འཇམ་དཔལ་ཡ་མཱནྟ་ཀའི་ཞལ་གདམས་སྙིང་གི་ནོར་བུ་ཤིན་ཏུ་ཟབ་པའི་གདམས་པ།
འཇམ་དཔལ་ཡ་མཱནྟ་ཀའི་ཞལ་གདམས་སྙིང་གི་ནོར་བུ་ཤིན་ཏུ་ཟབ་པའི་གདམས་པ་བཞུགས་སོ༔
འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་མན་ངག་ཟབ་མོ་གནད་དུ་ དྲིལ་བ་སྙིང་གི་མེ་ལོང་མིག་གི་འབྲས་བུ ་གསང་བ་སྲོག་ཏི་ག་སྙན་བརྒྱུད་ཞལ་གྱི་གདམས་པ་འདི་ནི༔ དམ་ཚིག་པ་སྲུང་བའི་སྙིང་གི་བུ་གཅིག་མ་གཏོགས་པར་གཞན་ལ་མ་སྟོན་དེ་མ་ཐག་ཡང་སྲུང་འཁོར་གྱི་ཞལ་གདམས་ནི༔ བདག་ཉིད་ཕྱག་རྡོར་གྱི་ཐུགས་ཀར་གསེར་གྱི་མཆོད་རྟེན་ཁྲི་འཕང་ལྔའི་བུམ་པར་འཇམ་དཔལ་ཡེ་ཤེས་སེམས་དཔའ་སྐུ་མདོག་དམར་སེར་ཕྱག་བཞི་ཚོན་གང་བ་དང་གཡས་དང་པོས་ཤེས་རབ་རལ་གྲི་ནམ་མཁའ་ལ་ཕྱར་བ༔ གཡོན་དང་པོས་ཨུཏྤལ་པོ་ཏི་ཡུ་བ་ཐུགས་ཀར་འཛིན་པ༔ འོག་མ་གཉིས་ཀྱིས་ཐབས་ཤེས་གཉིས་སུ་མེད་པའི་མདའ་གཞུ་
འཛིན་པ༔ སྐུ་ལ་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ༔ ཞབས་སྐྱིལ་ཀྲུང་དུ་བཞུགས་པའི་ཐུགས་ཀར་ཉི་ཟླའི་གའུ་ཁ་སྦྱོར་དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་སྲན་མ་ཙམ་གྱི་སྟེང་དུ་ཧཱུཾ་ཧཱུཾ་ཧཱུཾ་སྤུས་བྲིས་པ་ཙམ་གྱི་མཐའ་བསྐོར་དུ། མཉྫུའི་ཡ་མཱནྟ་ཀཿ ཡ་མ་རཱ་པ༔ མ་མ་རཀྵ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ཕྲེང་བ་དམར་པོ་གཡས་བསྐོར་དུ་འཁོར་བ་ལས། འོད་ཟེར་མགལ་མེའི་ཚྭ་ཚྭ་ལྟ་བུ་འཕྲོས། ལུས་གང་བས་བདག་གི་ནད་གདོན་སྡིག་སྒྲིབ་ཉོན་མོངས་ཐམས་ཅད་གཞོབ་ཐུལ་དུ་བསྲེགས་རང་ལུས་རྡོ་རྗེའི་གོ་ཆར་གྱུར། ཕྱོགས་བཅུ་དུས་གསུམ་གྱི་
རྒྱལ་བ་ཀུན་གྱི་ཐུགས་རྗེ་དང་། བྱད་མའི་སྲུང་འཁོར་གྱི་ནུས་སྟོབས་ཐམས་ཅད་བསྡུས་ནས་བདག་གི་སྲུང་འཁོར་ལ་ཐིམ་པར་བསྒོམ། སྲ་བ་བརྟན་པ་མི་ཤིགས་པ་སྲེད་མེད་ཀྱི་བུའི་སྟོབས་ཀྱང་བཟློག་པར་གྱུར་པ་ལས་འོད་ཟེར་དམར་ནག་ལྕགས་སྲེག་གི་ཚྭ་ཚྭ་ལྟ་བུར་འཕྲོས་བྱེད་མའི་སྲུང་འཁོར་འདམ་བཙེགས་ལ་སྐྱོགས་ཕོག་པ་ལྟར་བཤིགས། དལ་དཀྱིལ་དཀྲུགས། ལྷ་ཆའི་སྒྲ་བཅག །འུར་སྒྲ་དང་ཐུག་ཆོམ་དང་གློག་བས་འཇིག་རྟེན་ཁམས་མེར་མེར་དུ་གྱུར། བགེགས་དང་ལོག་འདྲེན་ཐམས་ཅད་ཉེ་ཞིང་བལྟ་མི་ཕོད་པ། འོད་ཟེར་གྱི་ཤུགས་ཀྱིས་ལྕགས་རི་ནག་པོའི་རྒྱབ་ཏུ་བསྲེགས་པར་བསམ། སྲུང་ཁྲི་འབུམ་བཟླ། རྨི་ལམ་ལ་དར་ཕྱུར་བ། དུང་འབུད་པ། མེ་ཆེན་འབར་བ། མཁར་སྲེག་པ། །གོ་ཁྲབ་གྱོན་པ་དེ་སོགས་བྱུང་ན། དེ་ནས་སྲུང་བ་རྡོ་རྗེའི་ཁྲབ་གོ་ཆའི་ཞལ་གདམས་གསང་བར་བྱ། དོན་གསུམ་པ་ཕྱིར་བཟློག་པ་ཐོག་མདའ་དྲག་པོ་མེ་དཔུང་གི་མདའ་ལ་བསྐྱོན་པའི་ཞལ་གདམས་ནི། སྲུང་བ་ཕྱིར་བཟློག་པའི་ཁྱད་པར་ནི། གནོད་པ་དེས་རང་ལ་མི་ཚུགས་པའི་སྲུང་བ། གཞུང་ལྟར་བཟློག་པའི་ཆོ་ག་བཤམས་ཏེ། ཏིང་ངེ་འཛིན་ནི། །
སྲུང་འཁོར་གྱི་རྩིབས་མཆན་ལ་ཁྲོ་བོ་སྟོབས་པོ་ཆེ་དང་། དེ་ལས་སྤྲུལ་པའི་ཁྲོ་བོ་རྣམས་ཞལ་ཕྱིར་གཟིགས་པའི་ཕྱག་གཡས་གནམ་ལྕགས་ཀྱི་འཁོར་ལོ་མེ་རབ་ཏུ་འབར་བ། གཡོན་མཚོན་ཆ་སྣ་ཚོགས་བསྣམས་པ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟར་འཕྲོས། བདག་ལ་གནོད་བྱེད་བཏང་བའི་བྱད་མ་དང་གནོད་བྱེད་ལྷ་འདྲེ་རང་བཞིན་གྱིས་གནོད་པ་སོགས་སྡེ་བརྒྱད་གང་ཡིན་གྱི་ཆོ་འཕྲུལ་བྱུང་བའམ། གལ་ཏེ་ངོས་མ་ཟིན་ན། ཕུང་པོ་འཆི་བདག་དང་ལྷའི་བུ་དང་ཉོན་མོངས་པའི་བདུད་ཀྱི་ཕོ་མོ་མི་དཀར་སེར་དམར་ལྗང་བཞི་ལ་ཆོ་འཕྲུལ་ཅི་བྱུང་བ་བཅུག་ཅིང་སྲིད་པའི་འཁོར་ལོ་འབར་བའི་བཙེར་བསྐྱོན་པས་གནོད་བྱེད་རྣམས་ཀྱི་ཤ་ཁྲག་དོན་སྙིང་དབང་པོ་དམར་མྱལ་མྱལ་དུ་གཏུབ་པར་བསྒོམས་ལ། བདག་ཉིད་འཇམ་དཔལ་འཁོར་བཅས་ཐམས་ཅད་ཀྱི་ཞལ་ནས་ཟློག་སྔགས་འབྲུག་ལྟར་སྒྲོག་པ། འོད་ཟེར་གློག་ལྟར་འགྱུ་བ། སྤྲུལ་པའི་ཁྲོ་རྒྱལ་ཐོག་ལྟར་འཕྲོས་པས་གནོད་བྱེད་ཐམས་ཅད་བྱ་སྒོ་མེ་ལ་སྲེག་པ་ལྟར་བརླག་པར་བསམ། ཨོཾ་ཡ་མ་ཀིང་ཀང་ཁ་ཏུམ་ནི་མྱོག་སྒྲིབ་ཝཱཀ་ཙྩཾ་བྷ་ཡ་ནན་བཟློག །བིགྷཱན་ཧཱུྃ། དེ་ཤྭ་དེ་ཤྭ་བྱུར་བྲུབ། ཤཾ་ཤཾ་
ཙཀྲ་ཧ་ལ་ཧ་ལ། ཧལ་ཏ་ཧལ་ཏ། ཧཱུྃ་ས་མ་ཡ་སྒྲིབ་ཧྲཱིཿང་། དགྲ་སྲི་བྱད་མ་སྟེ་བྷ་ཡ་མཱ་ར་ཡ་སོད། རཀ་སོད་ནན་ཟློག །ཅེས་དང་། ཨེ་ཀ་དུ་ན་ཟློག །མ་ཧཱ་དུ་ན་ཟློག །ར་ཙ་དུ་ན་ཟློག །ས་ག་དུ་ན་ཟློག །ནཱ་ག་དུ་ན་ཟློག་།སུམ་ཏྲི་རཀྵ་ཟློག །ཁྱད་ཟོར་ཕུར་ཁ་ཐམས་ཅད་དགྲ་ལ་བློ་ཟློག །རྐྱེན་གང་གནོད་བཟླས་པའི་ཤམ་བུ་གདགས།་ངོས་མ་ཟིན་ན་ཆོ་འཕྲུལ་ཆེ་ན། བཛྲ་སརྦ་དུ་ཤན་ཏྲིག་ནན། བྱད་ཟེར་ཞེས་བཏགས་པའམ། ཨེ་ཀ་ཞེས་སོགས་བྱའོ། །འོན་ཏེ་ཐམས་ཅད་ནར་མར་བཟློག་ཅིང་ཐུན་དང་ཟོར་ལ། ཟོར་བཞིའི་སྔགས་ཀྱང་ཐུན་བར་དུ་བརྒྱ་རེ་བཟླས་ལ་རང་ལ་བཏབ། ཐུན་གཏོར་དུས་བཞིའམ་དྲུག་ཏུ་བྱ་ཞིང་སྐུལ་དང་ཟློག་སྒྱུར་བཏོན་ནས་གནོད་པའི་ཕྱོགས་སུ་འཕང་ངོ་། །ཐལ་མོ་རྡེབ། དམོད་མོ་བྱ། ཉ་བོ་དཔལ་གཏོར་ལ་བཏབ་བོ། །དེས་ཀྱང་ཆོ་འཕྲུལ་ཆེ་ན་ཡང་ཟློག་བྱ་བ་ནི་འོག་ཏུའོ། །འདི་ཐོག་མདའ་དྲག་པོ་མེ་དཔུང་གི་མདའ་ལ་བསྐྱོན་པ་ཞེས་བྱ་སྟེ། གཞན་ལ་གཏད་ན་རང་གི་ལག་ཆ་ཤོར་བ་དང་འདྲའོ། །སྤྱི༔ དོན་གསུམ་པ་བསད་པ་དུག་གི་འཁོར་ལོའི་ལས་རིམ་ཞལ་གདམས་ནི། འདི་ཡང་འཇམ་དཔལ་གྱི་ཐུགས་ཀ་ནས་ཡ་དམར་ནག་དམིགས་བྱའི་བཤང་ལམ་ནས་སྙིང་གར་ཞུགས། དེ་ལྕགས་སྲེག་གི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བ་ལ་འཆི་བདག་གི་ངོ་བོ་
