Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of རྒྱུད་གསུམ་
[Clear Hits]


  
 
བརྟན་མ་བཅུ་གཉིས་མདོས་ཆེན་ཞེས་ཀྱང་བྱ། ལོ་གཡང་སྡུད་མདོས༴ ཨ་ཕྱིའི་འཆི་བསླུ༴ ལྷ་མོའི་གསང་མདོས༴ སྡེ་བརྒྱད་ཁེང་ལོག་མདོས་ཆེན༴ དབང་ཕྱུག་བྱད་ཟློག༴ བརྟན་མའི་ས་ག༴ མི་ཁ་ཟློག་མདོས༴ ལྟས་ངན་ཟློག་མདོས༴ བརྟན་མའི་སུན་ཟློག༴ སད་སེར་བཙའ་ཟློག༴ བརྟན་མའི་གོད་ཟློག་ཅེས་ཀྱང་བྱ།
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


2 occurrences of རྒྱུད་གསུམ་
[Clear Hits]

 
previousབརྟན་མ་བཅུ་གཉིས་མདོས་ཆེན་ཞེས་ཀྱང་བྱ། ལོ་གཡང་སྡུད་མདོས༴ ཨ་ཕྱིའི་འཆི་བསླུ༴ ལྷ་མོའི་གསང་མདོས༴ སྡེ་བརྒྱད་ཁེང་ལོག་མདོས་ཆེན༴ དབང་ཕྱུག་བྱད་ཟློག༴ བརྟན་མའི་ས་ག༴ མི་ཁ་ཟློག་མདོས༴ ལྟས་ངན་ཟློག་མདོས༴ བརྟན་མའི་སུན་ཟློག༴ སད་སེར་བཙའ་ཟློག༴ བརྟན་མའི་གོད་ཟློག་ཅེས་ཀྱང་བྱ།next

བརྟན་མ་བཅུ་གཉིས་མདོས་ཆེན་ཞེས་ཀྱང་བྱ། ལོ་གཡང་སྡུད་མདོས༴ ཨ་ཕྱིའི་འཆི་བསླུ༴ ལྷ་མོའི་གསང་མདོས༴ སྡེ་བརྒྱད་ཁེང་ལོག་མདོས་ཆེན༴ དབང་ཕྱུག་བྱད་ཟློག༴ བརྟན་མའི་ས་ག༴ མི་ཁ་ཟློག་མདོས༴ ལྟས་ངན་ཟློག་མདོས༴ བརྟན་མའི་སུན་ཟློག༴ སད་སེར་བཙའ་ཟློག༴ བརྟན་མའི་གོད་ཟློག་ཅེས་ཀྱང་བྱ།


CMR039_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་མ་བཅུ་གཉིས་མདོས་ཆེན་ཞེས་ཀྱང་བྱ༔ ལོ་གཡང་སྡུད་མདོས་ཞེས་ཀྱང་བྱ༔ ཨ་ཕྱིའི་འཆི་བསླུ་ཞེས་ཀྱང་བྱ༔ ལྷ་མོའི་གསང་མདོས་ཞེས་ཀྱང་བྱ༔ སྡེ་བརྒྱད་ཁེང་ལོག་མདོས་ཆེན་ཞེས་ཀྱང་བྱ༔ དབང་ཕྱུག་བྱད་ཟློག་ཅེས་ཀྱང་བྱ༔ བརྟན་མའི་ས་ག་ཞེས་ཀྱང་བྱ༔ མི་ཁ་ཟློག་མདོས་ཞེས་ཀྱང་བྱ༔ ལྟས་ངན་ཟློག་མདོས་ཞེས་ཀྱང་བྱ༔ བརྟན་མའི་སུན་ཟློག་ཅེས་ཀྱང་བྱ༔ སད་སེར་བཙའ་ཟློག་ཅེས་ཀྱང་བྱ༔ བརྟན་མའི་གོད་ཟློག་ཅེས་བྱ་བ་གོ་བདེ་བ་ཁྱེར་བདེ་བ་བཞུགས་སོ༔


CMR039_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དྷེ་ཝ་ཌཱཀི་ནཱི༔ སངས་རྒྱས་ཐམས་ཅད་མཐུ་སྟོབས་གཅིག་ཏུ་འདུས༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་རྣམ་རོལ་པའི༔ གང་ལ་གང་འདུལ་ཐབས་ཀྱིས་འགྲོ་དོན་མཛད༔ སྐུ་གཅིག་མཚན་བརྒྱད་པད་འབྱུང་ཞབས་ལ་འདུད༔ ཟག་མེད་བདེ་སྟེར་བཀའ་བསྡུས་མངོན་སངས་རྒྱས༔ འཇིག་རྟེན་སྐྱོན་གྱིས་མ་གོས་མཁའ་འགྲོའི་སྐུ༔ ཡེ་ཤེས་མཚོ་རྒྱལ་སྐུ་ལ་ཕྱག་འཚལ་བསྟོད༔ འཇིག་རྟེན་བྱ་ར་བྱེད་པའི་གཡར་དམ་ཅན༔ བརྟན་མ་བཅུ་གཉིས་མདོས་ཟློག་བཀོད་པ་ལ༔ ཆོས་བདག་སྲུང་མས་བཀའ་གནང་བྱིན་གྱིས་རློབས༔ བོད་ཁམས་སྐྱོང་མདོས་གདན་ནི་ཤིང་ངམ་གང་ཡང་རུང་བའི་སྟེང་༔ རི་རབ་བང་རིམ་


CMR039_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་བྱས་དེའི་སྟེང་དུ༔ རྣམ་རྒྱལ་བུམ་པ་ལྕོག་བཞི་ལྡན་པར་བྱ༔ དེ་མཐར་གླིང་བཞི་གླིང་ཕྲན་བཀོད་པ་ནི༔ ཤར་གླིང་ཟླ་གམ་ལྷོ་གླིང་སོག་ཁ་དང་༔ ནུབ་གླིང་ཟླ་གམ་བྱང་གླིང་གྲུ་བཞི་བྱ༔ ཐམས་ཅད་ཕྱོགས་མདོག་གསུམ་གསུམ་ཕྱོགས་མདོག་བཀོད༔ དེ་སྟེང་དབུས་སུ་ཟན་ནམ་ས་སྦྱིན་ལ༔ གཙོ་མོ་ཨ་ཕྱི་བཀྲ་ཤིས་ཚེ་རིང་མ༔ སྐུ་མདོག་དཀར་པོ་ལྷབ་ལྷུབ་རིན་ཆེན་བརྒྱན༔ སེང་གེ་ཆིབས་ཤིང་ཕྱག་མཚན་ཚེ་བུམ་འཛིན༔ དེ་ཡི་གཡས་ཟུར་མ་མོ་ཀུན་གཙོ་མོ༔ མ་གཅིག་ལྷ་མོ་དུད་སོལ་སྐུ་མདོག་སྔོ༔ ཞལ་གཅིག་ཕྱག་བཞི་བོང་བུ་ག་དམར་ཆིབས༔ ཁ་ཊཾ་རལ་གྲི་བྷནྡྷ་ཏྲི་ཤུལ་བསྣམས༔ སྐུ་སྟོད་མི་ལྤགས་སྐུ་སྨད་རེ་ལྡེས་བརྒྱན༔ གཡོན་ཟུར་ཨེ་ཀ་ཛཱ་ཊི་སྐུ་མདོག་སྔོ༔ ཞལ་གཅིག་ཕྱག་གཉིས་ཞིང་དབྱུག་གཡས༔ གཡོན་པས་


CMR039_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་སྤྱང་མགོ་དགུ་འཛིན༔ ཆིབས་སུ་བོང་བུ་སྨུག་ནག་ཆིབས༔ གཟིག་གི་ཤམ་ཐབས་སྨད་ལ་དཀྲིས༔ གཅེར་བུ་སྤྱན་གཅིག་ནུ་མ་གཅིག༔ མདུན་དུ་རྡོ་རྗེ་ཀུན་གྲགས་མ༔ སྔོན་པོ་ལྷབ་ལྷུབ་རིན་ཆེན་བརྒྱན༔ རྒྱལ་མཚན་མེ་ལོང་བསྣམས་ནས་འབྲུག་ལ་ཆིབས༔ རྒྱབ་ཏུ་གངས་དཀར་ཤ་མེད་གཡུ་སྒྲོན་མ༔ དཀར་མོ་རིན་ཆེན་ལྷབ་ལྷུབ་གསེར་གཡུས་བརྒྱན༔ ཟོར་བ་ཞགས་པ་བསྣམས་ནས་ཤ་བ་ཆིབས༔ གཡས་ཟུར་ཀོང་བཙུན་དེ་མོ་བོད་ཁམས་སྐྱོང་༔ དཀར་མོ་ལྷབ་ལྷུབ་རིན་ཆེན་གསེར་གཡུས་བརྒྱན༔ མདའ་དར་པར་བུ་བསྣམས་ནས་རྟ་མཆོག་ཆིབས༔ ཤར་དུ་མཐིང་གི་ཞལ་བཟང་མ་དང་ནི༔ བཙན་ལ་རོལ་པའི་རྡོ་རྗེ་སྨན་མོ་གཉིས༔ དེ་ཡི་གཉིས་ཀྱི་གཡས་ཟུར་དུ༔ གཡུ་ཡི་དྲིལ་བུ་གཟུགས་ལེགས་མ༔ གཡོན་ཟུར་སྨན་བཙུན་ཁུག་ཆོས་རྡོ་རྗེ་གཡར་མོ་བསིལ༔ ལྷོ་རུ་མི་གཡོ་བློ་བཟང་དང་༔ ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ༔ གཡས་ཟུར་གསེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་དང་༔ གཡོན་ཟུར་རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ༔ ནུབ་ཏུ་ཅོད་པན་མགྲིན་བཟང་མ་དང་དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང་༔ གཡས་ཟུར་དུ་གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང་༔ གཡོན་ཟུར་དུ་འབྲོག་ཆེན་འཁོར་འདུས་རྡོ་རྗེ་བགེགས་ཀྱི་གཙོ༔ བྱང་དུ་གཏད་དཀར་འགྲོས་བཟང་མ་དང་སྲིན་མོ་གཡག་གདོང་མ༔ གཡས་ཟུར་དུ་རྡོ་རྗེ་སེར་མོ་དོམ་གདོང་མ༔ གཡོན་ཟུར་དུ་དགའ་བ་དམར་མོ་བྱ་རྒོད་མགོ༔ མདུན་དུ་གསོད་བྱེད་ལྗང་མོ་སྤྱང་མོའི་མགོ༔ དེ་དག་ཐམས་ཅད་གཞུང་ལྟར་


CMR039_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་མདོག་ཕྱག་མཚན་རྒྱན་མ་ནོར་བ་བྱས་ནས་བསྒྲིག༔ དེ་འོག་བང་རིམ་གཉིས་པ་ལ་དབང་ཕྱུག་མ་རྣམས་བཀོད་པ་ནི༔ དཔལ་གཏོར་མ་གཏོགས་སྐུ་གཟུགས་དགོས་པ་མ་ཡིན༔ ཤར་དུ་ཞི་བའི་ལས་བྱེད་མ་དྲུག་ལ་དཔལ་གཏོར་དྲུག༔ ལྷོ་རུ་རྒྱས་པའི་ལས་བྱེད་མ་དྲུག་ལ་དཔལ་གཏོར་དྲུག༔ ནུབ་ཏུ་དབང་གི་ལས་བྱེད་མ་དྲུག་ལ་དཔལ་གཏོར་དྲུག༔ བྱང་དུ་དྲག་པོའི་ལས་བྱེད་མ་དྲུག་ལ་དཔལ་གཏོར་དྲུག༔ དེ་འོག་བང་རིམ་གསུམ་པ་ལ་སྐྱོང་མ་བཅུ་གཉིས་ཡ་མ་བཅུ་གཉིས༔ ཡང་འཁོར་མ་མོ་རྣམས་ལ་དཔལ་གཏོར་དཀར་དམར་བརྒྱའམ་ལྔ་བཅུ་བྱ༔ བར་མཚམས་ཐམས་ཅད་ཤ་དུམ་མཐེབ་སྐྱུས་བསྐོར༔ དེ་འོག་བང་རིམ་བཞི་ལ་སྡེ་བརྒྱད་སོ་སོའི་སྐུ་གཟུགས་རྣམས་སྡེ་བརྒྱད་ཁེང་ལོག་ལྟར་ཕྱོགས་སུ་བཀོད༔ དེ་འོག་བང་རིམ་ལྔ་ལ་གཉན་ཆེན་བཞི་ལ་འབྲང་རྒྱས་ཞལ་དཀར་བཞི༔ ཡུལ་ལྷ་ལ་དཀར་གཏོར༔ གནས་བདག་ལ་ལྷ་བཤོས༔ ཀླུ་ལ་དཀར་གཏོར་སྤྲུལ་ཁུག་ཅན༔ ས་བདག་ལ་རི་རབ་ཚུལ་དུ་རུས་སྦལ་དང་དཀར་གཏོར་བྱ༔ དེ་འོག་བང་རིམ་དྲུག་ལ་ཡང་འཁོར་ཐམས་ཅད་ལ་གཏོར་མ་ཤ་དུམ་མཐེབ་ཀྱུ་ཅི་འབྱོར་བྱ༔ དེ་འོག་བང་རིམ་བདུན་པ་ལ་ཡས་རྣམས་བཀོད་དེ༔ ཡས་ནི་ལོ་རིམ་ཡིན་ན་ཡུལ་གྲོང་ངམ་རང་གི་ཞིང་ས་གང་ཡིན་ཞིང་གྲངས་ནས་འཕུས་ཕུས་ཀྱི་ཐེབ་འགྲོས་འོག་བྲེ་རེ་འཇལ་ཞིང་ས་ཙམ་པ་སོག་མ་ལྡོང་བུ་སྙེ་མ་ཤེལ་ཚིགས་སྦྲང་མ་རྣམས་ཚང་བར་བྱ༔ མིའི་རིམ་གྲོ་ལ་བདེ་རིམ་སོགས་བླ་མ་བརྗེ་བུད་མེད་སྐྱེས་པ་སོགས་ཐམས་ཅད་གཟུགས་བཟང་ལྟ་ན་


CMR039_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་པར་བྱས་ལ་མདུན་དུ་བཞག༔ ནད་པ་ཡིན་ན་གོང་ལྟར་སུ་ཡིན་གཟུགས་ལྟ་ན་སྡུག་པར་བྱ༔ དེའི་མདུན་དུ་ལོ་གྲངས་ཆངས་བུ་གཙང་མ༔ གོས་དུམ་རྣམས་བཀོན༔ ཉང་གི་གཏེར་མར་ནད་པའི་ཁ་ཆུ་མ་འདྲེས་པས་ནད་བདག་གླུད་བདག་ཐམས་ཅད་མི་ཚིམ་ཟེར་བ་གདའ༔ ར་ཤག་གཏེར་སྟོན་གཏེར་མར་དེ་འདྲ་གདའ་བས་དེ་ཕྱིར་སྣོད་གཞན་ཞིག་ཏུ་ནད་པའི་ཁ་ཆུས་བརྫིས་པའི་ངར་གླུད་རབ་ལུས་ཚད་འབྲིང་ཁྲུ་གང་ཐ་མ་མཐོ་གང་བྱས་པ་ལ་གོང་ལྟར་ཆངས་བུ་གོས་དུམ་ཚྭ་ཡོས་རམ་གསུམ་སྲེ་ལོང་སྦྱང་སྐྱུར་སོགས་བཏབ་ལ༔ རྒྱུན་དུ་བདེན་བདར་ཁ་བསྔོས་ནད་པ་རྒྱུན་དུ་དེ་སྟེང་ཁྲུས་བྱས་ལ་གླུད་འཕྱོངས་ཅི་རིགས་སམ་གནམ་ཆོས་གདོན་ཁྲོལ་འདོན་ལ་གཞུང་ལྟར་ཕུལ༔ ནོར་ལ་གོད་ཆད་ཕྱིར་ཡིན་ནའང་རྟ་ནོར་མཛོ་དྲེལ་བོང་བུ་རྣམས་སུ་ཡིན་ན་གཟུགས་ལེགས་པ་རྔམས་པ་བྱས་ལ༔ སུ་ཡིན་གྱི་སྤུ་ཁ་ཆུ་ཤི་ན་ཤ་རུས་སོགས་བཀོད༔ དེ་མཐར་ལྕགས་རི་བྱས་ལ་སྟེང་དུ་དྲག་པོའི་རྩང་དམར་ཉེར་བརྒྱད༔ ནམ་མཁའ་ཕྱོགས་མདོག་ཉི་ཤུ༔ མདའ་འཕངས་ཉི་ཤུ༔ རྒྱང་བུ་མཛེས་པ་ཉི་ཤུ༔ རུ་མཚོན་ཉི་ཤུ་ཕོ་ཏང་མོ་ཏང་ཉི་ཤུ་རྣམས་ཚང་བར་བཙུགས༔ དབུས་སུ་ནམ་མཁའི་གདུགས་སམ་དར་གདུགས་ཕུབ༔ ཕྱོགས་བཞིར་རྒྱལ་མཚན་བཞི་མདའ་དར་ཕྱོགས་མདོག་བཞི༔ ཤེར་གསེར་བྱི་རུ་མུ་མན་རྣམས་ཀྱི་མེ་ལོང་༔ གུ་རུ་ཆོས་དབང་གཏེར་མར་གསུངས་པ་སྟེ༔ ཚང་བ་དང་རྙེད་པར་དཀའ་བས་མེ་ལོང་བཞིས་ཆོག་པར་སྣང་༔ འདི་ཡན་རཱ་ག་ཨ་སྱ་རང་གིས་བསྒྲིགས༔ འདི་མན་གཏེར་ཁའོ༔ ༈ དེ་


CMR039_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་མདོས་ནང་དུ་ཤ་དུམ་མཐེབ་སྐྱུ་འབྲུ་སྣ་ཚང་མ་ཤེལ་ཚིགས་སྨན་སྣ་དམ་རྫས་སོགས་ཅི་འབྱོར་བྱས་ལ་བཏབ༔ མདོས་མདུན་དུ་སྨན་གཏོར་རཀྟ་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་སྤྱན་གཟིགས་དཀོར་ཆ་གཡང་རྫས་སོགས་ཚང་བར་བྱས་ལ༔ སྤོས་རུམ་ཤུག་རུམ་བྱས་ལ༔ ཆུ་གཙང་གིས་བྲན་ལ་རང་ཉིད་བདེ་བར་འདུག་ནས༔ ལྷ་གཞུང་ཚོགས་བསྐང་ཚར་ནས་དང་པོ་གཉེན་པོ་ལྷ་བསྐྱེད་པ་ནི༔ ཧཱུྃ༔ རང་སེམས་ཡི་གེ་འཕྲོ་འདུས་ཡོངས་གྱུར་ལས༔ རང་ཉིད་པད་འབྱུང་སྣང་སྲིད་ཟིལ་གནོན་སྐུ༔ དཀར་དམར་མདངས་ལྡན་པད་ཞྭ་མཐོང་གྲོལ་གསོལ༔ རྡོ་རྗེ་བྷནྡྷ་ཚེ་བུམ་ཁ་ཊཾ་འཛིན༔ ཆོས་གོས་དམར་པོ་ཟབ་བེར་སྨུག་པོ་གསོལ༔ གཡས་བསྐུམ་གཡོན་བརྐྱང་རྒྱལ་པོ་རོལ་སྟབས་བཞུགས༔ བག་དྲོ་ལྷུན་ཆགས་གཟི་བརྗིད་ལྡན་པར་བསྒོམ༔ འོད་འཕྲོས་ཟིལ་གྱིས་གནོན་ཕྱིར་གཤེགས་སུ་གསོལ༔ ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར༔ གནས་མཆོག་འདི་རུ་གཤེགས་སུ་གསོལ༔ སྒྲུབ་མཆོག་བདག་ལ་


CMR039_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་སྩོལ༔ ཅེས་འཛབ་བཟླས་ནས་ལྷོ་ནུབ་ནས་བྱིན་འཐིབ་འཐིབ་བྱོན་པར་བསམས་ལ༔ ཧཱུྃ༔ ཕྱི་མཆོད་ཉེར་སྤྱོད་ཀུན་བཟང་ཁེངས་པས་མཆོད༔ ནང་མཆོད་སྨན་དང་གཏོར་མ་རཀྟས་མཆོད༔ གསང་མཆོད་ཡབ་ཡུམ་མཁའ་གསང་བྱང་སེམས་མཆོད༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཨཧཱུྃ་ནས། ཤབྷ་མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་ཁཱ་རཾ་ཁཱ་ཧི༔ ཧཱུྃ༔ དུས་གསུམ་སངས་རྒྱས་གཅིག་བསྡུས་སྤྲུལ་པའི་སྐུ༔ མངལ་གྱིས་མ་གོས་མཚོ་སྐྱེས་རྡོ་རྗེའི་སྐུ༔ གང་ལ་གང་འདུལ་སོ་སོའི་སྐུར་སྟོན་པ༔ པད་འབྱུང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ ཅེས་སོ། །གཉིས་པ་མདོས་བྱིན་རླབས་དང་བསྔོ་བ་ནི༔ ཨོཾ་སྭ་བྷ་ཝ་སོགས། སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་རང་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་རཾ་ཡཾ་ཁཾ་གསུམ་འཕྲོས་པས་མདོས་ཀྱི་མི་གཙང་བ་རྣམས་བསྲེགས༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཨོཾ་སརྦ་པྲ་སཾ་ཤོ་དྷ་ན་ཧཱུྃ་ཕཊ༔ རཾ་ཡཾ་ཁཾ་སྭཱ་ཧཱ༔ ཞེས་ལན་གསུམ་བྱ༔ ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་ཨེ་ཡོ་རོ་བོ་སུ་ལས་འབྱུང་བ་རིམ་བརྩེགས་རི་རབ་བདུན་པ་རྣམ་རྒྱལ་བུམ་པ་དང་བཅས་པ་གསེར་གྱི་རི་བདུན་གླིང་བཞི་གླིང་ཕྲན་བརྒྱད་དང་བཅས་པ་སོ་སོའི་སྐུ་དང་གཏོར་མ་སོ་སོའི་


CMR039_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལ་གང་འདོད་ཅི་ལ་ཅི་དགོས་བསམ་གྱིས་མི་ཁྱབ་པ་དྭངས་ཤིང་ཐོགས་པ་མེད་པ་ལྷོ་སྤྲིན་བས་ཕྱུག་ཆེ་བ༔ སྐར་ཕྲན་བས་གྲངས་མང་བ༔ ཉི་ཟླ་བས་འོད་གསལ་ལྷ་ཚངས་པ་དང་བརྒྱ་བྱིན་བས་ཁྱད་པར་འཕགས་པ༔ ཀླུ་དགའ་བོ་དང་འཇོག་པོ་བས་ལོངས་སྤྱོད་ཆེ་བ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུ་བསམ་གྱིས་མི་ཁྱབ་པར་གྱུར༔ ཨོཾ་ན་མཐསརྦ་ཏ་ཐཱ་ག་ཏེ་བློ་སོགས། །ཨོཾ་ན་མསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་སོགས། ཨོཾ་རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ན་སརྦ་ཨརྦ་སིདྡྷ་ནི་སྭཱ་ཧཱ༔ ཨོཾ་ཨ་ཀཱ་རོ་སོགས། བྱིན་གྱིས་བརླབས་ནས་བསྐྱེད་པ་ནི། ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་མདོས་གཞི་དབང་ཆེན་གསེར་གྱི་ས་གཞིའི་སྟེང་དུ་འབྱུང་བ་རིམ་བརྩེགས་རི་རབ་བང་རིམ་བདུན་པ་གླིང་བཞི་གླིང་ཕྲན་བརྒྱད་ཀྱིས་བསྐོར་བའི་དབུས་སུ་བརྟན་མ་བཅུ་གཉིས་གཙོ་མོ་བཀྲ་ཤིས་ཚེ་རིང་མ་ཞེས་བྱ་བ་སྐུ་མདོག་དཀར་པོ་འོད་ཟེར་དང་ལྡན་པ༔ སྐུ་ལ་རིན་པོ་གྱི་ལྷབ་ལྷུབ་ཀྱིས་མཛེས་པ༔ ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་གདེངས་ཐབས་སུ་འཛིན་པ༔ ཕྱག་གཡོན་ཚེ་ཡི་བུམ་པ་འཆི་མེད་བདུད་རྩིས་གང་བ་བསྣམས་པ༔


CMR039_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ཆིབས་སུ་སེང་གེ་དཀར་མོ་ལ་ཆིབས་པ༔ དེའི་གཡས་སུ་མ་མོ་ཀུན་གྱི་གཙོ་མོ་མ་གཅིག་དཔལ་ལྡན་ལྷ་མོ་དུད་སོལ་མ་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་བཞི་རལ་གྲི་ཐོད་ཁྲག་ཁ་ཊཱ་ཏྲི་ཤུལ་འཛིན་པ༔ སྐུ་སྟོད་ལ་གཡང་གཞི་དང་སྐུ་སྨད་ལ་རེ་ལྡེའི་ཤམ་ཐབས་བརྒྱན་པ༔ ཆིབས་སུ་བོང་བུ་དམར་གྲྭ་ལ་ཐིབས་པ༔ དབུ་སྐྲ་དམར་སེར་ཕྱེད་ཡར་ཐོར་ཅོག་བྱས་ཤིང་ཕྱེད་མར་ཞམ་པ༔ གྲུ་ཁུག་གཡས་སུ་བྱང་དམར་ཁྲམ་ཤིང་༔ གཡོན་དུ་ནད་རྐྱལ་བསྣམས་པ༔ ཤཱ་རྡེལ་དཀར་ནག་ཕྱི་ཤ་བྱས་ནས་ཁྲག་མཚོ་འབོག་ཅིང་རླུང་ནག་འཚུབ་ཚེམའི་ཀློང་དུ་བཞུགས་པ༔ གཡོན་ཟུར་དུ་སྔགས་སྲུང་ཨེ་ཀ་ཛཱ་ཊི་སྐུ་མདོག་སྔོན་མོ་ཞལ་གཅིག་སྤྱན་གཅིག་ནུ་གཅིག་ཕྱག་གཉིས་ཞིང་དབྱུག་དང་ལྕགས་སྤྱང་མགོ་དགུ་འཛིན་པ༔ སྐུ་སྟོད་ལ་ཞིང་ཆེན་གྱི་གཡང་གཞི་དང་སྐུ་སྨད་ལ་གཟིག་གི་ཤམ་ཐབས་བྱས་པ༔ ཆིབས་སུ་བོང་བུ་སྨུག་ནག་ལ་ཆིབས་པ༔ མདུན་དུ་ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་ཞེས་བྱ་བ་སྐུ་མདོག་དཀར་པོ་འོད་ཟེར་དང་ལྡན་པ༔ སྐུ་ལ་ཞིང་ལྤགས་རློན་པ་གསོལ་བ༔ དབུ་སྐྲ་སྨུག་པོ་ལྕང་ལོར་འཁྱིལ་བ༔ གསེར་གཡུ་བྱི་རུ་སོགས་རིན་པོ་ཆེ་སྣ་ལྔས་བརྒྱན་


CMR039_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

པ༔ ཕྱག་གཡས་མདའ་དར་ཕྱར་བ༔ གཡོན་པས་རིན་པོ་ཆེའི་པར་བུ་བསྣམས་པ༔ ཆིབས་སུ་སྤྲིན་གསེབ་ཀྱི་རླུང་ལ་ཆིབས་པ༔ གཡོན་དུ་གངས་དཀར་ཤ་མེད་རྡོ་རྗེ་གཡུ་བུན་མ་ཞེས་བྱ་བ་སྐུ་མདོག་དཀར་མོ་དར་དང་རིན་པོ་ཆེས་བརྒྱན་པ༔ དབུ་སྐྲ་སྨུག་པོ་ཡར་ཕྱེད་ཐོར་ཚུགས་བྱས་ནས་རིན་པོ་ཆེ་སྣ་ལྔས་བརྒྱན་པ༔ ཕྱག་གཉིས་གཡས་ཟོར་བ་དང་གཡོན་ཞགས་པ་བསྣམས་པ༔ ཆིབས་སུ་ཤ་བ་རུ་བཅུ་ལ་ཆིབས་པ་རྒྱབ་ཏུ་བདག་ཉིད་ཆེན་པོ་རྡོ་རྗེ་ཀུན་གྲགས་མ་ཞེས་བྱ་བ་སྐུ་མདོག་སྔོན་མོ་བེཟླུརྒྱ་ལྟ་བུའི་འོད་ཟེར་དང་ལྡན་པ༔ སྐུ་ལ་དར་དང་རིན་པོ་ཆེས་བརྒྱན་པ༔ དབུ་སྐྲ་སྨུག་པོ་ཐུར་དུ་ཞམ་ནས་རིན་པོ་ཆེ་སྣ་ལྔས་བརྒྱན་པ༔ ཕྱག་གཡས་ཆུ་སྲིན་རྒྱལ་མཚན་དང་གཡོན་མེ་ལོང་འཛིན་པ༔ ཆིབས་སུ་གཡུ་འབྲུག་ལ་ཆིབས་པ༔ ཤར་དུ་མཐིང་གི་ཞལ་བཟང་མ་ཞེས་བྱ་བ༔ སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་སྐུ་ལ་དར་གྱི་ལྷབ་ལྷུབ་ཀྱིས་སྤྲས་པ༔ དབུ་ལ་རིན་པོ་ཆེས་བརྒྱན་པ༔ ཕྱག་གཉིས་གཡས་མདའ་དར་དང་གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པ༔ ཆིབས་སུ་རྐྱང་བུ་ཁ་དཀར་ལ་ཆིབས་པ༔ དེའི་གཡས་སུ་བཙན་


CMR039_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རོལ་པའི་རྡོ་རྗེ་སྨན་གཅིག་མ་ཞེས་བྱ་བ་སྐུ་མདོག་དམར་ལ་ལྗང་བའི་མདོག་དང་ལྡན་པ༔ སྐུ་ལ་དར་དང་རིན་པོ་ཆེས་བརྒྱན་པ༔ ཕྱག་གཡས་སྣ་ཚོགས་དར་གྱི་ལྷབ་ལྷུབ་མཛེས་པ༔ ཕྱག་གཡོན་པས་དངོས་གྲུབ་ཀྱི་འབྲང་རྒྱས་བསྣམས་པ༔ ཆིབས་སུ་མཛོ་མོ་དཀར་མོ་ལ་ཆིབས་པ༔ གཡོན་དུ་གཡུའི་དྲིལ་བུ་རྡོ་རྗེ་གཟུགས་ལེགས་མ་ཞེས་བྱ་བ་སྐུ་མདོག་དཀར་ལ་སེར་བའི་མདངས་དང་ལྡན་པ༔ སྐུ་ལ་རིན་པོ་ཆེས་བརྒྱན་པ༔ དབུ་སྐྲ་སྨུག་པོ་ཐོར་ཅོག་བྱས་ནས་རིན་པོ་ཆེ་སྣ་ལྔས་བརྒྱན་པ༔ ཕྱག་གཡས་སྙན་པའི་གཡུའི་དྲིལ་བུ་ཁྲོལ་བ༔ ཕྱག་གཡོན་པདྨ་སྙན་གྱི་ཐད་ཀར་ཁ་བྱེ་བ༔ ཆིབས་སུ་རྒྱ་སྟག་ལ་ཆིབས་པ༔ མདུན་དུ་སྨན་བཙུན་ཨུག་ཆོས་རྡོ་རྗེ་གཡར་མོ་བསིལ་སྐུ་མདོག་དམར་པོ་འོད་ཟེར་དང་ལྡན་པ༔ སྐུ་ལ་དར་དང་རིན་པོ་ཆེའི་ལྷབ་ལྷུབ་བརྒྱན་པ༔ དབུ་སྐྲ་སྨུག་པོ་ཕྱེད་ཡར་བཅིངས་ནས་ཕྱེད་མར་ཐུར་དུ་ཞམ་པ་རིན་པོ་ཆེ་སྣ་ལྔས་བརྒྱན་པ༔ ཕྱག་གཡས་རིན་པོ་ཆེ་འབར་བ་གདེངས་ཐབས་སུ་འཛིན་ཅིང་གཡོན་སྒྲ་སྙན་ཏིང་ཤག་བསྣམས་པ༔ ཆིབས་སུ་ཤ་བ་ཡུ་མོ་ལ་ཆིབས་པ༔ ལྷོ་རུ་མི་གཡོ་བློ་བཟང་མ་སྐུ་མདོག་སེར་པོ་འོད་ཟེར་


