བསྟན་འགྲོའི་མཆོད་སྡོང་ཆེན་པོའི་བསྟན་གནས་ཀྱི་དགོན་སྡེ་རིང་ལུགས་འཛིན་པའི་སྡོམ་ལྡན་རྣམས་ལ་ཉེ་བར་བསྟན་པ་སྤྱི་འཛིན་གྱི་ཞལ་གདམས།
འདིར་བསྟན་འགྲོའི་མཆོད་སྡོང་ཆེན་པོའི་བསྟན་གནས་ཀྱི་དགོན་སྡེ་རིང་ལུགས་འཛིན་པའི་སྡོམ་ལྡན་རྣམས་ལ་ཉེ་བར་བསྟན་པ་སྤྱི་འཛིན་གྱི་ཞལ་གདམས་ཅིག་བཞུགས་སོ། །
ན་མོ་པྲཛྙཱ་པཱ་ར་མི་ཏ་ཡེ༔ སྡེ་དགོན་ཐུབ་བསྟན་འཛིན་པའི་གཙུག་ལག་ཆེན་པོ་རྣམས་ལ། བསྟན་དགྲ་ཆེན་པོ་རི་རྒྱ་ཀླུང་རྒྱ་བཀྲོལ་བའི་སློབ་བུ་ཆོས་ལོག་མུ་སྟེགས་བསྟན་ལ་གནོད་པ་སྡེ་དགོན་ཡོ་བྱད་བླང་བ། དགོན་གནས་ཆོས་སྒྲུབ་འཚེ་བ་རྐུ་བ། མ་ཉེས་སྐུར་པ་འདེབས་པ། དཔལ་ལྡན་བླ་མའི་སྐུ་དགྲ་ལ་སོགས་བསྟན་དགྲ་དེ་རྣམས་སྙིགས་དུས་རྩོད་ལྡན་ལ་འབྱུང་ཕྱིར། བསྟན་དགྲ་ཚར་གཅོད་ཀྱི་ཕྱག་བཞེས། མཆོག་ཚོགས་འདུས་འཚོགས་པ་ཡོངས་ཀྱིས་བར་ཕྱིན་རྒྱལ་བའི་བཀའ་མཐུ་ཞེས་པ་ཡོངས་གྲགས་མདོ་སྒྲུབ་ཆེན་པོའི་བརྗེད་ཐོ་བླ་མའི་ཞལ་ཤེས་ཞིག་བསྟན་པ་ནི། ཐོག་མར་སྡོམ་ལྡན་འདིའི་བསྲུང་བ་བསྙེན་སྒྲུབ་ལ་འབྱོང་བ་དག་གིས་དམ་ཉམས་རང་གཤེད་དབབ་ཕྱིར་བྲི་གཞི་རས་སེར་རམ་དུག་ཤོག་ལ་ལིངྒ་ལྕེ་
ཡིས་བྲང་ཁེབས་པ་བྲི། ལྕེ་དཀྱིལ་རྡོ་རྗེ་རྒྱ་གྲམ་མཐར་འཁོར་ལོ་རྩིབས་དྲུག་ལ་བོ་དྲུག་བྲི། དེ་མཐར་སྔགས་མགོ་ནང་བསྟན་ གཡོན་བསྐོར་ལ། ཏདྱ་ཐཱ། བྷ་ག་ཝ་ཏེ་པྲཛྙཱ་པཱ་ར་མི་ཏ་ཧྲིདཱ་ཡ། དྷེ་ཝ་དྷ་རུ ་ཀ་ཀ་ར་ཙི་ཀྲོ་དྷ་ཡ། རྩ་བའི་གནོད་བྱེད་ཛ་ལ་ཡ་མུག་ཤག་ནན། ལྟེ་བར་ཁ་སྤྲོད་ཛཡི་བར་དུ་ཧཱིདང་དེ་མཐར་མིང་རུས་མཐར། ཁུག་ཅིག་ཕོག་ཅིག་ཨཾ་ཀུ་ཤ་ཡ་ཛཿ ཅེས་ཡིག་མགོ་ཕྱིར་བསྟན་གཡས་སུ་བསྐོར་བར་བྲི། སྤྱི་བོར་ནན་རྐང་ཞབས་ཡཾ་ཡན་ལག་ཛཿཧཱུྃ་བཾ་ཧོ༔ ཐ་མ་ཛ་དང་ཁྲམ་གྱིས་བསྐོར་བ་སོགས་ཞལ་ཤེས་ལྟར་རོ། །ཁྱི་ར་སྐུད་པས་དཀྲིས་མིག་ཟངས་ཁབ་ཕུག་ལ་བཏགས་ནས་བག་ཕུག་ལ་བཏགས་ནས་ན་ག་ཟན་ནང་བཅུག་ལིངྒ་ལ་བཅའ་ལ་སྐུད་སྣེ་
