སྡོང་པོ་བརྒྱན་པའི་མདོས་ཕྱི་ནང་གསང་གསུམ་གཅིག་ཏུ་བསྡོམས་པ་ཤིན་ཏུ་ཟབ་ཅིང་འགྱུར་ཆེ་བ་བལྟས་ཆོག་ཏུ་གབ་སྦས་སྤང་བ།
སྡོང་པོ་བརྒྱན་པའི་མདོས་ཕྱི་ནང་གསང་གསུམ་གཅིག་ཏུ་བསྡོམས་པ་ཤིན་ཏུ་ཟབ་ཅིང་འགྱུར་ཆེ་བ་བལྟས་ཆོག་ཏུ་གབ་སྦས་སྤང་བ་བཞུགས་སོ།།
ན་མོ་ཤཱཀྱ་མུ་ན་ཡེ། སྡོང་པོ་རྒྱན་མདོས་ཕྱི་ནང་གསང་བ་གསུམ། །ཕྱི་ལྟར་ཞལ་ནས་གསུངས་པའི་སྡོང་རྒྱན་མདོས། །སྔགས་པ་རྣམས་ལ་ཕྱག་ལེན་དག་པ་དང་། །མ་དག་པ་ཡི་ཕྱག་ལེན་དཔེ་བརྒྱུད་འཕེལ། །དེ་ལ་ཀཿཐོག་ནམ་མཁའ་སེང་གེ་ཡིས། །མཛད་པའི་རྒྱས་པ་ཀ༔ཐོག་ཕྱོགས་སུ་དར། །གཟུངས་ཀྱང་ཉིད་ལ་ཕྱག་ལེན་འདེབས་པའི་སྲོལ། །བདག་གི་སློབ་དཔོན་སྔགས་པས་མཛད་པ་མཐོང་། །ནང་ལྟར་འཇམ་དཔལ་རྩ་རྒྱུད་ལས་གསུངས་པའི། །ཁྲོ་བོ་གཙུག་ཏོར་འབར་བའི་ལས་ཚོགས་ཀྱིས། །བྱད་ཁ་ལ་སོགས་བསྒྱུར་བའི་སྡོང་རྒྱན་ནི། །རྗེ་བཙུན་དབང་ཕྱུག་རྡོ་རྗེས་མཛད་པ་ལྟར། །ཀཾ་ཚང་དགེ་བཤེས་འགའ་རེས་ཕྱག་ལེན་མཛད། །གསང་བ་ཞིང་སྐྱོང་མགོན་པོའི་ལས་ཚོགས་ཀྱི། །སྡོང་རྒྱན་མན་
ངག་དཀོན་མཆོག་ཡན་ལག་གིས། །མཛད་པའི་ཞིང་སྐྱོང་སྒྲུབ་སྐོར་ནང་ནས་འབྱུང་། །འདིར་ནི་ཕྱི་ནང་གསང་གསུམ་གཅིག་ཏུ་བསྡོམས། །འདི་ནི་ཟབ་ཅིང་ཤིན་ཏུ་འགྱུར་ཆེ་སྟེ་། །ཞིང་སྐྱོང་ལས་ཚོགས་ཅུང་ཞིག་བཀའ་ཡང་གཉན། །གཞན་ལས་རྣོ་ཆོད་ནུས་པ་ཁྱད་པར་འཕགས། །མི་གཉན་འདོད་ན་ཞིང་སྐྱོང་སྔགས་སྒྱུར་ཆོག །གལ་ཏེ་མདོ་ལུགས་རྐྱང་པ་བྱེད་ན་ནི། །གཙུག་ཏོར་འབར་བ་གདུགས་དཀར་ཕྱག་རྡོར་རྣམས། །སྔགས་རྣམས་སྒྱུར་ལ་སྡོང་རྒྱན་གཟུངས་ཀྱང་བྱ། །འོན་ཀྱང་ཕྱི་ནང་གསང་གསུམ་སྤྲུགས་བྱས་ན། །མཐུ་སྟོབས་ནུས་པ་གནམ་ལྕགས་ཐོག་དང་འདྲ། །འདི་ཡི་ཕན་ཡོན་དགོས་ཆེད་བསྟན་པ་ནི། །རྣལ་འབྱོར་མི་གཙང་གྲིབ་ཀྱིས་ཕོག་པ་དང་། །ལྟས་ངན་བྱུང་ངམ་རྨི་ལམ་སྤུ་ལྟས་ངན། །བྱད་ཁ་འོད་གཏོང་དྲག་
པོ་ཐུག་པ་དང་། །སྤར་ཁ་ཟོན་ལ་མང་དུ་སྤུང་བའམ། །མཚམས་བཞི་ལོ་པ་དགྲ་ཐོག་ཟིན་ལ་ཕྱིན། །དེ་དག་རིམ་གྲོར་སྡོང་རྒྱན་འདི་མཆོག་ཡིན། །སྤྱིར་བཤད་པའི་ལེའུ་སྟེ་དང་པོའོ།། །།སྟོད་དུ་གཞི་འགྲམ་ཟླུམ་སྐོར་གཅིག་གི་ནང་། །པད་འདབ་བཅུ་བཞི་ཚོན་གྱིས་བྲི་བའམ། །ཡང་ན་འབྲུ་ཡི་ཚོམ་བུ་བཅོ་ལྔའི་དབུས། །ཐུབ་པའི་གསེར་སྐུ་བཞུགས་པར་བྱ་བའི་མདུན། །མཆོད་པ་སྣ་བདུན་ལེགས་པར་བཤམ་པར་བྱ། །གཞི་འགྲམ་དཀར་གཏོར་གཅིག་དང་དམར་གཏོར་བཤམས། །མདུན་འོག་སྐྱེད་པུ་གསུམ་ནི་བཙུགས་པའི་སྟེང་། །ཟངས་སམ་བལ་མ་ལྕགས་སྣོད་ཆེ་བའི་ནང་། །ཆུ་ཡིས་ཕྱེད་ཙམ་བཀང་བའི་ནང་དུ་ནི། །འཇག་མ་ལ་ནི་རྟ་ཡི་གཟུགས་བྱས་བཞག །དེ་ལ་ངར་མི་ཆེ་བ་གཅིག་བསྐྱོན་ཏེ། །འཛོམ་ན་མུ་ཏིག་ཀླད་དང་ལུང་ཐང་མིག །མགྲོན་བུའི་སོ་དང་བླ་གོར་ཞོ་ཤའི་སྙིང་། །ལག་གཉིས་གསེར་དངུལ་རྐང་གཉིས་ཟངས་དང་ལྕགས། །རིན་ཆེན་སྣ་ལྔའི་འབྲུ་སྣའི་ནང་གཞུག་དང་། །དར་ཚོན་སྣ་ལྔའི་གོས་དང་རྒྱན་དགོས་ཏེ། །ཡོད་ན་ལེགས་ཤིང་མེད་ན་ཡོད་པར་བསྒོམ། །སྡེར་སོགས་ནང་དུ་ངར་གླུད་གཅིག་ལ་ནི། །བཙོག་གླུད་ཆངས་བུས་བསྐོར་ཞིང་གོས་དུམ་བཀོན། །ངར་མི་ཆངས་བུ་གཞན་ཚོ་གཙང་མ་དགོས། །ངར་མི་ཆེ་བའི་མདུན་ཐད་ཝ་ཆུང་བཙུགས། །གླུད་རྣམས་ཝ་རྒྱུད་ནང་དུ་འགྲོ་བར་བྱ། །དེ་ཉིད་ཕྱགས་པའི་པན་སྡུད་ཆུང་ངུའང་བཞག །དེ་རྣམས་རྒྱས་བསྡུས་གང་བྱེད་ཀུན་ལ་དགོས། །དེ་ནས་མདུན་དེར་ས་སྟེགས་བཅག་པའི་སྟེང་། །རྡུལ་
ཚོན་གྱིས་ནི་བྲི་སྲོལ་ཡོད་ན་ཡང་། །བསྡུ་ན་གཞི་སྟེང་ཚོན་གྱིས་བྲི་བའམ། །ཤོག་བུར་ཚོན་གྱིས་བྲིས་པ་ཁྱེར་ཡང་རུང་། །ལྗོན་ཤིང་སྡོང་པོ་རྩ་བ་གཅིག་ཡིན་པར། །ཡལ་གའི་སྡོང་པོ་རིང་པོ་བཅུ་དང་ནི། །རྩེ་མོ་དང་བཅས་བཅུ་གཅིག་ཡོད་པར་བྲི། །སྡོང་པོའི་གཞུང་ལ་ངར་གླུད་ཆེ་བ་བཅུ། །ཡལ་ག་ཡི་ནི་སྡོང་པོ་བཅུ་པོ་ལ། །ངར་ཆུང་དགུ་བཅུ་གོ་བརྒྱུད་བཀོད་པར་བྱ། །རེ་རེའི་དྲུང་དུ་བོང་བ་དུམ་རེ་དང་། །མཐེབ་སྒྱུ་རེ་དང་ཆངས་བུ་རེ་རེ་བཞག །ཀུ་ཤའི་སྙི་མ་ཁྲུ་རེ་ཙམ་པ་ནི། །ངར་མའི་རེ་རེའི་དྲུང་དུ་རེ་རེ་བཙུགས། །རི་བོང་རིལ་མ་རེ་ཡང་ངར་མིའི་དྲུང་། །བཞག་པ་ང་ཡི་སློབ་དཔོན་ཕྱག་ལེན་ཡིན། །དེ་བཞིན་རིལ་མ་རེའང་བཞག་སྲོལ་གདའ། །ཀཿཐོག་ལུགས་ལ་དེ་རྣམས་མི་དར་ཟེར། །མཁར་སྒོང་བཞག་མཁན་ཡོད་ཀྱང་དེ་མི་འཐད། །དེ་ནི་བཅའ་ཚོགས་རྒྱས་པའི་རིམ་པ་ཡིན། ༈ །འབྲིང་ནི་ངར་ཆུང་བདུན་ཅུ་རྩ་གཅིག་སྟེ། །བསྡུ་ན་ཡལ་ག་རེ་ལ་རེ་རེས་ཆོག །དེ་ཡི་མོ་ལུང་སེལ་ཙམ་འོང་བ་སྟེ། ༈ །རྒྱས་པར་བརྒྱ་རྩ་བརྒྱད་པོ་ཚར་ལྔའམ། །ཡང་ན་ལོ་གྲངས་སུམ་འགྱུར་བྱས་ཀྱང་རུང་། །མདོར་ན་གླུད་རེ་སྡོང་རྒྱན་གཟུངས་ཚར་རེ། །དེ་ལྟར་ཚར་གྲངས་བརྒྱ་རྩ་བརྒྱད་འགྲུབ་ན། །འབུམ་ཚར་གཅིག་དང་ཧཱུྃ་ཕན་ཡོན་མཉམ་པར་བཤད། །དེ་བཞིན་གཙུག་ཏོར་འབར་མ་གདུགས་དཀར་དང་། །ཕྱག་རྡོར་སྔགས་དང་རྫས་རེ་བསྒྲགས་ལ་ཕུལ། །དེ་ལྟར་བརྒྱ་རྩ་བརྒྱད་ནི་རྫོགས་པ་ནི། །བྱད་ཁ་ཟློག་པའི་མཆོག་ཏུ་གསུངས་པ་ཡིན། །དེ་