CMR039_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་སྐུ་ལ་དར་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ༔ དབུ་ལ་དར་གྱི་ཅོད་པན་དང་རིན་པོ་ཆེ་སྣ་ལྔས་བརྒྱན་པ༔ ཕྱག་གཡས་ནེའུ་ལེའི་རྐྱལ་པ་དང་ཕྱག་གཡོན་ཐོད་པ་བདུད་རྩིས་གང་བ་འཛིན་པ༔ ཆིབས་སུ་རྒྱ་སྟག་ངར་མ་ལ་ཆིབས་པ༔ དེའི་གཡས་སུ་ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ་སྐུ་མདོག་དཀར་པོ་ཉི་ཟེར་དང་ལྡན་པ༔ སྐུ་ལ་རྨ་བྱའི་ཐུལ་པ་དང་དར་གྱི་ལྷབ་ལྷུབ་གསོལ་བ༔ དབུ་ལ་མཛེས་པ་གཡུའི་ཟུར་ཕུད་ཅན༔ ཕྱག་གཡས་སེང་ལྡེང་གི་ཌཱ་མ་རུ་འཁྲོལ་ཞིང་གཡོན་གསེར་གྱི་མེ་ལོང་དཔྲལ་བར་འཛིན་པ༔ ཆིབས་སུ་མེའི་ཁྱུང་དམར་ལ་ཆིབས་པ༔ གཡོན་དུ་གསེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་རྒྱལ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ༔ སྐུ་ལ་དར་གྱི་ལྷབ་ལྷུབ་དང་རིན་པོ་ཆེས་བརྒྱན་པ༔ དབུ་ལ་རྨ་བྱའི་མདོངས་དང་རིན་པོ་ཆེས་བརྒྱན་པ༔ ཕྱག་གཡས་སྦྲུལ་ཞགས་དང་གཡོན་པས་རིན་པོ་ཆེའི་པར་བུ་བསྣམས་པ༔ ཆིབས་སུ་རྟ་མཆོག་རླུང་གཤོག་ལ་ཆིབས་པ༔ མདུན་དུ་རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ་སྐུ་མདོག་དཀར་ལ་དམར་བའི་མདངས་དང་ལྡན་པ༔ སྐུ་ལ་དར་གྱི་བེར་དང་རིན་པོ་


CMR039_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཆེས་བརྒྱན་པ༔ དབུ་ལ་མཛེས་པའི་བྱི་རུའི་ཐོར་ཚུགས་ཅན་ཕྱག་གཡས་པས་རིན་པོ་ཆེའི་བེ་ཅོན་ཕྱར་བ༔ ཕྱག་གཡོན་རིན་པོ་ཆེའི་གཞོང་པ་ནོར་བུས་བཀང་བ་བསྣམས་པ༔ ཆིབས་སུ་ཟངས་ཀྱི་འཕར་བ་ལ་ཆིབས་པ༔ ནུབ་ཏུ་ཅོད་པན་མགྲིན་བཟང་མ་སྐུ་མདོག་དམར་མོ་བྱི་རུའི་མདོག་ཅན་འོད་དང་ལྡན་པ་སྐུ་ལ་དར་དང་རིན་པོ་ཆེས་བརྒྱན་པ༔ དབུ་ལ་དུང་གི་ཟུར་ཕུད་ཅན༔ ཕྱག་གཡས་དར་དཔྱངས་དང་གཡོན་རིན་པོ་ཆེའི་པར་བུ་བསྣམས་པ༔ ཆིབས་སུ་ཤ་བ་ཡུ་མོ་ལ་ཆིབས་པ༔ དེའི་གཡས་སུ་དཔལ་ལྡན་རྡོ་རྗེ་ཧ་རི་གཡའ་མ་སྐྱོངས་སྐུ་མདོག་སྔོན་པོ་བཻཌཱུརླ་ལྟ་བུ་སྐུ་ལ་དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་དྲུག་གིས་བརྒྱན་པ༔ དབུ་ལ་རིན་པོ་ཆེ་སྣ་ལྔས་བརྒྱན་པ༔ ཕྱག་གཡས་རྣོ་བའི་ཤང་ལང་དང་ཕྱག་གཡོན་རྡོ་རྗེའི་ཞགས་པ་བསྣམས་པ༔ ཆིབས་སུ་རྐྱང་བུ་ཁ་དཀར་ལ་ཆིབས་པ༔ གཡོན་དུ་གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང་སྐུ་མདོག་དཀར་མོ་འོད་དང་ལྡན་པ་སྐུ་ལ་དར་གྱི་ལྷབ་ལྷུབ་རྡོ་རྗེ་དང་རིན་པོ་ཆེས་བརྒྱན་པ༔ དབུ་སྐྲ་ལྕང་ལོ་གྱེན་དུ་བཅིངས་ནས་རིན་པོ་ཆེས་བརྒྱན་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་དང་གཡོན་ཚེ་བུམ་འཛིན་པ༔ ཆིབས་


CMR039_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སེང་གེ་དཀར་མོ་ལ་ཆིབས་པ༔ མདུན་དུ་འབྲོག་ཆེན་འཁོར་འདུས་རྡོ་རྗེ་བགེགས་ཀྱི་གཙོ་མོ་སྐུ་མདོག་ནག་པོ་མུན་པའི་མདོག་ཅན༔ སྐུ་ལ་དར་གྱི་ལྷབ་ལྷུབ་དང་རིན་པོ་ཆེ་དང་རུས་པས་བརྒྱན་པ༔ ཕྱག་གཡས་རུ་མཚོན་རྩེ་ལྔ་འཕྱུར་ཞིང་ཕྱག་གཡོན་ཞགས་པ་བསྣམས་པ༔ ཆིབས་སུ་དྲེའུ་གྲྭ་པ་ལ་ཆིབས་པ༔ བྱང་དུ་གཏད་དཀོར་འགྲོས་བཟང་མ་སྐུ་མདོག་ལྗང་གུ་འོད་ཟེར་དང་ལྡན་པ༔ སྐུ་ལ་དར་དང་རིན་པོ་ཆེས་ལྷབ་ལྷུབ་བརྒྱན་པ༔ དབུ་ལ་རིན་པོ་ཆེའི་རྩེ་བྲན་གྱིས་བརྒྱན་པ༔ ཕྱག་གཡས་སྦྲུལ་ཞགས་དང་ཕྱག་གཡོན་རིན་པོ་ཆེའི་པདྨ་བསྣམས་པ༔ ཆིབས་སུ་གཡུ་འབྲུག་ལ་ཆིབས་པ༔ དེའི་གཡས་སུ་དབང་ཕྱུག་སྲིན་མོ་གཡག་གདོང་མ་སྐུ་མདོག་སྨུག་ནག་མུན་པའི་མདོག་ཅན་སྐུ་ལ་མི་ལྤགས་དང་གཟིག་གི་ཤམ་ཐབས་དང་རུས་པའི་རྒྱན་དྲུག་གིས་བརྒྱན་པ་རལ་པ་དམར་སེར་སྲིད་པའི་རྩེ་མོར་སླེབས་པ༔ ཕྱག་གཡས་བྷནྡྷ་ཁྲག་གིས་གང་བ་ཕྱག་གཡོན་རྡོ་རྗེས་དཀྲུགས་ནས་རྔམ་པའི་ཚུལ་གྱིས་གསོལ་བ༔ ཞབས་གཡས་བསྐུམ་གཡོན་བརྐྱང་གར་སྟབས་སུ་ཞིང་ཆེན་གདན་ལ་འགྱིང་བ༔ གཡོན་དུ་རྡོ་རྗེ་སེར་མོ་དོམ་གདོང་མ་སྐུ་མདོག་


CMR039_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

སེར་མོ་རལ་པ་སྨུག་ནག་དབུ་སྐྲ་གྱེན་དུ་བརྗེས་པ༔ ཕྱག་གཡས་སྤུ་གྲི་དང་གཡོན་དུང་དམར་བསྣམས་པ༔ ཞབས་གཉིས་བརྐྱང་བསྐུམ་གར་སྟབས་རོའི་སྙིང་གར་བརྫིས་པ་མདུན་དུ་ཟ་བ་དམར་ལྗང་བྱ་རྒོད་མགོ་ཅན་རལ་པ་གཡེང་བ༔ ཕྱག་གཡས་ཞིང་ཆེན་ཕྲག་ལ་བཟར་ནས་ཕྱག་གཡོན་ཀེང་རུས་ལག་ཏུ་བཟུང་བ༔ ཞབས་གཡས་བརྐྱང་གཡོན་བསྐུམ་གར་སྟབས་སུ་ཞིང་ཆེན་གདན་ལ་འགྱིང་བ༔ རྒྱབ་ཏུ་གསོད་བྱེད་ལྗང་ནག་སྤྱང་མོའི་མགོ་ཅན་རལ་པ་གཡེང་བ༔ ཕྱག་གཡས་བ་དན་ཕྱར་ནས་ཕྱག་གཡོན་དུང་དམར་ཞལ་དུ་སྟོབ་པ༔ སྐུ་ལ་ཞིང་ལྤགས་དང་གཟིག་ཤམ་གསོལ་ནས་བརྐྱང་བསྐུམ་དུ་བཞུགས་པ༔ ལྷ་ཚོགས་དེ་དག་གི་རང་རང་ཆ་ལུགས་མ་འདྲེས་པར་གསལ་བའོ༔ དེའི་འོག་རི་རབ་བང་རིམ་དུ༔ ཤར་དུ་ཞི་བའི་ལས་བྱེད་དབང་ཕྱུག་དྲུག༔ ཚངས་པ་དམར་སེར་སྦྲུལ་གདོང་པདྨ་འཛིན༔ ལྷ་ཆེན་དཀར་ལྗང་གཟིག་གདོང་ཏྲི་ཤུལ་འཛིན༔ རྟོག་འདོད་སྔོན་མོ་སྤྲེ་གདོང་འཁོར་ལོ་བསྣམས༔ གཞོན་ནུ་དམར་མོ་དྲེད་གདོང་མདུང་ཐུང་འཛིན༔ རྡོ་རྗེ་སེར་མོ་ཕ་ཝང་སྤུ་གྲི་འཛིན༔ ཞི་བ་དམར་སེར་ཆུ་སྲིན་བུམ་པ་འཛིན༔ ལྷོ་རུ་རྒྱས་པའི་


CMR039_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱེད་དབང་ཕྱུག་དྲུག༔ བདུད་རྩི་དམར་མོ་སྡིག་གདོང་པདྨ་བསྣམས༔ ཟླ་བ་དམར་སེར་ཁྲ་གདོང་དབྱུག་ཐོ་བསྣམས༔ བེ་ཅོན་དམར་ལྗང་ཝ་གདོང་ཐོད་ཁྲག་བསྣམས༔ དགའ་བ་དམར་མོ་རྟ་གདོང་ཁོག་ཆེན་འཛིན༔ སྟོབས་ཆེན་དམར་སྐྱ་ཁྱུང་གདོང་དབྱུག་ཐོ་བསྣམས༔ སྲིན་མོ་དམར་མོ་སྟག་གདོང་ཐོད་ཁྲག་འཐུང་༔ ནུབ་ནས་དབང་གི་ལས་བྱེད་དབང་ཕྱུག་དྲུག༔ རྡོ་རྗེ་དམར་མོ་ཁྱི་གདོང་དབྱུག་ཐོ་བསྣམས༔ རྡོ་རྗེ་དམར་ནག་ཁ་གདོང་ཞིང་ཆུང་ཁུར༔ རྡོ་རྗེ་སེར་མོ་ཕག་གདོང་རྒྱུ་ཞགས་བསྣམས༔ འདོད་པ་དམར་མོ་པུ་ཤུད་མདའ་གཞུ་འགེངས༔ ནོར་སྲུང་དམར་ལྗང་ཤ་མགོ་བུམ་པ་འཛིན༔ རྡོ་རྗེ་ནག་མོ་འུག་གདོང་ལྕགས་ཀྱུ་བསྣམས༔ བྱང་ནས་དྲག་པོའི་ལས་བྱེད་དབང་ཕྱུག་དྲུག༔ མི་མོ་དམར་སྐྱ་སྐྱིན་གདོང་གསལ་ཤིང་བསྣམས༔ སྣ་ཆེན་ལྗང་ནག་གླང་ཆེན་ཐོད་ཁྲག་བསྣམས༔ ཆུ་ལྷ་ལྗང་སྔོན་རྡོ་རྗེ་སྦྲུལ་ཞགས་བསྣམས༔ ཕག་མོ་ནག་མོ་ཕག་གདོང་མཆེ་ཞགས་བསྣམས༔ རྡོ་རྗེ་སེར་ནག་ཁྱུང་གདོང་རྒྱུ་ཞགས་བསྣམས༔ རྡོ་རྗེ་སེར་མོ་ར་གདོང་བྷན་བསྣམས༔ དེ་ལྟར་དབང་ཕྱུག་ཉི་ཤུ་རྩ་བརྒྱད་རྣམས༔


CMR039_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

རང་རང་སྐུ་མདོག་ཕྱག་མཚན་མ་ནོར་གསལ༔ དེ་འོག་བང་རིམ་གསུམ་ལ་སྐྱོང་མ་དང་༔ ཡ་མ་བཅུ་གཉིས་མ་མོའི་རིགས་གྱུར་གསལ༔ བྷྱོཿ རི་རབ་རི་བཞིའི་ཤར་ཕྱོགས་སུ༔ སྡེ་བརྒྱད་རྒྱལ་པོ་ལྷ་ཡི་རྗེ༔ སྐུ་མདོག་དཀར་པོ་དར་དཀར་གསོལ༔ ཕྱག་གཉིས་མདུང་དར་དཀར་པོ་ཕྱར༔ ཆིབས་སུ་ལྷ་གཡག་དཀར་པོ་ཆིབས༔ བྷྱོཿ ལྷོ་ཕྱོགས་སྡེ་བརྒྱད་གཤིན་རྗེའི་རྒྱལ༔ སྐུ་མདོག་ནག་པོ་མུན་པའི་མདོག༔ ཕྱག་གཉིས་ཞགས་པ་ཐོད་དབྱུག་བསྣམས༔ གཡང་གཞི་སྟག་གི་ཤམ་ཐབས་གསོལ༔ ཆིབས་སུ་ཆུ་གླང་སྔོན་པོ་ཆིབས༔ ནུབ་ཕྱོགས་སྡེ་བརྒྱད་བཙན་གྱི་རྒྱལ༔ སྐུ་མདོག་དམར་པོ་དར་དམར་གསོལ༔ ཕྱག་གཉིས་བཙན་མདུང་མདའ་གཞུ་བསྣམས༔ ཆིབས་སུ་བཙན་རྟ་དམར་པོ་ཆིབས༔ བྱང་ཕྱོགས་སྡེ་བརྒྱད་གནོད་སྦྱིན་རྒྱལ༔ སྐུ་མདོག་སྔོན་པོ་དར་སྔོན་གསོལ༔ ཕྱག་ན་ནོར་བུ་འབར་བ་བསྣམས༔ ཆིབས་སུ་སྟག་མོ་རི་བཀྲ་ཆིབས་ཤར་ལྷོ་སྡེ་བརྒྱད་མ་མོའི་རྒྱལ༔ སྐུ་མདོག་དཀར་པོ་དར་དཀར་གསོལ༔ ཕྱག་ན་མདའ་དར་དཀར་པོ་བསྣམས༔ ཆིབས་སུ་གཡུ་འབྲུག་ངར་མ་ཆིབས༔ ལྷོ་ནུབ་སྡེ་བརྒྱད་བདུད་ཀྱི་


CMR039_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ༔ སྐུ་མདོག་ནག་པོ་མུན་པའི་མདོག༔ ཕྱག་གཉིས་བདུད་ཞགས་ཁྲམ་ཤིང་བསྣམས༔ ཆིབས་སུ་བདུད་རྟ་ནག་པོ་ཆིབས༔ ནུབ་བྱང་སྡེ་བརྒྱད་ཀླུ་ཡི་རྒྱལ༔ སྐུ་མདོག་ལྗང་སྔོན་དར་ལྗང་གསོལ༔ ཕྱག་ན་ཆུ་སྲིན་རྒྱལ་མཚན་བསྣམས༔ ཆིབས་སུ་དུག་སྦྲུལ་མགོ་དགུ་ཆིབས༔ བྱང་ཤར་སྡེ་བརྒྱད་རཱ་ཛའི་རྒྱ་དཀར་པོ་ཆོས་གོས་གསོལ༔ ཕྱག་གཉིས་འཁར་གསིལ་ལྷུང་བཟེད་བསྣམས༔ ཆིབས་སུ་སེང་གེ་དཀར་མོ་ཆིབས༔ སྟེང་ཕྱོགས་སྡེ་བརྒྱད་གཟའ་ཡི་རྒྱལ༔ སྐུ་མདོག་སྨུག་པོ་དབུ་དགུ་པ༔ ཕྱག་བཞི་མདའ་གཞུ་རལ་གྲི་དང་རྒྱལ་མཚན་སྦྲུལ་གྱི་ཞགས་པ་བསྣམས༔ སྐུ་སྟོད་མི་ལ་སྐུ་སྨད་སྦྲུལ༔ ཆིབས་སུ་ཆུ་སྲིན་མགོ་དགུ་ཆིབས༔ སྡེ་བརྒྱད་ཐེའུ་རང་རྒྱལ༔ སྐུ་མདོག་ནག་པོ་ཐོ་བ་དང་༔ སྦུད་པ་བསྣམས་ནས་ར་སྐྱེས་ཆིབས༔ དེ་ལྟར་སྡེ་བརྒྱད་གཙོ་འཁོར་རྣམས༔ མ་འདྲེས་ཡོངས་རྫོགས་ངང་དུ་གསལ་རི་རབ་བང་རིམ་ལྔ་པ་རུ༔ ཤར་དུ་གཉན་ཆེན་ཐང་ལྷ་སྐུ་མདོག་དཀར༔ ལྷོ་རུ་གཉན་ཆེན་དབྱི་རྒྱལ་སྐུ་མདོག་སེར༔ ནུབ་ཏུ་གཉན་ཆེན་འབྲོག་ཆེན་སྐུ་མདོག་སྨུག༔


CMR039_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་དུ་གཉན་ཆེན་དམར་ཟེ་སྐུ་མདོག་ལྗང་༔ གཉན་ཆེན་སྡེ་བཞི་དེ་ལྟར་གསལ༔ བྷྱོཿ ཤར་དུ་ཡུལ་ལྷ་གང་ཡིན་མིང་འཛུད༔ སྐུ་མདོག་དཀར་པོ་དར་དཀར་གསོལ༔ ཕྱག་ན་མདུང་དར་དཀར་པོ་བསྣམས༔ ཆིབས་སུ་རྟ་དཀར་འཕུར་ཤེས་ཆིབས༔ ཡུལ་ལྷ་མང་པོའི་འཁོར་གྱིས་བསྐོར༔ ལྷོ་རུ་ཡུལ་འདིའི་གནས་ཀྱི་བདག༔ སྐུ་མདོག་དམར་པོ་དུག་པོ་གསོལ༔ ཕྱག་གཉིས་མཉམ་བཞག་སྐྱིལ་ཀྲུང་བཞུགས༔ ནུབ་ཏུ་ཡུལ་འདིའི་ཆུ་ཡི་བདག༔ སྐུ་མདོག་སྔོན་པོ་དར་སྔོན་གསོལ༔ ཕྱག་ན་ཆུ་ཡི་གར་བུ་བསྣམས༔ སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན༔ སྐུ་སྨད་སྦྲུལ་མཇུག་རྒྱ་མཚོ་དཀྲུག་བྱང་དུ་ས་བདག་དབང་ཆེན་སེར༔ ཞལ་ལྔ་ཕྱག་བཞི་དར་ལྗང་གསོལ༔ དབུས་ཞལ་མི་ལ་གཡས་ཞལ་གཉིས༔ སྟག་དང་ཕག་མགོ་གཡོན་ཞལ་གཉིས༔ བྱ་དང་སྦྲུལ་གྱི་མགོ་བོ་ཅན༔ ཕྱག་བཞི་དང་པོས་ཐལ་མོ་སྦྱར༔ འོག་གཉིས་རི་རབ་འཁོར་ལོ་བསྣམས༔ སྐུ་སྨད་སྦྲུལ་མཇུག་གཡས་སུ་འཁྱིལ༔ རུས་སྦལ་ཕོ་མོའི་ཁྲི་ལ་བཞུགས༔ གཡས་སུ་སྲས་མཆོག་ས་འཛིན་སེར༔ རི་རབ་ལྗོན་ཤིང་དང་བཅས་བསྣམས༔ གཡོན་དུ་སྲས་མཆོག་རྒྱལ་པོ་


CMR039_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

སེར༔ སྦྲུལ་མགོ་བཅུ་དྲུག་སྦྲུལ་མཇུག་འཁྱིལ༔ རིན་ཆེན་སྡོང་པོ་ཕག་མཆེ་འཛིན༔ མདུན་དུ་ས་ཡི་ལྷ་མོ་ཡུམ༔ སེར་མོ་རིན་ཆེན་བུམ་པ་བསྣམས༔ རྒྱབ་ཏུ་ལྔ་སེར་ས་ཁམས་རྒྱལ༔ དེ་རྒྱབ་འབྱུང་བའི་རྒྱལ་མོ་བརྒྱད༔ རྒྱལ་བློན་བཅུ་བདུན་དུས་བཞིའི་ལྷ༔ སྤར་སྨེ་ལོ་ཟླ་ཞག་དུས་བདག༔ གཟའ་སྐར་ཀླུ་གཉན་ས་བདག་ཚོགས༔ ཐམས་ཅད་མ་ལུས་ཡོངས་རྫོགས་གསལ༔ དེ་འོག་བང་རིམ་དྲུག་པ་ལ༔ ནད་རིམ་ཡམས་ཀྱི་བདག་པོ་དང་༔ གོད་འདྲེ་བཙའ་བདག་སད་བདག་དང་སེར་བདག་ལ་སོགས་འཁོར་བཅས་གསལ༔ དེ་ལྟར་གསལ་བའི་ཐུགས་ཀར་རང་རང་གི་ས་བོན་ལས་འོད་ཟེར་འཕྲོས་པས་བོད་ཡུལ་མཐའ་དབུས་ཀུན་ནས་ཨ་ཕྱི་ཚེ་རིང་མཆེད་ལྔ༔ བོད་སྐྱོང་བརྟན་མ་བཅུ་གཉིས་འཁོར་ཞིང་གི་རྡུལ་སྙེད་དང་བཅས་པ་དཔལ་ཆེན་པོའི་ཕ་འབབ་དང་བདག་ཅག་སྒྲུབ་པ་པོ་ཡོན་མཆོད་ཀྱི་བར་ཆད་བསལ་ཞིང་ལོ་གཡང་སྡུད་ཕྱིར་གནས་འདིར་གཤེགས་ཤིག༔ ཨོཾ་བྷྱོཏྲི་ཡ་བྷྱོཿ ས་མ་བྷྱོཿ མ་ཡ་བྷྱོཿ ཁ་ཡ་བྷྱོཿ ཕཊ་ཡ༔ མ་མ་ཧྲིང་ཧྲིང་ཛ་ཛཿ ས་མ་ཡ་ས་ཨ་ཡ་མ་དུ་རུ་ཙ་ཤ་ན་དུ་ཏྲི་ཡ་ཤུ་བྷེ་ཛཿཧཱུྃ་བཾ་


CMR039_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཧོཿ དེ་ནས་སྤྱན་འདྲེན་པ་ནི༔ དུང་དམར་གྱི་ཕྱག་རྒྱ་དང་བཅས་ནས་དབྱངས་སྙན་པོས་འདི་སྐད་དོ༔ དེ་ནས་ལྷ་ཚོགས་རྣམས་གཡབ་དར་གྱིས་ག་ཡབ་ལ༔ ཧཱུྃ་བྷྱོཿ རྡོ་རྗེ་གདན་གྱི་ནུབ་ཕྱོགས་ནས༔ བལ་བོད་གཉིས་ཀྱི་སོ་མཚམས་ནས༔ གངས་རི་ཤེལ་གྱི་ཅོད་པན་ཅན༔ ཕུ་ཆུ་སྙན་པའི་རྒྱངས་གྲགས་ཅན༔ ནགས་མ་མེ་ཏོག་བུང་བ་རྒྱས༔ གཡུ་བྲག་གསེར་གཡུའི་སྐེད་ཆིངས་ཅན༔ གནས་མཆོག་དེ་འདྲའི་གཡོན་མགུལ་ནས༔ དར་དཀར་གུར་གྱི་གཞལ་ཡས་ནས༔ བཀྲ་ཤིས་ཚེ་ཡི་དབང་ཕྱུག་མ༔ སེམས་གདུང་དྲག་པོས་ཁྱོད་འབོད་ན༔ ལྷབ་ལྷུབ་ན་བཟའི་རྒྱན་དང་བཅས༔ སིལ་སྙན་རོལ་མོའི་སྒྲ་དང་བཅས༔ ནམ་མཁའི་མཐོངས་ནས་སྤྱན་འདྲེན་ན༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ མཐིང་གི་ཞལ་བཟང་གཤེགས་སུ་གསོལ༔ མི་གཡོ་བློ་བཟང་གཤེགས་སུ་གསོལ༔ ཅོད་པན་མགྲིན་བཟང་གཤེགས་སུ་གསོལ༔ གཏད་དཀར་འགྲོ་བཟང་གཤེགས་སུ་གསོལ༔ གཡུ་སྒྲོན་མཆེད་ལྔ་འཁོར་དང་བཅས༔ ལྷབ་ལྷུབ་ན་བཟའི་རྒྱན་དང་བཅས༔ སིལ་སྙན་རོལ་མོའི་སྒྲ་དང་བཅས༔ ནམ་མཁའི་མཐོངས་ནས་སྤྱན་འདྲེན་ན༔ འཁོར་དང་བཅས་པ་


CMR039_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་སུ་གསོལ༔ བྷྱོཿ རི་རབ་ཆེན་པོའི་བྱང་ཤར་ནས༔ དཔལ་ལྡན་ལྷ་མོ་དུད་སོལ་མ༔ ཡང་འཁོར་མ་མོ་འབུམ་སྡེར་བཅས༔ ནམ་མཁའི་མཐོངས་ནས་གཤེགས་སུ་གསོལ༔ དུར་ཁྲོད་མེ་རླུང་འཚུབ་དཀྱིལ་ནས༔ ཨེ་ཀ་ཙཱ་ཏི་འཁོར་དང་བཅས༔ གནས་འདིར་མྱུར་བར་གཤེགས་སུ་གསོལ། བཀའ་ཡི་ཚོགས་དང་བཅས་ཉིད་དུ༔ ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ༔ ཚུར་གཤེགས་ཚུར་གཤེགས་སྐྱོང་མ་རྣམས༔ འདིར་བྱོན་དམ་བསྐང་ཕྲིན་ལས་མཛོད༔ བྷྱོཿ བྱང་གི་ཕྱོགས་ནས་སྤྱན་འདྲེན་ནོ༔ བདག་ཉིད་ཆེན་པོ་རྡོ་རྗེ་ཀུན་གྲགས་མ༔ ཆིབས་སུ་ཆུ་གླང་སྔོན་པོ་ཆིབས༔ སངས་རྒྱས་བསྟན་པ་བསྲུང་བ་དང༔ ཡོན་མཆོད་བར་ཆད་བསལ་བ་དང་༔ ཡུལ་ཕྱོགས་ལོ་གཡང་སྡུད་པའི་ཕྱིར༔ མདོས་ལོ་སྤྱན་འདྲེན་གཤེགས་སུ་གསོལ༔ རྡོ་རྗེ་སྐྱི་མཐིང་ཡ་མ་སྐྱོང་༔ ཆིབས་སུ་གསེར་ཤ་ཡུ་མོ་ཆིབས༔ སངས་རྒྱས་བསྟན་པ་བསྲུང་བ་དང་༔ ཡོན་མཆོད་བར་ཆད་བསལ་བ་དང་༔ ཡུལ་ཕྱོགས་ལོ་གཡང་སྡུད་པའི་ཕྱིར༔ མདོས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཨེ་ཀ་ཛཱ་ཊི་རལ་གཅིག་མ༔ ཆིབས་སུ་གཡུ་འབྲུག་


CMR039_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་མོ་ཆིབས༔ སངས་རྒྱས་བསྟན་པ་བསྲུང་བ་དང་༔ ཡོན་མཆོད་བར་ཆད་བསལ་བ་དང་༔ ཡུལ་ཕྱོགས་ལོ་གཡང་སྡུད་པའི་ཕྱིར༔ མདོས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཁ་རག་ཁྱུང་བཙུན་དཔལ་གྱི་ཡུམ༔ ཆིབས་སུ་གྱི་ལིང་ཁ་གར་ཆིབས༔ སངས་རྒྱས་བསྟན་པ་བསྲུང་བ་དང་༔ ཡོན་མཆོད་བར་ཆད་བསལ་བ་དང་༔ ཡུལ་ཕྱོགས་ལོ་གཡང་སྡུད་པའི་ཕྱིར༔ མདོས་ལ་སྤྱན་འདྲེན་གཤེགས་སུ་གསོལ་བརྡའ་ལྷ་བཙན་པོ་གདུག་པ་འདུལ༔ ཆིབས་སུ་དོམ་བུ་སྙིང་དཀར་ཆིབས༔ སངས་རྒྱས་བསྟན་པ་བསྲུང་བ་དང་༔ ཡོན་མཆོད་བར་ཆད་བསལ་བ་དང་༔ ཡུལ་ཕྱོགས་ལོ་གཡང་སྡུད་པའི་ཕྱིར༔ མདོས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཆེ་ཞེ་གཙུག་འཆང་འོད་འབར་མ༔ ཆིབས་སུ་འབྲོང་བུ་དར་མ་ཆིབས༔ སངས་རྒྱས་བསྟན་པ་བསྲུང་བ་དང་༔ ཡོན་མཆོད་བར་ཆད་བསལ་བ་དང་༔ ཡུལ་ཕྱོགས་ལོ་གཡང་སྡུད་པའི་ཕྱིར༔ མདོས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གངས་ཀྱི་ཡུམ་ཆེན་གཡུ་བུན་མ༔ ཆིབས་སུ་སྟག་མོ་རི་བཀྲ་ཆིབས༔ སངས་རྒྱས་བསྟན་པ་བསྲུང་བ་དང་༔ ཡོན་མཆོད་བར་ཆད་བསལ་བ་


CMR039_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ ཡུལ་ཕྱོགས་ལོ་གཡང་སྡུད་པའི་ཕྱིར༔ མདོས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཙན་ལ་རོལ་པའི་སྨན་གཅིག་མ༔ ཆིབས་སུ་དྲེལ་རྟ་རྐང་གསུམ་ཆིབས༔ སངས་རྒྱས་བསྟན་པ་བསྲུང་བ་དང་༔ ཡོན་མཆོད་བར་ཆད་བསལ་བ་དང་༔ ཡུལ་ཕྱོགས་ལོ་གཡང་སྡུད་པའི་ཕྱིར༔ མདོས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ རྡོ་རྗེ་ཨུག་ཆོས་གཡར་མོ་བསིལ༔ ཆིབས་སུ་རུས་སྦལ་མགོ་དགུ་ཆིབས༔ སངས་རྒྱས་བསྟན་པ་བསྲུང་བ་དང་༔ ཡོན་མཆོད་བར་ཆད་བསལ་བ་དང་༔ ཡུལ་ཕྱོགས་ལོ་གཡང་སྡུད་པའི་ཕྱིར༔ མདོས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བྱང་གི་སྨན་ཏིང་ཆེན་མོ་ནི༔ ཆིབས་སུ་འབྲོང་བུ་དར་མ་ཆིབས༔ སངས་རྒྱས་བསྟན་པ་བསྲུང་བ་དང་༔ ཡོན་མཆོད་བར་ཆད་བསལ་བ་དང་༔ ཡུལ་ཕྱོགས་ལོ་གཡང་སྡུད་པའི་ཕྱིར༔ མདོས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ སྲིང་གཅིག་གངས་དཀར་ཤ་མེད་མ༔ ཆིབས་སུ་དྲེལ་རྟ་རྐང་གསུམ་ཆིབས༔ སངས་རྒྱས་བསྟན་པ་བསྲུང་བ་དང་༔ ཡོན་མཆོད་བར་ཆད་བསལ་བ་དང་༔ ཡུལ་ཕྱོགས་ལོ་གཡང་སྡུད་པའི་ཕྱིར༔ མདོས་ལ་སྤྱན་འདྲེན་གཤེགས་སུ་


CMR039_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ༔ སྲིང་གཅིག་རྡོ་རྗེ་གཡུ་སྒྲོན་མ༔ ཆིབས་སུ་ཆུ་རྟ་སྔོན་པོ་ཆིབས༔ སངས་རྒྱས་བསྟན་པ་བསྲུང་བ་དང་༔ ཡོན་མཆོད་བར་ཆད་བསལ་བ་དང་༔ ཡུལ་ཕྱོགས་ལོ་གཡང་སྡུད་པའི་ཕྱིར༔ མདོས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ སྔོན་ཚེ་བལ་བོད་ཁ་ལ་རོང་སྒོ་རུ༔ སློབ་དཔོན་ཆེན་པོ་པདྨའི་སྤྱན་སྔ་རུ༔ ཨ་ཕྱི་མཆེད་ལྔ་བསྟན་སྐྱོང་ཞལ་བཞེས་ལྟར༔ བོད་སྐྱོང་བརྟན་མ་བཅུ་གཉིས་གཤེགས་སུ་གསོལ༔ སྔོན་ཚེ་དུར་ཁྲོད་བསིལ་བའི་ཚལ་དུ་ནི༔ ཡེ་ཤེས་མཁའ་འགྲོ་སེང་གེའི་གདོང་ཅན་དང་༔ ཆུ་བར་སྤྲུལ་སྐུ་བཞེད་པ་རྡོ་རྗེ་ཡི༔ སྤྱན་སྔར་ཐུགས་དམ་ཞལ་བཞེས་དམ་བཅས་པའི༔ ཨ་ཕྱི་བརྟན་སྐྱོང་ཚོགས་རྣམས་གཤེགས་སུ་གསོལ༔ རང་རང་འཁོར་ཚོགས་འབུམ་ཕྲག་སྟོང་སྟོང་ཟབཅས༔ བདག་ཅག་རྣལ་འབྱོར་སྒྲུབ་མཆོག་འཁོར་བཅས་ལ༔ ཐུགས་ཉིད་བརྩེ་བ་ཆེན་པོས་གཤེགས་སུ་གསོལ༔ ཡང་འཁོར་སྡེ་བརྒྱད་མ་ལུས་གཤེགས་སུ་གསོལ༔ མ་ཚོགས་དབང་ཕྱུག་ཉེར་བརྒྱད་གཤེགས་སུ་གསོལ༔ གཉན་ཆེན་ཡུལ་ལྷ་གནས་བདག་གཤེགས་སུ་གསོལ༔ ཆུ་བདག་ས་བདག་དབང་ཆེན་གཤེགས་སུ་གསོལ༔ ཡང་འཁོར་ས་