ཟངས་ཁབ་ཕྱིར་ཕྱུང་ནས་སྤྱི་བོ་ནས་དྲངས་མགྲིན་པར་ཕྱུང་སླར་སྙིང་ཁར་བཙུགས་ལ་བཞག །མདུན་དུ་ཧི་ཁོང་ནང་འཕང་ཁ་བཀབ་ཚ་ཚ་ནག་པོས་མནན། གོང་གི་ག་ཏེ་དང་ལིངྒ་ནང་བྲིས་སྔགས་གཉིས་དུག་ཤོག་ལ་འཕྲེང་གཅིག་བྱས་ནས་སྐྱེར་ཆེར་གཅིག་ལ་བཏགས། ཐུན་རྫས་ནི་མི་རོ་བསྲེགས་པའི་ཐལ་བ་ཤི་ཤུལ་རྡོ། ཕུང་ཤུལ་ས་རི་གཉན་རྡོ་ནག་སོགས་སྤྱི་ཡིས་བྲབ། རྫས་ཡང་བཤམས། འདི་སྐབས་ལིང་ཁྲུས་བཀུག་གཞུག་ལྷ་དབྱེ་སོགས་བྱ། དེ་ནས་དུས་ལ་བབ་དུས། སྐུ་གསུང་ཐུགས་རྟེན་ཅི་རིགས་ཀྱི་དྲུང་དུ་མཆོད་པ་མཐོང་བརྒྱུད་ལྟར་བཤམས། བཀའ་སྲུང་ཆོས་སྲུང་རྣམས་ལ་བསྐང་གསོ་བདེན་བདར་བསྐུལ་སོགས་གང་འོས་བྱ། དེ་ནས་འདུས་པ་རྒྱ་མཚོ་གདན་ལ་འཁོད་ནས་སྐྱབས་སེམས་ཡན་ལག་བདུན་སོགས་བསྐུལ་པ་ཞིག་དང་ཐུབ་བསྟོད་བྱ། དེ་ནས་དམིགས་པ་དངོས་ནི། ཨཱཿ སྐད་ཅིག་དྲན་རྫོགས་རང་ཉིད་ནི། །བཅོམ་ལྡན་ཤཱཀ་ཐུབ་སྐུ་མདོག་ནག །དར་ལིང་ནག་པོའི་ཆོས་གོས་གསོལ། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །ཕྱག་གཉིས་འཁར་གསིལ་གདིང་བ་བསྣམས། །ཡེ་ཤེས་དམ་ཚིག་དབྱེར་མེད་གསལ། །དམིགས་པ་དེ་ལྟར་བྱ་བའི་ངང་ནས་ཤེས་རབ་སྙིང་པོ་ཚར་དགུ་ཙམ་དང་སྔགས་བརྒྱ་སྟོང་སོགས་བཟླས། དེ་ནས་ནམ་མཁའ་ལ་སངས་རྒྱས་སྟོང་རྩ་དང་བྱང་ཆུབ་སེམས་དཔའ་ཡི་དམ་ལྷ་ཚོགས་དམ་པ་ཡེ་ཤེས་ཆོས་སྐྱོང་བའི་སྲུང་མ་ཕོ་རྒྱུད་མོ་རྒྱུད་གནས་
འདིའི་སྲུང་མ་ཡུལ་ལྷ་གཞི་བདག་དང་བཅས་པ་ཐམས་ཅད་དཔང་པོའི་ཚུལ་དུ་བཞུགས་ནས་ཡོད་པར་བསམ། དེ་ནས་བྲུབ་ཁུང་བསྐྱེད་པ་ནི། མདུན་དུ་བྲུབ་ཁུང་གནམ་ལྕགས་ཁང་སྒྲོམ་ནང་། ཀྲྀལས་དགྲ་བོ་སྔོ་ཞིང་རིད། །སྐྲ་གཟིངས་ལུས་འདར་ཁྲག་སྐྱུགས་པ། །ཡན་ལག་ལྕགས་སུ་བཅུག་པ་གསལ། །ཡུམ་ཆེན་རྒྱལ་བ་སྲས་བཅས་དང་། །ཐུབ་པ་ནག་པོའི་བདེན་མཐུ་ཡིས། །དམ་ཉམས་རྒེའི་བླ་སྲོག་རྣམས། །ལིང་ག་འདི་ལ་མྱུར་དུ་ཁུག །བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོ༔ བཀུག་གཞུག་ཉེར་གཅིག་ཙམ་བྱ། །བདེན་མཐུས་དབང་མེད་བཀུག་པར་བསམ། །དེ་ནས་གོང་གི་ནམ་མཁར་བཞུགས་པ་རྣམས་གསལ་བའི་མདུན་དུ་རང་ལ་ཉེས་པའི་གཟུ་དཔང་དང་དམ་ཉམས་ལ་ཉེས་བསྒྲགས་སྤྱི་ལྟར་བྱ་བའི་མཇུག་ཏུ་ཇི་ཉེས་པའི་ལོ་རྒེ་ཟླ་བ་ཞག་དུས་ཚོད་རྒེ་སམ་རྨེ་ནས་དམ་ཉམས་རི་རྒྱ་ཀླུང་རྒྱ་སོགས་རྒེའི་མིང་རྣམས་རྡུལ་བྱང་ལ་བྲིས་ལ་བརྗོད། སླར་ཡང་ཐམས་ཅད་ཀྱི་བློ་འཛིན་ལ་ཡོད་པའི་འགུགས་གཞུག་བརྒྱ་རྩ་བརྒྱད་དམ་ཉེར་གཅིག་ལས་མི་ཉུང་བར་བྱ། དེ་ནས་གལ་ཆེན་སྡོམ་ལྡན་སློབ་དཔོན་དང་སྡོམ་ལྡན་དགེ་སློང་ལ་ལས་བརྒྱད་སྟོང་པོཏི་རེ་རེ་རྒྱབ་ཏུ་ཁུར་ནས་ལིང་ག་ལ་ཕྱག་འདེབས་ལེགས་ཉེས་དབྱེ་བའི་ཕྱག་རྒྱ་བསྟན་ནས་ལན་དགུ་བྱ། དེའི་ཐམས་ཅད་ཀྱིས་ཐལ་མོ་བརྡབ་ལ་དམིགས་པ། རང་ཉིད་ཐུབ་པ་ནག་པོ་ནམ་མཁའ་ཁྱབ་
པའི་སྐུ། །ཕྱག་གཡས་ཉི་མ་བསྐལ་པའི་མེ་ཆེན་འབར། །ཕྱག་གཡོན་ཟླ་བ་བསྐལ་པའི་རླུང་ནག་འཚུབ། །ཕྱག་གཉིས་བརྡབས་པས་དགྲ་བོ་ལྷ་སྲུང་རྣམས། །མེ་རླུང་དྲག་པོས་སྐད་ཅིག་བསྐྲད་པར་བསམ། །ཕྱག་འཚལ་ཁོ་ལ་འཚལ་བར་བསམ། །བདག་ཉིད་ཐུབ་པ་ནག་པོ་དང་། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །ཆེ་གེ་ཁྱོད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཕྱག་སྣ་མ་ཁྱག་པས། །དགྲ་བོའི་ལྷ་སྲུང་ཐམས་ཅད་བྲོས། །མ་བྲོས་པ་རྣམས་སྙིངགས་ནས། །ཐལ་བའི་རྡུལ་དུ་བརླག་པར་གྱུར། །ལྷ་དང་ཕྲལ་བའི་དམ་ཉམས་དེས། །ལྕེ་སྟེང་བོ་ཡིག་དྲུག་པོ་དེ། །མཆོད་རྟེན་ནག་པོ་དྲུག་ཏུ་གྱུར། །ངག་མནན་སྨྲ་མེད་མིག་ཧྲིག་ནས། །ཐལ་བ་རྡུལ་དུ་བརླག་པར་གྱུར། །ཏདྱ་ཐཱ། །བྷ་ག་ཝ་ཏེ་པྲ་ཛྙཱ་པཱ་ར་མི་ཏ་ཧྲི་དཱ་ཡ་དྷེ་ཝ་དྷ་ཏུ། ཀ་ཀ་ར་ཙི་ཀྲོ་དྷ་ཡ། སྒྲེ་ངག་གི་ནུས་པ་ཛ་ལ་ཡ་མུག་ཤག་ནན། སྔགས་དེ་ཉེར་གཅིག་ཙམ་རེ་བཟླས། རོ་སྐྲ་རོའི་རུས་པ་ལ་སྡོམ་ཉམས་དྲི་ཆེན་ལྷ་འབོབ་དྲིལ་ཚིལ་གུ་གུལ་རྣམས་ལིངྒའི་སྙིང་གར་གཞུག །ལྷ་དབྱེའི་སྐབས་སུ་སྒོ་རྒྱབ་སོགས་ལ་རྫས་དེ་རྣམས་དུད་པ་རང་ཕྱོགས་དང་སྒྲུབ་ཁང་ལ་མི་ཕོག་པར་བདུག་གོ ༈ །རང་ཉིད་ཐུབ་པ་ནག་པོ་ཡིས། །ཐུགས་
ལས་སྤྲུལ་པའི་ལས་མཁན་ནི། །ལྷ་ཡི་ཐུབ་པ་བརྒྱ་བྱིན་ནི། །དུད་ཁ་གླང་ཆེན་ས་སྲུངས་ཞོན། །ལག་ན་སྤུ་གྲི་ཐོད་ཁྲག་ཐོགས། །ཁོ་ཡི་བཤང་ལམ་ནས་ཞུགས་ཏེ། །ཁྲག་འཐུང་ཤ་རྣམས་ཟད་པར་ཟོས། །དགྲ་བོའི་སེམས་ཉིད་ཨ་ཡིག་དཀར། །སྤྱི་བོ་ཚངས་པའི་བུ་ག་ནས། །ཐོན་ཏེ་མདུན་གྱི་ནམ་མཁའ་ན། །སངས་རྒྱས་སྟོང་རྩའི་ཐུགས་ཀར་ཐིམ། །ཆོས་སྐུ་སྐྱེ་མེད་ཐོབ་པར་གྱུར། །རྣམ་ཤེས་སྤར་བ་འདི་དགྲ་མ་ཤི་བར་མི་བྱ། འོན་ཀྱང་རྣམ་ཤེས་དང་ལུས་མ་ཕྲལ་ན་རྟགས་མེད་པའི་ལུགས་ཀྱི་འདི་སྐབས་མན་ངག་འགའ་ཞིག་ཞལ་ཁྲིད་ནི། རྣམ་ཤེས་ཕུང་པོ་ནས་ཚུར་བླངས་རང་ཡི་དམ་གང་ཡིན་གྱི་གདན་ཉི་ཟླའི་བར་དུ་ཟུགས། ཉི་མ་མེ་ཟླ་བ་ཆུ་ཚ་གྲངས་འཐབ་པའི་བར་དེར་དགྲ་བོ་ནི། ཞེས་གསུངས་སོ། །ཨོཾ་ན་མོ་བུདྡྷ་ཡ༔ དྷརྨཱ་ཡ༔ སཾ་གྷ་ཡ༔ བྷྱོ་དྷི་སཏྭཱ་ཡ༔ ཏདྱ་ཐཱ༔ ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བྷྱོ་དྷི་ཡེ་སྭཱ་ཧཱ། ཧཾ་ཁྲ་ཏད། ཁྲ། ཁ་རཾ་ཀྲེ། ཙ་རཾ་ཀྲེ། ཙ་རཾ་ཀྲེ། ཀུ་རུ་དུ་ཏུ། ཙིཏྟ་བོ། མ་ར་མ་ར། རྒེའི་ཙིཏྟ་ཡ། ཧ་ར་ཧ་ར། ཁ་རླངས་མཆིལ་མ་མ་སོང་བར་ཐུན་ལ་ཕུ་བཏབ། དེ་ནས་ཐུན་བྲབ། ཚེར་ལྕགས་སྔགས་བྱང་ཅན་རྡོ་རྗེ་སློབ་དཔོན་གྱིས་བཟུང་། དེ་ཚེ་དམིགས་བྱ་ནི། ༈ ཚེར་
