐུན་བྲབ། གཡས་སྐོར་གྱིས་ཐུན་བྲབ་བཞིན་པར་ཡར་ཕེབས་ལ། འབེབས་ཕབ་ནས་བཞག །དཀྱིལ་འཁོར་མདུན་དུ་བཞེངས་ལ། རྡོ་རྗེ་ཕུར་པ་སོགས། ཡིན་འབེབས་གཞུང་བཞིན་ལ། རྒྱུད་གསུམ་རོལ་མོའི་ཚེ་ཐུན་གྱི་དགུ་བཞུགས་པས་སྐོར་བ་༣དང་དར་ཁྲ་གཡུག་ནས་འབེབས་བཞག །དབྱེ་རྒྱ་དང་སྔགས། བྱིན་དབབ་པ་བཅས་མཛད་ནས་མཚན་ཐུན་གཉིས་པ་གྲུབ། ༈ གསུམ་པའི་སྐབས་འཛབ་སྟོད་རྗེས་མའི་སྐབས། བླ་མ་ཡི་དམ། གསང་ཕུར་ཚོགས། ཕུད་ལྷག་ཚར་ནས། རྗེས་ཆོག །ཧོ བླ་མ་ཡི་དམ་སོགས། འཇུག་ཆིངས་གཞུང་བཞིན་མ་བཀྲ་ཤིས་བར་བཏང་། དེ་ནས་ཉུལ་ལེ་བསྐྲད་པ་དང་། བྱིན་འབེབས་བཅས་སྔར་ལྟར་གྲུབ་བོ། ༈ སྨད་ལས་སྐབས། གཞན་སྔར་ལྟར་ལ། ཕུར་

(༢༠༧)སྲུང་བསྙེན་པའི་སྟོང་ཚིག་ཕུལ་གྲུབ་ནས། ཡོན་ཏན་བཟླས་པ་དང་། ཕྲིན་ལས་བཟླས་པ་གསུངས། ཐུན་དང་པོ་དང་། གཉིས་པར། ཉུལ་ལེ་བསྐྲད་པ་པ་དང་། བྱིན་འབེབས་བཅས་དང་། མཚན་ཐུན་༣པར། བླ་མ་ཡི་དམ། ཕྱག་རྐྱང་ཚོགས་ནས་བཀྲ་ཤིས་བར་གཞུང་བཞིན་ལ། དེ་སྐབས་དབུ་མཛད་ནས་རོལ་སིལ། སློབ་དཔོན་ནས་ཌཱ་རྒྱུ་དང་། དར་ཁྲ་སོགས། འཚོགས་གཞུང་བཞིན་ཡིན་ནོ། ༈ སྨན་སྒྲུབ་དང་སྦྱར་བའི་སྐབས་སུ། ཐོག་མར་ཁྲོལ་སྒྲུབ་སྐབས་སུ་ལས་བྱང་ནས་བཟུང་ཕུར་སྲུང་བསྙེན་པ་བར་བཏང་ཁྲོལ་སྒྲུབ་ཀྱི་ཆོ་ག་གསུངས། བསྙེན་པའི་སྐབས་སུ། གཙོ་བསྙེན་དང་། སྨན་སྒྲུབ་པའི་བསྙེན་པ་སྦྲེལ་ནས། ཐུན་བཟུང་དགོས། ༈ རློན་སྒྲུབ་སྐབས་སུ་ཡང་། གོང་བཞིན། ཕྲིན་ལས་བཟླས་པའི་མཐར། རློན་སྒྲུབ་ཀྱི་ཆོ་ག་གསུངས་ནས་བསྙེན་

(༢༠༨)པའི་སྐབས་སུ། གཙོ་བསྙེན་དང་། རློན་སྒྲུབ་བསྙེན་པ་སྦྲེལ་ནས་བཟླའ་དགོས། བྱིན་འབེབས་སྐབས་སུ། གཞུང་གི་བྱིན་འབེབས་མཐར། སྨན་གྱི་བྱིན་འབེབས་སྦྱར་དགོས། གཞན་ཐམས་ཅད་སྤྱི་དང་མཚུངས་སོ། །

(༢༠༩)རྡོ་རྗེ་མཚམས་པ་ནི། ཚེས་༣༠དགོང་མོར། ཐོག་མར་དྲག་པོའི་སྦྱིན་སྲེག་ལ། རྡོ་རྗེ་མཚམས་པའི་མཆོད་གཡོག་གིས་མཆོད་པ་དང་གཏོར་མ་རྣམས་གཞུང་གི་མཆོད་གཡོག་ནས་ཞུ་ཞིང་། གང་དུ་བྱ་བའི་གནས་དེར། མཆོད་པ་སྣ་བདུན། དབུས་སུ་ས་ལྷའི་ཚོམ་བུ་སེར་པོ་དང་། དཀར་གཏོར་གསེར་སྐྱེམས་བཅས་བསྒྲིགས་ལ། ཞི་བའི་སྦྱིན་སྲེག་སྐབས་ཀྱི་ས་སློང་དང་། ཆག་ཆག་གདབ་པ་འདི། ལས་བཞི་ཐམས་ཅད་ལ་འགྲོ། ཞི་སྦྱིན། ལྡེབ་༢ ངོས་མཆོད་གཡོག་གི་ཆུ་ཆབ་བྲན་ལ། རྃ་ཡྃ་ཁྃ་སོགས། ཨོཾ་སོགས། བྷཱུ་མི་སོགས། བསྡུ་རྒྱ། བྷཱུ་མི་སོགས། གཏོར་རྒྱ། བཞི་དྲིལ་གྱིས། ཧཱུྃ། ས་བདག་ལྷ་ཀླུ་སོགས། མཛད་དུ་གསོལ་༣

(༢༡༠)བྷཱུ་མི་པ་སོགས། དཀར་གཏོར་གསེར་སྐྱེམས་མཆོད། སློབ་དཔོན་ཕྱག་གཡས་རྡོ་རྗེ་བཅས་པ་རེག་ཏེ། གཙོ་སྔགས། སྭ་བྷ་ཝ་སོགས། སྟོང་ཉིད་ཀྱིས་རྒྱས་གདབ་བོ། སློབ་དཔོན་གྱིས་དུག་ཁྲག་གི་ཆག་ཆག་གདབ་ལ། ཧཱུྃ། རང་བྱུང་རྣམ་དག་སོགས། ལས་རྡོར་གྱིས་ཁྱབ་པར་བྱུག་གོ །དེ་ནས་ས་སྟེགས་གྲུ་བཞི་པ་ལ་ཚངས་ཟུར་བརྒྱད་སོགས་དྲག་པོའི་མེ་ཐབ་བྲིས་ལ། འབྱོར་ན་དྲག་པོའི་ཤིང་ཚེར་མ་ཅན་གྲུ་གསུམ་དུ་བརྩེགས། མ་འབྱོར་ན་ཤིང་གང་རུང་བརྩེགས་པའི་སྟེང་དུ་ཚེར་མ་ཅན་འགའ་ཤས་འཇོག །སྦྱིན་སྲེག་མ་རག་བར་ཐབས་ཁེབ་ལྗང་གུའམ་དམར་ནག་གང་རུང་གིས་འགེབ། ཕུག་རུ་ཅོག་ཁེབས་སྟེང་དུ་ཕུག་གཏོར་གཡས་གཡོན་དུ་སྨན་རག །ཆད་བརྟན། ཚོགས་ཞི་མཆོད་ཕྲེང་ཚར་དཀར་བགེགས་བཅས་དང་། འདི་ཉིད་དྲག་པོའི་དབང་གིས། སློབ་དཔོན་གྱི་གཡས་སུ་མཆོད་སྟེགས་བང་རིམ་གཉིས་ཅན་སྟེང་

(༢༡༡)ཁེབ་ནག་བཀབ་པའི་བང་རིམ་དང་པོ་ལ། དཀྱིལ་འཁོར་པའི་མཆོད་གཏོར་རྒྱན་ལྔ་བསྒྲོམ། གཡས་གཡོན་དུ་སྨན་རཀ་དང་། དྲག་མཆོད་ཕྲེང་ཚར། བང་རིམ་གཉིས་པའི་སྟེང་དུ། མེ་ལྷའི་གཏོར་མ་ཉིས་རྒྱན་དང་། དྲག་མཆོད་ཕྲེང་ཚར་བཅས་བཤམས། དྲག་མཆོད་ནི། ཁྲག་གི་མཆོད་ཡོན། དབང་པོའི་མེ་ཏོག །ཚིལ་ཆེན་བདུག་པ། ཞུན་ཆེན་གྱི་མར་མེ། ཁྲག་ཞག་གི་དྲི་ཆབ། ཤ་རུས་ཀྱི་ཞལ་ཟས། ཐོད་རྔ་དང་། རྐང་གླིང་གི་སྒྲའོ། གཡོན་དུ་ཅོག་ཁེབ་ནག་པོའི་སྟེང་དུ། སྐྱེར་པའི་ཡམ་ཤིང་མཐོ་གང་ངཾ་སོར་བཅུ་གཉིས་པ་རྩེ་གཉིས་མར་ནག་གི་སྦགས་པ། མར་ནག་གཾ་ཚིལ་ཞུན་གྱི་མར་ཁུ། ལྕགས་སྣོད་གྲུ་གསུམ་མམ་ཐོད་སྣོད་དུ། དྲིལ་ནག །ཟས་མཆོག་གི་ཚབ་ཏུ་གྲོ་རིལ་སྲོག་ལྡན་ནི། ནྀྲ་ཏྲི། བཅུག་པ། འབྲས་འབྲས་སོ་བ་

(༢༡༢)ནས། སྲན་མ། གྲོ་དུརྦའི་ཚབ་ཏུ་ལིང་ཆུང་རྫས་ཀྱི་གྲངས་ལྡན། ཀུ་ཤ །ཤིང་ཐོག །རྫས་སྤུངས། སོ་རྩི། གོས་ཟུང་རིན་ཆེན་ཕྱེ་མ། མེ་དར་མཐིང་ག །རླུང་གཡབ་ནག་པོ་བཅས་བཀོད། ༈ སློབ་དཔོན་གྱི་མདུན་དུ་གཡས་ནས་བརྩམ་ནང་མཆོད། ཌཱ་རུ་རྡོ་རྗེ་previous hit དྲིལབུ next hit་འཐོར་ནས། ལས་ཕུར། གཡབ་དར་དམར་ནག་གཉིས། གུ་ཡུངས་བཅས་བཞག །གཞན་ཡང་ཉེར་མཁོ་ལ། བུམ་སྒྲུབ་ཞེས་པའི་ལིངྒ། ཁྱིམ་བྱ་མོའི་མགོ་ཅན། རང་མནན་ཞེས་པ་མི་གདོང་བྱ་རོག་གི་མཆུ་ཅན་གྱི་ལིངྒ་༢མི་གཟུགས་ཀྱི་ལིངྒ་༢བཅས། དགྲ་ཤ། ཚེར་མ། སྐུད་པ་སྔོ་དམར། སྐེ་ཚེ། རླུང་གཡབ། ཆུ་ལྐུག །ལྕགས་ཀྱུ། ཞགས་པ། ལྕགས་སྒྲོགས། དྲིལ་བུ། དུག་ཐུན། ལྷ་དབྱེའི་སྒྲོ་གཉིས། གདབ་ཕུར། གུལ་རྒོད་

(༢༡༣)ཡུངས་དཀར་བྱད་ཐག །རལ་གྲི། ཐོ་བ། རྡོ་ཐུན། དུག་ཁྲག་བཅས་འདུ་བྱས་ལ། ༈ ཐོག་མར་ཚིག་བདུན་གསོལ་འདེབས། སྐུ་གསུམ་གསོལ་འདེབས། བར་བསམ་རེས་མོས། པདྨ་འབྱུང་གནས་སོགས། ཆོས་སྐུ་ཀུན་བཟང་སོགས། རྒྱུད་འབེབས། བྱིན་རླབས་ལྡེབ་༢རྒྱབ། བསངས་ཆུ་བྱིན་རླབས། བཛྲ་མ་ཧ་སོགས་ནས། ཨོཾ་བཛྲ་མ་ཧ་སོགས། སྔགས་༡༠༨ཁྲོ་མོ་དབྱིངས་ཕྱུག་སོགས། ལས་རྡོར་གྱིས་བདག་གནས་ཡོ་བྱད་ལ་བསང་ཆུ་གཏོར་ཞིང་། ཨོཾ་བཛྲ་སོགས་སྔགས་ལན་༣ལྡེབ་༤ངོས། རྡོ་དྲིལ་བྱིན་རླབས། ཧཱུྃ་ལས་ཡེ་ཤེས་སོགས། གདབ་ཕུར་བྱིན་རླབས། ཨོཾ་བཛྲ་ཀཱི་ལི་སོགས། ལྡན་པར་གྱུར་ཨོཾ་བཛྲ་སོགས། ཕུར་པ་ལན་གསུམ་བསྒྲིལ། ཕྲེང་མ་བྱིན་རླབས། ཨ་ཙནྡྲ་སོགས། སྙིང་པོ་༡༠༨རྔ་བྱིན་རླབས། ཉི་མ་སོགས།

(༢༡༤)མ་ར་ཡ་ཧཱུྃ༔ རོལ་མོ་ཐེང་། འབེབས་མཐར་བརྒྱ་རུང་མཐར། འབེབས་ཆེན་བཅས་བཞག །སྔོན་གཏོར། མཆོད་གཡོག་གིས་བསང་ཆུས་དཀར་གཏོར་བྲན་ལ་རྃ་ཡྃ་སོགས། ཨོཾ་ཨཱསོགས། བྷཱུ་མི་ས་ཏི་སོགས་བསྡུ་རྒྱ། ཨ་ཀ་རེ་ལ་གཏོར་རྒྱ། ཧཱུྃ་ས་བདག་སོགས། མཛད་དུ་གསོལ། བྷཱུ་མི་སོགས། དུང་དཀར་རྐྱང་པ། སྐྱབས་སེམས། རང་གི་སྙིང་གའི་སོགས། སྐྱབས་འགྲོ། སེམས་བསྐྱེད། ཚོགས་བསགས་བཅས། ལན་༣རེ། ཚད་མེད་བཞི། བསོད་ནམས་སོགས། ལན་༡རང་ཉིད་སོགས། མཆོད་གཡོག་གིས་བགེགས་གཏོར་པག་ཀོང་མི་སྦར། གསང་ཆུས་བྲན་ལ། རྃ་ཡྃ་ཁྃ་སོགས། ཨོཾ་ཨཱཧཱུྃ་ལ་མཁའ་ལྡིང་རྒྱ། ཨ་ཀརྵ་ལ་འབུགས་རྒྱ། ན་མསརྦ་ལ་གཏོར་རྒྱ། ཐེང་༣འབེན་སུམ་རྡུང་ལན་མེད་ཀྱིས། སྤྱི་ཆིངས་ལྡེབ་༢རྒྱབ། ཧཱུྃ། རྣལ་འབྱོར་ཆེན་པོའི་སོགས། གདོན་མི་

(༢༡༥)ཟ༔ སུམ་རྡུང་ལན་མེད་འབེབས་སུམ་རྡུང་ལན་མེད། མཆོད་གཡོག་གིས་བགེགས་གཏོར་དེར་ལ། གུ་གུལ་འགྲིམ། སྔགས་རོལ་འོག །ཧཱུྃ། ང་ནི་ལས་ཀྱི་སོགས། ཀུ་རུ་ཧཱུྃ། ཧཱུྃ་ཆོས་ཀུན་སོགས། ཤ་ཡ་ཕཊ། རྡོ་དྲིལ་བཅས་དབྱེ་རྒྱ། ཧཱུྃ་དབྱིངས་རིག་སོགས། ཐུགས་པར། ཙྪ་ཧོ༔ ཧཱུྃ་སྣང་སྲིད་གདོད་སོགས། ཐུགས་པར་ཟིན་པར་ཤོག །ཧཱུྃ་རང་རིག་ཡེ་ཤེས་སོགས། ༡༢༣༡༢༣ཧཱུྃ་མི་མངོན་དབྱིངས་སོགས། ཨ་ཨ། རྒྱུད་གསུམ་རོལ་མོའི་མཐར་འབེབས་ཆེན་བཅས་བཞག །ཧཱུྃ་རྡོ་རྗེ་ལྟ་བུ་སོགས། དྲུག་འདོན། ཏྲྃ་ལས་བདེ་བ་སོགས། ཨ་ཧཱུྃ་རྒྱ་རག་དུང་དཀར་ཌཱ་མེད། ཨ་ལས་སོགས། དྷཱུ་ས་ཤབྡ་ཐེང་འབེབས་ཆུང་མཐར་བཞག །ཡིག་འབྲུ་སོགས། སརྦ་པཉྩ་སོགས། མཆོད་གཡོག་གི་ཕྱག་གཡོན་པས་བདུད་རྩི་ལན་༣དཀྲུགས། ཨ་ལས་སོགས་

(༢༡༦)མ་ཧ་རཀྟ་སོགས། མཆོད་གཡོག་གི་ཕྱག་གཡས་པས་རཀྟ་ལན་གསུམ་དཀྲུགས་ཅིང་ཕྱར། བྷྲཱུྃ་ལས་སོགས། བ་ལི༚་ཏ་སོགས། སྨན་རཀ་ཀྱིས་ལན་གསུམ་བྲན་ལ། ཐེང་༣འབེབས་སུམ་རྡུང་ལན་མེད། ཧཱུྃ། རྡོ་རྗེ་ཁྲོས་པར་སོགས། བཾ་ཧཱུྃ་ཕཊ། དྲུག་ཧཱུྃ་དམ་ཚིག་སོགས། ཨོཾ་ཨཱཧཱུྃ། རྡོ་རྗེ་རྩེ་ལྔ་རྩེ་གསུམ་རྩེ་གཅིག་གི་རྒྱ་མཛད། ཧཱུྃ་ཨོཾ་ཏྲྃ་ཧྲཱིཨཱ ཕྱག་རྡོར་བསྡམས་ལས། མཛུབ་མོ་བརྐྱང་བ། དེ་བཞིན་གུང་མོ་སྲིན་ལག་མཐེ་བོང་མཐེའུ་ཆུ་བརྐྱང་བ་མགོ་བོའི་གནས་ལྔར་བཞག །ཨོཾ་བཛྲ་སོགས། བསྡུ་རྒྱ། ཧཱུྃ། ཆོས་ཀྱི་སོགས། ས་མཱ་ཛ༔ ཐེང་འབེབས་ཆེན་སུམ་རྡུང་ལན་ཡོད། མཆོད་གཡོག་གི་སྤོས་ཕོར། ཧཱུྃ་སྲིད་པ་ཕུར་བུའི་སོགས། གྲུབ་སྩོལ། སུམ་རྡུང་ལན་ཡོད་འབེབས་སུམ་རྡུང་ལན་ཡོད། སྔགས་རོལ་འོག་གི་བསྡུ་རྒྱ་དང་། རྒྱ་བཞི་བཅས་མཛད་

(༢༡༧)ཧཱུྃ་དུར་ཁྲོད་རབ་འཇིགས་སོགས། ཏིཥྛ་ལྷན། གདན་རྒྱ། ཧཱུྃ་ཆོས་ཀྱི་སོགས། ཐལ་སྦྱར། ཧཱུྃ། རུ་ཏྲ་སོགས། རྐང་གླིང་ཐོད་རྔའི་སྒྲ༔ ཧེ་རུ་ཀ་ཡི་ཚོགས་ལ་འབུལ༔ རྐང་ནས་འབུལ་བར་རྐང་༣། རྔ་རུ་ཐོད་རྔ་ནས་འབུལ་བར་གཅིག །པཱུ་ཛ་ཧོ། སུམ་རྡུང་ལན་ཡོད་འབེབས་སུམ་རྡུང་ལན་ཡོད་ཀྱིས། ཧཱུྃ་གཏི་མུག་སོགས། ཁ་ཧི། མཆོད་གཡོག་གིས་བདུད་རྩི་མཆོད་ལ་གྲལ་ལ་འགྲིམ། ཆོས་སྐུ་ཀུན་བཟང་སོགས། སྨན་མཆོད་ལ་དྲིལ་གསིལ་དང་། བདུད་རྩི་མཆོད། ལྕེ་ཡི་དམ་ཚིག་སོགས། བདུད་རྩི་གནས་གསུམ་དུ་རེག་ཅིང་མྱོང་། ཧཱུྃ་དུང་ཆེན་སོགས། མ་ཧཱ་རཀྟ་སོགས། མཆོད་གཡོག་གིས་རཀྟ་མཆོད་ཧཱུྃ་བྷནྡྷ་སོགས། བ་ལི༚་ཏ་སོགས། སྨན་རཀ་ཀྱིས་གཏོར་མ་བྲན། རུ་དྲ་ཁཱ་ཧི། སུམ་རྡུང་འབེབས་བཞི་རྡུང་ལན་ཡོད། ཧཱུྃ་ཡེ་ཤེས་སྐུ་ནི་སོགས། ཕྱག་

(༢༡༨)འཚལ་བསྟོད༔ བཞི་རྡུང་འབེབས་བཞག །ཟུར་གསལ། བྷྲཱུྃ་བི་ཤྭ་སོགས། སྒྲུབ་ཁོག་ལྡེབ་༤༠། རང་གི་སྙིང་ག་སོགས། གཙོ་སྔགས། མཐར་སྟོང་ཚིག་ཕུལ། འདི་ཐམས་ཅད་ལ་མཆོད་གཡོག་གིས་སྨན་རཀ་མཆོད། འོག་མར་འགྲོ། ཧཱུྃ་ཕྱོགས་བཅུ་སོགས། ཁྲོ་བཅུའི་སྔགས་མཐར། སྟོང་ཚིག་ཧཱུྃ་ཟླ་གམ་སོགས་སྔགས་མཐར། སྟོང་ཚིག་ཧཱུྃ་རྡོ་རྗེ་ཕུར་པའི་སོགས། སྔགས་མཐར། སྟོང་ཚིག་ཕུལ། རྃ་ཡྃ་སོགས། ཐེང་༣འབེབས་སུམ་རྡུང་ལན་ཡོད། ཧཱུྃ། བླ་མ་ཡི་དམ་སོགས། སུམ་རྡུང་འབེབས་བཞག །ཚོགས་ཐམ་ཟུར་དུ་བཅད་ལ་བསངས་སྦྱངས་ཞུ། འཇུག་ཆིངས་ཚོགས། ཨོཾ་སརྦ་སོགས། སྤོས་བཙུག་ཆུ་ཆབ་དྲན། ཐེང་༣འབེབས་སུམ་རྡུང་ལན་མེད། ཧཱུྃ་རྡོ་རྗེ་སོགས། རྃ་ཡྃ་ཁྃ་སོགས། བདུད་རྩིའི་ཆབ་བྲན། གང་བར་གྱུར། ༡༢༣ ༡༢༣ སྔགས་རོལ་འོག །ཧཱུྃ་ཆོས་དབྱིངས་སོགས། ཡེ་ཤེས་ཚོགས་ལ་སོགས། ཚིག་འབེབ་དང་སུམ་རྡུང་ལན་མེད་མཆོད་ སྦྱངས་བྱིན་གྱིས་བརླབ་པ་ལ་ཐུགས་གཏད་པར་ཞུ་

(༢༡༩)གཡོག་གིས་ཕྱག་༣བཅས། ཚོགས་དང་པོ་ཚོགས་ཕུད་འབུལ་བ་ལ་ཐུགས་གཏད་པར་ཞུ། ཐེབ་༢ནང་ཚོགས་དང་གཉིས་བཅད་ལ་བཞག །ཧཱུྃ་བླ་མེད་མཆོག་སོགས། སྩལ་དུ་གསོལ། སུམ་རྡུང་འབེབས་སུམ་རྡུང་ལན་ཡོད། ཚོགས་ཕུད་སྨན་གཏོར་དུ་ཕུལ། ཚོགས་ཆང་སྨན་ཐོད་དུ་བླུགས། ཕྱག་འཚལ་ཚོགས་བར་པ་བསྐང་བཤགས་གནང་བ་ལ་སོགས། ཧཱུྃ་རང་བྱུང་བདེ་ཆེན་སོགས། མཆོད་ཁ་གསོ། བདུད་རྩིས་བྲན་ལ། ཧཱུྃ་བྷྱོ་ཧཱུྃ། ཧཱུྃ་དཔལ་ཆེན་སོགས། སྒྲོལ། འགྲུབ་པར་མཛོད། ཧཱུྃ་བླ་མ་ཡི་དམ་སོགས། མཆོད་དང་སོགས། ཚིག་འབེབས་བཞག །ཚོགས་བར་པ་སྨན་གཏོར་དུ་འབུལ་ལ། ཕྱག་༣བཅས། ཚོགས་ཐ་མ་བསྒྲལ་མཆོད་གནང་བ་སོགས། ཚོགས་ཐ་མ་སློབ་དཔོན་མདུན་དུ་བཞག །འགུགས་པ། ན་མོ། སངས་སོགས། འགུགས་རོལ་མཐར། སུམ་རྡུང་ཆེ་བརྡེབ་ཅན། ཧཱུྃ་ཆོས་ཀྱི་དབྱིངས་སོགས།

(༢༢༠)ཧཱུྃ་ང་ནི་དཔལ་སོགས། སློབ་དཔོན་གྱིས་ཕུར་པས་པད་སྐོར་བཅས་ཚེ་བསོད་བསྟིམ་པ་དང་། རྣམ་ཤེས་སྤར་བའི་ཚུལ་གྱིས། སྔགས་སྐབས་བསྒྲལ། སུམ་རྡུང་ཆེ་བརྡེབ་འབེབས་མཐར་སྨིན་དགུ་རུང་། ཧཱུྃ་དཔལ་ཆེན་སོགས། ཚོགས་བསྒྲལ་བ་སློབ་དཔོན་གྱིས་འཛིན། མཆོད་གཡོག་གིས་བདུད་རྩིས་བྲན་ལ། མཐར་མཆོད་གཡོག་གིས། སྨན་གཏོར་དུ་བླུགས། ༈ རྐང་རག་སྨིན་གླིང་དགུ་རུང་མཐར་འབེབས་བཞག་གོ ༈ དྲག་སྲེག་སྐབས། ཐོག་མར་སློབ་དཔོན། བེར་ནག་དང་། བྱ་རོག །སྲོག་ཞུ་བཞེས། ཞལ་ལྷོར་ཕྱོགས་པར་བཞུགས་ལ་སྲེག་རྐྱང་དང་། སྒྲུབ་པའི་ལས་སྦྱོར་གཉིས་ལས། འདིར་སྲེག་རྐྱང་གི་སྐབས་ཡིན་པས། སློབ་དཔོན་གྱི་མདུན་དུ་ཤོག་ལིང་ཟན་ལིང་ཆེ་བ། མེ་ཁྲུས་སྐབས་ཀྱི་སྐེ་ཚེ་སོགས། གོང་དུ་གསལ་བའི་བསྒྲལ་ཆས་རྣམས་བཀོད་ལ། ཐོག་མར་མིང་ཁྲུས་ནི། རྗེ་བཅོ་ལྔ་པའི་བཀའ་འབུམ་ནང་བཞུགས་པའི་སྒྲུབ་པ་སྤྱིར་མཁོ་མན་ངག་གནད་སྒྲོམ་