CMR039_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མ་ལུས་གཤེགས་སུ་གསོལ༔ སྒོ་བ་རྒྱལ་ཆེན་སྡེ་བཞི་གཤེགས་སུ་གསོལ༔ སངས་རྒྱས་བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ༔ ཡོན་མཆོད་བར་ཆད་བསལ་ཕྱིར་གཤེགས་སུ་གསོལ་ཡུལ་ཕྱོགས་ལོ་གཡང་སྡུད་ཕྱིར་གཤེགས་སུ་གསོལ༔ སྲིད་པའི་མདོས་ཆེན་འདི་ལ་གཤེགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོཿ བཛྲ་ཊཱཀྐི་ནི་ཧཱུྃ་ཟླཛབྷྱོ་ཡ་ཏྲི་བྷྱོཿས་མ་སི༔ ས་མ་ཡ་བྷྱོཿ ཁ་ཡ་བྷྱོཿ ཨེ་ཨ་ར་ལི་ཧྲིང་ཧྲིངཧཱུྃ་ས་ཡ་སི༔ ༀ་ཨེ་ཧེ་ཧི་ཊཱ་ཀི་ནི་ས་པ་རི་ཝཱ་ར་ས་མ་ཡ་ཛ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་སོ༔ དེ་ནས། བཞུགས་སུ་གསོལ་བ་ནི༔ བཀྲ་ཤིས་ཚེ་རིང་མཆེད་ལྔ་དང་༔ བོད་སྐྱོང་བརྟན་མ་བཅུ་གཉིས་དང་༔ མ་གཅིག་ལྷ་མོ་དུད་སོལ་རྒྱལ་མོ་དང་༔ ལྷ་མོ་ཨེ་ཀ་ཛཱ་ཊི་རྣམས༔ བྱང་ཕྱོགས་དབང་ཕྱུག་མ་མོ་བཞི༔ ཡང་འཁོར་འབུམ་ཕྲག་དུ་མ་བཅསཾ༔ རང་རང་སྐུ་དང་དབྱེར་མེད་བཞུགས༔ ཡང་འཁོར་དབང་ཕྱུག་ཉི་ཤུ་བརྒྱད༔ ལྷ་སྲིན་སྡེ་བརྒྱད་བཀའ་འབངས་འཁོར༔ གཉན་ཆེན་བཞི་དང་ཡུལ་ལྷ་དང་༔ གནས་ཀྱི་བདག་པོ་ཆུ་ཡི་ལྷ༔ ས་བདག་དབང་ཆེན་བཀའ་འཁོར་བཅས༔ ནད་བདག་བཙའ་སད་སེར་གསུམ་


CMR039_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

བདག༔ གོད་འདྲེ་མི་ཁ་བ་རུ་མ༔ ཐམས་ཅད་བྱམས་དང་གུས་པ་ཡིས༔ རང་གི་སྐུ་གཟུགས་གཟུགས་བརྙན་ལ༔ གཉིས་སུ་མེད་པར་བཞུགས་སུ་གསོལ༔ ཨ་ཡ་ས་ཡ་ཁ་ཡ་མ་ཕཊ་ཤི་ཡ་ཨ་ཙིག་ཏི་མ་མ་ཧྲིང་ཧྲིང་༔ ས་མ་ཡ་ཨ་ཡ་མ་དུ་རུ་ཙ་ཤ་ན་དུ་ཧྲི༔ བྷུ་མི་པ་ཏི་མ་ཧཱ་དེ་ཝཱ་སརྦ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་དམ་བཞག་ནི༔ རྡོ་རྗེ་ལག་ཏུ་ཐོགས་ལ་སྔོན་ཚེ་སློབ་དཔོན་པདྨ་དང་༔ གསང་བདག་ཕྱག་ན་རྡོ་རྗེ་དང་༔ ཡེ་ཤེས་མཁའ་འགྲོ་སེང་གདོང་དང་༔ རྒྱལ་བ་ཤཱཀྱ་ཐུབ་པ་དང་༔ བཅོམ་ལྡན་གུ་རུ་དྲག་པོ་དང་༔ རྗེ་བཙུན་བཞེད་པ་རྡོ་རྗེ་ཡི༔ སྤྱན་སྔར་ཇི་ལྟར་ཁས་བླངས་ལྟར༔ ཐམས་ཅད་དམ་ལས་མ་འདའ་ཞིག༔ གལ་ཏེ་དམ་ལས་འདའ་གྱུར་ན༔ རྡོ་རྗེ་འཛིན་རྒྱལ་ཁྲོས་ནས་ནི་རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར༔ མནར་མེད་དམྱལ་བར་སྐྱེ་བར་འགྱུར༔ དེ་བས་དམ་ཚིག་དྲན་གྱིས་ལ༔ བཀའ་དང་དམ་ལས་མ་འདའ་ཞིག༔ ཅེས་རྡོ་རྗེ་ཕྱོགས་བཞིར་བསྟན་ལ༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ལས་མ་གཡོས་ཀྱང་༔ ལོངས་སྐུ་རིགས་ལྔ་མ་དང་མཁའ་འགྲོར་སྟོན༔ སྤྲུལ་སྐུ་སྨན་མོས་འགྲོ་དོན་རྫོགས་མཛད་མ༔


CMR039_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཕྱི་བརྟན་སྐྱོང་ཚོགས་ལ་ཕྱག་འཚལ་བསྟོད༔ བྷྱོཿ དབང་པོ་བརྒྱ་བྱིན་སྲས་མོ་དུང་སྐྱོང་མ༔ ལྷོ་ཕྱོགས་གཤིན་རྗེའི་བུ་མོ་འཇིགས་གཟུགས་ཅན༔ བདུད་ཀྱི་བུ་མོ་ནག་མོ་རེ་མ་ཏི༔ ངོ་བོ་གཅིག་ལ་རྣམ་པ་དུ་མ་སྤྲུལ༔ མ་གཅིག་ལྷ་མོ་དུད་སོལ་རྒྱལ་མོ་དང་༔ སྔགས་སྲུང་ཨེ་ཀ་ཛཱ་ཊིར་ཕྱག་འཚལ་བསྟོད༔ བྷྱོཿ འཁོར་ལོས་སྒྱུར་རྒྱལ་སྲས་མོ་ཉི་ཤུ་བརྒྱད༔ ཕྱི་ལྟར་འཇིག་རྟེན་ལྷ་མོ་ཉི་ཤུ་བརྒྱད༔ ནང་ལྟར་དབང་ཕྱུག་ཉེར་བརྒྱད་དཀྱིལ་འཁོར་སྐྱོང་༔ གསང་བ་གནས་ཆེན་བརྒྱད་ཀྱི་གནས་བདག་མོ༔ དབང་ཕྱུག་ཉི་ཤུ་བརྒྱད་ལ་ཕྱག་འཚལ་བསྟོད༔ བྷྱོཿ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་སུ་གཅོད༔ འཇིག་རྟེན་ལེགས་ཉེས་བྱ་བ་ཀུན་ལ་དབང་༔ ཡང་དག་ཉེས་ན་མི་དགའ་སྣ་ཚོགས་སྟོན༔ དྲེགས་པ་སྡེ་བརྒྱད་ཚོགས་ལ་ཕྱག་འཚལ་བསྟོད༔ འཇིག་རྟེན་ཁམས་ན་དབང་བ་ཡུལ་ལྷའི་གཙོ༔ སྒེའི་སྐུ་ལ་ཕྱག་འཚལ་བསྟོད༔ ཡུལ་ཕྱོགས་ཁྱད་པར་བདག་ཅག་ཡོན་མཆོད་ཀྱི༔ ལྷ་ཆ་དཔེ་རྟེན་རྒྱུ་དང་མཁར་ལ་དབང་༔ གནས་བདག་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ འཇིག་རྟེན་ཁམས་ན་འབབ་ཆུ་མཚོ་ལ་


CMR039_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

དབང་༔ ཆུ་ལྷ་ཀླུ་ཆེན་སྐུ་ལ་ཕྱག་འཚལ་བསྟོད༔ འཇིག་རྟེན་ཁམས་ན་ལེགས་ཉེས་བྱ་བ་བྱེད༔ ས་གནམ་ལ་སོགས་འབྱུང་བ་ལྔ་ལ་དབང་༔ ས་བདག་དབང་ཆེན་སྐུ་ལ་ཕྱག་འཚལ་བསྟོད༔ ཡང་འཁོར་ས་བདག་ཚོགས་ལ་ཕྱག་འཚལ་བསྟོད༔ ནད་ཡམས་རིམས་ཡམས་བཙའ་སད་སེར་གསུམ་བདག༔ གོད་ཀྱི་སྣ་འདྲེན་བྱིས་པའི་ཆུང་སྲི་བྱེད༔ འབྱུང་པོ་ཕོ་མོའི་ཚོགས་ལ་ཕྱག་འཚལ་བསྟོད༔ སྐབས་འདིར་རྒྱས་པར་འགྲུབ་ཚེ་བསང་གསོལ་ཁ་བརྔན་སོགས་རྒྱས་པར་བྱེད༔ དེ་ནས་མཆོད་པ་འབུལ་བ་ལ་དང་པོ་ཕྱི་མཆོད། གཉིས་པ་ནང་མཆོད། །གསུམ་པ་གསང་མཆོད། བཞི་པ་ཚོགས་བྱ༔ ལྔ་པ་བསྐང་བ༔ དྲུག་པ་མདོས་བྱིན་བསྔོ་བ། བདུན་པ་མདོས་འཕྱོང་། བརྒྱད་པ་རྩང་འབུལ། དགུ་པ་ཤིང་རིས་འབུལ། བཅུ་པ་ཡས་གླུད་འབུལ། བཅུ་གཅིག་པ་བསྟོད་པ་དང་ཟློག་པའི་ཕྲིན་ལས་བཅོལ་ལོ༔ དེ་ལ་དང་པོ་ཕྱི་མཆོད་ནི༔ ཧཱུྃ་བྷྱོཿ ཨ་ཕྱི་བཀྲ་ཤིས་ཚེ་རིང་མཆེད་ལྔ་དང་༔ བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་དང་༔ དབང་ཕྱུག་སྡེ་བརྒྱད་བཞུགས་པའི་སྤྱན་ལམ་དུ༔ ཕྱི་མཆོད་དབང་པོ་ལྔ་ཡི་མེ་ཏོག་མཆོད༔ ཨ་ག་རུ་ལ་སོགས་པའི་བདུག་སྤོས་མཆོད༔ རྐང་དང་ཞག་གི་མར་མེས་མཆོད༔ རཀྟ་མཁྲིས་པའི་དྲི་


CMR039_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ཆབ་མཆོད༔ རང་རང་དགྱེས་པའི་ཞལ་ཟས་མཆོད༔ རྔ་དང་དུང་སོགས་རོལ་མོས་མཆོད༔ ཨ་ལ་ལ་ཧོ་བཞེས་སུ་གསོལ༔ ཨོཾ་བཛྲ་ཨརྒྱུ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾ་བཛྲ་པཱཏྱཾ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾ་བཛྲ་པུཤྲཱི་པྲ་ཏིཙྪ་སྭཱ་ཧཱ༔ དེ་བཞིན་དུ༔ དྷུ་པེ༔ ཨཱ་ལོ་ཀེ༔ གྷནྡྷེ༔ ནེ་ཝི་དྱ༴ ཤརྡ་པྲ་ཏིཙྪ་ཡེ་སྭཱ་ཧཱ༔ ཨོཾ་བཛྲ་རཱུ་པ་ཤབྡ་གནྡྷེ་ར་ས་སྤུནེ་པྲ་ཏིཙྪ་པཱུ་ཙ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡ་ཤྲཱི་ཡེ་སྭཱ་ཧཱ༔ དེ་ནས་གཉིས་པ་ནང་མཆོད་ནི༔ ཨ་ཕྱི་བཀྲ་ཤིས་ཚེ་རིང་མཆེད་ལྔ་དང་༔ བོད་སྐྱོང་བརྟན་མ་བཅུ་གཉིས་དང་༔ དབང་ཕྱུག་སྡེ་བརྒྱད་ཡང་འཁོར་འབུམ༔ ནང་གི་མཆོད་པ་འབུལ་བ་ནི༔ རྩ་བརྒྱད་སྟོང་སྦྱར་བདུད་རྩིས་མཆོད༔ དགྲ་བགེགས་བསྒྲལ་བའི་རཀྟས་མཆོད༔ རང་རང་དགྱེས་པའི་གཏོར་མ་འབུལ༔ ཨ་ལ་ལ་ཧོ་དགྱེས་པར་རོལ༔ ཨོཾ་བཛྲ་ས་མ་ཡ་ཡ་ཁ་ཡ་ཕཊ༔ མ་མ་ཧྲིང་ཧྲིང་ས་མ་ས་ཧ་ཧོ་ཧིཕོ་ཝེ་ཧཱུྃ་མ་ཧཱ་དྷེ་ཝཱ་རཱ་ཙཱ་སརྦ་པཉྩ་རཀྟ་བྷ་ལི་ཏ་ཁ་རཾ་ཁཱ་ཧི༔ དེ་ནས་ གསུམ་པ་གསང་མཆོད་འབུལ་བ་ནི༔ ཧཱུྃ༔ ཨ་ཕྱི་བརྟན་སྐྱོང་ལྷ་མོ་དཔོན་གཡོག་དང་༔ ཕོ་རྒྱུད next hit་རིག་འཛིན་སྦྱོར་བའི་སྦྱོར་མཚམས་ནས༔ བྱང་སེམས་དཀར་དམར་བདུད་རྩིའི་རྒྱུན་


CMR039_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བབས༔ རང་བྱུང་བྷན་ལྕང་ལོའི་ནང་དུ་བལྟམས༔ གཉིས་མེད་སྐུ་ལུས་རྒྱས་ཕྱིར་བཞེས་སུ་གསོལ༔ ཨོཾ་བཛྲ་མ་ར་ཏི་པཉྩ་པཱུ་ཙ་ཧོཿ དེ་ནས་སྐབས་འདིར་ཚོགས་བསྐང་བ་བྱ་དེ་ནས་དྲུག་པ་མདོས་བསྔོ་བ་ནི༔ ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་མདོས་གཞི་རི་རབ་གླིང་བཞི་གླིང་ཕྲན་བརྒྱད་གསེར་གྱི་རི་བདུན་རོལ་པའི་མཚོ་བདུན༔ རང་རང་སྐུ་གཟུགས་དང་གཏོར་མ་བསྐང་རྫས་རྟེན་རྫས་བསྒྲུབ་རྫས་གཡང་རྫས་གསེར་གྱི་བྲག་རི་བྱ་སྐྱིབས་ཅན་གཡུའི་ན་བ༔ བྱ་རིགས་སྣ་ཚོགས༔ གཅན་གཟན་སྣ་ཚོགས༔ རི་དྭགས་སྣ་ཚོགས༔ གཡུང་དྭགས་སྣ་ཚོགས༔ ལྟོ་འཕྱེ་སྣ་ཚོགས༔ ཆུ་གནས་སྣ་ཚོགས༔ ཨ་མོ་ལི་ཀའི་རྡོ་ལེབ༔ གཞན་ཡང་འབྲས་གྲོ་ཁྲེ་ནས་སོ་བ་སྲན་མ་ཡུངས་དཀར་ནག་སེ་འབྲུ་ཨ་བར་སྐྱུར་གསུམ་བཟང་པོ་དྲུག༔ འབྲས་སྣ་གསུམ་ཞོ་ཤ་གསུམ་གེ་སར་གསུམ༔ གསེར་དངུལ་མུ་མན་མུ་ཏིག་བྱི་རུ་གཡུ་གཟི་མཆོང་ཟངས་ལྕགས་ལ་སོགས་པའི་རིན་པོ་ཆེ་སྣ་ཚོགས༔ གདུབ་བུ་འགུ་ཡ་རུས་རྒྱན་དར་གྱི་ལྷབ་ལྷུབ་སོགས་རྒྱན་ཆ་སྣ་ཚོགས༔ བ་དཀར་བརྒྱ༔ བིས་ཁྲ་སྟོང་༔ ཁྲ་བོ་བརྒྱ༔ རོག་པོ་སྟོང་༔ གསེར་རྟ་བརྒྱ༔ གཡུ་


CMR039_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

འབྲི་སྟོང་༔ ཤེལ་ར་བརྒྱ༔ གཡུ་ལུག་སྟོང་༔ གཞན་ཡང་དྲག་པོའི་རྩང་དམར་ཉེར་བརྒྱད༔ ཕོ་གླུད་མདའ་དང་ཕོ་ཏང་༔ མོ་གླུད་འཕང་དང་མོ་ཏང་༔ རུ་མཚོན་ལྗང་བུ་ནམ་མཁའ་གདུགས་དང་རྒྱལ་མཚན་ཅོད་པན༔ ས་སྣ་ཆུ་སྣ་ཤིང་སྣ༔ གཡང་རྫས་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ༔ སྨན་གཏོར་རཀྟ་སོགས་བསམ་གྱིས་མི་ཁྱབ་པ༔ ཕྱི་རིན་པོ་ཆེ་སྣ་ལྔ་འབྱུང་བ་ལྔའི་རང་བཞིན༔ ནང་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན༔ གསང་བ་ཡེ་ཤེས་ལྔའི་རང་བཞིན༔ འོད་ཟེར་དུ་མ་འཕྲོ་བ༔ དབང་པོ་ལྔ་ཚང་ནས་འདོད་དགུའི་གཟུགས་དང་ལྡན་པ༔ སྐྱེ་མཆེད་བཅུ་གཉིས་ཚང་བ་ཁམས་བཅོ་བརྒྱད་རྫོགས་པ་རེ་རེ་ལ་ཡང་གྲངས་མེད་དཔག་ཏུ་མེད་པས་ས་དང་ནམ་མཁའ་བར་སྣང་གང་བ་འཕྲོ་བ་འདི་ཉིད༔ རྩ་བའི་བླ་མ་ཡི་དམ་ལྷ་ཚོགས་མ་རྒྱུད་མཁའ་འགྲོ་ཕོ་རྒྱུད་ཆོས་སྐྱོང་སྲུང་མ་ཨ་ཕྱི་ཇོ་མོ་བཀྲ་ཤིས་ཚེ་རིང་མ༔ མཐིང་གི་ཞལ་བཟང་མ༔ མི་གཡོ་བློ་བཟང་མ༔ ཅོད་པན་མགྲིན་བཟང་མ༔ གཏད་དཀར་འགྲོས་བཟང་མ༔ གཡུ་སྒྲོན་མཆེད་ལྔ༔ གཞན་ཡང་དཀྱིལ་འཁོར་གཉན་གྱི་སྲུང་མ་ཆེན་མོ༔ དུར་


CMR039_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད་བརྒྱད་ཀྱི་མ་མོ་ཆེན་མོ༔ སྒྲུབ་ཆེན་བརྒྱད་ཀྱི་བཀའ་ཉན་ཆེན་མོ༔ བཅོམ་ལྡན་འདས་དཔལ་ཆེན་པོའི་བཀའ་འཁོར་ལ་གནས་པའི་ནག་མོ་བཞིན་མི་སྡུག་པའི་བུ་མོ་རྡོ་རྗེ་ཀུན་གྲགས་མ་ལ་སོགས་པའི་བདུད་མོ་ཆེན་མོ་བཞི༔ དམར་མོ་ཁྲག་འཛག་མའི་བུ་མོ་རྡོ་རྗེ་གཡུ་སྒྲོན་མ་ལ་སོགས་པའི་གནོད་སྦྱིན་ཆེན་མོ་བཞི་དང་༔ དཀར་ཤམ་བཞིན་བཟང་མའི་བུ་མོ་རྡོ་རྗེ་བོད་ཁམས་སྐྱོང་བ་ལ་སོགས་པའི་སྨན་མོ་ཆེན་མོ་བཞི་དང་གཞན་ཡང་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད༔ ལྷ་སྲིན་སྡེ་བརྒྱད་སྐྱོང་མ་བཅུ་གཉིས་ཡ་མ་བཅུ་གཉིས་སྡེ་དཔོན་སུམ་ཅུ་གཉན་ཆེན་སྡེ་བཞི༔ ཡུལ་འདིའི་ལྷ་རྗེ་གནས་བདག་གཞི་བདག་ཆུ་བདག་ས་བདག་དང་དབང་ཆེན་བཀའ་བློན་འབངས་འཁོར་དང་བཅས་པ༔ འདིར་གླུད་བསྔོས་བའོ། །མཆན། ནད་ཡམས་རིམས་གསུམ་བཙའ་སད་སེར་གསུམ་གོད་འདྲེ་ཆུང་སྲི་མི་ཁའི་བུ་མོ་བ་རུ་མ་རྣམས་ལ་བསྔོའོ༔ མགྲོན་ནོ༔ འདིའི་ཤོ་ལོ་ཀའི་མཚམས་སུ་གླུད་འཕྱང་འདོན། མཆན། གོསོལ་ལོ་མཆོད་དོ༔ ལེགས་པ་ཆོས་ཤིག །ཉེས་པ་ཟློག་ཅིག༔ བསམ་པ་སྒྲུབས་ལ་རེ་བ་སྐོངས་ཤིག༔ ཉིན་གསུམ་གྱི་བྱ་ར་གྱིས་ཤིག༔ མཚན་གསུམ་གྱི་མེལ་ཚེ་གྱིས་ཤིག༔ རྒྱབ་ཀྱི་


CMR039_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་མ་མཛོད་ཅིག༔ མདུན་གྱི་མཁར་བ་མཛོད་ཅིག༔ མི་ལ་ན་ཚ་མ་བཏང་ཞིག༔ ཕྱུགས་ལ་གོད་ཁ་མ་བཏང་ཞིག༔ བསམ་པ་ལ་བར་ཆད་མ་བཏང་ཞིག༔ བཙའ་སད་སེར་བ་དང་འབུ་སྲིན་མ་བཏང་ཞིག༔ མི་ཁ་དང་བྲ་མཆུ་མ་བཏང་ཞིག༔ དེ་ལན་དང་དེ་ཉེས་མ་བཏང་ཞིག༔ ཁ་སྨྲས་དང་གླེང་བརྗོད་མ་བཏང་ཞིག༔ མི་མང་སར་སྨ་མ་འབེབས་ཤིག༔ བྱ་མང་སར་སྤུ་མ་བཏོག་ཅིག༔ རང་ལ་གཞན་གྱིས་བརྙས་སུ་མ་བཅུག་ཅིག༔ བསམ་པ་སྒྲུབས་ཤིག༔ རེ་བ་སྐོངས་ཤིག༔ འདོད་དོན་དངོས་གྲུབ་སྩོལ་ཅིག༔ ཡུལ་འདིར་ལོ་གཡང་དང་ཟས་གཡང་ནོར་གཡང་མི་གཡང་སྡུས་ཤིག༔ གཡང་རྫས་འདི་ལ་སྟིམས་ཤིག༔ བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅེས་བརྗོད༔ དེ་ནས་བདུན་པ་མདོས་འཕྱང་ནི༔ བྷྱོ་བྷྱོ་བྷྱོཿ ཤཐཐཱ༔ བྷྱོ་བྷྱོཿ ཧེ་ཧེ་བཀྲ་ཤིས་ཚེ་རིང་མ༔ རྡོ་རྗེ་མི་འགྱུར་དཔལ་གྱི་ཡུམ༔ སྐུ་མདོག་དཀར་ལ་འོད་ཟེར་འཕྲོ༔ བཀྲ་ཤིས་དཔལ་འབར་གཟི་བརྗིད་ལྡན༔ ཆིབས་སུ་སེང་གེ་དཀར་མོ་ཆིབས༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ ལྷབ་ལྷུབ་རིན་ཆེན་རྒྱན་གྱིས་བརྒྱན༔ དཀར་མོ་


CMR039_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་གྱི་འཁོར་གྱིས་བསྐོར༔ མདོས་ཀྱི་མཆོད་པ་འདི་བཞེས་ལ༔ ཕྱི་ནང་བར་ཆད་ཞི་བ་དང་༔ བདག་གི་ཚེ་བསྲིང་རིགས་རྒྱུད་སྤེལ༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ ལྷ་མོ་མཐིང་གི་ཞལ་བཟང་མ༔ རྡོ་རྗེ་མཁའ་འགྲོ་བདེ་ཆེན་སྐུ༔ སྐུ་མདོག་སྔོ་ལ་འོད་ཟེར་འབར༔ བཀྲ་ཤིས་དཔལ་འབར་གཟི་བརྗིད་ལྡན༔ ཆིབས་སུ་རྐྱང་བུ་ཁ་གར་ཆིབས༔ ཕྱག་ན་ལྷ་ཡི་མདའ་དར་ཕྱར༔ ལྷབ་ལྷུབ་རིན་ཆེན་རྒྱན་གྱིས་བརྒྱན༔ སྔོན་མོ་འབུམ་གྱི་འཁོར་གྱིས་བསྐོར༔ ་མདོས་ཀྱི་མཆོད་པ་འདི་བཞེས་ལ༔ ཕྱི་ནང་བར་ཆད་ཞི་བ་དང་༔ སྣང་སྲིད་པྲ་ཡི་དངོས་གྲུབ་སྩོལ༔ ལྷ་མོ་མི་གཡོ་བློ་བཟང་མ༔ དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ༔ སྐུ་མདོག་སེར་ལ་འོད་ཟེར་འཕྲོ༔ བཀྲ་ཤིས་དཔལ་འབར་གཟི་བརྗིད་ལྡན༔ ཆིབས་སུ་རྒྱ་སྟག་ངར་མ་ཆིབས༔ ཕྱག་ན་ནེའུ་ལེའི་རྐྱལ་པ་འཛིན༔ ལྷབ་ལྷུབ་རིན་ཆེན་རྒྱན་གྱིས་བརྒྱན༔ སེར་མོ་འབུམ་གྱི་འཁོར་གྱིས་བསྐོར༔ མདོས་ཀྱི་མཆོད་པ་འདི་བཞེས་ལ༔ ཕྱི་ནང་བར་ཆོད་ཞི་བ་དང་༔ རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ༔ ལྷ་མོ་ཅོད་པན་མགྲིན་བཟང་མ༔ རྡོ་རྗེ་ལོངས་སྤྱོད་ཕག་མོ་ཡུམ༔ སྐུ་


CMR039_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་དམར་ལ་འོད་ཟེར་འཕྲོ༔ བཀྲ་ཤིས་དཔལ་འབར་གཟི་བརྗིད་ལྡན༔ ཆིབས་སུ་ཤ་བ་ཡུ་མོ་ཆིབས༔ ཕྱག་ན་རིན་ཆེན་སྒྲོམ་བུ་བསྣམས༔ ལྷབ་ལྷུབ་རིན་ཆེན་རྒྱན་གྱིས་བརྒྱན༔ དམར་མོ་འབུམ་གྱི་འཁོར་གྱིས་བསྐོར༔ མདོས་ཀྱི་མཆོད་པ་འདི་བཞེས་ལ༔ ཕྱི་ནང་བར་ཆད་ཞི་བ་དང་༔ བདག་ལ་བང་མཛོད་ནོར་རྫས་སོགས༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ ལྷ་མོ་གཏད་དཀར་འགྲོས་བཟང་མ༔ རྡོ་རྗེ་མཁའ་འགྲོ་གར་སྟབས་ཅན༔ སྐུ་མདོག་ལྗང་ལ་འོད་ཟེར་འབར༔ བཀྲ་ཤིས་དཔལ་འབར་གཟི་བརྗིད་ལྡན༔ ཆིབས་སུ་གཡུ་འབྲུག་སྔོན་མོ་ཆིབས༔ ཕྱག་ན་སྦྲུལ་གྱི་ཞགས་པ་བསྣམས༔ ལྷབ་ལྷུབ་རིན་ཆེན་རྒྱན་གྱིས་བརྒྱན༔ ལྗང་མོ་འབུམ་གྱི་འཁོར་གྱིས་བསྐོར༔ མདོས་ཀྱི་མཆོད་པ་འདི་བཞེས་ལ༔ ཕྱི་ནང་བར་ཆད་ཞི་བ་དང་༔ རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་སྩོལ༔ བྷྱོཿ སྨན་བཙུན་རྒྱལ་མོ་ཁྱེད་རྣམས་ཀྱིས༔ སྲིད་པའི་མདོས་ཆེན་འདི་བཞེས་ལ༔ མི་ནད་ཕྱུགས་ནད་དགྲ་ལ་སྒྱུར༔ རིམས་ནད་ཡམས་ནད་དགྲ་ལ་སྒྱུར༔ བཙའ་སད་སེར་གསུམ་དགྲ་ལ་སྒྱུར༔ མི་ཁ་བྲ་མཆུ་དགྲ་ལ་


CMR039_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུར༔ ཐན་ལྟས་ངན་པ་དགྲ་ལ་སྒྱུར༔ ཡུལ་ཕྱོགས་ལོ་གཡང་འདིར་སྡུས་ཤིག༔ མི་གཡང་ཟས་གཡང་ནོར་གཡང་རྣམས༔ གཡང་རྫས་འདི་ལ་ཐིམ་པར་ཁུག༔ ཛཿཛཿབཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོཿ མ་གཅིག་ལྷ་མོ་དུད་སོལ་མ༔ སྲིད་པའི་མདོས་ཆེན་འདི་བཞེས་ལ༔ མི་ནད་ཕྱུགས་ནད་དགྲ་ལ་སྒྱུར༔ རིམས་ནད་ཡམས་ནད་དགྲ་ལ་སྒྱུར༔ བཙའ་སད་སེར་གསུམ་དགྲ་ལ་སྒྱུར༔ མི་ཁ་བྲ་མཆུ་དགྲ་ལ་སྒྱུར༔ ཐན་ལྟས་ངན་པ་དགྲ་ལ་སྒྱུར༔ ཡུལ་ཕྱོགས་ལོ་གཡང་འདིར་སྡུས་ཤིག༔ མི་གཡང་ཟས་གཡང་ནོར་གཡང་རྣམས༔ གཡང་རྫས་འདི་ལ་ཐིམ་པར་ཁུག༔ ཛཿཛཿ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོཿ ཨེ་ཀ་ཙ་ཏི་གློག་མ་སྤྲིན༔ སྲིད་པའི་མདོས་ཆེན་འདི་བཞེས་ལ༔ མི་ནད་ཕྱུགས་ནད་དགྲ་ལ་སྒྱུར༔ རིམས་ནད་ཡམས་ནད་དགྲ་ལ་སྒྱུར༔ བཙའ་སད་སེར་གསུམ་དགྲ་ལ་སྒྱུར༔ མི་ཁ་བྲ་མཆུ་དགྲ་ལ་སྒྱུར༔ ཐན་ལྟས་ངན་པ་དགྲ་ལ་སྒྱུར༔ ཡུལ་ཕྱོགས་ལོ་གཡང་འདིར་སྡུས་ཤིག༔ མི་གཡང་ཟས་གཡང་ནོར་གཡང་རྣམས༔ གཡང་རྫས་འདི་ལ་ཐིམ་པར་ཁུག༔ ཛཿཛཿ བཅོལ་


CMR039_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོཿ བོད་སྐྱོང་བརྟན་མ་བཅུ་གཉིས་རྣམས༔ སྲིད་པའི་མདོས་ཆེན་འདི་བཞེས་ལ༔ མི་ནད་ཕྱུགས་ནད་དགྲ་ལ་སྒྱུར༔ རིམས་ནད་ཡམས་ནད་དགྲ་ལ་སྒྱུར༔ བཙའ་སད་སེར་གསུམ་དགྲོ་ལ་སྒྱུར༔ མི་ཁ་བྲ་མཆུ་དགྲ་ལ་སྒྱུར༔ ཐན་ལྟས་ངན་པ་དགྲ་ལ་སྒྱུར༔ ཡུལ་ཕྱོགས་ལོ་གཡང་འདིར་སྡུས་ཤིག༔ མི་གཡང་ཟས་གཡང་ནོར་གཡང་རྣམས༔ གཡང་རྫས་འདི་ལ་ཐིམ་པར་ཁུག༔ ཛཿཛཿ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོཿ ཡུལ་ནི་རྡོ་རྗེ་བྲག་དམར་ནས༔ སྲིང་ཅིག་གངས་དཀར་ཤ་མེད་མ༔ ཆིབས་སུ་དྲེལ་རྟ་རྐང་གསུམ་ཆིབས༔ སྲིད་པའི་མདོས་ཆེན་འདི་བཞེས་ལ༔ མི་ནད་ཕྱུགས་ནད་དགྲ་ལ་སྒྱུར༔ རིམས་ནད་ཡམས་ནད་དགྲ་ལ་སྒྱུར༔ བཙའ་སད་སེར་གསུམ་དགྲྭ་ལ་སྒྱུར༔ མི་ཁ་བྲ་མཆུ་དགྲ་ལ་སྒྱུར༔ ཐན་ལྟས་ངན་པ་དགྲ་ལ་སྒྱུར༔ ཡུལ་ཕྱོགས་ལོ་གཡང་འདིར་སྡུས་ཤིག༔ མི་གཡང་ཟས་གཡང་ནོར་གཡང་རྣམས༔ གཡང་རྫས་འདི་ལ་ཐིམ་པར་ཁུག༔ ཛཿཛཿ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོཿ ཡུལ་ནི་རྨ་རྒྱལ་སྤོམ་ར་ནས༔ སྲིང་