ཡ་དམར་ནག་རྩེ་ལ་སྲོག་ཆོད་ཀྱི་ཡི་གེ་ཧུར་ཐུ་ཛམཱ་ཡ་ར་རྦད་ཀྱིས་མཚན་པ། དྲག་རྩལ་ངར་དང་ལྡན་པ་གཡས་སུ་འཁོར་བས། དགྲ་བོའི་རྣམ་ཤེས་དབང་པོ་དོན་སྙིང་ཡང་ཀླད་ཁྲག་ཞོ་ལྟར་དཀྲུགས་ཤ་ཁྲག་རྣམས་སྤྲུལ་པའི་ཕོ་ཉ་རྣམས་ཀྱིས་ཟོས་པས་ལྷག་མ་ཡང་མེད་པར་བསམ་ཞིང་། རིག་རྩལ་ངར་དང་ལྡན་པ། འཕྲོ་མ་ཆོད་པར་དྲག་སྔགས་འདི་ཉིད་ཀྱིས་ཐུན་དྲུག་ཏུ་བརྟེན་པར་བྱ་བ་གནད་ཆེའོ། །ཏདྱ་ཐཱ། དུ་ཤན་དུ་ཤན། ཡཀཱ་ཡཀཱ། ཏྲག་རཀཱ་མཱ་ར་ཡ་རྦད་དགྲ་བོ་འདུས་འདུས་རྦད་རྦད་སོད་སོད། །དགྲ་བོའི་སྙིང་ཧྲཱིཿང་ཧྲཱིཿང་། འདུས་འདུས་རྦད་རྦད་སོད་སོད། ཡ་མཱནྟ་ཀ་ཡ་མ་རཱ་ཛ་དགྲ་བོའི་སྲོག་རྩ་སྙིང་རྩ་ཁྲག་རྩ་ལ་ནུར་ནུར། རྦད་རྦད། སོད་སོད། ཨ་ཡ་མ་དུ་རུ་ཙ་ཤ་ན་དགྲ་བོའི་སྲོག་ལ་མཱ་ར་ཡ་རྦད་པ༔ དགྲ་བོ་ཆེའི་ཙིཏྟ་ཏྲཾ་ཧུར་ཤྲཱི་ཛཿ མཱ་ར་ཡ་ཆད་སོད། ཐུན་བརྡེག་དུས་བདག་མདུན་ཁྲོ་བོ་རྣམས་ཀྱིས་མཚོན་ཆས་དགྲ་བོ་གཏུབ་པར་བསམ་པ་ནི་གཞུང་ལྟར་རོ། །འདི་ནི་བསད་པ་དྲག་པོ་དུག་གི་འཁོར་ལོའི་མདའ་ལ་བསྐྱོན་པའི་ཞལ་གདམས་ཏེ། གཞན་ལ་སྤེལ་ན་རང་གི་མིག་འབྲས་དང་འདྲའོ། །སྤྱི༔ དམ་ཉམས་དགྲ་བོ་མནན་པའི་སྔགས་ནི། ཨོཾ་ཡ་མ་ཀིང་ཀང་ཁ་ཐུ་ནི་མྱོག་སྒྲིབ་
ཧྲཱིཿང་། ཝཱཀ་ཙཱ་བྷ་ཡ་ནན་བྷིག་ནན་དགྲ་བོའི་ངག་ཐུ། དེ་ཤྭ་དེ་ཤ་བྱུར་བྲུབ། བྷི་ཤ་ཙཀྲ། ཧ་ལ་ཧ་ལ་ཧཱུྃ་ས་མ་ཡ་སྒྲིབ་ཧྲཱིཿང་། དགྲ་བོ་རྗེའི་ངག་ཙཱ་བྷ་ཡ་རཀྵ་ནན། ཧཱུཾ་ཧཱུཾ་ལཾ་ལཾ་སུཾ་བྷ་ཡ་ནན། དགྲ་བོ་གནོད་བྱེད་དགྲ་བོའི་ངག་མཱ་ར་ཡ་ནོན་ཅིག །དགྲ་སྲི་ཏྲི་ཏ་ལིང་ནན་། ཧྲཱིཿ་ཏི་ཙཱ་བྷ་ཡ་རྦད་སོད་། མཱ་ར་ཡ་ཟད་ནན། དགྲ་བོ་ཙཱ་བྷ་ཡ་ངག་ནན་ཆིངས་ཤིག །དམིགས་པ་ནི། བདག་གི་ཐུགས་ཀ་ནས། རཾ་ལས་ལྕགས་སྲེག་གི་འཁོར་ལོ་རྣོ་ངར་དང་བཅས་པ་འཕྲོས། དམིགས་བྱའི་ལྕེ་ཐོག་ཏུ་ཕོག །དེ་གཡས་སུ་འཁོར་བས་ངག་གི་རྣམ་པར་ཤེས་པ་རྡུལ་དུ་བརླག །གཡོན་དུ་འཁོར་བས་ལྕེའི་དབང་པོ་གཞོབ་ཏུ་བསྲེགས་པར་བསམ། སྔགས་བཟླས་ཤིང་ཐུན་བརྡེག །དྲིལ་ལ་སྔོ་དམར་གྱི་བཅིངས། ལྷུགས་པའི་ཐོད་པར་བཅུག་ལ་ཀླུ་གནས་སར་གཏད་དོ། །མངྒ་ལཾ།། ༈ ལྡེབ་བྱང་ངོ་། དགྲ་བོ་རིས་སུ་བྲིས་པ། ཀན་ཨ་ཀར་ཡ་ཛ་ཧཱུྃ་ཛ་ཛཿ ཤེལ་ཤེལ་དགྲ་བོའི་བླ་ལ་ཤེལ༔ ཤག་ཤག་དགྲ་བོའི་བླ་ལ་ཤག༔ ཕྱུང་ཕྱུང་དགྲ་བོའི་བླ་ལ་ཕྱུང་༔ རིས་སུ་བྲིས་པའི་བླ་ཁུག་ཨཾ་ཀུ་ཤ་ཛ་ཛཿ རིས་སུ་བྲིས་པའི་ཨཱ་ཡུཛྙཱ་ན་ཨ་ཀར་ཡ་ཛ་ཛཿ དགྲ་བོ་རིས་སུ་བྲིས་པ་ཏྲི་ཡཾ་ཀྲྀ་ཨ་ཀརྵ་ཡ་
ཧཱུྃ་ཛ་ཛཿ །སངས་རྒྱས་ཡེ་ཤེས་རིན་པོ་ཆེའི་གནད་ཀྱི་གདམས་པ་གཤིན་རྗེའི་གཤེད་མཐུ་སྟོབས་དྲེགས་པའི་རྒྱལ་པོ་ལ་བརྟེན་ནས་བསྲུང་བ་བྱིན་རླབས་ཀྱི་འཁོར་ལོ་བྲི་གནད་བཞུགས་སོ༔ སྟོང་བཅས་བསྲུང་བ་བྱིན་རླབས་ཀྱི་འཁོར་ལོ་བྲི་བ་ནི། གི་ཝཾ་ཁ་ཆེ་སོགས་དྲི་བཟང་གི་ཁུ་བ་བསྲེས་པའི་གསེར་གྱི་སྣག་ཚས་མཐིང་ཤོག་ལའམ། འོན་ཏེ་དར་རམ་རྒྱ་ཤོག་སེར་པོར་རྒྱ་སྣག་གིས་བྲིས་པར་རྗེས་ཀྱིས་བྱུགས་ལ། གང་ལྟར་ཡང་ལྟེ་བར་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་སྣང་བརྙན་ཆ་ཚད་དང་ལྡན་ཞིང་གདན་པདྨ་དང་བཅས་པ། སྐུ་ལས་འོད་ཟེར་དཔག་ཡས་ནམ་མཁའི་དབྱིངས་ནང་ཁེངས་པ་བྱས་པ་བཞི་སྒྲོམ་དང་། ཀུན་གྱི་མཐའ་སྐོར་དབུའི་གཙུག་ཏོར་ཐད་ནས་ཉེ་བར་བརྩམས་ཏེ་ཡིག་མགོ་ཕྱིར་བསྟན་སྔགས་ཚེག་མེད་པ་གཟབ་ཆུང་ངུ་དང་། འདིའི་ཁྱད་པར་མགོར་ཨོཾ་ཡིག་ཡེ་ཤེས་ལྔ་ལྡན་གྱི་འབྲུ་གཅིག་རྐོ་དྲུང་ནས་ཐོན་ཙམ་གྱི་མཚམས་སུ་འཆད་པ་པོ་ལ་ཞེས་འབྲུ་བཞི་དང་མཇུག་རཀྟའི་མཐར་ཀུ་རུ་སྭཱ་ཧཱ༔ ཞེས་འབྲུ་བཞི་རྣམས་ཀྱིས་བརྒྱན་ཏེ། གཞན་དཀྱུས་ལྟར་བྲིས་པའི་ཙཀྲ་ལྷར་གསལ་བས་དྲིལ་ཆས་དང་བཅས་གུ་གུལ་དུད་པས་བདུག་སུམྦྷ་ནིས་བགེགས་བསྐྲད། བདག་གི་བསྲུང་བྱ་འཁོར་བཅས་མི་དམིགས་པར་དོན་གྱི་དགོངས་པ་དང་ལྡན་
པས་བྱིན་རླབས་དབང་གི་ཆུ་རྒྱུན་ཇི་བཞིན་བསྐྱེད་བསྟིམ་སྒོམ་བཟླས་ཀྱི་སྒོ་ནས་སྔགས་པའི་མེ་ཏོག་གིས་རབ་ཏུ་གནས་པས་གཟི་བྱིན་བསྐྱེད། སྤྱི་ལྟར་ཡེ་དྷར་བརྒྱའམ་ཉེར་གཅིག་སོགས་དང་། གཞན་ཡང་བདེན་བརྗོད་དང་བཅས་པས་ལས་དང་མཐུན་པར་འགྲུབ་པར་བཀྲ་ཤིས་ཀྱིས་མངའ་གསོལ་བར་བྱ། བལྟེབས་ནས་ཚོན་སྐུད་ཀྱིས་བཅིངས། དེ་དང་ལྷན་ཅིག་ཏུ་དབང་ཁྲིད་གདམས་པ་ཐོབ་པའི་གདུང་ངམ་ཕྱག་ཞབས་ཀྱི་སེན་མོ་དབུ་ལོ་ཡུངས་འབྲུ་ལྟ་ བུ་དང་། གསེར་ཡིག་གམ་ཆོས་སྐུའི་རིང་བསྲེལ་དང་བཅས་པ་རྣམས་བླ་མའི་ན་བཟའི་ཚལ་པས་དྲིལ ་ནས་ཕྱི་དར་སེར་པོས་བཏུམས། གའུ་རུལ་རླངས་རླན་གཤེར་ཐུབ་པའི་སྦུབས་སུ་བཅུག །དབུ་ཕྱོགས་ཀྱི་ཟུར་ལ་ལུང་བཏགས་ནས་རང་ངམ་གཞན་བསྲུང་བྱ་དེ་ཉིད་ཀྱི་གཙུག་ཏུ་སྐྲ་གསེབ་བམ་ཞྭ་ནང་དུ་གདགས་ཏེ་དེ་ཉིད་བླ་མ་ཡི་དམ་མཁའ་འགྲོ་སོགས་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་མོས་ལ་དུས་ཀྱང་འབྲལ་མེད་དུ་བྱིན་གྱིས་རློབས་བཞིན་བར་བསམ་ལ་སྐྱབས་གསོལ་གྱི་སྒོ་ནས་དྲན་གསོལ་གསལ་བཏབ་པས་འགྲུབ་བོ། །སྤྱིའི་སྒྲོལ་ཉིད་དུ་བཟློག་མནན་སོགས། མན་ངག་དབྱེ་བསལ་རྟོགས་དཀའ་བས། །བྱེ་བྲག་སྲུང་འཁོར་ཞལ་ཤེས་ནི། །དམར་ཁྲིད་གསང་དོན་མཚམས་སྦྱོར་རོ། །མངྒ་ལཾ།། ༈ གནུབས་བན་སངས་