(༢༢༡)ལས་གསལ་བ་བཞིན། མཆོད་གཡོག་གིས་ཤོག་ལིང་སྐྱེར་སྐམ་གྱིས་བཟུང་ལ། རྃ་རྃ་རྃ། སློབ་དཔོན་གྱིས་སྐེ་ཚེའི་མེའི་བྲབ་པའི་ཚེ་ལིངྒ་རྣམས་མཆོད་གཡོག་གིས་རིམ་པར་བསྒྱུར། དེ་བཞིན་དུ། ཡྃ་ཡྃ་ཡྃ་གྱི་སྐབས་སློབ་དཔོན་གྱིས་རླུང་གི་གཡབ། ཁྃ་ཁྃ་ཁྃ་གྱི་སྐབས། སློབ་དཔོན་གྱི་མེ་ལོང་ངོག་རུ་ཆུ་ལྐུགས་གིས་ཁྲུས་བྱ། བྷྲཱུྃ་བཛྲ་ཀྲོ་དྷ་སོགས། ལས་ལ་ཆས་པར་བསམ། མཆོད་གཡོག་གི་ཆུ་གཙང་གིས་བྲན། རང་གི་མདུན་དུ་སོགས། བསྟིམ་པར་བསམ་ལ་ཐོང་། འབེབས་སུམ་རྡུང་ལན་ཡོད། ཧཱུྃ་ཛ དམ་ཚིག་ཆེན་པོ་སོགས། ཕྲིན་ལས་མཛོད། དྲག་འབེབས་སུམ་རྡུང་ལན་ཡོད་ཀྱིས། འགུགས་པ་ལན་མཐར་འབེབས་བཞག །མཆོད་གཡོག་གིས་ལྕགས་ཀྱུ་ཕྱག་ཏུ་ཕུལ། སློབ་དཔོན་གྱིས་ལྕགས་ཀྱུས་བཏབ་ལ། སྔགས་འདུར་གདངས་ཀྱིས། ཨོཾ་བཛྲ་ཀཱི་ལི་སོགས་ནས། ལས་

(༢༢༢)ཕུར་སྤྱི་བོར་བཏབ་ནས། ཨོཾ་བཛྲ་ཀི་ལི་སོགས། སྔགས་ཚན་པོ་འདུར་གདངས་ཀྱིས་ བར་གཞུང་བཞིན་མཛད་འདོན་པ་མཚམས་བཞག ༈ །མི་གདོང་བྱ་རོག་གི་མཆུ་ཅན། འདྲེ་ལྟེབས་དྲི་ཡིག་གི་སྐོར་པ་བཅག་ནས། མགོ་མཇུག་ལྡོག་པར་དྲིལ་བར་ཚོན་སྐུད་སྔོ་དམར་གྱིས་དཀྲིས། ཁྱི་ཐོད་དུ་བཅུག་ལ། རོ་གོས་སཾ། ཁུང་རེས་དྲིལ། ཁྱི་འོག་ཅན་གྱི་ཁུལ་རྐུད་ནག་པོས་ཚེམ། བྱད་ཐག་སྔོ་དམར་གྱིས་རྒྱ་གྲམ་དུ་བསྡམ། མནན་ཐིལ་གདབ། སེ་སྦྱེར་པ། འོམ་བུ་གསུམ་གྱིས་གྲུ་གསུམ་དུ་འཛིར་བ་ནི། སྒྲུབ་ཁོག་གི་དམ་སྲི་མནན་པ་ཡིན། ༈ ཡང་། གཅིག་ཤོས་དེ་ཤི་བལྟེབས་སཾ། རོ་བལྟེབས་ནི། ཁ་གསང་སྤྲད་ལ་གཡོན་པ་གཡས་ཀྱིས་ནོན་པར་བྱས་ལ་བལྟེབས། བྱད་ཐག་སྔོ་དམར་གྱིས་དཀྲིས་ལ། སྙིང་གར་སྐྱེར་ཕུར་བཏབ་ནས། ནང་སྒོའི་ཕྱི་འགྲམ་དུ་འཇོག་ནས། སྒྲུབ་པ་གྲོལ་ནས་རྟ་བྲོའི་སྐབས་

(༢༢༣)ཀྱི་མནན་པ་ཡིན། ༈ མི་གཟུགས་ཀྱི་ལིངྒ་དེ། འདྲེ་བལྟེབས་དྲི་ཡིག་གི་སྐེད་པ་བཅག་ནས། མགོ་མཇུག་ལྡོག་པར། བྱད་ཐག་སྔོ་དམར་གྱིས་བཅིང་དེ། གཅིག་ཤྭ་ནའི་ཟློག་གཏོར་ཞབས་དང་། གཅིག་གྲུབ་ཁུང་ཆེ་བར་འཇོག་ཆིང་། མཐར་སློབ་དཔོན་རྐྱང་པས་ཧོམ་སྤར་དྷུ་ལིངྒ་གཉིས་ཡིན། ༈ ཁྱིམ་བྱ་མོའི་མགོ་ཅན་ལིངྒ་གཅིག་དེ་མཚོན་ཆ་ལྟེབས་སུ་གྲགས་པ་ཡན་ལག་བཞི། ནང་དུ་བཅག་པས་ལྟེབས་ཤིང་། བྱད་ཐག་སྔོ་དམར་གྱིས་བཅིང་པ་སྟེ། དཀྱིལ་འཁོར་གྱི་ལྷོ་ནུབ་དུ་འཇོག་ལ། ཐུན་དྲུག་ཁྲབ་ཅིང་། བུམ་སྒྲུབ་སྐབས་མཚོན་ཆས་བརྡེག་ཤིང་། མཐར་གཏོར་རྒྱག་སྐབས་ཟོར་འཕེན་ཡུལ་ཡིན་ནོ། ༈ སྦྱིན་སྲེག་དངོས་ཀྱི་འདོན་བྱ་ལ། ཞི་བའི་སྦྱིན་སྲེག་ལྡེབ་༣རྒྱབ། མཆོད་གཡོག་གིས་བསངས་ཆུས་རྡོ་དྲིལ་བྲན་ལ། ཨ་མྲྀ་ཏ་སོགས། སྭཱ་བྷ་སོགས་

(༢༢༤)ཨོཾ་མ་ཧ་བཛྲ་སོགས། རྡོ་རྗེ་ཐུགས་ཀར་གསོར། ཨོཾ་བཛྲ་གྷཎྜེ་སོགས། previous hit དྲིལབུ next hit་གསིལ་ཞིང་སྐུར་བརྟེན། ཨོཾ་སརྦ་སོགས། འཁྱུད་རྒྱ། དགང་བླུགས་བསངས་ལ། ཨ་མྲྀ་ཏ་སོགས། སྭཱ་བྷ་སོགས། གྱུར་པར་བསམ། དྲག་སྲེག་ལྡེབ་༣རྒྱབ། སློབ་དཔོན་ནང་མཆོད་ཀྱིས་མཆོད་རྫས་རྣམས་བྲན་ལ། ཨོཾ་བཛྲ་ཨ་མྲྀ་སོགས། སྤརྴེ་ཨོཾ་ཨཧཱུྃ་ཐེང་འབེབས་ཆུང་བཞག །སྨན་རག་གཏོར་གསུམ་སྔགས་༣སྐབས། མཆོད་གཡོག་ནས་ཕྱག་ལེན་རྒྱུན་བཞིན་བྱ། སློབ་དཔོན་གྱིས་རྡོ་དྲིལ་དགང་བླུགས་བཅས། རྡོ་རྗེ་རྩེ་གཅིག་གི་ཕྱག་རྒྱའི་ཚུལ་རྫས་རྣམས་ལ་རེག་ཅིང་། ཨོཾ་སྭཱ་ཧཱ་སོགས་ནས། ཀུ་རུ་ཀུ་རུ་སྭཱ་ཧཱ་༣བར། རྫས་རྣམས་སོགས། ལྷན་པར་གྱུར། ཞི་བའི་སྦྱིན་སྲེག་ལྟར། ཨོཾ་ཨཱཧཱུྃ་དགྲ་བགེགས་ཀྱི་སོགས། ལན་གསུམ་གྱི་བྱིན་རླབས་འོག་མར་འགྲོ། འདི་སྐབས་ཕྱག་རྒྱ་སོགས་གང་ཡང་མེད། ཤན་པའི་མེ་སྒྲོན་ཕྱག་གཡོན་དུ་ཐོགས་ལ། ཧཱུྃ་མེ་ལྷའི་གདངས་ཆོས་དབྱིངས་རྣམ་དག་སོགས། ཛྭ་ལ་རཾ་

(༢༢༥)ཧཱུྃ་ཧཱུྃ་ཧཱུྃ། རླུང་གཡབ་ཀྱིས་བསྐུལ། ནང་མཆོད་ཀྱིས་ཀུ་ཤ་བྲན་ཅིང་། ཨོཾ་བཛྲ་ཨ་མྲྀ་སོགས། སློབ་དཔོན་བཞེངས་ལ་ཕྱག་ཏུ་ཀུ་ཤ་ཐོགས་ལ་ཨོཾ་མེ་ལྷའི་གདངས་ཀུ་ཤ་སོགས། འདི་དྲག་པོའི་སྟབས་ཀྱིས་གཡོན་བསྐོར་དུ་ཀུ་ཤ་དགྲམ་ལ། སྭཱ་ཧཱ། བཞི་དང་། དབུས་སུ་རྩེ་མོ་ལྷོར་བསྟན་པས་བཀབ་སྟེ། སྭཱ་ཧཱ། སྲེ་ལན་ནོ༴ ནང་མཆོད་ཀྱིས་ཐབས་བྲན་ཅིང་། ཨ་མྲྀ་ཏ་སོགས། སྭཱ་བྷཱ་སོགས། སྟོང་པའི་ངང་སོགས། དྲངས་པར་གྱུར། འདུས་པ་རྣམས་ཀྱི་མི་འཇིགས་པའི་རྒྱ་དང་། སློབ་དཔོན་གྱིས་མི་དར་མཐིང་ཀ་ཐོགས་ལ། ཧཱུྃ། དད་པ་དང་ནི་སོགས། ཨོཾ་ཨགྣ་ཡེ་སོགས། སྐབས་མེ་དར་མེ་ནང་དུ་བཙུག །བི།།།ན་སོགས། ཡུངས་དཀར་ཐབ་དུ་གཏོར་ཀུ་ཤ་རྒྱ་གྲམ་འཕང་ལ། ཏིཥྛ་ལྷན་སོགས། ཛཧཱུྃ་སོགས། རང་རྒྱལ་མི་ལ་བསྟིམ། ན་མོ་ན་མ་ཐལ་སྦྱར། ཨརྒྷཾ་ནས་ཤབྡ་བར། མེ་ལྷའི་མཆོད་ སྔགས་ཁ་ཕྲལ་ནས་མཆོད་པ་རེ་རེ་བཞིན་ཕུལ།

(༢༢༦)བྱོན་སྐྱེམས་ནི། མེ་ལྷ་ཤིན་ཏུ་སོགས། ཨོཾ་ཨགྣ་ཡེ་སོགས། ལན་བདུན་གྱིས་མར་ཁུས་བཀང་ལ། ཨཱ་དཱི་བྱ་སོགས། གཡོན་སྐོར་དུ་ལན་༡ཕུལ་མཐར་ཧོ དྲང་སྲོང་སོགས། ཡ་ཕཊ ཐོག་མར་ཡཾ་ཤིང་འབུལ་སྐབས་ལྷག་མ་ཅུང་ཟད་རེ་བཞག་ལ། བོ་དྷི་བྲྀཀྵ་སོགས་ལན་༧། ཧ་བྱ་ཀ་བྱ་སོགས། ལན་༡ལྷོ་དྲང་སྲོང་སོགས། དྲིལ་འོག་མར་འགྲོ་མར་ཁུའི་སྐབས་དཀྱིལ་འཁོར་པ་ལ་མར་ཁུའི་ཕུད་ཅུང་ཟད་ཟུར་དུ་བཞག་ལ། མར་ཁུའི་སྔགས་༧། ཧ་བྱ་ཀ་བྱ་ལན་༡ཧོ དྲང་སྲོང་སོགས། འདོད་གསོལ་བཅས་འོག་མར་རྫས་ཐམས་ཅད་ལ་རིག་འགྲོ། ཤིང་ཐོག་དང་རྫས་སྤུངས་སྔགས་སོ་སོའི་འབུལ། ཧོ་དྲང་སྲོང་སོགས། ན་མོ་རིག་པའི་སོགས། བཛྲ་མུ༔ མི་ལྷ་སོགས་མེ་ཁ་གསོས་ལ་རྒྱ་ཆེ་བའི་དབུས་སུ། ཞི་བའི་སྦྱིན་སྲེག་ལྡེབ་༦རྒྱབ། སྣ་ཚོགས་པདྨ་རྒྱ་གྲམ་སྟེང་༔ སོགས་ནས། ཏྲྃ་ཧྲིཨ༔ སྐབས་འདིར་ཚོམ་བུ་སྤྱན་དྲངས་མེད། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་སོགས་

(༢༢༧)བཛྲ་ས་མ་ཛ༔ བསྡུ་རྒྱ། ཧཱུྃ་ཆོས་ཀྱི་དབྱིངས་སོགས། བཛྲ་ས་མ་ཛ༔ པད་སྐོར། ཧཱུྃ་སྲིད་པ་སོགས། ས་མ་ཛ ཚོམ་བུ་མེ་ནང་དུ་དོར་བའི་སྔགས་གསུང་མི་དགོས། ཧཱུྃ་དུར་ཁྲོད་རབ་འཇིགས་སོགས། ཏིཥྛ་ལྷན་སོགས། གདན་རྒྱ། ཧཱུྃ་ཆོས་ཀྱི་སོགས། བྷཱུ་ཧོ། ཐལ་སྦྱར། ཧཱུྃ་རུ་ཏྲ་བསྒྲལ་སོགས། རྐང་གླིང་ནས། ཚིག་རྐང་༡༢ཚེ་རྐང་༣ཐོད་རྔ་ནས། ཚིག་རྐང་ཚེ། སྔགས་ཁ་ཕྲལ་ཏེ་མཆོད་པ་སོ་སོར་ཕུལ་ལ། མ་ཧཱ་པུཥྤེ་པཱུ་ཛ་ཧོ མ་ཧཱ་དྷུ་པེ་སོགས། ཧཱུྃ་གཏི་མུག་བསྒྲལ་སོགས། སརྦ་པཉྩ་སོགས། སྐབས་སྨན་བླུག་གཟར་དུ་བླུག་ལ་ཐབ་ཏུ་འབུལ། ལྕེ་ཡི་དམ་སོགས། མ་ཧ་རཀྟ་སོགས་སྐབས། རཀྟ་བླུག་གཟར་དུ་བླུག་ལ་ཐབ་ཏུ་ཕུལ། ཧཱུྃ་བྷནྡྷ་འབར་སོགས། མ་ཧཱ་བ་ལི༚་ཏའི་སྐབས། གཏོར་མ་ཕྱེད་ཀ་དགང་གཟར་དུ་བཞག་ལ། བླུག་གཟར་

(༢༢༨)གྱིས་མར་ཁུས་བྲན་ལ་ཐབ་ཏུ་ཕུལ། ཧཱུྃ་ཆོས་དབྱིངས་ཡུམ་སོགས། རུ་ཏྲ་ཁ་ཧི ཧཱུྃ་ཡེ་ཤེས་སྐུ་ནི་སོགས། ཕྱག་འཚལ་བསྟོད༔ དྲག་སྲེག་ལྡེབ་༦ནང་། བྱོན་སྐྱེམས་ནི། དཀྱིལ་འཁོར་ལྷ་ཚོགས་སོགས། ཨོཾ་བཛྲ་ཀཱི་ལི་སོགས། ལན་༧གྱི་མར་ཁུས་དགང་གཟར་བཀང་ལ། རཀྨོ་ཡཀྨོ་སོགས་སྤུ་གྲིས་སྔགས་ཀྱིས་གཡོན་སྐོར་དུ་འབུལ། དེ་འདྲ་བ་ལན་༣མཐར། ཧཱུྃ་ཡེ་ཤེས་ཀློངས་ཡངས་སོགས། རྩལ་དུ་གསོལ༔ སྨད་ལས་ཨེ་ཁྲོམ་གྱི་གདབ་ཁ་བདུད་དཔུང་འཇོམས་པའི་མཚོན་ཆ་ཞེས་པ། ལྡེབ་༣རྒྱབ། ཕྱི་སྣོད་ཀྱི་འཇིག་རྟེན་སོགས། ཆས་པར་གྱུར། ཐེང་༣འབེབས་ཟློག་རོལ་གྱིས། ཧཱུྃ་རྡོ་རྗེ་ཕུར་བུའི་སོགས། གྲོགས་མཛོད་ཅིག །ཟློག་རོལ་འབེབས་ཟློག་རོལ། ཧཱུྃ་མཐིང་ནག་གྲུ་གསུམ་སོགས། དུས་ལ་བབ་པོ་ས་མ་ཡ༔ ཟློག་རོལ། འབེབས་འོག་སྔགས་གསུངས་

(༢༢༩)ཟློག་རོལ་གྱིས། ཧཱུྃ་དབྱིངས་ཀྱི་མཚོ་ལ་སོགས། ས་མ་ཡ༔ ཟློག་རོལ། འབེབས་འོག་སྔགས་གསུང་སྟེ། ཟློག་རོལ་གྱིས། ཧཱུྃ་བལ་ཡུལ་མ་བྱིན་སོགས། ས་མ་ཡ༔ ཟློག་རོལ། འབེབས་ཟློག་རོལ་གྱིས། ཧཱུྃ་ཤར་ཕྱོགས་ནམ་མཁའ་སོགས། འགྲུབ་པར་མཛོད། ཟློག་རོལ་འབེབས་བཞག །གསེར་སྐྱེམས་ནི། རྃ་ཡྃ་ཁྃ་ལན་༡། ཨོཾ་ཨཱཧཱུྃ། ལན་༣། ཐེང་༣འབེབས་སུམ་རྡུང་མཚམས་མེད། ཧཱུྃ་རིག་འཛིན་རྩ་བརྒྱུད་སོགས། ཚིག་བཞི་མཚམས་དྲིལ་དང་། གསེར་སྐྱེམས་ལན་༣མཆོད། ཕུད་ཕོར། ཞབས་དང་། སྙེད་པ། ཁ་ནས་འཛིན་ཞིང་། མཐར་བཤལ་བ་སྤྱི་བཞིན་ནོ། མཐུ་དཔུང་བསྐྱེད། སུམ་རྡུང་མཚམས་མེད་འབེབས་དང་། ཟློག་རོལ། ཧཱུྃ་དུས་གསུམ་རྒྱལ་བའི་སོགས། གཟུ་དང་དཔང་༔ ཟློག་རོལ་བརྐྱང་པ། ཧཱུྃ་བདག་ནི་རྣལ་འབྱོར་སོགས། ལས་མཛོད་ཅིག་

(༢༣༠)ཟློག་རོལ་འབེབས་བཞག །ལྷ་རྣམས་ཀྱི་ཐུགས་སོགས། རང་གི་མདུན་དུ་སོགས། ཞིག་ཏུ་གྱུར། མཆོད་གཡོག་གིས་ཁྲག་ཆུས་ཟན་ལིང་བྲན་ལ། ན་མོ། སངས་རྒྱས་སོགས། བདེན་པ་ཆེན་པོ་ནས་རྐང་། ཁུག་ཅིག་དྲག་འབེབས་མཐར་བཞག །འགུགས་པ་ལན་༣མཐར་ཟློག་རོལ། ཧཱུྃ་ཁྲག་འཐུང་སྐུ་ལས་སོགས། འདིར་ཁུག་ཅིག་ཟློག་རོལ་འབེབས་བཞག །ཕོ་ཉ་རྣམས་ཚིག་དང་། སྔགས་འདུར་གདངས་ཀྱིས། མཚོན་ཆ་བཞིས་བརྡེག །ཇ དམ་ཚིག་སོགས། མེད་པར་གྱིས༔ ཟློག་རོལ་རྐྱང་པ་དཀྱིལ་འཁོར་གསུམ་སོགས། སྔགས་སྐབས་དུག་ཐུན་གྱིས་བྲབ། ཧཱུྃ་དམ་ཚིག་ཆེན་སོགས། བྲལ་བར་གྱིས་ཟློག་རོལ་བཞག །དཀྱིལ་འཁོར་སོགས། སྔགས་སྐབས་བྱ་རེག་གཡས་དང་། དུག་སྒྲོ་གཡོན་དུ་འཛིན་ཞིང་དབྱེ་རྒྱ་དང་། སླར་ཡང་། ཧཱུྃ། ཁ་ཁྭ་མུ་ཁྭ་སོགས། གཞན་དུ་དེངས། ཟློག་རོལ་བཞག །ཁ་ཁ་སོགས་

(༢༣༡)སྔགས་སྐབས། སྒྲོ་གཉིས་ཀྱིས་དབྱེ་རྒྱ་མཛད། ཇདམ་ཚིག་སོགས། གཟིར་བར་གྱིས། ཟློག་རོལ་བཞག །དཀྱིལ་འཁོར་སོགས། སྔགས་སྐབས། གུལ་རྒོད་བདུག་སྤོངས་ཐུན་བྲབ་བོ། ཇ༔ དམ་ཚིག་ཆེན་པོའི་སོགས། འཆིང་བར་གྱིས་ཟློག་རོལ་བཞག །དཀྱིལ་འཁོར་སོགས། སྔགས་སྐབས་བྱད་ཐག་གིས་འཆིང་བར་བྱ། ཇ དམ་ཚིག་སོགས། སྨྱོར་ཆུག་ཅིག །ཟློག་རོལ་འབེབས་བཞག །དཀྱིལ་འཁོར་གསུམ་སོགས། སྔགས་སྐབས། དུག་ཁྲག་བཏབ་བོ། རང་གི་ལག་གཡས་སོགས་ཕུར་པ་བསྒྲིལ། རང་བཞིན་ཆོས་ཉིད་སོགས། ཕུར་པ་འཛིན་ཞིང་། ཨཾ་ལཾ་ཧཱུྃ་ལཾ་སྔགས་འདུར་གདངས་མཛད་ཅིང་། ཕུར་པ་བསྒྲིལ། བདག་གི་ཐུགས་ཀ་སོགས། ཕུར་པས་དགྲ་བོའི་ཚེ་བསོད་བསྡུ་བའི་ཚུལ་དང་། ཨ་རྣྲྀ་དེ་སོགས། ཕུར་པས་རྣམ་ཤེས་སྤར་ཚུལ་གྱིས། ཕཊ་དང་། སྔགས་བརྗོད་སླར་ལྷ་ཚོགས་སོགས། བཏབ་པར་གྱུར། ཐེང་༣འབེབས་

(༢༣༢)ཟློག་རོལ། ཨེ་མ་ང་ནི་སོགས། རྡུལ་དུ་རློག །ཟློག་རོལ་བཞག །ཨོཾ་བཛྲ་སོགས། སྔགས་འདུར་གདངས། ཨེ་ཛ ཨེ་མ་སོགས། བསྒྲལ་བར་མཛོད་ཟློག་རོལ་བཞག །སྔགས་འདུར་གདངས་ཀྱིས། ཧཱུྃ་ཀ་ར་སོགས། སྤྱི་བོར་གདབ་བོ། དེ་བཞིན་སྔགས་འདུར་གདངས་ཀྱིས་ཕུར་པ་གནས་སོ་སོར་གདབ་བོ། ཨེ་ཛ ཨེ་མ་སོགས་གནས་སྤོར་ཅིག །ཟློག་རོལ་བཞག །གརྫ་གརྫ་སོགས། སྔགས་འདུར་གདངས་ཀྱིས་སྤྱི་བོར་ཧཱུྃ་ཀ་རའི་ཕུར་པའི་མདུན་དུ་གདབ་བོ། དེ་བཞིན་དུ། དཔུང་གཡས་མདུན་དཔུང་གཡོན་མདུན། སྙིང་གའི་མདུན། སྐེད་པའི་མདུན། མགྲིན་པའི་མདུན། བརླ་གཡས་ཀྱི་མདུན། ལྟེ་བའི་མདུན། བརླ་གཡོན་པའི་མདུན། གསང་གནས་ཀྱི་མདུན་རྣམས་སུ་སྔགས་ཚན་རེ་དང་སྦྲག་ནས་འདེབས་ལ། མདུན་དུ་ཞེས་པ། དཔེར་ན་སྤྱི་བོར་ཧཱུྃ་ཀ་རའི་ཕུར་པ་ཞལ་ཕར་བསྟན་ལ། དེའི་མདུན་དུ་ཡུམ་ཕུར་ཞལ་

(༢༣༣)ཚུར་བསྟན་ལ་གདབ་པ་ཐམས་ཅད་ལ་འགྲོའོ། ཧཱུྃ་བྱང་ཆུབ་སེམས་སོགས། དུས་ལ་བབ། ཟློག་རོལ་བཞག །སྔགས་འདུར་གདངས་ཀྱིས། ས་ར་བྷིནྡྷ་སོགས། ཁྲ་ཐབས་ཟ་བྱེད་ངན་བཅུའི་ཕུར་པ་ཁྲོ་བོ་རྣམས་ཀྱི་གཡས་སུ་གདབ་བོ། ཧཱུྃ་བྱང་སེམས་ཞི་བས་སོགས། ཕྲིན་ལས་མཛོད༔ ཟློག་རོལ་བཞག །ཧ་ན་ཧ་ན་སོགས། སྔགས་འདུར་གདངས་ཀྱིས། བསོད་བྱེད་མ་བཅུ་ལས། སྟེང་དུ་ཧཱུྃ་དཀར་སྒྲ་འབྱིན་གྱི་སྤྲུལ་པ་གསོད་བྱེད་སྨྲིག་བུའི་མགོ་ཅན་དང་། འོག་ཕྱོགས་སྟོབས་ཆེན་བསྐུལ་མའི་སྤྲུལ་པ་གསོད་བྱེད་བྱི་བའི་མགོ་ཅན་༢བཞག་ལ། གཞན་བརྒྱད་པོ་སྔགས་དང་སྦྲག་ནས་ཁྲོ་བོའི་གཡོན་དུ་གདབ་བོ། ཧཱུྃ་རིག་པའི་ཡེ་ཤེས་སོགས། རྣམ་པར་སྒྲོལ་ཟློག་རོལ་བཞག །སྔགས་འདུར་གདངས་ཀྱིས། སྟེང་འོག་གི་གསོད་བྱེད་གཉིས་སྤྱི་བོར་དང་གསང་གནས་སུ་གདབ་བོ། འདུར་གདངས་དལ་བོས། ཛ་ཡེ་ཛ་ཡེ་བི་ཛ་སོགས་དང་

(༢༣༤)སྤུ་གྲིའི་སྔགས་ཚེ། སྒོ་མ་བཞིའི་ཕུར་པ་གཟུགས་བཞི་ལ་གདབ། དམ་ཅན་བཅུ་གཉིས་ལྟ་བུ། གིང་བཞི་མཐིལ་བཞི། དབང་ཕྱུག་གྱི་ཕུར་པ་སྒལ་ཚིག་ལ་གདབ། དགེ་བསྙེན་ཕུར་པ་ལྟག་པ་དང་སོ་སོར་ཉི་ཤུ་ལ་གདབ། སྲས་མཆོག་དབང་པོ་སོགས་གནས་ཕྲན་ཚེགས་དང་། དེ་ལྟ་བུ་གནས་སོ་སོར་ཡིན་པར་དམིགས་ཏེ་ཕུར་པ་གྲངས་མང་བཏབ་བོ། སྟོང་ཁམས་སོགས་ཧཱུྃ། རྡོ་རྗེ་ཕུར་པ་སོགས། རྡུལ་དུ་རློག །ཟློག་རོལ་འབེབས་ཟློག་རོལ། ཧཱུྃ་བྲན་དང་བཀའ་སོགས། མྱོང་བར་གྱིས། ཟློག་རོལ་བཞག །སྔགས་འདུར་གདངས། གཏུན་དུ་བརྡུང་། མེད་པར་གྱུར། ཧཱུྃ། ཁྲོ་བོ་འབར་བའི་སོགས། མེད་པར་གྱིས། ཟློག་རོལ། འབེབས་འོག་སྔགས། མཐར་བཞག་གོ ༈ །དྲག་སྲེག་ལྡེབ་༦གོང་གི་ལིང་རོ་རྣམས་སྲེག་རྫས་རྣམས་དང་བསྲེས། རྫས་ཀྱི་ཐོག་མར་ཡཾ་ཤིང་། ཨོཾ་བཛྲ་ཀཱི་ལི་སོགས། ལྷ་སྔགས་ཚར་༡། བོ་དྷི་བྲིཀྵ་ཡེ། རྫས་སྔགས་ལན་༢༥། ཨོཾ་ཨཱ་ཧ་