CMR039_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཁ་རག་ཁྱུང་བཙུན་མ༔ ཆིབས་སུ་གྱི་ལིང་ཁ་གར་ཆིབས༔ སྲིད་པའི་མདོས་ཆེན་འདི་བཞེས་ལ༔ མི་ནད་ཕྱུགས་ནད་དགྲ་ལ་སྒྱུར༔ རིམས་ནད་ཡམས་ནད་དགྲ་ལ་སྒྱུར༔ བཙའ་སད་སེར་གསུམ་དགྲ་ལ་སྒྱུར༔ མི་ཁ་བྲ་མཆུ་དགྲ་ལ་སྒྱུར༔ ཐན་ལྟས་ངན་པ་དག་ལ་སྒྱུར༔ ཡུལ་ཕྱོགས་ལོ་གཡང་འདིར་སྡུས་ཤིག༔ མི་གཡང་ཟས་གཡང་ནོར་གཡང་རྣམས༔ གཡང་རྫས་འདི་ལ་ཐིམ་པར་ཁུག༔ ཛཿཛཿ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཡུལ་ནི་དབུས་རུ་སྙིང་ཚལ་ནས༔ སྲིང་གཅིག་རྡོ་རྗེ་གཡུ་སྒྲོན་མ༔ ཆིབས་སུ་ཆུ་རྟ་སྔོན་མོ་ཆིབས༔ སྲིད་པའི་མདོས་ཆེན་འདི་བཞེས་ལ༔ མི་ནད་ཕྱུགས་ནད་དགྲ་ལ་སྒྱུར༔ རིམས་ནད་ཡམས་ནད་དགྲ་ལ་སྒྱུར༔ བཙའ་སད་སེར་གསུམ་དགྲ་ལ་སྒྱུར༔ མི་ཁ་བྲ་མཆུ་དགྲ་ལ་སྒྱུར༔ ཐན་ལྟས་ངན་པ་དགྲ་ལ་སྒྱུར༔ ཡུལ་ཕྱོགས་ལོ་གཡང་འདིར་སྡུས་ཤིག༔ མི་གཡང་ཟས་གཡང་ནོར་གཡང་རྣམས༔ གཡང་རྫས་འདི་ལ་ཐིམ་པར་ཁུག༔ ཛཿཛཿ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཡུལ་ནི་མ་ཧཱ་དེ་ཝ་ནས༔ གནམ་སྨན་རྡོ་རྗེ་ཀུན་གྲགས་མ༔ ཆིབས་སུ་ཆུ་གླང་སྔོན་


CMR039_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆིབས༔ སྲིད་པའི་མདོས་ཆེན་འདི་བཞེས་ལ༔ མི་ནད་ཕྱུགས་ནད་དགྲ་ལ་སྒྱུར༔ རིམས་ནད་ཡམས་ནད་དགྲ་ལ་སྒྱུར༔ བཙའ་སད་སེར་གསུམ་དགྲ་ལ་སྒྱུར༔ མི་ཁ་བྲ་མཆུ་དགྲ་ལ་སྒྱུར༔ ཐན་ལྟས་ངན་པ་དགྲ་ལ་སྒྱུར༔ ཡུལ་ཕྱོགས་ལོ་གཡང་འདིར་སྡུས་ཤིག༔ མི་གཡང་ཟས་གཡང་ནོར་གཡང་རྣམས༔ གཡང་རྫས་འདི་ལ་ཐིམ་པར་ཁུག༔ ཛཿཛཿ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཡུལ་ནི་ལྷོ་ཡུལ་དེ་སྙིང་ནས༔ སྲིང་ཅིག་སྐྱི་མཐིང་ཡ་མ་སྐྱོང་༔ ཆིབས་སུ་གསེར་ཤ་ཡུ་མོ་ཆིབས༔ སྲིད་ལྷོཔའི་མདོས་ཆེན་འདི་བཞེས་ལ༔ མི་ནད་ཕྱུགས་ནད་དགྲ་ལ་སྒྱུར༔ རིམས་ནད་ཡམས་ནད་དགྲ་ལ་སྒྱུར༔ བཙའ་སད་སེར་གསུམ་དགྲ་ལ་སྒྱུར༔ མི་ཁ་བྲ་མཆུ་དགྲ་ལ་སྒྱུར༔ ཐན་ལྟས་ངན་པ་དགྲ་ལ་སྒྱུར༔ ཡུལ་ཕྱོགས་ལོ་གཡང་འདིར་སྡུས་ཤིག༔ མི་གཡང་ཟས་གཡང་ནོར་གཡང་རྣམས༔ གཡང་རྫ་ས་འདི་ལ་ཐིམ་པར་ཁུག༔ ཛཿཛཿ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཡུལ་ནི་སྔ་ཕྱི་དེ་གྲོང་ན༔ སྲིང་ཅིག་ཨུག་ཆོས་དབྱར་མོ་བསིལ༔ ཆིབས་སུ་རུས་སྦལ་མགོ་དགུ་ཆིབས༔ སྲིད་པའི་མདོས་ཆེན་འདི་


CMR039_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་ལ༔ མི་ནད་ཕྱུགས་ནད་དགྲ་ལ་སྒྱུར༔ རིམས་ནད་ཡམས་ནད་དགྲ་ལ་སྒྱུར༔ བཙའ་སད་སེར་གསུམ་དགྲ་ལ་སྒྱུར༔ མི་ཁ་བྲ་མཆུ་དགྲ་ལ་སྒྱུར༔ ཐན་ལྟས་ངན་པ་དགྲ་ལ་སྒྱུར༔ ཡུལ་ཕྱོགས་ལོ་གཡང་འདིར་སྡུས་ཤིག༔ མི་གཡང་ཟས་གཡང་ནོར་གཡང་རྣམས༔ གཡང་རྫས་འདི་ལ་ཐིམ་པར་ཁུག། ཛཿཛཿ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཡུལ་ནི་བལ་ཡུལ་གསེར་ཕུག་ནས༔ ཨེ་ཀ་ཙ་ཏི་རལ་གཅིག་མ༔ ཆིབས་སུ་གཡུ་འབྲུག་སྔོན་མོ་ཆིབས༔ སྲིད་པའི་མདོས་ཆེན་འདི་བཞེས་ལ༔ མི་ནད་ཕྱུགས་ནད་དགྲ་ལ་སྒྱུར༔ རིམས་ནད་ཡམས་ནད་དགྲ་ལ་སྒྱུར༔ བཙའ་སད་སེར་གསུམ་དགྲ་ལ་སྒྱུར༔ མི་ཁ་བྲ་མཆུ་དགྲ་ལ་སྒྱུར༔ ཐན་ལྟས་ངན་པ་དགྲ་ལ་སྒྱུར༔ ཡུལ་ཕྱོགས་ལོ་གཡང་འདིར་སྡུས་ཤིག༔ མི་གཡང་ཟས་གཡང་ནོར་གཡང་རྣམས༔ གཡང་རྫས་འདི་ལ་ཐིམ་པར་ཁུག༔ ཛཿཛཿ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཡུལ་ནི་ན་ལེ་ཤིང་ལེ་ན༔ བཙན་ལ་རོལ་པའི་སྨན་གཅིག་མ༔ ཆིབས་སུ་དྲེལ་རྟ་རྐང་གསུམ་ཆིབས༔ སྲིད་པའི་མདོས་ཆེན་འདི་བཞེས་ལ༔ མི་ནད་ཕྱུགས་ནད་དགྲ་ལ་སྒྱུར༔


CMR039_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

རིམས་ནད་ཡམས་ནད་དགྲ་ལ་སྒྱུར༔ བཙའ་སད་སེར་གསུམ་དགྲ་ལ་སྒྱུར༔ མི་ཁ་བྲ་མཆུ་དགྲ་ལ་སྒྱུར༔ ཐན་ལྟས་ངན་པ་དགྲ་ལ་སྒྱུར་ཡུལ་ཕྱོགས་ལོ་གཡང་འདིར་སྡུས་ཤིག༔ མི་གཡང་ཟས་གཡང་ནོར་གཡང་རྣམས༔ གཡང་རྫས་འདི་ལ་ཐིམ་པར་ཁུ༔ ཛཿཛཿ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཡུལ་ནི་རྐང་ཡུལ་རྐང་ཕུག་ན༔ གངས་ཀྱི་ཡུམ་ཆེན་གཡུ་བུན་མ༔ ཆིབས་སུ་སྟག་མོ་རི་བཀྲ་ཆིབས༔ སྲིད་པའི་མདོས་ཆེན་འདི་བཞེས་ལ༔ མི་ནད་ཕྱུགས་ནད་དགྲ་ལ་སྒྱུར༔ རིམས་ནད་ཡམས་ནད་དགྲ་ལ་སྒྱུར༔ བཙའ་སད་སེར་གསུམ་དགྲ་ལ་སྒྱུར༔ མི་ཁ་བྲ་མཆུ་དགྲ་ལ་སྒྱུར༔ ཐན་ལྟས་ངན་པ་དགྲ་ལ་སྒྱུར༔ ཡུལ་ཕྱོགས་ལོ་གཡང་འདིར་སྡུས་ཤིག༔ མི་གཡང་ཟས་གཡང་ནོར་གཡང་རྣམས༔ གཡང་རྫས་འདི་ལ་ཐིམ་པར་ཁུག༔ ཛཿཛཿ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཡུལ་ནི་མང་ཡུལ་མང་ཏིང་ན༔ ཆེ་ཞེས་གཙུག་འཆང་འོད་འབར་མ༔ ཆིབས་སུ་འབྲོང་བུ་དར་མ་ཆིབས༔ སྲིད་པའི་མདོས་ཆེན་འདི་བཞེས་ལ༔ མི་ནད་ཕྱུགས་ནད་དགྲ་ལ་སྒྱུར༔ རིམས་ནད་ཡམས་ནད་དགྲ་ལ་


CMR039_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུར༔ བཙའ་སད་སེར་གསུམ་དགྲ་ལ་སྒྱུར༔ མི་ཁ་བྲ་མཆུ་དགྲ་ལ་སྒྱུར༔ ཐན་ལྟས་ངན་པ་དགྲ་ལ་སྒྱུར༔ ཡུལ་ཕྱོགས་ལོ་གཡང་འདིར་སྡུས་ཤིག༔ མི་གཡང་ཟས་གཡང་ནོར་གཡང་རྣམས༔ གཡང་རྫས་འདི་ལ་ཐིམ་པར་ཁུག༔ ཛཿཛཿ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཡུལ་ནི་དབུ་རུ་སྙིང་ཚལ་ནས་བྱང་གི་སྨན་ཏིང་ཏིང་མོ་བཙུན༔ ཆིབས་སུ་འབྲོང་ཆེན་འགྱིང་བ་ཆིབས༔ སྲིད་པའི་མདོས་ཆེན་འདི་བཞེས་ལ༔ མི་ནད་ཕྱུགས་ནད་དགྲ་ལ་སྒྱུར༔ རིམས་ནད་ཡམས་ནད་དགྲ་ལ་སྒྱུར༔ བཙའ་སད་སེར་གསུམ་དགྲ་ལ་སྒྱུར༔ མི་ཁ་བྲ་མཆུ་དགྲ་ལ་སྒྱུར༔ ཐན་ལྟས་ངན་པ་དགྲ་ལ་སྒྱུར༔ ཡུལ་ཕྱོགས་ལོ་གཡང་འདིར་སྡུས་ཤིག༔ མི་གཡང་ཟས་གཡང་ནོར་གཡང་རྣམས༔ གཡང་རྫས་འདི་ལ་ཐིམ་པར་ཁུག༔ ཛཿཛཿ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཡུལ་ནི་སྒྲུབ་ཡུལ་རྒྱ་མཚམས་ན༔ བརྡའ་ལྷ་བཙན་པོ་གདུག་པ་འདུལ༔ ཆིབས་སུ་དོམ་བུ་སྙིང་དཀར་ཆིབས༔ སྲིད་པའི་མདོས་ཆེན་འདི་བཞེས་ལ༔ མི་ནད་ཕྱུགས་ནད་དགྲ་ལ་སྒྱུར༔ རིམས་ནད་ཡམས་ནད་དགྲ་ལ་སྒྱུར༔ བཙའ་སད་སེར་གསུམ་


CMR039_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ལ་སྒྱུར༔ མི་ཁ་བྲ་མཆུ་དགྲ་ལ་སྒྱུར༔ ཐན་ལྟས་ངན་པ་དགྲ་ལ་སྒྱུར༔ ཡུལ་ཕྱོགས་ལོ་གཡང་འདིར་སྡུས་ཤིག༔ མི་གཡང་ཟས་གཡང་ནོར་གཡང་རྣམས༔ གཡང་རྫས་འདི་ལ་ཐིམ་པར་ཁུག༔ ཛཿཛཿ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོཿ བྱང་ཕྱོགས་དབང་ཕྱུག་མ་མོ་བཞི༔ སྲིན་མོ་སྨུག་ནག་གཡག་གདོང་ཚེམ༔ ཕྱག་ན་རྡོ་རྗེ་ཐོད་ཁྲག་བསྣམས༔ སྲིད་པའི་མདོས་ཆེན་འདི་བཞེས་ལ༔ མི་ནད་ཕྱུགས་ནད་དགྲ་ལ་སྒྱུར༔ རིམས་ནད་ཡམས་ནད་དགྲ་ལ་སྒྱུར༔ བཙའ་སད་སེར་གསུམ་དགྲ་ལ་སྒྱུར༔ མི་ཁ་བྲ་མཆུ་དགྲ་ལ་སྒྱུར༔ ཐན་ལྟས་ངན་པ་དགྲ་ལ་སྒྱུརཿ༔ ཡུལ་ཕྱོགས་ལོ་གཡང་འདིར་སྡུས་ཤིག༔ མི་གཡང་ཟས་གཡང་ནོར་གཡང་རྣམས༔ གཡང་རྫས་འདི་ལ་ཐིམ་པར་ཁུག༔ བྷྱོ་ཛཿཁུག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོཿ རྡོ་རྗེ་སེར་མོ་དོམ་གདོང་མ༔ ཕྱག་ན་སྤུ་གྲི་དུང་དམར་བསྣམས༔ སྲིད་པའི་མདོས་ཆེན་འདི་བཞེས་ལ༔ མི་ནད་ཕྱུགས་ནད་དགྲ་ལ་གྱུར༔ རིམས་ནད་ཡམས་ནད་དགྲ་ལ་སྒྱུར༔ བཙའ་སད་སེར་གསུམ་དགྲ་ལ་སྒྱུར༔ མི་ཁ་བྲ་མཆུ་དགྲ་ལ་སྒྱུར༔ ཐན་


CMR039_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ལྟས་ངན་པ་དགྲ་ལ་སྒྱུར༔ ཡུལ་ཕྱོགས་ལོ་གཡང་འདིར་སྡུས་ཤིག༔ མི་གཡང་ཟས་གཡང་ནོར་གཡང་རྣམས༔ གཡང་རྫས་འདི་ལ་ཐིམ་པར་ཁུག༔ བྷྱོ་ཛཿ ཁུག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོཿ ཟ་བ་ལྗང་དམར་བྱ་རྒོད་མགོ༔ ཞིང་ཆེན་ཕྲག་བཀལ་ཀེང་རུས་བསྣམས༔ སྲིད་པའི་མདོས་ཆེན་འདི་བཞེས་ལ༔ མི་ནད་ཕྱུགས་ནད་དགྲ་ལ་སྒྱུར༔ རིམས་ནད་ཡམས་ནད་དགྲ་ལ་སྒྱུར༔ བཙའ་སད་སེར་གསུམ་དགྲ་ལ་སྒྱུར༔ མི་ཁ་བྲ་མཆུ་དགྲ་ལ་སྒྱུར༔ ཐན་ལྟས་ངན་པ་དགྲ་ལ་སྒྱུར༔ ཡུལ་ཕྱོགས་ལོ་གཡང་འདིར་སྡུས་ཤིག༔ མི་གཡང་ཟས་གཡང་ནོར་གཡང་རྣམས༔ གཡང་རྫས་འདི་ལ་ཐིམ་པར་ཁུག༔ བྷྱོ་ཛཿ ཁུག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ གསོད་བྱེད་ལྗང་ནག་སྤྱང་མོའི་མགོ༔ ཕྱག་གཉིས་བ་དན་ཐོད་ཁྲག་བསྣམས༔ སྲིད་པའི་མདོས་ཆེན་འདི་བཞེས་ལ་མི་ནད་ཕྱུགས་ནད་དགྲ་ལ་སྒྱུར༔ རིམས་ནད་ཡམས་ནད་དགྲ་ལ་སྒྱུར༔ བཙའ་སད་སེར་གསུམ་དགྲ་ལ་སྒྱུར༔ མི་ཁ་བྲ་མཆུ་དགྲ་ལ་སྒྱུར༔ ཐན་ལྟས་ངན་པ་དགྲ་ལ་སྒྱུར༔ ཡུལ་ཕྱོགས་ལོ་གཡང་འདིར་སྡུས་ཤིག༔ མི་གཡང་ཟས་


CMR039_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་ནོར་གཡང་རྣམས༔ གཡང་རྫས་འདི་ལ་ཐིམ་པར་ཁུག༔ བྷྱོ་ཛཿ ཁུག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོཿ ཡང་འཁོར་དབང་ཕྱུག་ཉི་ཤུ་བཞི༔ ཤར་ཕྱོགས་ཞི་བའི་ལས་བྱེད་དྲུག༔ སྲིད་པའི་མདོས་ཆེན་འདི་བཞེས་ལཿ༔ ཞི་དང་རྒྱས་པའི་ཕྲིན་ལས་མཛོད༔ མི་ནད་ཕྱུགས་ནད་དགྲ་ལ་སྒྱུར༔ རིམས་ནད་ཡམས་ནད་དགྲ་ལ་སྒྱུར༔ བཙའ་སད་སེར་གསུམ་དགྲ་ལ་སྒྱུར༔ མི་ཁ་བྲ་མཆུ་དགྲ་ལ་སྒྱུར༔ ཐན་ལྟས་ངན་པ་དགྲ་ལ་སྒྱུར༔ ཡུལ་ཕྱོགས་ལོ་གཡང་འདིར་སྡུས་ཤིག༔ མི་གཡང་ཟས་གཡང་ནོར་གཡང་རྣམས༔ གཡང་རྫ་ས་འདི་ལ་ཐིམ་པར་ཁུག༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོཿ ཛཿཁུག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོཿ ལྷོ་ཕྱོགས་རྒྱས་པའི་ལས་བྱེད་དྲུག༔ སྲིད་པའི་མདོས་ཆེན་འདི་བཞེས་ལ༔ ཚེ་བསོད་ཁ་རྗེ་རྒྱས་པར་མཛོད༔ མི་ནད་ཕྱུགས་ནད་དགྲ་ལ་སྒྱུར༔ རིམས་ནད་ཡམས་ནད་དགྲ་ལ་སྒྱུར༔ བཙའ་སད་སེར་གསུམ་དགྲ་ལ་སྒྱུར༔ མི་ཁ་བྲ་མཆུ་དགྲ་ལ་སྒྱུར༔ ཐན་ལྟས་ངན་པ་དགྲ་ལ་སྒྱུར༔ ཡུལ་ཕྱོགས་ལོ་གཡང་འདིར་སྡུས་ཤིག༔ མི་གཡང་ཟས་གཡང་ནོར་གཡང་


CMR039_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས༔ གཡང་རྫས་འདི་ལ་ཐིམ་པར་ཁུག༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོཿ ཛཿཁུག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོཿ ནུབ་ཕྱོགས་དབང་གི་ལས་བྱེད་དྲུག༔ སྲིད་པའི་མདོས་ཆེན་འདི་བཞེས་ལ༔ ཐམས་ཅད་དབང་དུ་འདུས་པར་མཛོད༔ མི་ནད་ཕྱུགས་ནད་དགྲ་ལ་སྒྱུར་རིམས་ནད་ཡམས་ནད་དགྲ་ལ་སྒྱུར་བཙའ་སད་སེར་གསུམ་དགྲ་ལ་སྒྱུར༔ མི་ཁ་བྲ་མཆུ་དགྲ་ལ་སྒྱུར༔ ཐན་ལྟས་ངན་པ་དགྲ་ལ་སྒྱུར༔ ཡུལ་ཕྱོགས་ལོ་གཡང་འདིར་སྡུས་ཤིག༔ མི་གཡང་ཟས་གཡང་ནོར་གཡང་རྣམས༔ གཡང་རྫས་འདི་ལ་ཐིམ་པར་ཁུག༔ བློ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ ཛཿཁུག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོཿ བྱང་ཕྱོགས་དྲག་པོའི་ལས་བྱེད་དྲུག༔ སྲིད་པའི་མདོས་ཆེན་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་བསྒྲལ་དུ་གསོལ༔ མི་ནད་ཕྱུགས་ནད་དགྲ་ལ་སྒྱུར༔ རིམས་ནད་ཡམས་ནད་དགྲ་ལ་སྒྱུར༔ བཙའ་སད་སེར་གསུམ་དགྲ་ལ་སྒྱུར༔ མི་ཁ་བྲ་མཆུ་དགྲ་ལ་སྒྱུར༔ ཐན་ལྟས་ངན་པ་དགྲ་ལ་སྒྱུར༔ ཡུལ་ཕྱོགས་ལོ་གཡང་འདིར་སྡུས་ཤིག༔ མི་གཡང་ཟས་གཡང་ནོར་གཡང་རྣམས༔ གཡང་


CMR039_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་འདི་ལ་ཐིམ་པར་ཁུག༔ བློ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོཿ ཛབྷཁུག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོཿ དབང་ཕྱུག་ཉི་ཤུ་རྩ་བརྒྱད་རྣམས༔ སྔོན་ཚེ་དམ་བཅའ་མ་གཡེལ་བར༔ སྲིད་པའི་མདོས་ཆེན་འདི་བཞེས་ལ་མི་ནད་ཕྱུགས་ནད་དགྲ་ལ་སྒྱུར༔ རིམས་ནད་ཡམས་ནད་དགྲ་ལ་སྒྱུར༔ བཙའ་སད་སེར་གསུམ་དགྲ་ལ་སྒྱུར༔ མི་ཁ་བྲ་མཆུ་དགྲ་ལ་སྒྱུར༔ ཐན་ལྟས་ངན་པ་དགྲ་ལ་སྒྱུར༔ ཡུལ་ཕྱོགས་ལོ་གཡང་འདིར་སྡུས་ཤིག༔ མི་གཡང་ཟས་གཡང་ནོར་གཡང་རྣམས༔ གཡང་རྫས་འདི་ལ་ཐིམ་པར་ཁུག༔ བྷྱོ་བྷྱོཿ ཛཿ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོཿ སྐྱོང་མ་བཅུ་གཉིས་འཁོར་དང་བཅས༔ སྲིད་པའི་མདོས་ཆེན་འདི་བཞེས་ལ༔ མི་ནད་ཕྱུགས་ནད་དགྲ་ལ་སྒྱུར༔ རིམས་ནད་ཡམས་ནད་དགྲ་ལ་སྒྱུར༔ བཙའ་སད་སེར་གསུམ་དགྲ་ལ་སྒྱུར༔ མི་ཁ་བྲ་མཆུ་དགྲ་ལ་སྒྱུར༔ ཐན་ལྟས་ངན་པ་དགྲ་ལ་སྒྱུར༔ ཡུལ་ཕྱོགས་ལོ་གཡང་འདིར་སྡུས་ཤིག༔ མི་གཡང་ཟས་གཡང་ནོར་གཡང་རྣམས༔ གཡང་རྫས་འདི་ལ་ཐིམ་པར་ཁུག༔ ཛཿཛཿབྷྱོ་ཧཱུྃ་བྷྱོཿ བཅོལ་བའི་ཕྲིན་ལས་འགྲུབ་པར་


CMR039_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད༔ བྷྱོཿ ཡ་མ་བཅུ་གཉིས་འཁོར་བཅས་རྣམས༔ སྲིད་པའི་མདོས་ཆེན་འདི་བཞེས་ལ༔ མི་ནད་ཕྱུགས་ནད་དགྲ་ལ་སྒྱུར༔ རིམས་ནད་ཡམས་ནད་དགྲ་ལ་སྒྱུར། བཙའ་སད་སེར་གསུམ་དགྲ་ལ་སྒྱུར༔ མི་ཁ་བྲ་མཆུ་དགྲ་ལ་སྒྱུར༔ ཐན་ལྟས་ངན་པ་དགྲ་ལ་སྒྱུར༔ ཡུལ་ཕྱོགས་ལོ་གཡང་འདིར་སྡུས་ཤིག༔ མི་གཡང་ཟས་གཡང་ནོར་གཡང་རྣམས༔ གཡང་རྫས་འདི་ལ་ཐིམ་པར་ཁུག༔ ཛཿཛཿཧཱུྃ་བྷྱོཿ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོཿ ཡང་འཁོར་ལྷ་སྲིན་སྡེ་བརྒྱད་ལ༔ སྲིད་པའི་མདོས་ཆེན་འདི་བཞེས་ལ༔ མི་ནད་ཕྱུགས་ནད་དགྲ་ལ་སྒྱུར༔ རིམས་ནད་ཡམས་ནད་དགྲ་ལ་སྒྱུར༔ བཙའ་སད་སེར་གསུམ་དགྲ་ལ་སྒྱུར༔ མི་ཁ་བྲ་མཆུ་དགྲ་ལ་སྒྱུར༔ ཐན་ལྟས་ངན་པ་དགྲ་ལ་སྒྱུར༔ ཡུལ་ཕྱོགས་ལོ་གཡང་འདིར་སྡུས་ཤིག༔ མི་གཡང་ཟས་གཡང་ནོར་གཡང་རྣམས༔ གཡང་རྫས་འདི་ལ་ཐིམ་པར་ཁུག༔ ཨ་ཡ་མ་དུ་རུ་ཙ་ཤ་ན་དུ་ཏྲི་ཛ་ཁུག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོཿ ཡུལ་ལྷ་རྗེ་འཁོར་བཅས་ལ༔ སྲིད་པའི་མདོས་ཆེན་འདི་བཞེས་ལ༔ མི་ནད་ཕྱུགས་ནད་དགྲ་ལ་སྒྱུར༔ རིམས་ནད་ཡམས་


CMR039_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ནད་དགྲ་ལ་སྒྱུར༔ བཙའ་སད་སེར་གསུམ་དགྲ་ལ་སྒྱུར༔ མི་ཁ་བྲ་མཆུ་དགྲ་ལ་སྒྱུར༔ ཐན་ལྟས་ངན་པ་དགྲ་ལ་སྒྱུར༔ ཡུལ་ཕྱོགས་ལོ་གཡང་འདིར་སྡུས་ཤིག༔ མི་གཡང་ཟས་གཡང་ནོར་གཡང་རྣམས༔ གཡང་རྫས་འདི་ལ་ཐིམ་པར་ཁུག༔ ཨོཾ་བྷུ་མི་པ་ཏི་ཡ་ཛ་ཁུག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོཿ ཡུལ་འདིའི་གནས་བདག་འཁོར་བཅས་རྣམས༔ སྲིད་པའི་མདོས་ཆེན་འདི་བཞེས་ལ༔ མི་ནད་ཕྱུགས་ནད་དགྲ་ལ་སྒྱུར༔ རིམས་ནད་ཡམས་ནད་དགྲ་ལ་སྒྱུར༔ བཙའ་སད་སེར་གསུམ་དགྲ་ལ་སྒྱུར༔ མི་ཁ་བྲ་མཆུ་དགྲ་ལ་སྒྱུར༔ ཐན་ལྟས་ངན་པ་དགྲ་ལ་སྒྱུར༔ ཡུལ་ཕྱོགས་ལོ་གཡང་འདིར་སྡུས་ཤིག༔ མི་གཡང་ཟས་གཡང་ནོར་གཡང་རྣམས༔ གཡང་རྫ་ས་འདི་ལ་ཐིམ་པར་ཁུག༔ ནཱ་ག་ས་མ་ཡ་ཛཿཁུག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོཿ ཡུལ་འདིའི་ཆུ་ལྷ་གཉན་པོ་རྣམས༔ སྲིད་པའི་མདོས་ཆེན་འདི་བཞེས་ལ༔ མི་ནད་ཕྱུགས་ནད་དགྲ་ལ་སྒྱུར༔ རིམས་ནད་ཡམས་ནད་དགྲ་ལ་སྒྱུར༔ བཙའ་སད་སེར་གསུམ་དགྲ་ལ་སྒྱུར༔ མི་ཁ་བྲ་མཆུ་དགྲ་ལ་སྒྱུར༔ ཐན་ལྟས་ངན་


CMR039_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

པ་དགྲ་ལ་སྒྱུར༔ ཡུལ་ཕྱོགས་ལོ་གཡང་འདིར་སྡུས་ཤིག༔ མི་གཡང་ཟས་གཡང་ནོར་གཡང་རྣམས༔ གཡང་རྫས་འདི་ལ་ཐིམ་པར་ཁུག༔ ཨ་པ་དུ་ཡ་ཛ་ཁུག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོཿ ས་བདག་དབང་ཆེན་འཁོར་བཅས་རྣམས༔ སྲིད་པའི་མདོས་ཆེན་འདི་བཞེས་ལ༔ མི་ནད་ཕྱུགས་ནད་དགྲ་ལ་སྒྱུར༔ རིམས་ནད་ཡམས་ནད་དགྲ་ལ་སྒྱུར༔ བཙའ་སད་སེར་གསུམ་དགྲ་ལ་སྒྱུར༔ མི་ཁ་བྲ་མཆུ་དགྲ་ལ་སྒྱུར༔ ཐན་ལྟས་ངན་པ་དགྲ་ལ་སྒྱུར༔ ཡུལ་ཕྱོགས་ལོ་གཡང་འདིར་སྡུས་ཤིག༔ མི་གཡང་ཟས་གཡང་ནོར་གཡང་རྣམས༔ གཡང་རྫས་འདི་ལ་ཐིམ་པར་ཁུག༔ ཨ་བྷཾ་མ་ཧཱ་དེ་ཝ་ས་མ་ཡ་ཛམ་ཁུག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོཿ ནད་བདག་འབྱུང་པོ་ཕོ་མོ་རྣམས་སྲིད་པའི་མདོས་ཆེན་འདི་བཞེས་ལ༔ མི་ནད་ཕྱུགས་ནད་དགྲ་ལ་སྒྱུར༔ རིམས་ནད་ཡམས་ནད་དགྲ་ལ་སྒྱུར༔ བཙའ་སད་སེར་གསུམ་དགྲ་ལ་སྒྱུར༔ མི་ཁ་བྲ་མཆུ་དགྲ་ལ་སྒྱུར༔ ཐན་ལྟས་ངན་པ་དགྲ་ལ་སྒྱུར༔ ཡུལ་ཕྱོགས་ལོ་གཡང་འདིར་སྡུས་ཤིག༔ མི་གཡང་ཟས་གཡང་ནོར་གཡང་རྣམས༔ གཡང་རྫས་འདི་ལ་


CMR039_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་པར་ཁུག༔ ཨོཾ་བྷྱོ་ཧཱ་ཧེ་ཛཿཁུག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ནས་བརྒྱད་པ་རྩང་འབུལ་བ་ནི༔ བྷྱོ་བྷྱོ་བྷྱོཿ བཀྲ་ཤིས་ཚེ་རིང་མཆེད་ལྔ་དང་༔ མ་གཅིག་ལྷ་མོ་དུད་སོལ་མ༔ བོད་སྐྱོང་བརྟན་མ་བཅུ་གཉིས་དང་༔ ལྷ་མོ་ཨེ་ཀ་ཛཱ་ཊི་དང་དབང་ཕྱུག་སྡེ་བརྒྱད་ཡང་འཁོར་བཅས༔ ཐམས་ཅད་བཞུགས་པའི་སྤྱན་ལམ་དུ༔ དྲག་པོའི་རྩང་དམར་ཉི་ཤུ་བརྒྱད༔ ཡར་རྩེ་བསྐལ་པའི་མེ་དཔུང་འབར༔ དམར་པོ་བཙན་གྱི་རྟ་རྒྱུག་ཤ་ར་ར༔ མར་རྩེ་བསྐལ་པའི་མུན་ནག་འཐིབ༔ བདུད་དམག་བྲོ་བརྡུང་ཁྲིགས་སེ་ཁྲིག༔ རྐེད་པར་དབང་ཕྱུག་ཕོ་བྲང་བཅས༔ མ་ཚོགས་དབང་ཕྱུག་མཉེས་པའི་རྫས༔ མཉེས་པའི་རྫས་ཀྱིས་ཐུགས་དམ་བསྐང་༔ ཆོག་ཆེན་ཉམས་ང་བཟློག་ཏུ་གསོལ༔ མི་ཁ་བྲ་མཆུ་བཟློག་ཏུ་གསོལ༔ བཙའ་སད་སེར་བ་འབུ་སྲིན་བཟློག་ཏུ་གསོལ༔ གོད་འདྲེ་ཐན་ལྟས་ངན་པ་བཟློག་ཏུ་གསོལ༔ གདོན་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག་ཏུ་གསོལ༔ གློ་བུར་ཉི་ཤུ་རྩ་གཅིག་བཟློག་ཏུ་གསོལ༔ རྐྱེན་ངན་ཉི་ཁྲི་ཆིག་སྟོང་བཟློག་ཏུ་གསོལ༔ དེ་ནས་ཤིང་བཀྲ་དང་ནམ་མཁའ་བསྔོ་བ་ནི༔ བྷྱོཿ ཇོ་མོ་བཀྲ་ཤིས་