རྒྱས་ཡེ་ཤེས་རིན་པོ་ཆེའི་གནད་ཀྱི་གདམས་པ་འཇམ་དཔལ་གཤིན་རྗེའི་གཤེད་མཐུ་སྟོབས་དྲེགས་པའི་རྒྱལ་པོ་ལ་བརྟེན་ནས་ཐིག་འདེབས་ཞལ་ཤེས་བཅུད་ཐེམ་དམར་ཁྲིད་བཞུགས་སོ། །བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད་མཐུ་སྟོབས་དྲེགས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །གདམས་པ་འདི་ལ་ཙཀྲ་རྣམ་པ་གསུམ་སྟེ། སྟེང་བཅས་སྲུང་བ་བྱིན་རླབས་ཀྱི་འཁོར་ལོ། །བར་བཅས་ཟློག་པ་ཉལ་ཆོག་གི་འཁོར་ལོ། འོག་བཅས་མནན་པ་གླིང་བཞིའི་ཐིག་འདེབས་ཀྱི་གནད། ཁྱད་པར་དུ་གནད་ཀྱི་ཆེ་བ་སྤྱི་དང་བྱེ་བྲག་གི་དོན། དོན་གྱི་མདོ་འགག་ཏུ་དྲིལ་བ་ལག་ལེན་དམར་ཁྲིད་ཀྱི་གསང་། གསང་ཁྲོམ་བསྒྲགས་སུ་མི་ཕྱལ་བ་དམ་ཚིག་རྡོ་རྗེའི་རྒྱའོ། །གང་འདོད་པ་རེ་རེ་ལའང་གླིང་བཞི་དབྱིབས་སུ་བྱས་པའི་དབུས་སུ་སྐུའི་ལིང་གཟུགས་བཞིའི་མཐར་སྔགས་ཀྱི་ཕྲེང་བ་དང་རྡོ་རྗེའི་ར་བས་བསྐོར་ཞིང་གབ་པའི་དགོངས་པ་སྟེ། ཐ་གྲུ་སྙོམ་པར་སོར་ཚད་བཞི་ཙམ་མམ་ཇི་ལྟར་འཚམས་པའི་བྲི་གཞི་ཁྱོན་ལ། དང་པོ་ཚངས་ཐིག་སྙོམ་བདེ་བས་རྒྱ་གྲམ་དཀྱིལ་འཁོར་ལྟར་བཏབ་པའི་སྟེང་དུ་སྣག་ཚས་རང་རང་གི་ར་བ་གྲུ་བཞིར་བཅད་པའི་ནང་དུ། ཕྱོགས་བཞིར་ཐིག་རིམ་གཉིས་གཉིས། མཚམས་རྣམས་སུ་ཟུར་ཐིག་ལ་ཉེ་བར། མཐའ་མའི་
རིམ་གྱིས་ཚད་དང་བསྟུན་ནས་ཆ་ཚད་ནང་དུ་བསྐུམས་ཏེ་བཏབ་པའི་རེ་མིག་ནམ་མཁའ་ལྟ་བུ་མུ་ཁྱུད་གསུམ་གྱི་དབྱིབས་སུ་འབྱུང་བའི་ནང་མ་དང་བར་ཐིག་གཉིས་ཀ་ལ་ཟུར་ཐིག་གི་རྣམ་པ་བཞིན་དབུས་ངོས་སུ་ཐིག་ཟུར་ག་སུམ་གྱི་སྟབས་སུ་ལེགས་པ་ར་བཏབ་པའི་ནང་ཕྱོགས་གླིང་བཞི་ལ་སྐུའམ་གཟུགས་གང་བྱེད་རེ་རེ་དབུ་ནང་བསྟན་པར་བྱས་པའི་མཐར། བར་སྐོར་གྲུ་གསུམ་ལ་སྔགས་ཕྲེང་ལས་ཀྱིས་བསྒྱུར་ཡིག་མགོ་ཕྱིར་བསྟན་གྱིས་ཟུར་ནས་བརྩམས་ཏེ་བཀོད་པར་འགོད་པ་དང་། ཕྱི་སྐོར་གྲུ་བཞིའི་ནང་ཟུར་བཞིའི་བར་མཚམས་སུ་རྡོ་རྗེ་ཕྱེད་པ་རེ་རེ་དང་ཕྱོགས་བཞིར་རྡོ་རྗེའི་ཕྲེང་བས་བསྐོར་བ་དེ་བཞིན་དུ་བྲི་བར་བྱས་ཏེ། རྐ་ཐག་བརྒྱད་བྱས་པའི་ཐག་ཤུལ་ལ་བཅགས་ཏེ་ཁ་སྦྱར་ལ་བལྟ། ཟུར་གསུམ་དབུས་ཀྱི་ལྟེ་བར་ལྷ་ལིང་གང་ཡང་མ་ཆགས་པར་བྱེད་པ་ནི་འདིའི་ཁྱད་པར་རོ། །སྤྱིར་སྒྲོམ་ནང་གབ་ཕྱིར་གསང་གནད། །གནད་ཀྱི་ཐིག་དང་བཏབ་པའི་ཐབས། །ཐབས་དང་ཤེས་རབ་ཞལ་ལས་ཤེས། །ཤེས་བྱ་དམར་ཁྲིད་མཚམས་སྦྱོར་རོ། །མངྒ་ལཾ།། ༈ །།གནུབས་བན་སངས་རྒྱས་ཡེ་ཤེས་རིན་པོ་ཆེའི་གནད་ཀྱི་གདམས་པ་འཇམ་དཔལ་གཤིན་རྗེའི་གཤེད་མཐུ་སྟོབས་དྲེགས་པའི་རྒྱལ་པོ་ལ་བརྟེན་པའི་མནན་པ་རི་རབ་འཁོར་ལོ་བྲི་བའི་གནད་བཞུགས་སོ། །འགོ་
བཅས་མནན་པ་རི་རབ་འཁོར་ལོ་བྲི་བ་ནི། རོ་ཤུན་བྱས་པའི་རོ་རས་སྔོ་ནག་གམ། དུག་ཤོག་གི་གཞི་མ་ལ་གཙང་སྣག་གིས་སྤྱི་དང་བྱེ་བྲག་ཏུ་འབྲི་ཚུལ་ཟློག་སྐབས་དང་མཚུངས་ལ། འདིར་ཁྱད་པར་ལྕེ་ལྟེབ་ཁེབས་པའི་དབྱིབས་ཕྱིར་དྲངས་པའི་དཀྱིལ་དུ་རྡོ་རྗེ་རྒྱ་གྲམ་ལྟེ་བར་ལམ་ཡིག་དང་། ཕྱི་སྐོར་དུ་ཡིག་དུག་ནང་བསྟན་དུ་ཐོགས་དང་། དམིགས་གསལ་གྱི་ཤན་ཕྱོགས་ནས་ལུས་ངག་ཡིད་གསུམ་སྟོབས་དང་ནུས་པ་སརྦ་སིཾ་བྷ་ཡ་ནན། ཞེས་དང་། དེ་ལྟར་གྲུ་གསུམ་བར་མ་ལའང་། མནན་པའི་ཤམ་བུ་བསྒྱུར་ལ་སྔགས་ཕྲེང་བྲིས་ལ། ཁྱི་ཤིང་གསར་པས་དུར་ཁྲོད་རོ་མང་པོ་བསྲེགས་པའི་ཐལ་བ་དང་དྲེག་པ། ཡ་བྲལ་གསར་མའི་མངལ་ཁྲག་ར་ཁྱི་བོང་དུག་སོགས་རིགས་གང་འཛོམས་དང་། དམེ་ཤན་མཛེ་མཐེངས་སོགས་ཀྱི་ལྷམ་ཀྲད། ཁྱི་ལུད་དམ་སྦྱང་ལུད་དཀར་པོའི་ཁུ་བས་ཀྱང་བྱུགས་ཤིང། རྫས་སྦྱོར་གྱི་དུད་པས་བདུག་ལ། ལྷ་དང་དབྱེ་ལ་མདུན་དུ་བཤམས། མནན་འཁོར་དབུས་ཀྱི་ལིངྒ་ཞེས་འདོན་པ་བསྒྱུར་ནས་འགུགས་བསྟིམ་ཡན་གཞུང་བཞིན་ཡིད་ཆེས་པར་འབད་དེ་ལྟེབ། དཀྲིས་ཡུགས་ས་མའི་དོར་རྟའི་སྨད་ཤམ་དུ་དྲིལ། ལྕགས་ཀྱི་གའུར་བལ་ནག་འཕྱིང་བའི་ཁུག་མ་གྲུ་གསུམ་པར་བཅུག །སྟེང་ཕྱོགས་སུ་དུར་ཁྲོད་ཀྱི་རོ་
གཡམ་འཁོར་དང་མཉམ་པར་བཞག་གོ །འོག་ཏུ་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་དང་། ཕྱི་ལ་གླིང་བཞི་གླིང་ཕྲན་ཁོར་ཡུག་དང་བཅས་པའི་གཟུགས་བྲིས་བས་བཀབ་ཁ་གཅོད་དམ་པར་བརྩམས་ནས་སྟེང་ཤེས་པའི་མཚན་མ་བྱས་ལ།་་་སྨད་གཡོགས་ཀྱི་དཀྱི་ལ་ལམ་གདན་འོག་ཏུ། ཟློག་བསད་གང་གི་ཡང་ལས་གཞུང་མནན་པའི་ཆོ་ག་ནམ་བརྩམས་པའི་ཚེ་འཁོར་ལོ་འཕོངས་ཞབས་སུ་ཚུད་པར་རང་ཉིད་རྐང་པ་སྐྱིལ་ཀྲུང་དང་ལྡན་པའི་སྒོ་ནས་གླིང་བཞིའི་རི་རབ་རྒྱས་འདེབས་ཀྱི་དཀྱིལ་ལམ་གཞུང་བགོ་བས་གྲུབ་བོ། །སྤྱི་སྒྲོལ་ཉིད་ནས་སྲུང་དང་ཟློག །བསད་སོགས་དབྱེ་བ་རྟོགས་དཀའ་བས། །བྱེ་བྲག་མནན་འཁོར་ཞལ་ཤེས་ཀྱི། །དམར་ཁྲིད་བསད་དོན་གནད་འདིའོ། །རིག་འཛིན་བླ་མ་ངག་གི་དབང་པོ་ཡིན། །སློབ་མ་མཁས་པ་གནུབས་ཀྱི་བནྡྷེ་ཡིན། །སྐུ་ཚེ་ལོངས་སྤྱོད་སོགས་ལ་བར་ཆོད་པའི། །དམ་ཉམས་དགྲ་བགེགས་མ་ལུས་བསྒྲལ་ཚར་རོ། །སངས་རྒྱས་བསྟན་པའི་ཉི་མ་ཤར་ཡོད་དོ། །ཆོས་རྒྱལ་དབང་པོའི་སྡེའི་བཀའ་འབུམ། རིག་འཛིན་ཆེན་པོ་ངག་གི་དབང་པོའི་ཕྱག་དཔེ་ལས་དག་པར་བགྱིས་སོ། །གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེའི་གནད་ཀྱི་གདམས་པ་འཇམ་དཔལ་གཤིན་རྗེའི་གཤེད་མཐུ་སྟོབས་དྲེགས་པའི་རྒྱལ་པོ་ལ་བརྟེན་ནས་ཟློག་པ་ཉལ་ཆོག་གི་