(༢༣༥)ཨཱ་ཧ་ར་སོགས། ཧཱུྃ་དཀྱིལ་འཁོར་སོགས། མ་ར་ཡ་ཕཊ༔ དེ་བཞིན་ལྷ་སྔགས། སྔར་ཉར་བའི་མར་ཁུ་འཕུད་དེ་ཚུར་བླུག །རྫས་སྔགས། འབུལ་སྔགས་དང་། འདོད་གསོལ་མཐར་མཆོད་སིལ། འོག་གི་རྫས་ཐམས་ཅད་ལ་དེ་བཞིན་རིག་འགྲོ། རྫས་སྤུངས་ལ་ཨོཾ་ཨ་ཧ་ར་སོགས་༢༥ཕུལ། འདོད་གསོལ་མཐར། གལ་ཆེ་ན་དམར་བྱང་ཞེས་པ་འདི་མི་གསུང་། དཀྱིལ་འཁོར་ལྷ་ཚོགས་སོགས། གཤེགས་སྐྱེམས་ནི། དཀྱིལ་འཁོར་གྱི་ལྷ་རྣམས་སོགས། ཨོཾ་བཛྲ་ཀཱི་ལི་སོགས། ལན་བདུན་གྱིས་མར་ཁུས་དགང་གཟར་བཀང་ལ། སྤུ་གྲིའི་ལན་གིས་གཡོན་སྐོར་དུ་འབུལ་བ་ལན་༡བྱ། ཧཱུྃ་ཡེ་ཤེས་ཀློངས་ཡངས་སོགས། རྩལ་དུ་གསོལ། ཏམྦུ་ལཱ་ཡ་སོགས། སོ་རྩི་འབུལ། ཝསྟྲ་ལ། གོས་ཟུང་འབུལ། རཏྣ་ཨ་ལཾ་སོགས། རིན་ཆེན་ཕྱེ་མ་འབུལ། མཆོད་ཁ་གསོས་ལ། ཨརྒྷཾ་སོགས། སྔགས་ཁ་ཕྲལ་ཏེ། མཆོད་པ་

(༢༣༦)ལྷག་མེད་དུ་འབུལ། སྨན་རཀ་གཏོར་གསུམ་ཡོངས་རྫོགས་ཕུལ། ཧཱུྃ་ཐབས་ཀྱི་སྤྱོད་པས་སོགས། མ་རྙེད་ཡོངས་སུ་སོགས། དྲིལ་གསིལ་བཅས་ཡིག་བརྒྱ་མཆོད་ཡོན་སྦྲེང་ལན་༣། ཨོཾ་ཁྱེད་ཀྱི་སེམས་ཅན་སོགས། ཧཱུྃ་མུ བསྡུ་རྒྱ། སྒྲུབ་ཆེན་དང་འགྲེལ་བའི། དཀྱིལ་འཁོར་ལྷ་ཚོགས་སོགས། མི་དགོས། དམ་ཚིག་པ་སོགས་གྱུར། ནང་མཆོད་ཀྱིས་ཐབ་བྲན་ལ། ཨོཾ་བཛྲ་ཨ་མྲྀ་སོགས། དབྱེར་མེད་དུ་གྱུར། གཤེགས་སྐྱེམས་ནི། མེ་ལྷ་ཤིན་ཏུ་སོགས། སྒྲུབ་པར་གྱུར། ཨོཾ་ཨགྣ་སོགས་ལན་༧གྱིས་དགང་གཟར་བཀང་ལ། ཧ་བྱ་ཀ་བྱ་སོགས། གཡོན་སྐོར་དུ་འབུལ། དེ་འདྲ་བ་ལན་༡མཐར། ཧོ་དྲང་སྲོང་མེ་ལྷའི་སོགས། མ་ར་ཡ་ཕཊ། ཨོཾ་བོ་དྷི་བྲིཀྵ་སོགས་རྫས་སྔགས་དང་། འདོད་གསོལ་དགྲ་བགེགས་མ་ར་ཡ་ཕཊ། ཚར་༡འོག་མར་འགྲོ། རྫས་ཐམས་ཅད་ལྷག་མེད་དུ་འབུལ། རྫས་སྤུངས་ལ་སྔགས། ཨོཾ་

(༢༣༧)ཨཱ་ཧ་ར་སོགས་ཀྱིས་འབུལ། ཧོ་དྲོང་སྲོང་མེ་ལྷའི་སོགས། ཡ་ཕཊ། མེ་ལྷའི་གཏོར་མ་དགང་གཟར་དུ་བཞག་སྟེ། ཨ་ཀ་རོ་སོགས་ཨི་དཾ་བ་ལིངྒ་སོགས། བླུག་གཟར་གྱིས་མར་ཁུས་གཏོར་མ་བྲན། བཞི་དྲིལ་གྱིས། མེ་ལྷ་འཁོར་འདས་སོགས། ར་ཡ་ཕཊ། གཏོར་མ་ཐབ་ཏུ་འབུལ། མེ་ལྷའི་མཆོད་པ་ཁ་གསོས་ལ། པུཥྤེ་སོགས་སྔགས་ཁ་ཕྲལ་ཏེ། མཆོད་པ་ལྷག་མེད་ཕུལ། ཧཱུྃ། ཚངས་དབང་འཇིག་རྟེན་སོགས། སྲེག་བླུགས་དམ་ཚིག་སོགས་དངོས་གྲུབ་སྩོལ། ཡིག་བརྒྱ་ཚེ་མཆོད་ཡོན་སྦྲེང་། ཏམྦུ་ལ་སོགས། སོ་རྩི་འབུལ། ཝ་སྟྲས་གོས་ཟུང་འབུལ། བདག་གི་དོན་སོགས་དྲིལ་སྟབས་དང་། མེ་ལྷ་གཤེགས་པའི་རྒྱ་ནི་མི་འཇིགས་པའི་རྒྱ་ལ་མཐེ་བོང་ཕྱིར་བསྐྱོད་པ་དང་། བཛྲ་མུ ཐལ་མོ་སྦུབ་པའི་བསྡུ་རྒྱ་མཛད། མེ་ལྷ་ཡེ་ཤེས་སོགས། ཐིམ་པར་གྱུར་

(༢༣༨)ཧཱུྃ་རིག་འཛིན་རྩལ་འཆང་སོགས། སྣང་གྲགས་རིག་གསུམ་སོགས། འཚོགས་གྲོལ། དྲག་སྲེག་གྲུབ་མཐར་སྦྱིན་སྲེག་གི་མེ་དེས་མཆོད་མེ་སྐུར་སྦར་ལ་རྒྱུན་མ་ཆད་པར་བྱ། མེ་རོ་ཁྲག་ཆུས་བསད་དོ། ༈ དེ་ནས་འཚོགས་གཞུང་གི་མནན་པ་གྲུབ་ནས། དགེ་གཡོག་གིས་གིང་བསྐུལ་གྱི་བརྡའ་ཕུལ་བ་དང་། གོང་པ་གཉིས་གོང་ཆས་དང་། ཐུན་བྲབ་བླ་མ་སྔགས་ཆས། གཞུང་གསང་བླ་མ་དང་། དེའི་ཕྱོགས་གྲྭ་བཅས་ཞྭ་སྒྲོ་ལྷུགས་བཅས། ཐམས་ཅད་བཞེངས་ཏེ། མན་ངག་གནད་སྒྲོམ་ལྡེབ་༥ནང་། ཐིང་༣འབེབས་སུམ་རྡུང་ལན་མེད་ཀྱིས། ཧཱུྃ་དུར་ཁྲོད་ཆེན་པོའི་སོགས། ཕྲིན་ལས་མཛོད། བགེགས་གཏོར་ཕྱིར་དོར། སུམ་རྡུང་ལན་མེད་ནས་འབེབས་ཕབ། སླར་ཐིང་འབེབས་ཆེན་འོག །གེང་པ་ཁྲོམ་རྒྱུག་གིས་དོན་ནས། རྡོ་རྗེ་མཚམས་པའི་བླ་མ་གཉིས་སྒོ་ཁྱམས་སུ་ཕེབས། གཙུག་ལག་ཁང་གི་གཡས་

(༢༣༩)ཕྱོགས་སུ་མི་དང་། གཡོན་ཕྱོགས་སུ་ཆུ་བཞག་པ་ལ། ཁྲོམ་རྒྱུག་གིས་གཡས་གཡོན་དུ་རྒྱུག་སྟེ། དཀར་པོས་མེ་ལ་རེག་ཙམ་དང་། དམར་པོའི་ཆུ་ལ་རེག་ཙམ་གྱིས། སླར་རྒྱུག་སྟེ། མེ་ཡི་རྩར་དམར་པོས་མེ་ཐུན་དང་། ཆུ་ཡི་རྩར་དཀར་པོས་ཆུ་ཐུན་གཏོར་ཏེ། སེར་སྦྲེང་པ་རྣམས་ཡར་ཕེབས་ཏེ། སྒོ་དྲུང་ནས་རྡོ་རྗེ་མཚམས་པས་ཐུན་བྲབ། ༈ དེ་དང་མཉམ་དུ་སྒོ་དྲུང་གཡས་ངོས་ནས། རྡོར་སེམས་བླ་མ་ཞྭ་ཁྲ་ཆོས་གོས་བཅས་རྣམ་འཇོམས་ཀྱི་གཟུངས་ཁྲུས་མཛད། ཐུན་བྲན་གྲུབ་ནས་རྡོ་རྗེ་མཚམས་པའི་བླ་མ་རང་གནས་སུ་ཕེབས་ཏེ། རོལ་མོ་འབེབས་སུམ་རྡུང་མཚམས་མེད་ཀྱིས། ཧཱུྃ། བདག་ཉིད་དཔལ་གྱི་སོགས། འབར་བས་

(༢༤༠)གཏམས༔ སུམ་རྡུང་མཚམས་མེད་མཐར་འབེབས་འོག་སྔགས་གསུངས་ནས་བཞག ༈ འཇུག་ཆིངས་ནང་། ཚོགས་འབུལ་ལེན་བྱ། ཐེང་༡སུམ་རྡུང་ལན་ཡོད་ཀྱི། ཧཱུྃ་དང་པོ་ཕུད་ཀྱི་སོགས། གཅིག་ལས་བྱུང་། མཆོད་གཡོག་གིས་ཕྱག་གཡས་སུ་ལྷག་གཏོར། གཡོན་དུ་བདུད་རྩི་འཛིན་ཏེ། ཡར་ཕེབས་ཞོལ་དུ་ལྷག་གཏོར་བྱིན་གྱིས་བརླབ་པ་དང་བསྔོ་བ་ལ་ཐུགས་གཏད་པ་ཞུ། དབུ་མཛད་ཀྱིས། སརྦ་པཉྩ་ཨ་མྲྀ་སོགས། སློབ་དཔོན་གྱི་ཕྱག་གཉིས་ལྷག་གཏོར་གྱི་སྟེང་དུ་མཁའ་དབྱིངས་རྒྱ་མཛད་དེ། མཆོད་གཡོག་གིས་བདུད་རྩི་བླུག །ཨེ་ཨ་ར་སོགས། སློབ་དཔོན་ཕྱག་གཉིས་པད་སྐོར་བཅས་འབར་བའི་རྒྱ་མཛད། ཨོཾ་བཛྲ་པུཥྤེ་སོགས། ཐེང་༡འབེབས་ཆུང་མཐར། སུམ་རྡུང་ལན་ཡོད། ཧཱུྃ་དཀྱིལ་འཁོར་སོགས་པར་མཛོད། མཐར་སུམ་རྡུང་ལན་ཡོད་ནས་འབེབས། སྨིན་གླིང་དགུ་རྡུང་གིས། ཧཱུྃ་མི་མངོན་དབྱིངས་ཀྱི་སོགས། འགྲུབ་པར་མཛོད་

(༢༤༡)༡༢སྦྲཾ་སྦྲཾ་ཧཱུྃ་འོག་མིན་ཆོས་ཀྱི་སོགས། ཁྱད་པར་རྒྱ་གར་སོགས་ནས། ཆད་ཐོ་ལ་མི་སྒྲོན་བཙུགས་ནས། གཡས་སུ་ཆད་ཐོ་དང་། གཡོན་དུ་བརྟན་མ། སྒྲོན་ཐུར་གཉིས་ནང་སྨ་རཀ་བཅས་མཉམ་དུ་འཛིན་ལ། ཕྲིན་ལས་མཛོད། ༡༢འབེབས་ཆད་ཐོ་ཕུལ་ལ། གཏོར་སྣོད་རཀྟས་བཤལ་ལ་བརྟན་མར་བླུག །བདུད་རྩིའི་ཆབ་བྲན་ལ། བརྟན་མའི་དགུ་རྡུང་། སྦྲཾ་སྦྲཾ། ༡༢༣༤༥༦༧༨༩ཧཱུྃ་བརྟན་མ་སྐྱོང་མཛད་སོགས། འགྲུབ་པར་མཛོད་སུམ་རྡུང་འབེབས་སུམ་རྡུང་ལན་མེད། སྔགས་རོལ་འོག །ཧཱུྃ་གཏུམ་ཆེན་འབར་བ་སོགས། གཏོར་སྣོད་སྦུབ་མཆོད་གཡོག་གིས་སློབ་དཔོན་གྱི་རྡོ་རྗེ་ཞུ་ནས་སྡིག་མཛུབ་བཅས་གཏོར་སྣོད་སྟེང་རྒྱ་གྲམ་གྱིས་བཞག་ལ་རྡོ་རྗེ་ཡར་ཕུལ། ཨོཾ་ལཾ་ཧཱུྃ་ལཾ་སྐབས་གྱེན་དུ་དགྱེ་ཞིང་། འབྲུ་བླུག་ལ་མཆོད་སུམ་རྡུང་འབེབས་བཞག་

(༢༤༢)མཆོད་ཁ་གསོས་ལ། ཨོཾ་བཛྲ་ཀུ་མ་ར་དྷརྨ་ས་ལ་ས་ས་རི་ཝཱ་ར་པུཥྤེ་སོགས། ཐེང་༡འབེབས་ཆུང་མཐར་བཞག །མ་ཧཱ་པཉྩ་སོགས། སྨན་རཀ་མཆོད་ཧཱུྃ་ཐབས་ཀྱི་སོགས། ཧོ་བླ་མ་ཡི་དམ་སོགས། ཡིག་བརྒྱ་ལན་སྒྲུབ་ཁོག་ལྡེབ་༤༢ཕྱོགས་བཅུ་ན་སོགས། སྣོད་བཅུད་ཐམས་ཅད་སོགས། དབྱེར་མེད་བཞག །ཆོས་ཀྱི་དབྱིངས་སོགས། བཛྲ་ཀཱ་བཱ་སོགས། རྡོ་དྲིལ་བཅས་རྡོ་རྗེ་རྩེ་གཅིག་གི་རྒྱ་གནས་གསུམ་དུ་བཞག །ཧཱུྃ། དུས་གསུམ་སོགས། ཐོབ་པར་ཤོག །ཧཱུྃ་འཁོར་འདས་སོགས་བཀྲ་ཤིས་ཤོག་༡༢༣༤འབེབས་བཞག །ཕྱོགས་བཅུ་དུས་བཞི་སོགས། དཀོན་མཆོག་རིན་ཆེན་སོགས། བསྔོ་སྨོན་གྱིས་མཐའ་རྒྱན་པས་གྲུབ་བོ། །

(༢༤༣)ཚེས་༢ཉིན། དབུ་བཞུགས་རྡོ་རྗེ་རྒྱལ་ཐེབས་བཅས། ཞི་བ་དཀར་བླུག་གསུངས་མཛད། ཚེས་༣ཉིན་མངའ་གསོལ་དང་རྒྱན་བཀོད་ཕྱིར་འཚོགས་གཞུང་ལ་ཕེབས་དགོས། ༈ ཚེས་༤ནས་ཚེས་༡༠བར། ཐོག་མར་གཙུག་ལག་ཁང་གི་སྟེང་དུ། དངོས་གྲུབ་བསྐུལ་བསངས་ནི། བསངས་བཏང་ཕྱེ་མར། མདའ་དར། གསེར་སྐྱེམས། རྡོ་དྲིལ་བཅས་འཛིན་ལ། བཅོ་ལྔ་པའི་མན་ངག་གནད་སྒྲོམ་ལས། མདའ་དར་གཡུག་ལ། ཧོ་དགོངས་སུ་གསོལ་ལོ་སོགས། དང་པོ་ནས་སྤྲུག་པའི་ཕྱིར་དུ། སྐུ་གསུམ་བླ་མའི་དཀྱིལ་འཁོར་དུའམ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུའམ། དཔལ་ཆེན་འདུས་པའི་དཀྱིལ་འཁོར་དུའམ། མྱོང་གྲོལ་སིདྷི་རིལ་བུ་སྒྲུབ་པའམ། སྣང་སྲིད་བདུད་རྩིར་སྒྲུབ་པ་སོགས་སྐབས་བབ་ཀྱི་ཁ་བསྒྱུར་གསུང་པ་བཞིན། སྨན་སྒྲུབ་དང་མ་འབྲེལ་ན། དཔལ་ཆེན་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་ཆེན་པོའི་

(༢༤༤)སྐབས་འདིར་སོགས་དང་། སྨན་སྒྲུབ་དང་སྦྲེལ་ཚེ། དཔལ་ཆེན་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་ཆེན་པོ་དང་སྦྲེལ་བའི་སྣང་སྲིད་བདུད་རྩིར་སྒྲུབ་པའི་སྐབས་འདིར་སོགས། ཛ་ཛ་ཧཱུྃ་ཧཱུྃ་བསང་གདངས། བཞི་དྲིལ། མདའ་དར་གཡབ་ཅིང་། རྒྱུན་དུ་སྒྲུབ་པ་པོ་སོགས། ཨ་ཨ་ཨ་བར། དྲུག་ཧོ་གཞན་ཡང་སོགས་སྡོང་གྲོགས་མཛོད་ཅིག །བྱང་ཆུབ་སེམས་ནི་རྟག་ཏུ་སོགས། བྱང་ཆུབ་སེམས་ཀྱི་སྨོན་ལམ་བཏབ་པས་གྲུབ་བོ། །

(༢༤༥)ཚེས་༤ཉིན། རྡོ་རྗེ་མཚམས་པའི་དཀྱིལ་འཁོར་གང་དུ་བྱ་བའི་གནས་དེར། སྟེགས་ཁེབ་བཅས་བང་རིམ་གསུམ་གྱི་གོང་མར། དབུས་ཕུག་གཏོར། གཡས་སུ་མགོན་པོ་ལེགས་ལྡན་དང་། ཆད་ཐོ། གཡོན་དུ་སྐང་གཏོར། ༈ བང་རིམ་གཉིས་པའི་དབུས་སུ། མཆོད་གཏོར་འཁོར་༡༠ཅན། དེའི་གཡས་གཡོན་དུ་སྨན་རཀ །གཡས་དང་པོར་ཤྭ་ན་འཁོར་༡༢ཅན། གཡས་གཉིས་པར་དམ་ཅན་འཁོར་༡༥ཅན། གཡོན་དུ་དྲེག་པ་སྡེ་ལྔ་ལྔ་ཚོམ། བརྟན་པ་སུམ་བསྒྲིགས་ཅན། མཆོད་འགོ་གཡས་སུ་

(༢༤༦)བསྟན་པའི་ཞི་མཆོད་ཕྲེང་ཚར་དང་། མཆོད་འགོ་གཡོན་དུ་བསྟན་པའི་དྲག་མཆོད་ཕྲེང་ཚར། དབང་ལྔ་དང་། དྲག་བཤོས་གཏེར་གསར་སྤྱི་བཞིན་དང་། དཀར་བགེགས་གསེར་སྐྱེམས། བླ་མ་ཡི་དམ་གཏོར་མ། གཏེར་གཞི་དམར་གཏོར་༡དཀར་གཏོར་གསེར་སྐྱེམས། ཚོགས་གཏོར། ཡང་བླ་མ་ཡི་དམ་༡། ཆད་ཐོ་དང་བརྟན་མ་བཅས་བཤམས་སྨད་ལས་སྐབས། གཏོར་ཟོར་༡བཅས་སོ།

(༢༤༧)རྡོ་རྗེ་མཚམས་པའི་དངོས་གཞིའི་འདོན་བྱ་ནི། ཐོག་མར། ཚིག་བདུན་གསོལ་འདེབས། སྐུ་གསུམ་གསོལ་འདེབས། བར་བསམ་རེས་མོས་པདྨ་འབྱུང་གནས་སོགས། ཆོས་སྐུ་ཀུན་བཟང་སོགས། དུས་གསུམ་སངས་རྒྱས། རྒྱལ་ཀུན་བསྐྱེད་ཡུམ་སོགས། བརྒྱུད་འདེབས། སྔོན་འགྲོ་བྱིན་རླབས་བཅུ་གཅིག་ནང་། རང་གི་སྙིང་ནས་བཟུང་། བརྒྱ་རུང་། སྔོན་གཏོར། སྐྱབས་སེམས། སྤྱི་ཆིངས་ནང་། རྣལ་འབྱོར་ཆེན་པོ་སོགས་ནས། ས་མ་ཡ་བོ་དྷི་ཙིཏྟ་ཧཱུྃ་ཡ་༡༢༣༡༢༣སྒྲུབ་ཁོག་ལྡེབ་༣༤ཧཱུྃ། མཁའ་དབྱིངས་ཡུམ་སོགས། སྒྲུབ་པའི་གྲོགས་མཛོད་ཅིག །ཡ་༡༢༣༡༢༣ཧཱུྃ་མི་མངོན་དབྱིངས་སོགས། བརྒྱུད་གསུམ་རོལ་མོ་ཉིན་བཞིན་དགོས། ཟུར་གསལ་རྫས་ཕུར་བྱིན་རླབས་སྐབས། མཆོད་གཡོག་གིས་གུ་གུལ་བདུག་སྨན་རཀ་ཡུངས་དཀར་བཅས་བཏེགས་ལ། སློབ་དཔོན་གྱིས། ཕུར་པ་ལ་གུ་གུལ་བདུག །སྲིན་ལག་གི་

(༢༤༨)རཀྟ་དབལ་གསུམ་ལ་གྱེན་དུ་བྱུག །གོང་མོས་ཡུངས་དཀར་བྲབ། མཛུབ་མོས་བདུད་རྩི་ཞལ་གསུམ་ལ་བྱུག་སྟེ། ཧཱུྃ་ཆོས་ཀྱི་དབྱིངས་ལས་སོགས། ཕུར་པ་ཐལ་སྦྱར་གྱིས་འཛིན། ཧཱུྃ་དཱིབྟ་ཙཀྲ་སོགས། ཕུར་པ་ཆོས་དབྱིངས་རྒྱས་འཛིན་ཞིང་། ཨོཾ་བཛྲ་ཀཱི་ལི་སོགས། ལན་གསུམ་བསྒྲིལ་ལ་ཨེ་ཁྲོམ་དུ་བཀོད། ཧཱུྃ་སྐུ་གསུམ་སོགས། ཧཱུྃ་ཨོཾ་སོགས་རིགས་ལྔའི་རྒྱ་དང་། ཨོཾ་ཨཱསོགས། རྡོ་རྗེ་གསུམ་གྱི་རྒྱ་དང་། ཧྲིལ་མཐེ་བོང་གཉིས་གཤིབ་པའོ། ཧཱུྃ་སྐྱེ་མེད་ཆོས་དབྱིངས་སོགས། བརླག་པར་མཛོད་ཨོཾ་བཛྲ་ཀཱི་ལི་སོགས། ཚར་༧ཧཱུྃ་རྡོ་རྗེ་ལྟ་བུས་སོགས་ནས། ཕྱི་མཆོད་བྱིན་རླབས། ནང་མཆོད་བྱིན་རླབས། སྨན་རཀ་གཏོར་གསུམ་བྱིན་རླབས་མཐར། ཡང་དག་གསུང་མི་དགོས། ལས་བྱང་རྡོ་རྗེ་ཁྲོས་པ་ནས། བསྟོད་པའི་མཐར། འཚོགས་ཐེང་བྱ། ཡར་འཚོགས། སྒྲུབ་ཁོག་ལྟེབ་༣༩བྷྲཱུྃ་

(༢༤༩)བི་ཤྭ་སོགས། གཙོ་སྔགས་མཐར། སྟོང་ཚིག་དང་མཆོད་གཡོག་གིས་སྨན་རཀ་མཆོད། འོག་མར་འགྲོ། ཧཱུྃ་སྟེང་ཕྱོགས་ཚངས་པའི་སོགས། སྔགས་བྱང་རྒྱས་པ། བར་མཚམས་སུ་རྣམས་སུ་སྟོང་ཚིག་དང་། སྲས་མཆོག་ཧཱུྃ་ཟླ་གཾ་སོགས། སྔགས་མཐར་སྟོང་ཚིག་ཕུར་སྲུང་ལ། ཧཱུྃ་རྡོ་རྗེ་ཕུར་པའི་སོགས། སྔགས་མཐར་ཐུན་རྡོ་ལ་ཕུ་འགྲིམ་ཞུ། སྟོང་ཚིག་སྒྲུབ་ཁོག་ལྡེབ་༤༦། ཟླས་དམིགས་གསུམ་འདི་སྨད་ལས་སྐབས་ཡོན་ཏན་བཟླས་དམིགས་དང་། ཚེ་སྒྲུབ་ཕྲིན་ལས་བཟླས་ཡིན་པའི་མཐར། ཐུན་རྡོ་ལ་ཕུ་འགྲིམ། སྣང་གྲགས་རིགས་གསུམ་སོགས། གུང་ཚིག་གྲོལ། ༈ ཡར་འཚོགས་ལས་བྱང་སྐྱབས་སེམས་ནས་བཟུང་། བསྟོད་པའི་བར། གོང་བཞིན་བྱ། ཟུར་གསལ། བྷྲཱུྃ་བི་ཤྭ་སོགས། སྒྲུབ་ཁོག་ལྡེབ་༤༠ རང་གི་སྙིང་གར་སོགས། གཙོ་སྔགས་མཐར། སྟོང་ཚིག་ལྡེབ་༤༢། ཧཱུྃ་ཕྱོགས་བཅུ་དྲེག་པའི་སོགས་སྔགས་མཐར། སྟོང་ཚིག་སྲས་མཆོག །ཕུར་སྲུང་མཐར། སོ་སོར་སྟོང་ཚིག་དང་རོལ་སིལ་བརྗེ།