CMR039_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་རིང་མ༔ མ་གཅིག་ལྷ་མོ་དུད་སོལ་མ་སྔགས་སྲུང་ཨེ་ཀ་ཙ་ཏི་མ༔ དབུས་ཕྱོགས་གཙོ་མོ་མ་མོ་འབུམ༔ སྡེ་བརྒྱད་གཟའ་དང་ཐེའུ་རང་དང་༔ སྟེང་ཕྱོགས་གདོན་བགེགས་ཐམས་ཅད་ལ༔ མཐུན་རྫས་ནམ་མཁའ་རྩིབས་དྲུག་ལྡན༔ ལྷབ་ལྷུབ་དར་གྱི་ཅོད་པན་དང་༔ འཕྲུལ་གྱི་མདའ་བཀྲ་ཕོ་ཡི་གླུད༔ གཅིག་ལས་བརྒྱ་སྟོང་འབུམ་ཕྲག་འཕྲོ༔ འཕྲུལ་གྱི་འཕང་བཀྲ་མོ་ཡི་གླུད༔ གཅིག་ལས་བརྒྱ་སྟོང་འབུམ་ཕྲག་འཕྲོ༔ རྒྱང་བུ་བྱང་དམར་ཁྲམ་ཤིང་དང་༔ འཁོར་བ་རྩད་གཅོད་རུ་མཚོན་དང་༔ ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས༔ རེ་རེ་བརྒྱ་སྟོང་འོད་ཟེར་འཕྲོ༔ མ་མོ་མཁའ་འགྲོ་ཁྱེད་རྣམས་ཀྱི༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ མི་ནད་ནོར་ནད་ལོ་ནད་ཟློག༔ མི་ཁ་ངན་གདོན་རིགས་ཟློག༔ བྷྱོ༔ ཨ་ཕྱི་ལྷ་མོ་མཐིང་གི་ཞལ་བཟང་མ༔ ཀོང་བཙུན་དེ་མོ་རྡོ་རྗེ་གཡུ་སྒྲོན་མ༔ བཙན་ལ་རོལ་པའི་རྡོ་རྗེ་སྨན་གཅིག་མ༔ གཡུ་ཡི་དྲིལ་བུ་རྡོ་རྗེ་གཟུགས་ལེགས་མ༔ སྨན་བཙུན་ཨུག་ཆོས་རྡོ་རྗེ་གཡར་མོ་བསིལ༔ ཤར་ཕྱོགས་དབང་ཕྱུག་མ་མོ་དྲུག༔ སྡེ་བརྒྱད་ལྷ་དང་རྒྱལ་པོ་ཆེ༔ ཤར་ཕྱོགས་གནས་པའི་གདོན་


CMR039_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་རྣམས༔ མཐུན་རྫས་ནམ་མཁའ་དཀར་པོ་ལྔ༔ ཁྱེད་རྣམས་ཞལ་དང་གཉིས་སུ་མེད༔ བདུད་བཞི་ལས་རྒྱལ་རྒྱལ་མཚན་ལྔ༔ ཁྱེད་རྣམས་སྐུ་དང་གཉིས་སུ་མེད༔ རིན་ཆེན་རྒྱན་ལྡན་རྒྱང་བུ་ལྔ༔ ཁྱེད་རྣམས་གསུང་དང་གཉིས་སུ་མེད༔ འཁོར་བའི་གཡུལ་བཟློག་རུ་མཚོན་ལཿ༔ ཁྱེད་རྣམས་ཐུགས་དང་གཉིས་སུ་མེད༔ གཉིས་མེད་དོན་རྟོགས་ཕྱག་རྒྱ་ཆེ༔ ཁྱེད་རྣམས་ཐུགས་དམ་བསྐང་གྱུར་ཅིག༔ ཐབས་མཆོག་སྟག་པའི་ཕོ་ཏང་དང་འཕྲུལ་གྱི་མདའ་བཀྲ་སྒོ་སྒྲོན་མདེལ་གྱིས་མཐུད༔ ཁྱེད་རྣམས་སྐུ་མཉེན་མཐུན་པའི་རྫས༔ སྐྱེས་པ་ཕོ་ཡི་གླུད་དུ་འབུལ༔ ཤེས་རབ་གླང་མའི་མོ་ཐང་དང་༔ འཕྲུལ་གྱི་འཕང་བཀྲ་རིན་ཆེན་བརྒྱན༔ དེ་དག་ཁྱེད་རྣམས་དགྱེས་སྡེ་དང་༔ མཐུན་པའི་རྫ་ས་སུ་འབུལ་བར་བགྱི༔ སྐུ་གླུད་མཐུན་རྫས་འདི་དག་གིས༔ ཁྱེད་རྣམས་ཐུགས་དམ་བསྐང་གྱུར་ཅིག༔ མི་ནད་ནོར་ནད་ལོ་ནད་ཟློག༔ མི་ཁ་ལྟས་ངན་གདོན་རིགས་ཟློག༔ བྷྱོཿ ཨ་ཕྱི་ལྷ་མོ་མི་གཡོ་བློ་བཟང་མ༔ གངས་དཀར་ཤ་མེད་རྡོ་རྗེ་གཡུ་སྒྲོན་མ༔ ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ༔ གཏེར་ཆེན་མཁའ་


CMR039_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ལྡིང་རྡོ་རྗེ་ཀླུ་མོ་རྒྱལ༔ རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ༔ ལྷོ་ཕྱོགས་དབང་ཕྱུག་མ་མོ་དྲུག༔ སྡེ་བརྒྱད་གཤིན་རྗེ་མ་མོ་རྒྱལ༔ ལྷོ་ཕྱོགས་གནས་པའི་གདོན་བགེགས་རྣམས༔ མཐུན་རྫས་ནམ་མཁའ་སེར་པོ་ལྗ༔ ཁྱེད་རྣམས་ཞལ་དང་གཉིས་སུ་མེད༔ བདུད་བཞི་ལས་རྒྱལ་རྒྱལ་མཚན་ལྔ༔ ཁྱེད་རྣམས་སྐུ་དང་གཉིས་སུ་མེད༔ རིན་ཆེན་རྒྱན་ལྡན་རྒྱང་བུ་ལྔ༔ ཁྱེད་རྣམས་གསུང་དང་གཉིས་སུ་མེད༔ འཁོར་བའི་གཡུལ་བཟློག་རུ་མཚོན་ལྔ༔ ཁྱེད་རྣམས་ཐུགས་དང་གཉིས་སུ་མེད༔ གཉིས་མེད་དོན་རྟོགས་ཕྱག་རྒྱ་ཆེ༔ ཁྱེད་རྣམས་ཐུགས་དམ་བསྐང་གྱུར་ཅིག༔ ཐབས་མཆོག་སྟག་པའི་ཕོ་ཏང་དང་འཕྲུལ་གྱི་མདའ་བཀྲ་སྒོ་སྒྲོན་མདེལ་གྱིས་མཐུད༔ ཁྱེད་རྣམས་སྐུ་གཉན་མཐུན་པའི་རྫས༔ སྐྱེས་པ་ཕོ་ཡི་གླུད་དུ་འབུལ༔ ཤེས་རབ་གླང་མའི་མོ་ཐང་དང་༔ འཕྲུལ་གྱི་འཕང་བཀྲ་རིན་ཆེན་བརྒྱན༔ དེ་དག་ཁྱེད་རྣམས་དགྱེས་སྡེ་དང་༔ མཐུན་པའི་རྫས་སུ་འབུལ་བར་བགྱི༔ སྐུ་གླུད་མཐུན་རྫས་འདི་དག་གིས༔ ཁྱེད་རྣམས་ཐུགས་དམ་བསྐང་གྱུར་ཅིག༔ མི་ནད་ནོར་ནད་ལོ་ནད་ཟློག༔ མི་ཁ་ལྟས་ངན་གདོན་རིགས་ཟློག༔ བྷྱོཿ


CMR039_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཕྱི་ལྷ་མོ་གཏད་དཀར་འགྲོས་བཟང་མ༔ བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ༔ དཔལ་ལྡན་ཧ་རི་རྡོ་རྗེ་ཡ་མ་སྐྱོང་༔ གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང་འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ༔ ནུབ་ཕྱོགས་དབང་ཕྱུག་མ་དྲུག་དང་༔ སྡེ་བརྒྱད་བཙན་དང་བདུད་ཀྱི་རྒྱལ་ནུབ་ཕྱོགས་གདོན་བགེགས་ཚོགས་རྣམས་ལ༔ མཐུན་རྫས་ནམ་མཁའ་དམར་པོ་ལ༔ ཁྱེད་རྣམས་ཞལ་དང་གཉིས་སུ་མེད༔ བདུད་བཞི་ལས་རྒྱལ་རྒྱལ་མཚན་ལཿ་ཁྱེད་རྣམས་སྐུ་དང་གཉིས་སུ་མེད༔ རིན་ཆེན་རྒྱན་ལྡན་རྒྱང་བུ་ལྔ༔ ཁྱེད་རྣམས་གསུང་དང་གཉིས་སུ་མེད༔ འཁོར་བའི་གཡུལ་བཟློག་རུ་མཚོན་ལྔ༔ ཁྱེད་རྣམས་ཐུགས་དང་གཉིས་སུ་མེད༔ གཉིས་མེད་དོན་རྟོགས་ཕྱག་རྒྱ་ཆེ༔ ཁྱེད་རྣམས་ཐུགས་དམ་བསྐང་གྱུར་ཅིག༔ ཐབས་མཆོག་སྟག་པའི་ཕོ་ཏང་དང་འཕྲུལ་གྱི་མདའ་བཀྲ་སྒོ་སྒྲོན་མདེལ་གྱིས་མཐུད༔ ཁྱེད་རྣམས་སྐུ་གཉན་མཐུན་པའི་རྫས༔ སྐྱེས་པ་ཕོ་ཡི་གླུད་དུ་འབུལ༔ ཤེས་རབ་གླང་མའི་ཕོ་ཐང་དང་འཕྲུལ་གྱི་འཕང་བཀྲ་རིན་ཆེན་བརྒྱན༔ དེ་དག་ཁྱེད་རྣམས་དགྱེས་སྡེ་དང་༔ མཐུན་པའི་རྫས་


CMR039_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འབུལ་བར་བགྱི༔ སྐུ་གླུད་མཐུན་རྫས་འདི་དག་གིས༔ ཁྱེད་རྣམས་ཐུགས་དམ་བསྐང་གྱུར་ཅིག༔ མི་ནད་ནོར་ནད་ལོ་ནད་ཟློག༔ མི་ཁ་ལྟས་ངན་གདོན་རིགས་ཟློག༔ བྷྱོཿ ཨ་ཕྱི་ལྷ་མོ་ཅོད་པན་མགྲིན་བཟང་མ༔ དབང་ཕྱུག་གཙོ་མོ་སྲིན་མོ་གཡག་གདོང་མ༔ རྡོ་རྗེ་སེར་མོ་དོམ་གདོང་མ༔ དགའ་བ་དམར་མོ་བྱ་རྒོད་གདོང་༔ གསོད་བྱེད་ལྗང་ནག་སྤྱང་མོའི་གདོང་༔ བྱང་ཕྱོགས་དབང་ཕྱུག་མ་མོ་དྲུག༔ སྡེ་བརྒྱད་གནོད་སྦྱིན་ཀླུ་ཡི་རྒྱལ༔ བྱང་ཕྱོགས་གནས་པའི་གདོན་བགེགས་རྣམས༔ མཐུན་རྫས་ནམ་མཁའ་རྒྱང་བུ་ལྔ༔ ཁྱེད་རྣམས་ཞལ་དང་གཉིས་སུ་མེད༔ བདུད་བཞི་ལས་རྒྱལ་རྒྱལ་མཚན་ལྔ༔ ཁྱེད་རྣམས་སྐུ་དང་གཉིས་སུ་མེད༔ རིན་ཆེན་རྒྱན་ལྡན་རྒྱང་བུ་ལ༔ ཁྱེད་རྣམས་*གསུང་དང་གཉིས་སུ་མེད༔ འཁོར་བའི་གཡུལ་བཟློག་རུ་མཚོན་ལྔ༔ ཁྱེད་རྣམས་ཐུགས་དང་གཉིས་སུ་མེད༔ གཉིས་མེད་དོན་རྟོགས་ཕྱག་རྒྱ་ཆེ༔ ཁྱེད་རྣམས་ཐུགས་དམ་བསྐང་གྱུར་ཅིག༔ ཐབས་མཆོག་སྟག་པའི་ཕོ་ཏང་དང་༔ འཕྲུལ་གྱི་མདའ་བཀྲ་སྒོ་སྒྲོན་མདེལ་གྱིས་མཐུད༔ ཁྱེད་རྣམས་སྐུ་གཉན་མཐུན་པའི་རྫ་ས༔ སྐྱེས་པ་ཕོ་ཡི་གླུད་དུ་


CMR039_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ༔ ཤེས་རབ་གླང་མའི་མོ་ཐང་དང་༔ འཕྲུལ་གྱི་འཕོང་བཀྲ་རིན་ཆེན་བརྒྱན༔ དེ་དག་ཁྱེད་རྣམས་དགྱེས་སྡེ་དང་༔ མཐུན་པའི་རྫ་ས་སུ་འབུལ་བར་བགྱི༔ སྐུ་གླུད་མཐུན་རྫས་འདི་དག་གིས༔ ཁྱེད་རྣམས་ཐུགས་དམ་བསྐང་གྱུར་ཅིག༔ མི་ནད་ནོར་ནད་ལོ་ནད་ཟློག༔ མི་ཁ་ལྟས་ངན་གདོན་རིགས་ཟློག༔ དེ་ནས་བཅུ་པ་གླུད་ཡས་འབུལ་ཟེར་བ་ལྷ་མོ་ཨ་ཕྱི་རྣམས༔ ཡས་གླུད་གཙང་མ་མ་གཏོགས་མི་བཞེས་པས་གོང་ལྟར་ཡས་གླུད་ཆངས་བུ་རྣམས་གཙང་མར་བྲན་ལ་འདི་སྐད་དོ༔ ཧཱུྃ་བྷྱོཿ ཨ་ཕྱི་ལྷ་མོ་བོད་སྐྱོང་བརྟན་མ་ལ༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི༔ སྐུ་གླུད་རིན་ཆེན་མི་བོ་ར༔ ལུང་ཐེང་མིག་ལ་མགྲོན་བུའི་སོ༔ སྦལ་ཟེར་སྐུ་ལ་མཚལ་གྱི་ཁྲག༔ དུང་གི་རུས་ལ་དཔྲལ་བའི་ཚིལ༔ ཞོ་ཤའི་སྙིང་ལ་ཟངས་ལྕགས་རྐང་༔ ཐུགས་ལ་མཛེས་པའི་ལྷ་ཕྲུག་འདྲ༔ ཡོན་བདག་འདི་ཡི་གླུད་དུ་འབུལ༔ བཟུང་བ་ཐོངས་ལ་མནན་པ་ཁྱོག༔ བཅིངས་པ་བཀྲོལ་ལ་ན་བ་གསོས༔ ཆད་པ་པ་ལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ བ་དཀར་བིལ་ཁྲ་ཁམ་པ་དང་༔ རོག་པོ་ལ་སོགས་ནོར་གླད་འབུལ༔ བཞེས་ནས་རྟ་ནོར་གོད་ཁ་ཟློག༔ བྷྱོཿ བཙའ་སད་སེར་


CMR039_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བདག་པོ་རྣམས༔ ཞིང་གླུད་ནས་ཁལ་སྟོང་སྟོང་འབུལ༔ སོག་མ་རྒྱང་བུ་སྙེ་མ་འབུལ༔ རྩམ་པ་ཡོས་རྡོག་བཟའ་བ་འབུལ༔ ཆང་སྐྱར་ལ་སོགས་བཏུང་བ་འབུལ༔ བཞེས་ནས་བཙའ་སད་སེར་གསུམ་ཟློག༔ བྷྱོཿ མི་ཁའི་བུ་མོ་བ་རུ་མ༔ ཚ་ཡོས་རམ་པ་རུག་པ་དང་༔ ཤ་རུ་དགོ་རུ་གཙོད་རུ་དང་༔ རྟ་མིག་ཁྱི་ཐོད་ཕག་ཤ་དང་༔ རུས་སྣ་ལ་སོགས་ཁྱོད་ལ་སྤྲིན༔ བདག་ཅག་ཡོན་མཆོད་འཁོར་བཅས་ལ༔ བརྒྱ་ཡི་མི་ཁ་ཁྱོད་ཀྱིས་ཟློག༔ སྒྱུ་སྡེ་དཔའ་ཆིས་གཟུགས་བཟང་དང་༔ མོ་བཙུན་བཙལ་བའི་མི་ཁ་རྣམས༔ ཐམས་ཅད་ཟོ་ལ་ཐམས་ཅད་ཟློག༔ ཐམས་ཅད་ཁོ་རང་རང་ལ་ཟློག༔ བྷྱོ་བྷྱོ་བྷྱོཿ ཟློག་ཟློག་ཟློག་ཟློག༔ བྷྱོཿ སྡེ་བརྒྱད་རྒྱལ་པོ་ཆྒཻ་་མོ༔ ཐན་བདག་བཅས་པ་ཐམས་ཅད་ལ༔ ཐན་གཟུགས་ཐན་རྫས་སྣ་ཚོགས་འབུལ༔ གཟུགས་ཅན་གཟུགས་མེད་ལྟས་ངན་ཟློག༔ ༈ ཐན་ལ་རིའི་ས་རྡོ་ཐན་ཟོག་མི་རྟ་ར་ལུག་གཟུགས་ཅན་དང་གཟུགས་མེད་ལ་སོགས་པའི་ཐན་ཤི་ཤ་ས་རྡོ་དངོས་མེད་དང་དངོས་ཡོད་ལ་ཁོ་རང་གང་ཡིན་གྱི་གཟུགས་འབྲུ་སྣ་ལ་གདབ་ཟེར་བ་མཆན། ཐམས་ཅད་རང་བྱས་རང་གིས་བསྡུས༔ ཐན་དང་ལྟས་ངན་དགྲ་ལ་ཟློག༔ ཟློག་ཅིག་སྒྱུར་ཅིག་


CMR039_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

བྷྱོ་བྷྱོ་ཟློག༔ ཅེས་ངར་གླུད་ཁ་ཁ་ན་ཡོད་པས་དེ་ཡང་འདིར་གདོན་ཁྲོལ་འདོན་པ་ནི༔ ཨོཾ༔ གུ་རུ་དེ་ཝ་དྷཀྐི་ནཱི༔ པདྨ་འབྱུང་གནས་སྐུ་ལ་ཕྱག་འཚལ་ལོ༔ འདི་ལྟར་བྱས་པའི་ཕན་ཡོན་ནི༔ ནད་པ་ནད་ལས་ཐར་བ་དང་༔ གདོན་ཅན་གདོན་ལས་གྲོལ་བར་འགྱུར༔ སུན་མའི་གདོན་དང་སྡེ་བརྒྱད་གདོན༔ ཁྱད་པར་གཟའ་གདོན་འདི་ལས་ལྷག་པ་མེད༔ བཅས་ངོར་མི་དཀར་སེར་དམར་ལྗང་སྔོན་པོ་བཞི་བྱས་ནས་ང་རྒྱལ་དྲག་པོས་བརྗོད༔ ཧཱུྃ༔ ང་ནི་པདྨ་འབྱུང་གནས་ཡིན༔ གཟའ་བདུད་ལྷ་དང་གཤིན་རྗེ་དང་༔ ཐེའུ་རང་མ་མོ་ཀླུ་དང་བཙན༔ གནོད་སྦྱིན་རྒྱལ་པོ་ལ་སོགས་པའི༔ སྡེ་བརྒྱད་གཙོ་འཁོར་མ་ལུས་དང་༔ མཁའ་འགྲོའི་སུན་མ་ཐམས་ཅད་དང་༔ ཡོན་བདག་འདི་ལ་གནོད་བྱེད་རྣམས༔ མ་ཐོགས་གནས་འདིར་དམ་ལ་འདུས། གླུད་ཡས་འདི་ལ་གཤེགས་སུ་གསོལ༔ རང་རང་དགྱེས་པའི་གདན་ལ་བཞུགས༔ དགྱེས་པའི་གླུད་ཡས་བཞེས་སུ་གསོལ༔ ཧཱུྃ༔ ཤར་ཕྱོགས་འབྱུང་བ་ཤིང་ཁམས་ནས༔ ལོ་ལྷ་སྟག་དང་ཡོས་བུ་དང་༔ སྤར་ཁ་ཟིན་དང་སྨེ་བ་བཞི་ལྗང་དང་༔ གཟའ་ཆེན་ཕུར་བུ་ལ་སོགས་པའི༔ སྡེ་བརྒྱད་ལྷ་ཡི་རྒྱལ་པོ་དང་༔ རྡོ་རྗེ་མཁའ་འགྲོའི་སུན་མ་དང་༔ ཡོན་


CMR039_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

བདག་འདི་ལ་གནོད་བྱེད་རྣམས༔ སྐུ་གླུད་ངར་གྱི་མི་བོ་ཆེ༔ ཁོག་སྟོད་གསེར་ལ་ཁོག་སྨད་དངུལ༔ སྐེད་པ་མཆོང་ལ་ལུང་ཐང་མིག༔ མགྲོན་བུའི་སོ་ལ་ཞོ་ཤའི་སྙིང་༔ སྦལ་ཟེར་སྐུ་ལ་མཚལ་གྱི་ཁྲག༔ དུང་གི་རུས་ལ་སྐུ་ཡི་ཚིལ༔ གཟུགས་མཛེས་ལྷ་ཡི་བུ་ཕོ་འདྲ༔ ཡོན་བདག་སྐུ་ཡི་གླུད་དུ་འབུལ༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམ་པ་གློད་ལ་མནན་པ་ཁྱོག༔ སྤར་ཁའི་དགྲ་གཤེད་སྨེ་བའི་སྐག༔ ལོ་སྐག་སྡེ་བརྒྱད་གནོད་པ་ཟློག༔ མ་མོ་མཁའ་འགྲོའི་སུན་མ་ཟློག༔ ཧཱུྃ༔ ལྷོ་ཕྱོགས་འབྱུང་བ་མེ་མཁར་ནས༔ ལོ་ལྷ་རྟ་དང་སྦྲུལ་གྱི་གཟུགས༔ སྤར་ཁ་ལི་དང་སྨེ་བ་དགུ་དམར་དང་༔ སྨེ་བ་དགུ་དམར་དང་༔ གཟའ་རྒོད་དྲག་པོ་མིག་དམར་དང་༔ གཟའ་རྒོད་དྲག་པོ་མིག་དམར་དང་༔ སྡེ་བརྒྱད་གཤིན་རྗེའི་རྒྱལ་པོ་དང་ཟླ་རིན་ཆེན་མཁའ་འགྲོའི་སུན་མ་དང་༔ ཡོན་བདག་འདི་ལ་གནོད་བྱེད་རྣམས༔ སྐུ་གླུད་ངར་གྱི་མི་བོ་ཆེ༔ ཁོག་སྟོད་གསེར་ལ་ཁོག་སྨད་དངུལ༔ སྐེད་པ་མཆོང་ལ་ལུང་ཐང་མིག༔ མགྲོན་བུའི་སོ་ལ་ཞོ་ཤའི་སྙིང་༔ སྦལ་ཟེར་སྐུ་ལ་མཚལ་གྱི་ཁྲག༔ དུང་གི་རུས་ལ་ས་ཡི་ཚིལ༔ གཟུགས་མཛེས་ལྷ་ཡི་བུ་ཕོ་འདྲ༔ ཡོན་བདག་སྐུ་ཡི་གླུད་དུ་འབུལ༔ བཟུང་བ་


CMR039_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཐོངས་ལ་བཅིངས་པ་ཁྲོལ༔ བསྡམ་པ་གློད་ལ་མནན་པ་ཁྱོག༔ སྤར་ཁའི་དགྲ་གཤེད་སྨེ་བའི་སྐག་ལོ་སྐག་སྡེ་བརྒྱད་གནོད་པ་ཟློག ། མ་མོ་མཁའ་འགྲོའི་སུན་མ་ཟློག༔ ཧཱུྃ༔ ནུབ་ཕྱོགས་འབྱུང་བ་ལྕགས་མཁར་ནས༔ ལོ་ལྷ་བྱ་དང་སྤྲེལ་གྱི་གཟུགས༔ སྤར་ཁ་དྭ་དང་སྨེ་བ་བདུན་དམར་དང་། གཟའ་རྒོད་དྲག་པོ་ལྷག་པ་དང་༔ སྡེ་བརྒྱད་བཙན་གྱི་རྒྱལ་པོ་དང་༔ པདྨ་མཁའ་འགྲོའི་སུན་མ་དང་༔ ཡོན་བདག་འདི་ལ་གནོད་བྱེད་རྣམས༔ སྐུ་གླུད་ངར་གྱི་མི་བོ་ཆེ༔ ཁོག་སྟོད་གསེར་ལ་ཁོག་སྨད་དངུལ༔ སྐེད་པ་མཆོང་ལ་ལུང་ཐང་མིག༔ མགྲོན་བུའི་སོ་ལ་ཞོ་ཤའི་སྙིང་༔ སྦལ་ཟེར་སྐུ་ལ་མཚལ་གྱི་ཁྲག༔ དུང་གི་རུས་ལ་སྒྲ་ཡི་ཚིལ༔ གཟུགས་མཛེས་ལྷ་ཡི་བུ་ཕོ་འདྲ༔ ཡོན་བདག་སྐུ་ཡི་གླུད་དུ་འབུལ༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམ་པ་གློད་ལ་མནན་པ་ཁྱོག༔ སྤར་ཁའི་དགྲ་གཤེད་སྨེ་བའི་སྐག༔ ལོ་སྐག་སྡེ་བརྒྱད་གནོད་པ་ཟློག༔ མ་མོ་མཁའ་འགྲོའི་སུན་མ་ཟློག༔ ཧཱུྃ༔ བྱང་ཕྱོགས་ཆུ་ཡི་མཁར་ནང་ནས༔ ལོ་ལྷ་ཕག་དང་བྱི་བའི་ལོ༔ སྤར་ཁ་ཁམས་དང་སྨེ་བ་གཅིག་དཀར་དང་༔


CMR039_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

གཟའ་རྒོད་དྲག་པོ་ཟླ་བ་དང་༔ ལས་ཀྱི་མཁའ་འགྲོའི་སུན་མ་དང་༔ ཡོན་བདག་འདི་ལ་གནོད་བྱེད་རྣམས༔ སྐུ་གླུད་ངར་གྱི་མི་བོ་ཆེ༔ ཁོག་སྟོད་གསེར་ལ་ཁོག་སྨད་དངུལ༔ སྐེད་པ་མཆོང་ལ་ལུང་ཐང་མིག༔ མགྲོན་བུའི་སོ་ལ་ཞོ་ཤའི་སྙིང་༔ སྦལ་ཟེར་སྐུ་ལ་མཚལ་གྱི་ཁྲབག༔ དུང་གི་རུས་ལ་སྐུ་ཡི་ཚིལ༔ གཟུགས་མཛེས་ལྷ་ཡི་བུ་ཕོ་འདྲ༔ ཡོན་བདག་སྐུ་ཡི་གླུད་དུ་འབུལ༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམ་པ་གློད་ལ་མནན་པ་ཁྱོག༔ སྤར་ཁའི་དགྲ་གཤེད་སྨེ་བའི་སྐག༔ ལོ་སྐག་སྡེ་བརྒྱད་གནོད་པ་ཟློག༔ མ་མོ་མཁའ་འགྲོའི་སུན་མ་ཟློག༔ ཧཱུྃ༔ སྟེང་ཕྱོགས་འབྱུང་བ་ནམ་མཁའ་ནས༔ ལོ་ལྷ་ལོ་རྒན་དྲུག་ཅུ་དང་༔ སྤར་ཁ་བརྒྱད་དང་སྨེ་བ་ལྔ་སེར་དང་༔ གཟའ་རྒོད་དྲག་པོ་རཱ་ཧུ་ལ༔ སྡེ་བརྒྱད་གཟའ་ཡི་རྒྱལ་པོ་དང་༔ སངས་རྒྱས་མཁའ་འགྲོའི་སུན་མ་དང་༔ ཡོན་བདག་འདི་ལ་གནོད་བྱེད་རྣམས༔ སྐུ་གླུད་ངར་གྱི་མི་བོ་ཆེ༔ ཁོག་སྟོད་གསེར་ལ་ཁོག་སྨད་དངུལ༔ སྐེད་པ་མཆོང་ལ་ལུང་ཐང་མིག༔ མགྲོན་བུའི་སོ་ལ་ཞོ་ཤའི་སྙིང་༔ སྦལ་ཟེར་སྐུ་ལ་མཚལ་གྱི་ཁྲག༔ དུང་གི་རུས་ལ་སྐུ་ཡི་ཚིལ༔


CMR039_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་མཛེས་ལྷ་ཡི་བུ་ཕོ་འདྲ༔ ཡོན་བདག་སྐུ་ཡི་གླུད་དུ་འབུལ༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམ་པ་ཀློད་ལ་མནན་པ་ཁྱོག༔ སྤར་ཁའི་དགྲ་གཤེད་སྨེ་བའི་སྐག༔ ལོ་སྐག་སྡེ་བརྒྱད་གནོད་པ་ཟློག༔ མ་མོ་མཁའ་འགྲོའི་སུན་མ་ཟློག༔ ཧཱུྃ༔ མཚམས་བཞིར་ས་ཡི་མཁར་ནང་ནས༔ ལོ་ལྷ་ཁྱི་འབྲུག་གླང་ལུག་བཞི༔ སྤར་ཁ་ཁེན་ཁོན་གིན་ཟོན་བཞི༔ སྨེ་བ་གཉིས་ནག་བརྒྱད་དཀར་དང་༔ སུམ་མཐིང་དྲུག་དཀར་ལ་སོགས་དང་༔ གཟའ་རྒོད་དྲག་པོ་ཉི་མ་དང་༔ པ་སངས་སྤེན་པ་སྒྲ་གཅན་འཛིན༔ སྡེ་བརྒྱད་མ་མོ་བདུད་ཀླུ་རྒྱལ་པོ་དང་༔ ཤུགས་འགྲོ་ལྔ་ཡི་སུན་མ་དང་༔ ཡོན་བདག་འདི་ལ་གནོད་བྱེད་རྣམས༔ སྐུ་གླུད་ངར་གྱི་མི་བོ་ཆེ༔ ཁོག་སྟོད་གསེར་ལ་ཁོག་སྨད་དངུལ༔ སྐེད་པ་མཆོང་ལ་ལུང་ཐང་མིག༔ མགྲོན་བུའི་སོ་ལ་ཞོ་ཤའི་སྙིང་༔ སྦལ་ཟེར་སྐུ་ལ་མཚལ་གྱི་ཁྲག༔ དུང་གི་རུས་ལ་སྐུ་ཡི་ཚིལ༔ གཟུགས་མཛེས་ལྷ་ཡི་བུ་ཕོ་འདྲ༔ ཡོན་བདག་སྐུ་ཡི་གླུད་དུ་འབུལ༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམ་པ་གློད་ལ་མནན་པ་ཁྱོག༔ སྤར་ཁའི་དགྲ་གཤེད་སྨེ་བའི་སྐག༔ ལོ་སྐག་སྡེ་


CMR039_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་གནོད་པ་ཟློག༔ མ་མོ་མཁའ་འགྲོའི་སུན་མ་ཟློག༔ ཤཾ་མཾ་ཙ་ཚ་ནཾ༔ ཞེས་ཚར་གསུམ་བརྗོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ གུ་ཧྱ༔ མཉཤ།མར ཅེས་པ་འདི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་བྱ་ལོ་ནག་པ་ཟླ་བའི་ཚེས་བརྒྱད་ལ་གུ་རུ་ཉི་མ་འོད་ཟེར་གྱིས་དངོས་སུ་གསུངས་སོ༔ འདི་ནི་འདིར་འདོན་དགོས་པས་བྲིས་པ་ཡིན༔ བརྟན་མའི་མདོས་ལ་ཡོད་པ་མ་ཡིན་ལགས༔ ༈ །དེ་ནས་བཅུ་གཅིག་པ་བསྟོད་ཅིང་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ་བྷྱོ་བྷྱོ༔ གངས་དཀར་མཐོན་མཐིང་ཉི་མགུལ་ནས༔ ཇོ་མོ་བཀྲ་ཤིས་ཚེ་རིང་མ༔ སྐུ་མདོག་དཀར་པོ་དར་དཀར་གསོལ༔ ཕྱག་ན་རྡོ་རྗེ་ཚེ་བུམ་བསྣམས༔ ཆིབས་སུ་སེང་གེ་དཀར་མོ་ཆིབས༔ ཁྱེད་ལ་ཕྱག་འཚལ་ཁྱེད་བསྟོད་དོ༔ བྷྱོཿ གསེར་གཡུ་མཛེས་པའི་ཐོད་ལྡིང་ཅན༔ མདའ་དར་བསྣམས་ནས་རྐྱང་ཆུང་ཆིབས༔ ལས་སུ་སངས་རྒྱས་བསྟན་པ་སྲུངས༔ ཟས་སུ་ཚོགས་ཀྱི་འཁོར་ལོ་བསྐོར༔ མཐིང་གི་ཞལ་བཟང་ཁྱེད་ལ་བསྟོད༔ བྱི་རུ་མཛེས་པའི་ཐོད་ལྡིང་ཅན༔ ནེའུ་རྐྱལ་བསྣམས་ནས་སྟག་ལ་ཆིབས༔ ལས་སུ་སངས་རྒྱས་བསྟན་པ་སྲུངས༔ ཟས་སུ་ཚོགས་ཀྱི་འཁོར་ལོ་བསྐོར༔ མི་གཡོ་བློ་བཟང་ཁྱེད་ལ་བསྟོད༔ གཡུ་སྒྲོན་མཛེས་པའི་ཐོད་