བཞིན་ཞིང་སྐྱོང་སྔགས་དང་རྫས་རེ་སྦྲག །ལོ་གྲངས་སུམ་འགྱུར་རམ་ནི་ལོ་གྲངས་ཀྱི། །བྱད་ཁ་རྨི་ལམ་ལྟས་ངན་བཟློག་པའི་མཆོག །སྡོང་རྒྱན་གཟུངས་ལ་ཚར་བདུན་འགྲོ་བར་བྱ། །གཞན་གྱི་སྔགས་གསུམ་ཚར་གསུམ་རེ་བྱས་པའི། །མོ་ལུང་སེལ་གྱི་སྡོང་རྒྱན་སྐག་བསྒྱུར་འགྲུབ། །གལ་ཏེ་སློབ་དཔོན་མང་པོ་ཡོད་ན་ནི། །མཉམ་དུ་གྱེར་ནས་མི་རེས་གཟུངས་རེ་བཏོན། །སྡོང་རྒྱན་གཟུངས་ནི་ཚར་རེ་འདོན་པའི་ཚེ། །སྔགས་ཐུང་གཞན་རྣམས་ཚར་མང་སོང་ཡང་རུང་། །འདོན་མི་དུ་ཡོད་གྲངས་ཀའི་ངར་གླུད་དང་། །རྫས་རྣམས་ཆ་རེ་བཤམས་པར་བྱས་པས་མགྱོགས། །འཇག་མཾ་སོར་བཞིའི་རྩེ་ལ་རིལ་མ་བཙུགས། །ངར་མི་ཆེ་བ་བཅུ་ཡི་དཔུང་གཡས་དང་། །སྤེན་མ་དུམ་རེ་དཔུང་པ་གཡོན་དུ་བཙུགས། །དེ་དག་མཆོད་གཡོག་པ་ཡིས་བཙུགས་པའི་ཚེ། །སློབ་དཔོན་རང་གིས་འདི་ཉིད་ལན་འགའ་བརྗོད།། ཨོཾ་འཇིགས་པའི་གད་མོ་ཀུན་ཁ་ཁེངས། །མ་ལུས་བགེགས་ཆེན་ཁྱོད་ཀྱི་གཡོས། དམ་པ་འདིར་ནི་གཟིར་བར་མཛོད། །དེ་ནས་ངར་ཆུང་གཞན་རྣམས་ལ། །གཡོན་དུ་འཇག་མ་གཡས་སུ་སྤེན་མ་བཙུགས། །དེ་ཚེ་སློབ་དཔོན་རང་གིས་འདི་སྐད་བརྗོད། སྲིད་གསུམ་ཁྱབ་པའི་ཀུན་ཁ་ཁེངས་། །མ་ལུས་བགེགས་ཆེན་ཁྱོད་ཀྱི་གཡོན། །དམ་པ་འདིར་ནི་གཟིར་བར་མཛོད། །བཅའ་ཚོགས་ཀྱི་ལེའུ་སྟེ་གཉིས་པའོ།། །།དེ་ནས་འདི་ཡི་བདག་མདུན་ནི། །མི་བསྐྱོད་རྡོ་རྗེས་མཛད་
པ་ཡི། །ལོགས་སུ་གསལ་བར་བཀོད་ལྟར་འདོན། །མུ་ནེའི་བསྙེན་པ་ཕྲེང་སྐོར་ཙམ། །དེ་ནས་གླུད་ཡས་ཆུ་གཙང་བྲན། །ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་ངར་གྱི་མི་བོ་ཆེ། །མུ་ཏིག་ཀླད་ལ་ལུང་ཐང་མིག་འབྲས་ཅན། །བྱུ་རུའི་ལྗགས་ལ་མགྲོན་བུའི་སོ་བྱས་པ། །ཟེར་མོའི་སྐྲ་ལོ་ཤ་ནི་བསེ་ལས་གྲུབ། །རིན་ཆེན་སྣ་ཚོགས་འབྲུ་སྣའི་ཁོག་བཅུད་ཅན། །ཞོ་ཤའི་སྙིང་དང་མཁལ་མ་ཞོ་ཤའི་མཁལ། །བླ་སྒང་བྲོད་པ་དར་ཚོན་སྣ་ལྔའི་པགས། །ལག་གཡས་གསེར་ལ་གཡོན་པ་དངུལ་ལས་གྲུབ། །རྐང་གཡས་ཟངས་དང་གཡོན་པ་ལྕགས་ལས་གྲུབ། །རྫུ་འཕྲུལ་རླུང་གི་ཤུགས་ལྡན་འཇིག་རྟ་ཆིབས། །གཅིག་ལས་བརྒྱ་སྟོང་བྱེ་བ་དུ་མ་འཕྲོས། །དབང་པོ་ཁམས་དང་སྐྱེ་མཆེད་ཡོངས་སུ་རྫོགས། །སྨྲ་མཁས་ལྗགས་ལྗགས་འགྲོ་མཁས་ལྡེམ་ལྡེམ་བྱེད། །སྣང་སྲིད་ལྷ་འདྲེ་ཀུན་གྱི་སྤྱན་ལམ་ན། །མི་བས་གླུད་བཟང་ལྷ་ཡི་བུ་ཕོ་འདྲ། །དེ་བཞིན་ངར་ཆེན་བཅུ་དང་ངར་ཆུང་ཀུན། །མཛེས་སྡུག་ཡིད་འོང་མི་བས་དགུ་འགྱུར་ལྷག །ཆངས་བུ་རྣམས་ནི་སོ་སོའི་འདོད་ཡོན་ཚོགས། །སྒང་ལྔ་འདོད་པའི་ཡོན་ཏན་ལྔ་དང་ལྡན། །གཤོང་དྲུག་རིགས་དྲུག་འདོད་པ་
ཚིམ་པར་བྱེད། །འབུར་ཆུང་བཅུ་གཉིས་ལོ་བདུད་བཅུ་གཉིས་ཚིམ། །ཨོཾ་ཧཱུྃ་ཏཱཾ་ཧཱུྃཨཱཡིས་སྔགས་བརྗོད་པས། །ཨོཾ་གྱིས་མགྲོན་རིགས་ཀུན་ལ་ཁྱབ་གྱུར་ཏེ། །མགྲོན་རྣམས་རེ་རེའི་མདུན་དུ་ཡོངས་རྫོགས་རེ། །ཧཱུྃ་གྱིས་རིན་ཆེན་གཞལ་ཡས་ཁང་གྱུར་ཏེ། །སོ་སོའི་སྡོད་གནས་ལྷུན་གྱིས་གྲུབ་པར་འགྱུར། །ཏྭཾ་གྱིས་རིན་ཆེན་སྣ་ཚོགས་ཆར་པ་འབེབས། །ཡིས་ངར་མི་གསུང་དབྱངས་དྲུག་ཅུར་ལྡན། །ཨཱཡིས་གདོན་རིགས་རྣམས་ཀྱི་རྒྱུ་འབྲས་ཀྱི། །ཆོས་ཀྱི་དོན་གོ་བྱམས་པའི་སེམས་དང་ལྡན། །ཁཾ་གྱིས་བདུད་རྩིའི་ཆར་བབས་སྒྲིབ་པ་དག །ཧཱུྃ་གིས་མགྲོན་རྣམས་ཉོན་མོངས་དུག་ལྔ་སངས། །ཨོཾ་ཧཱུྃ་ཏྲཾ་ཧཱུྃཨཱཁཾ་ཧཱུྃ། མདུན་གྱི་ནམ་མཁར་པཾ་ལས་པདྨ་དང་། །རཾ་ལས་ཉི་མའི་དཀྱིལ་འཁོར་སུ་བསྒྲིགས་སྟེང་། །འོག་ཏུ་གཅིག་དང་བཞི་མཚམས་གསལ་བར་གྱུར། །བདག་ཉིད་ཁ་སར་པཱ་ཎིའི་འོད་ཟེར་གྱིས། །ཐུབ་པ་བསྐུལ་ཞིང་ཐུབ་པའི་འོད་ཟེར་གྱིས། །གཙུག་ཏོར་འབར་བ་གདུགས་དཀར་གསང་བའི་བདག །མགོན་པོ་སེང་གདོང་སྐད་ཅིག་སྤྱན་དྲངས་ནས། །མདུན་གྱི་པད་ཉིའི་གདན་ལ་བཞུགས་པར་གྱུར། །བཛྲ་ས་མ་ཡ་ཛཿ
ཏིཥྛ་ལྷན། དེ་ནས་ལྷ་བཞི་རིམ་པར་གསལ་བཏབ་པ། །མདུན་དབུས་གཙུག་ཏོར་འབར་བའི་ཁྲོ་བོ་ཆེ། །སྐུ་མདོག་དམར་པོ་མེ་ཞུན་ཐིགས་པ་འཛག །ཞལ་གཅིག་རབ་ཁྲོས་སྤྱན་གསུམ་བགེགས་ལ་གཟིར། །གཡས་པས་རལ་གྲི་མེ་འབར་ནམ་མཁར་ཕྱར། །གཡོན་པས་ཐུགས་ཀར་སྡིགས་མཛུབ་མཛད་པའི་རྩེར། །འཁོར་ལོ་རྩིབས་བརྒྱད་མེ་ལྕེ་འབར་བ་འཁོར། །སྦོམ་ཐུང་གསུས་འཕྱང་སྟག་སྤྲུལ་རིན་ཆེན་བརྒྱན། །མེ་དཔུང་ནང་དུ་འདོར་ཐབསབགེགས་རྣམས་བརྫིས། །འདིར་གཤེགས་གདན་བཞུགས་ཕྱག་འཚལ་མཆོད་ཅིང་བསྟོད། །གཡས་སུ་གདུགས་དཀར་དཀར་སྔོ་དམར་བའི་ཞལ། །སྤྱན་གསུམ་རབ་འཇིགས་དར་དང་རིན་ཆེན་བརྒྱན། །ཕྱག་བརྒྱད་གཡས་བཞི་གདུགས་དཀར་འཁོར་ལོ་དང་། །ལྕགས་ཀྱུ་གཞུ་འཛིན་གཡོན་གྱི་ཕྱག་བཞི་ན། །ཕྱག་མཚན་རྡོ་རྗེ་མདའ་དང་སྡིགས་མཛུབ་ཞགས། །ཞབས་གཡོན་ཅུང་ཟད་བརྐྱང་བའི་ཕྱེད་སྐྱིལ་ཅན། །འདིར་གཤེགས་གདན་བཞུགས་ཕྱག་འཚལ་མཆོད་ཅིང་བསྟོད། །གཡོན་དུ་ཕྱག་རྡོར་སྔོན་པོ་ཁྲོ་ཆས་ཅན། །རྡོ་རྗེ་ཕྱར་ཞིང་སྡིགས་མཛུབ་ཞགས་པ་བསྣམས། །
གཡས་བསྐུམ་གཡོན་བརྐྱང་ལོག་འདྲེན་གླང་སྣ་བརྫིས། །འདིར་གཤེགས་གདན་བཞུགས་ཕྱག་འཚལ་མཆོད་ཅིང་བསྟོད། །འོག་ཏུ་མ་ཧཱ་ཀཱ་ལ་སེང་གེའི་གདོང་། །སྦོམ་ཐུང་གསུས་འཕྱང་གྲི་གུག་ཐོད་ཁྲག་འཛིན། །མེ་འབར་དུར་ཁྲོད་ཆས་རྫོགས་འདོར་ཐབས་ཞབས། །འདིར་གཤེགས་གདན་བཞུགས་ཕྱག་འཚལ་མཆོད་ཅིང་བསྟོད། །ཤཱཀ་ཐུབ་ལ་སོགས་དཀོན་མཆོག་རིན་ཆེན་གསུམ། །གཙུག་ཏོར་འབར་བ་གདུགས་དཀར་གསང་བའི་བདག །མ་ཧཱ་ཀཱ་ལ་སེང་གདོང་བདེན་པའི་མཐུས། །བདག་དང་བསྲུང་བྱ་རྣམས་ལ་གནོད་བྱེད་པའི། །སྐག་དང་བྱད་ཁ་རྨིས་ལྟས་མཚན་མ་ངན། །ཆག་ཆེན་ཉམ་ང་མོ་ངན་སོགས་སྡིག་རྣམས། །རྩི་སྐྱ་བོང་བ་རིལ་མ་ལ་སོགས་པའི། །ཡས་སྟགས་རྣམས་ལ་སྐད་ཅིག་ཉིད་ལ་ཁུག །ཁྲོ་བོ་རྣམས་ཀྱི་འོད་ཀྱིས་བསྡུས་ལ་བསྟིམ། །ཛཧཱུྃ་བཾ་ཧོས་དབྱེར་མེད་གཅིག་ཏུ་གྱུར། །དམིགས་པ་དང་བཅས་འགུགས་བསྟིམ་ལན་གསུམ་བྱ། །བདག་གི་ཐུགས་ཀའི་འོད་ཀྱིས་ཐུབ་དབང་བསྐུལ། །ཐུབ་པའི་འོད་ཀྱིས་ཁྲོ་བོ་རྣམས་བསྐུལ་བས། །ཁྲོ་བོ་དཔག་མེད་འཕྲོས་ནས་གནོད་བྱེད་བཀུག །ཧཱུྃ། དཀོན་མཆོག་བདེན་པའི་