ལྕགས་སྔགས་བྱང་བཏགས་པ་ནི། །ཐུབ་པ་ནག་པོའི་འཁར་གསིལ་གྱུར། །དམ་ཉམས་དགྲ་བོའི་མགོ་ལ་རྒྱོབ། །མར་མེ་རླུང་གིས་བསད་པ་བཞིན། །དྲན་མེད་ནག་ཆོམ་དབང་པོ་གཏོར། །སྟོང་གསུམ་དུག་གི་ནུས་པ་ཀུན། །ཕྱག་གཡོན་གདིང་བའི་ནང་དུ་བསྡུས། །ཐུན་རྣམས་ཧ་ལ་ཆེན་པོར་གྱུར། །དུག་ཆུ་རྡོ་ཐུན་བྲབ་པ་ཡིས། །འདུ་བ་རྣམ་བཞིའི་ནད་རིགས་ཀུན། །དམ་ཉམས་དགྲ་ལ་ཆར་ལྟར་ཕོབ། །སྟོབས་ཉམས་རྣམ་ཤེས་རྟེན་དང་ཕྲོལ། སྔགས་ནི་དྲག་པོར་བཟླས་ཤིང་བྲབ། །གོང་གི་སྔགས་དེ་ཀུན་གྱིས་བརྗོད་ན་ནུས་མྱུར་ཆེ་ཕྱིར་ཤོག་ཚར་མང་པོ་བགྱིས་ནས་འདོན་མ་གྲུབ་གཱ་ཏེ་སྙིང་པོ་བཟླས། རྡོ་རྗེ་སློབ་དཔོན་གཅིག་གིས་གཡས་འཁར་གསིལ་གཡོན་གདིང་བ་བསྣམས། ལ་ལས་གཎྜི་བསྐོར་ཞིང་བརྡུང་། དུང་འགྲིལ་ཞིང་འབུད། ལ་ལས་སྣམ་སྦྱར་ས་ལ་བརྡབ། ལ་ལས་ཐུན་སྣས་བྲབ། མང་མས་སྔགས་དང་བདེན་སྟོབས་བརྗོད་ཚེ་དམིགས་པ་ནི། རང་ཉིད་ཤཱཀ་ཐུབ་ནམ་མཁའ་ཁྱབ་པའི་སྐུ། །ཕྱག་གཡས་ཉི་མ་བསྐལ་པའི་མེ་ཆེན་འབར། །ཕྱག་གཡོན་ཟླ་བ་བསྐལ་པའི་རླུང་ནག་འཚུབ། །ཐུགས་ཀའི་འོད་ཀྱིས་གནོད་བྱེད་དགྲ་བགེགས་རྣམས། །རང་དབང་མེད་པར་ཉི་ཟླའི་བར་དུ་བཀུག །ཕྱག་གཉིས་བརྡབས་པས་གནོད་བྱེད་དགྲ་བོ་རྣམས། །མེས་བསྲེགས་ཐལ་བ་རླུང་གཏོར་ལུས་ངག་བརླག །སེམས་ཀྱི་གདུག་རྩུབ་ཁོ་རང་ཉིད་
ལ་སྨིན། །དེ་ལྟར་དམིགས་ནས་ལན་འགའ་ཐལ་མོ་བརྡབ། །མཇུག་ཏུ་ཤེས་རབ་སྙིང་པོ་ཚར་གསུམ་དང་། སྔགས་ཐུན་བཞེས་འབོད་དམོད་གྱེར་ཐལ་རྡེབ་གོང་ལྟར་བྱས་ནས་ཐམས་ཅད་ལོངས་ལ་གཡས་བསྐོར་གཡོན་བསྐོར་བྱས་ནས་ཐལ་མོ་བརྡབ་སྣམ་སྦྱར་སོགས་ཀྱིས་བྲབ་པར་བྱའོ། ༈ །དེ་ལྟར་རྫོགས་ནས་ལིངྒ་དེ་སྡོམ་ཤོར་གྱི་ཆོས་གོས་དུམ་བུས་བཏུམ། སྔགས་པ་དམ་ཚིག་ཉམས་པའི་སྒྲས་བཅིང་། གླང་བུའི་ཐོད་པར་བཅུག་ལ་སྟེང་དུ་གདིང་བ་འཁར་གསིལ་བསྟན། དེ་སྟེང་སྣམ་སྦྱར་ལྟེབ་ལ་བཞག །དེ་ནས་ལིངྒ་གླང་ཐོད་བཅས་ལྷ་ཁང་ངམ་མཆོད་རྟེན་ཆེན་པོའི་ཞབས་སུ་དོང་གྲུ་གསུམ་བྲུས་ལ་འཕོང་། ལྷར་བསྐྱེད་ཆོག་བླ་འགུགས་ཕུར་འདེབས་མ་ཧཱ་བྷ་ལ་༧གཏད་ཁྲོ་སོགས་བྱས་ནས་རྡོ་ལེབ་ལ་རྒྱ་གྲམ་བྲིས་ནས་ཁ་བཅད། མེ་ཆུ་གོ་ལོག་བྱས་ནས་ལེགས་པར་བརྡུང་ལ་མི་མངོན་པར་སྦས། དེ་ཚེ་མང་མས་འགུགས་གཞུག་དུས་སུ་བློ་འཛིན་རེ་རེ་དང་རྟ་བྲོ་དུས་ཡང་ཉུང་ངུ་རེ་འདོན་པའི་ཞལ་སྲོལ་ལོ། ༈ །ཡང་དེ་ཙམ་མ་ལྕོགས་གལ་ཆུང་གོང་གི་གཟུ་དཔང་དམིགས་བྱ་རྣམས་ལེགས་པར་བྱས་ནས་ཐལ་རྡེབ་དམིགས་བྱ་སོགས་བྱ་བ་ཡང་རུང་གསུངས་སོ། །ཡང་རྗེས་སུ་རང་ཁྱིམ་དུ་ཕྱིན་དུས་རང་བསྲུང་སྒོམ་བཟླས་དང་བསྔོ་སྨོན་རྣམ་བསྲུང་བའི་སྐབས་ལྟར་བྱའོ། །གལ་ཏེ་ལན་གཅིག་མ་གྲུབ་ན་ལན་གཉིས་ལན་གསུམ་བསྐྱར་ནས་བྱ། འདི་ལྟར་མདོ་བྲུབ་ཆེན་པོ་སེར་ཆགས་དམ་ཉམས་རྣམས་ལ་ཕོག་ན་ད་ལྟ་མི་དགེ་བ་སྣ་ཚོགས་ཀྱིས་གཟིར་ནས་ཕྱི་མ་འཕོས་མ་ཐག་
ཏུ་རྡོ་རྗེ་གདན་ཞེས་དམྱལ་ཁམས་བཅོ་བརྒྱད་པོ་གཅིག་ཏུ་དྲིལ་བའི་སྡུག་བསྔལ་དེ་བསྐལ་བཟང་འདི་ཡི་སངས་རྒྱས་སྟོང་རྩའི་འགྲོ་དོན་རྫོགས་ནས་སླར་ད་ལྟའི་ཤཱཀ་ཐུབ་བྱོན་ནས་ཐར་བར་རྒྱུད་སྡེ་རྣམས་ནས་གསལ་བའོ། །དམ་མེད་ཕལ་པ་ལ་བསད་ལས་འདི་བྱས་ན་ལོ་མི་འགོར་བར་འཆི་འདུག་གསུངས་སོ། །དེ་ལྟར་མན་ངག་གབ་སྦས་ཡོད་པརྣམས། ཕལ་ཆེར་ལོགས་སུ་གསལ་ལྟར་རོ། །འདི་ལྟར་བྲི་བར་མི་འོས་ཀྱང་། །སེང་གེ་འབུ་ཡིས་གསོད་པ་བཞིན། །ཐུབ་བསྟན་སེར་གོས་གྱོན་པས་བཤིག །དེ་ཕྱིར་དམ་ཉམས་བསྒྲལ་བའི་ཐབས། །བསྟན་ལ་ཕན་ཕྱིར་ཡི་གེ་བྲིས། །ཉེས་པ་ལྷ་དང་སྲུང་མར་བཤགས། །དགེ་བས་ཐུབ་བསྟན་འཕེལ་རྒྱས་ཤོག །ཨྠྀི༔། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།