CMR039_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ལྡིང་ཅན༔ སྒྲོམ་བུ་བསྣམས་ནས་དུང་ཤ་ཆིབས༔ ལས་སུ་སངས་རྒྱས་བསྟན་པ་སྲུངས༔ ཟས་སུ་ཚོགས་ཀྱི་འཁོར་ལོ་བསྐོར༔ ཅོད་པན་མགྲིན་བཟང་ཁྱེད་ལ་བསྟོད༔ མུ་ཏིག་མཛེས་པའི་ཐོད་ལྡིང་ཅན༔ སྦྲུལ་ཞགས་བསྣམས་ནས་གཡུ་འབྲུག་ཆིབས༔ ལས་སུ་སངས་རྒྱས་བསྟན་པ་སྲུངས༔ ཟས་སུ་ཚོགས་ཀྱི་འཁོར་ལོ་བསྐོར༔ གཏད་དཀར་འགྲོས་བཟང་ཁྱེད་ལ་བསྟོད༔ སྔོན་ཚེ་དབེན་གནས་ལ་ཕྱི་ནས༔ ཆུ་བར་དཔལ་གྱི་ཡོངས་རྫོངས་སུ༔ མི་མཆོག་སྤྲུལ་སྐུའི་སྡེ་དཔོན་མཆོག༔ མ་ནོར་ལམ་སྟོན་ཆོས་ཀྱི་རྗེ༔ ངེས་དོན་བདུད་རྩིའི་ཆར་འབེབས་པ༔ རྗེ་བཙུན་ཆེན་པོ་སྤྲུལ་པའི་སྐུ༔ དཔལ་ལྡན་བཞེད་པ་རྡོ་རྗེ་ལ༔ མཛེས་པའི་རང་གཟུགས་རྒྱན་གྱིས་སྤྲས༔ གསང་བ་སྲོག་གི་སྙིང་པོ་ཕུལ༔ བཀའ་འབངས་བགྱིས་སོ་རྩིས་ལ་ཕབ༔ སློབ་རྒྱུད་སྤེལ་བའི་གཡར་དམ་ཅན༔ བར་ཆད་སེལ་བར་ཁས་བླངས་ཤིང་༔ དངོས་གྲུབ་སྩོལ་བར་ཞལ་གྱིས་བཞེས༔ སྒྲུབ་པ་པོ་ཡི་རྣལ་འབྱོར་ལ༔ བཀའ་སྡོད་སྲུང་མ་རྗེས་སུ་འབྲང་༔ དེ་བས་དམ་ལ་མ་འདའ་ཞིག༔ ཞལ་བཞེས་དམ་ཚིག་དྲན་པར་གྱིས༔ སྒྲུབ་པའི་དབང་ཕྱུག་


CMR039_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པའི་གཙོ༔ པད་འབྱུང་བཞེད་པ་རྡོ་རྗེ་སོགས༔ རྩ་བརྒྱུད་བླ་མའི་བཀའ་བཞིན་དུ༔ བདག་ཅག་ཡོན་མཆོད་འཁོར་བཅས་ལ༔ ཆག་ཆེན་ཉམ་ང་ཐམས་ཅད་ཟློག༔ སྤར་ཁའི་དགྲ་གཤེད་དགྲ་ལ་ཟློག༔ སྨེ་བའི་དགུ་མིག་དགྲ་ལ་ཟློག༔ ལོ་ཡི་བདུན་ཟུར་དགྲ་ལ་ཟློག༔ དབང་ཐང་པགས་པ་རལ་བ་དགྲ་ལ་ཟློག༔ ས་ཡི་རྟེན་ཕུར་ཕུད་པ་དགྲ་ལ་ཟློག༔ གནམ་གྱི་འཇུ་དག་ཆད་པ་དགྲ་ལ་ཟློག༔ ནོད་རིགས་བཞི་བརྒྱ་རྩ་བཞི་དགྲ་ལ་ཟློག༔ གདོན་རིགས་སྟོང་ཕྲག་བརྒྱད་ཅུ་དགྲ་ལ་ཟློག༔ ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་དགྲ་ལ་ཟློག༔ གློ་བུར་བརྒྱད་ཅུ་རྩ་གཅིག་དགྲ་ལ་ཟློག༔ རྐྱེན་ངན་ཉི་ཁྲི་ཆིག་སྟོང་དགྲ་ལ་ཟློག་མི་ཁ་བྲ་མཆུ་ཐམས་ཅད་དགྲ་ལ་ཟློག༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་དགྲ་ལ་ཟློག༔ ཡིད་དང་མི་མཐུན་སྣ་ཚོགས་དགྲ་ལ་ཟློག༔ བཙའ་སད་སེར་བ་འབུ་སྲིན་དགྲ་ལོ་ཟློག༔ གློ་གོར་ཧོན་གསུམ་ས་འབུ་དགྲ་ལ་ཟློག༔ ཟེར་དང་གནོད་བྱེད་ཐམས་ཅད་དགྲ་ལ་ཟློག༔ བཙན་གདོན་གོད་འདྲེ་སྤྱན་དགུ་དགྲ་ལ་ཟློག༔ བསེ་རག་དཀར་འགོང་ཟས་འགོང་དགྲ་ལ་ཟློག༔ བསེ་རིག་མི་གཅིག་སུམ་བརྒྱ་དགྲ་ལ་ཟློག༔


CMR039_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

བྱིས་པའི་གདོན་ཆེན་བཅོ་ལྔ་དགྲ་ལ་ཟློག༔ གདོན་ཆེན་ཕལ་པ་སུམ་བརྒྱ་དགྲ་ལ་ཟློག༔ གནོད་བྱེད་ལྷ་སྲིན་སྡེ་བརྒྱད་དགྲ་ལ་ཟློག༔ བྱམས་པ་གཉན་གྱིས་བགྱིས་པ་དགྲ་ལ་ཟློག༔ རྒྱལ་ཁམས་མི་ཡིས་གླེང་བ་དགྲ་ལ་ཟློག༔ ཡུལ་མི་ཁྱིམ་མཚེས་དམོད་མོ་དགྲ་ལ་ཟློག༔ གཡས་ནས་ཕོ་བརྒྱའི་མདའ་ཟོར་དགྲ་ལ་ཟློག༔ གཡོན་ན་མོ་བརྒྱའི་དུག་གཡོས་དགྲ་ལ་ཟློག༔ མདུན་ན་རྩང་བཞིན་འཛུགས་པ་དགྲ་ལ་ཟློག༔ རྒྱབ་ན་ཁྱི་བཞིན་འབྲང་བ་དགྲ་ལ་ཟློག༔ ཕོ་བདུད་དལ་ཁ་གཡས་སུ་སྒྱུར༔ མོ་བདུད་དལ་ཁ་གཡོན་དུ་སྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་སྒྱུར༔ བྷྱོ་བྷྱོསྡང་བའི་དགྲ་ལ་བྷྱོཿ ཟློག་ཟློག་དགྲ་བོའི་ཡུལ་དུ་ཟློག༔ བྷྱོ་བྷྱོ་ཟློག་ཟློག༔ བྷྱོཿ མ་གཅིག་དཔལ་ལྡན་ལྷ་མོ་དཔལ་འབར་མ༔ ཞལ་གཅིག་ཕྱག་བཞི་སྐུ་མདོག་མུན་པའི་མདོག༔ ཁ་ཊོ་རལ་གྲི་ཐོད་ཁྲག་ཤོག་ཏི་བསྣམས༔ ཧ་ཧ་ཧཱུྃ་ཕཊ༔ རྒྱོབ་སོད་འབྲུག་སྟོང་ལྡིར༔ སྐུ་སྟོད་ཞིང་ཆེན་སྐུ་སྨད་རེ་ལྡེས་བརྒྱན༔ བོང་བུ་ཆིབས་ནས་ནད་རྐྱལ་མཚོན་གྲུ་བཀལ༔ རིན་ཆེན་མཁར་བུ་རླུང་ནག་འཚུབ་དཀྱིལ་བཞུགས༔ ཡང་འཁོར་མ་མོ་ཁྲི་འབུམ་ས་ཡས་


CMR039_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར༔ མ་གཅིག་ལྷ་མོ་ཁྱེད་ལ་ཕྱག་འཚལ་བསྟོད༔ བདག་ཅག་ཡོན་མཆོད་མི་ནོར་འཁོར་བཅས་ཀྱི༔ རླུང་མཁྲིས་བད་ཀན་མི་ནད་ཡམས་ནད་ཟློག༔ འགྱུར་བུ་འདར་བུ་མི་སྡུག་ནད་རྣམས་ཟློག༔ ནོར་ནད་རྟ་ནད་ལོ་ཡི་ནད་རྣམས་ཟློག༔ བྷྱོཿ དཔལ་ལྡན་སྔགས་སྲུང་ཨེ་ཀ་ཛཱ་ཊི་མཿ ཞལ་གཅིག་སྤྱན་གཅིག་ནུ་པ།ཅིག་སྐུ་མདོག་སྔོ༔ ཕྱག་གཡས་ཞིང་དབྱུག་ལྕགས་སྤྱང་མགོ་དགུ་གཡོན༔ སྐུ་སྟོད་ཞིང་གཡང་སྐུ་སྨད་གཟིག་ལྤགས་བརྒྱན༔ བོང་བུ་སྨུག་ནག་ལ་ཆིབས་མེ་རླུང་དབུས༔ ཡང་འཁོར་སྟོབས་ལྡན་ལྷ་མོ་མང་པོས་བསྐོར༔ སྔགས་ཀྱི་སྲུང་མ་ཁྱེད་ལ་ཕྱག་འཚལ་བསྟོད༔ བདག་ཅག་ཡོན་མཆོད་མི་ནོར་འཁོར་བཅས་ཀྱི༔ རླུང་མཁྲིས་བད་ཀན་མི་ནད་ཡམས་ནད་ཟློག༔ འགྱུར་བུ་འདར་བུ་མི་སྡུག་ནད་རྣམས་ཟློག༔ ནོར་ནད་རྟ་ནད་ལོ་ཡི་ནད་རྣམས་ཟློག༔ བྷྱོཿབྷྱོཿབྷྱོཿ བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ༔ སྐུ་མདོག་མཐིང་ནག་རིན་ཆེན་རྒྱན་ཆས་བརྒྱན༔ ཆུ་སྲིན་རྒྱལ་མཚན་དང་ནི་མེ་ལོང་བསྣམས༔ འབྲུག་ལ་ཆིབས་ནས་བསྟན་པའི་བྱ་ར་མཛད༔ བྲན་དང་འཁོར་གཡོག་མང་པོའི་ཚོགས་བཅས་ལ༔ བདག་ཅག་དང་བས་ཁྱོད་ལ་


CMR039_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་བསྟོད༔ བྷྱོཿ དཔལ་ལྡན་ཧ་རི་རྡོ་རྗེ་ཡ་མ་སྐྱོངས༔ སྐུ་མདོག་མུན་ནག་རིན་ཆེན་རུས་པས་བརྒྱན༔ རྣོ་བའི་ཤང་ལང་རྡོ་རྗེའི་དབྱུག་པ་བསྣམས༔ རྐྱང་ལ་ཆིབས་ནས་བསྟན་པའི་བྱ་ར་མཛད༔ བྲན་དང་འཁོར་གཡོག་མང་པོའི་ཚོགས་བཅས་ལ༔ བདག་ཅག་དང་བས་ཁྱོད་ལ་ཕྱག་འཚལ་བསྟོད༔ བྷྱོཿ གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང་༔ སྐུ་མདོག་མཐིང་ནག་རིན་ཆེན་རྒྱན་གྱིས་མཛེས་རྡོ་རྗེ་དང་ནི་ཚེ་ཡི་བུམ་པ་བསྣམས༔ སེང་གེ་ཆིབས་ནས་བསྟན་པའི་བྱ་ར་མཛད༔ བྲན་དང་འཁོར་གཡོག་མང་པོའི་ཚོགས་བཅས་ལ༔ བདག་ཅག་དང་བས་ཁྱོད་ལ་ཕྱག་འཚལ་བསྟོད༔ བྷྱོཿ འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ༔ སྐུ་མདོག་ནག་པོ་མུན་པའི་གོ་ཟུ་ཅན༔ རུ་མཚོན་རྩེ་ལྔ་དང་ནི་ཞགས་པ་བསྣམས༔ དྲེལ་རྟ་ཆིབས་ནས་བསྟན་པའི་བྱ་ར་མཛད༔ བྲན་དང་འཁོར་གཡོག་མང་པོའི་ཚོགས་བཅས་ལ༔ བདག་ཅག་དང་བས་ཁྱོད་ལ་ཕྱག་འཚལ་བསྟོད༔ བྷྱོ༔ གངས་དཀར་ཤ་མེད་རྡོ་རྗེ་གཡུ་སྒྲོན་མ༔ སྐུ་མདོག་དཀར་མོ་དར་གྱི་ལྷབ་ལྷུབ་གསོལ༔ འཇོ་བའི་ཟོ་བ་གཏེར་གྱི་བུམ་པ་བསྣམས༔ ཤ་


CMR039_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཆིབས་ནས་བསྟན་པའི་བྱ་ར་མཛད༔ བྲན་དང་འཁོར་གཡོག་མང་པོའི་ཚོགས་བཅས་ལ༔ བདག་ཅག་དང་བས་ཁྱོད་ལ་ཕྱག་འཚལ་བསྟོད༔ བྷྱོཿ ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ༔ སྐུ་མདོག་དཀར་མོ་རྨ་བྱའི་ཐུལ་པ་གསོལ༔ ཌ་མ་རུ་དང་གསལ་བའི་མེ་ལོང་བསྣམས༔ མེ་ཁྱུང་ཆིབས་ནས་བསྟན་པའི་བྱ་ར་མཛད༔ བྲན་དང་འཁོར་གཡོག་མང་པོའི་ཚོགས་བཅས་ལ༔ བདག་ཅག་དང་བས་ཁྱོད་ལ་ཕྱག་འཚལ་བསྟོད༔ བྷྱོཿ གཏེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་རྒྱལ༔ སྐུ་མདོག་དཀར་དམར་དར་དང་རིན་ཆེན་བརྒྱན༔ སྦྲུལ་ཞགས་དང་ནི་རིན་ཆེན་པར་བུ་བསྣམས༔ རྟ་མཆོག་ཆིབས་ནས་བསྟན་པའི་བྱ་ར་མཛད༔ བྲན་དང་འཁོར་གཡོག་མང་པོའི་ཚོགས་བཅས་ལ༔ བདག་ཅག་དང་བས་ཁྱོད་ལ་ཕྱག་འཚལ་བསྟོད༔ བྷྱོཿ རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ༔ སྐུ་མདོག་དཀར་གསལ་རིན་ཆེན་དར་ཟབ་མཛེས༔ བེ་ཅོན་དང་ནི་རིན་ཆེན་གཞོང་པ་བསྣམས༔ འཕར་བ་ཆིབས་ནས་བསྟན་པའི་བྱ་ར་མཛད༔ བྲན་དང་འཁོར་གཡོག་མང་པོའི་ཚོགས་བཅས་ལ༔ བདག་ཅག་དང་བས་ཁྱོད་ལ་ཕྱག་འཚལ་བསྟོད༔ བྷྱོཿ ཀོང་བཙུན་དེ་མོ་རྡོ་


CMR039_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བོད་ཁམས་སྐྱོང་༔ སྐུ་མདོག་དཀར་སྨུག་ཞིང་ལྤགས་རློན་པ་གསོལ༔ མདའ་དར་དང་ནི་རིན་ཆེན་ཟ་མ་ཏོག༔ སྤྲིན་གསེབ་རླུང་བསྐྱོད་བསྟན་པའི་བྱ་ར་ཚོམཛད༔ བྲན་དང་འཁོར་གཡོག་མང་པོའི་ཚོགས་བཅས་ལ༔ བདག་ཅག་དང་བས་ཁྱོད་ལ་ཕྱག་འཚལ་བསྟོད༔ བྷྱོཿ བཙན་ལ་རོལ་པའི་རྡོ་རྗེ་སྨན་གཅིག་མ༔ སྐུ་མདོག་དམར་ལ་རིན་ཆེན་སྣ་ལྔས་བརྒྱན༔ ལྷབ་ལྷུབ་དར་དང་དངོས་གྲུབ་འབྲང་རྒྱས་བསྣམས༔ མཛོ་མོ་ཆིབས་ནས་བསྟན་པའི་བྱ་ར་མཛད༔ བྲན་དང་འཁོར་གཡོག་མང་པོའི་ཚོགས་བཅས་ལ༔ བདག་ཅག་དང་བས་ཁྱོད་ལ་ཕྱག་འཚལ་བསྟོད༔ བྷྱོཿ གཡུ་ཡི་དྲིལ་བུ་རྡོ་རྗེ་གཟུགས་ལེགས་མ༔ སྐུ་མདོག་དཀར་སེར་རིན་ཆེན་རྒྱན་གྱིས་བརྒྱན༔ སྙན་པའི་དྲིལ་བུ་རིན་ཆེན་པདྨ་བསྣམས༔ སྟག་ལ་ཆིབས་ནས་བསྟན་པའི་བྱ་ར་མཛད༔ བྲན་དང་འཁོར་གཡོག་མང་པོའི་ཚོགས་བཅས་ལ༔ བདག་ཅག་དང་བས་ཁྱོད་ལ་ཕྱག་འཚལ་བསྟོད༔ བྷྱོཿ སྨན་བཙུན་ཁུག་ཆོས་རྡོ་རྗེ་དབྱར་མོ་བསིལ༔ སྐུ་མདོག་དམར་མོ་རིན་ཆེན་སྣ་ཚོགས་བརྒྱན༔ རིན་ཆེན་འབར་བ་སྒྲ་སྙན་ཏིང་ཤག་བསྣམས༔ ཤ་བ་ཡུ་མོ་


CMR039_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཆིབས་ནས་བསྟན་པའི་བྱ་ར་མཛད༔ བྲན་དང་འཁོར་གཡོག་མང་པོའི་ཚོགས་བཅས་ལ༔ བདག་ཅག་དང་བས་ཁྱོད་ལ་ཕྱག་འཚལ་བསྟོད༔ བྷྱོཿ བོད་ཁམས་སྐྱོང་བའི་བརྟེན་མ་བཅུ་གཉིས་ཀྱང་༔ མ་མོ་མཁའ་འགྲོ་མ་ལུས་པའི༔ འཁོར་ཚོགས་དུ་མས་བསྐོར་བ་ནི༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ༔ ཚངས་པའི་བུ་མོ་འབུམ་ཕྲག་གཅིག༔ དྲི་ཟ་ཆེན་མོ་འབུམ་ཕྲག་གཅིག༔ དྲང་སྲོང་ཆེན་པོ་འབུམ་ཕྲག་གཅིག༔ གྲུལ་བུམ་ཆེན་མོ་འབུམ་ཕྲག་གཅིག༔ ཀླུ་མོ་ཆེན་མོ་འབུམ་ཕྲག་གཅིག༔ རླུང་ལྷ་ཆེན་མོ་འབུམ་ཕྲག་གཅིག༔ གནོད་སྦྱིན་ཆེན་མོ་འབུམ་ཕྲག་གཅིག༔ དབང་ལྡན་ཆེན་མོ་འབུམ་ཕྲག་གཅིག༔ ས་བདག་ཆེན་མོ་འབུམ་ཕྲག་གཅིག༔ སྨན་མོ་ཆེན་མོ་འབུམ་ཕྲག་གཅིག༔ ཤ་ཟ་ཆེན་མོ་འབུམ་ཕྲག་གཅིག༔ བདུད་མོ་ཆེན་མོ་འབུམ་ཕྲག་གཅིག༔ མ་མོ་ཆེན་མོ་ཁྱེད་རྣམས་ཀྱང་༔ ལ་ལ་གསེར་གྱི་རི་ལ་གནས༔ ལ་ལ་རྒྱ་མཚོའི་གཏིང་ན་གནས༔ ལ་ལ་གླིང་ཆེན་བཞི་ལ་གནས༔ ལ་ལ་གླིང་ཕྲན་བརྒྱད་ལ་གནས༔ ལ་ལ་གངས་དཀར་རྩེ་ལ་གནས༔ ལ་ལ་ས་གཞིའི་འོག་ཏུ་གནས༔ ལ་ལ་ནམ་མཁའི་ཁམས་ལ་གནས༔ ལ་


CMR039_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཅན་གཟན་སྡེར་ཆགས་ཞོན༔ ལ་ལ་རྨིག་པ་ཁ་བྲག་ཞོན༔ ལ་ལ་རྨིག་པ་ཁ་ཟླུམ་ཞོན༔ ལ་ལ་གདོང་པ་ཅན་ལ་ཞོན༔ ལ་ལ་འདབ་ཆགས་བྱ་ལ་ཞོན༔ ལ་ལ་རླུང་དང་སྐྱི་སེར་ཞོན༔ ལ་ལ་དགུ་ཚིགས་གཞུང་ལ་ཞོན༔ ལ་ལ་དུས་བཞིའི་རླུང་ལ་ཞོན༔ ལ་ལ་ཉི་མའི་ཟེར་ལ་ཞོན༔ ལ་ལ་ཟླ་བའི་ཟེར་ལ་རྒྱུ༔ ལ་ལ་མུན་པའི་སྨག་ལ་རྒྱུ༔ ལ་ལ་གྲིབ་སོའི་རྟ་ལ་རྒྱུ༔ ལ་ལ་ནམ་མཁའི་མདངས་ལ་རྒྱུ༔ ལ་ལ་སྐྱ་རེངས་ལམ་ལ་རྒྱུ༔ ལ་ལ་ཆུ་བོའི་གཞུང་ལ་རྒྱུ༔ ལ་ལས་གསལ་བའི་མེ་ལོང་ཐོགས༔ ལ་ལས་དར་དཀར་གཡབ་མོ་ཐོགས༔ ལ་ལས་ལྕགས་ཀྱུ་འབར་བ་ཐོགས༔ ལ་ལས་ཞགས་པ་ནག་པོ་ཐོགས༔ ལ་ལས་བེ་ཅོན་འབར་བ་ཐོགས༔ ལ་ལས་གཅོད་པའི་སྤུ་གྲི་ཐོགས༔ ལ་ལས་མི་མགོའི་ཕོར་པ་ཐོགས༔ ལ་ལས་མི་སྙིང་རློན་པ་ཐོགས༔ ལ་ལས་མི་ལྤགས་གཡང་གཞི་ཐོགས༔ ལ་ལས་རུ་མཚོན་ནག་པོ་ཐོགས༔ ལ་ལས་བདུད་ཀྱི་ཁྲམ་ཤིང་ཐོགས༔ ལ་ལས་ཤོ་རྡེལ་དཀར་ནག་ཐོགས༔ ལ་ལས་ནད་ཀྱི་རྐྱལ་པ་ཐོགས༔ ལ་ལས་མཚོན་གྱི་གྲུ་གུ་ཐོགས༔ ལ་ལས་བྱང་དམར་བམ་རོ་ཐོགས༔ ལ་ལས་ཏྲི་


CMR039_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཤུལ་འབར་བ་ཐོགས༔ ལ་ལས་དབལ་རྩེ་རྣོན་པོ་ཐོགས༔ ལ་ལས་འཁོར་ལོ་འབར་བ་ཐོགས༔ ཀུན་ཀྱང་གདུག་པའི་མཚོན་ཆ་ཐོགས༔ ཀུན་ཀྱང་སྲོག་དང་དབུགས་ལ་དབང་༔ ཀུན་ཀྱང་ཤ་ཟ་ཁྲག་འཐུང་མ༔ ཀུན་ཀྱང་མདངས་འཕྲོག་བཅུད་ལེན་མ༔ རྒྱལ་མོ་བློན་མོ་ཡང་གཡོག་མ༔ སྡེ་བརྒྱད་དུ་མའི་འཁོར་དང་བཅས་དེ་རིང་ཟློག་པའི་དུས་ལ་བབ༔ འདུ་བ་རྣམ་བཞི་དགྲ་ལ་ཟློག༔ བད་ཀན་དཀར་སྨུག་དགྲ་ལ་ཟློག༔ མཁྲིས་པ་གཤའ་ཡ་དགྲ་ལ་ཟློག༔ རླུང་གང་འཕྱོ་བ་དགྲ་ལ་ཟློག༔ ཁྲག་དང་འདུས་པ་དགྲ་ལ་ཟློག༔ སྨྱོ་ནད་ཉེར་ལྡདགྲ་ལ་ཟློག༔ སྨྱོ་འབོག་བརྒྱལ་ནོད་དགྲ་ལ་ཟློག༔ འགྱུར་བུ་འདིར་བུ་དགྲ་ལ་ཟློག༔ རླུང་སྨྱོ་ཆེན་མོ་དགྲ་ལ་ཟློག༔ མཛེ་རིགས་བཅོ་བརྒྱད་དགྲ་ལ་ཟློག༔ མཛེ་ནད་གྲུམ་ནད་དགྲ་ལ་ཟློག༔ སིབ་དང་བས་ལྡག་དགྲ་ལ་ཟློག༔ དྲེག་དང་གྲུམ་བུ་དགྲ་ལ་ཟློག༔ ལྷོག་པ་འབྲས་ཆེན་དགྲ་ལ་ཟློག༔ སྐེམ་པ་གཡེམས་པ་དགྲ་ལ་ཟློག༔ ཤུ་བ་རྒྱ་ཐོར་དགྲ་ལ་ཟློག༔ རླུང་སྐམས་འབྲས་ཆེན་དགྲ་ལ་ཟློག༔ ཕོལ་མིག་སྐེམ་པ་དགྲ་ལ་ཟློག༔ ཚབས་དང་སྣ་ནད་དགྲ་ལ་ཟློག༔ རིམས་


CMR039_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ནད་སྣ་ལྔ་དགྲ་ལ་ཟློག༔ ཀླད་གཟེར་བལ་ནད་དགྲ་ལ་ཟློག༔ རྒྱུ་གཟེར་བལ་ཚད་དགྲ་ལ་ཟློག༔ གློ་སྙིང་རིམས་གཟེར་དགྲ་ལ་ཟློག༔ མཚོན་འཁྲུག་སྣ་ཨབདུན་དགྲོ་ལ་ཟློག༔ མདའ་གྲི་མདུང་གྲི་དགྲ་ལ་ཟློག༔ ཁ་ཊཾ་གྲི་གུག་དགྲ་ལ་ཟློག༔ སྐྱོགས་དང་འུར་རྡོ་དགྲ་ལ་ཟློག༔ མཚོན་འཁྲུག་བསྐལ་པ་དགྲ་ལ་ཟློག༔ མི་ནད་སྣ་དགུ་དགྲ་ལ་ཟློག༔ སྟག་ཆེན་སུམ་བརྒྱ་དགྲ་ལ་ཟློག༔ གདོན་ཆེན་ཉི་ཁྲི་དགྲ་ལ་ཟློག༔ རྐྱེན་ངན་སུམ་ཁྲི་དགྲ་ལ་ཟློག༔ བར་ཆད་གློ་བུར་དགྲ་ལ་ཟློག༔ ལྟས་ངན་མཚན་ངན་དགྲ་ལ་ཟློག༔ མི་ཁ་བྲ་མཆུ་དགྲ་ལ་ཟློག༔ བཙའ་སད་སེར་གསུམ་དགྲ་ལ་ཟློག༔ ལོ་ཡི་ནད་རྣམས་དགྲ་ལ་ཟློག༔ རྟ་ནད་མཚེར་རྩུབ་དགྲ་ལ་ཟློག༔ དྲེལ་ནད་བོང་ནད་དགྲ་ལ་ཟློག༔ ནོར་ནད་གློ་གོར་ཧོན་གསུམ་དགྲ་ལ་ཟློག༔ ར་ནད་ལུག་ནད་དགྲ་ལ་ཟློག༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་དགྲ་ལ་ཟློག༔ སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་དགྲ་ལ་ཟློག༔ གཏད་མ་ལྟས་ངན་རྦོད་གཏོང་དགྲ་ལ་ཟློག༔ དགྲ་འདྲེའི་གནོད་པ་ཐམས་ཅད་དགྲ་ལ་ཟློག༔ བརྟན་སྐྱོང་གཉན་པོ་ཁྱེད་རྣམས་ཀྱིས༔ རྣལ་འབྱོར་


CMR039_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་འཁོར་བཅས་ལ༔ རྒྱ་གར་རྒྱ་ནག་ལི་ཡུལ་དང་༔ ལྷོ་རྒྱལ་འཛམ་གླིང་ཡུལ་འདི་ཡི༔ འབྲུ་གཡང་ལོ་གཡང་འདིར་ཁུག་ཅིག༔ ཟས་གཡང་མི་གཡང་འདིར་ཁུག་ཅིག༔ རྟ་གཡང་ནོར་གཡང་ལུག་གཡང་ཁུག༔ གཡང་སྒྱེ་གཡང་ཁུག་ནང་དུ་ཁུག༔ གཡང་གཏོར་ནོར་བུ་འདི་ལ་ཁུག༔ གཡང་རྫས་མར་ཁུ་བླུག་ལ་ཁུག༔ བདག་ཅག་ཡོན་མཆོད་མི་ནོར་ལ༔ ཁུག་ཅིག་བསྟིམ་ཅིག་བརྟན་སྐྱོང་རྣམས༔ བརྟན་པར་གྱུར་ཅིག་ཚེ་རིང་མ༔ ཚེ་རིང་དཔལ་སྐྱེད་བདེ་སྐྱིད་ལྡན༔ ཡིད་ལ་འདོད་དགུ་འབྱུང་བར་ཤོག༔ བླ་མའི་སྐུ་བསྡོ་བདག་ལ་སྡང་༔ དགྲ་དང་བགེགས་རྣམས་ཆམ་ལ་ཕོབ༔ སོད་ཅིག་ཐུལ་ཅིག་རེངས་པར་མཛོད༔ ཟུངས་ཤིག་ཆིངས་ཤིག་རྡུལ་དུ་རློགས༔ དེ་ཡི་ཤ་ཟོ་ཁྲག་ལ་འཐུང་༔ དགྲ་བགེགས་ཕ་རོལ་དབྱིངས་སུ་སྒྲོལ༔ སངས་རྒྱས་བསྟན་དར་བདག་ཅག་གིས༔ འགྲོ་བའི་དོན་སྤེལ་རྒྱལ་ཁམས་བདེ༔ ཆར་ཆུ་དུས་འབབ་ལོ་ཕྱུགས་ལེགས༔ བསྟན་སྐྱོང་རྣམས་ཀྱི་ཕྲིན་ལས་མཛོད༔ དེ་ནས་ཡང་འཁོར་དབང་ཕྱུག་མ་རྣམས་དང་༔ སྐྱོང་མ་ཡ་མ་སྡེ་བརྒྱད་གཉན་ཀླུ་ས་བདག་རྣམས་ལ་བསྟོད་པ་ནི༔ བྷྱོ་བྷྱོ་བྷྱོཿ ཀ་ཡེ་ཀ་ཡེ་དབང་ཕྱུག་


CMR039_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

མ་མོ་རྣམས༔ དབང་ཕྱུག་གཙོ་མོ་སྲིན་མོ་གཡག་གདོང་མ༔ སྐུ་མདོག་སྨུག་ནག་རྡོ་རྗེ་བྷནྡྷ་བསྣམས༔ ཟ་བ་ལྗང་ནག་ཞིང་ཆེན་ཕྲག་ལ་བཀལ༔ རྡོ་རྗེ་སེར་མོ་དོམ་གདོང་རྒྱུ་ཞགས་བསྣམས༔ གསོད་བྱེད་ལྗང་ནག་སྤྱང་གདོང་བ་དན་འཕྱར༔ གཙོ་མོ་རྣམ་བཞི་ཞིང་ཆེན་གདན་ལ་འགྱིང་༔ གཙོ་མོ་མ་བཞིའི་སྐུ་ལ་ཕྱག་འཚལ་བསྟོད༔ བྱད་ཁ་ཕུར་ཁ་ཐམས་ཅད་དགྲ་ལ་ཟློག༔ གཟུགས་ཅན་མི་ཡི་བྱད་ཁ་དགྲ་ལ་ཟློག༔ གཟུགས་མེད་ལྷ་འདྲེའི་བྱད་ཁ་དགྲ་ལ་ཟློག༔ སྐྱེས་པས་མདའ་ཁ་སྟོན་པའི་བྱད་ཁ་དགྲ་ལ་ཟློག༔ བུད་མེད་དམོད་ཟོར་སྟོན་པའི་བྱད་ཁ་དགྲ་ལ་ཟློག༔ སྔགས་པས་ཕུར་ཁ་སྟོན་པའི་བྱད་ཁ་དགྲ་ལ་ཟློག༔ དགེ་བཤེས་མཐུ་སྒྲུབ་བྱེད་པའི་བྱད་ཁ་དགྲ་ལ་ཟློག༔ བནྡེས་མནན་གཏད་བྱེད་པའི་བྱད་ཁ་དགྲ་ལ་ཟློག༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ གཙོ་མོ་མ་བཞིའི་བཀའ་འབངས་འཁོར་ཚོགས་ནས༔ ཤར་ནས་ཞི་བའི་ལས་བྱེད་དྲུག༔ བར་ཆད་གདོན་བགེགས་སད་སེར་དང་༔ ཤར་ཕྱོགས་བྱད་ཁ་ཞི་བར་མཛོད༔ བྷྱོ་བློ་བྷྱོ་བྷྱོ་བྷྱོ་བྷྱོཿ ལྷོ་རུ་རྒྱས་པའི་ལས་བྱེད་དྲུག༔ ཚེ་བསོད་དཔལ་འབྱོར་རྒྱས་པ་དང་༔ ལྷོ་ཕྱོགས་