འཁོར་ལོ་བྲི་བའི་གནད་བཞུགས་སོ། །བར་བཅས་ཟློག་པ་ཉལ་ཆོག་གི་འཁོར་ལོ་བྲི་བ་ནི། རོ་ཤུན་དུ་བྱས་པའི་དར་རས་དམར་པོའི་དུག་ཤོག་ལ་ལིངྒའི་གཞི་ལ་གཙང་སྣག་གིས་རང་གི་དྲི་མ་དང་ཁ་རླངས་མ་ཤོར་བར་གྲུ་གསུམ་དཀྱིལ་དུ་ལིངྒ་མགོ་རུབ་རྐང་ལག་བརྐྱངས་པའི་དབྱིབས་ཀྱི་སྙིང་གར་ནི་ཁྲི་ཨེ་གསུམ་མདུང་ཚུག་གིས་གཡས་གཡོན་དུ་ཛཉཁ་སྦྱོར། དཔྲལ་བར་རུས་དང་སྙིང་གར་ནི་ཧཱུྃ་ཛཿ ཡན་ལག་བཞི་ལ་ཛཿཧཱུྃ་བཾ་ཧོཿདང་མཱ་ར་ཡ་རྦད༔ དཔུང་པ་གཉིས་ལ་ཡུམ་ཤེ༔ བླ་གཡས་གཡོན་ལ་མཐུ་བྱད་མའི་སྲོག་འདིར་ཁུག་ཛཿ ཞེས་དང་། གནོད་བྱེད་བན་བོན་གྱི་བླ་སྲོག་འདིར་ཁུག་ཛཿ བྱིན་པ་གཉིས་ལ་ཧཱུཾ་སྟེ༔ རྐང་མཐིལ་ལ་ཡཾ་ཡཾ༔ སྤྱི་བོར་ཧཱུཾ་ལཾ༔ གཞན་ལུས་ཀྱི་ཆར་ཛདགུའི་ཟེར་དང་། མཐའི་འཁོར་ཡུག་སྟོང་སང་མ་ལུས་པར་ཛཁྲམ་གྱིས་བསྐོར་བ་སྤྱི་གནད་སྲོག་གི་གདམས་པ་སྟེ་ངོས་ཟིན་བྱེ་བྲག་ཏུ་བྱ་ཚུལ་བསད་འཁོར་གྱི་སྐབས་སུ་བསྟན་པར་བྱ་ཡི། དེ་ནས་འདིར་ནི། དེའི་ཕྱི་རིམ་བྲུབ་ཁུང་རྣམ་པའི་བར་ཁྱུད་ལ་ཡིག་འབྲུ་ནང་བསྟན་ཕྱོགས་ནས་བརྩམས་ཏེ། ཁྱོར་པར་དུ་འབོད་པའི་སྔགས་ཕྲེང་། ཨོཾ་གྱི་མལ་དུ་གནོད་བྱེད་ཅེས། སརྦའི་མཐར་ཕྱེ་མ་ཕུར་ཡ་བཟློག་ཡ་ཞེས་བཀོད་པའི་ཙཀྲ་དེ་བྲིས་ཟིན་ནས་གཙང་སྦྲ་ལྡན་
པའི་ཟན་རིལ་གྱིས་ཕྱིས། མེས་ཤུར་ཆུས་བཀྲུས་རླུང་གིས་གཡེངས་ནམ་མཁར་ཕྱར་བས་རང་གི་དྲི་མ་ཤོར་སྲིད་ན་དག་པར་བྱས་ལ། གྲི་ཁུག་དང་དམེ་ཁྲག་ལ་སོགས་པའི་ཁྲག་རྣག་དང་། བསེ་ཞོ་དང་བཙན་དུག་ལ་སོགས་པའི་དུག་སྣ་ཚོགས་གང་འཛོམ་གྱིས་ཁྱབ་པར་བྱུག་ལ། གུ་གུལ་དང་ཤ་ཆེན་སྦྱར་བའི་བདུག་པའི་དྲི་སེལ་དང་དགྲ་བོའི་བླ་འགུགས་པ་ཞང་ཁྲོམ་གཏེར་གྱི་བཀའ་ལས་བྱུང་བའི་ཟབ་གནད་དེ། ལྷ་དབྱེ་ནི་རྟགས་དང་སྦྱར་ལ་བླ་འགུགས་གདེང་མ་ཐོབ་ཀྱི་བར་བུ་བྱ་ཞིང་འཁོར་ལོ་དེ་ཉིད་རང་ཉི་མར་གདོང་བསྟན་པའི་མདུན་ཟངས་ལྕགས་ཀྱི་སྣོད་དུ་ཕྲེང་སྐོར་དབུས་སུ་གན་རྐྱལ་བཞག །མཚོན་ཆ་འཁོར་ལོ་བཞིན་དུ་གཞུང་བསྲངས་གནོད་བྱེད་བྱེད་མ་ལ་ལྐོག་འགྱུར་སྤྱིར་བཏང་དང་། དགྲ་གཤེད་དུ་དམིགས་ཀྱིས་བསལ་བ་སོགས་གང་ཡིན་ཆོད་གཏོང་མཁན་གྱི་རྣམ་ཤེས། རྦད་འདྲེའི་ནུས་སྟོབས་དང་བཅས་པ་འགུགས་གཞུག་རླུང་སྦྱོར་གྱིས་བསྟིམས་ལ་ནན་ཏན་དུ་བྱ་ཞིང་། འདི་སྐད་དུ། བསད་ཁྱེར་དབོབ་དང་རྒྱལ་ཚིལ་གྱིས། །ཆོས་དང་བོན་གྱི་སྲུང་མ་སྐྱོད། །ཀླུད་སྐྱེས་གཞོབ་དང་དྲི་ཚིལ་གསུར། །དུད་པས་ཕོ་ལྷ་དགྲ་ལྷ་ཕྱེ། །རྟ་བོང་སྦྱངས་དང་རྟ་གསེབ་བོན། །ནུབ་ཕྱོགས་རྫི་ང་ཡུལ་ལག་ལེན་ནམ། །རྫ་སྣོད་གཙག་ཐུབ་ཞལ་དུ་དྲིམ། །
ཞེས་སོ། །དེ་ནས་གནད་བཞིན་བལྟེབ་ལ་གྲི་མོས་བཀལ་པའི་སྐུད་པ་སྔོ་དམར་གྱིས་བཅིངས་མི་ལྤགས་ཀྱིས་དྲིལ། ཤུབས་རྒྱུས་པས་བརྩེམས། གྲི་རྒྱུས་སམ་རྩྭ་སྐུད་ཀྱི་ལུང་གིས་སྤྱི་ཚུགས་སུ་ཕྲེང་བའི་མདོ་འཛིན་འཇོག་རྩེར་བཏགས་ནས་ལས་ལ་སྦྱར་བས་འགྲུབ། སྤྱི་གྲམ་ཉིད་ལ་སྲུང་མནན་སོགས། །མན་ངག་དབྱེ་བ་རྟོགས་དཀའ་བས། །བྱེ་བྲག་ཟློག་འཁོར་ཞལ་ཤེས་ཀྱི། །དམར་ཁྲིད་གསང་དོན་མཚམས་སྦྱར་རོ། །མངྒ་ལཾ།། །།དྲེགས་པ་ཉི་ཤུའི་ཟིན་ཐོ་ཅུང་ཟད་བཞུགས་སོ། །ན་མོ་བཛྲ་པཱ་ཎི་ཡེ། འདིར་བརྗེད་ཐོ་ཅུང་ཟད་འབོད་ན། དྲེགས་པ་ཉི་ཤུའི་རླུང་འཁོར་ལ་བྲི་བའི་གནས་ནི་རྫ་ས་སོགས་གཞུང་ལྟར་ལ། དུག་ཤོག་ལ་ལིངྒ་མཐོ་སྐོར་བྲིས་ཏེ། ལྷ་ལིང་ལྟེ་བར་གཟུགས་བརྙན། དེའི་སྙིང་གར་སོ་སོའི་སྲོག་ཡིག་མཐར་སོ་སོའི་སྔགས་ཀྱིས་ཕྲེང་གཅིག་སྐོར་བྱེད། དེའི་ཕྱི་རོལ་མུ་ཁྱུད་ལ་ཐན་འབྱེད་ཡིན་ན་ལྟས་ངན་གྱིས་གཟུགས་བྲི། དེའི་ཕྱི་རོལ་ལ། མག་མག་མུག་མུག་སོགས་སོ་སོའི་རྦད་སྔགས་དང་མིང་རུས་ཐད་དྲག་པོ་གང་བྱེད་ཀྱི་སྤེལ་ཚིག་བཅས་བྲི། སྔགས་མཇུག་ནང་དུ་བསྐོར་ལྷ་ལིང་ཐམས་ཅད་གནམ་བལྟ་ཡིག་མགོ་ཕྱིར་བསྟན་གཡས་བསྐོར། ས་བལྟ་ཐམས་ཅད་ཡིག་མགོ་ནང་བསྟན་
གཡོན་བསྐོར་བྱ། སྔགས་མགོ་ཐམས་ཅད་སྟེང་ཕྱོགས་ནས་བརྩམས། དགྲ་ལིང་གི་གནས་ཡིག་སྤྱི་དང་འདྲ། སྙིང་གར་ནི་ཛཁ་སྤྱོད་མཐར་ལྷ་སོ་སོའི་གསོད་སྔགས་མིང་རུས་སྤེལ། ཛཧཱུཾ་བཾ་ཧོཿ དགྲ་བོའི་བླ་ཤ་སོགས་བླ་འགུགས་སྔགས་བྲི།་་སྔགས་མཇུག་ནང་། ལིངྒ་ཛ་ཁྲམ་གྱིས་བསྐོར། མུ་ཁྱུད་ལ་། མག་མག་མུག་མུག་སོགས་གོང་ལྟར། དགྲ་ལིང་རྣམས་ཀྱི་སྔགས་མགོ་གསང་བའི་ཐད་ནས་བརྩམས། སྔགས་མགོ་སྟོན་ལུགས་ས་བལྟ་གནམ་བལྟ་སོགས་སྔ་མ་དང་འདྲ། བརྩེགས་ལུགས་དགྲ་ལིང་ཕོ་མོ་ཁ་སྦྱོར་སྟེང་དུ། འོག་ཏུ་ལྷ་ལིང་ཁ་སྦྱར། དགྲ་ལིང་ནི་མགོ་ལྷ་ལིང་གི་འཕོངས་ལ་གཏད། སྔགས་མགོ་རྣམས་མཉམ་དུ་འོང་བར་བྱ། ལྷའི་གདོང་འཁོར་ཕྱོགས་ལ་གཏད། འཁོར་ལོ་གཡོན་བསྐོར་ཡིན། དེའི་སྟེང་འོག་ཏུ་ཁཾ་ལོང་ཆེ་བ་ཁ་སྦྱར། དྲེགས་པ་གནམ་ས་གོ་ལྡོག་མན་ངག་གསལ་བར་བཀོད་པ་བཞུགས་སོ། །དྲེགས་པ་གནམ་ས་གོ་ལྡོག་དང་རྐུན་མ་མགོ་འཁོར་སྤྱིའི་མན་ངག་གསལ་བར་བཀོད་པ། དེ་མི་ལ་བསྟན་ན་དྲེགས་པ་ཉི་ཤུས་ཆད་པ་ཆོད་ཅིག །བློ་གཏད་ཕེར་ངེས་ལ་སྟོན་ཀྱང་ཞལ་ཤེས་འགའ་རེ་གབ་པ་ཡོད་དོ། །པདྨ་རཀྟ་འདི་ཞལ་ཤེས་ཡིན། བརླག་བརླག་ཐུ་ཤྲཱི་རིལ་རིལ་རྦད། སྤྱང་ཀིའི་ཁྲག་བྱུགས། མགོ་ནང་