བྱིན་རླབས་ཀྱིས། །བར་སྣང་ཁམས་ཀྱང་འགུགས་བྱེད་ན། །ལུས་ཅན་རྣམས་ལ་སྨོས་ཅི་དགོས། །སེམས་མེད་པ་ཡང་འགུགས་བྱེད་ན། །སེམས་དང་ལྡན་པ་སྨོས་ཅི་དགོས། །འདིར་ནི་གནོད་བྱེད་དགུག་ཏུ་གསོལ། །ལན་གསུམ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་ཡོངས་སུ་བྲལ་བ་ལ་ཕྱག་འཚལ་ལོ། །།ཚེ་རབས་འཁོར་བ་ཐོག་མེད་ནས། །ཟས་ནོར་སྲོག་གི་ལན་ཆགས་དང་། །བུ་ལོན་ཤ་འཁོན་ཆགས་རྣམས་ལ། །བདུད་རྩིའི་གཏོར་མ་འདི་འབུལ་ལོ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་འཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། རྒྱ་གར་སྐད་དུ། ཨཱརྱ་དྷ་མཉྫན་ནཱ་མ་མ་ཧཱ་ཡ་ན་སུ་ཏྲ། བོད་སྐད་དུ། འཕགས་པ་སྡོང་པོ་རྒྱན་པ་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱིས་བསྐྱབ་ཏུ་གསོལ། །བྱང་ཆུབ་མཆོག་ལ་ཕྱག་འཚལ་ལོ། །འཕགས་པ་ཀུན་གྱིས་བསྐྱབ་ཏུ་གསོལ། །རྡོ་རྗེ་མཆོག་ལ་ཕྱག་
འཚལ་ལོ། །རིག་བྱེད་ཀུན་གྱིས་བསྐྱབ་ཏུ་གསོལ། །ཀླུ་རྣམས་ཀུན་ལ་ཕྱག་འཚལ་ལོ། །གནོད་སྦྱིན་ཀུན་གྱིས་བསྐྱབ་ཏུ་གསོལ། །ཚངས་རིགས་ལྷ་ལ་ཕྱག་འཚལ་ལོ། །འཇིག་རྟེན་ལྷས་ནི་བསྐྱབ་ཏུ་གསོལ། །བར་སྣང་ལྷ་ལ་ཕྱག་འཚལ་ལོ། །སྲིད་པ་གསུམ་གྱིས་བསྐྱབ་ཏུ་གསོལ། །ཁམས་གསུམ་སྲིད་ལ་དབང་མཛད་པའི། །ཀུན་ལ་ཕྱག་འཚལ་རྗེས་སུ་གསོལ། །བདག་གི་ལྔ་ཕུང་འདི་དག་ལ། །ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ། །བདག་ལ་ངན་པར་གྱུར་པ་དག །དེ་དག་ཟིལ་གྱིས་གནོན་པར་གསུངས། །དེ་ཡི་སྙིང་པོ་འདི་སྐད་གསུངས། །ཨོཾ་ཀ་ར་ཀ་ར་སྭཱ་ཧཱ། ཀུ་རུ་ཀུ་རུ་སྭཱ་ཧཱ། བྷ་ར་བྷ་ར་སྭཱ་ཧཱ། བྷུ་རུ་བྷུ་རུ་སྭཱ་ཧཱ། དྷ་ར་དྷ་ར་སྭཱ་ཧཱ། དྷུ་རུ་དྷུ་རུ་སྭཱ་ཧཱ། ཙ་ར་ཙ་ར་སྭཱ་ཧཱ། ཙུ་རུ་ཙུ་རུ་སྭཱ་ཧཱ། བདག་གི་དབང་པོ་ཡན་ལག་ལ། ལོ་མི་རུང་བ་དང་། ཟླ་བ་མི་རུང་བ་དང་། ཞག་མི་རུང་བ་དང་། ཟ་མ་མི་རུང་བ་དང་། གཟའ་མི་རུང་བ་དང་། སྐར་མ་མི་རུང་བ་དང་། ཉིན་མི་རུང་བ་དང་། མཚན་མི་རུང་བ་དང་། ཉིན་མཚན་ཕྱེད་མ་མི་རུང་བ་དང་། སྔ་དྲོ་མི་རུང་བ་དང་། ཕྱི་དྲོ་མི་རུང་བ་དང་། སྲོད་
དང་ཐོ་རངས་མི་རུང་བ་དང་། ཕྱོགས་མི་རུང་བ་དང་། མཚམས་མི་རུང་བ་དང་། སྟེང་མི་རུང་བ་དང་། འོག་མི་རུང་བ་དང་། འདྲེ་ལྔ་གདོན་དང་བདུད་གཅོད་དང་། དེ་དག་ཀུན་ལས་བསྐྱབ་ཏུ་གསོལ། དེ་ཡི་སྙིང་པོ་འདི་སྐད་གསུངས། ཨོཾ་པྲངྒེ་པྲཛྙཱ་པྲཛྙཱ་ཨ་ཝ་ལོ་ཀི་ཏི་བྷི་ར་ཡེ། སརྦ་ཨཱརྱ་མཉྫ་ཡེ་སྭཱ་ཧཱ། དྷ་རེ་མ་མ་ནི་སུ་སིདྡྷི། ཨཱརྱ་ཛམྦྷ་ནི་མཉྫཡེ་སྭཱ་ཧཱ། བདག་གི་དབང་པོ་ཡན་ལག་ལ། །དམར་གྱི་ཐུན་དང་ཕྲ་མེན་དང་། །གློ་བུར་ངན་པ་འོང་བ་དང་། །གཟུགས་ཅན་དགྲ་དང་གཟུགས་མེད་བགེགས། །ལོ་སྐག་ཟླ་སྐག་ཞག་སྐག་དང་། །དེ་བཞིན་ཟ་མའི་སྐག་ལ་སོགས། །རྨི་ལམ་ངན་དང་མཚན་མ་ངན། །དུས་མིན་འཆི་བ་ལ་སོགས་པ། །མུན་པ་ལྟ་བུའི་དབང་བྱས་ཀྱང་། །ཉི་ཟླ་ལྟ་བུའི་འོད་ཕྱུང་སྟེ། །མཐའ་ནས་རྣམ་པར་གསལ་བར་གསུངས། །ཕྱོགས་སྐྱོང་རྣམས་ཀྱིས་བསྲུང་དུ་གསོལ། །དེ་ཡི་སྙིང་པོ་འདི་སྐད་གསུངས། །ཧཱུྃ་ཧཱུྃ་ཁཾ། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ནི། ཧཱུྃ་ཧཱུྃ་ཀྱི། ཧཱུྃ་ཧཱུྃ་ཏི་སྭཱ་ཧཱ། བདག་གི་དབང་པོ་ཡན་ལག་ལ། །ཐོག་མ་མེད་པའི་དུས་མཐའ་ནས། །ད་ལྟ་མི་ལུས་འདི་ཡི་བར། །མི་
དགེ་བཅུ་དང་མཚམས་མེད་ལྔ། །ལྕི་བ་བཞི་དང་ལོག་པ་བརྒྱད། །ཁ་ན་མ་ཐོ་གསུམ་པོ་དང་། །བྲི་ཉེས་པ་དང་ཀློག་ཉེས་དང་། །ཉན་ཉེས་པ་དང་བཤད་ཉེས་དང་། །སྒོམ་ཉེས་པ་དང་སྒྲུབ་ཉེས་དང་། །ཁྲིམས་ཉམས་སྡོམ་པ་ཉམས་པ་དང་། །སྙིང་པོ་སྒྲ་ཆག་ཟུར་ཉམས་པ། །ཕྱག་རྒྱ་ནོར་ཞིང་འཁྲུལ་པ་དང་། །དམ་ཚིག་ཉམས་པ་ལ་སོགས་པའི། །ཉམས་ཆག་ཐམས་ཅད་བྱང་གྱུར་ཅིག །ཨོཾ་ན་མོ་བྷ་ག་ཝ་ཏེ། སརྦ་དུ་ཡེ་དུ་ཡེ་སྟན་སྭཱ་ཧཱ། འཕགས་པ་སྡོང་པོ་བརྒྱན་པའི་མཆོག་ཅེས་བྱ་བའི་གཟུངས་རྫོགས་སོ།། །།གཟུངས་སྔགས་འདི་ཡི་བྱིན་བརླབ་ཀྱིས། །བདག་དང་ཡོན་བདག་འཁོར་བཅས་ཀྱི། །ལྟས་ངན་ལ་ཉེ་ངན་པ་དང་། །ལོ་དང་ཟླ་བ་ངན་པ་དང་། །ཞག་དང་ཟ་མ་ངན་པ་དོང་། །གཟའ་དང་རྒྱུ་སྐར་ངན་པ་དང་། །ལོ་སྐག་སུམ་བརྒྱ་དྲུག་ཅུ་དང་། །ལྟས་ངན་བརྒྱད་ཅུ་རྩ་གཅིག་དང་། །ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དང་། །གློ་བུར་དགུ་བཅུ་རྩ་གཅིག་དང་། །བྱིས་པའི་གདོན་ཆེན་བཅོ་ལྔ་དང་། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །དུས་མིན་འཆི་བ་རྣམ་བརྒྱད་དང་། །ཞང་ཞུང་གཙང་དམར་འཕེན་པ་དང་། །