CMR039_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

བྱད་ཁ་ཐམས་ཅད་ཟློག༔ བློ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོཿ ནུབ་ནས་དབང་གི་ལས་བྱེད་དྲུག༔ སྣང་སྲིད་དབང་དུ་འདུ་བ་དང་༔ ནུབ་ཕྱོགས་བྱད་ཁ་ཐམས་ཅད་ཟློག༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོཿ བྱང་ཕྱོགས་དྲག་པོའི་ལས་བྱེད་དྲུག༔ གནོད་བྱེད་དགྲ་བགེགས་བསྒྲལ་བ་དང་༔ བྱང་ཕྱོགས་བྱད་ཁ་ཐམས་ཅད་ཟློག༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོཿ བརྟན་མ་བཀའ་ཡི་འཁོར་འབངས་ནས༔ འཇིག་རྟེན་བྱ་བ་ལེགས་ཉེས་བདག༔ དགྲ་བགེགས་བསྒྲལ་བའི་མཐུ་མོ་ཆེ༔ སངས་རྒྱས་བཀའ་ཡི་བྱ་ར་མཁན༔ གཙུག་ལག་ཆོས་འཁོར་གཏེར་སྲུང་སྐྱོང་མ་ཡ་མའི་ཚོགས་ལ་བསྟོད༔ བོད་དུ་མུ་སྟེགས་རྟག་ཆད་ཀྱི་ཆོས་ལོག་མི་བཏང་ཁྱེད་རྣམས་སྲུངས༔ གསང་སྔགས་སྒྲུབ་པའི་རྣལ་འབྱོར་ལ༔ བར་ཆད་མ་བཏང་ཁྱེད་རྣམས་སྲུངས༔ གནས་ཆེན་བྱིན་གྱིས་བརླབས་པའི་གཏེར༔ མ་ཉམས་སྨོན་ལམ་བཙན་པར་གྱིས༔ དམག་དང་འཁྲུག་པ་ཞི་བར་མཛོད༔ ནད་དང་མུ་གེ་མ་བཏང་ཞིག༔ སད་སེར་བཙའ་དང་འབུ་སྲིན་སྲུངས༔ གཙུག་ལག་ཁང་དང་མཆོད་པའི་རྫ་ས༔ དབེན་པའི་གནས་དང་སྒྲུབ་པ་པོ༔ མ་ལུས་བུ་བཞིན་སྐྱོང་བ་དང་༔ དགྲ་བགེགས་


CMR039_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པ་ཐམས་ཅད་ཟློག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ སུམ་ཅུ་རྩ་གསུམ་ཡང་སྟེང་ནས༔ ཤར་ཕྱོགས་འབྱུང་བ་ཤིང་གི་བདག༔ སྟག་ཡོས་ཟིན་དང་བཞི་ལྗང་དང་༔ གཟའ་ཆེན་ཕུར་བུ་ཤིང་གདོན་བསྐོར༔ སྡེ་བརྒྱད་ལྷ་ཡི་རྒྱལ་པོ་ཆེ༔ འཁོར་དུ་ལྷ་དམག་འབུམ་སྡེ་བཅས༔ ཡང་གཅིག་བདག་ལ་སྙན་གསོན་རྒྱུ་དང་༔ རྣལ་འབྱོར་བདག་དང་འཁོར་གཏོགས་པའི༔ ཉི་མ་ནག་པོར་བསང་བྱས་དང་༔ ཁྱི་ནག་བསང་རྫས་འགོམ་པ་དང་༔ སྤུ་རྟགས་ཅན་གྱི་གཡག་བསད་དང་༔ ཤར་གྱི་ཕྱོགས་སུ་དམག་དྲངས་དང་༔ ཤིང་གཉན་བཅད་དང་མེ་གཉན་བཀྱེས༔ མི་མཐུན་རྫ་ས་ངན་དམར་ཐབས་སོགས༔ ཁྱེད་རྣམས་ཐུགས་དང་ཅི་འགལ་བ༔ མཐོལ་ལོ་བཤགས་སོ་བཟོད་པར་གསོལ༔ ཁེང་ལོག་ལ་སོགས་སོར་ཆུད་མཛོད༔ བྷྱོཿ ལྷོ་ཕྱོགས་འབྱུང་བ་མེ་ཡི་བདག༔ རྟ་སྦྲུལ་ལི་དང་དགུ་དམར་དང་༔ གཟའ་ཆེན་མིག་དམར་ཚེ། མེ་གདོན་བསྐོར༔ སྡེ་བརྒྱད་གཤིན་རྗེའི་རྒྱལ་པོ་དང་༔ འཁོར་དུ་གཤིན་རྗེ་འབུམ་སྡེ་བཅས༔ ཡང་གཅིག་བདག་ལ་སྙན་གསོན་དང་༔ རྣལ་འབྱོར་བདག་དང་འཁོར་


CMR039_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་པའི༔ བ་མེན་བ་གླང་བསད་པ་དང་༔ གཏོར་མ་མི་གཙང་རྫ་ས་སོང་དང་༔ ལྷོ་ཡི་ཕྱོགས་སུ་མེ་བཀྱེས་དང་༔ རྟ་རོ་བཤས་དང་དམར་ཐེད་ཉོས༔ ལྷོ་ཡི་ཕྱོགས་སུ་དམག་དྲངས་དང་༔ བསྟན་ལ་གནོད་པའི་ལས་བྱས་སམ༔ གཤིན་རྗེའི་ཁེང་ལོག་དེ་ནས་བྱུང་༔ ཁྱེད་རྣམས་ཐུགས་དང་ཅི་འགལ་བ༔ མཐོལ་ལོ་བཤགས་སོ་བཟོད་པར་མཛོད༔ ཁེངས་ལོག་ལ་སོགས་སོར་ཆུད་མཛོད༔ བྷྱོཿ ནུབ་ཕྱོགས་ལྕགས་ཀྱི་མཁར་ནང་ནས༔ བྱ་སྤྲེལ་དྭ་དང་བདུན་དམར་དང་༔ གཟའ་ཆེན་དྲག་པོ་ལྷག་པ་དང་༔ སྡེ་བརྒྱད་བཙན་གྱི་རྒྱལ་པོ་དང་༔ འཁོར་དུ་བཙན་གདོན་འབུམ་དང་བཅས༔ ཡང་གཅིག་བདག་ལ་སྙན་གསོན་དང་༔ རྣལ་འབྱོར་བདག་དང་འཁོར་གཏོགས་པའི༔ རྟ་དམར་བསད་དང་ཁྱི་དམར་བརྡུང་༔ ཝ་ཤ་ཟོས་དང་ཁྱི་ཤ་ཟོས༔ ལྕང་ལོ་དམར་པོ་གནམ་དུ་ཏ༔ ནུབ་ཀྱི་ཕྱོགས་སུ་དམག་དྲངས་དང་༔ བསྟན་ལ་གནོད་པའི་ལས་བྱས་རྣམས༔ བཙན་གྱི་ཁེང་ལོག་དེ་ནས་བྱུང་༔ ཁྱེད་རྣམས་ཐུགས་དང་ཅི་འགལ་བ༔ མཐོལ་ལོ་བཤགས་སོ་བཟོད་པར་གསོལ༔ ཁེང་ལོག་ལ་སོགས་སོར་ཆུད་མཛོད༔ ཧཱུྃ༔ བྱང་


CMR039_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཆུ་ཡི་མཁར་ནང་ནས༔ བྱི་ཕག་ཁམས་དང་གཅིག་དཀར་དང་༔ གཟའ་རྒོད་དྲག་པོ་ཟླ་བ་དང་༔ སྡེ་བརྒྱད་གནོད་སྦྱིན་རྒྱལ་པོ་དང་༔ འཁོར་དུ་གནོད་སྦྱིན་འབུམ་དང་བཅས༔ ཡང་གཅིག་བདག་ལ་སྙན་གསོན་དང་༔ རྣལ་འབྱོར་བདག་དང་འཁོར་གཏོགས་པའི༔ རལ་པ་བཏོགས་དང་བྱ་ཕོ་བསད༔ བྱ་མོ་བསད་དང་ལུག་ནག་བསད༔ སྟག་བསད་དུག་སྦྲུལ་གཟིག་དུག་བྱིན༔ སྟག་ལ་སྦྱང་བླུད་འོལ་ལྕམ་བསད༔ ཤིན་ཏུ་རྩི་ལ་ཝ་སྦྱར་དང་༔ བྱང་གི་ཕྱོགས་སུ་དམག་དྲངས་དང་༔ བསྟན་ལ་གནོད་པའི་ལས་བྱས་རྣམས༔ གནོད་སྦྱིན་ཁེང་ལོག་དེ་ནས་བྱུང་༔ ཁྱེད་རྣམས་ཐུགས་དང་ཅི་འགལ་བ༔ མཐོལ་ལོ་བཤགས་སོ་བཟོད་པར་གསོལ༔ ཁེང་ལོག་ལ་སོགས་སོར་ཆུད་མཛོད༔ ཧཱུྃ༔ ཤར་ལྷོ་ས་ཡི་མཁར་ནང་ནས༔ འབྲུག་དང་ཁོན་དང་གཉིས་ནག་དང་༔ གཟའ་ཆེན་དྲག་པོ་པ་སངས་དང་༔ སྡེ་བརྒྱད་མ་མོའི་རྒྱལ་པོ་ལ༔ འཁོར་དུ་མ་མོ་འབུམ་དང་བཅས༔ ཡང་གཅིག་བདག་ལ་སྙན་གསོན་དང་༔ རྣལ་འབྱོར་བདག་དང་འཁོར་གཏོགས་པའི༔ སྨན་སྣ་རྣམས་ལ་དུག་འདྲེས་དང་༔ གཟའ་བཟུང་ཉི་མར་


CMR039_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

བསང་བྱས་དང་༔ བོང་བུ་བསད་དང་རལ་གྲི་བཅག༔ གསང་སྔགས་མ་གསང་ལོར་མ་མཆོད༔ ཤར་ལྷོའི་མཚམས་སུ་དམག་དྲངས་དང་༔ བསྟན་ལ་གནོད་པའི་ལས་བྱས་རྣམས༔ མ་མོའི་ཁེང་ལོག་དེ་ནས་བྱུང་༔ ཁྱེད་རྣམས་ཐུགས་དང་་ཅི་འགལ་བ༔ མཐོལ་ལོ་བཤགས་སོ་བཟོད་པར་གསོལ༔ ཁེང་ལོག་ལ་སོགས་སོར་ཆུད་མཛོད༔ ཧཱུྃ༔ ལྷོ་ནུབ་གནམ་གྱི་མཁར་ནང་ནས༔ ལུག་དང་ཁེན་དང་བརྒྱད་དཀར་དང་༔ གཟའ་ཆེན་དྲག་པོ་སྤེན་པ་དང་༔ སྡེ་བརྒྱད་བདུད་ཀྱི་རྒྱལ་པོ་ལ༔ འཁོར་དུ་བདུད་གདོན་འབུམ་དང་བཅས༔ ཡང་གཅིག་བདག་ལ་སྙན་གསོན་དང་༔ རྣལ་འབྱོར་བདག་དང་འཁོར་གཏོགས་པའི༔ རྟ་ནག་བསད་དང་དྲིལ་ལ་ཛཿ ཁྱི་ནག་བརྡུང་དང་གཡག་ནག་བསད། ཟབོང་ངའི་ལོ་མས་མཆོད་པ་དང་༔ ལྷོ་ནུབ་ཕྱོགས་སུ་དམག་དྲངས་དང་༔ བསྟན་ལ་གནོད་པའི་ལས་བྱས་རྣམས༔ བདུད་ཀྱི་ཁེང་ལོག་དེ་ནས་བྱུང་༔ ཁྱེད་རྣམས་ཐུགས་དང་ཅི་འགལ་བ༔ མཐོལ་ལོ་བཤགས་སོ་བཟོད་པར་གསོལ༔ ཁེང་ལོག་ལ་སོགས་སོར་ཆུད་མཛོད༔ ཧཱུྃ༔ ནུབ་བྱང་རླུང་གི་མཁར་ནང་ནས༔ ཁྱི་དང་ཟོན་དང་དྲུག་དཀར་


CMR039_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ གཟའ་རྒོད་དྲག་པོ་ཉི་མ་དང་༔ སྡེ་བརྒྱད་ཀླུ་ཡི་རྒྱལ་པོ་ལ༔ འཁོར་དུ་ཀླུ་གདོན་འབུམ་དང་བཅས༔ ཡང་གཅིག་བདག་ལ་སྙན་གསོན་དང་༔ རྣལ་འབྱོར་བདག་དང་འཁོར་གཏོགས་པའི༔ སྦལ་པ་བསད་དང་སྦྲུལ་སྔོན་བསད༔ གཟུགས་མ་ཚང་བའི་ཆུ་སྲིན་བྲིས༔ གློག་འབྲུག་ཐོག་ལ་འཚེ་བ་དང་༔ མཚོ་དང་ཆུ་མིག་སྐམ་པ་དང༔ ཉ་མོ་བསད་དང་ལྕོང་མོར་འཚེ༔ ནུབ་བྱང་མཚམས་སུ་དམག་དྲངས་དང་༔ བསྟན་ལ་གནོད་པའི་ལས་བྱས་རྣམས༔ ཀླུ་ཡི་ཁེང་ལོག་དེ་ལས་བྱུང་༔ ཁྱེད་རྣམས་ཐུགས་དང་ཅི་འགལ་བ༔ མཐོལ་ལོ་བཤགས་སོ་བཟོད་པར་གསོལ༔ ཁེང་ལོག་ལ་སོགས་སོར་ཆུད་མཛོད༔ ཧཱུྃ༔ བྱང་ཤར་རི་ཡི་མཁར་ནང་ནས་གླང་དང་གིན་དང་མ༔ སུམ་མཐིང་དང་༔ གཟའ་ཆེན་དྲག་པོ་སྒྲ་གཅན་དང་༔ སྡེ་བརྒྱད་རཱ་ཛའི་རྒྱལ་པོ་ལ༔ འཁོར་དུ་རྒྱལ་གདོན་འབུམ་དང་བཅས༔ ཡང་གཅིག་བདག་ལ་སྙན་གསོན་དང་༔ རྣལ་འབྱོར་བདག་དང་འཁོར་གཏོགས་པའི༔ ཕོ་བྲང་བཤིགས་དང་ལྕང་ལོ་རྒྱབ༔ དགོན་སྡེ་གཉན་པོ་བཤིག་པ་དང་༔ བྱང་ཤར་མཚམས་སུ་དམག་དྲངས་དང་༔ བསྟན་ལ་


CMR039_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པའི་ལས་བྱས་རྣམས༔ རྒྱལ་པོའི་ཁེང་ལོག་དེ་ལས་བྱུང་༔ ཁྱེད་རྣམས་ཐུགས་དང་ཅི་འགལ་བ༔ མཐོལ་ལོ་བཤགས་སོ་བཟོད་པར་གསོལ༔ ཁེང་ལོག་ལ་སོགས་སོར་ཆུད་མཛོད༔ ཧཱུྃ༔ སྟེང་ཕྱོགས་འབྱུང་ལྔའི་མཁར་ནང་ནས༔ ལྔ་སེར་གཟའ་ཆེན་རཱ་ཧུ་ལ༔ སྡེ་བརྒྱད་གཟའ་ཡི་རྒྱལ་པོ་ལ༔ འཁོར་དུ་གཟའ་གདོན་འབུམ་དང་བཅས༔ ཡང་གཅིག་བདག་ལ་སྙན་གསོན་དང་༔ རྣལ་འབྱོར་བདག་དང་འཁོར་གཏོགས་པའི༔ གཟའ་རྒོད་མནན་དང་སེར་བར་འཚེ༔ ནམ་མཁའི་ཐོག་ལ་རྒྱབ་རྟེན་དང་༔ སྟེང་གི་ཕྱོགས་སུ་དམག་དྲངས་དང་༔ བསྟན་ལ་གནོད་པའི་ལས་བྱས་པས༔ གཟའ་ཡི་ཁེང་ལོག་དེ་ནས་བྱུང་༔ ཁྱེད་རྣམས་ཐུགས་དང་ཅི་འགལ་བ༔ མཐོལ་ལོ་བཤགས་སོ་བཟོད་པར་གསོལ༔ ཁེང་ལོག་ལ་སོགས་སོར་ཆུད་མཛོད༔ ཧཱུྃ༔ འོག་ཕྱོགས་ཆུ་ཡི་མཁར་ནང་ནས༔ སྡེ་བརྒྱད་ཐེའུ་རང་རྒྱལ་པོ་ལ༔ འཁོར་དུ་ཐེའུ་རང་འབུམ་སྡེས་བསྐོར༔ ཡང་གཅིག་བདག་ལ་སྙན་གསོན་དང་༔ རྣལ་འབྱོར་བདག་དང་འཁོར་གཏོགས་པའི༔ ར་བསད་མགར་བའི་ཏི་ཚ་བཅག༔ གནམ་ལྕགས་ཐོག་ལ་ལོག་ལྟ་བྱས༔ ས་རྒྱུ་ཆེན་པོ་


CMR039_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་བ་དང་༔ འོག་གི་ཕྱོགས་སུ་དམག་དྲངས་དང་༔ བསྟན་ལ་གནོད་པའི་ལས་བྱས་རྣམས༔ ཐེའུ་རང་ཁེང་ལོག་དེ་ལས་བྱུང་༔ ཁྱེད་རྣམས་ཐུགས་དང་ཅི་འགལ་བ༔ མཐོལ་ལོ་བཤགས་སོ་བསལ་དུ་གསོལ༔ ཁེང་ལོག་ལ་སོགས་སོར་ཆུད་མཛོད༔ དེ་རྣམས་སྤྱི་ལའོ༔ ཧཱུྃ༔ གཟའ་ཐེལ་ལྷ་སྲིན་སྡེ་བརྒྱད་ཉོན༔ ཡང་གཅིག་བདག་སྙན་གསོན་དང་༔ རྣལ་འབྱོར་བདག་དང་འཁོར་གཏོགས་པའི༔ མཆོད་པ་བཤགས་པ་དེ་ལྟར་བྱས༔ ཁེང་ལོག་མ་བྱེད་སྲུང་མགོན་མཛོད༔ ཐོག་སེར་མི་འབྱུང་གཟའ་ནད་ཞི༔ ཕོ་ནད་ཞི་ནས་ར་ལུག་སྤེལ༔ ནོར་གོད་མ་བཏང་གནག་ལུག་སྤེལ༔ ཚེ་བསྲིང་དུས་མིན་འཆི་བ་ཟློག༔ སྲིད་སྤེལ་ཡམས་ནད་རིམས་ནད་ཟློག༔ ཐན་པ་ལོ་ཉེས་མ་བཏང་ཞིག༔ དགྲ་དང་ཤི་ཆད་མ་བཏང་ཞིག༔ རྟ་ནད་དྲེལ་ནད་མཐའ་དག་ཟློག༔ དགོན་གནས་ཡུལ་གྲོང་བརྟན་པར་མཛོད༔ སྨྱོ་ཞི་བསྟན་པ་དར་བར་མཛོད༔ ནོར་ནད་ཞི་ཞིང་འབྲུ་འཕེལ་མཛོད༔ མཐའ་དམག་དུས་འཁྲུག་ཐོག་སེར་དང་༔ ཀླུ་ཡི་ནད་རྣམས་ཞི་བར་མཛོད༔ འདོད་པའི་ལས་རྣམས་ཐམས་ཅད་སྒྲུབས༔ ཅི་བསམ་དོན་རྣམས་


CMR039_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྱིས་གྲུབ་པར་མཛོད༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་སོ།། ཧཱུྃ༔ འཇིག་རྟེན་ཁམས་ན་དབང་བ་ལྷ་འདྲེའི་གཙོ༔ པདྨ་འབྱུང་གནས་བཀའ་ཡི་སྲུང་མ་ས༔ སྨོན་ལམ་བཙན་ཞིང་གཏེར་གྱི་བདག་པོར་བསྐོས༔ གཉན་ཆེན་སྡེ་བཞིའི་སྐུ་ལ་ཕྱག་འཚལ་བསྟོད༔ སངས་རྒྱས་བསྟན་དར་བསྟན་འཛིན་འགྲོ་དོན་འཕེལ༔ སད་སེར་བཙའ་ཟློག་ལོ་ལེགས་འབྲུ་འཕེལ་མཛོད༔ ཆར་ཆུ་དུས་ཕོབ་ཐན་པ་ས་ཚིག་ཟློག༔ བདག་ཅག་ཡོན་མཆོད་གནོད་པའི་གདོན་བགེགས་ཟློག༔ ནད་གདོན་བར་ཆད་དུས་མིན་འཆི་བ་ཟློག༔ བྷྱོ་བྷྱོ་ཟློག་ཟློག༔ ཧཱུྃ༔ ཡུལ་ལྷའི་གཙོ་བོ་རྗེ་ནི༔ སྐུ་མདོག་དཀར་པོ་ཟེར་ལྡན་དར་དཀར་གསོལ༔ རྟ་དཀར་ཆིབས་ནས་དཀར་ཕྱོགས་ལྷ་འདྲེས་བསྐོར༔ ཡུལ་ལྷ་སྒེའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཡུལ་ཕྱོགས་གནས་བདག་ཀུན་གྱི་གཙོ་བོ་སྟེ༔ སྐུ་མདོག་དམར་ནག་ཞི་འཛུམ་བཙུན་པའི་གཟུགས༔ དུག་པོ་གསོལ་ནས་མཉམ་བཞག་སྐྱིལ་ཀྲུང་བཞུགས༔ ཡུལ་དགོན་དབེན་གནས་ལྷ་ཆོས་ཀུན་གྱི་བདག༔ གནས་བདག་ཆེན་པོ་ཁྱེད་ལ་ཕྱག་འཚལ་བསྟོད༔ ཡུལ་དགོན་དབེན་གནས་ལྷ་ཆོས་སྲུང་བར་


CMR039_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད༔ སྨྱོ་འབོག་བརྒྱལ་ནད་ཞི་གྱུར་ཅིག༔ ཧཱུྃ༔ ཡུལ་འདིའི་ཆུ་ལྷ་ཀླུ་ཡི་བདག༔ སྐུ་མདོག་ལྗང་སྔོན་སྦྲུལ་མཇུག་ཅན༔ ཕྱག་ན་ཆུ་ཡི་གར་བུ་བསྣམས༔ བཞེངས་ཐབས་སྦྲུལ་མཇུག་རྒྱ་མཚོ་དཀྲུག༔ ཆུ་ལྷ་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ས་བདག་གཙོ་བོ་སྐུ་མདོག་སེར་པོ་ནི༔ འབྱུང་ལྔའི་རང་བཞིན་ཞལ་ལྔ་ཕྱག་བཞི་པ༔ སྦྲུལ་མཇུག་འཁྱིལ་པ་རུས་སྦལ་གདན་ལ་བཞུགས༔ དགེ་བསྙེན་བྱང་ཆུབ་སེམས་དཔའ་ཁྱོད་ལ་བསྟོད༔ བཙུན་མོ་ས་ཡི་ལྷ་མོ་བརྟན་མ་ནི༔ གསེར་མདོག་རྒྱན་ལྡན་རིན་ཆེན་བུམ་པ་བསྣམས༔ དུས་གསུམ་རྒྱལ་བ་ཀུན་གྱི་དཔང་མོ་མ༔ ས་འཛིན་ལྷ་མོ་ཁྱོད་ལ་ཕྱག་འཚལ་བསྟོད༔ སྲས་མཆོག་ས་འཛིན་ལག་པ་ཆེན་པོ་དང་༔ ས་བདག་རྒྱལ་པོ་ལ་སོགས་འཁོར་གྱི་ཚོགས༔ འབྱུང་བ་ལོ་ཟླ་ཞག་དུས་སྤར་སྨེའི་བདག༔ སྲིད་པའི་དབང་ཆེན་རྣམས་ལ་བདག་གིས་བསྟོད༔ དཀོན་མཆོག་གསུམ་གྱི་བདེན་པའི་མཐུ་སྟོབས་ཀྱིས༔ ས་བདག་རྣམས་ལ་གནས་དང་གཞལ་ཡས་ཁང་༔ སྤྲིན་དང་ཆར་པ་མཚོ་རྫིང་དཔག་བསམ་ཤིང་༔ དཀོར་ནོར་ལོངས་སྤྱོད་དཔག་མེད་འབྱུང་གྱུར་ཅིག༔ དགའ་


CMR039_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་མགུནས་བདག་ཅག་ཡོན་མཆོད་རྣམས༔ བཟུང་བ་ཐོངས་ལ་བཅིངས་བ་ཡོད་ན་ཁྲོལ༔ བསྡམ་པ་གློད་ལ་མནན་པ་ཡོད་ན་ཁྱོག༔ ཕྱིན་ཆད་སྤུན་དང་གྲོགས་ལྟར་སྡོང་གྲོགས་མཛོད༔ འདྲེ་སྲིན་ངན་པའི་དབྱེན་ལ་མ་ཉན་པར༔ གནོད་བྱེད་བགེགས་ཀྱི་རྒྱབ་རྟེན་མ་བྱེད་ཅིག༔ ཞི་ཞིང་བྱམས་པའི་སེམས་ཀྱིས་གནས་པར་མཛོད༔ མཆོད་པའི་སྐབས་འདིར་ཡོ་བྱད་མ་འབྱོར་དང་༔ ལྷག་ཆད་ནོར་འཁྲུལ་ཅི་མཆིས་བཟོད་པར་གསོལ༔ ཧཱུྃ༔ བཙའ་སད་སེར་བའི་སྣ་འདྲེན་བྱེད༔ ནད་ཡམས་རིམས་གསུམ་བཏང་བའི་བདག༔ རྐང་གཉིས་མི་ཡི་སྲོག་ལ་རྐུ༔ མ་མོ་འབྱུང་པོའི་ཚོགས་ལ་བསྟོད༔ ནད་ཡམས་དལ་ཡམས་དགྲ་ལ་ཐོངས༔ དགྲ་བོ་མི་ཡི་བླ་སྲོག་རྐུས༔ བདག་ཅག་ཡོན་མཆོད་མི་ནོར་ལ༔ ནད་ཡམས་བཙའ་སད་སེར་གསུམ་མ་བཏང་ཞིག༔ འབུ་སྲིན་རྟ་ནོར་གོད་ཁ་མ་བཏང་ཞིག༔ མི་ནོར་བླ་ཚེ་མ་རྐུ་མ་ཁྱེར་ཞིག༔ དེ་སྔོན་ཁྱེར་ན་ད་ལྟ་སོར་ཆུད་ཅིག༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་སོ། །དེ་ནས། ཨོཾ་ཀིཾ་ཧི་རཱ་ཙ་པྲི་ཐི་དྷེ་ཝི་སྭཱ་ཧྭ༔ ཞེས་འཛབ་བརྒྱ་སྟོང་ཅི་འགྲུབ་བཟླའོ༔ ཨོཾ་སང་ཁ་ཏ་ཡ་ཧ་ར་ཏ་པ་


CMR039_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཤི་ཡ༔ ཨེ་ཀ་མ་མ་ཧྲིང་ཧྲིང་༔ ས་ཡ་སི་ཨ་ཡ་མ་དུ་རུ་ཙ་ཤ་ན་དུ་ཏྲི༔ མ་ཧཱ་དྷེ་ཝ་སིདྡྷི་ནི་སྭཱ་ཧཱ༔ ཞེས་བཟླའོ༔ འདིའི་མཇུག་ཏུ་མི་སྐག་ནོར་སྐག་སྤར་ཁ་སྨེ་བ་ལོ་སྐག་ཐན་ལྟས་ཚམི་ཁ་རྣམས་ཀྱི་བཟློག་སྔགས་བྱའོ༔ ༈ མི་སྐག་ཟློག་ན། སརྦ་ཁ་ལ་ཡཀྵ་རྦད༔ ཁ་ཏྲ་ཏྲ་པ་ཡ་ཀག་ཐམས་ཅད་མཱ་ར་ཡ་བྷྱོ་ཟློག༔ རྟ་ནོར་གོད་ཆེ་ན༔ ཨོཾ་ས་ར་ས་ར་པྲ་ས་ར་མ་ར་ནཱ་ག་སེ་རཀྟ་རྟ་ནད་རྟིལ་སྲི་གློ་གོར་ཧོན་གསུམ་རྣམས་བློ་ཟློག༔ གཟའ་དང་སྤར་ཁ་རྩུབ་ན༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ཡུཔུཊྚི་ཀུ་རུ་སྭཱ་ཧཱ༔ ཏ་ཐཱ་ག་ཏ་ཨ་ན་ཁྲ་ལོ་ལ་ན་ཡ་གཟའ་སྤར་ཁ་དགྲ་གཤེད་གནོད་པ་འཁྲུག་པ་བློ་བློ་ཟློག༔ སྨེ་བ་དང་ལོ་རྩུབ་ན༔ ཨོཾ་སྨེ་ཤ་སྨེ་ཤ་ཏི་ལི་ཏི་ལི་ཐཾ་ཐཾ་ཁག༔ ཡ་སང་ཁ་ལ་ར་ཡ་བློ་ཟློག༔ དེ་ནས་ས་བདག་འཁྲུག་བཅོས་ཡིན་ན༔ ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྷི་ལ་མནྜ་ལ་མ་ཡེ་སྭཱ་ཧཱ༔ དེ་ནས་ལོ་ལེགས་ཕྱིར་ཡིན་ན༔ ཨོཾ་ཀྱི་ཧི་རཱ་ཙ་པྲི་ཐི་དྷེ་ཝཱི་སརྦ་སིདྡྷི་སྭཱ་ཧཱ་དེ་ནས་ཐན་ཟློག་ཕྱིར་ཡིན་ན༔ ཨོཾ་ཁཏ་ཁོཊ་བྱག་རྒྱག་རཾ་མྱ་ཐ་ན་ཡཾ་ག་མ་ཧཱུྃ་ཏྲ་སྤ་ར་ཎ་ཐན་ལྟས་ངན་པ་ཐམས་ཅད་བྷྱོ་ཟློག༔ མི་ཁ་བཟློག་ན་འདི་ལྟར་རོ༔ ཨོཾ་ཁང་ཐ་ན་པྲ་ཝ་མི་ཁ་ཐཾ་ཐཾ་སརྦ་ན་མ་ཡ་ཧ་ཧེ་མི་ཁ་ཤིག་ཤིག༔ སརྦ་ཛཱ་ར་ན་མེ་གང་ག་ན་ཡན་མི་ཁ་རྨི་


CMR039_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ༔ ཐ་བ་ས་ར་ཡ་ཧ་ར་ཧ་ར་མ་ཏྲི་ཏྲ་མ་ནི་མི་ཁ་བྷྱོཿཟློག༔ ཅེས་གོང་ལྟར་གལ་དུ་ཆེ་ལ་འབུང་ངོ་༔ ཞེས་སོ༔ ཉིན་རྫོགས་སྲོལ་ལ་མི་གདའ་འོ༔ དེ་ཡན་ཟློག་པའི་གཞུང་དེ་ཉིད༔ ཞག་ལྔ་བདུན་ལ་སོགས་པ་ལ༔ ཉིན་པར་དུས་གསུམ་ཚར་གསུམ་འདོན༔ ཉིན་རྫོགས་བྱེད་ན་ཚར་གྱི་གྲངས༔ གསུམ་ལྔ་བདུན་དགུ་སྐབས་དང་སྦྱར༔ ཞེས་སོ༔ དེ་ནས་ཞལ་ཕྱིར་བསྒྱུར་ལ༔ འབྲུ་སྣ་གཙང་མས་རྫོངས་འདེབས་བྱ༔ རྫོངས་འདེབས་མཁན་པོ་མཁའ་འགྲོའི་ཆས་སུ་ཞུགས་ནས་ཌཱ་དྲིལ་འཁྲོལ་ཞིང་ས་ན་ར་ས་མ་ན་སོགས་བརྗོད་པ་གཞན་དུ་གསལ༔ དེ་ནས་རྫོངས་བཏབ་ཅིང་གྱེར་བ་ནི་མ་མོ་མཁའ་འགྲོ་གླུ་ལ་དགའ་བས་དབྱངས་སྙན་པོས༔ བྷྱོཿ མ་གཅིག་ཨ་ཕྱི་ཚེ་རིང་མ༔ ཡང་འཁོར་མ་གཅིག་མཆེད་ལྔ་ལ༔ མ་དང་མཁའ་འགྲོའི་རྡོ་ངས་ཤིག་འདེབས༔ གསེར་དངུལ་ཟངས་ལྕགས་ལ་སོགས་པའི༔ རིན་ཆེན་སྣ་ཚོགས་རྫོངས་སུ་འདེབས༔ འདོད་པའི་དངོས་གྲུབ་སྣ་ཚོགས་སྩོལ༔ བོད་སྐྱོང་བརྟན་མ་བཅུ་གཉིས་ལ༔ ཡང་འཁོར་དབང་ཕྱུག་ཉི་ཤུ་དང་༔ སྐྱོང་མ་ཡ་མ་འཁོར་བཅས་ལ༔ ནས་གྲོ་སྲན་མ་ལ་སོགས་པའི༔ འབྲུ་ཡི་རིགས་རྣམས་རྫོངས་སུ་འདེབས༔ རྟག་ཏུ་ལོ་ཕྱུགས་ལེགས་པར་མཛོད་གསེར་དངུལ་མུ་མེན་བྱི་རུ་སོགས༔ རིན་ཆེན་སྣ་ཚོགས་རྫོངས་སུ་