བསྟན་ཡིན། ༈ ན་མོ་མ་ཧཱ་ཀཱ་ལ་ཡ། དྲེགས་པ་ཉི་ཤུའམ་བཅུ་དགུ་པའི། གནམ་ས་གོ་ལྡོག །ཡུགས་མའི་འཁོར་ལོ་སྨྱོ་ཁྲག་ནི། །འཕྲལ་དུ་ནུས་མེད་གནས་བསྡད་པའམ། །ཡང་ན་གློ་བུར་ཨར་ཇག་ལ། །ཀ་ཆ་གྷོ་ར་ཁལ་མཛོ་དང་། །རྒྱགས་ཆུ་དཔེ་ཆ་ཤོར་སྲིད་ན། །གནམ་ས་གོ་ལྡོག་འཁོར་ལོ་བསྐོར། འདི་རྐུན་མ་མིན་པ་གཞན་ལ་མི་བྱ། རྐུན་མ་རྐྱང་རྐྱང་ས་ལ་བསྐོར་རྐྱང་ཉན། རྐུན་མ་མགོ་འཁོར་ཡང་ཟེར། རྐྱང་པར་བསྐོར་ཀྱང་ཉན། ཟས་ནོར་ཡང་ཚུར་ཁུག་པར་ཐེ་ཚོམ་མེད། ཤོག་བུ་དང་སྣག་ཚ་བྲིས་སྨྱུག་ལ་དྲི་མ་དང་ཁ་རླངས་མ་སོང་བར་བྱས་ལ། མུ་ཁྱུད་ཕྱི་མ་ལ་གྲངས་གང་འགྲུབ་དང་དམོད་མོ། །དེ་ནས་མུ་ཁྱུད་ཆེ་བ་ལ་ནི་སྔགས་རིང་ངོ་། །དེ་ནང་ལིངྒ་བྲི། དེ་ནང་མུ་ཁྱུད་ལ་བླ་འགུགས་དང་མིང་དང་སྔགས་བྲི། དེ་ནང་སྲོག་གི་རླུང་ནི་ཡིག་གོ །དེས་ན་མུ་ཁྱུད་གཅིག་ལ་རྟེན་སྙིང་གོ་ལྡོག་པ་དང་། སྟེང་མ་སྔགས་མགོ་ནང་བསྟན་འོག་མ་ཕྱིར་བསྟན་གཉིས་ཀ་སྔགས་མཇུག་ནང་དུ་འོང་བར་བྱ་སྟེ། མུ་ཁྱུད་ཕྱི་མ་ལ་སྔགས་ཕྲེང་གཅིག་ཏུ་བྲི་བ་ནི། ཧཱ་སྭཱ་ཡེཎ་མ་ཤ་ཧཱ་མ་དཱི་བཱ་ཝཾ་ཨེ་དྷ་རོ་ནི་ཡོ་ཥཱ་ཏེ་ཏད་ཝ་རྒྱ་ཏོ་ག་ཐཱ་མཱཥཱ་ནེཏུ་ཧེ་ཝཱ་བྷ་པྲ་ཏུ་ཧེ་རྨདྷ་ཡེ་ཨོ། གནོད་བྱེད་དགྲ་ཇག་ཆོམ་རྐུན་ཐམས་
ཅད་ཀྱི་འདུ་ཤེས་གོ་ལྡོག །འདུ་བྱེད་གོ་ལྡོག །རྣམ་པར་ཤེས་པ་གོ་ལྡོག །མིང་གཟུགས་གོ་ལྡོག །སྐྱེ་མཆེད་དྲུག་གོ་ལྡོག །རེག་པ་གོ་ལྡོག །ཚོར་བ་གོ་ལྡོག །སྲེད་པ་གོ་ལྡོག །ལེན་པ་གོ་ལྡོག །སྲིད་པ་གོ་ལྡོག །སྐྱེ་བ་གོ་ལྡོག །སྨྱོས་འཐིབ་དང་པོ་དཀྲུགས།་དྲན་པ་གཏོར། མགོ་འཁོར། སེམས་མྱོས། སྨྱུ་གབ་བཀོན་ཅིག ། ཅེས་བྲི། དེ་ནས་མུ་ཁྱུད་ཆེ་བའི་དཀྱིལ་ནས་མགོ་བཟུང་སྟེ། ཨོཾ་བཛྲ་ཤ་ན་ཤད་པ་ནི་ས་མ་ཛཿ ཨོཾ་མུ་ནེ་ཤ་ཧཱུྃན་པ་ནི་ཧཱུཾ་ཧཱུཾ་ཙིཏྟ་ཡ་ཕཊ༔ ཨོཾ་བཛྲ་ཏེ་ཏམ་དགྲ་རྐུན་ཇག་གསུམ་འདིར་སྲོག་སྙིང་ཁུག་ཛཿ དགྲ་རྐུན་ཇག་པ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཨོཾ་ཧཱུྃ་བཛྲ་ཡཀྵ་ཛཱ་ལ་ཀ་ཆ་རྟ་ཕྱུགས་ཁྱེར་མིའི་དགྲ་བོ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་དགྲ་བོ་བྱི་བ་ལོ་པ་ལ་ཀ་ཆ་རྟ་ཕྱུགས་ཁྱེར་མི་བྷནྡྷ་བྷནྡྷ་ཧཱུྃ་ཕཊ། མུ་དགྲ་བོ་གླང་ལོ་པ་ཀ་ཆ་རྟ་ཕྱུགས་ཁྱེར་མི་བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ནེ་དགྲ་བོ་སྟག་ལོ་པ་ཀ་ཆ་རྟ་ཕྱུགས་ཁྱེར་མི་བྷན་བྷན་ཧཱུྃ་ཕཊ། ཏུ་དགྲ་བོ་ཡོས་བུའི་ལོ་པ་ཀ་ཆ་རྟ་ཕྱུགས་ཁྱེར་མི་བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ཧ་དགྲ་བོ་འབྲུག་ལོ་པ་ཀ་ཆ་རྟ་ཕྱུགས་ཁྱེར་མི་བྷནྡྷ་བྷནྡྷ་ཧཱུྃ་ཕཊ། པ་དགྲ་བོ་སྦྲུལ་ལོ་པ་ཀ་ཆ་རྟ་ཕྱུགས་ཁྱེར་མི་
བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ནི་དགྲ་བོ་རྟ་ལོ་པ་ཀ་ཆ་རྟ་ཕྱུགས་ཁྱེར་མི་བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ཧཱུྃ་དགྲ་བོ་ལུག་ལོ་པ་ཀ་ཆ་རྟ་ཕྱུགས་ཁྱེར་མི་བྷན་བྷནྡྷ་ཧཱུྃ་ཕཊ། ཧཱུཾ་དགྲ་བོ་སྤྲེལ་ལོ་པ་ཀ་ཆ་རྟ་ཕྱུགས་ཁྱེར་མི་བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ཙིཏ་དགྲ་བོ་བྱ་ལོ་པ་ཀ་ཆ་རྟ་ཕྱུགས་ཁྱེར་མི་བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ཏ་དགྲ་བོ་ཁྱི་ལོ་པ་ཀ་ཆ་རྟ་ཕྱུགས་ཁྱེར་མི་བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ཡ་དགྲ་བོ་ཕག་ལོ་པ་ཀ་ཆ་རྟ་ཕྱུགས་ཁྱེར་མི་བྷནྡྷ་བྷནྡྷ་ཧཱུྃ་ཕཊ། དགྲ་བོ་ཇག་རྐུན་རྟ་ཕྱུགས་ཁྱེར་མཁན་ཐམས་ཅད་ཀྱི་འདུ་ཤེས་ཁུག་ནན༔ འདུ་བྱེད་ཁུག་ནན༔ རྣམ་ཤེས་ཚོགས་བརྒྱད་ཁུག་ནན༔ སྐྱེ་མཆེད་དྲུག་ཁུག་ནན༔ རེག་པ་ཁུག་ནན༔ ཚོར་བ་ཁུག་ནན༔ སྲེད་པ་ཁུག་ནན༔ ལེན་པ་ཁུག་ནན༔ སྲིད་པ་ཁུག་ནན༔ སྐྱེ་བ་ཁུག་ནན༔ དགྲ་བོ་ཇག་རྐུན་རྟ་ཕྱུགས་ཁྱེར་མིའི་གནམ་ས་གོ་ལྡོག །ཤར་ནུབ་གོ་ལྡོག །ལྷོ་བྱང་གོ་ལྡོག །སྔོན་རྒྱབ་གོ་ལྡོག །མགོ་མཇུག་གོ་ལྡོག །ཨོཾ་ཏེ་ཏཾ་དགྲ་བོ་ཀ་ཆ་རྟ་ཕྱུགས་ཁྱེར་མི་ཁུག་ཛ་ཛཿ བྷནྡྷ་ཡ་བྷནྡྷ་ཡ༔ མཱ་ར་ཡ་ཕཊ་ཕཊ། གཞི་ལམ་བྱེས་གསུམ་ནས་ཀ་ཆ་རྟ་ཕྱུགས་ཁྱེར་མིའི་དགྲ་བོ་ཁུག་ཛ་ཛཿ ཨོཾ་བཛྲ་ཧེ་བྷྱོ་ཧ་ཏོ་མི་མང་དགྲ་བོ་
ནོར་རྐུ་མི་ཁུག་ཏི་རྦད་ཐིས་ཁུག་ཧུཾ་ཧཱུྃ་ཁྲོལ་ཁྲོལ༔ ལྷོག་ལྷོག་དྲག་དྲག་ནན་ནན༔ དགྲ་བོ་རྐུ་མི་མུ་ཏི་རྦད་རྦད༔ ཙིཏྟ་ཁུག༔ དེ་ཝ་ར་ཙ་ནན༔ ཀང་དཀར་རུས་པ་ཆོམ་ཆོམ༔ ཁྲག་ཏི་ཁ་རྒྱལ་ཏི་ཐད༔ ཤ་ལ་ཉལ་ལོ༔ ཉིལ་ཐུམ་རི་ལི་ཛ་ཛཿ ཕུང་སྲི་མས་དགྲ་བོ་ནོར་རྐུན་མི་མཱ་ར་ཡ་སོད་སོད༔ ཕྲ་ལི་ཕྲ་མ་ནི༔ ར་ཙ་ཡ་དྷ་རི་ཀྲོ་ཏ་ཀ་ལི་ལ་དགྲ་བོ་ནོར་རྐུ་མ་མཱ་ར་ཡ་ཛ་ཛཿ ཞེས་བྲི། དེ་ནས་ལིངྒའི་མཐར། ཨོཾ་མུ་ནི་ཤ་ཧཱུྃ་ཧ་ས་ནི་ཧཱུཾ་ཧཱུཾ་ཙིཏྟ་ཡ་ཕཊ༔ ཨོཾ་དགྲ་བོ་ཡཀཱ་ཛཿ དགྲ་བོ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ཤ་ཏུ་མཱ་ར་ཡ་ཧཱུྃ་ཕཊ། ཨོཾ་ཧ་ཏཾ་དགྲ་བོ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཡ་ཡ་མཱ་ར་ཡ་ཧཱུྃ་ཕཊ༔ དགྲ་བོ་མཱ་ར་ཡ་ཧཱུྃ་ཕཊ༔ དགྲ་བོ་མཱ་ར་ཡ་སོད་སོད། ཨོཾ་མུ་ནེ་ཧཱུྃ་ཧ་ཤ་ཧཱུྃ་ཨུ་ཙ་ཏ་ཡ་ཕཊ། ཨོཾ་མུ་ནེ་ཧཱུཾ་ཧ་ས་ནི་ཧཱུཾ་ཧཱུཾ་ཝ་ཙ་ཏ་ཡེ་ཊ༔ དགྲ་བོ་ཀ་ཆ་རྟ་ཕྱུགས་ཁྱེར་མིའི་ལོ་བཅུ་གཉིས་ཀྱི་ལོ་པ་གང་ཡིན་པའི་གནམ་ས་གོ་ལྡོག །ཤར་ནུབ་གོ་ལྡོག །ལྷོ་བྱང་གོ་ལྡོག་།སྔོན་རྒྱབ་གོ་ལྡོག །མགོ་མཇུག་གོ་ལྡོག །ཅེས་བཟླ། དེའི་ནང་དུ་ལིངྒ་བྲི་བ་ནི་དཔེའུ་རིས་ལྟར་བྲིས། དེ་ནས་ལྟོ་བའི་བརྒྱུད་ལ། དགྲ་བོའི་བླ་ཤ་རེ་མ་ཏིས་འགྲིམ་འགྲིམ། ཤ་མ་རུ་ཏི་ཤྲཱི་ཧཱུྃ། ཤ་ལིང་