སུམ་པའི་གླང་ཟོར་དང་། བྲམ་ཟེའི་ངན་སྔགས་དང་། མུ་སྟེགས་ཀྱི་གཟེར་བུ། ཀླུའི་བྱད་ཁ་དང་། སྲིན་པོའི་ཆོད་གཏོང་དང་། རྒྱལ་པོའི་ཀླན་ཀ་དང་། བདུད་ཀྱི་ཁྲམ་ཁ་དང་། བཙན་གྱི་གཟེར་མདའ་དང་། མ་མོའི་ཁྲག་ནད་དང་། འབྱུང་པོའི་རིམས་ནད་དང་། མི་ཁ་དང་བྲ་མཆུ་དང་། བྱུར་དང་ནད་ཡམས་དང་། སྟེང་གི་ཕོ་སྲི་གཡོན་གྱི་མོ་སྲི་བྱི་སྦའི་ཆུང་སྲི་ལ་སོགས་པ། རྐྱེན་དང་བར་དུ་གཅོད་པ་ཐམས་ཅད། སྤེན་མའི་ཕྱགས་མས་ཕྱིར་ཕྱོགས་ཤིག །རིལ་མ་བཞིན་དུ་ཆུས་ཁྱེར་ཞིག །བོང་བ་བཞིན་དུ་ཆུས་ཞིག་ཅིག །འཇག་མ་བཞིན་དུ་ཆུས་བསྐྱོད་ཅིག །འཇག་མའི་རྟ་ཆིབས་བདག་གི་གླུད་དུ་སོང་ཞིག༔ ཨོཾ་ཐེ་གུ་ཐཱ་ཐེ་གུ་ཐཱ། སརྦ་བྷི་ཛ་ར་ན་འཕགས་པ་སྡོང་པོ་བརྒྱན་པའི་མཆོག་ཅེས་བྱ་བའི་གཟུངས་རྫོགས་སོ།། ༈ །།ན་མོ་སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། དཀོན་མཆོག་གསུམ་གྱི་བཀའ་བདེན་པའི་བྱིན་རླབས་ཀྱིས། བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་སྒོའི་ནད་དང་གནོད་པ་རྐྱེན་དང་བར་ཆད་དུས་
མ་ཡིན་པར་འཆི་བ་ལ་སོགས་པའི་སྔ་ལྟས་ངན་པ་ཐམས་ཅད་ཟློག་ཅིག་སྒྱུར་ཅིག༔ དེ་ལྟར་གཟུངས་འདོན་ཚེ་མི་དུ་ཡོད་ཀྱི་གྲངས་ཀའི་རྫས་རྣམས་ཐེབ་ཙེའམ་སྡེར་སོགས་སུ་བཞག་ནས། ནད་པའམ་ཡོན་བདག་ལ་མཆོད་གཡོག་པས་ལག་གིས་གཡོན་དུ་ལན་གསུམ་རེ་བསྐོར་བའི་ཚུལ་བྱས་ལ་ཝ་ནང་དུ་བླུག །དེ་ནས་ཆུ་བླུག་ངར་ཆེན་ནང་དུ་འགྲོ་བར་བྱས། མ་སོང་བ་སྤེན་ཕྱགས་ཀྱིས་ཕྱག་ཚུལ་བྱས་ལ་འཕང་། ཡང་ངར་ཆེན་གྱི་སྣོད་ཆུང་བའམ་མི་ཁྱབ་དོགས་ན། ངར་མི་རྣམས་སྣོད་གཞན་ཞིག་ཏུ་བསག་གོ། རིལ་མ་དང་བོང་བ་དང་ཆངས་བུ་གསུམ་ཝ་ལ་འགྲིམ་ཡང་རུང་། ངར་མི་ལ་བཙུགས་པ་རེ་མིན་པའི་རིལ་མ་དེ་ཡང་དགོས། རིལ་མ་ནི་ར་ལུག་གི་རིལ་མ་མ་ཡིན་ལ། བོང་གི་རིལ་མ་བྱ་སྲོལ་ཡང་འདུག །བོང་བ་ནི་གོང་མོའི་སྤོ་ཐོ་ཡིན། དེ་གལ་ཏེ་མ་རྙེད་ན་རི་བོང་རིལ་མས་དེའི་ཚབས་འོང་ཟེར་བ་ཐོས། དེ་ལྟར་སྡོང་རྒྱན་གྱི་གཟུངས་འདི་ལ་ཚར་བདུན་རེ་ལས་ཉུང་མི་རུང་། དེ་ཡན་ཆད་མང་ཉུང་གོང་དུ་བཤད་པ་ལྟར་སྐབས་དང་བསྟུན། དེ་བཞིན་ཏུ། ༈ ན་མཿས་མནྟ་བུདྡྷཾ་ནཾ། ཨ་པྲ་ཏི་ཧ་ཏ་ས་ཤ་ནཱ་ནཱཾ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ་ཧཱུྃ་ཛྭ་ལ་ཛྭ་ལ། པྲ་ཛྭ་ལ་པྲ་ཛྭ་ལ་ཏིཥྛ་ཏིཥྛ་ཕཊ་ཕཊ༔ སརྦ་དུར་ནི་མིཏྟེ། དུསྲ་སྣན་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ། བདག་དང་སྦྱིན་བདག་བསྲུང་བྱ་འདི་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་ནད་རིགས་བཞི་བརྒྱ་རྩ་བཞི། བགེགས་
རིགས་སྟོང་ཕྲག་བརྒྱད་ཅུ། སྐག་རིགས་སུམ་བརྒྱ་དྲུག་ཅུ། ལྟས་ངན་བརྒྱད་ཅུ་རྩ་གཅིག །ཆགེ་ཆེན་ཉམ་ང་ཐམས་ཅད་རིལ་མ་བཞིན་དུ་ཆུས་ཁྱེར་ཅིག །བོང་བ་བཞིན་དུ་ཆུས་ཤིག་ཅིག །སྤེན་ཕྱགས་ཀྱིས་ཕྱོགས་ཤིག །ཏདྱཐཱ། ཨོཾ་ཨ་ན་ལེ་ཨ་ན་ལེ། ཨ་ཙ་ལེ་ཨ་ཙ་ལེ། ཁ་ཁ་མེ་ཁ་ཁ་མེ། ཁི་ཁི་མེ་ཁི་ཁི་མེ། ཤོ་ཥ་མེ་ཤོ་ཥ་མེ། བཻ་ར་བཱི་ར། བི་ཥ་མེ་བི་ཥ་མེ། སོ་མེ་སོ་མེ། ཤནྟེ་ཤནྟེ། དནྟེ་དནྟེ། བཛྲ་དྷ་ར་བྷནྡྷ་བྷནྡྷ། བཛྲ་པཱ་ཎི་ཕཊ༔ ཨོཾ་ཧཱུྃ་ཧཱིཏྟཾ་ཕཊ༔ སྭཱ་ཧཱ། བདག་དང་སྦྱིན་བདག་བསྲུང་བྱ་འདི་རྣམས་ལ་གནོད་ཅིང་འཚེ་བ་བྱེད་པའི་ནད་རིགས་བཞི་བརྒྱ་རྩ་བཞི། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། སྐག་རིགས་སུམ་བརྒྱ་དྲུག་ཅུ། ལྟས་ངན་བརྒྱད་ཅུ་རྩ་གཅིག༔ ཆག་ཆེན་ཉམ་ང་ཐམས་ཅད་རིལ་མ་བཞིན་དུ་ཆུས་ཁྱེར་ཅིག༔ བོང་བ་བཞིན་དུ་ཆུས་ཤིག་ཅིག༔ སྤེན་ཕྱགས་ཀྱིས་ཕྱོགས་ཤིག །ཨོཾ་བཛྲ་པཱ་ཎི་བྷནྡྷ་བྷན་བཛྲ་པ་ཤ་ན། སརྦ་དུཥཱན་བི་ན་ཡ་ཀ་ནཾ་ཧཱུྃ་ཧཱུྃ་ཕཊ། རཀྵ་རཀྵ་མཾ་སཏཱཉྩ་སྭཱ་ཧཱ། བདག་དང་སྦྱིན་བདག་བསྲུང་བྱ་འདི་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་ནད་རིགས་བཞི་བརྒྱ་རྩ་
བཞི། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། སྐག་རིགས་སུམ་བརྒྱ་དྲུག་ཅུ། ལྟས་ངན་བརྒྱད་ཅུ་རྩ་གཅིག །ཆག་ཆེན་ཉམ་ང་ཐམས་ཅད་རིལ་མ་བཞིན་དུ་ཆུས་ཁྱེར་ཅིག །བོང་བ་བཞིན་དུ་ཆུས་ཤིག་ཅིག །སྤེན་ཕྱགས་ཀྱིས་ཕྱོགས་ཤིག །ཨོཾ་མ་ཧཱ་ཀཱ་ལ་སིང་ཧ་མུ་ཁ་ཧཱུྃ་ཕཊ༔ ཐེ་ཀུ་ཏ། བྷི་ཏ། ཐེ་ཀུ་ཏ་ཧཱུྃ་ཕཊ། བདག་དང་སྦྱིན་བདག་བསྲུང་བྱ་འདི་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་ནད་རིགས་བཞི་བརྒྱ་རྩ་བཞི། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། སྐག་རིགས་སུམ་བརྒྱ་དྲུག་ཅུ། ལྟས་ངན་བརྒྱད་ཅུ་རྩ་གཅིག་།ཆག་ཆེན་ཉམ་ང་ཐམས་ཅད་རིལ་མ་བཞིན་དུ་ཆུས་ཁྱེར་ཅིག །བོང་བ་བཞིན་དུ་ཆུས་ཤིག་ཅིག །སྤེན་ཕྱགས་ཀྱིས་ཕྱོགས་ཤིག །དེ་ནས་ངར་མི་གཅིག་ལྷག་ཡོད་པ་དེ་ངར་མི་ཚེ་བའི་ནང་དུ་འཕངས་ལ། ཀྱཻ། དེ་རིང་བདག་དང་ཡོན་བདག་གི །ཉམས་ཆག་ཐམས་ཅད་བཟློག་པའི་ཕྱིར། །ངར་གྱི་མི་ཕོ་ཁྱོད་བཏང་ན། །ཁྱོད་ཀྱིས་མི་བཟློག་གང་ཡང་མེད། །ངར་གྱི་རྒྱལ་པོ་ཁྱོད་ཀྱིས་ནི། །ནག་པོ་བདུད་དང་འཕྲད་ན་ཡང་། །ངར་གླུད་རྒྱལ་པོ་ཁྱོད་ཀྱིས་ཟློག །ཡ་ཅོ་བཙན་དང་འཕྲད་ན་ཡང་། །ངར་གླུད་རྒྱལ་པོ་ཁྱོད་ཀྱིས་