(༢༥༠)བཀའ་སྲུང་ཤྭ་ན་ལ། མཆོད་ཁ་གསོ། གསང་ཆུས་བྲན་ལ། རང་ཉིད་དཔལ་ཆེན་པོར་སོགས། འབྲུ་གསུམ་ལན་༣། མདུན་དུ་དུར་ཁྲོད་སོགས། རྒྱ་སྟག་ལ་ཆིབས་པ་སོགས། སྤྱན་དྲངས་སྤོས་ཕོར། ཐེང་༣འབེབས་ཆེན་སུམ་རྡུང་ལན་ཡོད་ཀྱིས། ཧཱུྃ་ཆོས་ཀྱི་དབྱིངས་སོགས། གཤེགས་སུ་གསོལ། སུམ་རྡུང་འབེབས་སུམ་རྡུང་ལན་ཡོད། གཡབ་དྲིལ་བཅས་བསྡུ་རྒྱ། ཧཱུྃ་དུར་ཁྲོད་སོགས། ཛཧཱུྃ་སོགས། གཡབ་དྲིལ་བཅས་རང་རྒྱ། ཏིཥྛ་ལ་གདན་རྒྱ། ཧཱུྃ་དྲག་གཏུམ་སོགས། ཨ་མྲྀ་ཏ་སོགས། གཡབ་དར་རྡོ་རྗེའི་བདུད་རྩི་མཆོད། རྐང་གླིང་ནས། འབུལ་ལན་ན་བར་རྐང་༣པཱུ་ཛ་ཧོ། སུམ་རྡུང་འབེབས་སུམ་རྡུང་ལན་ཡོད། ཧཱུྃ་ཡེ་ཤེས་སོགས། ཨ་མྲྀ་ཏ་སོགས་སྐབས་གཡོན་པའི་སྲིན་ལག་གིས་བདུད་རྩི་མཆོད། མཆོད་གཡོག་གིས་སྨན་རཀ་མཆོད། ཨི་དམ་བ་ལི༚་སོགས། མཆོད་གཡོག་གིས་ཕུག་གཏོར་དང་། འབུལ་གཏོར་ལ་སྔགས་ལན་༣ཚེ་

(༢༥༡)ལན་གསུམ་བྲན། གཡབ་དྲིལ་བཅས་གཏོར་རྒྱ། མཆོད་གཡོག་གིས་གཏོར་མ་བཀྱགས་ལ། དབྱིངས་ནས་སྐུར་བཞེངས་སོགས། སློབ་དཔོན་གྱི་འབྲུ་མཆོད་པ་དང་། གཏོར་མ་མཆོད། ཐེང་༡འབེབས་མཐར་བཞི་རྡུང་ལན་ཡོད། ཧཱུྃ་ཆོས་ཀྱི་དབྱིངས་སོགས། ཕྱག་འཚལ་བསྟོད༔ བཞི་རྡུང་འབེབས་བཞག་རང་ཉིད་སོགས། སྔགས་བཟླའ་འོ། ༈ ཤྭ་ནའི་གཏོར་ཆོག་ནང་། རང་ཉིད་དཔལ་ཆེན་སོགས། ཁ་ཧི་ཐེང་༣འབེབས་སུམ་རྡུང་ལན་ཡོད་ཧཱུྃ། མི་གཡོ་མཉམ་ཉིད་སོགས། ལྡེབ་༦རྒྱབ་ཕྲེང་ཐ་མའི་ནང་། ལས་མཛོད་ཅིག །བྷྱོ་ཐུགས་རྗེ་འབར་སོགས། ལྡེབ་༨རྒྱབ་ལས་མཛོད་ཅིག །ཛ༔ དེ་ཡི་ཡབ་གཅིག་སོགས། ལྡེབ་༡༢རྒྱབ་ཕྲེང་༣མཛོད་ཅིག །བྷྱོ། དཔལ་གྱི་སོགས། སུམ་རྡུང་འབེབས་ནས་བཞི་རྡུང་ལན་ཡོད་ཀྱིས། བསྟོད་བསྐུལ་ནང་

(༢༥༢)ཧཱུྃ་ཆོས་དབྱིངས་གདལ་བ་སོགས། བཞི་རྡུང་འབེབས་ནས་སུམ་རྡུང་འཚམས་མེད་ཀྱིས། ཤྭ་ནའི་བསྐང་བ། ཧཱུྃ་ཆོས་ཀྱི་དབྱིངས་སོགས། ཤ་རུས་ཞལ་ཟས་རྐང་སོགས་འགྲུབ་པར་མཛོད། ཧཱུྃ་རིག་འཛིན་སྐྱབས་མཆོག་སོགས། དམ་ཉམས་སོགས། ཚིག་འབེབས་བཅས་བཞག ༈ དམ་ཅན་སྤྱི་གཏོར་གི་མཆོད་ཁ་གསོས་ལ་གསང་ཆུས་བྲན། རྃ་ཡྃ་སོགས། སྟོང་པའི་ངང་སོགས། འབྲུ་གསུམ་ལ་མཁའ་ལྡིང་རྒྱ། རང་གི་སྙིང་གར་སོགས། ཐུགས་རྗེ་འཁྱུགས་པར་རྐང་ཤུ་བཛྲ་ས་མ་ཛ སྦྲཾ་སྦྲཾ། ༡༢༣༤༥༦༧འབེབས་སུམ་རྡུང་ལན་ཡོད། ཧཱུྃ་ཆོས་ཀྱི་སོགས། བསྟན་པ་སོགས། ཚིག་འབེབས་མཐར་སུམ་རྡུང་ལན་ཡོད། ཧཱུྃ་དུས་གསུམ་སོགས། ཏིཥྛནྟུ། ཨོཾ་བཛྲ་སོགས། རྡོ་རྗེ་རྩེ་གཅིག་གིས་རྒྱ་

(༢༥༣)སྐུ་གཡོན་ཕྱོགས་སུ་སྦས་པའི་ཚུལ་མཛད། ཐུན་མོང་མཆོད་སོགས། མཆོད། སུམ་རྡུང་འབེབས་བཞག །སྔགས་རོལ་འོག །མཆོད་གཡོག་གིས་སྨན་རཀ་མཆོད་ལ། ཨ་མྲྀ་ཏ་སོགས། རཀྟ་སོགས། ལྷ་རྣམས་སོགས། གཡབ་དྲིལ་བཅས་གཏོར་རྒྱ། གཏོར་སྔགས་རྣམས་ལན་༡ཡིན། དེ་སྐབས་མཆོད་གཡོག་གིས་སྨན་རག་གིས་ཕུག་གཏོར་བྲན། གཡབ་དྲིལ་བཅས་འབྲུ་འཛིན་ལ། དཔལ་མ་ཧཱ་སོགས། མཛོད་ཅིག །འབྲུ་མཆོད། དར་ནག་བཞག །ཧཱུྃ། འཇིགས་བྱེད་སོགས། ཁྱོད་ལ་བསྟོད། རྃ་ཡྃ་ཁྃ་བླ་མ་ཡི་དམ་གཏོར་མ་བདུད་རྩིས་བྲན་ལ། ཨོཾ་ཨཱཧཱུྃ། ཧཱུྃ་བླ་མ་ཡི་དམ་སོགས། སུམ་རྡུང་འབེབས་བཞག །གཏོར་མ་མཆོད། ༈ ལེགས་ལྡན་ནང་། མདུན་ཏུ་དུར་ཁྲོད་སོགས། སྤྱན་དྲངས། རྔ་བསྐུལ། ཧཱུྃ་སྲིན་པོ་སོགས། ས་མ་ཛ སུམ་རྡུང་ལན་ཡོད་འབེབས་སུམ་རྡུང་ལན་ཡོད། ཧཱུྃ་དུར་ཁྲོད་སོགས་

(༢༥༤)བཞེས་སུ་གསོལ། སྔགས་དྲིལ་གསིལ། ཧཱུྃ་གཏུམ་ཆེན་སོགས། སུམ་རྡུང་འབེབས་བཞག །བསྙེན་པ་༡༠༨མཐར། ༈ དྲེག་པ་ལྡེ་ལྔ་ནང་། རྃ་ཡྃ་ཁྃ་སོགས། རང་ཉིད་སོགས། བཻ་ཛ། ཧཱུྃ་སྔོན་ཚེ་སོགས། འདིར་གཤེགས་ཤིག །སྔགས་དྲིལ་གསིལ། ཨོཾ་ཤུ་ལ་སོགས་ལན་༣ཕྲིན་ལས་མཛོད། འབེབས་ཆུང་མཐར་སུམ་རྡུང་། ཧཱུྃ་ཤུ་བ་སོགས། སུམ་རྡུང་འབེབས་བཞག ༈ དམ་སྤྱིའི་གཏེར་བཞི། རང་གི་ཐུགས་སོགས། ཨརྒྷཾ་ལ་དྲིལ་སྭཱ་ཧཱ། བ་ལི༚་ཏ་ལན་༣མཆོད་གཡོག་གིས་སྨན་རཀ་གིས་བྲན། མ་ཧཱ་པཉྩ་སོགས། སྨན་རཀ་མཆོད། ཟབ་གཏེར་སོགས། ཧཱུྃ་དུས་གསུམ་སོགས། དཀར་གཏོར་གསེར་སྐྱེམས་ལ་བདུད་རྩིས་བྲན་ལ། ཨ་མྲྀ་ཏ་སོགས། སྭཱ་ཧཱ་སོགས། སྟོང་པའི་སོགས། འབྲུ་གསུམ་ལ་མཁའ་ལྡིང་རྒྱ། བྷུ་མའི་སོགས། བསྡུ་རྒྱ། ཨ་ཀ་རོ་སོགས། གཏོར་རྒྱ་

(༢༥༥)ཨརྒྷཾ་ཐེང་༡འབེབས་ཆུང་བཞག །མ་ཧཱ་པཉྩ་སོགས། བདུད་རྩི་མཆོད། གཞི་བདག་སོགས། འབྲུ་གཏོར། གཞི་བདག་ཆེན་པོ་སོགས། དཀར་གཏོར་གསེར་སྐྱེམས་ཕྱིར་ཕུལ། ཀུན་འགྲུབ་མཛོད། སུམ་རྡུང་འབེབས་མཐར་བཞག །འཚོགས་ཐེང་གྲོལ། ཡར་འཚོགས། འཇུག་ཆིངས་ཚོགས་ལ་འཇུག་ཟུར་གསལ་སྐང་བ། ཧཱུྃ་དཔལ་ཆེན་སོགས། བླ་མ་ཡི་དམ་སོགས་མཐར་འགུགས་པ་ལན་གཅིག །ཧཱུྃ། ཆོས་དབྱིངས་སོགས། སྦྲེང་ཧཱུྃ་ང་ནི་སོགས་སུམ་རྡུང་ཆེ་བརྡེབ་འབེབས་སྨིན་གླིང་དགུ་རྡུང་གིས། ཧཱུྃ་དཔལ་ཆེན་སོགས། སྨིན་གླིང་དབུ་རྡུང་མཐར་འབེབས་བཞག ༈ །ཚོགས་ལ་རོལ་ཞབས་བརྟན་གསུང་། ཧཱུྃ་དང་པོ་སོགས་ནས། གཞུང་བཞིན་ལྷག་མ་བཏང་། ༈ དམ་སྤྱིའི་འབུལ་གཏོར་ལ་ཆུ་ཆབ་བྲན་ལ། ན་མོ། རིག་སོགས་

(༢༥༦)བདེན་པ་ཆེན་པོ་ནས་རྐང་། ཁུག་ཅིག །དྲག་འབེབས་མཐར་བཞག །འབྲུ་གསུམ་ལ་གཏོར་མ་སྨན་རཀ་ཀྱིས་བྲན། ཨོཾ་མ་ཧཱ་ཀ་ལ། ཤ་ས་སོགས། གཡབ་དྲིལ་བཅས་གཏོར་རྒྱ། རྒྱུན་དུ་༡གྲོལ་ཉིན་༣ཐེང་༣འབེབས་སུམ་རྡུང་ལན་ཡོད། ཧཱུྃ་ཆོས་ཀྱི་དབྱིངས་སོགས། གཏོར་མ་དང་། འགའ་རིམ་བཅས་གྲལ་གཞུགས་ནས་ནས་བཀྱགས་ལ། གྲགས་དང་འབྱོར་བ་ནས་རྒྱ་གླིང་། སྐྱོང་བར་མཛོད། འབྲུ་གཏོར་ལ་གཏོར་མ་མཆོད་ལ། སུམ་རྡུང་འབེབས་བཞག །མཆོད་ཁ་གསོས་མ་གསང་ཆུས་བྲན། ཨོཾ་ཤྲཱི་བཛྲ་སོགས། ཐེང་འབེབས་ཆུང་མཐར་བཞག །ཧེ་རུ་ཀ་དཔལ་སོགས། བསྟོད་པར་བགྱི། དྲིལ་གསིལ་མ་རྙེད་ཡོངས་སོགས། ཐུགས་པར་གང་ཡང་བདག་ཅག་སོགས། ཡིག་བརྒྱ་ལན་༡། འདིར་ནི་གཟུགས་སོགས། རྒྱུན་དུ། པུ་པྲ་ཏིཥྛ་སོགས། གྲོལ་ཉིན། གཙྪ་གཙྪ་སོགས་

(༢༥༧)དགེ་བ་འདི་ཡིས་སོགས། རབ་འབྱམས་སོགས། བཀྲ་ཤིས་ཤོག །༡༢འབེབས་མཐར་བཞག་སྨིན་གླིང་དགུ་རྡུང་གིས་འཇུག་ཆིངས་ནང་། ཧཱུྃ་མི་མངོན་སོགས། ཆད་ཐོའི་ཉིས་རྡུང་གིས། ཧཱུྃ་འོག་མིན་སོགས། པར་མཛོད། ཉིས་རྡུང་མཐར་འབེབས་དང་། བརྟན་མའི་དབུ་རྡུང་ཧཱུྃ་བརྟན་མ་སོགས། སུམ་རྡུང་འབེབས་སུམ་རྡུང་ལན་མེད་ཀྱིས། གཏོར་གྲོ། ཧཱུྃ་གཏུམ་ཆེན་སོགས། སུམ་འབེབས་བཞག །མཆོད་བསྟོད། ཧོ། བླ་མ་ཡི་དམ་སོགས། སྒྲུབ་ཁོག །ཕྱོགས་བཅུ་སོགས། སྣོད་བཅུད་སོགས། ཧཱུྃ་དུས་གསུམ་སོགས། ཧཱུྃ་འཁོར་འདས་སོགས། བཀྲ་ཤིས་མཐར། བཀྲ་ཤིས་རོལ་མོ་ཐབས་ལེགས་པར་གྲུབ་བོ། ཕྱོགས་བཅུ་དུས་བཞི་སོགས། གཏོར་བསྔོས་ཁཾ་ཡིག་མ། དཀོན་མཆོག་རིན་ཆེན་སོགས། བསྔོ་སྨོན་གྱི་མཐའ་དབྱུང་བས་ལེགས་པར་གྲུབ་བོ། །

(༢༥༨)སྨད་ལས་སྐབས་ཚིག་བདུན་གསོལ་འདེབས་ནས་བཟུང་། དཾ་སྤྱིའི་གཏེར་གཞི་བར་གོང་ལྟར་བྱ། འཚོགས་ཐེང་གྲོལ། ༈ ཡར་འཚོགས་འཇུག་ཆིངས་ཚོགས་ལ་འཇུག །བསྐང་བ་ཟུར་གསལ། ཧཱུྃ་དཔལ་ཆེན་སོགས། བླ་མ་ཡི་དམ་མཐར་འགུགས་པ་ལན་༡ ཧཱུྃ་ཆོས་ཀྱི་དབྱིངས་སོགས་སྦྲེལ་ཧཱུྃ་ང་ནི་སོགས། སུམ་རྡུང་ཆེ་བརྡེབ་འབེབས་སྨིན་གླིང་དགུ་རྡུང་གིས། ཤྭ་ནའི་བཟློག་པ། ཛ་དམ་ཚིག་སོགས། ཞལ་དུ་བཞེས། སྨིན་གླིང་དགུ་རྡུང་འབེབས་སླར་ཡང་སྨིན་གླིང་དགུ་རྡུང་གིས་གཞུང་གི་ཞལ་བསྟབས། ཧཱུྃ་དཔལ་ཆེན་སོགས། སྨིན་གླིང་དགུ་རྡུང་འབེབས་བཞག །ཚོགས་ལ་རོལ་ཞབས་བརྟན་གསུངས། ཧཱུྃ་དང་པོ་སོགས་ནས་གཞུང་བཞིན་ལྷག་མ་བཏང་། ཟློག་རོལ་ལེན། ཤྭ་ནའི་ཟློག་པ་ལྡེབ་༢རྒྱབ། ཧཱུྃ་དུར་ཁྲོད་སོགས། སྟེང་དུ་བཟློག་

(༢༥༩)ཟློག་རོལ་འབེབས་གཙང་རོལ། ཧཱུྃ་གསོན་ཅིག་སོགས། འགྲུབ་པར་མཛོད། གཙང་རོལ་འབེབས་བཞག་ནས། དམ་སྤྱིའི་འགུགས་པ་ནས་བཀྲ་ཤིས་བར་མཐའ་དབྱུང་། འཇུག་ཆིངས། མི་མངོན་སོགས། ཆད་ཐོའི་མཐར། འགྲུབ་པར་མཛོད། ཉིས་རྡུང་འབེབས་མཐར་གཙང་རོལ་གྱི། ཧཱུྃ་གཏུམ་ཆེན་སོགས་མཐར། རོལ་ཆེན་གང་འོས་མཐར། བརྟན་མའི་དབུ་རླུང་ལེན་ནས། བརྟན་མ་སོགས། གཏོར་བྲོ། རྗེས་ཆོག་ ཚེས་ཉིན་སྔོན་ནས་བསྙེན་ཅིང་སོགས་གསུངས། ལྷོ་བླ་མ་ཡི་དམ་སོགས། སྒྲུབ་ཁོག་ནང་ཕྱོགས་བཅུ་ན་སོགས། སྣོད་བཅུད་སོགས། ཧཱུྃ་དུས་གསུམ་སོགས། ཧཱུྃ་འཁོར་འདས་སོགས། བཀྲ་ཤིས་མཐར། སྨིན་གླིང་བཀྲ་ཤིས་འཁྱིལ་བ་དང་། ཨེ་ཝཾ་ཆོས་སྒར་རེས་མོས་བརྡུང་བས་བཀྲ་ཤིས་པར་བྱའོ། ཕྱོགས་བཅུ་དུས་བཞི་སོགས། གཏོར་བསྔོས་དང་། དཀོན་མཆོག་རིན་ཆེན་སོགས། བསྔོ་སྨོན་བཅས་གོང་ལྟར་བྱའོ། །

(༢༦༠)ཚེས་༡༠ཉིན། གཞུང་འཚོགས་ལ་ཕེབས་དགོས། ཚེས་༡༡ཉིན་རྣམ་རྒྱལ་འཇོམས། ཚིག་བདུན་གསོལ་འདེབས། སྐུ་གསུམ་གསོལ་འདེབས། བསང་ཆུ་བྱིན་རླབས་ནས་བྱིན་རླབས་ལྔ་ཚན་དང་དཀར་པོ་གསུངས། བར་ཆད་ལམ་སེལ། པདྨ་འབྱུང་གནས། ཆོས་སྐུ་ཀུན་བཟང་། དུས་གསུམ་སངས་རྒྱས། རྒྱལ་ཀུན་བསྐྱེད་ཡུམ། བརྒྱུད་འདེབས། ཕྱག་རྒྱ་གཅིག་པའི་སྐྱབས་འགྲོ་ནས་བཟླས་པའི་བར་མཐར། ཡེ་ཤེས་ལྷ་ཚོགས། གཏོར་འབུལ། རྃ་ཡྃ་ཁྃ་ནས། བཀྲ་ཤིས་བདེ་གཤེགས་འབྱུང་བར་མཛོད་དུ་གསོལ། ཚོགས་མཆོད་ཕྲིན་ལས་བཅུད་ཐིག་ལྷག་མའི་མགོ་བར་བཏང་། དེ་ནས་རྒྱས་པའི་སྦྱིན་སྲེག་གྲུབ་ནས། ལྷག་མ་ནས་མཐར་དབྱུང་། བདག་གི་དུས་གསུམ་སོགས། བདེན་གྲུབ་མ་བཅས་ལེགས་པར་གྲུབ་བོ། ཚེས་༥གུང་ཚིག་བར། རྡོ་རྗེ་རྒྱལ་ཐེབས་ཀྱིས་ཞི་བའི་སྦྱིན་སྲེག་ཞལ་ཤར་དུ་ཕྱོགས།

(༢༦༡)ཚེས་༨གུང་ཚིག་བར། པདྨ་རྒྱལ་ཐེབས་ཀྱིས་དབང་གི་སྦྱིན་སྲེག་ཞལ་ནུབ་ཏུ་ཕྱོགས། ༈ ཚེས་༡༡སྔ་དྲོར་རིན་ཆེན་རྒྱལ་ཐེབས་ཀྱིས་རྒྱས་པའི་སྦྱིན་སྲེག་ཞལ་བྱང་དུ་ཕྱོགས་ནས་མཛད་དགོས། རྒྱས་པའི་སྦྱིན་སྲེག་གྲུབ་ནས། གཞུང་འཚོགས་ཀྱི་མར་མེ་སྨོན་ལམ་ལ་ཕེབས། ༈ རྡོ་རྗེ་མཚམས་པའི་བླ་མས་ཐུན་དྲུག་བྲབ་པའི་ཚུལ་ནི། ཚེས་༣དགོངས་མོར་ཐུན་བཟུང་ཚར་ནས། ཉི་ཐལ་གྱི་སྐབས་སུ། མན་ངག་གནད་སྒྲོམ་བཞིན། བླ་མ་ཞྭ་ཆོས་བཅས། ཧཱུྃ་བཛྲ་ཀྲོ་དྷ་སོགས། འགུགས་པ་ལན་གསུམ། ཧཱུྃ་ཆོས་ཀྱི་སོགས་ནས། དྲག་སྔགས་སོ་ལྔ་པའི་སྐབས་སུ་ཕུར་བསྐོར་བཅས། བསྒྲལ་བ་དང་། ཧཱུྃ་ཤར་ཕྱོགས་དཀར་མོ་སོགས། དཀྱིལ་འཁོར་ལ་སྐོར་བ་དང་སྒོ་དྲུང་དུ་ཐུན་གྲབ། ཞྭ་ཕྲག་འཕེན་གྱིས། གཡས་ཀྱི་རྒྱབ་

(༢༦༢)ཡར་ཕེབས་ཏེ་དཀྱིལ་འཁོར་ལ་བསྐོར་བ་བཅས། དར་མཐིང་དམར་བརྗེ། ཞྭ་བཞེས་ལ་དཀྱིལ་འཁོར་གྱི་མདུན་དུ་བཞེངས་ཏེ། སྒྲུབ་ཁོག་ལྡེབ། རྡོ་རྗེ་ཕུར་པའི་སོགས་འབར་བར་གྱུར། ཐུན་དྲུག་ནང་མི་མངོན་དབྱིངས་སོགས། སྨན་སྒྲུབ་དང་དང་འབྲེལ་སྐབས། སྨན་གྱི་བྱིན་འབེབས་གསུང་དགོས། གཞན་ཐམས་ཅད་འགྲོ། སྔགས་དང་། ཨ་བེ་ཤ་ཡ་བཅས་བསྐོར་བ་༣། དཀྱིལ་འཁོར་ལྷ་ཚོགས་སོགས། ཐིམ་པར་གྱུར། ཞྭ་ཕྲག་འཕེན་བཅས་གྲུབ་བོ། ༈ མུན་རྔུབ་སྐབས། རྡོ་རྗེ་མཚམས་པས་གོང་བཞིན་ལ། བསྐུལ། ཧཱུྃ་བྷྱོ། རྡོ་རྗེ་འབར་བ་སོགས། བྱིན་འབེབས་ནི། ཧཱུྃ་མི་མངོན་དབྱིངས་ནས་སོགས། ༈ ནམ་སྲོད་ལ། སྲོད་ཐུན་པས་མཛད་པས་མི་དགོས། ༈ ནམ་གུང་སྟེ། སྲོད་དང་ནམ་ཕྱོད་ཀྱི་བར་དུ་རྡོ་རྗེ་མཚམས་པ་གཞན་གོང་བཞིན་ལ། བསྐུལ་ནི་

(༢༦༣)ཧཱུྃ་བྷྱོ། གནམ་ལྕགས་ཨུར་མོ་སོགས། བྱིན་འབེབས་ནི། ཧཱུྃ་མི་མངོན་སོགས། ༈ ནམ་གྱི་ཕྱེད་ལ་གུན་ཐུན་པ་རྣམས་ཀྱིས་མཛད་པས་མི་དགོས། ༈ ནམ་འཇིགས་སྟེ་ཐོ་རངས་དང་པོར་རྡོ་རྗེ་མཚམས་པས་གཞན་གོང་བཞིན་ལ། བསྐུལ་ནི། ཧཱུྃ་བྷྱོ། དྷརྨ་དྷ་ཏུ་སོགས། བྱིན་འབེབས་ནི། ཧཱུྃ་མི་མངོན་དབྱིངས་སོགས། ༈ སྐྱ་རེངས་ཕྱི་མ་ཤར་བ་དང་ཐོར་ཐུན་པས་མཛད་པས་མི་དགོས། ༈ ཉི་མ་རི་རྩེར་དང་སེར་ཕོག་པའི་སྐབས། གཞན་གོང་བཞིན་ལ། བསྐུལ་ནི། ཧཱུྃ་བྷྱོ། མི་མངོན་ནམ་མཁའི་སོགས། བྱིན་འབེབས་ནི། མི་མངོན་དབྱིངས་སོགས། ༈ རྣམ་དྲོས་ལ་གཞུང་ཚོགས་སཾ་རྡོ་རྗེ་མཚམས་པ་གང་བདེས། གཞན་གོང་བཞིན་ལ། བསྐུལ་ནི། ཧཱུྃ་བྷྱོ། མུན་པ་ཛ་ཚ་སོགས། བྱིན་འབེབས་ནི་

(༢༦༤)ཧཱུྃ་མི་མངོན་སོགས། ༈ ཉི་མ་ཕྱེད་ལ་བབ་པ་ན། གཞུང་ཚོགས་སམ། རྡོ་རྗེ་འཚམས་གང་བདེས། གཞན་གོང་བཞིན་ལ། བསྐུལ་ནི། ཧཱུྃ་བྷྱོ། གནམ་ལྷའི་སོགས། བྱིན་འབེབས་ནི། ཧཱུྃ་མི་མངོན་དབྱིངས་སོགས། ༈ ཉིན་གུང་ཕྱེད་ཡོལ་དུས་སུ་རྡོ་རྗེ་མཚམས་པས་གཞན་གོང་བཞིན་ལ་བསྐུལ་ནི། ཧཱུྃ་བྷྱོ། མཁའ་དབྱིངས་སོགས། བྱིན་འབེབས་ནི། ཧཱུྃ་མི་མངོན་དབྱིངས་སོགས། ༈ ཉི་མ་ལྟ་བུར་མཚམས་སུ་རྡོ་རྗེ་མཚམས་པས། གཞན་གོང་བཞིན་ལ། ཧཱུྃ་བྷྱོ། མཐིང་ནག་སོགས། བྱིན་འབེབས་ནི། ཧཱུྃ་མི་མངོན་དབྱིངས་སོགས། ཞེས་བཏགས་པ་བརྗོད་ཅིང་བྱིན་དབབ་པར་བྱའོ། ༈ ཉི་ཐལ་གྱི་སྐབས་སུ། བུམ་སྒྲུབ་ཀྱིས་ཐུན་བྲབ་པས། ཉུལ་ལེ་བཅུ་གཉིས་རྡུ་བའི་དུས་༡༢ལ་ཐུན་བྲབ་པའོ། དེ་ལྟར་རྡོ་རྗེ་མཚམས་པའི་ཆོ་ག་ཡན་ལག་དང་བཅས་པ་ལེགས་པར་གྲུབ་པའོ། །