མྱོག་གུ་ལིང་མྱོག་ཡེད་ཡེད། ཁུག་ཁུག་ཛཿ ས་ཆ་གཞི་བྱེས་ལམ་གསུམ་གང་ཡང་རུང་བ་ན་ཀ་ཆ་ཟས་ནོར་རྟ་ཕྱུགས་རྐུ་འཕྲོག་བྱེད་མི་ཁྱེར་མི་ཐམས་ཅད་ཀྱི་བླ་སྲོག་རྣམ་པར་ཤེས་པ་འདིར་ཁུག་བཛྲ་ཨཾ་ཀུ་ཤ་ཛཿ ཛཧཱུྃ་བཾ་ཧོཿ དེ་ནས་ཛ་ཁ་སྤྲོད་ཀྱི་བར་དུ་དྲི་བྲི༔ ལག་འཁོར་ལ་ནི་ཡིག་ཕུག་པ་བྱ༔ ཆུ་རླུང་ལ་བསྐོར་ན་བུག་པ་མེད་ན་ཟབ། ལིངྒ་རཾ་གྱིས་སྔོན་པོ་བྱ་མུ་ཁྱུད་སེར་པོ་བྱ༔ དེ་འདྲ་ཡ་གབ་མ་གབ་ཁ་སྦྱར་རྒྱུ་ཐང་ཕྲོམ་རྙེད་ན་རབ་མ་རྙེད་ན་ཐང་ཕྲོམ་ནག་པོའི་འབྲུ་དང་གོ་སྙོད་བྱུགས། སྨྱོ་ཁྲག་བྱུགས། བུད་མེད་ལ་གི་ཝཾ་ཡང་བསྲེ། རྨེ་ཁྲག་རྙེད་ན་བསྲེ། དེ་ནི་དྲེགས་པའི་གཞུང་སོར་བཞག་ཡིན་ནོ། །ཡང་རླུང་འཁོར་སྤྱིའི་ལུགས་ལ། སྔོན་གྱི་སློབ་དཔོན་རྣམས་ཀྱི་ཕྱག་ལེན་ལྟར་རྐུན་མ་མགོ་འཁོར་གྱི་སྔགས་རྣམས་བསྐོར་ལུགས་ནི། ཤོག་ཚད་གོང་དང་མཉམ་པ་དང་། ཕྱིའི་མུ་ཁྱུད་ལ་གྲངས་དང་གྲུབ་པ་དེ་ནི་ནང་བརྒྱུད་ཆེ་བར་སྔགས་རིགས་ཐམས་ཅད་བྲི། དེ་ནང་མུ་ཁྱུད་ལིངྒའི་ལྟེ་བར་ཧཱུྃ་སྲོག་བུག་པའོ། །རྟེན་སྙིང་ལོག་པ་མི་དགོས། འདི་ལ་ཡ་གབ་མ་གབ་ཁ་སྦྱར། སྔགས་མཇུག་ནང་དུ་སྤྱི་ལ་བྲི་སྟེ། སདཤར༔ས༔མ༔ར༔ཨམཀཿ ར༔ཡཕཊ༔ དགྲ་བོ་ཀ་ཆེ་རྟ་ཕྱུགས་ཁྱེར་མི་ཐམས་ཅད་ཇི་བཛྲ་མཱ་ར་ཡ་རྦད་ནན། ཙཱ་བྷ་ཡ་ནན། ཛཾ་བྷ་ཡ་ནན། ཨོཾ་སརྦ་ཚྭ་འུབ་འུབ་དགྲ་ཇག་མཱ་ར་ཡ་ནན། བྷན་བྷན་
ཆིང་ཆིངས། ཧཱུཾ་མེ་པད་ཎི་མ་ཨོཾ། ཕཊ་ཧཱུཾ་དྷ་ཀྲོ་ར་ཤཱ་ཀི་ལོ་ཨོ། ན་ཤ་ཙ་རུ་དུ་མ་ཡ་ཨ། ཛྷ་རིཊྚ་ཡ། བེ་རུ་དྷ་ཀ་ཡ། བྷི་རུ་བྷཀྵ་ཡ། བི་ཤ་མ་ཎ་ཡེ། པཱ་བ་ཤ་དགྲ་རྐུན་ཇག་གསུམ་ཀ་ཆ་རྟ་ཕྱུགས་ཁྱེར་མི་རྣམས་བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ཨོཾ་མུ་རྒྱ་མུ་རྒྱ་མ་ཧཱ་མུ་རྒྱ་གྲི་ཀ་ཆ་རྟ་ཕྱུགས་ཁྱེར་མིའི་བླ་ཡིད་དབང་ཐང་ཆིངས་ཤིག་སྭཱ་ཧཱ། ཀ་ཆ་རྟ་ཕྱུགས་ཁྱེར་མིའི་ཆོམ་རྐུན་རྣམས། ཝ་རཾ་ཝརྟི་ས་མུན་ཛ་ཝ་རཾ་ཝརྟི་ས་མུཎྜ༔ ཝ་རཾ་ཝརྟི་ས་མུན་ཐིབ་ཐིབ། ར་ཙ་མུན་མུན། ར་ཙ་ཐིབ་ཐིབ་སྭཱ་ཧཱ། ཨོཾ་ཤི་ལི་ལཾ། ཡ་མ་ཀུ་ཀུ་ཤྲཱི་ཤི། ཀ་ཆ་རྟ་ཕྱུགས་ཁྱེར་མི་མཱ་ར་ཡ་ཟུང་ཟུང་། ཨོཾ་ཤིག་ཆོག་ནིར་ལོག་ནར་ཆོད། ནིར་ལོག་གར་ལོག་གར་ཆོད། ཨོཾ་ལ་འཁོར་རེ་འཁོར་འདུས་འདུས། རྒྱུག་རྒྱུག ། དུམ་ནི་བུ་ནི་ཀ་ལ་མ་ཧཱ་དེ་ཝ་ཧཱུྃ་ཛཿ དགྲ་སྙིང་ལ་ཧུར་ཐུ་རྦད་རྦད་བློ་བྷྱོ་བཟློག་བཟློག །མུར་རྒྱ་མུར་རྒྱ་མ་ཧ་མུར་རྒྱ་དགྲ་བོ་ཀ་ཆུ་རྟ་ཕྱུགས་ཁྱེར་མིའི་བླ་སྲོག་ཤ་ཁྲག་དོན་སྙིང་གསུམ་ཆིངས་ཤིག་བྷནྡྷ་བྷནྡྷ་སྭཱ་ཧཱ། ༀ་ཤྲཱི་ར་ཛ་གྷི་ར་ཛ་ཀུ་མ་ཀུ་མ་ཁུམ་ཐིས་དགྲ་ཇག་ཆོམ་རྐུན་རྟ་ཕྱུགས་ཁྱེར་མིའི་བླ་སྲོག་ལུས་ངག་ཡིད་གསུམ་ཆིངས་ཤིག་བྷནྡྷ་བྷནྡྷ་སྭཱ་ཧཱ། ཨོཾ་
བཛྲ་སཱ་དྷུ་ས་མ་ཡ་དགྲ་རྐུན་ཇག་གསུམ་བྷནྡྷ་བྷནྡྷ་སྭཱ་ཧཱ། ཨོཾ་ར་ལི་པྲ་མ་ཡ་ཛཿ དགྲ་ཇག་ཆོམ་རྐུན་བྷནྡྷ་བྷནྡྷ་སྭཱ་ཧཱ། ཨོཾ་མ་ཧཱ་ཀཱ་ལ་ཏྲི་ཡཾ་ཛཿ ཨོཾ་འུར་ཏི་འུར་པ་རིང་བོས་ཀླད་ལ་གཡུགས། ཏདྱ་ཐཱ། ཨོཾ་མུར་རྒྱ་མུར་རྒྱ་མ་ཧཱ་མུར་རྒྱུ། ཙག་ཙག །ཅིག་ཙིག །ཙེག་ཙེག །དགྲ་ཇག་ཆོམ་རྐུན་བྲོས་པོ་ཐམས་ཅད་ཁ་བསྐོར་ཅིག །སྐྱིད་འཁྲིལ་ཅིག །ངག་ལྷུགས་ཤིག །ཡིད་ཀྱི་དྲན་པ་རླུགས་པར་གྱིས་ཤིག །སྨྱོ་རུ་ཆུག་ཅིག །མྱོས་མྱོས། སོད་སོད་སྭཱ་ཧཱ། ཨོཾ་ཧུཾ་ཧཱུྃ་ཧྲཱིཿལ་ཧྲཱིཿལ་ནག་ཁོལ་ཁོལ་རྐུན་བུ་ནག་པོ་མགོ་བསྐོར་ལ་ཚུད་ལ་བསྐོར། ཀྱི་ལི་ལི་ནག་ཐིབ་ཐིབ་སྭཱ་ཧཱ། ཞེས་བྲིས། དེའི་ནང་དུ་ལིངྒ་ཡ་གབ་མ་གབ་གཉིས་བྱས་ཏེ་རྐང་པ་མགོ་བསྐོར། ལག་གཅིག་པའི་མལ་དུ་ལག་པ་དོད་པར་བྱ། དེ་ནས་མགོ་མཇུག་བསྣོལ་བའོ། །དེའི་མུ་ཁྱུད་ལ། མོ་མུ་ནི་ཙོ་ར་མུར་ཡ་ཙོ་ར་སྭཱ་ཧཱ། ཇག་པ་ཆོམ་རྐུན་ཛ་ལ་དྷ་ཡེ་ཁུག་ཅིག་སྭཱ་ཧཱ། ཨོཾ་འུར་ཏི་འུར་པ་རིང་བོས་ཀླད་ལ་གཡུགས། སརྦ་ག་རྐུན་ཀ་ཆ་རྟ་ཕྱུགས་ཁྱེར་མིའི་འདི་རྣམས་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ཤར་ལྷོ་ནུབ་བྱང་སྟོད་སྨད་བར་གསུམ་གར་སོང་ཡང་མགོ་སྐོར་ཅིག་བླ་ཆིངས་ཤིག །མཱ་ར་ཡ་སྒྲིབས་
ཤིག་ཁུག་ཅིག །ཡིད་ཀྱི་དྲན་པ་རླུགས་པར་གྱིས་ཤིག་ཐིབས་སུ་ཆུག་ཅིག །ཨོཾ་མུར་རྒྱ་མུར་རྒྱ་མ་ཧཱ་མུར་རྒྱ་ཡེ་སྭཱ་ཧཱ། དམ་ཉམས་རྐུན་མ་ཇག་པ་བྲོས་པོ་ཀ་ཆ་རྟ་ཕྱུགས་ཁྱེར་མི་ཐམས་ཅད་ཁ་སྐོར་ཅིག་རྐང་པ་འཁྲི་ལ་ལ་སྒྲོག་ཏུ་ཆུག་ཅིག །མྱུར་དུ་སྒྲོག་ཏུ་ཆུག་ཅིག །ཨོཾ་སརྦ་སརྦ་འབ་་འུབ་ཀ་ཆ་རྟ་ཕྱུགས་ཁྱེར་མིའི་དགྲ་བོ་འདི་རྣམས་ཕྱོགས་བཞི་མཚམས་བརྒྱད་ཤར་ལྷོ་ནུབ་བྱང་སྟོད་སྨད་བར་གསུམ་གར་སོང་ཡང་མགོ་བསྐོར་ཅིག །ཨོཾ་བཛྲ་ཡཀྵ་ས་མ་ཡ་ཛཿ ཞེས་བྲི། ཛ་ཁ་སྤྲོད་བར་དུ་ནཱཾ་བྲི། ནཱི་ཡིག་བུ་གར་སྲོག་ཤིང་གི་ལྕགས་མ་རྙེད་ན་ཡུ་བ་སྲོག་ཤིང་གཉིས་ཀ་སྤམ་ནག་ལ་བྱས། ཐང་ཕྲོམ་འབྲས་བུ་སྨྱོ་ཁྲག་གི་ཝཾ་རྣམས་ཀྱིས་ཡི་གེ་སུབ་པར་བྱུག །སྨེ་བ་དང་རྗེས་སར་ཡོད་ན་བླུགས་ཏེ་ཟབ། དེ་ལྟར་ཆ་བཞིའམ་གཅིག་གམ་མང་དུ་བརྩེགས་ན་མྱུར། སྟེང་འོག་དཔེའུ་རིས་ལྟར་དང་། ཀ༔ ༈ པར་མ་ཤོག་སྟོང་གཅིག །ཕུར་ཕུར་ཤིག་ཤིག་བྱེར་བྱེར། བྲིས་ལ་སྤྲེའུའི་ཁྲག་བྱུགས། ཡང་ཐོག་ཁེབ། སྐྱེར་པ་ཅིག་ལ་དབུས་སུ་རྡོ་རྗེ་རྒྱ་གྲམ་བྲིས་པའི་མཐར། ཡིག་མགོ་ནང་དུ་བསྟན་ལ་དགྲ་རྐུན་ཇག་པའི་ལུས་ངག་ཡིད་གསུམ་མཱ་ར་ཡ་ནན། ཙཱ་བྷ་ཡ་ནན། མོ་ཧ་ཡ་ནན། ཤན་ཤ་ཡ་ནན། ཨུ་ཙ་ཏ་ཡ་ནན། ཨོཾ་ལཾ་ནན། ཨལཾ་ནན། ཧཱུཾ་ལཾ་ནན། ཡཾ་
ནན། རཾ་ནན། ལཾ་ནན། པཾ་ནན། མ་སྐྱེད་ཅིག །མ་སྡང་ཞིག །ཨོཾ་ཡེར་ཡེར་དཀྲུགས་དཀྲུགས་གཏོར་གཏོར་བྱ་རྒོད་ཁྲག་བྱུགས་ཏེ། སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི་ཡ་གབ་མཐའ་ནས་བྲིས། ཐང་ཕྲོམ་ནག་པོའི་འབྲས་བུ། མ་རྙེད་ན། སྨྱོ་ཁྲག །གི་ཝཾ། དོམ་ཁྲག །སྤྱང་ཀིའི་ཁྲག །སྤྲེལ་ཁྲག །མངལ་ཁྲག །བྱ་རྒོད་ཁྲག །རྒྱ་ཐང་ཕྲོམ་རྙེད་ན་བཟང་། མངྒ་ལཾ།། གཅིག་བརྒྱུད་གསེར་དང་འདྲ་བ་ཡི། །དྲེགས་པ་གནམ་ས་གོ་ལྡོག་གི །མན་ངག་གསེར་དང་འདྲ་བ་ནི། །མང་དུ་སྤེལ་ན་ནུས་པ་ཉམས། །དེ་ལ་འཁོར་ལོ་གཞུང་བཞིན་བསྐོར། །དགྲ་བོའི་ཟག་རྫས་མིང་རུས་དུག་ཤོག་ལ་བྲིས། བག་ཟན་གྱི་རིལ་བུ་ནག་པོའི་ནང་དུ་བཅུག །དམིགས་པ་ལྕགས་ཀྱི་རྒོད་ཆེན་པོའི་ནང་། འཚུབས་ཤིང་མགོ་འཁོར་བར་བསྒོམ༔ སྔགས་འདི་རྟགས་མ་ཐོན་བར་བཟླའོ། །ཏྲི་རཱ་ཛ་དྲི་རཱ་ཛ། ཀུ་མེ་ཀུ་མ། ཁུན་ཏེ་ཁུས་ཏེ། ཆུ་ཕུང་ཁ་སྡོམ། དུར་ཁྲོད་བརྒྱད་ཀྱི་སྲུང་མ་དམ་ཚིག་ཅན་རྣམས་ཀྱིས་དགྲ་རྐུན་འདི་ཞེས་བྱ་བའི་ལུས་ངག་ཡིད་གསུམ་ཆིངས་ཤིག །ཅེས་དང་། གཞུང་སྔགས་རྣམས་གང་འགྲུབ་དང་། འདི་ཁོ་ན་གཙོ་བོར་བཟླ། ཀལ་ཁ་རིལ་བུ་ལྕགས་སྒྲོག་ཏུ་བཅུག་མདུད་པ་བརྒྱབ། དེ་ནས་
ལྕུམ་ནང་དུ་བཅུག །མལ་འོག་ཏུ་སྦོས། སྔགས་མགོ་ཕྱིར་བསྟན་པ་ནང་དུ་བཙུད་ལ། ན་མཙཎྜ་བཛྲ་ཀྲོ་དྷ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུཾ་ཕཊ། ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྱི་ལ་མ་ཡེ་སྭཱ་ཧཱ། འཁོར་ལོ་འདི་བསྐོར་བ་ལ་མི་འགྲུབ་པའི་གེགས་དང་བར་ཆད་བཟློག་ཅིག །བར་ཆད་བགེགས་ཨུ་ཙ་ཏ་ཡ་ཕཊ། ཅེས་དུག་ཤོག་ལ་བྲི། དེ་ནས་རང་སྔགས་སམ་བཟླ་བྱའི་སྔགས་ཀྱིས་རབ་གནས་བྱས་ཏེ། སྔགས་དམིགས་དང་བཅས་པས་མ་བྲལ་བར་བསྐོར་བ་གལ་ཆེའོ། །སུམ་སྒྲུབ་ཀྱི་ལིང་ཁུམ། ཡང་ན་ཤས་དྲུད་པ་རང་གིས་ཟའང་ཟེར། ཁྲུས་ཆུ་རང་གིས་འཐུང་། ཞེས་དྲེགས་པ་ཉི་ཤུའི་གཞུང་ཆེན་དང་། མན་ངག་འཐོར་བ་བལྟས་ཆོག་ཏུ་སྔར་གྱི་ཡི་གེ་མེད་པ་ཐུགས་ལ་གབ་པ། ཚེ་ལོ་བཞི་བཅུ་ཁ་དར་ལས་སུམ་ཅུ་ལ་ཉེ་བར། དུས་རྟག་ཏུ་ཆོམ་རྐུན་གྱི་འཚེ་བ་ཆེན་པོས་ལུགས་གཉིས་ཀྱི་ཁྲིམས་ལའང་མི་བརྩི་བའི་དུས། གཉེར་པ་ཆོས་འཕེལ་གྱིས་ནན་ཏན་ཆེན་པོས་བསྐུལ་ཞིང་། ཡང་ནས་ཡང་དུ་བྱུང་ནས། རཱ་ག་ཨ་སྱས་བསྡེབས་པའི་ཉེས་འགལ་ཨོ་རྒྱན་ཆེན་པོའི་དྲུང་དུ་བཤགས་ཤིང་། དགེ་བས་བསྟན་པ་དང་བསྟན་འཛིན་རྣམས་ལ་ཕན་པ་རྒྱ་ཆེན་འབྱུང་བར་གྱུར་ཅིག༔ ༈ །དྲེགས་པ་གནམ་ས་གོ་ལྡོག་གི་འཁོར་ལོའི་རབ་གནས་དང་དམིགས་རིམ་བཞུགས་སོ། །ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཤུདྡྷེ་ཨཏཱ་
ཀོཉཧཾ། སྟོང་པའི་ངང་ལས་སྐད་ཅིག་གིས་སེང་གེའི་ཁྲིའི་སྟེང་དུ་པདྨ་ནག་པོའི་གདན་ལ་རང་ཉིད་ཤཱཀྱ་ཐུབ་པ་སྐུ་མདོག་ནག་པོ་རྔམ་ཞིང་འཇིགས་པའི་སྐུ་ལ་དར་ལིང་ནག་པོའི་ཆོས་གོས་གསོལ་བ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཡས་ལྕགས་ཀྱི་གསེག་ཤང་མུན་པའི་བསིལ་གཡབ་བཏགས་པ་འཛིན་ཅིང་། གཡོན་པ་ལྕགས་ཀྱུ་ལྟ་བུ་དཔག་ཏུ་མེད་པ་འཕྲོས་པས། དགྲ་བོ་མུན་པ་ནག་པོས་བཏུམ་ལྕགས་ཀྱུས་སྙིང་ནས་བཟུང་། ཞགས་པས་རྐང་ལག་བཅིངས་ནས་བཀུག་སྟེ། རང་གི་མདུན་དུ་གནམ་ལྕགས་ཀྱི་རི་རིབ་ནག་པོ་ཟུར་གསུམ་གྱི་ནང་གི་ཁོང་སེང་མུན་གླིང་ནག་པོ་དགུ་རིམ་གྱི་ནང་དུ་ཚུད་པར་གྱུར། ན་མོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། རྩ་བ་གསུམ་གྱི་བཀའ་བདེན་པ་དང་། ཐུབ་པ་ནག་པོའི་བདེན་པ་དང་། དབང་ཕྱུག་མ་ཧཱ་དེ་བའི་བདེན་པ་དང་། བཀའ་སྲུང་དམ་ཅན་རྒྱ་མཚོའི་བདེན་པ་དང་། སྣང་སྲིད་ལྷ་འདྲེ་མཐུ་སྟོབས་ཆེན་པོ་སྒྲེའི་ཀ་ཆ་ནོར་ཕྱུགས་ཎེའི་ཁྱེར་མིའི་བླ་སྲོག་རྣམ་པར་ཤེས་པ་ལུས་ངག་ཡིད་གསུམ་སྐད་ཅིག་ད་ལྟ་ཉིད་དུ་ཁུག་ཅིག །ཨོཾ་མུ་ནེ་ཙ་ར་མུར་རྒྱ་ཙོ་ཙོ་སྭཱ་ཧཱ། ཇག་
པ་ཆོམ་རྐུན་ཛ་ལ་མ་དྷ་ཡེ་ཁུག་སྭཱ་ཧཱ། ངག་བཅད་ལ་རབ་གནས་འདི་ཡན་བརྒྱ་སྟོང་ཅི་འགྲུབ། ཅེས་འགུགས་གཞུག་བརྒྱ་རྩའམ་བླ་འགུགས་སྔགས་བརྒྱ་ལས་མི་ཉུང་བ་བཟླ། དགྲ་རྐུན་ཇག་པ་རྣམས་ཀྱི་ཀླད་པའི་ནང་དུ་མུན་པའི་གཡུང་དྲུང་ནག་པོ་ཞིག་གཡོན་དུ་ཀྱི་ལི་ལི་འཁོར་ཟས་ཀླད་པ་དཀྲུག་མགོ་འཁོར་རང་ཉིད་ཐུབ་པ་ནག་པོའི་གཡས་ཀྱི་བསིལ་གཡབ་རྐུན་མའི་མགོ་ལ་བརྒྱབས་པས་དགྲ་བོ་རྐུན་མ་ནག་ཐུ་རྐམ་གྱིས་སོང་ནས་དྲན་པའི་རྣམ་པར་ཤེས་པ་གཏོར་ནས་བརྒྱལ་ཏེ་ས་ལ་འགྱེལ་བར་གྱུར། ཅེས་བསྒོམ་ཞིང་། ཨོཾ་མུར་རྒྱ་མུར་རྒྱ་མ་ཧཱ་མུར་རྒྱ། རྗེ་མོ་ཁྱེར་མིའི་བླ་སྲོག་རྣམ་ཤེས་ཤ་ཁྲག་སྙིང་གསུམ་བླ་གཤེད་དབང་གསུམ་ཆིངས་ཤིག་ཆིངས་ཤིག །ཅེས་ཐུབ་པ་ནག་པོའི་སྔགས། ཆ་མོ་ཁྱེར་མིའི་ཆོམ་རྐུན་རྣམས་ཞ་རཾ་ཁ་ཏི་ས་མུན་ཛཿ ཞ་རཾ་ཝ་ཏིས་མུན་ཛཿ ཞ་རཾ་ཝ་ཏི་མུན་མུན་ཐིབ་ཐིབ། ར་ཙ་མུན་མུན་ར་ཙ་ཐིབ་ཐིབ་སྭཱ་ཧཱ། ཞེས་དྲེགས་པའི་ལས་ཚོགས་དང་། ཨོཾ་ཤ་ལི་ལི། ཡ་མ་ཀུ་ཀུ་ཤམ་ཤམ། རྒོམོ་ཁྱེར་མི་མཱ་ར་ཡ་ཟུང་ཟུང་། ཨོཾ་ཤིག་ཆོག་ནིར་ལོག་ནར་ཆོད། ནིར་ལོག་གར་ཆོད། ཅེས་དབང་ཕྱུག་ཆེན་པོའི་ལས་ཚོགས། ཨོཾ་ལ་འཁོར་འདུས་འདུས་རྒྱུག་རྒྱུག །དུམ་བུ་ནི་ཀད་ལ་མ་ཧཱ་ཛཿ