ཟློག །གཏི་མུག་ཀླུ་དང་འཕྲད་ན་ཡང་། །ངར་གླུད་རྒྱལ་པོ་ཁྱོད་ཀྱིས་ཟློག །གནམ་ཐེལ་འདྲེ་དང་འཕྲད་ན་ཡང་། །ངར་གླུད་རྒྱལ་པོ་ཁྱོད་ཀྱིས་ཟློག །མ་བདུད་འདྲེ་དང་འཕྲད་ན་ཡང་། །ངར་གླུད་རྒྱལ་པོ་ཁྱོད་ཀྱིས་ཟློག །ཕུང་སྲི་འདྲེ་དང་འཕྲད་ན་ཡང་། །ངར་གླུད་རྒྱལ་པོ་ཁྱོད་ཀྱིས་ཟློག །ཡུལ་གྱི་འདྲེ་བགེགས་ཐམས་ཅད་ཀྱང་། །ངར་གླུད་རྒྱལ་པོ་ཁྱོད་ཀྱིས་ཟློག །རྦད་པའི་འདྲེ་དང་འཕྲད་ན་ཡང་། །ངར་གླུད་རྒྱལ་པོ་ཁྱོད་ཀྱིས་ཟློག །སྲི་ལང་འདྲེ་དང་འཕྲད་ན་ཡང་། །ངར་གླུད་རྒྱལ་པོ་ཁྱོད་ཀྱིས་ཟློག །རྣལ་འབྱོར་སྔགས་འཆང་བདག་ཅག་དང་། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །གནོད་པའི་ལྷ་སྲིན་སྡེ་བརྒྱད་དང་། །སྣང་སྲིད་ལྷ་འདྲེ་གདོན་བགེགས་རྣམས། །གང་དང་འཕྲད་ཀྱང་ཁྱོད་ཀྱིས་ཟློག །དེ་སྐད་གླུད་ལ་སྨྲ་ཞིང་བསྒོམ། ཀྱཻ། སྔགས་འཆང་བདག་གི་དབྱངས་ལ་ཉོན། །ཡོན་བདག་བྱི་བ་ལོ་པ་ཡི། །ལོ་བདུད་རེ་ལྡེ་མགོ་ཉག་དང་། །ཡོན་བདག་གླང་གི་ལོ་པ་ཡི། །ལོ་བདུད་ཁྲོ་རྒྱལ་ནག་པོ་དང་། །ཡོན་བདག་སྟག་གི་ལོ་པ་ཡི། །ལོ་བདུད་ཕག་སྟག་འབྲིང་ཡུག་དང་། །ཡོན་བདག་ཡོས་བུ་ལོ་པ་
ཡི། །ལོ་བདུད་མང་ཤང་ཆེན་པོ་དང་། །ཡོན་བདག་འབྲུག་གི་ལོ་པ་ཡི། །ལོ་བདུད་མོ་རྒྱལ་ཆེན་པོ་དང་། །ཡོན་བདག་སྤྲུལ་གྱི་ལོ་པ་ཡི། །ལོ་བདུད་གཏམ་པ་ལག་རིང་དང་། །ཡོན་བདག་རྟ་ཡི་ལོ་པ་ཡི། །ལོ་བདུད་མྱུར་མགྱོགས་ཆེན་པོ་དང་། །ཡོན་བདག་ལུག་གི་ལོ་པ་ཡི། །ལོ་བདུད་ཤན་པ་གྲི་ཐོགས་དང་། །ཡོན་བདག་སྤྲེལ་གྱི་ལོ་པ་ཡི། །ལོ་བདུད་ངམ་ནག་ཆེན་པོ་དང་། །ཡོན་བདག་བྱ་ཡི་ལོ་པ་ཡི། །ལོ་བདུད་གཟུགས་མེད་ཆེན་པོ་དང་། །ཡོན་བདག་ཁྱི་ཡི་ལོ་པ་ཡི། །ལོ་བདུད་སྟོབས་མཁྱེན་ཆེན་པོ་དང་། །ཡོན་བདག་ཕག་གི་ལོ་པ་ཡི། །ལོ་བདུད་ཡོར་པ་འགྲམ་རིང་དང་། །ཞེས་ཡོན་བདག་གི་ལོ་རུས་གང་ཡིན་དང་། ལོ་བདུད་ལོ་གཤེད་ཐམས་ཅད་ལ། །སྐུ་གླུད་རིན་ཐང་འདི་བཞེས་ལ། །རྒྱུ་སྦྱོར་ཡོན་བདག་འདི་དག་ལ། །བཟུང་བ་ཐོངས་ལ་བཅིངས་བ་ཁྲོལ། །བསྡམ་པ་གློད་ལ་མནན་པ་ཁྱོག །ལོ་ཡི་སྐག་དང་ཟླ་བའི་སྐག །ཆེ་བའི་སྐག་དང་ཆུང་བའི་སྐག །ཕོ་ཡི་སྐག་དང་མོ་ཡི་སྐག །སྐག་རིགས་སུམ་བརྒྱ་དྲུག་ཅུ་རྣམས། །གླུད་མདོས་འདི་ཡིས་སྒྱུར་ཅིང་ཟློག །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །མི་མཐུན་
ཕྱོགས་ངན་ཐམས་ཅད་ཟློག །མོ་ངན་སོག་སྡིག་ཐམས་ཅད་ཟློག །ལྟས་ངན་ཆོ་འཕྲུལ་ངན་པ་ཟློག །བྱོལ་ངན་བྱུར་ཡུག་ཐམས་ཅད་ཟློག །སྡོང་པོ་རྒྱན་གྱི་ཆོ་ག་འདིས། །རྐྱེན་ངན་བར་ཆད་ཐམས་ཅད་ཟློག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག །ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཟློག །གློ་བུར་ཉི་ཁྲི་ཆིག་སྟོང་ཟློག །ནད་རིགས་བཞི་བརྒྱ་རྩ་བཞི་ཟློག །གཤིན་རྗེའི་ཁྲམ་ཁ་ངན་པ་ཟློག །མ་མོའི་དལ་ཟེར་ཐམས་ཅད་ཟློག །མི་ནད་ཕྱུགས་ནད་ཐམས་ཅད་ཟློག །སྣང་ཞིང་སྲིད་པའི་ལྷ་འདྲེ་དང་། ། ༈ བགེགས་རིགས་སྟོང་ཕྲག་ཁྱེད་རྣམས་ཀྱིས། །གླུད་མདོས་ཆེན་པོ་འདི་བཞེས་ལ། །ཕྱིན་ཆད་འཁོར་འདིར་གནོད་པ་མ་བྱེད་ཅིག །སོ་སོ་རང་རང་གནས་སུ་སོང་། །དེ་ནས་དཀར་གཏོར་བྲན་ལ། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་གནས་པའི་གཏོར་མ་བདུད་རྩིའི་རང་བཞིན་སོ་སོའི་ཡིད་དང་མཐུན་པའི་ལོངས་སྤྱོད་དུ་གྱུར། ཨོཾ་ད་ཤ་དིག་ལོ་ཀ་པ་ལ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཛྲ་དྷ་ར་ཨཛྫཱ་པ་ཡ་ཏི་སྭཱ་ཧཱ། ཧཱུྃ། ཤར་ལ་ཕྱོགས་པའི་ཕྱོགས་བཅུ་ན། །གནས་པའི་ལྷ་ཀླུ་མི་མ་ཡིན། །
ཐམས་ཅད་བཀའ་ཡི་གཏོར་མ་ལོངས། །རིག་འཛིན་བདག་གི་ངག་འདི་ཉོན། །བདེ་གཤེགས་བསྟན་ལ་སྤྱི་དགྲ་བྱུང་། །འདི་ལ་ཁྲག་འཐུང་ཆེན་པོའི་བཀས། །དྲེགས་པ་ཐམས་ཅད་དམག་ཏུ་སྡུས། །ལམ་དུ་གནས་པའི་མཐུ་ཆེན་དེངས། །མ་རུངས་ལྷ་སྲིན་འཁོར་དང་བཅས། །ཐམས་ཅད་དེ་རིང་དམག་ལ་དྲོངས། །དྲང་སྲོང་རྒྱལ་པོ་རཱ་ཧུ་ལ། །འཁོར་བཅས་བདག་གི་སྡོང་གྲོགས་མཛོད། །དེ་ནས་བགེགས་གཏོར་ཁྲུས་གདན་སྟེང་དུ་ནད་པའམ་ཡོན་བདག་ལ་ཁྲུས་བྱས་ལ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་ཡོངས་སུ་བྲལ་བ་ལ་ཕྱག་འཚལ་ལོ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ལན་བདུན་བརྗོད། སྔོན་ཚེ་ལྷ་དབང་བརྒྱ་བྱིན་གླུད། །ད་ལྟ་རྒྱུ་སྦྱོར་ཡོན་བདག་གླུད། །ཤ་ཡི་གླུད་འདི་ས་ལ་གཏོང་། །ས་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །ཁྲག་གི་གླུད་འདི་
ཆུ་ལ་གཏོང་། །ཆུ་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །དྲོད་ཀྱི་གླུད་འདི་མེ་ལ་གཏོང་། །མེ་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །དབུགས་ཀྱི་གླུད་འདི་རླུང་ལ་གཏོང་། །རླུང་ལ་གནས་པའི་ལྷ་འདྲེ་རྣམས་། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །རུས་པའི་གླུད་འདི་བྲག་ལ་གཏོང་། །བྲག་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །རྩ་རྒྱུས་གླུད་འདི་ཤིང་ལ་གཏོང་། །ཤིང་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །པགས་པའི་གླུད་འདི་ཐང་ལ་གཏོང་། །ཐང་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཚངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་ཀླུ་བྱེད་ཅིག །སེམས་ཉིད་གླུད་འདི་མཁའ་ལ་གཏོང་། །མཁའ་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །
གཞན་གྱི་བྱད་ཁ་ཕུར་ཁ་དང་། །ཟོར་ཁ་མནན་པ་ལ་སོགས་ཟློག །སྐག་དང་སྲི་ངན་ཐམས་ཅད་དང་། །གནོད་བྱེད་ཐམས་ཅད་བཟློག་ཏུ་གསོལ། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །སོགས་བརྗོད། དེ་ནས་དཀར་གཏོར་འདིར་བཞག་ལ། དེའི་རྗེས་སུ་གླུད་གཏོར་བཞག །དེ་རྒྱབ་ཡས་སྟགས་ངར་ཆུང་གི་སྣོད་ལོགས་སུ་ཡོད་ན་བཞག །དེ་རྒྱབ་ངར་ཆེན་ཁ་ཕྱིར་བསྒྱུར། ལྗོན་ཤིང་བྲིས་པའི་རྡུལ་ཚོན་ཡོད་ན་བཏབ། ཀྱཻ། འདི་ནས་ཉི་མ་ཤར་ཕྱོགས་ཕ་ཀི་ན། །སྟོང་གསུམ་སྟོང་གི་ཕ་རོལ་ན། །དྲི་ཟའི་གདོན་འཁོར་མང་པོ་དང་། །འདྲེ་སྲིན་མང་པོ་ངུ་འབོད་ལྷངས་སེ་ལྷང་། །དེ་ཡི་ཁ་ཁོག་ངོ་ལེན་དུ། །གླུད་མདོས་ལམ་ཡང་དེ་རུ་བསྟན། །སྟོབས་ཆེན་ངར་མི་ལྡེམས་སེ་ལྡེམ། །གཟུགས་འགྲོས་རྣམས་ཀྱང་ཤ་ར་ར། །གླུད་ཟས་རྣམས་ཀྱང་ཟུ་ལུ་ལུ། །འཇག་རྟ་རྣམས་ཀྱང་སྤྲིངས་སེ་སྤྲིང་། །བ་དན་མང་པོ་ལྷུབས་སེ་ལྷུབ། །ཤར་ཕྱོགས་ལྷ་འདྲེ་ཐུགས་མཉེས་ནས། །འདྲེ་སྲིན་ཐམས་ཅད་ཕྱིར་དེངས་ཤིག །ཀྱཻ། འདི་ནས་ཉི་མ་ལྷོ་ཕྱོགས་ཕ་ཀི་ན། །སྟོང་གསུམ་སྟོང་གི་ཕ་རོལ་ན། །གཤིན་རྗེའི་གདོན་འཁོར་མང་པོ་དང་། །འདྲེ་སྲིན་མང་པོ་ངུ་འབོད་ལྷངས་སེ་
ལྷང་། །དེ་ཡི་ཁ་ཁོག་ངོ་ལེན་དུ། །གླུད་མདོས་ལམ་ཡང་དེ་རུ་བསྟན། །སྟོབས་ཆེན་ངར་མི་ལྡེམས་སེ་ལྡེམ། །གཟུགས་འགྲོས་རྣམས་ཀྱང་ཤ་ར་ར། །གླུད་ཟས་རྣམས་ཀྱང་ཟུ་ལུ་ལུ། །འཇག་རྟ་རྣམས་ཀྱང་སྤྲིངས་སེ་སྤྲིང་། །ཁ་དན་མང་པོ་ལྷུབས་སེ་ལྷུབ། །ལྷོ་ཕྱོགས་ལྷ་འདྲེ་ཐུགས་མཉེས་ནས། །འདྲེ་སྲིན་ཐམས་ཅད་ཕྱིར་དེངས་ཤིག །ཀྱཻ། འདི་ནས་ཉི་མ་ནུབ་ཕྱོགས་ཕ་ཀི་ན། །སྟོང་གསུམ་སྟོང་གི་ཕ་རོལ་ན། །ཀླུ་ཡི་གདོན་འཁོར་མང་པོ་དང་། །འདྲེ་སྲིན་མང་པོ་ངུ་འབོད་ལྷངས་སེ་ལྷང་། །དེ་ཡི་ཁ་ཁོག་ངོ་ལེན་དུ། །གླུད་མདོས་ལམ་ཡང་དེ་རུ་བསྟན། །སྟོབས་ཆེན་ངར་མི་ལྡེམས་སེ་ལྡེམ། །གཟུགས་འགྲོས་རྣམས་ཀྱང་ཤ་ར་ར། །གླུད་ཟས་རྣམས་ཀྱང་ཟུ་ལུ་ལུ། །འཇག་རྟ་རྣམས་ཀྱང་སྤུངས་སེ་སྤུང་། །བ་དན་མང་པོ་ལྷུབས་སེ་ལྷུབ། །ནུབ་ཕྱོགས་ལྷ་འདྲེ་ཐུགས་མཉེས་ནས། །འདྲེ་སྲིན་ཐམས་ཅད་ཕྱིར་དེངས་ཤིག །ཀྱཻ། འདི་ནས་ཉི་མ་བྱང་ཕྱོགས་ཕ་ཀི་ན། །སྟོང་གསུམ་སྟོང་གི་ཕ་རོལ་ན། །གནོད་སྦྱིན་གདོན་འཁོར་མང་པོ་དང་། །འདྲེ་སྲིན་མང་པོ་ངུ་འབོད་ལྷངས་སེ་ལྷང་། །དེ་ཡི་ཁ་ཁོག་ངོ་ལེན་
དུ། །གླུད་མདོས་ལམ་ཡང་དེ་རུ་བསྟན། །སྟོབས་ཆེན་ངར་མི་ལྡེམས་སེ་ལྡེམ། །གཟུགས་འགྲོས་རྣམས་ཀྱང་ཤ་ར་ར། །གླུད་ཟས་རྣམས་ཀྱང་ཟུ་ལུ་ལུ། །འཇིག་རྟ་རྣམས་ཝཱཀྱང་སྤྲིངས་སེ་སྤུང་། །བ་དན་མང་པོ་ལྷུབས་སེ་ལྷུབ། །བྱང་ཕྱོགས་ལྷ་འདྲེ་ཐུགས་མཉེས་ནས། །འདྲེ་སྲིན་ཐམས་ཅད་ཕྱིར་དེངས་ཤིག །ཀྱཻ། འདི་ནས་ཉི་མ་ཤར་ལྷོ་ཕ་ཀི་ན། །སྟོང་གསུམ་སྟོང་གི་ཕ་རོལ་ན། །དྲང་སྲོང་གདོན་འཁོར་མང་པོ་དང་། །འདྲེ་སྲིན་མང་པོ་ངུ་འབོད་ལྷངས་སེ་ལྷང་། །དེ་ཡི་ཁ་ཁོག་ངོ་ལེན་དུ། །གླུད་མདོས་ལམ་ཡང་དེ་རུ་བསྟན། །སྟོབས་ཆེན་ངར་མི་ལྡེམས་སེ་ལྡེམ། །གཟུགས་འགྲོས་རྣམས་ཀྱང་ཤ་ར་ར། །གླུད་ཟས་རྣམས་ཀྱང་ཟུ་ལུ་ལུ། །འཇག་རྟ་རྣམས་ཀྱང་སྤུངས་སེ་སྤྲིང་། །བ་དན་མང་པོ་ལྷུབས་སེ་ལྷུབ། །ཤར་ལྷོ་ལྷ་འདྲེ་ཐུགས་མཉེས་ནས། །འདྲེ་སྲིན་ཐམས་ཅད་ཕྱིར་དེངས་ཤིག །ཀྱཻ། འདི་ནས་ཉི་མ་ལྷོ་ནུབ་ཕ་ཀི་ན། །སྟོང་གསུམ་སྟོང་གི་ཕ་རོལ་ན། །སྲིན་པོའི་གདོན་འཁོར་མང་པོ་དང་། །འདྲེ་སྲིན་མང་པོ་ངུ་འབོད་ལྷངས་སེ་ལྷང་། །དེ་ཡི་ཁ་ཁོག་ངོ་ལེན་དུ། །གླུད་མདོས་ལམ་ཡང་དེ་རུ་བསྟན། །སྟོབས་ཆེན་
ངར་མི་ལྡེམས་སེ་ལྡེམ། །གཟུགས་འགྲོས་རྣམས་ཀྱང་ཤ་ར་ར། །གླུད་ཟས་རྣམས་ཀྱང་ཁྲུ་ལུ་ལུ། །འཇིག་རྟ་རྣམས་ཀྱང་སྤྱིངས་སེ་སྤུང་། །བ་དན་མང་པོ་ལྷུབས་སེ་ལྷུབ། །ལྷོ་ནུབ་ལྷ་འདྲེ་ཐུགས་མཉེས་ནས། །འདྲེ་སྲིན་ཐམས་ཅད་ཕྱིར་དེངས་ཤིག །ཀྱཻ། འདི་ནས་ཉི་མ་ནུབ་བྱང་ཕ་ཀི་ན། །སྟོང་གསུམ་སྟོང་གི་ཕ་རོལ་ན། །རླུང་ལྷའི་གདོན་འཁོར་མང་པོ་དང་། །འདྲེ་སྲིན་མང་པོ་ངུ་འབོད་ལྷངས་སེ་ལྷང་། །དེ་ཡི་ཁ་ཁོག་ངོ་ལེན་དུ། །གླུད་མདོས་ལམ་ཡང་དེ་རུ་བསྟན། །སྟོབས་ཆེན་ངར་མི་ལྡེམས་སེ་ལྡེམ། །གཟུགས་འགྲོས་རྣམས་ཀྱང་ཤ་ར་ར། །གླུད་ཟས་རྣམས་ཀྱང་ཟུ་ལུ་ལུ། །འཇག་རྟ་རྣམས་ཀྱང་སྤྲིངས་སེ་སྤུང་། །བ་དན་མང་པོ་ལྷུབས་སེ་ལྷུབ། །ནུབ་བྱང་ལྷ་འདྲེ་ཐུགས་མཉེས་ནས། །འདྲེ་སྲིན་ཐམས་ཅད་ཕྱིར་དེངས་ཤིག །ཀྱཻ། འདི་ནས་ཉི་མ་བྱང་ཤར་ཕ་ཀི་ན། །སྟོང་གསུམ་སྟོང་གི་ཕ་རོལ་ན། །དབང་ལྡན་གདོན་འཁོར་མང་པོ་དང་། །འདྲེ་སྲིན་མང་པོ་ངུ་འབོད་ལྷངས་སེ་ལྷང་། །དེ་ཡི་ཁ་ཁོག་ངོ་ལེན་དུ། །གླུད་མདོས་ལམ་ཡང་དེ་རུ་བསྟན། །སྟོབས་ཆེན་ངར་མི་ལྡེམས་སེ་ལྡེམ། །གཟུགས་
འགྲོས་རྣམས་ཀྱང་ཤ་ར་ར། །གླུད་ཟས་རྣམས་ཀྱང་ཟུ་ལུ་ལུ། །འཇིག་རྟ་རྣམས་ཀྱང་སྤྲིངས་སེ་སྤྲིང་། །བ་དན་མང་པོ་ལྷུབས་སེ་ལྷུབ། །བྱང་ཤར་ལྷ་འདྲེ་ཐུགས་མཉེས་ནས། །འདྲེ་སྲིན་ཐམས་ཅད་ཕྱིར་དེངས་ཤིག །ཀྱཻ། སྣང་ཞིང་སྲིད་པའི་ལྷ་འདྲེ་དང་། །ལན་ཆགས་བགེགས་རིགས་ཐམས་ཅད་ཀྱི། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ཚེ་གླུད་སྲོག་སྐྱིན་འདི་ལོངས་ལ། །ཕོ་བདུད་དཱལ་ཁ་གཡས་སུ་སྒྱུར། །མོ་བདུད་དལ་ཁ་གཡོན་དུ་སྒྱུར། །སྤྱི་བདུད་དལ་ཁ་མཁའ་ལ་སྒྱུར། །ཆུང་བདུད་དེལ་ཁ་ཐད་དུ་སྒྱུར། །གླུད་ཀྱིས་མི་བཟློག་གང་ཡང་མེད། །ཡས་ཀྱིས་མི་བསྒྱུར་གང་ཡང་མེད། །གཏོ་གླུད་གཏོར་མ་འདི་ལོངས་ལ། །ཡས་ཀྱི་བདུད་དུ་གཡོས་པ་ཟློག །མས་ཀྱི་སྲི་རུ་ལང་པ་ཟློག །སྤར་ཁ་ཤི་མིག་ཚུད་པ་ཟློག །དུར་ཁུར་རོ་གར་འགུལ་བ་ཟློག །རོ་འཛིན་དཔུང་པ་བརྫིས་པ་ཟློག །མི་ཁྱག་རོ་ཁུར་བྱེད་པ་ཟློག །མི་ཞིམ་སྡུག་ཟས་ཟ་བ་ཟློག །མིག་ནས་མཆིལ་མ་འོང་བ་ཟློག །བྲང་ལ་ཁུ་ཚུར་རྒྱབ་པ་ཟློག །ཉེ་བས་རྩོད་ཁ་སྐྱེལ་བ་ཟློག །ཡུལ་མི་གཏམ་ངན་དྲི་བ་ཟློག །གཤིན་ལམ་ནག་པོ་བྱེ་བ་ཟློག །རོ་ལམ་སེར་པོ་དོད་