(༢༦༥)སྨན་སྒྲུབ་ཀྱི་ལག་ལེན་ལ། གྲུབ་ན་ཕོ་མོའི་ཐོད་པའི་ནང་དུ་འཁོར་ལོ་དང་། སོ་སོའི་ས་བོན་བཅས་བྲི་ཐབས། སྨན་སྒྲུབ་བཅོ་ལྔ་པའི་གསུངས་ལྡེབ་༣རྒྱབ་ཏུ་གསལ་བ་བཞིན་མཛད། མ་གྲུབ་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར་གསུང་། གཙོ་བོ་ནི་བདུད་རྩི་ལྔ་སོགས་ནི། གཏེར་གྱོན་གྱི་ཕབས་གཏའི་རིགས་གཙོ་བོར་བཟུང་ཞིང་། རྩ་བ་བརྒྱད་ལ་ཡན་ལག་སྟོང་དུ་སྦྱར་བ་གསུངས་བཞིན། རྩ་བ་བརྒྱད་ནི། ཕྱི་ནང་གཉིས་སུ་ཡོད་པ་ལས། དང་པོ་ནང་གི་རྩ་བ་ནི། དྲི་ཆེན་གྱི་སྐྱོབ་ ཛཱ་ཏི་ ཨ་རྡུ་ར་ སུག་སྨེལ། ཨ་ན་རྡུ། ད་རྡུཥྚ་།།།བྱང་སེམས་ཀྱི་སྐྱོབ་ནི། ཅུ་ནང་། ག་བུར། ཤི་རཾ་རཾ་གངས་ཏིག །ཐལ་སྐར་རྡོ་རྗེའོ། ཤ་ཆེན་གྱི་སྐྱོབ་ནི། སྙིང་ཁོ་ཤ། མཁལ་ཞོ། གླ་ནོར་ཞོ་ཤ། ཀ་ཀོ་ལ། ཙི་ཏྲ་ཀ་འོ། རཀྟའི་

(༢༦༦)སྐྱོབ་ནི། ཙནྟན་དམར་པོ། ལཾ་ཤི། སྐུ་རུ་ར། སྟར་བུ་འོ། ༈ དྲི་ཆུའི་སྐྱོབ་ཅོང་ཞི། བྲག་ཞུན། ལི་ག་དུར། གུར་གུམ་སོགས་ཀྱི་སྨན་རྣམས་ནི་ནང་གི་རྩ་བ་ལས་སོ། ཕྱིའི་རྩ་བ་བརྒྱད་ནི། རྩ་བ་ནི་མུ་ལ་པ་པྲ་སྟེ་མ་ནུ། སྡོང་པོ་ཙནྡན་དཀར་པོ། ཡུ་བ་ནི་ལི་ཤི། ཤུན་པ་ནི་ཤིང་ཚ། ལོ་མ་ནི་གནྡྷ་བྷ་དྲ་སྟེ་རྒྱ་ཤུག་གི་ལོ་མ། མེ་ཏོག་ནི་གུར་གུམ། འབྲས་བུ་ནི་ཛ་ཏི། སྙིང་པོ་ནི་ག་བུར་སྟེ་རྩ་བ་བརྒྱད་དོ། གཞན་ཡང་ན་གི། གི་ཝང་། དབང་ལག །ལི་ག་དུར། རིཏྟ། སྤང་སྤོས། སིནྡྷུ་ར། པུག་སྨེ། གླ་རྩི། སེ་འབྲུ། སྟར་བུ། བསེ་ཡབ་ཅོང་ཞི། བྲག་ཞུན། ཀཎྜ་ཀ་རི། སེ་དྲོ། གཞན་ཡང་ཚྭ་སྣ། མཚུར་སོགས། མདོག་དང་། ཤིང་ཀུན་སོགས་དྲི་ཡི་སྤྱང་ཀི་རྣམས་སྤངས་ཤིང་། ཨ་རུ་

(༢༦༧)དང་། སྐུ་ར་རས་བོང་བསྐྱེད་ན་ཤིན་ཏུ་བཟང་ངོ་། དེ་ལྟ་བུའི་སྨན་རྣམས་ལས་བཏགས་བཙགས་ཀྱི་ཆེད་དུ། རྩ་བ་༨། ཨ་བར་སྐུར་༣། བཟང་དྲུག་སྔོ་སྨན་སོགས་སྣ་ཚང་བ་ཉུང་ཙོ་ཐུམ་བུར་བྱས་ལ་ ཐོད་ནང་དུ་སྨན་ཕྱེའི་བཀང་བའི་སྟེང་དུ་བཞག་ལ་ དར་མཐིང་དམར་གྱིས་དྲིལ། ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིངས་ཤིང་། མདུན་རྒྱབ་མི་ནོར་བའི་མཚན་མ་བཏབ། དབུ་རྒྱན་དང་རྡོ་དྲིལ་གདགས་ལ་ལྡིང་ཁྲིར་བར་མར་ཞིང་པགས་ཀྱི་སྟེང་དུ་བཞུགས་ལ། སྨན་གཞན་རྣམས་ཕྱེ་མར་བཟོས་ལ་དཀྱིལ་འཁོར་གྱི་མཐའ་སྐོར་དུ་གང་བདེར་བཞག །དུག་རིགས་མ་ཡིན་པའི་སྨན་ཐམས་ཅད་གང་འཛོམ་མཛད་ན་ལེགས་སོ། སྟེང་དུ་གདུགས་ཕུབ། དབུས་སུ་ཚངས་དང་བརྒྱ་ཟིན་གྱི་སྐུ་དང་། རྔ་གཡབ་དཀར་པོ། ཀུ་ཤའི་ཆུན་པོ་དང་། ཚངས་པའི་དམུ་ཐག་དར་དཀར་སྨན་གྱི་ཕོ་བྲང་ལ་སླེབས་པ་རྣམ་བཏགས། ཤམ་བུའི་ནང་ངོས་

(༢༦༨)པུ་རུ་སྐར་༢༨གྱི་ཙཀཱི་སོ་སོའི་རྒྱབ་ཏུ་སྔགས་བྱང་འདོད་གསོལ་བྲིས་པ། བྱང་ཤར་བྲ་ཉེ་ནས་བརྩམ་གཡས་སྐོར་གྱིས་ཕྱོགས་མ་འཆོལ་བར་བཏགས། མེ་ལོང་༡༠ལ་ཁྲོ་བཅུའི་སྔགས་བྱང་བྲིས་པ་ཕྱོགས་མ་ནོར་བར་བཏགས། དར་དཔྱངས་དྲིལ་གཡེར་སོགས་ཀྱིས་བརྒྱན་ཏེ། ཐོག་མར་ཁྲོལ་སྒྲུབ་ལ། ཞི་དྲག་གི་སྦྱངས་བ་སོགས་ནས་བརྩམ་པར་མཛད་པ་ནི། སྨན་ཟིན་ལྟར་ཡིན་ནོ། །

(༢༦༩)སྨན་སྒྲུབ་དང་སྦྲེལ་ཚེ། ཚེས་༣ཕྱག་བརྐྱང་བསྡུ་ལྡང་གྲུབ་ནས། བུམ་པ་བཅའ། ཁྲུས་ཆོག་ཟླ་བའི་བདུད་རྩི་གསུངས། བསྙེན་པའི་ནང་ནས་གཟུངས་ཐག་ཕུལ། བསྙེན་པའི་ནང་ནས་མེ་ལོང་ལ་ཏིལ་ཤའི་ཀཾ་ཡིག་བྲིས་པ་འདུས་ཚོགས་སུ་འགྲིམ་ནས་སྣ་བུག་གཡས་ནས་རླུང་བུས་ལ་སྡིག་སྒྲིབ་བསྟིམ། སློབ་དཔོན་སྨན་གྱི་ཕོ་བྲང་པར་ཞྭ་ཆོས་བཅས་ཕེབས་ཏེ། ཞི་སྦྱང་ལ་དཀར་གཏོར་༣དྲག་སྦྱང་ལ་པག་ཀོང་༣དང་ཆངས་བུ་ལ། བསང་ཆུས་བྲན་ལ་ཞི་དྲག་གི་སྦྱང་བ་མཛད། ན་མོ་རྗེ་སོགས། རྗེ་བཅོ་ལྔ་པའི་སྨན་གྱི་སྦྱང་བའི་སྐབས་ཀྱི་མཚམས་སྦྱོར་སྦྱར། ཧཱུྃ་དཀྱིལ་འཁོར་ཆེན་པོ་སོགས། སྦྱང་བ་ཕྱིར་དོར་ཡུངས་དཀར་གྱིས་བྲབ་ལ། བདག་ཅག་དཔོན་སློབ་སོགས། ཏིལ་མེ་ཆུས་སྦྱང་། ཁྲུས་ཆོག་གཞུང་བཞིན་ལྷ་ཁྲུས་གསོལ། གོས་འབུལ་བྱ། བཀྲ་ཤིས་

(༢༧༠)བརྗོད་པས་གྲུབ་བོ། ༈ བརྒྱན་བཀོད་སྐབས། ཁྲོལ་བུའི་ཕོ་བྲང་ཡུམ་གྱིས་གདན། གཞན་རྟེན་དང་མཆོད་རྫས་ཀུན་སྒྲུབ་ཁོག་ལྟར་འཛིན་ལ་གཙོ་ཕུར་བཞུགས་གྲུབ་ནས། སྨན་གཞུང་། ཧཱུྃ། གདོད་ནས་རྣམ་དག་སོགས། ཨོཾ་ཨཱཧཱུྃ། ཕུར་ཁྲོམ་གྱི་གཡོན་ཕྱོགས་ཞིང་པགས་ཀྱི་སྟེང་དུ་བཞུགས་སུ་ཁྲོ་བཅུའི་ཕུར་པ་ནས་བཟུང་། རྟེན་དང་མཆོད་རྫས་ཀུན་སྒྲུབ་ཁོག་ལྟར་བཀོད་གྲུབ་ནས། བྱིན་འབེབས་སྐབས། རྡོ་རྗེ་རྒྱལ་པོ་རྒྱལ་ཚབ་སོགས་ཕེབས་ཏེ་ཀུན་བཟང་ཡུམ་གྱི་ཕྲེང་མ་འཛིན། གཞན་རྒྱལ་ཐེབས་སོགས་སྒྲུབ་གཞུང་ལྟར་ཕེབས་ཏེ། མཁའ་དབྱིངས་ཡུམ་སོགས། མཛོད་ཅིག །སུམ་རྡུང་རྐྱང་པ། སྨན་གཞུང་། ཧཱུྃ་ཀུན་ཏུ་བཟང་པོ་སོགས། བྱིན་གྱིས་ཕེབ་ཞེས་པ་དར་གཡུག །མཆོག་གི་དངོས་གྲུབ་སྩོལ། སུམ་རྡུང་རྐྱང་པ། ཧཱུྃ་སྲིད་པ་ཕུར་སོགས་

(༢༧༡)ཨོཾ་ཨ་སོགས། སྔགས་འོག །ཤ་ཡ་ཨ་ཨ་བྱས་རྒྱུད་གསུམ་རོལ་མོ་ཚེ་དར་ཁྲ་དང་སྐོར་བ་ཕེབས། སྨན་གྱི་བྱ་བ་གྲུབ་བོ། ༈ དངོས་གཞི་ཉིན་དང་པོ་ལ། བདག་འཇུག་མཐར་བྱས་འཚོགས་ཐེང་། ཡར་འཚོགས། སྨན་གྱི་མཆོད་པ་བྱིན་རླབས། བསང་ཆུས་བྲན་ལ། ཧཱུྃ་ཧྲཱིཡིག་འབྲུ་སོགས། ཨ་ཧཱུྃ་ཤུ་ནྱ་ཏ་སོགས། ཐུགས་རྗེའི་རྒྱུན་གདངས། ཨ་རླུང་མེ་སོགས། རློན་སྒྲུབ་དུས་འདི་ནས་བཟུང་། བསྟོད་པ་བར་གསུངས། རྡོ་རྗེ་སྐུ་གསུམ་སོགས། འབྲུ་གསུམ། རིགས་ལྔའི་རྒྱ། སྤྱན་དྲངས་བསྟིམ། ལས་རྡོར་གཉིས་སྤོས་ཕོར་འགྲིམ། ཨོཾ་རྩ་གདངས་ཡོད་མེད་སོགས། ཨེ་ཧྱ་སོགས། གདན་རྒྱ། ཨོཾ་ཨཱཧཱུྃ། ཕྱི་མཆོད་སོགས། ཤབྡ་སོགས། ཧཱུྃ་ཧྲཱི ངོ་བོ་འོད་སོགས། ལས་རྡོར་སྤོས་ཕོར་དར་ཁྲ་བཅས། དཀྱིལ་འཁོར་མདུན་དུ་བཞེངས་ལ། རྫུ་འཕྲུལ་རྩ་གདངས། ཧཱུྃ། སྟོང་གསུམ་སོགས། བཞི་དྲིལ་

(༢༧༢)མཆོད་སིལ་ཚེ་ལས་རྡོར་དཀྱིལ་འཁོར་ལ་སྐོར་བ་ཕེབས། སྨན་གྱི་སོགས། ལས་རྡོར་གྱིས་སྨན་གྱི་བདུད་རྩི་རྒྱས་ན་སློབ་དཔོན་གྱིས་མཆོད་ མཆོད་ལ། ཧཱུྃ། ལྷ་དང་དྲང་སྲོང་སོགས། ཕྲིན་ལས་མཛོད། སྨན་ལྷ་སོགས། སློབ་དཔོན་སྒྲུབ་སྐབས་འོག་ལྡེབ་༢༧རྒྱབ་ངོས། བདག་གི་ཐུགས་ཀར་སོགས། སློབ་དཔོན་ལ་གཟུངས་ཐག་ཕུལ། བསྙེན་རྒྱུན་པའི་གཟུངས་ཐག་སྨན་གྱི་ཕོ་བྲང་དང་སྦྲེལ། སྩལ་བར་བསམ། བདག་གི་ཐུགས་ཀར་སོགས། ཧཱུྃ། བཛྲ་དྷིཀྲསོགས། ཅི་ནུས་བཟླ། ཏིང་འཛིན་སྔགས་སོགས། ཨོཾ་ཨཱཧཱུྃ་སརྦ་པཉྩ་སོགས། སྟོང་ཕྲག་སོགས་ཅི་འགྲུབ་བཟླའོ། མཐར་སྟོང་ཚིག་ཕུལ། སྨན་རཀ་མཆོད། གོང་ཚིག་གྲོལ། ཕྱི་དྲོ་ལས་བྱང་ནས་བཟུངས། ཕུར་སྲུང་བསྙེན་པའི་མཐར། ཚར་གཉིས་གསུངས་ན་སྔར་བཞིན་དང་མ་གསུང་ཚེ། ཤྭ་ན་ལ་འཇུག ༈ །ཉིན་བཞི་པ། བཏགས་བཙགས་སྣོལ་གསུམ་སྐབས། སྔར་བཞིན་སྟོང་ཚིག་ཕུལ་བའི་མཐར། སློབ་དཔོན་

(༢༧༣)ཀུན་བཟང་ཡུམ། རྒྱལ་ཐེབས་རྣམས་ལ་ཆབ་ཕུལ་ལ། དཀྱིལ་འཁོར་མདུན་དུ་བཞེངས་ལ། རིགས་རྣམས་ཀུན་སོགས། འོད་ཞུ་བྱ། བདུད་རྩི་མཆོད་ལ་དྲིལ་གསིལ་བཅས། ཧཱུྃ། རང་བྱུང་གདོད་ནས། མཆོད་གཡོག་གཉིས་ཀྱིས་བདུད་རྩི་གྲལ་དུ་འགྱེད། སྒྲུབ་གཞུང་། སྨན་མཆོད་གསུངས། ཨེ་མ་ཧོ གདོད་ནས་སོགས། ལས་ཀྱི་རྡོ་རྗེའི་ཁྲོལ་བུའི་སྣོད་དར་གྱིས་ལྕིབས་ཏེ་ཀུན་བཟང་ཡུམ་ལ་ཕུལ། དེས་སྙན་པའི་དབྱངས། ཨེ་མ་ཧོ། ཕ་ལ་ཧོ ཞེས་བརྗོད་ཅིང་། སློབ་དཔོན་གྱི་ཕྱག་ཏུ་ཕུལ། སློབ་དཔོན་རྐྱང་པས། ཨེ་མ་ཧོ དམ་རྫས་སོགས། ལ་ཧོ། ཡང་སློབ་དཔོན་གྱིས། སྨན་གྱི་སོགས། དངོས་གྲུབ་བླངས་ཏེ་རྒྱ་བཀྲོལ། དཀྱིལ་འཁོར་གྱི་མདུན་སྟེགས་མཐོ་བར། འཁོར་ལོ་ནག་པོ་རྩིབས་བརྒྱད་པའི་ལྟེ་བར་ཟླ་གཾ་དམར་པོ་བཅད་ཁ་ནུབ་བསྟན་གྱི་སྟེང་དུ་བཞུགས་སུ་གསོལ་ཞིང་། ཞིང་དཀྱིལ་འཁོར་བཀྲམ་པ་བསྡུའོ།

(༢༧༤)ཟབ་མདུན་ཕུར་པའི་གྲུབ་ཆེན་ལ་སྦྱར་སྐབས། སྔར་ནས་སྒྲུབ་གཞུང་གི་མངའ་གསོལ་དང་རྟགས་གདབ་གོང་དུ་སོང་བས་འདིར་མ་གསུངས་ཀྱང་མི་འགལ་སྐོམས། འདུས་པ་རྣམས་བཞེངས་ལ་ཞྭ་བཞེས་ལ། ལས་རྡོར་གྱིས་ སྤོས་ཕོར་དང་དར་གཡབ་ཀྱིས་ སྣ་དྲངས་པའི། སློབ་དཔོན། ཀུན་བཟང་ཡུམ། རྒྱལ་ཐེབས་སོགས་ཕེབས་ཏེ། སྒྲོལ་མའི་རྒྱུན་གདངས་ཀྱིས། ཧཱུྃ། མི་མངོན་དབྱིངས་ན་སོགས། པད་སྐོར་པ་ཅན། དེའི་ཚེ་དར་གཡབ་ཅིང་སྐོར་བ་༣ཕེབས། ཧཱུྃ་མདུན་དུ་བཞེངས་ལ། ཧཱུྃ་དགོངས་ཤིག་མཁའ་འགྲོ་སོགས། སྔགས་འདུར་གདངས་ཧཱུྃ་ཕཊ། སློབ་དཔོན་དང་ཀུན་བཟང་ཡུམ་བཅས་རྒྱབ་ཏུ་བཞེངས། རྒྱལ་ཐེབས་རྣམས་དང་འདུས་པ་རྣམས་གྲལ་དུ་བཞུགས། ཤར་དུ་སྨན་འཐག་པ་ནི། སློབ་དཔོན་དཀྱིལ་འཁོར་ལ་ཕྱོགས་པས་བཞུགས་པའི་མདུན་དུ། ཞིང་པགས་ལ་ཁྲག་གི་ཐིག་ལེ་ཧཱུྃ་གི་མཚན་

(༢༧༥)པ་དབུ་བཀོད་པའི་སྟེང་དུ་རྡོ་གཞོང་བཞག །ཡུམ་སློབ་དཔོན་ལ་ཕྱོགས་པས་ཞབས་གཉིས་སྨན་གཞོང་གི་འགྲོ་གཉིས་སུ་བརྐྱང་། སློབ་དཔོན་སོར་མེ་བསྣོལ། མཛུབ་མོ་གཉིས་སྦྲེང་། མཐེ་བོང་ནང་དུ་བཀུག་ལ་གཏུན་བུ་བཟུང་། ཡུམ་གྱིས་མཁའ་དབྱིངས་རྒྱས་རྡོ་གཞོང་བཟུང་ལ། ཁྲོལ་སྒྲུབ་ཀྱི་སྨན་དེར་བླུག་ལ་སློབ་དཔོན་གྱིས། བདེ་ཆེན་མཁའ་གསང་སོགས། དབུ་མཛད་ཀྱིས་བསྐུལ་ལ་ཐུན་གདངས་ཀྱིས། ཨོཾ་ཨཱཧཱུྃ་སརྦ་པཉྩ་སོགས། སྨན་རྣམ་ཞིབ་མོར་བཏགས་སོ། ༈ ལྷོར་སྨན་བཙགས་པ་ནི། ཡབ་ཡུམ་ལྷོར་ཕེབས། ཞིང་ལྕགས་བཏིང་བའི་ཁར་སྣོད་བཞག །ཡབ་ཡུམ་ཞལ་གོང་ལྟར་བཞུགས་པའི་བར་དུ་དར་ཚགས་བརྐྱང་བའི་སྣེ་གཉིས་ཡབ་ཡུམ་གྱི་སྐེད་པར་དྲངས་པའི་དབུས་ལྡིང་སྟབས་སུ་བྱས་ལ་ཡུམ་གྱིས་དར་ཚག་བཟོད། ཡབ་ཀྱི་སྨེ་ཕྱེ་བླུག་ལ། དྲིལ་བརྡའ་བྱས་པས་བསྙེན་པ་མཚམས་

(༢༧༦)བཞག །སློབ་དཔོན་གྱིས། སེམས་དང་ཡེ་ཤེས་སོགས། དབུ་མཛད་ཀྱིས། ཨོཾ་ཨཱཧཱུྃ་བཛྲ་སོགས། བཟླ་ཞིང་སྨན་བཙགས། ༈ ནུབ་ཏུ་སྦོལ་བ་ནི། ཡབ་ཡུམ་ནུབ་དུ་སྔར་བཞིན་བཞེངས་ལ། ཞིང་ལྤགས་བཏིང་བའི་སྟེང་། ལྕགས་གཡའི་དྲི་མ་མེད་པའི་སྣོད་བཞག །ཡུམ་གྱིས་ཆང་སྣོད་བཟུང་། ཡབ་ཀྱིས་སྦྲེང་སྟེ། དྲིལ་བརྡའ་སློབ་དཔོན་གྱིས། དབྱིངས་རིག་སོགས། དབུ་མཛད་ཀྱིས། ཨོཾ་ཨཱཧཱུྃ་བཛྲ་སོགས། བཟླ་ཞིང་སྨན་སྦོལ། སྨན་ཕྱེ་མང་པོ་ཡོད་ན་ཟུར་དུ་སྦོལ་ལ། ཆང་ཆུ་འོ་མ་རྣམས་ཚ་བོ་བླུག །ཕབ་གཏའི་རྒྱུན་རྣམས་བླུག་ལ། སློབ་དཔོན་གྱིས་རྡོ་རྗེས་དཀྲུག །ནམ་དུས་དང་བསྟུན་པའི་ཚབ་ཕབ་ཞིབ་མོ་རྣམས་ཐམས་ཅད་ལ་ཁྱབ་པར་བླུགས་ཡུལ་དུས་ཚ་བའི་ཆེ་བ་ལ། སྨན་ཕྱེ་བརླན་ཚེ་ཙམ་མེད་ན། ཚ་བའི་སྟབས་ཀྱིས་རང་བཞིན་སྐམ་པོར་གྱུར་ནས་ལང་མི་ཐུབ་པས། རློན་ཆེ་ཙམ་དགོས་འདུག་

(༢༧༧)བྱང་དུ་གཞལ་བ་ནི། ཡབ་ཡུམ་སྔར་བཞིན་བྱང་དུ་བཞེངས་ལ། ཞིང་ལྤགས་སྟེང་དུ་ཡུམ་གྱིས་དར་གྱི་རྗེའུ་བཟོད། ཡབ་ཀྱིས་དྲིལ་བུའམ་ཐོད་པ་གཞལ་བ་ལ། དྲིལ་བརྡའ་མཛད། སློབ་དཔོན་གྱིས། ཆོས་ཉིད་གཅིག་ལས་སོགས། དབུ་མཛད་ཀྱིས་བསྐུལ་ཏེ། ཨོཾ་སརྦ་པཉྩ་སོགས། བཟླའ་བཞིན་གྲངས་གཞལ། སྨན་གྱི་སྒྱེའུ་འོག་ཏུ་མེ་ཐོད་དང་། སྟེང་དུ་ཕོ་ཐོད་དཔྲལ་བ་མདུན་བསྟན་ཁ་སྦྱོར་ནང་དུ་བཅུག །དར་སྣའི་དྲིལ། ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིངས་སྟེང་དུ་དབུ་རྒྱན། གཡས་གཡོན་དུ་རྡོ་དྲིལ་གདག་ལ་རློན་སྒྲུབ་གྱི་ཕོ་བྲང་དཀྱིལ་འཁོར་དུ་བཞུགས་ཏུ་དེ་ཡིན། སྨན་ཕྱེ་མང་བ་རྣམས་ཁུག་མར་བླུག་ལ། ཟངས་དཀར་གྱི་འོག་ཏུ་ཤིང་གི་རེའུ་མིག་བཟོ། འོག་ཏུ་ཆུ་ཚ་བོ་བླུག །བལ་བུའི་ལོ་མ་དང་། པུར་དཀར་གྱི་ལོ་མ་བཏིང་། དེའི་སྟེང་དུ་འབྲུའམ་འབྲས་རླན་ཅན་གང་མཚམས་

(༢༧༨)བླུགས་པའི་མཐིལ་དུ་རུས་སྦལ་ཁོག་པར་ཧྲཱིཡིག་བྲིས་པ་དང་། མེ་ཐོད་ཁ་གྱེན་དུ་བསྟན་པའི་དཔྲལ་བ་མདུན་བསྟན་དུ་བཞག་པའི་སྟེང་དུ། སྨན་སྒྱེའུ་བཞག་གཡས་གཡོན་བར་བུ་འབྲུ་རློན་ཅན་དང་། ཤིང་སྣའི་ལོ་མ་ཚ་བོའི་ལྕིབས། ཕབ་ཡང་ཅུང་ཟད་རེ་བཏབ་ལ། སྟེང་ནས་ཕོ་ཐོད་ཀྱིས་བཀབ། ཟངས་སྟེང་མའི་ཁ་བསྒྲིགས་པའི་བར་རས་དཀར་གཙང་མས་བཅིལ་ཏེ་རླངས་པ་མི་འཆོལ་བར་བྱས་པའི་སྟེང་དུ་སྟེང་ཁེབས་ཀྱིས་གཡོག །ཚོན་རྐུད་སྣ་ལྔས་རྒྱ་གྲམ་དུ་བཅིངས་པའི་མདུད་པ་སྟེང་དུ་བཏབ། རིགས་ལྔ་བསྒྲོན། གཡས་གཡོན་དུ་རྡོ་དྲིལ་བཅིངས་ཤིང་དར་དཔྱངས་ཀྱིས་བརྒྱན། སྨན་ཕྱེ་མང་ན་ཟངས་དཀར་ཇི་ཙམ་ཡོད་པ་ཐམས་ཅད་ལ་ཕྱག་ལེན་དང་། སྟེང་ཁེབས། རིགས་ལྔ། རྡོ་དྲིལ་བཅས་ཐམས་ཅད་མཉམ་པ་མཛད་དགོས། དྲིལ་བརྡའ་བཅས། དབུ་མཛད་ཀྱིས། ཧཱུྃ། བདུད་རྩི་གསང་བའི་སོགས། མཆོད་སིལ་