དགྲ་བོའི་སྙིང་ལ་ཧུར་ཐུ། རྦད་རྦད། བློ་སྦྱོ་ཟློག་ཟློག །ཅེས་གུ་རུ་སྣང་མཛད་རྡོ་རྗེའི་ལུགས་དང་འདྲ། ཨོཾ་མ་ཧཱ་ཀཱ་ལ་ཨེ་ཀ་ཛཱ་ཊི་གུ་ཎ་ཧྲཱིཿ་ད་ཧཱུྃ་ཕཊ། མ་ཧཱ་ཀཱ་ལ་ཀ་ཀ་མུ་ཁ། རག་མོ་ཛ་ལི་སེདྷ་མུ་ཁ། རཀྵ་རཱ་ཧུ་ལ་ཀིང་ཀ་ར་ཡ་མ་རཱ་ཛཿ ཙ་ཏྲི་ཤུ་ལ། ས་མ་ཡ་ཧྲཱིཿང་ཧྲཱིཿང་ཛཿ ཨོཾ་འུར་ཏི་འུར་པ་རིང་རིང་སོད། ཀླད་ལ་གཡུགས། ཨོཾ་མུར་རྒྱ་མུར་རྒྱ་མ་ཧཱ་མུར་རྒྱ། ཙག་ཙག་ཙིག་ཅིག་ཙོག་ཙོག་དགྲ་ཇག་ཆོམ་རྐུན་བྲོས་པོ་ཐམས་ཅད་ཁ་སྐོར་ཅིག །སྒྱིད་པ་འཁྲིལ་ཅིག །ངག་ལྐུགས་ཤིག །ཡིད་ཀྱི་དྲན་པ་རྒྱགས་པར་གྱིས་ཤིག །སྨྱོ་རུ་ཆུག་ཅིག །དམ་ཅན་སྔགས་མཇུག །ཅེས་གཏེར་གཞུང་རྙིང་ལུགས་དང་། ཨོཾ་ཧཱུྃ་ཧྲཱིཿལ་ཧྲཱིཿལ་ནག་འཁོར་ལ་འཁོར་རྐུན་བུ་ནག་པོ་མགོ་བསྐོར་ནས་ཚུར་ལ་བསྐོར་ཀྱི་ལི་ལི་ནག་ཐིབ་ཐིབ་སྐོར་སྭཱ་ཧཱ། ཞེས་སྤྲུལ་སྐུའི་དགོངས་གཏེར་ལས་བྱུང་ངོ་། །དེ་རྣམས་ཅི་མོས་གང་མོས་སུ་བཟླས་ཤིང་འཁོར་ལོ་བསྐོར་བ་ལ་འབད་ཅིང་། ཁྱད་པར་དྲེགས་པའི་གཞུང་ཆེན་སྔགས་ནི་རབ་གནས་སོགས་ལ་གལ་ཆེ། ཨོཾ་བཛྲ་ཤ་ན་ཤ་ས་ནི་ས་མ་ཡ་ཛཿ ཨོཾ་ཧོ་མུ་ནི་ཏྲ་ཧ་པ་ནི་ཧཱུཾ་ཧཱུཾ་ཙརྟ་ཡ་ཕཊ། ཨོཾ་བཛྲ་ཏེ་ཏཾ་དགྲ་བོ་ཎི་མོ་ཁྱེར་མིའི་སྲོག་སྙིང་ཁུག་ཛཿ དགྲ་བོ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ཨོཾ་
བཛྲ་ཡཀྵ་ཛྭ་ལ་འདི་ཁྱེར་མི་བྷན་བྷནྡྷ་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་མ་ཧཱ་དེ་ཝ་ཧཱུྃ་ཕཊ། ཅེས་པ་འདི་དྲེགས་པའི་རྩ་སྔགས་ཡིན་པས་མང་བཅོལ། ཨོཾ་དགྲ་བོ་རྗེ་མོ་ཁྱེར་མི་བྱི་བ་ལོ་པ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ། མུ་དགྲ་བོ་སྣེ་མོ་ཁྱེར་མི་གླང་ལོ་པ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ནི་དགྲ་བོ་རྒེ་མོ་ཁྱེར་མི་སྟག་ལོ་པ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ཧཱུྃ་དགྲ་བོ་རྒེ་མོ་ཁྱེར་མི་ཡོས་ལོ་པ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ཧ་དགྲ་བོ་རྒེ་མོ་ཁྱེར་མི་འབྲུག་ལོ་པ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ། པ་དགྲ་བོ་རྨི་མོ་ཁྱེར་མི་སྤྲུལ་ལོ་པ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ནི་དགྲ་བོ་རྒེ་མོ་ཁྱེར་མི་རྟ་ལོ་པ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ཧཱུྃ་དགྲ་བོ་རྒེ་མོ་ཁྱེར་མི་ལུག་ལོ་པ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ཧཱུཾ་དགྲ་བོ་རྒེ་མོ་ཁྱེར་མི་སྤྲེལ་ལོ་པ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ཙིཏ་དགྲ་བོ་རྗེ་མོ་ཁྱེར་མི་བྱ་ལོ་པ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ཏ་དགྲ་བོ་རྗེ་མོ་ཁྱེར་མི་ཁྱི་ལོ་པ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ཡ་དགྲ་བོ་རྗེ་མོ་ཁྱེར་མི་ཕག་ལོ་པ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ཕཊ་དགྲ་བོ་རྗེ་མོ་ཁྱེར་མའི་འདུ་ཤེས་ཁུག་ནན། སྲོག་སྙིང་ཁུག་ཛཿ དགྲ་བོ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ་ཕཊ། དགྲ་བོ་འདི་ཞེས་བྱ་བའི་འདུ་བྱེད་ཁུག་ནན། རྣམ་པར་ཤེས་པ་ཁུག་ནན། སྐྱེ་མཆེད་ཁུག་ནན། རེག་པ་ཁུག་ནན། ཚོར་བ་ཁུག་ནན། སྲེད་པ་ཁུག་ནན། ལེན་
པ་ཁུག་ནན། སྲིད་པ་ཁུག་ནན། སྐྱེ་བ་ཁུག་ནན། རྒ་ཤི་ཁུག་ནན། དགྲ་བོ་བྱི་བ་ལོ་པའི་གཤེད་དུ་ཕོབ་ཅིག །སོགས་ནས་ཕག་ལོ་པའི་གཤེད་དུ་ཕོབ་ཅིག །སོགས་ཀྱི་བར་ལོ་སྐོར་བཅུ་གཉིས་བརྗོད། མ་རིག་པའི་དགྲ་བོའི་གཤེད་དུ་ཕོབ་ཅིག །ཅེས་པ་ནས་རྒ་ཤིའི་དགྲ་བོའི་གཤེད་དུ་ཕོབ་ཅིག །སོགས་བར་རྟེན་འབྲེལ་བཅུ་གཉིས་བརྗོད། ས་ཆ་འདི་ཞེས་བྱ་བ་ནས་ཀ་ཆ་འདི་ཞེས་བྱ་བ་ཁྱེར་མི་ཡུལ་གནམ་ས་གོ་ལྡོག །ཤར་ནུབ་གོ་ལྡོག །ལྷོ་བྱང་གོ་ལྡོག །སྔོན་རྒྱབ་གོ་ལྡོག །མགོ་མཇུག་གོ་ལྡོག །ཨོཾ་བཛྲ་ཏི་ར་ནོར་ཁྱེར་མི་ཁུག་ཛཿ བྷནྡྷ་ཡ་བྷནྡྲ་ཡ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། ས་ཆ་འདི་ཆེ་མོ་ནས་ནོར་ཁྱེར་མི་ཁུག་ཛ་ཛཿ ཧོ་བྷེ་ཧ་རེ་མི་ཡ། དགྲ་བོ་ནོར་རྐུན་མི་མུག་ཏི་རྦད་ཐིས་ཁུག་ཐུ་ཐུ། །ཕྲོལ་ཕྲོལ། ལྷོག་ལྷོག་ཏྲག་དྲག་ནན་དགྲ་བོ་ནོར་རྐུན་མུག་ཏི་ཟད་ཙིཏྟ་ཁུག་དེ་བ་ར་ཙ་ན་རྐང་རུས་ཆོམ། ཁྲག་ཏི་ཁ་རྒྱལ་ཏི་རྦད། ཤ་ལ་ཉོལ་ཉོལ་ཐུ་རིལ་ཛ་ཛཿ ཕུང་སྲི་ལས་དགྲ་བོ་ནོར་ཁྱེར་མི་མཱ་ར་ཡ་སོད་སོད། པྲ་མ་ནི་པྲ་མ་ནི། ར་ཙ་ཡ་བྷ་ཏི་ཀྲོ་ཏ་ཀ་ལ་དགྲ་བོ་ནོར་རྐུ་མི་མཱ་ར་ཡ་ཛ་ཛཿ ཞེས་སྔགས་བྱང་རྣམས་ཅི་ལྕོགས་སུ་བཟླའོ། །འདི་གནམ་ས་གོ་ལྡོག་གི་
འཁོར་ལོ་སྟེ་ཆུའམ་རླུང་ལ་བསྐོར་བས་འགྲུབ། ལག་སྐོར་ནི་མི་རུང་བ་མེད་དོ། །དགྲ་ཆིངས་འཁོར་ལོ་བྱེད་པ་མཁར་དྲུང་སོགས་ཀྱི་ཕྱག་བཞེས་སྲོལ་ལ་ཡོད་པའི་ཕྱིར་རོ། །ཐམས་ཅད་བསྐོར་ལུགས་ནི་ཤོག་ཚད་གོང་དང་མཉམ་ལ། ཕྱིའི་བརྒྱུད་ལ་གྲངས་དང་གྲུབ་པ་ཡིན། དེ་ནས་མུ་ཁྱུད་ཤིན་ཏུ་ཆེ་བ་ལ་སྔགས་རིང་ཐམས་ཅད་བྲི། དེ་ནས་མུ་ཁྱུད་ལིངྒའི་ལྟོ་བར། དེ་ནང་མུ་ཁྱུད་ནི་ཡིག་བུ་གའོ། རྟེན་སྙིང་ལོག་མི་དགོས། འདིར་ཡི་གབ་མ་གབ་གཉིས་བྲིས་ལ་ཁ་སྦྱར། ཕྱིའི་མུ་ཁྱུད་ལ་སྤྱི་བོ་ནས་མགོ་བཟུང་། སྔགས་མཇུག་ནང་དུ་ཕུལ་ལ་བྲི་སྟེ། འདི་རང་ལ་མཆོད་རྟེན་གསུམ་མི་དགོས། ཆོས་སྐྱོང་སྤྱིའི་བསྐུལ་པ་རྒྱབ་རྟེན་སོགས་བྱའོ། །སྒབ་འདྲེ་མི་ཐུབ་པ་ལ་སྒབ་འདྲེ་མེད་པ་དང་། རང་སྲུང་ཡང་གལ་ཆུང་བ་འཇམ། མགོ་འཁོར་གཞུང་རྣམས་སོ་སོའི་ལུགས་ལྟར་དགོས་མོད་ཀྱི་འདིར་གནམ་ས་གོ་ལྡོག་འཁོར་ལོ་ལག་བསྐོར་མ་ཡིན་པའི་འཁོར་ལོའི་སྔགས་རབ་གནས་ཚུལ་དུ་བཟླ་བ་ཟབ་སྟེ་རླུང་འཁོར་རྒྱུད་རྣམས་ལས་གསུངས་སོ། །ཞེས་པ་ཆོམ་རྐུན་གྱི་འཚེ་བ་ཆེན་པོ་བྱུང་དུས་གཉེར་པ་ཆོས་འཕེལ་ནས་བསྐུལ་ནས། རཱ་ག་ཨ་སྱས་བཞེངས་པ་ལ་ཉེས་འགལ་མཆིས་ན་ཐུབ་པའི་དྲུང་དུ་བཤགས། དགེ་བས་ཆོས་བྱེད་སྒྲུབ་པོ་ཐམས་ཅད་བདེ་བར་གྱུར་ཅིག༔ གཟུགས་ཅན་དགྲ་ལས་རྒྱལ་གྱུར་ཅིག །བཀྲ་ཤིས། དགེའོ། །