CMR039_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས༔ མངའ་ཐང་བསོད་ནམས་ལོངས་སྤྱོད་རྒྱས་པར་མཛོད༔ དར་དང་ཟ་འོག་བེར་ལ་སོགས༔ གོས་ཀྱི་བྱེ་བྲག་རྫོངས་སུ་འདེབས༔ དཔལ་དང་གཟི་བརྗིད་རྒྱས་པར་མཛོད༔ ཟས་གོས་ཅི་འདོད་འབྱུང་གྱུར་ཅིག༔ རང་རང་དགྱེས་པའི་གཏོར་མ་དང་༔ ཤ་ཁྲག་གཏོར་མ་ཐུན་རྫས་དང་༔ དགྲ་བགེགས་ལིང་ག་རྫོངས་སུ་འདེབས༔ གནོད་བྱེད་ཟློག་ལ་རིམས་ཁ་ཆོད༔ རྐྱེན་ངན་བར་ཆད་ཞི་བ་དང་༔ གནོད་བྱེད་དགྲ་བགེགས་ཟློག་པར་མཛོད༔ མར་ཐུད་ཆུར་བ་ལ་སོགས་པའི༔ དཀར་གསུམ་ཟས་སྣ་རྫོངས་སུ་འདེབས༔ དཀར་ཕྱོགས་ལྷ་ངོ་མཉེས་གྱུར་ཅིག༔ ཚྭ་གཡེར་སྒོག་པ་རྫོངས་སུ་འདེབས༔ མི་ཁ་བྲ་མཆུ་མེད་པར་མཛོད༔ ཐན་ཟས་ཐན་གཟུགས་རྫོངས་སུ་འདེབས༔ ཐན་ལྟས་ངན་པ་དགྲ་ལ་བྷྱོ༔ ནས་ཕུལ་ཡོན་བདག་ཞིང་གི་གྲངས༔ བྲེ་རེ་སོག་མ་སྙེ་མ་དང་༔ སྡོང་བུ་ཞིང་ས་རྩམ་པ་དང་༔ ཞིང་གླུད་སྣ་ཚོགས་རྫོངས་སུ་འདེབས༔ སད་སེར་བཙའ་དང་འབུ་སྲིན་ཟློག༔ ལོ་ལེགས་ཆར་འབབ་ལོ་འབྱུང་ཤོག༔ རྟ་བོང་མཛོ་ནོར་དྲེལ་ལ་སོགས༔ རང་རང་གཟུགས་དང་ངར་གླུད་སོགས༔


CMR039_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་གླུད་གཙང་མ་རྫོངས་སུ་འདེབས༔ རྟ་ནོར་གོད་ཁ་དགྲ་ལ་ཟློག༔ རྨ་གཡང་ནོར་གཡང་དངོས་གྲུབ་སྩོལ༔ ཤིང་དུམ་སྟག་ཁྲ་སྦལ་ལྕོང་དང་༔ གཙོད་རུ་ལ་སོགས་རྫོངས་སུ་འདེབས༔ སྡེ་བརྒྱད་ཁེང་ལོག་མེད་པར་མཛོད༔ འདིར་ས་བདག་ཀླུ་གཉན་ལྷ་ཀླུ་ཡུལ་ལྷ་དགེ་བསྙེན་རྣམས་ལ་གཞན་དགོས་སོ༔ ས་བདག་དབང་ཆེན་འཁོར་བཅས་དང་༔ ཡུལ་ལྷ་གནས་བདག་ཆུ་བདག་ལ༔ བསྡུས་པ་འདིས་ཆོག༔ འདོད་ཡོན་སྣ་ཚོགས་རྫོངས་སུ་འདེབས༔ ཅི་འདོད་བསམ་པ་འགྲུབ་གྱུར་ཅིག༔ ངར་གླུད་ཆངས་བུ་གོས་དུམ་དང་༔ ལྟག་རུས་སྲེ་ལོང་ཚྭ་སྒོག་རམ༔ གླུད་ཡས་སྣ་ཚོགས་རྫོངས་སུ་འདེབས༔ གླུད་བདག་ཕོ་མོ་ཚིམས་གྱུར་ཅིག༔ ནད་ཡམས་དལ་ཁ་དགྲ་ལ་སྒྱུར༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་བཏབ་བོ༔ དེ་ནས་ལམ་བསྟན་དང་པོ་བྱ་བ་ནི༔ བྷྱོཿ ཨ་ཕྱི་ཚེ་རིང་མཆེད་ལྔ་དང་༔ བོད་སྐྱོང་བརྟན་མ་བཅུ་གཉིས་དང་༔ དབང་ཕྱུག་སྐྱོང་མ་ཡ་མ་དང་༔ སྡེ་བརྒྱད་འཁོར་བཅས་སྙན་གསོན་དང་༔ ད་ནི་གཤེགས་རིན་བཞུད་ཀྱང་རིན༔ བྷྱོཿ མ་གཅིག་མཁའ་འགྲོ་འཁོར་བཅས་རྣམས༔ ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན༔ ཉི་མ་ཤར་


CMR039_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཕ་ཀི་ན༔ ཤར་ཕྱོགས་གངས་རི་རྩེ་རྒྱལ་ལ༔ ཉི་ཟླའི་འོད་མདངས་ལྷབས་སེ་ལྷབ༔ འཇའ་ཚོན་གུར་ཕུབ་ཝ་ལ་ལ༔ གངས་དཀར་འོད་མདངས་ཁྱུགས་སེ་ཁྱུག༔ བདུད་རྩིའི་ལྷ་ཆབ་སི་ལི་ལི༔ སྟེང་ན་ལྷོ་སྤྲིན་ཕྱུག་མོ་ལ༔ གཡུ་འབྲུག་གསུང་སྙན་ལྡི་རི་རི༔ མགུལ་གྱི་ན་བུན་སྨུག་པོ་ལ༔ བདུད་རྩིའི་སྦྲང་ཆར་སི་ལི་ལི༔ གནས་མཆོག་དེ་འདྲའི་གཞལ་ཡས་ན༔ མ་གཅིག་བཀྲ་ཤིས་ཚེ་རིང་མ༔ ཡང་འཁོར་བཀྲ་ཤིས་མ་བཞིར་བཅས༔ དར་དཔྱངས་པུ་རེ་ད་གཤེགས་ཤིག༔ དྷ་རུ་ཁྲལ་ལེ་ད་གཤེགས་ཤིག༔ དྲིལ་བུ་སི་ལེ་ད་གཤེགས་ཤིག༔ པི་ཝཾ་ཙི་རེ་ད་གཤེགས་ཤིག༔ དར་གདུགས་ལྷབས་སེ་ད་གཤེགས་ཤིགེ༔ སྤོས་དྲི་ཆི་ལེར་ད་གཤེགས་ཤིག །དང་པོ་ལན་གཅིག་མི་འབྱོན་རྒྱུ༔ རྣལ་འབྱོར་དམ་ཚིག་གཉན་ལ་དགོངས༔ ད་ནི་གནས་མཆོག་དེ་རུ་གཤེགས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོཿ ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན༔ ཉི་མ་བྱང་ཕྱོགས་ཕ་ཀི་ནས༔ རི་མེད་ཐང་མེད་ཉིན་མཚན་བདུན༔ རྩྭ་མེད་ཆུ་མེད་ཉིན་མཚན་བདུན༔ མེ་མེད་ཤིང་མེད་ཉིན་མཚན་བདུན༔ ཉེར་


CMR039_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་འདས་པའི་ཕ་རོལ་ན༔ མཁར་གཅིག་གནམ་དུ་ལྡིངས་སེ་ལྡིང་༔ བསེ་མཁར་དེ་ནི་སྨུག་པོ་ལ༔ ལོགས་བཞི་དག་ཀྱང་བསེ་ལ་བགྱིས༔ བསེ་ལོགས་དེ་ནི་སྨུག་པོ་ལ༔ གཉན་པ་དེ་ནི་རྡུལ་མི་འགོ༔ འགྲམ་བཞི་དག་ནི་ལྕགས་ལ་བགྱིས༔ ལྕགས་མཁར་དེ་ནི་སྨུག་པོ་ལ༔ གཉན་ཏེ་དེ་ནི་བྱིལ་མི་འཛུམ༔ ཟུར་བཞི་དག་ཀྱང་མཆོང་ལས་བྱས༔ མཆོང་མཁར་དེ་ནི་སྨུག་པོ་ལ༔ གཉན་ཏེ་དེ་ནི་སྤྲུལ་མི་འཁྲིལ༔ ཁ་བད་དག་ཀྱང་གཡུ་ལས་བྱས༔ གཡུ་བད་དེ་ནི་སྔོན་པོ་ལ༔ གཉན་ཏེ་དེ་ནི་སྤེན་མི་འཛིན༔ ཁ་དོག་དེ་ནི་གསེར་ལ་བགྱིས༔ གཉན་ཏེ་དེ་ནི་བྱ་མི་ལྡིང་༔ དུང་གི་སྒོ་མོ་ཐགས་སེ་ཐག༔ ཤེལ་གྱི་གཡག་ཤི་རྒྱངས་སེ་རྒྱང་༔ ནང་ནི་ཤེལ་དང་དངུལ་ལས་བྱས༔ ཉིད་ཀྱི་སྐུ་མཁར་ཟུར་བཞི་ལ༔ དུར་ཁྲོད་ཝ་བརྒྱལ་རྩེ་རི་རི༔ གོང་མོས་ཁྱི་ཟུག་ཞུངས་སེ་ཞུང་༔ སྲིན་བྱ་གད་རྒྱངས་ཤིགས་སེ་ཤིག༔ ལྕེ་སྤྱང་མང་པོ་ཆུམས་སེ་ཆུམ༔ ལྟས་ངན་འུག་པས་རྐན་སྒྲ་རྡེབས༔ བཙན་ཁྱི་དམར་པོ་འདུར་ཞིང་རྒྱུག༔ བམ་གྱི་ཁོག་སྟོད་ཁོག་སྨད་བཅད༔ ཞུན་ཆེན་མར་མེ་ལྷབས་སེ་ལྷབ༔ རུས་བསྲེགས་ཐལ་བ་ཉི་ལི་ལི༔ སྐུ་


CMR039_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་དེ་ཡི་ནང་ཤེད་ན༔ མི་རོ་འབུམ་གྱི་བཞུགས་ཁྲི་ཡོད༔ བོད་སྐྱོང་བརྟན་མ་བཅུ་གཉིས་ལ༔ ཡང་འཁོར་སྐྱོང་མ་ཡ་མར་བཅས༔ ད་ནི་གཤེགས་རིན་བཞུད་རེ་རན༔ དར་དཔྱངས་པུ་རེ་གཤེགས་རེ་རན༔ རུས་རྒྱན་ཁྲ་ལེ་གཤེགས་རེ་རན༔ གཡང་གཞི་ལྷབས་སེ་གཤེགས་རེ་རན༔ དར་གདུགས་ལྷབས་སེ་གཤེགས་རེ་རན༔ ཌཱ་དྲིལ་སིལ་ལེ་གཤེགས་རེ་རན༔ གླིང་བུ་ཙེ་རེ་གཤེགས་རེ་རན༔ སྤོས་དྲི་ཆི་ལེ་གཤེགས་རེ་རན༔ དང་པོ་ལན་གཅིག་མི་འབྱོན་རྒྱུ༔ རྣལ་འབྱོར་དམ་ཚིག་གཉན་ལ་དགོངས༔ ད་ནི་གནས་མཆོག་དེ་རུ་གཤེགས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ཡང་འཁོར་དབང་ཕྱུག་ཉི་ཤུ་བརྒྱད༔ དུར་ཁྲོད་ཆེན་པོའི་གནས་སུ་ལྷགཤེགས༔ མཁའ་འགྲོའི་ཚོགས་འཁོར་གྲལ་དུ་གཤེགས༔ མགོ་བརྙན་ཕྱག་མཚན་སྟོན་ཞིང་གཤེགས༔ རུས་རྒྱུན་གར་སྟབས་ཤིགས་སེ་ཤིག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ཡང་འཁོར་ལྷ་སྲིན་སྡེ་བརྒྱད་རྣམས༔ གཟའ་ཐེལ་ནམ་མཁའི་མཐོངས་སུ་གཤེགས༔ ལྷ་དང་ལྷ་མོ་ཤར་དུ་གཤེགས༔ གཤིན་རྗེ་བདུད་རྒྱལ་ལྷོ་རུ་


CMR039_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས༔ ཀླུ་རྒྱལ་བཙན་རྒྱལ་ནུབ་ཏུ་གཤེགས༔ གནོད་སྦྱིན་རྒྱལ་པོ་བྱང་དུ་གཤེགས༔ རང་རང་འཁོར་ཚོགས་དང་བཅས་གཤེགས༔ ཧ་ཧ་ཕཊ་སྒྲ་དི་རེ་གཤེགས༔ མི་ལྤགས་གཡང་གཞི་ལྷབས་སེ་གཤེགས༔ ཆིབས་རྟ་རྒྱུག་གྲལ་ཁྲ་ལེ་གཤེགས༔ གོ་མཚོན་མདའ་དར་ཕྱར་རེ་གཤེགས༔ ཀུ་སྒྲ་བསོ་སྒྲ་ཏི་རེ་གཤེགས༔ རང་རང་ཁེང་ལོག་སེལ་ཞིང་གཤེགས༔ དང་པོ་ལན་གཅིག་མི་འབྱོན་རྒྱུ༔ རྣལ་འབྱོར་དམ་ཚིག་གཉན་ལ་དགོངས༔ ད་ནི་རང་རང་གནས་སུ་གཤེགས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཡུལ་ལྷ་གནས་བདག་ཆུ་ཡི་བདག༔ གཉན་ཆེན་སྡེ་བཞི་འཁོར་དང་བཅས༔ ས་བདག་དབང་ཆེན་འཁོར་དང་བཅས༔ སོ་སོ་རང་རང་གནས་སུ་གཤེགས། བྱམས་པའི་སེམས་དང་བཅས་ཏེ་གཤེགས༔ བཀའ་དང་དམ་ལ་མ་འདའ་གཤེགས༔ དང་པོ་ལན་གཅིག་མི་འབྱོན་རྒྱུ༔ རྣལ་འབྱོར་དམ་ཚིག་གཉན་ལ་དགོངས༔ ད་ནི་རང་རང་གནས་སུ་གཤེགས༔ བྷྱོཿ ནད་ཡམས་རིམས་གསུམ་བདག་པོ་སྟེ༔ སད་སེར་བཙའ་དང་ནད་ཀྱི་བདག༔ འབྱུང་བཞིའི་མ་མོ་ཐམས་ཅད་ཀུན༔ རང་མཚོན་རང་གིས་


CMR039_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར་ཏེ་གཤེགས༔ རང་དུག་རང་གིས་སོལ་ལ་གཤེགས༔ རང་ནད་རང་གིས་བསྡུས་ལ་གཤེགས༔ མཚོན་གྲུག་ནད་རྐྱལ་བསྡུས་ལ་གཤེགས༔ བྱང་དམར་ཕྱིས་ལ་ཤྭ་རྡེལ་སྤོས༔ རྩིས་ལས་ཕྱུང་ནས་གདོན་ལས་སྤོས༔ ནད་སྐག་སྐག་ཆེན་ཐམས་ཅད་སྒྱུར༔ ཉི་མ་དེ་རིང་ཕན་ཆད་ནས༔ ཞིང་གླུད་ཡས་སྟགས་འདི་ལོངས་ལ༔ སད་སེར་བཙའ་ཡི་སྣ་མ་འདྲེན༔ རི་རབ་ས་འོག་ས་སྟེང་སོགས༔ རང་རང་སོ་སོའི་གནས་ན་གཤེགས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་བྱང་ཤར་མཚམས་སུ་དར་སྡུད་ལམ་གྱི་ཚུལ་བྱས་ལ་མདོས་ཕུལ་ཞེས་གསུངས་སོ༔ ༈ དེ་ནས་མདོས་ཕུལ་བའི་ས་ནི༔ རང་ངམ་ནད་པའི་ལོ་བདུད་ཐོག་ཅེས་གསུངས་སོ༔ བྱང་ཤར་རི་ནི་གཙང་སར་ཕུལ༔ དང་པོ་ཡུལ་ལྷར་དཀར་གཏོར་ཕུལ༔ དེ་ནས་གསེར་སྐྱེམས་བྱ་བ་ནི༔ མཁའ་འགྲོའི་མཆོད་ལམ་ལ་འདི་སྐད་དོ༔ ཀྱེེ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ བསམ་ཡས་གཙུག་ལག་བཞེངས་པའི་ཚེ༔ བརྟན་མ་བཅུ་གཉིས་དབྱིངས་ནས་བཞེངས་དབང་ཕྱུག་མ་མོས་བར་ཆད་བྱས༔ ལྷ་སྲིན་སྡེ་བརྒྱད་ཁེང་ལོག་བྱས༔ བདུད་བློན་རྣམས་ཀྱིས་བསམ་ངན་འཆང་༔ ཉིན་པར་བརྩེགས་པ་མཚན་མོར་གཤེགས༔ གཙུག་ལག་


CMR039_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

བཤོལ་ལ་ཐུག་པའི་ཚེ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ བདུད་རྩི་དྲོད་ཆང་བཙལ་ནས་ནི་དེ་ལ་རིན་ཆེན་གསེར་ཕྱེ་བཏབ༔ བོད་སྐྱོང་བརྟན་མ་བཅུ་གཉིས་དང་༔ དབང་ཕྱུག་སྡེ་བརྒྱད་ཁེང་ལོག་དང་༔ སྣང་སྲིད་ལྷ་འདྲེ་ས་བདག་ཀླུ༔ ཐམས་ཅད་བཅོས་པས་ཐམས་ཅད་ཚིམ༔ བརྟན་མ་བཅུ་གཉིས་ཁས་ཀྱིས་བླངས༔ དབང་ཕྱུག་མ་མོའི་བར་ཆད་ཞི༔ ལྷ་སྲིན་སྡེ་བརྒྱད་ཁེང་ལོག་བསལ༔ མ་མོ་མཁའ་འགྲོའི་སུན་མ་ཟློག༔ ཡུལ་ལྷ་ཟོ་དོར་གདུག་རྩུབ་ཞི༔ སྔོན་དུས་སྲིད་པ་དེ་བཞིན་དུ༔ ད་ལྟ་སྔགས་འཆང་བདག་ཅག་གིས༔ མེད་པ་དེ་ནི་མི་ལས་བཙལ༔ སྲ་བ་དེ་ནི་བྲག་ལས་བརྐོས༔ བདུད་རྩི་གསེར་སྐྱེམས་འདི་བཞེས་ལ༔ མཐོ་བ་རྣམས་ཀྱིས་ཞབས་ཡར་སྐུམས༔ དམའ་བ་རྣམས་ཀྱིས་དབུ་མར་ཁུག༔ བར་མ་རྣམས་ཀྱང་སྐུ་གཟུར་ཅིག༔ གལ་ཏེ་མདོས་ཟོར་ཟོར་ཕོག་ན༔ ང་ནི་མ་ཉེས་མ་ལན་ནོ༔ ཉེས་ལན་དགྲ་བོའི་སྟེང་དུ་ཕོབ༔ ལོ་ཟླ་ཞག་དུས་ས་བདག་དང་༔ ཡུལ་ལྷ་ཟོ་དོར་གཉན་པོ་དང་༔ ཁྱད་པར་མདོས་གཏོར་འཕེན་ཕྱོགས་ཀྱི༔ གདོང་ལ་གནས་པའི་ལྷ་འདྲེ་རྣམས༔ གསེར་སྐྱེམས་མཆོད་པ་འདི་


CMR039_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་ལ༔ གཡས་སུ་ཡོད་པ་གཡས་སུ་གཟུར༔ གཡོན་དུ་ཡོད་པ་གཡོན་དུ་གཟུར༔ ཕོ་བྲང་ནང་གི་སྒོ་ཆོད་ལ༔ ཅེ་རེ་ལྟ་བའི་སྤྱན་རྣམས་གཡོར༔ གལ་ཏེ་མདོས་ཟོར་ཟོར་ཕོག་ན༔ ང་ནི་མ་ཉེས་མ་ལན་པས༔ ཉེས་ལན་དགྲ་དང་བགེགས་ལ་ཕོབ༔ རྣལ་འབྱོར་བདག་གི་སྡོང་གྲོགས་མཛོད༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་སོ། །དེ་ནས་དང་པོ་དཀར་གཏོར་ཁྱེར༔ དེ་ནས་གླུད་ཁྱེར༔ དེ་ནས་མདོས་ཁྱེར༔ དེ་རྗེས་ཚད་བརྟན་དང་བཀའ་སྲུང་གཏོར་འབུལ་ཁྱེར༔ དེ་རྗེས་ཟོར་མདའ་གྲི་སོགས་ཁྱེར༔ དེ་རྗེས་ཧོ་ཕྱག་དང་མདའ་དར་ཁྱེར༔ དེ་རྗེས་དར་ནག་སོགས་ཁྱེར༔ དེ་རྗེས་སྔགས་འཆང་རང་ཤེལ་དང་དར་དཔྱངས་རུས་རྒྱན་རོལ་མོ་དང་བཅས་ནས་འགྲོ༔ ལོ་རིམ་ཡིན་ན་ངར་གླུད་ཁ་ཁ་ན་ཡོད་པ་དེ་དང་༔ ཡུལ་མི་གཏོགས་ཚད་ཀྱིས་ཀི་བསོ་དང་བཅས་ནས་ཕོ་རྣམས་ཀྱིས་གོ་གྱོན་མཚོན་ཐོགས༔ མོ་རྣམས་ཀྱིས་ཐལ་རྡེབ་དམོད་བཅོལ་བྱ༔ རང་ཡང་དམིགས་པ་དང་ལྷའི་ང་རྒྱལ་བརྟན་པོས་འཆམས་སྟབས་དང་དར་མཐིང་ནག་གིས་གཡབ་ནས་འགྲོ༔ དེ་ནས་ཕུལ་སར་ཕྱིན་པ་དང་མདོས་བཏེག་ལ་སུན་ཟློག་ལྟར་བརྟན་མའི་ཟློག་པ་དང་༔ བྷྱོཿ མདོས་ཟོར་ཤ་ཁྲག་གཏོར་མ་འདིས༔ སོགས་བརྗོད་ནས་མདུན་གྱི་སྐུ་གཟུགས་རྣམས་བླངས་ཏེ་བཞག༔ གཏོར་མ་དང་ལིངྒ་མེ་ལ་སྦར༔ དེ་ནས་མདོས་སྒབ་ཟོར་གྱིས་


CMR039_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་ཕྱིར་ཟོར་འཕང་༔ བཀའ་སྲུང་རྣམས་ཀྱི་གཏོར་མ་རེ་རེ་བཞིན་ལིངྒ་འམ་ལིངྒ་མེད་ན་གཏོར་གཞོང་ཐོག་ཏུ་ཕུལ༔ དེ་ནས་གཏོར་གཞོང་བཤལ་ལ་བརྟན་མ་སྐྱོང་༔ བཀུག་གཞུག་བྱས་ལ་རྟ་བྲོ་རྒྱས་པར་བྱས་ལ་ཕྱི་མིག་མི་ལྟ་ལྷ་རྒྱལ་ལོ་ཞེས་བརྗོད་ལ་ནང་དུ་ལོག་ནས་བཀྲ་ཤིས་ཚེ་འགུགས་སོགས་རྒྱས་པར་བྱ༔ ཟོར་རྣམས་ཡར་ལོག་བྱུང་ན་ཚོགས་བསྐང་རྒྱས་པར་བྱ༔ དེ་ནས་རྗེས་ཆོག་རྒྱས་པར་བྱས་ནས་མི་དམིགས་པའི་ངང་དུ་དམིགས་པ་ཐུན་གཅིག་བསྐྱང་༔ ཆར་འབོད་ཡིན་ན་དེ་ནུབ་ལུས་སྦྱིན་བྱ༔ རྫས་སྣ་དཀྱིལ་འཁོར་སྒྲུབ་པ་གཞན་དུ་གསལ༔ ཅེས་སོ༔ དེ་ལྟར་བརྟན་མའི་མདོས་ཆེན་རྒྱས་པ་འདི༔ ཉེ་བར་མཁོ་ཞིང་གལ་ཆེ་ཡང་༔ ཕྱོགས་འདིར་དར་སྲོལ་ཆུང་བ་ཡིས༔ ཕྱག་ལེན་ཤེས་མཁན་དཀོན་པར་སྣང་༔ ར་ཤག་གཏེར་སྟོན་གཏེར་མ་དང་༔ གུ་རུ་ཆོས་དབང་གཏེར་མ་རྣམས༔ ཧ་ཅང་རྒྱས་དྲག་བཅའ་འདོན་དཀའ༔ དབང་ལུང་མན་ངག་བརྒྱུད་པ་ཆད༔ དེ་ཕྱིར་འདི་ཡི་དར་སྲོལ་ནུབ༔ མངའ་བདག་ཉང་རལ་གཏེར་མ་ལ༔ ཅུང་ཟད་མ་ཚང་ཁ་བཀང་བྱསཟིན་བྲིས་ཡིག་ཆུང་གསལ་བར་བྱས༔ མ་འོངས་འགྲོ་ལ་སེམས་བསྐྱེད་ནས༔ ༧ གཏེར་བློན་རཱ་ག་ཨ་སྱས་བསྒྲིགས༔ ཡི་གེ་པ་ནི་དགེ་སློང་བརྩོན་འགྲུས་ཡིན༔ ཉེས་འགལ་མཆིས་ན་མ་མོ་མཁའ་འགྲོ་དང་༔ ཆོས་སྐྱོང་གཏེར་བདག་ཚོགས་ལ་བཤགས༔ དགེ་བས་ལོ་ལེགས་འབྲུ་འཕེལ་ནས༔ ནད་ཞི་གདོན་བགེགས་བར་ཆད་ཞི༔ བོད་ཁམས་ཡོངས་ལ་བདེ་སྐྱིད་ལྡན་པར་ཤོག༔ འདིའི་འདབས་ན་ད་རུང་གསལ་


CMR039_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་མང་དུ་ཡོད་པ་ལས་ཚོགས་འདབས་སུ་ཡོད་ལགས་སོ༔ གཏེར་གཞུང་ལས༔ ཆོས་བདག་མ་མོ་ཙ་མུན་ཏྲི་ཡིས་སྲུངས༔ དུས་ཀྱི་སྙིགས་མ་ལྔ་བཅུ་ཁ་རལ་དུས༔ སྐལ་ལྡན་ལས་ཅན་གཅིག་དོང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྤྱི༔ ཅེས་གཞོ་སྟོད་ཏི་གྲོ་བྲག་ནས་བསེ་སྒྲོམ་སྨུག་པོའི་ནང་ནས་མངའ་བདག་ཉང་གིས་གདན་དྲངས་པའོ༔ བཀྲ་ཤིས་དཔལ་འབར་འགྲོ་བ་ཡོངས་ལ་ཕན་བདེའི་དཔལ་དུ་བྱོན་པ་སརྦ་མངྒ་ལཾ༔ ༈ འདི་བྲིས་དགེ་བའི་རྩ་བ་དེས༔ རྒྱུ་སྦྱོར་ཡོན་བདག་ཐམས་ཅད་དང་༔ འདི་ལ་བྲི་ཀློག་བརྩོན་མི་དང་༔ འདི་ཉིད་ཉམས་ལེན་བྱེད་ཚད་ཀུན༔ ཚེ་འདིར་ལོ་ལེགས་འབྲུ་འཕེལ་ཞིང་༔ ནད་མུག་མཚོན་གསུམ་དག་ལས་གྲོལ༔ ཁྱད་པར་གདུལ་བྱ་ལོངས་སྤྱོད་རྒྱས༔ སྐུ་ཚེ་ཉི་ཟླ་ལྟ་བུར་བརྟན༔ ཀུན་ལ་ཕན་ཐོགས་རྒྱ་ཆེན་ནས༔ འགྲོ་ཀུན་བདེ་སྐྱིད་འབྱུང་བ་དང་༔ བསྟན་པ་མཐའ་རྒྱས་བཀྲ་ཤིས་ཤོག༔ ཞལ་དྲོ།། ༈ བརྟན་མ་བཅུ་གཉིས་གཏོར་མ་ནི༔ རྡོ་རྗེ་ཀུན་གྲགས་མ༔ ཡ་མ་སྐྱོང་༔ ཀུན་བཟང་མ༔ འབྲོག་ཆེན་འཁོར་འདུས་ཏེ་བདུད་མོ་བཞི་ལ་ཟུར་གསུམ་ནག་པོ་བཞི༔ ཤ་མེད་གངས་དཀར༔ ཁ་རག་ཁྱུང་བཙུན༔ གསེར་ཆེན་མཁའ་ལྡིང་༔ རྨ་རི་རབ་འབྱམས་ཏེ་གནོད་སྦྱིན་བཞི་ལ་ཟུར་བཞི༔ དཔུང་རང་དམར་པོ་བཞི༔ ཀོང་བཙུན་དེ་མོ༔ རྡོ་རྗེ་སྨན་གཅིག༔ རྡོ་རྗེ་ཟུ་ལེ་མ༔ རྡོ་རྗེ་


CMR039_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

གཡར་མོ་བསིལ་ཏེ་སྨན་བཙུན་བཞི་ལ་དཀར་ཟླུམ་བཞིའོ༔ གཙོ་མོ་ཚེ་རིང་མའི་གཏོར་མ་ཟླུམ་པོ་རྩེ་གསུམ་ཟུར་གསུམ་ཅུང་ཟད་དགུ་བ༔ ཞལ་བཟང་མ་ལ་ཟླུམ་ལྡེམ༔ བློ་བཟང་མ་ལ་འབྲང་རྒྱས༔ ཅོད་པན་མགྲིན་བཟང་མ་ལ་བོང་བུའི་རྨིག་པ་ལྟ་བུ་གཏད་དཀར་འགྲོས་བཟང་མ་བྱ་མཆུའི་དབྱིབས་ལྟ་བུའོ༔ ༈ བསྒྲིག་ལུགས་ནི༔ དབུས་སུ་ཚེ་རིང་མ༔ དེའི་གཡས་སུ་དུད་སོལ་མ༔ གཡོན་དུ་སྔགས་སྲུང་མ༔ མདུན་དུ་ཀོང་བཙུན་དེ་མོ༔ གཡོན་ཟུར་དུ་གངས་དཀར་ཤ་མེད་མ༔ རྒྱབ་ཏུ་རྡོ་རྗེ་ཀུན་གྲགས་མ༔ ཤར་དུ་མཐིང་གི་ཞལ་བཟང་མ༔ དེའི་གཡས་སུ་བཙན་ལ་རོལ་པ་མ༔ གཡོན་དུ་གཡུའི་དྲིལ་བུ་རྡོ་རྗེ་གཟུགས་ལེགས་མ༔ མདུན་དུ་རྡོ་རྗེ་གཡར་མོ་བསིལ༔ ལྷོར་མི་གཡོ་བློ་བཟང་མ༔ དེའི་གཡས་སུ་ཁ་རག་ཁྱུང་བཙུན༔ གཡོན་དུ་གསེར་ཆེན་མཁའ་ལྡིང་༔ མདུན་དུ་རྨ་རི་རབ་འབྱམས༔ ནུབ་ཏུ་ཅོད་པན་མགྲིན་བཟང་མ༔ དེའི་གཡས་སུ་དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང་༔ གཡོན་དུ་གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་བཟང་མ༔ མདུན་དུ་འབྲོག་ཆེན་འཁོར་འདུས་སོ༔ བྱང་དུ་གཏད་དཀར་འགྲོས་བཟང་མ༔ དེའི་གཡས་སུ་སྲིན་མོ་གཡག་གདོང་མ༔ གཡོན་དུ་དོམ་གདོང་མ༔ མདུན་དུ་ཟ་བ་བྱ་རྒོད་གདོང་༔ རྒྱབ་ཏུ་གསོད་བྱེད་སྤྱང་གདོང་མ་རྣམས་བཀོད༔ གཞན་ཡང་ཐམས་ཅད་རང་གཞུང་ལྟར་བྱས་པས་འཐུས་སོ༔ བཅའ་བཞི་བཀོད་ལུགས་དང་༔ མངོན་རྟོགས་བསྒོམ་ཚུལ་ཅུང་མི་མཚུངས་པར་འདུག་པས་འདིར་མངོན་རྟོགས་དང་མཐུན་པར་འགོད་ཚུལ་བྲིས་པའོ༔ སརྦ་མངྒ་ལཾ༔


previousབརྟན་མ་བཅུ་གཉིས་མདོས་ཆེན་ཞེས་ཀྱང་བྱ། ལོ་གཡང་སྡུད་མདོས༴ ཨ་ཕྱིའི་འཆི་བསླུ༴ ལྷ་མོའི་གསང་མདོས༴ སྡེ་བརྒྱད་ཁེང་ལོག་མདོས་ཆེན༴ དབང་ཕྱུག་བྱད་ཟློག༴ བརྟན་མའི་ས་ག༴ མི་ཁ་ཟློག་མདོས༴ ལྟས་ངན་ཟློག་མདོས༴ བརྟན་མའི་སུན་ཟློག༴ སད་སེར་བཙའ་ཟློག༴ བརྟན་མའི་གོད་ཟློག་ཅེས་ཀྱང་བྱ།next