(༢༧༩)འོག་སློབ་དཔོན་གྱིས་རྡོ་རྗེ་རྒྱ་གྲམ་དུ་གདབ་བོ། ལས་རྡོར་གྱིས་གུ་གུལ་བདུག །སློབ་དཔོན་གྱིས་ཡུངས་ཐུན་གྲབ་ཤིང་། བྲག་སྔགས་བཟླའ་ཞིང་། མཆོད་སིལ་གཡས་སྐོར་གྱིས་ཐུན་ཁྲབ་བོ། ༈ སློབ་དཔོན་གྱིས་དྲིལ་སྤོས་དང་། ཡུམ་གྱི་དར་ལམ། རྒྱལ་ཐེབས་སོགས་ཀྱི་སྨན་གྱི་ཕོ་བྲང་ཐོགས་ཏེ། ཨོཾ་བཛྲ་ཙཎྜ་སོགས། ཛབ་དབྱངས་ལན་༣འོག་གཡས་བསྐོར་གྱིས་ཤར་དུ་འཁོད་དེ། ཡོག་གདངས་ཀྱིས། ཧཱུྃ། དུར་ཁྲོད་གསང་བ་སོགས། ཏིཥྛ་ལྷན། འཇོམ་རོལ། འོག་དཀྱིལ་འཁོར་གྱི་ལྡིང་ཁྲི་བར་མར་སྔར་ཞིང་དཀྱིལ་བསྡུས་པའི་ཤུལ་དུ་ཁྲོ་དཀྱིལ་འཁོར་ལོ་ནག་པོ་རྩིབས་བརྒྱད་པའི་ལྟེ་བར་ཟླ་གཾ་དམར་པོ་བཅད་ཁ་ནུབ་ཏུ་བསྟན་པའི་སྟེང་དུ་བཞུགས་སུ་གསོལ། སྟེང་དུ་གཟུངས་ཐག་བཞག་པ་ལ་སྐུད་པའི་སྣེ་གཅིག་ཚངས་པའི་ཕོ་བྲང་གི་དམུ་ཐག་དང་སྒྲེལ། སློབ་དཔོན་རྒྱལ་ཚབ། ཐུན་དཔོན་རྣམས་ལ་གཟུངས་ཐག་

(༢༨༠)སྣ་ལྔ། རྒྱལ་ཐེབས་བཞི་མ་མཐིང་པོར་དམར་ལྗང་བཞི་བཅས་བཤགས་དགོས། སྨན་གྱིས་ཟངས་དཀར་རྣམ་དཀྱིལ་འཁོར་གྱི་མཐའ་གང་བདེར་སྒྲིགས་ལ་ཐམས་ཅད་ལ་གཟུངས་ཐག་གིས་སྦྲེལ་དགོས་སོ། སྣང་གྲགས་རིག་གསུམ་སོགས། འཚོགས་གྲོལ། ཕྱི་དྲོད་སྨན་གྱི་ལས་བྱང་གསུངས་མི་དགོས། ༈ སྨད་ལས་ཉིན་གཉིས་པ་ཉིན་རློན་སྒྲུབ་ལ། སྔ་དྲོད་སྒྲུབ་གཞུང་བཞིན་ན། རྒྱུད་འདེབས་ནས་བཟུང་། ཕྲིན་ལས་བཟླས་པའི་མཐར། འཚོགས་ཐིང་གྲོལ། ཡར་འཚོགས་སྨན་སྒྲུབ་ལྡེབ་༢༢རྒྱབ། བྷྲཱུྃ་བི་ཤྭ་སོགས། དྲུག་འདོན་གྱིས། ཧཱུྃ་བདག་ཉིད་རིག་འཛིན་སོགས་ནས། དཀྱུས་བཞིན། བྱང་ཆུབ་སེམས་ཀྱི་ཆར་འབེབས་པའི༔ བར་གསུངས་གོང་ལྡེབ་༩རྒྱབ་རྡོ་རྗེ་སྐུ་གསུངས་སོགས་ནས། སྤྱན་འདྲེན། བཞུགས་གསོལ། ཕྱག་འཚལ། མཆོད་པའི་མཐའ་བར་གསུངས། བསྟོད་པ། ལྡེབ་༢༧ངོས། ཧཱུྃ་

(༢༨༡)བདེ་ཆེན་བདུད་རྩི་སོགས། ལས་རྡོར་སྤོས་ཕོར། སྤོར་གལ། དར་ཁྲ་བཅས་འཛིན་ལ། ཤར་དུ་བཞེངས་ཏེ། ཧཱུྃ། སྟོང་གསུམ་སོགས། བཞི་དྲིལ་ལ་དར་གཡབ། མཐར། ལས་རྡོར་བསྐོར་བ་ཕེབས། སློབ་དཔོན་དཀྱིལ་འཁོར་མདུན་དུ་ཕེབས་ལ། བཞི་དྲིལ་ལ་བདུད་རྩི་མཆོད། ཕྲིན་ལས་མཛོད། སྨན་བླ་དྲང་སྲོང་སོགས། འོག་ལྡེབ་༢༧རྒྱབ་ངོས། བདག་གི་ཐུགས་ཀར་སོགས། དབྱིག་ཏུ་བསམ། ཨོཾ་ཨཱཧཱུྃ་སརྦ་སོགས། བསྙེན་པ་གང་འགྲུབ་བཟླའ། མཐར་སྟོང་ཚིག་ཕུལ་ཡིག་བརྒྱ་བཟླ། ཡེ་ཤེས་སེམས་དཔའི་སོགས། བདུད་རྩིར་འཁྱིལ་བར་བསམ༔ རློན་སྒྲུབ་ཀྱི་ཞལ་འདོན་གྲུབ་བོ། སྣང་གྲགས་རིགས་གསུམ་སོགས། གོང་ཚིག་གྲོལ། ཕྱི་དྲོར་ཕུར་པའི་ལས་བྱང་ནས་བཟུང་སྤྱི་ལྟར་རོ། ༈ སློབ་དཔོན་སྒྲུབ་ཉིན་༣པ་བར་སྤྱི་ལྟར། ཉིན་༤པ་དངོས་གྲུབ་ལེན་ཆོག་ཉིན་ལྡེབ་༢༢རྒྱབ། བྷྲཱུྃ་བི་ཤྭ་སོགས་ནས་

(༢༨༢)ལྡེབ་༢༢ནས། ཧཱུྃ་བདག་ཉིད་སོགས་ནས། ལྡེབ་༢༩བསྙེན་པའི་སྐབས་གཟུངས་ཐག་ཕུལ། སྟོང་ཚིག་ཕུལ། ཡེ་ཤེས་སེམས་དཔའི་སོགས། འོད་ཞུ་གྲུབ་ནས། སྤྲུལ་པའི་དཀྱིལ་འཁོར་སོགས། བཟླས་པ་གྲུབ་ནས། སྟོང་ཚིག་ཕུལ། མཐར་འོད་ཞུ། ཡེ་ཤེས་སེམས་དཔའི་སོགས། གོང་བཞིན་གྲུབ་བོ། ཧཱུྃ་ཧཱུྃ་ང་ནི་སོགས། དབང་དུ་གྱུར༔ ཐུན་པ་རྣམས་ཀྱི་སྔགས་རྒྱུན་འདི་ལ་བསྒྱུར་དགོས། ཨོཾ་ཨཱཧཱུྃ་སརྦ་པཉྩ་སོགས། གཟུངས་ཐག་མི་བསྡུ། ཨོཾ་ཨཱཧཱུྃ། ཕྱི་མཆོད་སོགས། ཧཱུྃ་བདེ་ཆེན་སོགས་ལྡེབ་༢༧ངེས་ལྟར། ༈ དཔལ་ཆེན་རྡོ་རྗེ་ཕུར་པའི་སྒྲུབ་ཆེན་སྐབས་དཔལ་ཆས་ཀྱིས་དངོས་གྲུབ་ལེན་པ་ཡོད་སྟབས་འདིར་སྐྱར་དུ་མ་མཛད་ཀྱང་ཆོག་ལ། སྤྲོས་པ་ལ་དགའ་ན་དཔལ་ཆེན་གྱི་སྟོང་ཐུན་གསུངས་ནས། དབྱངས་འབོར་ལེན་གྱིས་དཔལ་ཆེན་གྱི་དངོས་གྲུབ་ལེན་པར་མཛད་དོ། འཚོགས་ཐེང་། ཡར་འཚོགས་སྒྲུབ་གཞུང་གི་དངོས་གྲུབ་ལེན་པ་

(༢༨༣)ནས་བཟུང་། སྐལ་པ་དང་ལྡན་པར་གྱུར་ཅིག །བར་གསུངས། སྨན་གྱི་དངོས་གྲུབ་ལེན་པ་ལ། ཡབ་ཡུམ་གཉིས་དཀྱིལ་འཁོར་མདུན་དུ་འཁོད་ལ། དབུ་མཛད་ཀྱིས་བསྐུལ། ཧོ་དཔལ་ཆེན་སོགས། ཡབ་ཡུམ་སྐོར་བ་༡བྱ། ཤར་དུ་འཁོད་ལ། སློབ་དཔོན་ཕྱག་གཡོན་མཐེབ་སྲིན་སྦྱར། ལྷག་མ་གསུམ་བརྐྱང་བ་སྨན་གྱི་ཕོ་བྲང་ལ་རིག་ཚུལ་མཛད་ལ། ཤྲི་ཧེ་རུ་སོགས་སྔགས་༡༠༨ཧཱུྃ་རང་བྱུང་བདུད་རྩིའི་ཕོ་བྲང་སོགས། ཨོཾ་ཨཱཧཱུྃ་སརྦ་སོགས། སློབ་དཔོན་གྱིས་རིག་མི་དོར་ཞིང་། ཨོཾ་ཡེ་ཤེས་རྒྱལ་སོགས། དེ་ལྟར་གསོལ་བས་སོགས། མཆོད་སིལ་འོག་ལས་རྡོར་གྱིས་སྨན་གྱི་ཕོ་བྲང་དར་གྱིས་ལྕིབས་ནས་ཡུམ་ལ་ཕུལ། ཡུམ་གྱིས་སློབ་དཔོན་ལ་ཕུལ་ལ། དེས་གཙུག་ཏུ་བླངས་ཏེ། ཧཱུྃ་རང་བྱུང་བདུད་རྩི་སོགས། ཕ་ལ་ཧོ ཕོ་བྲང་ཚུར་གནང་། བདག་ཉིད་སོགས། མེད་པར་བསམ། སྤྲོས་པ་

(༢༨༤)རྒྱས་པའི་དབང་དུ་མཛད་ན། དབང་བཤད། མཎྜལ། གསོལ་གདབ། དབང་བསྐུར་བ། ཕན་ཡོན་བཅས་གསུངས་མཛད། བསྡུ་ན། ལྡེབ་༣༧ཡུམ་གྱིས་སྨན་གྱི་ཕོ་བྲང་སློབ་དཔོན་སྤྱན་སྔར་བཏེགས་ལ། དབྱངས་ཀྱིས། ཨེ་མ་ཧོ། ངོ་མཚར་སོགས། སློབ་དཔོན་གྱིས། ཨ་ཧོ་མ་ཧ་སོགས། ཕྱག་ཏུ་བཞེས། དབྱེ་རྒྱ་བཅས་བཛྲ་པྲ་བེ་སོགས། རྒྱ་བཀྲོལ། དབུ་མཛད་ཀྱིས་བསྐུལ་ལ། དངོས་གྲུབ་ཡེ་ཤེས་སོགས། སྨན་པྲ་བརྟག་པར་འདོད་ན་གཞལ་བས་རྟོགས་པར་བྱ། སྨན་ཕུད་ཆ་གཉིས་སུ་བསྒོས་ལ། ཆ་༡སྦྱིན་སྲེག་སོགས་ཀྱི་རྒྱུར་དཀྱིལ་འཁོར་མདུན་དུ་བཞག །ཆ་༡རྡོ་རྗེ་རྒྱལ་པོ། སློབ་དཔོན། རྒྱལ་ཐེབས་རྣམས་ཀྱི་མདུན་ཐོད་དུ་བསྲེས་ལ། ཐམས་ཅད་ཀྱིལ་འཁོར་གྱི་ཤར་དུ་བཞེངས། འདུས་རྣམས་ཀྱང་བཞེངས་ལ། བདུད་རྩི་འགྱེད། ཨོཾ་ཨཱཧཱུྃ། སྣང་སྲིད་གདོད་ནས་སོགས། ཨོཾ་སརྦ་སོགས། དྲིལ་བཅས་མཆོད། ཨོཾ་ལྕེ་ཡི་སོགས་

(༢༨༥)ཕ་ལ་ཧོ བདུད་རྩི་འགྱེད་མ་གནས་གསུམ་དུ་ཐིག་ལེ་བྱ། མཆོད་ལྕམ་རྣམས་ལ་བསྒོ་བ་ནི། ཨོཾ་ཨཱཧཱུྃ། ཕྲིན་ལས་སོགས། རྒྱལ་ཐེབས་གཅིག་ལ་འདུས་ཚོགས་ཀུན་ལ་འགྱེད་རྒྱུ་ཕུལ་ལ། སྒྲུབ་གཞུང་གི་དངོས་གྲུབ་ལེན་ཆོག་གི་དབང་འགྲིམ་དང་ལྷག་གཅིག་ཏུ་ཕེབས། སྨོན་ལམ་ནི། ཧཱུྃ་ཧྲཱིརིག་འཛིན་སོགས། མྱུར་འགྲུབ་ཤོག །སྒྲུབ་གཞུང་ལྡེབ་༦༥ནང་། བདག་ཅག་དཔོན་སློབ་སོགས། ཨེ་ཝཾ་ཆོས་སྒར་ལྡིར་ལ། ཡུམ་གྱི་སྨན་གྱི་ཕོ་བྲང་དང་སྒྲུབ་གཞུང་གི་དབང་རྫས་སོགས་འགྲིམ་ནས་མཐར། གཞུང་བཞིན་མཐར་དབྱུང་བས་གྲུབ་བོ། །

(༢༨༦)

(༢༨༧)ཕུར་སྒྲུབ་ཆེན་མོའི་བཅའ་བཤོམ་སྐོར་ལ། སྟེགས་གོང་མར། ཡང་དག་གི་སྐུ་རྟེན། ཐོད་པའི་ལྷ་དབུ། སྐུ་རྟེན་རྡོ་རྗེ་གཞོན་ནུ་ལི་མ་ཕུར་པའི་སྒྲུབ་ཐང་། གཏོར་མ་མཆོད་གཏོར་བཞིན་གཡས་གཡོན་སྨན་རཀ་སྨན་སྒྲུབ་དང་འགྲེལ་ན་ཕབ་རྒྱུན་རྣམས་དང་། མཆོད་པ་ཕྲེང་ཚར། སྟེང་གི་ནམ་མཁར་གདུགས། ཕྱོགས་བཞིར་ཕྱི་ཕུར་༤། དེའི་གཡས་གཡོན་ལ་འཕན་རེ་རེ། དེའི་གཡས་གཡོན་ལ་རུ་དར་རེ་རེ། ཟུར་བཞི་ལ་རྒྱལ་མཚན་བཞི། ལོ་གསུམ་ལ་དེ་བཞིན་ལ། ལྷོ་ཕྱོགས་ཀྱི་ཕྱི་ཕུར་དང་། འཕན་རྒྱལ་མཚན་རྒྱུ་དར་ཁ་ཤས་རྒྱན་བཀོད་སྐབས་སུ་འཛིན་ཏུ་བཞག་དགོས། མདུན་དུ་ཕྱག་རྐྱང་དཔལ་གཏོར། གཡས་གཡོན་སྨན་རག །གཏོར་དབྱིབས་མཆོད་གཏོར་དང་མཚུངས། རྒྱན་བཞི་བསྒྲོམ་ཐོད་རྒྱན་ཁྱི་སྣ། དེ་འོག་བང་རིམ་ལ། ཆུ་༢མེ་ཏོག་སྤོས། མར་མེ། དྲི་ཆབ། ཞལ་ཟས་དཀར་པོ། རྒྱན་འཐེན་དགོས། ཤབྡ་སྟེང་དུང་ཆུ་ཀུ་ཤ་བཅས་སོ། །

(༢༨༨)རྒྱལ་ཐོའི་སྐབས། ཤིང་སྒྲོམ་ནང་དུ་ནང་མཆོད་རྣམ་ལྔ། འཐོར་ནས། ཡང་གཅིག་ལ། གཏོར་མ་དཀར་ཟླུམ། གྲུ་གསུམ་ནག་པོ། ནུབ་ཏུ་ཟླ་གམ་དམར་པོ། བྱང་དུ་གྲུ་བཞི་སེར་པོ་རྣམས་ལ་བང་རིམ་རེ་རེ། རྒྱན་ཉིས་རྒྱན། རྩེར་དྲག་པོ་ལ་མེ་རི་ཁྱི། ཉིན་གླིང་རྡོར་གཞུགས། གཞན་རྣམས་ནོར་བུ། བཞི་ཀར་ཉི་ཟླ་ཡོད། ཕྱོགས་སྐྱོང་ལ་

(༢༨༩)དཀར་ཟླུམ་ཆེ་བ་གཅིག་ལ་ཉིས་བརྒྱན་ཉི་ཟླ་ནོར་བུ། མཐར་རང་འདྲ་བཅུ་ཡིས་བསྐོར་བ་ནོར་རྒྱན་༢རེ་མཛད་དགོས། ༈ ཕུག་གཏོར་ནི། དྲག་པོའི་དཔལ་གཏོར་བང་རིམ་བཞི་ཅན། རྒྱན་ཁྲབ་ནི། རྩེར་མེ་རི་སྔོན། དམར་པོ། ལྗང་གུ། ལི་ཁྲི། དཔུང་པའི་མེ་རི། སྔོན་པོ། དམར་པོ། ལྗང་གུ་ནང་ངོས་ནས་སྤོས་རྒྱ་དཀར་པོ། ཟླ་གདན་དཀར་པོ་ལ་འཇའ་གུར། སྔོན་པོ་སྐྱ་ཚེ། དམར་པོ་སྐྱ་ཚེ་ལྗང་གུ་སྐྱ་ཚེ། འདི་ཁྲི་སྐྱ་ཚེ། དེའི་སྟེང་ཟུར་གསུམ་ཉི་ཟླ་ཆུང་ངུའི་མལ་དུ་ཁྲག་མཚོ། ས་བོན་ ཕུག་གཏོར་

(༢༩༠)ལན་ཝར་ཧཱུྃ་སྔོན་པོ། མེ་ཏོག་སྔོན་པོ་བློ་མདངས་སྐྱ་ཚེ་༢། ཤིང་ལོ་ལྗང་གུ་སྐྱ་ཚེ་༢། ཆུ་རིས་སྔོན་པོ་སྐྱ་ཚེ། གཏོར་རྒྱན་ནི་ཁྱུང་སྐྲ་ལ་ནག་པོ་དང་། དབུས་སུ་ནོར་བུ་སུམ་སྒྲོམ། མར་སྐུད་སྐྲ་རིས་ཅན། དཔུང་པ་གཡོས་གཡོན་ལ་ནག་པོ་ནོར་ཕྲེང་ལ་མར་སྐུད། ཐོད་རྒྱན་ལ་ཁྱི་སྣ་སྦ་ལི་ལྗང་གུ་སྐྱ་ཚེ་གཉིས་ལ་མར་སྐུད་བང་རིམ་རྣམས་ལ་ནོར་བུ། སེར་མཐིང་དམར་ལྗང་། ནོར་ཕྲེང་ལ་མར་སྐུད། གཏོར་གདུགས་སྔོན་པོ་བཅས་སོ། ༈ གཡས་སུ་ཆད་ཐོ་དཔུང་རངས་ཅན་ལ། མདུན་དུ་ཐེབས་ཀྱུ་༦། གཡས་གཡོན་དུ་རེ་རེ་སྟེང་

(༢༩༡)དཀར་ཐིག་ཨེ་ལ་ནག་པོ་དང་། མར་སྐུད། མང་རྒྱན་སྔོན་པོ། རྩེ་རྒྱན་དམར་པོ་གཉིས་འཐེན། ཟེའུ་འབྲུ་རྒྱས་པ་དང་གཏོར་གདུགས་སྔོན་པོ། གཡོན་དུ་ཞི་གཏོར་དཀར་པོ། བང་རིམ་དཀར་པོ་བཞི་སྟེང་ཟླུམ་པོ་དྲ་བ་ཁ་པད་གྱེན་ལང་སྟེང་ཞི་གཏོར། བང་རིམ་རྣམས་ལ། ནོར་ཕྲེང་དང་། མར་རྐུད། ཟླུམ་པོ་དྲ་བ་ལ་དྲ་མིན་སོ་སོའི་ནང་མར་ཚོན་ལྗང་གུའི་ལྔ་སྒྲོམ་དང་། སུམ་སྒྲོམ། ནང་དམར་པོ་ཁྲ་ཚག །དྲྭ་རིས་ལ་མར་སྐུད། ཁ་པད་ལ་ནོར་གདན་ནག་པོ་ནོར་ཕྲེང་། ཞི་གཏོར་པད་མ་མདུན་རྒྱབ་གཉིས་

(༢༩༢)ལ་ཕྱི་མ་སྔོན་པོ་སྐྱ་ཚོ་༢མར་སྐུད། ནང་མ་དམར་པོ་སྐྱ་ཚོ་༢མར་སྐུད། དེ་བཞིན་གཡས་གཡོན་ལ་ཕྱི་ལྗང་གུ། ནང་ལི་ཁྲི། སྐྱ་ཚོ་དང་མར་སྐུད་མཚུངས། པད་ཚབ་དམར་སྐྱ། མར་སྐུད་ནང་རྒྱན་མེ་ཏོག་བློ་མདངས་དམར་པོ་སྐྱ་ཚོ་༢། ཟེའུ་འབྲུ་སེར་པོ། རྩེ་རྒྱན་མེ་ཏོག་བློ་མདངས་སྔོན་པོ་སྐུ་ཚེ་༢ཟེ་འབྲུ་སེར་པོ་རྒྱན་ཁྲ་དབུས་སུ་མེ་ཏོག་དམར་པོ། སྐྱ་ཚོ་༢ཟེ་འབྲུ་སེར་པོ། ཟླ་གདན་དཀར་པོ། འཇའ་གུར་དམར་པོ་སྐྱ་ཚོ། སྔོན་པོ། ལི་ཝང་། ལྗང་གུ་བཅས་སྐྱ་ཚོ། ས་བོན་ཧྲཱིདམར་པོ། གཡས་གཡོན་གྱི་

(༢༩༣)མེ་ཏོག་དམར་པོ་བློ་མདངས་སྐྱ་ཚོ་༢ཟེ་འབྲུ་སེར་པོ། རྩེར་མེ་ཏོག་སྔོན་པོ་བློ་མདངས་ཟེའུ་འབྲུ་སེར་པོ། རྩེར་ནོར་བུ་མེ་འབར་གཞི་མི་ཝང་ལ་མཐའ་མེ་རི་ཅན། ནོར་བུ་དམར་པོ། གཡོས་གཡོན་དུ་སྔོན་པོ། དེ་སྟེང་ལི་ཁྲི་༢། དེ་སྟེང་ལྗང་གུ་དེ་རྣམས་ནང་མ་ཚོ་ཞིང་། ཕྱི་མར་སྐྱེ་རེ་འགྲོ་དགོས་གཏོར་མའི་རྩེ་རྒྱན་སྔོན་པོའི་གཡས་གཡོན་དུ་མེ་ཏོག་སྔོན་པོ་བློ་མདངས་ཅན། ཟེ་འབྲུ་སེར་པོ། སྣེ་གཉིས་ལ་གདན་པར་ཆུ་རིས་དང་རྦ་རླབ་ཡིན་ཀྱང་། རྒྱལ་མཆོག་བཅུ་དྲུག་པའི་མེ་ཏོག་བློ་མདངས་དམར་པོ་བྱས་ན་ལེགས་ཞེས་རྡོ་རྗེའི་གསུངས་བྱིན་རླབས་ཅན་ཡིན་ནོ། ༈ བརྟན་མ་ལ། དབུས་སུ་ཟུར་གསུམ་སྔོན་པོ་གཡས་སུ་གྲུ་བཞི་སེར་པོ། གཡོན་དུ་ཟླུམ་པོ་དཀར་པོ། སོ་སོར་ཐིབས་སྐུ་སུམ་བརྩེགས་སྟེང་པག་རིས་དང་ཐེབས་སྐོར་སྟེང་ཁྲ་ཚག །རང་མདོག་གི་དར་གདུགས་ཕུབ་དགོས།

(༢༩༤)ལ་དར་ཡོལ་མེད། ༈ མཆོད་གཏོར་དྲག་པོའི་དཔལ་གཏོར་དབྱིབས་ཕུག་གཏོར་དང་མཚུངས་བང་རིམ་མེད། འཁོར་རང་འདྲ་པདྨ་མེད་༡༠རྒྱན་སྒོར་རྒྱན་གཉིས་རེ། བར་མཚམས་སུ་ཐེབས་ཀྱུ་སུམ་བརྩེགས་དང་པག་རིལ་རྒྱན་མཐིབ། སྐོར་དང་། ཁྲ་ཚག །རྒྱན་སྤྲོས་ཕུག་གཏོར་ལྟར་ལ། རྒྱན་ཁྲབ་རྩེར་མེ་རི་དམར་པོ། དེ་འོག་གཡས་གཡོན་སྔོན་པོ། དེ་འོག་ལི་ཁྲི་༢། དེ་འོག་ལྗང་གུ་༢། གཡས་གཡོན་གྱི་རྒྱན་ཁྲབ། དམར་པོ་༢། དེ་འོག་སྔོན་པོ་༢། དེ་འོག་ལི་ཁྲི་༢། ནང་ངོས་སྤོས་རྒྱ་དཀར་པོ། ས་བོན་

(༢༩༥)དབུས་སུ་ཐིག་ལེ་སྔོན་པོ། ཤར་དཀར། ལྷོར་སེར། ནུབ་དམར། བྱང་ལྗང་བཅས་ལྔ་ཚོམ་དུ་བཀོད། གཡས་གཡོན་དུ་སྨན་རཀ །མདུན་དུ་ཞི་མཆོད། ཕྲེང་ཚར། མཆོད་འགོ་གཡས་བསྟན། ཞལ་ཟས་དཀར་པོ་རྒྱན་འཐེན་ཞིང་། ཟེ་འབྲུ་རྒྱས་པ་རྒྱབ་དགོས། རྒྱན་འཐེན་སྐབས་ཟེ་འབྲུ་རྒྱས་པ་ནི། མཐར་ལྗང་གུ། བང་རྒྱན་དམར་པའམ་སྐྱ་ཚོ་༣། དེའི་ནང་དུ་སྔོན་པོ་སྐྱ་ཚོ་༣། དེའི་ནང་དུ་ལི་ཁྲི་སྐྱ་ཚོ་༣། སྔོན་པོའི་ཐིག་ལེ། དབུས་སུ་ཟེའུ་འབྲུ་སེར་པོ། རྩེ་རྒྱན་ལ། མཐར་ལྗང་གུ་

(༢༩༦)ཐོད་རྒྱན་སྔོན་པོ་སྐྱ་ཚོ་༣། དེའི་ནང་དུ་དམར་པོ་སྐྱ་ཚོ་༣། དེའི་ནང་དུ་སེར་པོ་དང་ལི་ཁྲི་སྐྱ་ཚོ་༣། དམར་པོའི་ཐིག་ལེ། དབུས་སུ་ཟེ་འབྲུ་སེར་པོ་ཡིན། ལྷོར་རྒྱས་པའི་གཏོར་མ་སེར་པོ་བང་རིམ་བཞི་དང་། ཟླུམ་པོ་དྲ་བ། ཁ་བད་བཅས་གྲུ་བཞི། སྟེང་དུ་དྲག་པོའི་དཔལ་རྒྱབ་གྲུ་ཞི། རྒྱན་སྤྲོས་གོང་བཞིན་ལ། རྒྱན་མེ་རི་དམར་པོ། དེ་འོག་སྔོན་པོ། ལི་ཁྲི། ལྗང་གུ། གཡས་གཡོན་དམར་སྔོ་ལི་ཁྲི་བཅས། ནང་ངོས་ནས་ནོར་ཕྲེང་། སེར་མཐིང་དམར་ལྗང་བཅས། མེ་རིའི་མཚོན་འགྲོས། རྒྱས་པ་དང་དབང་མཆོད་གཏོར་གཉིས་མཚུངས། དྲག་པོ་དང་སྐང་གཏོར། ཕུག་གཏོར་གསུམ་མེ་མེ་རི་མཚུངས་རྒྱས་པ་