པ་ཟློག །ཤི་མིག་གསོན་ལ་བགྲད་པ་ཟློག །གསོན་དང་གཤིན་ལག་འབྲེལ་བ་ཟློག །ཐམས་ཅད་སྡང་བའི་དགྲ་ལ་སྒྱུར། །གནོད་པར་བྱེད་པའི་བགེགས་ལ་སྒྱུར། །ཟ་བར་བྱེད་པའི་འདྲེ་ལ་སྒྱུར། །རྒྱལ་པོ་ལོ་ཡི་སྐག་སྒྱུར་ཅིག །ཟླ་བ་བློན་པོའི་སྐག་སྒྱུར་ཅིག །དམག་མི་ཞག་གི་སྐག་སྒྱུར་ཅིག །མཚོན་ཆའི་དུས་ཀྱི་སྐག་སྒྱུར་ཅིག །སྐག་རིགས་སུམ་བརྒྱ་དྲུག་ཅུ་ཟློག །ཀླུ་རིགས་དགུ་བཅུ་གོ་དགུ་ཟློག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག །ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་ཟློག །ནད་རིགས་བཞི་བརྒྱ་རྩ་བཞི་ཟློག །དུས་མིན་འཆི་བ་རྣམ་བཞི་ཟློག །ན་ལྟས་འཆི་ལྟས་ཐན་ལྟས་ངན། །ཐམས་ཅད་དགྲ་བགེགས་བྱད་མའི་སྟེང་དུ་བྷྱོ་བྷྱོ་ཟློག་ཟློག༔ སྒྱུར་སྒྱུར། དེ་ནས་རྒྱབ་ཏུ་གཏོར་མ་བཞག་ལ་བྲན། ཨོཾ་བརྗོད་པས་སྟོང་པར་གྱུར། །ཨཱབརྗོད་པས་ཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བ། ཧཱུྃ་བརྗོད་པས་དགྲ་བགེགས་ཀྱི་ཤ་ཁྲག །ཧོབརྗོད་པས་ཡེ་ཤེས་བདུད་རྩིར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ གསུམ། ཨོཾ་ཨུཙྪི་ཁ་ཛྭ་ལ་ཨི་དཾ་བ་ལིཾ་ཏ་ཁཱ་ཧི། ཨོཾ་མ་མ་ཧཱུྃ་ནི་སྭཱ་ཧཱ། ཨི་དམ་བ་ལིཾ་ཏ་ཁཱ་ཧི། ༀ་བཛྲ་པཱ་ཎི་སྭཱ་ཧཱ། ཨི་དཾ༴ ཨོཾ་མ་
ཧཱ་ཀཱ་ལ་སིང་ཧ་མུ་ཁ་ཧཱུྃ་ཕཊ། ཨི་དཾ༴ རྒྱལ་བའི་གཙུག་ཏོར་ལས་འཁྲུངས་ཤིང་། །ཉི་མ་བྱེ་བའི་གཟི་འབར་བ། །གཙུག་ཏོར་འབར་བ་ཞེས་གྲགས་པའི། །ཁྲོ་བོའི་དབང་པོ་ཁྱོད་ལ་བསྟོད། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །འགལ་རྐྱེན་བར་ཆད་བཟློག་ཏུ་གསོལ། །སྐྱོབ་པ་ཤཱཀྱ་སེང་གེ་ཡི། །གཙུག་ཏོར་འོད་ཀྱི་འཕྲོ་འདུ་ལས། །འཁྲུངས་པའི་ལྷ་མོ་སྟོབས་ཆེན་མོ། །རིག་པའི་རྒྱལ་མོ་ཁྱོད་ཕྱག་འཚལ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །འགལ་རྐྱེན་བར་ཆད་བཟློག་ཏུ་གསོལ། །ཧཱུྃ་མཛད་ཧཱུྃ་ཏེ་ཙཎྜ་རོ་ཥ་ཎ། །བདེན་གཉིས་ཐུགས་ཆུད་ཆོས་ཀྱི་སྐུ་བརྙེས་ཤིང་། །སྤྲུལ་པའི་སྐུར་སྟོན་ཕྱག་ན་རྡོ་རྗེ་ཚེ། །དུས་མཐའི་མེ་ལྟར་འབར་ལ་ཕྱག་འཚལ་བསྟོད། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །འགལ་རྐྱེན་བར་ཆད་བཟློག་ཏུ་གསོལ། །རྒྱལ་བས་དབང་བསྐུར་ཀུན་དགའ་གཞོན་ནུ་སྟེ། །ཞིང་སྐྱོང་ཆེན་པོ་ཨ་མྲ་གཙིགས་པའི་ཞལ། །ཤ་ཟ་ཁྲག་འཐུང་ཟ་བྱེད་སེང་གེའི་གདོང་། །སྲོག་བདག་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །འགལ་རྐྱེན་བར་ཆད་བཟློག་ཏུ་གསོལ། །
བདག་ཅག་འཁོར་དང་བཅས་ལ་གནོད་པ་ཡི། །སྲིད་པའི་ཁྲམ་ཁ་ཐམས་ཅད་དགྲ་ལ་སྒྱུར། །ལྷ་འདྲེའི་དམག་ཚོགས་མ་ལུས་དགྲ་ལ་དྲོངས། །ཕ་རོལ་བསམ་སྦྱོར་ངན་པའི་ལས་བརྩམས་པ། །བྱད་ཁ་ཕུར་ཁ་རྦོད་གཏོང་དྲག་པོ་དང་། །མཚེ་ཟོར་རྦད་འདྲེ་ཡུངས་ཟོར་འཕེན་པ་ཟློག །ས་བདག་ཀླུ་ཡི་བྱད་དུ་བཅུག་པ་ཟློག །ཐེའུ་རང་འགོང་པོའི་སྲིས་རྐུན་ཐམས་ཅད་ཟློག །གཤིན་རྗེའི་འཁོར་ལོ་བདུད་ཀྱི་ཁྲམ་འདེབས་དང་། །མུ་སྟེགས་ངན་པའི་བར་ཆད་བྱེད་པ་ཟློག །རྒྱལ་བསེན་རྣམས་ཀྱིས་སྨྱོ་འབོག་གཏོང་བ་ཟློག །དྲང་སྲོང་གཟའ་དང་ཀླུ་གདོན་གནོད་པ་ཟློག །ཞང་ཞུང་ཛོ་ཟོར་སུམ་པའི་གླང་ཟོར་དང་། །བོན་པོ་རྣམས་ཀྱིས་ལྟ་ཟོར་འཕེན་པ་ཟློག །བན་དེའི་སྔགས་ཟོར་སྐྱེས་པའི་མདའ་ཟོར་དང་། །བུད་མེད་རྣམས་ཀྱིས་དམོད་ཟོར་འཕེན་པ་ཟློག །བདུད་ཀྱི་གཤེད་བཞི་རོ་ལངས་འབྱུང་པོ་དང་། །མ་མོ་རྣམས་ཀྱིས་ཁྲག་ཟོར་འཕེན་པ་ཟློག །མོ་རྩིས་ངན་དང་རྨི་ལམ་མཚན་མ་ངན། །ལྟས་ངན་མི་རུང་བརྒྱད་ཅུ་རྩ་གཅིག་ཟློག །བཞི་བརྒྱ་རྩ་བཞིའི་ནད་རྣམས་མ་ལུས་དང་། །གདོན་རིགས་ཉི་ཁྲི་གཅིག་སྟོང་ཚོགས་
རྣམས་ཟློག །སྟོང་ཕྲག་བརྒྱད་ཅུའི་བགེགས་ཚོགས་མ་ལུས་དང་། །ཡེ་འདྲོག་ཆེན་པོ་སུམ་བརྒྱ་དྲུག་ཅུ་ཟློག །གདོན་ཆེན་བཅོ་ལྔ་ལོ་ཟླ་ཞག་དུས་སྐག །མི་མཐུན་ཕྱོགས་རྣམས་དགྲ་བགེགས་སྟེང་དུ་ཟློག །དུས་མིན་འཆི་བའི་འཇིགས་པ་བརྒྱད་རྣམས་དང་། །ལྟས་ངན་ཆོ་འཕྲུལ་དགྲ་བོའི་སྟེང་དུ་ཟློག །ཨེ་ཀ་དུ་ན་ཟློག །མ་ཧཱ་དུ་ན་ཟློག །ས་ག་དུ་ན་ཟློག །ར་ཙ་དུ་ན་ཟློག །ཙ་དུར་སྙིང་ན་ཟློག །སུམ་ཏྲི་རཀྟ་ཟློག །བྱེད་ཟོར་ཕུར་ཁ་ཆོག་ཆེན་ཉམ་ང་ཐམས་ཅད་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག །དེ་ནས་སྔོན་དུ་དཀར་གཏོར་སོགས་རིམ་པར་བཤམས་པ་ལྟར་ཁྱེར། རྗེས་ནས་དམར་གཏོར་དང་དར་ནག་ཡོད་ན་རྟིང་ཕུལ་དུ་ཁྱེར་བཅུག །བདེ་རིམ་ཡིན་ན་ཕྱོགས་གཙང་སའམ་ཡས་ལམ། ནད་པའི་དོན་ཡིན་ན་ལོ་ལྷ་བདུད་དང་འདྲེ་ལྔ་བདུད་གཅོད་ཀྱི་ཐོག །བྱེད་ཟློག་ཡིན་ན་གནོད་པའི་ཕྱོགས་སུ་ཕུལ་ཏེ།ས་ཤིན་ཏུ་གཉན་པ་ཡིན་ན་མི་ཕུལ་བ་ཀཿཐོག་ནམ་མཁའ་སེང་གེས་གསུངས། ཡང་ཡུངས་ཀར་གྱི་སྒོང་བུ་བརྒྱ་རྩ་བརྒྱད། མེད་ན་འབྲུ་ལ་བརྒྱ་རྩ་བརྒྱད་དམར་གཏོར་དེའི་རྩེ་ལ་སྦྱར་ནས། །སྡོང་རྒྱན་གྱི་གཟུངས་ཚར་བརྒྱད་བཟླས་ལ། གནོད་པའི་ཕྱོགས་སུ་ཟོར་དུ་འཕངས་ན། བྱད་ཁ་དང་རྦོད་གཏོང་རིམས་ནད་བཟློག་པར་བཤད། རྨི་ལམ་ངན་པ་ཟློག་ན་ཁྲུས་བྱས་པའི་ངར་གླུད་དང་དམར་གཏོར་གཉིས་མ་གཏོགས་ཆུ་ཆེན་