(༢༩༧)རྒྱས་པའི་གཏོར་མའི་ས་བོན་ནོར་བུ་མེ་འབར་གདུགས་སེར་པོ། གཡས་གཡོན་དུ་སྨན་རཀ །གཡོན་ཕྱོགས་སུ་ཚེ་དཀར་རྡོ་རྗེ་ནི། ཀ་པ་ལའི་ནང་བུ་བདུད་རྩི་དེའི་སྟེང་དུ་དབུ་མཐིང་ཀ་ལ་ཕྱོགས་མདོག་རྡོ་རྗེ་ཕྱེད་པ་རྩེར་ཉི་ཟླ་ནོར་བུ་

(༢༩༨)འོག་གི་པདྨ་ནི། མདུན་རྒྱབ་ལྗང་གུ་སྐྱ་ཚོ་༢། དབུས་སུ་ལི་ཁྲི། གཡས་གཡོན་སྔོན་པོ་སྐུ་ཚོ་༢། དབུས་སུ་དམར་པོ། པདྨ་ཕྱི་ནང་ནས་མར་སྐུད་བཀོད། ༈ བཾ་ནི་མི་གཟུགས། རྐང་ལག་བསྣོལ་བ། གཡས་རཀྟ་གཡོན་བདུད་རྩིའི་ཀ་པ་ལ་ཐོག་པ། སྤྱི་བོར་དྲག་པོའི་དཔལ་གཏོར་ཆུང་ངུ་། རྒྱན་བཞི་བསྒྲོམ་རྩེ་ཉི་ཟླ་མེ་རི་ཁྱི་གཞུག་ཅན་པདྨ་ཤན་དགོས། སྙིང་གར་སྐྱེར་ཕུར་བཙུགས་ཏེ་བྱེད་ཐག་སྔོ་དམར་

(༢༩༩)གྱིས་རྒྱ་གྲམ་དུ་བཅིངས། གཡས་ནས་བརྩམ་འདོད་ཡོན་ལྔ་ནི། གཟུགས་ལ་མེ་ལོང་། སྒྲ་ལ་རོལ་མོ། དྲི་ལ་སྤོས་ཕོར། རོ་ལ་ཚོགས་རེག་བྱ་ལ་སྟེགས་ཁེབས་དང་། སྣ་བདུན་དང་རྟགས་བརྒྱད་བཅས་བྲིས་འབུར་ནང་དུ་བཀོད། མདུན་དུ་ཉེར་ལྔའི་ཕྲེང་ཚར་གཡས་ནས་བསྒྲིགས། ༈ ནུབ་ཏུ་དབང་གི་གཏོར་མ། དམར་པོ་བང་རིམ་བཞི། ཟླུམ་པོ་དྲ་བ། ཁ་པད་སོགས་ཟླ་གཾ། དཔལ་གཏོར་རྒྱབ་ཟླ་གམ། རྒྱན་སྤྲོས་གོང་ལྟར། རྒྱབ་ཁྲབ་མེ་རི་རྒྱས་པ་དང་མཚུངས། ས་བོན་ལྕགས་ཀྱུ་དམར་པོ། གཏོར་གདུགས་དམར་པོ་བཙུགས། གཡས་གཡོན་དུ་སྨན་རཀ་བསྒྲིགས་དགོས།

(༣༠༠)མདུན་དུ་སྣ་བདུན་མཆོད་འགོ་གཡས་བསྟན་ཡིན། ༈ ནུབ་བྱང་མཚམས་སྐང་གཏོར་དམར་པོ་བང་རིམ་བཞིའི་སྟེང་། དྲག་པོའི་དཔལ་གཏོར་རྒྱན་སྤྲོས་གོང་བཞིན། རྒྱན་ཁྲབ་མེ་རི་ཚོན་འགྲོས། དྲག་པོ་དང་། ཕུག་གཏོར་དང་མཚུངས། ས་བོན་ཧཱུྃ་སྔོན་པོ། བང་རིམ་རྣམས་ལ་བསྐང་རྫས། བརྟེན་རྫས། རི་དྭགས། གཡུང་དག །རྟགས་བརྒྱད། རྫས་བརྒྱད། སྣ་བདུན་རྣམས་ཀྱིས་ལེགས་པར་བསྐོར་བའོ། ༈ བྱང་དུ་དྲག་པོའི་གཏོར་མ། བང་རིམ་གྲུ་གསུམ་བཞི་

(༣༠༡)བརྩེགས། ཟླུམ་པོ་དྲ་བ་ཟུར་གསུམ། ཁ་པད་ཟུར་གསུམ་སྟེང་། དྲག་པོའི་དཔལ་གཏོར་སྔོན་པོ། བང་རིམ་དང་། ཁ་པད་ཀྱི་ལོན་རྣམས་སུ། ཐོད་སྐམ་ཁ་ནས་མེ་རི་ཅན། ཟུར་རྣམས་སུ་རྡོ་རྗེ་སེར་པོས་མཚན་པ་གཞན་རྒྱན་སྤྲོས་གོང་ལྟར། རྒྱབ་ཁྲབ་ཀྱི་མེ་རི་ཕུག་གཏོར་དང་མཚུངས། ས་བོན་ཧཱུྃ་སྔོན་པོ། གཏོར་གདུགས་སྔོན་པོ་བཙུགས། གཡས་གཡོན་དུ་སྨན་

(༣༠༢)དྲག་པོའི་གཡས་སུ། ༈ ཤྭ་ན་དམར་གཏོར་དཔུང་རང་ལ་མདུན་དུ་ཐེབས་སྐུ་༡། ཕག་རིས་སྟེང་གོར་རྒྱན་ཁྲ་ཚག་རྒྱབ་ངོས་སུ་གཏོར་གསོས་ཐེབས་ཀྱུ་གྲངས་མེད། ཨེ་ནང་ནག་པོ་

(༣༠༣)ལ་མར་སྐུད་དུང་ཕྲེང་། བང་རྒྱན་མེ་ཏོག་བློ་མདངས་དམར་པོ་སྐྱ་ཚོ་༢། ཟེ་འབྲུ་སེར་པོ། ཐོད་རྒྱན་ཐོད་པའི་ཁྲག་མཚོའི་ནང་དུ་རལ་གྲི་གྱེན་ལང་རྩེ་མོ་རི་ཅན་ལ་མེ་རྐང་རལ་གྲི་ལ་དཀྲིས་པ། རྒྱན་ཁྲབ་

(༣༠༤)རྩེར་མེ་རི་དམར་པོ་ཅན། མཆོད་གཏོར་དང་མཚུངས་མེ་རིའི་ནང་ནས་ནོར་ཕྲེང་། མར་སྐུད། དེའི་ནང་དུ། དུར་ཁྲོད་ཀྱི་བཀོད་པ། རི་ཤིང་མེ་ཆུ་སྤྲིན་པ་རྣལ་འབྱོར་པ་མི་རེ་དང་བྱ་རྒོད་མཆོད་རྟེན་སོགས་ཆ་ཚངས་བར་བཀོད་དགོས།

(༣༠༥)འཁོར་རྣམས་ནི་ཤར་ནས་གཡས་སྐོར་གྱིས། འཁོར་ལ་པག་ཀོང་ནང་དུ་མར་ཁུའི་མཚོ་ལ་མར་ཚོན་སེར་པོ་སྦྱར་བ་ལ་ཆུ་རིས་ཅན། དེ་བཞིན་དུ་ཐམས་ཅད་མར་ཚོན་ལ་བཟོས་པའི། མི་རོ་དང་། སྙིང་བཅས་བཙུགས། ལྷོ་ལ་ཁྲག་གི་མཚོ་དང་། མི་རོ་དང་སྙིང་བཅས་བཙུགས། བྱང་དུ་འོ་མའི་མཚོ་དཀར་པོ་ལ་ཆུ་རིས་ཅན། མི་རོ་དང་། སྙིང་བཅས་འཁོར་ལོ་༡༢སོ། ༈ དྲག་གཏོར་གྱི་གཡོན་དུ། ནུབ་ཏུ་ཞག་གི་མཚོ་སེར་སྨུག་མི་རོ་དང་སྙིང་བཅས་དམ་ཅན་སྤྱི་གཏོར་དཔུང་རོངས་ཅན་མདུན་དུ་ཐེབ་ཀྱུ་སྟེང་པག་རིལ། དེ་སྟེང་ཐེབ་སྐོར་གྱི་རྒྱན་རྒྱབ་སྟེང་དུ་ཁྲ་ཚག །རྒྱབ་ཏུ་གཏོར་གསོས་ལ་ཐེབས་ཀྱུ་གྲངས་མེད་སྦྱར་བ། བང་རྒྱན་མེ་ཏོག་བློ་མདངས་སྔོན་པོ་སྐུ་ཚོ་༢། ཟེའུ་འབྲུ་སེར་པོ། ཐོད་རྒྱན་ཐོད་སྐམ་ཁ་ནས་མེ་རི་གཡས་གཡོན་དུ་སྤྱོད་པ་

(༣༠༦)རྒྱན་ཁྲབ་རྩེར་མོ་རི་སྔོན་པོ་སོགས་མཆོད་གཏོར་དང་མཚུངས། ས་བོན་ཧཱུྃ་སྔོན་པོ་གཏོར་གདུགས་སྔོན་པོ། འཁོར་རང་འདྲ་བཅུ་བཞི་དང་། དཀར་གཏོར་བཅས་བྱང་ཤར་ནས་གཡས་སྐོར་དུ་བསྒྲིགས་བར་མཚམས་རྣམས་སུ་

(༣༠༧)ཐེབས་ཀྱུ་སུམ་བརྩེགས་རེའི་སྟེང་དུ་རྒྱན་ནོར་རྒྱན་སྟེང་ཁྲ་ཚག་བཅས། གཞན་ཐམས་ཅད་ལ་མདངས་རྒྱན་གཉིས་རེ་དང་། དཀར་གཏོར་ལ་མདངས་རྒྱན་གཉིས་དང་། ཐེབས་ཀྱུའི་སྟེང་དུ་དཀར་ཐིག་དང་། ཁྲ་ཚག་བཅས་དགོས། དྲག་མཆོད་ཕྲེང་ཚར་མཆོད་མགོ་གཡོན་བསྟན། དབང་ལྔ། གཏེར་གསར་དྲག་ཞལ་བཅས་བཀོད་དགོས། ༈ དཀྱིལ་འཁོར་གྱི་བྱང་ཤར་དུ། ཟློག་གདན་ཆོས་འབྱུང་མཐིང་ནག་མེ་རི་ཅན་གྱི་དབུས་སུ་མཐིང་ནག་གྲུ་གསུམ་ཟླ་གམ་ཐོད་ར། འཁོར་ལོ་རྩིབས་བརྒྱད་སེར་པོ་ཐོད་ཕྲེང་གི་ཁར་ལྕགས་སྣོད་དུ། ཤྭ་ནའི་ཟློག་གཏོར་དབྱིབས་བྲ་གཟུགས་ལ་མདུན་ངོས་ཁྲོ་ཞལ་བརྗིད་རྔམ་དང་ལྡན་པ། འཁོར་རང་འདྲ་བྲ་གཟུགས་༡༠ལ་ཨི་དང་བྲག་ནག་མར་སྐུད་དང་། དཀར་ཐིག་ཚེ་དང་གཙང་བཙུགས་པ། མཐའ་སྐོར་དུ་གཙང་ཕུར་༡༠༨བསྣོལ་བར་བཙུགས། ཕྱོགས་བཞིར་སྒོ་གཙང་བཞི་བཙུགས། རྩེར་བ་པུ་ཏའི་དཀྲིས་

(༣༠༨)ཟུར་གསུམ་དུ་མེ་རི་དང་། རྩེར་གཏོར་གདུགས། ཐོད་སྐམ་ཁ་ཊཱྭྃ་བཅས་བཙུགས། མདུན་ཕྱོགས་སུ་ཟློག་འཁོར་དང་སྲུང་འཁོར་ཡང་བཙུགས། མཐའ་ནས་འབྱུང་བ་གོ་ལྡོག་སྟེ་འོག་ནས་སེར་པོ། ཆུ་ལ་སྔོན་པོ། མི་དམར་པོ། རླུང་ལྗང་གུའི་སྟེ་རྐུད་པ་རྐང་ཁ་ཤས་ཀྱིས་དཀྲིས། གཡོན་ཕྱོགས་སུ། བཀའ་སྡོད་གསུམ་ཡང་། གཏོར་དབྱིབས་བྲ་གཟུགས་ཨེ་ནན་པའམ། མར་སྐུད་དང་དཀར་ཐིག །མཐར་གཙང་། རྐུད་པ་གོང་བཞིན་དཀྲིས། ཟུར་གསུམ་ལ་མེ་རི་༣གཙུགས་རྩེར་གཏོར་གདུགས་དང་། ཐོད་སྐོམ་ཁ་ཊཱྭྃ་བཅས། འོག་ཏུ། རྡོ་༣ལ་ཐོད་སྐམ་གྱི་རི་མོ་བྲིས་པའི་སྟེང་དུ་བཞག ༈ ཀོང་ཟོར་བཞིའི་ནང་དུ། སྐྱེར་གཙང་༣རི་བཙུགས། དབུས་སུ་རུ་དར་ལ་ཁ་དོག་སེར་དམར་མཐིང་ལྗང་མཐར་མེ་རི་དབུས་སུ་ཐོད་སྐམ། རྩེར་མདུང་པོ་བཅས་དང་། ཀོང་ཟོར་བཞི་ལ། སྐྱེར་གཙང་བཙུགས། གཞན་ཡང་། ཡུངས་དཀར། ཚེ། ཐང་ཁྲོམ། ཁྲག་ལིང་། མདའ་ཟོར་

(༣༠༩)རྡོ་ཐུན་སོགས། དེའི་ནང་དུ་བཙུགས། ༈ དྲག་མཆོད་ཕྲེང་ཚར་མཆོད་མགོ་གཡོན་བསྟན། འབྲུ་ནག་གཾ། སྲན་མ་བླུག་དགོས། ༈ ཤར་ལྷོར་དངོས་གྲུབ་ལེན་པའི་སའི་ནོར་བུ་དབང་རྒྱལ་ནི།

(༣༡༠)བང་རིམ་བཞི་སྟེང་། འབྲང་རྒྱས་ལྟ་བུར་ལ་རྩ་བ་ནས་རྩེ་བར་ནོར་བུ་མེ་འབར་དང་། དེ་བཞིན་ཨི་རྒྱབ་དགོས། ཨི་ནང་ནག་པོ་སྐུར་གཉིས་ལ་མར་སྐུད། ནང་དུ་ནོར་ཕྲེང་ནོར་བུ་མེ་འབར་གྱི་ཚོན་འཕྲོས་ནི། དབུས་སུ་དམར་པོ། གཡས་གཡོན་སྔོན་པོ། དེ་སྟེང་གཡས་གཡོན་ལྗང་གུ། དབུས་སུ་ལི་ཁྲི། དེ་རྣམས་རྩ་བར་ཚོ་ལ་རྩེར་སྐྱ་དགོས་ནོར་ཕྲེང་ཕྱི་ལ་མེ་རི་དཀར་པོ་རྩེ་དམར་པོ་རྟ་རྔོག་བཟོ། རྒྱན་ནི་དཔུང་རྒྱན་༢དང་། རྩེ་རྒྱན་

(༣༡༡)ཉི་ཟླ་ཉི་མར་ཉི་རིས་འཐེན། རྩེར་ནོར་བུ་སུམ་སྒྲོམ་དང་། བང་རིམ་ལ། ནོར་ཕྲེང་དང་མར་སྐུད་འཐེན། ཕྱོགས་བཞིའི་ལས་བཞི་རྒྱལ་ཐོ་ལྟར་ལ། བང་རིམ་རེ་རེ་ཅུང་ཟད་མཐོ་བར་བྱ། དེ་ལ་མར་སྐུད་དང་ནོར་ཕྲེང་། རྒྱན་ཉིས་རྒྱན་རྩེར་ཉི་ཟླ་དང་མེ་རི། ཞི་བ་ལ་ནོར་བུ་སུམ་སྒྲོམ་རྒྱབ་དགོས་ཡོད། ༈ བརྒྱ་རྩ་ལ། ཚོགས་བརྒྱ་བརྒྱད་རྒྱན་སྤྲོས་ཁྲ་ཚག་འུག་སྒྲོ་དང་། སྨན་གཏོར་བརྒྱ་རྩ་ལ་རྒྱན་སྔོན་པོ་དང་དམར་པོ་མདངས་རྒྱན། ཞལ་ཟས་བརྒྱ་རྩ་ལ། ལྗང་གུ་དང་། ལི་ཁྲི་མདངས་རྒྱན། ༈ ཞི་བ་དཀར་བླུག་ལ། ཞལ་ཟས་ལྔ། མར་གྱིས་བཟོས་པའི། ཆོས་དཀར་གཏོར་༥སྒོ་མཆོད་ཞལ་ཟས་༢། གནམ་ཆོས་དཀར་གཏོར་༡བཅས་སོ། ༈ སྨིན་རྡོར་སེམས་ལ། ཕུག་གཏོར་ལྕོག་ཟླུམ་༡། སྒོ་མཆོད་ཞལ་དཀར་པོ་ཟས་༢། དཀར་བགེགས་༢

(༣༡༢)སྨན་གཏོར་ཞི་བ་དཀར་ཟླུམ་༢༥ཙན་དང་། དྲག་གཏོར་དཔལ་གཏོར་པདྨ་མེད་པ་༢༥ཙམ་རེ་བཅའ། ཞལ་ཟས་༢༦ཚོགས་༢༥། སྒོ་མཆོད་ཞལ་ཟས་ཆེ་ཆུང་༢། བླ་མ་ཡི་དམ་༡། ཚོགས་ཆད་བརྟན་ལ། བརྟན་མ་སུམ་བསྒྲིགས་སྤྱི་བཞིན། མཆོད་པ་སྐོར་བཤམས་༡དང་། ཕྲེང་ཚར་༡། ཐོད་བུམ། མེ་ལོང་ཤེལ་རྡོ། དཀྱིལ་འཁོར་བཅས་དགོས། ༈ སྒར་བསང་ལ། གོང་གཏོར་ལྔ་ཆོར། བ་ལི༚ང་༤། ཕྱེ་མར། མདའ་དར། དགྲ་ལྷ། གཡས་གཡོན་སྨན་རག །གཡས་སུ་ཐང་ལྷ། གཡོས་དུ་ལམ་ལྷ། བརྔན་གཏོར། མཆོད་པ་ཕྲེང་ཚར། འབུལ་གཏོར། བ་ལི་༣། དཀར་གཏོར་༡༥བསང་གི་དམར་གཏོར་༡༥མཆོད་གསོས་ཞལ་ཟས་༡བཅས་སོ། ༈ གསོལ་བསྐང་ལ། བ་ལིང་༣བཞི། དམར་གཏོར་༡༢ དཀར་༡༣ གཟའ་ཐུན་གཏོར་མཆོད་གསོལ་ཞལ་ཟས། ༈ རྡོ་རྗེ་

(༣༡༣)མཚམས་པའི་ཕུག་གཏོར་སོགས་སྤྱི་བཞིན་ལ། མགོན་པོ་ལེགས་ལྡན་ལ། བང་རིམ་དང་། ཏི་པ། ཁ་པད་བཅས་ཟུར་བཞི་ལོག་བརྒྱད་ལ་ལོག་རེ་ལ་ནོར་བུ་རེ་༣། ལེབ་རེ་ལ་ནོར་བུ་རེ་རེ། གཡས་གཡོན་དང་རྒྱབ་ལ་བསྡུས་ན་མར་གྱི་ཁྲ་ཚག་བྱས་ཀྱང་མཐུས། ཏི་པ་ལ་རི་མོ་མེད་ཁ་པད་བང་རིམ་རྣམས་ལ་མར་སྐུད་དང་ནོར་ཕྲེང་དགོས། དེའི་སྟེང་དམར་གཏོར་དཔུང་རོངས་རྒྱན་བཞི་སྒྲོམ། ཐོད་རྒྱན་མེ་རི། རྩེར་ཉི་ཟླ་མི་རི་ཁྱི་གཞུག་བང་རྒྱན་སྔོན་པོ། འཁོར་རྣམས་ལ་རྒྱན་༢རྒྱན་ཡིན་ནོ། འཁོར་དྲེག་པ་སྡེ་ལྔ་ནི། བང་རིམ་༡། དེའི་སྟེང་དུ་ཏི་པ། ཁ་བད་བཅས་དབྱིབས་དང་ཁ་དོག་ལས་བཞི་ལྟར། སྟེང་དུ་གཏོར་མ་ཡང་། ལས་བཞིའི་དབྱིབས། རྒྱན་གཉིས་རྒྱན། རྩེར་ཞི་བ་ལ་ཉི་ཟླ་ནོར་བུ། གཞན་༣པོ་ཉི་ཟླ་མེ་རི་ཡིན་ནོ། བང་རིམ་དང་ཏི་པ་ཁ་

(༣༡༤)པར་བཅས་ལ་མ་སྐུད་དང་། ནོར་ཕྲེང་དགོས། ༈ ལས་བཞིའི་སྦྱིན་སྲེག་སྐབས། དཀྱིལ་འཁོར་པའི་གཏོར་མ། སྒྲུབ་གཞུང་ལས་བཞི་ལྟར་ལ། བང་རིམ་དང་ཟླུམ་པོ་དྲ་བ། ཁ་པད་བཅས་མི་དགོས། ཁ་དོག་ཀྱང་ལས་བཞིའི་རང་མདོག །རྒྱན་བཞི་སྒྲོམ་ལ། ཐམས་ཅད་རྒྱན་མེ་རི། ཞི་བ་ལ་ལྔ་བསྒྲོམ་རྩེར་ཉི་ཟླ་དང་། ཞི་བ་ལ་ནོར་བུ་སུམ་སྒྲོམ་དང་། གཞན་༣ལ་མེ་རི་ཁྱི་གཞུག་ཡིན། མེ་ལྷའི་གཏོར་མ་ཅུང་ཆུང་བ། བཟོ་དབྱིབས་དང་ཁ་དོག་གོང་མཚུངས་ལ་རྒྱན་ཉིས་རྒྱན་ལ། རྩེར་ཉི་ཟླ་དང་། ཞི་བ་ལ་ནོར་བུ། གཞན་གསུམ་ལ་མེ་རི་འོ། ༈ འབུལ་གཏོར་ལ། གཞུང་ལ་དཀར་བགེགས་༢། ཤྭ་ནའི་འབུལ་གཏོར་ལ་དཔུང་རོངས་ལ་ལོག་རེར་གཏོར་ཆུང་༢རེའི་བར། ཐེབས་ཀྱུ་༢བཅས། བསྡོམས་པས་༡༢འོ། གཏོར་ཆུང་དང་། གཙོ་བོ་བཅས་ལ་ཉིས་བརྒྱན་ཡིན། དམ་སྤྱིའི་གཏོར་

(༣༡༥)འབུལ། བླ་མ་ཡི་དམ་ནི། དམར་གཏོར་དཔུང་རོངས་ལ་གཡས་སུ་དཀར་གཏོར། མདུན་དང་། གཡོན་དུ་དམར་གཏོར། བར་མཚམས་སུ་ཐེབས་ཀྱུ་༣རེ། དཀོར་མདུན་དུ་ཐེབས་ཀྱུ་དང་པག་རིས། གཡས་གཡོན་དུ་ཐེབས་ཀྱུ་སུམ་བརྩེགས་བཅས། འཁོར་༡༥བཅས། རྒྱན་༢རྒྱན་ལ། དཀར་གཏོར་པག་རིལ་བཅས་པ་༣ཅན་ཡིན། ༈ གཏེར་གཞི་དམར་གཏོར་དཔུང་རོངས་ལ་མདུན་དུ་ཐེབས་ཀྱུ་དང་། པག་རིས། རྒྱན་༢རྒྱན། ཐེབས་ཀྱུའི་སྟེང་དུ་ཁྲ་ཚག །དཀར་གཏོར་ལ་པག་རིལ་སྟེང་དུ་ཐེབ་སྐོར་༡བཅས་སུམ་རྒྱན། ཚོགས། ཡང་བླ་མ་ཡི་དམ་༡། ཆད་ཐོ་ལ། དམར་གཏོར་དཔུང་རོངས། མདུན་དུ་ཐེབས་ཀྱུ་༦། གཡས་གཡོན་རེ་རེའོ། རྒྱན་ཉིས་རྒྱན། བརྟན་མ་སུམ་བསྒྲིགས། རྒྱན་གོར་རྒྱན་༣རེ། དར་ཡོལ་མེད། སྨད་ལས་སྐབས། གཏོར་ཟོར། ཨེ་ནག་ལ་དུང་ཕྲེང་། ཚེ་ཡུངས་དང་། གཙང་བཙུགས་པ་དགོས། མཆོད་པ་

(༣༡༦)ཁ་གསོའི་པའི་ཞལ་ཟས་དགུ་ལ་མདངས་རྒྱན་ཅན། ཐུགས་དམ་ལ་དཀར་པོ་༥དམར་པོ་༦ཐུན་གཏོར་དང་བ་ལིང་༣། མཚོན་ཐུན་པ་༣དང་། གསང་ཐིག་རྡོ་རྗེར་སེམས་བཅས་ལ་ཚོགས་ཆུང་རེ་རེ། མཆོད་གསོས་ཞལ་ཟས་༡། ལམ་སེལ་དཀར་གཏོར་གི་གནམ་ཆོས་དཀར་གཏོར། པད་འདབ་བཞིའི་བར་དུ་པག་རིལ་༤། དེའི་སྟེང་དུ་རྒྱན་ཁྲ་ཚག །རྒྱན་ལྔ་བསྒྲོམ། རྩེར་དཀར་གཏོར་རྒྱན་མཐུར་དུ་སྦུབ་པ་ལྟ་བུ་གདུགས་དཀར་པའམ། རྡོ་རྗེ་མཚམས་པའི་འབུལ་གཏོར་རྣམ་གཞུང་དང་མཚུངས། ༈ ཐོ་གསོལ་བ་ལ། དཀར་པོ་༥དམར་གཏོར་༢ཞལ་ཟས་༡བཅས། བསངས་བདུད་རྩི་སྤྲིན་ཕུང་སྐབས། དཀར་པོ་༨དམར་པོ༧ཞལ་ཟས་༡ ༈ རྡུལ་མཚོན་ཆུ་གཤེགས་སྐབས། དཀར་ཟླུམ་ཆེ་བ་༡ལ། འཁོར་རང་འདྲ་༨། བར་མཚམས་སུ་ཐེབས་ཀྱུ་༣རེ། གཙོ་འཁོར་ཉིས་བརྒྱན་དང་། གཙོ་བོ་ལ་ཉི་ཟླ་ནོར་བུ། ཐེབས་ཀྱུ་རྣམས་ལ་དཀར་ཐིག་ཁྲ་ཚག་བཅས། ཞལ་ཟས་༡བཅས། སྒྲུབ་གཞུང་གི་ཡན་ལག་དང་བཅས་པའི་གཏོར་མའི་རིགས་ཐམས་ཅད་གྲུབ་ཟིན་ཏོ། དེ་ལྟར་ཡང་གསང་ཐུགས་ཀྱི་ཕུར་གཅིག་གི་སྟོད་ལས་བྱང་ཆུབ་སྒྲུབ་པ་གཙོར་སྟོན་པའི་