ལ་དོར། དེ་རྣམས་ནི་སྡོང་རྒྱན་གཞུང་གི་དོན་ཡིན་ལ། ཡང་ཁྲོ་བོ་གསུམ་པོ་སོ་སོའི་འོད་ཀྱིས་གནོད་བྱེད་ཐམས་ཅད་བདས་ཏེ་རྒྱ་མཚོར་ཁྱེར་བར་བསམས་ལ་ཐལ་མོ་བརྡབ། དང་པོ་དཀར་གཏོར་ཆུར་འཕང་། དེ་ནས་ཁྲུས་བྱས་པའི་བགེགས་གཏོར་དེ་ཆུ་འགྲམ་དུ་ཕུལ། དེ་ནས་ངར་ཆེན་ཡས་དང་བཅས་པ་ཆུར་འཕང་། དེ་ནས་དམར་གཏོར་དེ་ཆུ་འགྲམ་ནས་རྩེ་ཕར་བསྟན་ལ་ཕུལ། དེ་ནི་ཁྲོ་བོ་གཙུག་ཏོར་འབར་བའི་ལས་ཚོགས་བྱད་ཁ་ཆུ་ལ་བསྐུར་ཏེ་བཟློག་ཉེས་པ་ཤིན་ཏུ་ཆེ་གསུངས། ཡང་ན་ཕྱོགས་གཙང་སའི་རྒྱ་ལམ་ཞིག་ཏུ་ཕུལ་ཏེ། དེ་ནི་ཞིང་སྐྱོང་གི་ལས་ཚོགས་བྱེད་ཁ་དང་རྨི་ལམ་ངན་པ་ཟློག་པའི་མཆོག་ཡིན། དེ་དག་རང་འགྲོ་མི་དགོས་འབུལ་རྒྱུ་བསྐུར་ཏེ། ཨོཾ་སུམྦྷ་ནི་སོགས་བརྗོད་ཅིང་ནས་ལྕགས་བྲབ། རོལ་མོ་དང་བཅས་པས་མཚམས་གཅོད་གྱེར་ཞིང་སྲུང་འཁོར་བསྒོམ་མོ། །དེ་ནས་རྗེས་ཆོག་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏིཙྪ་ཨཱཿཧཱུྃ། དེ་བཞིན་དུ། པཱདྱཾ༴ པུཥྤེ༴ དྷུཔེ༴ ཨཱ་ལོ་ཀེ༴ གྷནྡྷེ༴ ནེ་ཝི་དྱ༴ ཤབྡ་ཨཱཿཧཱུྃ། བསྟོད་པར་འོས་པ་ཐམས་ཅད་སོགས། བསྟོད་པར་བགྱི། །མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་བློ་ཀྱི་རྨོངས་པ་ཡིས། །ཉེས་བྱས་ཅུང་ཟད་གང་བགྱིས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཨོ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །རྗེས་སུ་མཐུན་པའི་དངོས་
གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཡེ་ཤེས་པ་གཤེགས་སམ་རྟེན་ལ་སྟིམ། །ཨོཾ་ཨཱཿཧཱུྃ་དམ་ཚིག་པ་རྣམས་རང་གི་སྙིང་གར་ཐིམ། །བདག་བསྐྱེད་ཀྱང་མི་དམིགས་པར་བསམ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་སོགས། །ཤིས་པ་བརྗོད། ཨེ་མ་ཧོ། སྡོང་པོ་བརྒྱན་པའི་གཟུངས་འདི་ནི། །བཀའ་འགྱུར་ཀུན་གྱི་ནང་ན་བཞུགས། །རྩོད་མེད་རྒྱལ་བའི་བཀའ་ཡིན་པས། །མཁས་པ་ཀུན་གྱིས་ཚད་མར་འཛིན། །བྱ་བའི་རྒྱུད་ཀྱི་ཁོངས་སུ་གཏོགས། །འདི་ཡི་ཕྱག་ལེན་སྡོང་རྒྱན་མདོས། །སྐག་དང་བྱད་ཁ་རྨི་ལམ་ངན། །བཟློག་པའི་མཆོག་ཏུ་བསྔགས་ནས་སྦྲགས། །ཁྱད་པར་ཁྱི་འབྲུག་གླང་ལུག་ལོ། །སྤར་ཁ་ཟིན་ལ་ཕྱིན་པའི་དུས། །སྡོང་རྒྱན་མདོས་འདི་མེད་ཐབས་མེད། །སྲོག་ལུས་དབང་ཐང་རླུང་རྟ་རྣམས། །ས་ཁམས་པ་ལ་ཤིང་གི་དགྲ། །དར་ན་སྡོང་རྒྱན་མདོས་འདིས་ཕན། །འོན་ཀྱང་ཇི་བཞིན་ཤེས་པ་དཀོན། །འདི་ཡི་དཔེ་བརྒྱུད་མང་མཐོང་ཡང་། །ཆ་ཚང་ལག་ལེན་བདེ་བ་ཉུང་། །དེ་ཕྱིར་འགྲོ་ལ་ཕན་པའི་ཕྱིར། །ཕྱི་ལྟར་སྡོང་རྒྱན་གཟུངས་ཀྱིས་ནི། །ཕྱག་ལེན་བྱ་རྒྱུད་སོར་བཞག་ལུགས། །བདག་བསྐྱེད་མདུན་བསྐྱེད་མཆོད་བསྟོད་ནི། །མི་བསྐྱོད་རྡོ་རྗེས་མཛད་པ་ལྟར། །འདོན་འགྲིགས་མཐོང་བ་བརྒྱུད་པ་ལྟར། །ལོགས་སུ་བྲིས་པ་དེ་ཉིད་འདོན།
ལུང་རྒྱུན་ཙམ་ཡང་མེད་པ་ཡི། །ཉབ་ཉོབ་མང་པོས་ཅི་ཞིག་བྱ། །ཕྱི་ལྟར་སྡོང་རྒྱན་གཟུངས་དེ་ཉིད། །ཅི་མང་བྱ་བ་སྡོང་རྒྱན་མདོས། །ནང་ལྟར་རྡོ་རྗེ་གདན་པའི་ལུགས། །འཇམ་དཔལ་རྩ་ རྒྱུད་ནས་གསུངས་པའི། །གཙུག་ཏོར་འབར་བ་གདུགས་དཀར་དང་། །ཕྱག་རྡོར་སྔགས་གསུམ ་མང་བཅུག་པས། །བྱད་ཀ་ཆུ་ལ་བསྒྱུར་བའི་ཐབས། །བྱད་ཟློག་སྟོབས་དང་ལྡན་པ་ཡིན། །གསང་བ་ཞིང་སྐྱོང་ཟློག་སྔགས་ཏེ། །ལོ་གྲངས་ཙམ་ཞིག་འགྲོ་བྱས་ན། །བྱད་ལྟས་རྨི་ལམ་ངན་པ་རྣམས། །ཟློག་ཐབས་རྣོ་མྱུར་འཇིགས་སུ་རུང་། །འདི་འདྲའི་མན་ངག་ཟབ་མོའི་གནད། །ཀུན་ལ་སྤེལ་དུ་མི་རུང་ཡང་། །སྙིགས་དུས་བར་ཆད་རྐྱེན་ངན་མང་། །སྐྱ་སེར་ཀུན་ལ་ན་ཚ་རྒོད། །ཁྱད་པར་ད་ལོ་ཆུ་བྱི་ལོ། །ཉི་ཤུ་ནང་དུ་ཡོད་པ་ཡི། །མི་གཞོན་བདུན་ཙམ་གློ་བུར་གུམ། །དེ་དག་རྣམས་ཀྱིས་རྐྱེན་བྱས་ནས། །སྙིགས་མའི་འགྲོ་ལ་སྙིང་རྗེ་སྐྱེས། །ཐོབ་དཀའི་མི་ལུས་རིན་པོ་ཆེ། །བར་ཆད་དབང་དུ་མི་འགྲོ་བར། །ནད་དང་གདོན་ལས་ཐར་བའི་ཐབས། །སྡོང་རྒྱན་ཕྱི་ནང་གསང་བ་གསུམ། །གཅིག་བསྡོམས་ཕྱག་ལེན་གཏན་ལ་ཕབ། །སྦྲ་འོས་གསལ་བཀོད་ཉེས་མཆིས་ན། །ཆོས་བདག་སྲུང་མའི་ཚོགས་ལ་བཤགས། །ཇི་སྲིད་འཁོར་བ་གནས་ཀྱི་བར། །སྣོན་འཕྲི་མེད་པར་འཕེལ་ཞིང་རྒྱས། །རྐང་གཉིས་མགོ་ནག་མི་རྣམས་ཀྱི། །སྐྱབས་མགོན་དམ་པར་འགྱུར་བར་ཤོག །ནམ་མཁའ་སེང་གེས་མཛད་པ་ལ། །ངར་མི་ཞུས་ལན་སྦྱར་འདུག་ཀྱང་། །སྡོང་
མང་པོ་དང་། །སྔར་དུས་ཡབ་རྒན་སྔགས་འཆང་གིས། །སྡོང་རྒྱན་མདོས་ནི་བཅའ་བའི་དུས། །ཁོ་བོས་མཆོད་གཡོག་རམ་བུ་བཀྱག །དབང་ཕྱུག་རྡོ་རྗེས་མཛད་པ་དང་། །དཀོན་མཆོག་འབངས་ཀྱིས་མཛད་པ་ཡི། །དབང་ལུང་རྒྱུན་ཡང་ཅི་རིགས་ཐོབ། །དེ་དག་ཐམས་ཅད་གོ་བསྟུན་ནས། །གོ་སླ་ཁྱེར་བདེ་དོན་ཟབ་པ། །སྔགས་རྒན་རཱ་ག་ཨ་སྱས་བསྒྲིགས། །དགེ་སློང་བརྩོན་འགྲུས་ཞེས་བྱས་བྲིས། །མ་འོངས་སྔགས་འཆང་ཐམས་ཅད་དང་། །རྒྱུ་སྦྱོར་ཡོན་བདག་ཐམས་ཅད་ལ། །ཕན་ཐོགས་བཞག་པ་ཆེན་པོ་ཡིན། །མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།