(༣༡༧)ཚོམ་བུ་ཚོགས་ཀྱི་སྒྲུབ་པ་ཆེན་པོ་འདི་ཉིད་དང་། དེ་ཡི་ཆ་ལག་དང་བཅས་པའི་ཕྱག་བཞེས་མཐོང་རྒྱུན་རྣམས་གོ་བསྐུར་མཛད་པ་པོ། ད་ལྟ་ལས་ཐོག་པ་རྡོར་སློབ་གནས་སྤྲུལ་རིན་པོ་ཆེ་དང་། དཔལ་གྱི་སྟོད་ལུང་མཚུར་ཕུ་ནས་སྒྲུབ་དཔོན་གནང་བའི་བླ་མ་བསྟན་འཛིན་ཕུན་ཚོགས། སྤྱི་ཁྱབ་པ་དབུ་བསྒྲས་པ་ཐུབ་བསྟན་བཟང་པོ། སྤྲུལ་སྐུ་སྒྲུབ་བརྒྱུད་བསྟན་འཛིན། ཆོས་ཁྲིམ་པ་རྡོ་རྗེ་གྲགས་པ། དབུ་ཁྲི་བ་ངེས་དོན་བསྟན་འཛིན། དགུ་ཁྲི་བ་འཇིག་མེད་དབང་ཕྱུག་དབུ་ཁྲི་བ་བློ་གྲོས་བསམ་འཕེལ། མཆོད་དཔོན་བསོད་ནམས་ཆོས་འབྱོར། མཆོད་དཔོན་རྒྱལ་མཚན་བློ་བཟང་། དབུ་ཆུང་གཉིས་དང་། རང་བཅས་ཐོད་ནས་མཐོང་བ་རྒྱུད་པའི་ཕྱག་བཞིས་གོ་བསྒྲིགས་ལེགས་པར་ཞུས་ཏེ། ཕྱོགས་གཅིག་ཏུ་བསྒྲིགས་པ་པོ། རྡོ་སློབ་ཟུར་པ་བན་སྤྲུལ་ཀརྨ་བསྟན་འཛིན་ཕྲིན་ལས་རྣམ་རྒྱལ་དཔལ་

(༣༡༨)བཟང་པོའི་ལྷག་བསམ་དག་པས་བསྟན་པའི་ཞབས་འདེགས་སུ་དམིགས་ཏེ་བྲིས་པའི་དགེ་བས་རྩ་བས། མཉམ་མེད་དོན་ཀུན་གྲུབ་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། ཡངས་པའི་རྒྱལ་ཁམས་ཀུན་ཀྱང་ནད་མུག་མཚོན་འཁྲུགས་སོགས་དུས་ཀྱི་རྒུད་པ་ཞི་ནས་རྫོགས་ལྡན་གྱི་དཔལ་ལ་སྤྱོད་ཅིང་། ཁྱད་པར་དུ། དཔལ་རྒྱལ་བའི་དབང་པོ་ཀརྨ་པའི་གཙོས། ཡབ་སྲས་རྣམ་པ་ལྔ་ཡི་ཞབས་པད་བརྟན་ཅིང་། མཛད་ཕྲིན་ལྷུན་གྱིས་གྲུབ་པ་དང་། བདག་ཀྱང་སྐྱེ་བ་ཀུན་ཏུ་དཔལ་ལྡན་བླ་མ་དམ་པ་རྣམས་དང་མི་འབྲལ་ཞིང་། ཟབ་རྒྱས་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་པ་དང་། ས་ལམ་གྱི་ཡོན་ཏན་ཐམས་ཅད་མངོན་དུ་གྱུར་ཏེ། མཐར་ཐུག་ཡབ་སྲས་རྣམ་པ་ལྔ་ཡི་དགོངས་ཀློང་གཅིག་ཏུ་གྱུར་ཏེ། མངོན་པར་རྫོགས་པར་

(༣༡༩)སངས་རྒྱས་ནས་སེམས་ཅན་གྱི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བའི་རྒྱུར་གྱུར་ཅིག །༡༩༨༨ཕྱི་ཟླ་༧ར་རེག་༧ལེགས་པར་གྲུབ་བོ། །

(༣༢༠)

(༣༢༡)ཕུར་སྒྲུབ་ཆེན་མོའི་གདངས་དབྱངས་འཐེན་གྲངས་ལ། ཚེས་གཅིག་ཉིན་མ་རྔཾ་སྡིག་ཅན་ལ་སྲས་མཆོག་རིག་པ་གདངས། མནན་པ་ལ་གནུབ་གདངས། ཉིན་དང་པོ་རས། དགུ་གཏོར་སོགས་འགེབ་དབྱངས་ལ་སིལ་སྙན་མི་བརྡུང་། གསོལ་འདེབས་ཐུགས་སྒྲུབ་རྩ་གདངས། དུས་གསུམ་སངས་རྒྱས་བཅས་པ་བདག་ལྷ་ཀླུ་ལེའུ་བརྒྱད་མའི་དབྱངས་ཀྱིས་འགེབ་ལན་༣གྱེར། སྤོས་སོར་ཚེ་བཅུ་ལྟར་དབྱངས་རོལ་ལེན་སྐབས་དང་བསྐུན་རེ་ལས་རྡོར་མཆོད་པའི་མདུན་འཕོད་དགོས། མཁའ་དབྱིངས་ཡུམ་ལ་བདེ་ཆེན་འབར་བ་ལྟར་ཚིག་༤། ཡང་དག་ལ་རྫུ་འཕྲུལ་རྩ་གདངས་སྔགས་རྣམས་འདུར་གདངས། ལྷ་བསྐྱེད་རྡོ་རྗེ་ཁྲོས་པ་ནས། དཀྱིལ་འཁོར་འགྲུབ་པར་མཛོད་པར་ཐུགས་སྒྲུབ་རིག་འཛིན་རྒྱུན་གདངས་ཐུང་བ། སྤྱན་འདྲེན་ལ་རིག་འཛིན་བརྡུང་། བསྐུལ་རིང་བའི་མཐར་འབེབས་བཞག་ནས་རྔ་ཕབ། དུར་ཁྲོད་རབ་འཇིགས་ལ་རིན་པོ་ཕོ་བྲང་ལྟར་ཚིག་༡རིང་། རུ་ཏྲ་བསྣོལ་བ་ནས་ཐུང་སྔགས་རྣམས་ཧཱུྃ། གདན་རྒྱ་

(༣༢༢)ཆོས་ཀྱི་དབྱིངས་ནས་ཐལ་སྦྱར་བཅས་ཤིན་ཏུ་ཐུང་། སྔགས་གོང་བཞིན། རུ་ཏྲ་བསྒྲལ་བ་ནས། ལྷ་རྫས་ཕྱི་མཆོད་ལྟར་ཕྱག་རྒྱ་བཅས་ཚིག་རྒྱུན་རྐང་གླིང་༣ཌཱ་ཟུར་བྱ་ཤབྡ་ནས་བསླང་། འབེབས་ཆུང་སུམ་རྡུང་ལན་མེད་ཀྱི་གཏི་མུག་བསྒྲལ་བ་སོགས། བྷནྡྷ་འབར་བ་ལ་རྗེ་བཙུན་བླ་མ་ལྟར། ཛབ་བསྐུལ་སྤོ་གདངས། ཀཱི་ལ་ཡ་སྔགས་དབྱངས་ལན་གསུམ་གྱེར། གཙོ་བོ་དང་པུར་སྲུང་སྟོང་ཚིག་ཡེ་ཤེས་ལྷ་ཚོགས་ལ་ཐུགས་སྒྲུབ་རྩ་གདངས། བུམ་པའི་བསྟོད་པ་ལ་རྫུ་འཕྲུལ་རྩ་གདངས། ཡར་ཚོགས། སྐྱབས་འགྲོ་ལན་༣། སེམས་བསྐྱེད་ལན་༡བཅས་ལམ་བརྒྱད་ལྟར། ཚར་༢། ཧཱུྃ། ཤྭ་ནའི་སྤྱིན་ལ་འཇིག་རྟེན་དབང་བསྐུར་ལྟར་ལན་༢། ཡེ་ཤེས་བསྐྱེད་པ་ལ་རྩ་བརྒྱད་སྟོང་སྦྱར་ལྟར་ཚིག་༢། དགའ་བཞི་བསྐྱེད་པ་ནས་ཐུང་། འདི་སྐབས་ལས་སྐོར་མཆེད་པའི་མདུན་འཁོད་པ་དང་། སྨན་རཀ་སྔགས་དང་བསྐུན་ཏེ་མཆེད། འབེབས་འོག་གཏོར་མར་ཆ་བྲན། བྱང་གི་ བཟའ་དང་བཅའ་བ་ནས་བསྐུལ་མཚམས། ཨ་མྲྀ་ཏ་དང་། རཀྟ་ནས་མཚམས་ཕྱོགས་དཔའ་རོལ་ལྟར། གདངས་ཀྱི་

(༣༢༣)སྐབས་རཀྟ་ཛྭ་ལ་ཞེས་སྦྱར་དགོས་མཐར་འབེབས་བཞག །དབྱིངས་ནས་སོགས། དམ་སྤྱི་སྤྱན་འདྲེན་ལ། དུར་ཁྲོད་ཀུན་བདག །ཚོགས་དང་པོ་ལ་རྡོ་རྗེ་སློབ་དཔོན་འགེབ་ཆིག་༢། ང་ནི་དཔལ་ཆེན་ལ་ཆེ་མཆོག་པདྨའི་འགེབས་མ་ཚར་བར་གྱེར། ཚོགས་ཞུ། ཐ་༡༢༣༡༢༣པས་རྡོར་ནས་དབྱངས་དང་བསྐུན་ཏེ། ཕྱག་ལེན་བྱ་ དང་པོའི་ཕུར་གྱེར་ནས་གཅིག་ལས་བྱུང་། འདི་སྐབས་ལས་གྲལ་མཇུག་འབྱོར་དགོས། སུམ་རྡུང་། བྱིན་བརླབ་མཐར་ཐིང་༡ནས་འབེབས་དགུ་བརྡུང་འཛབ་མེད་གཅིག་གིས། ལྷག་གདངས་གཉིས་པ་གྱེར། དམ་སྤྱི་གཏོར་འབུལ་ཆོས་ཀྱི་དབྱིངས་མ་ལ། དྲག་ཤུལ་ཆེན་པོའི་ལྟར་ཚིག་༢། ཆད་མེད་ལ་ལོ་བརྒྱད་ཆད་མཛད་དང་པོའི་ལྟར། རྨི་ལམ་དུས་གསུམ་བདེ་གཤེགས་ལ་བདེ་མཆོག་བདེ་སྤྱོད་ལྟར། བདེ་སྐྱིད་ལྡན་ཞི་ནས་འགྱུར་མེད་སྐུ་ལྟར་ཐུང་། སྣང་བཞི་མཐར་ཕྱིན་ནས། འཆི་མེད་ཚར་ལྟར་ལན་༣གྱིར། གཏོར་བསྔོ་བསྐུས་པ་བཅས་གྲུབ། ཉིན་གཉིས་པ། ཕུར་པའི་བརྒྱུད་འདེབས་ལ་

(༣༢༤)རྙིང་མ་སྤྱི་གདངས། ཤུད་བུ་དཔལ་སེང་ནས་ཐུང་། རྣལ་འབྱོར་ཆེན་པོ་ལ་ཐོས་པ་ཟིལ་གནམ། ཡང་དག །ལྷ་བསྐྱེད་གོང་ལྟར། སྤྱན་འདྲེན་ལ་ལོ་བརྒྱད་སྔ་མ་བསྐལ་ལྟར། དབྱངས་རོལ་ལེན་སྐབས་ལས་རྡོར་མཆོད་པའི་མདུན་བཞེངས་དགོས། སྤོས་ཕོར་ཚེ་བཅུ་ལྟར། བསྟོད་པ་ཤ་ལོ་ཀ་གཉིས་ལ་མཚན་བརྒྱད་བསྟོད་དབྱངས་རིང་བ། ཤ་ལོ་ཀ་གཉིས་ལ། ཁྲོ་བོའི་བསྟོད་དབྱངས་ཐུང་བ་བཅས། ཛབ་བསྐུལ་ཞིང་སྒྲུབ་གདངས། སྔགས་དབྱངས། ལྷ་ཚོགས་གོང་ལྟར། ཤྭ་ནའི་དམ་བཞག་དྲག་གཏུམ་མ་ཧཱ་ཀ་ལཱ་ལ། སྔ་མ་ཚེ་གསང་བདག་ལྟར་ཚིག་༢། བསྟོད་པ་ཆོས་ཀྱི་དབྱིངས་མ་ལ། ཆར་སྤྲིན་དང་མཚུངས་ལྟར་ཚིག་༢། དམ་སྤྱི་ཐུན་མོང་ཁྱད་པར་ལ་ཤ་ཟ་ནག་པོ་ལྟར། ས་བརྒྱད་དབང་ཕྱུག་ཚིག་བརྒྱད་ལ་བཀའ་འདུས་བྱིན་འབེབས་ལྟར། ཚོགས་བྱིན་རླབས་རྡོ་རྗེ་ལྟ་བུ་ལ་རང་ཉིད་ལྷ་གོང་མ་ལྟར། ཡི་གེ་གསུམ་གྱི་སོང་ཚིག་༤ལ་རང་ཉིད་ལྷ་རྗེས་ལ་ལྟར། རླུང་མི་སོགས་ནས་ཀུན་གཞི་བཅོས་གདངས། རྔ་མི་དགོས་སྔགས་ཧཱུྃ། མཐར། ཐིང་༣འབེབས་

(༣༢༥)སུམ་བརྡུང་གིས་ཚོགས་སྤྱིན་གསུང་། རང་བྱུང་བདེ་ཆེན་ལ་རྩ་གསུམ་བསྐང་གདངས། ཐབས་དང་ཤེས་རབ་ནས་ཐུང་། མཐར་ཆིག་༡དང་སྔགས་ཧཱུྃ། མཛད་ནས་རྔ་བརྡུང་བླངས། ཚོགས་ཞུ། ལྷག་མ་དཀྱིལ་འཁོར་ཆེན་པོ་བཟློག་གདངས་རིང་བ། མི་མང་དབྱིངས་ན་ལ་ལོ་བརྒྱད་རིག་འཛིན་སྤྱི་བསྐུལ་ལྟར་ཆིག་༢། ལྷ་གནས་ཨོ་རྒྱན་ལ་ཆད་མེད་བར་པའི་དབྱངས་ཚིག་༢། བརྟན་མ་རིང་ཐུང་༢། ལོ་བརྒྱད་ལྟར། གཏོར་བསྔོ་བསྐུས་པ་བཅས། ཉིན་གསུམ་པ། སྐྱབས་སེམས་སྨིན་གླིང་། གུར་དྲག་གདངས། ང་ནི་ལས་ཀྱི་ལ་ལོ་བརྒྱད་མཚམས་གཅོད་ལྟར། གུར་དུ་ཕུབ་རྔ་བརྡུང་ལེན། མཚོན་ཆ་ཁྲོ་ཆུང་གོང་བཞིན། མཚམས་ཀྱི་དཀྱིལ་འཁོར་ལན་༡འདབ། ལྟ་བུ་རྗེས་མ་མཚམས་ཕྱོགས་རེ་རེ་བཞིན་མཛད། རྫས་ཕུར་བྱིན་རླབས་ལ་ལྷོ་ནུབ་རྔ་ཡབ་ལྟར་ཚིག་༢། ལས་རྡོར་པས་དབྱངས་དང་བསྟན་ཏེ་ཕྱག་ལེན་བྱེད་དགོས། སྨན་རཀ་གཏོར་གསུམ་སྔགས་སོ་སོར་ལན་༣རེ། ཡང་དག་ལྷ་བསྐྱེད་གོང་ལྟར་

(༣༢༦)སྤྱན་འདྲེན་ལ་ཐུགས་སྒྲུབ་ཡུལ་གྱི་མིང་ལྟར་ཆ་ཚང་། གཏི་མུག་བསྒྲལ་བ་ལ། རང་བྱུང་ནང་མཆོད་ལྟར། སྨན་མཆེད་ལོ་བརྒྱད་ལྟར། ཤུད་བུ་དཔལ་སེང་ནས་ཐུང་རིལ་བུ་འཛིན་པ་ལས་མི་དཀྲོལ། ཐག་ཐག་དྲིས་ལྟོས་རྒྱབ་ཆ་ཚང་གྱེར། ཛབ་བསྐུལ་ཡེ་གསང་འཛབ་དམིགས་གདངས། སྔགས་དབྱངས། ཡེ་ཤེས་ལྷ་ཚོགས་གོང་བཞིན། ཤྭ་ནའི་དུར་ཁྲོད་མཆོག་ལ་ཞིང་སྐྱོང་ཆེན་པོའི་དབྱངས་དཔལ་གྱི་བཀའ་སྡོད་ལ་ཉི་ཤུ་རྩ་བཞི་ལྟར། ཚོགས་སྤྱན་འདྲེན་ལ་སྣང་བ་སྣོད་ལྟར། ཞལ་བསྟབ་ལ་མ་ནིང་བསྐུལ་དབྱངས་ཚིག་༤། ཚོགས་ཞུ། དེ་ཕྱིན་གདངས་ཐུང་བྱེད་པས་ཆོག །ལྷག་གདངས་གོང་ལྟར། དམ་སྤྱི་བསྟོད་པ་འཇིག་བྱེད་ཁྲག་འཐུང་མ་རླུང་ལྟར་མ་ཚིག །བཀྲ་ཤིས་རབ་འབྱམས་ལ་ཐུགས་སྒྲུབ་གཞུང་གདངས་མཐར། བཞི་རྡུང་༡། ཉིས་རྡུང་༡། འབེབས་ཆེན་བྱེད། དབྱངས་རོལ་ལེན་སྐབས་ནས་ལས་རྡོར་གྲལ་མཇུག་ཏུ་རྣལ་འབྱོར་དགོས། ཁྱད་པར་རྒྱ་གར་ལ་ཆད་མཛད་མཐའ་མ་ཚིག་༤། བརྟན་མའི་མཐར་འབེབས་བཞག་ནས། རྟ་བྲོ་

(༣༢༧)ལོ་བརྒྱད་ལྟར། དཔལ་ཆེན་ཡབ་ཡུམ་ནས་ཐུང་། ཤར་དུ་ཞི་བའི་ཕྱིན་ཤིན་ཏུ་ཐུང་སྔགས་རྣམས་ལམ་དགོས། གཏོར་བསྔོ་བཅས། ཉི་མ་བཞི་པ། ཡན་ལག་བདུན་པ་ལན་རྗེས་ལ། ཚད་མེད་བཞི་སྒོམ་ལན་༣བཅས་ཐུགས་སྒྲུབ་རིག་འཛིན་རྒྱུན་གདངས་ཐུང་བ། བྱིན་འབེབས་མི་མང་དབྱིངས་ལ་ཡེ་གསང་བྱིན་འབེབས་ལྟར་མ་ཚར་བར་གྱེར་མཐར་ཚིག་༡དང་སྔགས་ཧཱུྃ་ནས་བརྡུང་གསུམ་རོལ་མི་བརྡུང་། ཡང་དག །ལྷ་བསྐྱེད་གོང་བཞིན། སྤྱན་འདྲེན་ལ་རིག་འཛིན་བརྡུང་བསྐུ་གདངས་འཐུང་བ་previous hit དྲིལབུ next hit་དཀྲོལ་དགོས། བདུད་རྩི་ལག་མཆོད་པ། སྨིན་གླིང་བཀའ་བརྒྱད་ལག་མཆོད་ལྟར་མ་ཚར་བར་གྱིར། ཛབ་བསྐུལ་སྤོ་གདངས། སྔགས་དབྱངས། ཡེ་ཤེས་ལྷ་ཚོགས་གོང་བཞིན། ཚེ་འགུགས་དང་ཚེ་སྒྲུབ་ལ། སྒྲོལ་མའི་རྒྱུན་གདངས། ཤྭ་ནའི་བསྟོད་པ་སྐུ་ཡི་དབྱིངས་ནས་ཚིག་༢ལ། སྣང་བ་མ་འགགས་ལྟར། བསྐང་བ་བདུད་འདུལ་སྔགས་གླིང་མ་

(༣༢༨)ལ་དམ་རྫས་གཏོར་ཆེན་ལྟར། སྣང་སྲིད་ཕུར་བུ་ལ། ཞི་ཁྲོའི་རང་རིག་ཉམས་མོངས་ཀྱི་འགེབ་སྟེ་ཚིག་རྔ་བཅས། མི་དགེ་བཅུ་ནས་ཐུང་། ཕྲིན་ལས་རྒྱལ་མཚན་ནས་རིང་བསྐང་ངོ་བསྐལ་པ་ནས། ཐུང་དགོས། མཐིང་ནག་གྲུ་གསུམ་ལ། ཕོ་བྲང་མཁའ་སྤྱོད་ལྟར་ཚིག་༢། གསེར་སྐྱེམས་དང་པོའམ། ཚོགས་ཞུ་ཐུང་བ། ལྷག་གདངས་གོང་ལྟར་ལས་རྡོར་པས་དབྱངས་ཚིག་དང་བསྐུན་ཏེ་ཕྱག་ལེན་བྱེད་དགོས། འཁོར་ལམ་རྩིབས་བཅུ་ལ་རང་མདུན་ཡཾ་ལས་གདངས། སྟེང་ཕྱོགས་ནས་ཐུང་། མཐར་རྔ་བརྡུང་དང་། བཟློག་རོལ་ཆེ་བ། ཤར་ཕྱོགས་འཁོར་ལོ་ལ་བཟློག་གདངས་རིང་བ་ལྷོ་ཕྱོགས་ནས་ཐུང་བ་བྱེད། ཨི་ཁྲོ་འབར་བ་ནས་རིང་། གཏོར་ཟོར་གཏུམ་ཆེན་འབར་བ་ལ་ཞིང་སྐྱོང་ལྟེ་བརྒྱད་བསྐུལ་དབྱངས། སྨི་ལམ་མཐར་ཐིང་༡ནས། སུམ་བརྡུང་ལན་ཡོད་ཀྱིས་འཁོར་འདས་ཀུན་ཁྱབ་རང་གདངས་ཚིག་༢། གྱེར་ནས་རྔ་བརྡུང་དང་སླར་ཚིག་༢གྱེར། གང་འདུལ་དེར་སྣང་ནས་ཐུགས་སྒྲུབ་རིག་འཛིན་རྒྱུན་གདངས་

(༣༢༩)མཐར་བཞི་རྡུང་༡ཉིས་རྡུང་༡སྦྲམ་འབེབས། སྨིན་གླིང་བཀྲ་ཤིས་འཁྱིལ་པ་བཅས་གྲུབ། ཉིན་ལྔ་པ། དམ་ཚིག་ཉམས་ཆགས། སྣང་སྲིད་འདོད་ནས། ཐུགས་སྒྲུབ་གཞུང་གདངས། ཡང་དག །ལྷ་བསྐྱེད་གོང་ལྟར་ལ། འབྱུང་བ་ཆེན་པོའམ་ལོ་བརྒྱད་ཆོས་རྣམས་མི་དམིགས་ལྟར་ཚིག །འཕྲོས་རིག་འཛིན་རྒྱུན་གདངས་བྱ་སྤྱན་འདྲེན་སྲིད་པ་ཕུར་བུ། ཛབ་བསྐུལ་ཞིང་སྒྲུབ་གདངས། སྔགས་དབྱངས། ཡེ་ཤེས་ལྷ་ཚོགས། ཚེ་འགུགས་ཚེ་དབང་། ཚེ་སྒྲུབ་གདངས་རིང་བ། དམ་སྤྱིའི་གདན་འབུལ་ཚིག་༣ལ་བདག་སྒྲུབ་མ། ཚོགས་བཤགས་པ་ཞིང་སྐྱོང་དཔལ་ཆེན་འཁོར་བཅས་ལྟར། དེ་ལྟར་བསྐང་བ་ལ། ཁྲོ་བོ་དྲག་ཤུལ་ལྟར་མ་ཚར་བར་གྱེར་གསེར་སྐྱེམས་བར་པ། དམ་ཚིག་ཆེན་པོའི་རང་གདངས་མགོ་མཐའ་གཉིས་ལ་དགུ་བརྡུང་། ཚོགས་ཞུ་ཐུང་། ལྷག་གདངས་གོང་ལྟར། འཁོར་ལོ་རྩིབས་བཅུ་ལ་

(༣༣༠)བཟློག་གདངས་རིང་བ། སྟེང་ཕྱོགས་ནས་ཐུང་། བྷྱོ་གདབ་ད་ནི་འཁོར་འདས་ལ་དགུ་ཆེན་གཙང་གདངས་ཚིག་༡༡མཐར། རྔ་བརྡུང་རྗེས་གཙང་རོལ་ལེན། གཏེར་ཆེན་ཨི་ཝཾ་ཆོས་སྒར་བཅས། ཉི་མ་དྲུག་པ། ཡང་དག །ལྷ་བསྐྱེད། སྤྱན་འདྲེན་སྲིད་པ་ཕུར་བུ། སྔགས་དབྱངས། ཡེ་ཤེས་ལྷ་ཚོགས། ཚེ་འགུག་ཚེ་དབང་ལ་ཚེ་སྒྲུབ་གཞུང་གདངས། གསེར་སྐྱེམས་མཐའ་མ། གཟུ་དཔང་དུ་གསུམ་རྒྱབ་ལ་ཐམས་ཅད་གཟིགས་གདངས། མཐར་རྔ་བརྡུང་དང་། བཟློག་རོལ་སངས་རྒྱས་བསྟན་པ་ནས་བཟློག་གདངས། ཞལ་ཕྱི་དཔལ་ཆེན་འཁོར་བཅས་ལ། གཏེར་གསར་ཞལ་བསྟབ་གདངས། ཚོགས་ཞུ་ཐུང་། ལྷག་གདངས་གོང་བཞིན། བཀྲ་ཤིས་འཁྱིལ་པ་བཅས། ཉི་མ་བདུན་པ། སྤྱན་འདྲེན་སྲིད་པ་ཕུར་བུ་ལ། ཚེ་སྒྲུབ་གཞུང་གདངས་དང་། ཐུགས་སྒྲུབ་རྩ་གདངས་གང་བདེ་ཞིག་གྱེར། དངོས་གྲུབ་ལེན་ཆོག་སོགས་གཞུང་གསལ་

(༣༣༡)མཆན་འབྲུ་ལྟར་འདིར་སྨོས་མ་དགོས། ལྷག་གདངས་གོང་བཞིན། འགྲུབ་པར་མཛོད་ནས་ལྷག་རོལ་མཐར་འབེབས་རིང་མཐར་ཀེང་པ་གཉིས་ཐམས་ཅད་ནས་བཟློག་རོལ་ཆེ་བ་འཁོར་ལོ་རྩིབས་བཅུ་བཅས། དབྱངས་བཅག་ལ་previous hit དྲིལབུ ་བསྣམས་དགོས་སྟོད་གོས་བཞེས་ཆོག །བཞིས་ཆས་དཀར་ཞལ་བཀྲ་ཤིས་ཁ་འགུགས་མ་བསྣམ་དགོས།


no previousno next