Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

22 occurrences of དྲིལ་བུ་
[Clear Hits]


  
  
  
  
  
 
ཁྲོས་མའི་སྒྲུབ་ཐབས་ཆོ་ག་དངོས་གྲུབ་གཏེར་མཛོད།
 
 
 
 
  
 
  
 
  
 
  
 
  
 
 
  
  


22 occurrences of དྲིལ་བུ་
[Clear Hits]

 
previousཁྲོས་མའི་སྒྲུབ་ཐབས་ཆོ་ག་དངོས་གྲུབ་གཏེར་མཛོད།next

ཁྲོས་མའི་སྒྲུབ་ཐབས་ཆོ་ག་དངོས་གྲུབ་གཏེར་མཛོད།


CMR052_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

༼ཆ༽ ཁྲོས་མའི་སྒྲུབ་ཐབས་ཆོ་ག་དངོས་གྲུབ་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། །


CMR052_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཝཱ་རཱ་ཧི་ཡེ། བཅོམ་ལྡན་རྡོ་རྗེ་ཕག་མོ་ལ་བཏུད་ནས། །ནག་མོ་ཐུགས་ཀྱི་སྒྲུབ་པ་གསལ་བཀོད་བྱ། །ཡར་མར་ཚེ་བཅུ་ལ་སོགས་དུས་བཟང་ལ། །རས་བྲིས་སམ་ནི་ལྷ་གྲངས་ཚོམ་ བུ་བཀོད། །གཏོར་མ་མཆོད་པ་ཚོགས་རྣམས་སྤྱི་ལྟར་བཤམས། །ཌཱ་དྲིལ next hit་ལག་མཆོད་མདུན་བཤམས་སྟན་ལ་འདུག །གྱེར་སྒོམ་སྦྲགས་ལ་རྔ་ཆེན་བརྡུང་ཡང་རུང་།། ཧཱུྃ། རང་ཉིད་སྐད་ཅིག་ཁྲོས་མའི་སྐུར་གསལ་མདུན། །ཨ་རླུང་མེ་ཐོད་སྐྱེད་སྟེང་དུ་ཀ་པཱ་ལར། །ཤ་ལྔ་བདུད་རྩི་ལྔ་དང་ཡེ་ཤེས་ལྔ། །ཞུ་ཞིང་ཡེ་ཤེས་བདུད་རྩི་སྤྱན་དྲངས་ཐིམ། །ཨོཾ་ཨཱཿཧཱུྃ། ལན་གསུམ། སྔོན་འགྲོ་གཏོར་མ་བཤམས་ལ་བྲན། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ པད་སྣོད་ནང་


CMR052_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ལྷ་རྫས་བདུད་རྩིའི་མཚོ། །ཁ་དོག་དྲི་རོ་ནུས་པ་ཕུན་ཚོགས་འདི། །གནོད་སྦྱིན་སྲིན་པོ་འབྱུང་པོ་ཡི་དྭགས་དང་། །ཤ་ཟ་སྨྱོ་བྱེད་བརྗེད་བྱེད་མཁའ་འགྲོའི་ཚོགས། །འདིར་གནས་གཞི་བདག་གནས་བདག་རྣམས་ལ་འབུལ། །དཀར་ཕྱོགས་རྣམས་ཀྱིས་སྒྲུབ་པའི་སྡོང་གྲོགས་མཛོད། །ནག་ཕྱོགས་རྣམས་ནི་གཞན་དུ་འགྲོ་བར་གྱིས། །དཀོན་མཆོག་བདེན་པའི་བཀའ་ལ་ཁྱོད་མ་འདའ། །ཨོཾ་སརྦ་ལོ་ཀ་པཱ་ལ་བ་ལིཾ་ཏ་ཁཱ་ཧི། སརྦ་བིགྷྣན་གཙྪ། དེ་ནས་བྱིན་དབབ་པ་ནི། ཧཱུྃ། བདག་ཉིད་དག་པའི་གནས་མཆོག་ནས། །དུར་ཁྲོད་བདག་མོ་འཁོར་བཅས་


CMR052_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །དུར་ཁྲོད་གནས་འདིར་བྱིན་གྱིས་རློབས། །བར་དུ་གཅོད་པ་དབང་དུ་བསྡུས། །ལོག་པར་འདྲེན་པ་རྡུལ་དུ་རློགས། །ཨོཾ་གྷ་གྷ་གྷ་ཏ་ཡ་ཧཱུྃ་ཕཊ། དེ་ནས་རང་ཉིད་ལྷའི་ང་རྒྱལ་གྱིས་བཀའ་བསྒོ་མཚམས་གཅོད་ནི། ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ནི་ཁྲོས་མ་རིགས་ལྔའི་སྐུ། །ང་ཡི་བཀའ་ལ་མ་འདའ་བར། །འདི་རུ་མ་འདུག་གཞན་དུ་དེངས། །ཅི་ཏེ་མི་འགྲོ་འདུག་གྱུར་ན། །ཁྲོས་མ་རིགས་ལྔ་ཐུགས་ཁྲོས་ནས། །རིགས་ལྔའི་གྲི་གུག་མཚོན་ཆ་ཡིས། །ཁྱོད་ཀྱི་ལུས་ངག་ཡིད་གསུམ་རྣམས། །རྡུལ་ཕྲན་བཞིན་དུ་བརླག་པར་གྱུར། །དེ་བས་རང་རང་གནས་སུ་དེངས། །ཨ་ཧ་རི་ནི་ས་པཉྩ་ཌཱཀྐི་ནཱི་གནོད་བྱེད་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ། ཅེས་བགེགས་བསྐྲད་ནས། མཆོད་པ་བྱིན་རླབས་ནི། ཨ༔ ཐོད་པའི་ནང་དུ་ཧཱུྃ་ལས་མཆོད་པའི་སྤྲིན། །རབ་འབྱམས་དཔག་ཡས་ནམ་མཁའ་ཁྱབ་པར་གྱུར། །ཨོཾ་བཛྲ་སརྦ་པཱུ་ཛ་ཨཱཿཧཱུྃ། རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཡི་ཚོགས། །དཀོན་མཆོག་གསུམ་དང་ཌཱཀྐི་ཆོས་སྐྱོང་ལ། །དེང་ནས་བཟུང་སྟེ་རྟག་ཏུ་སྐྱབས་སུ་མཆི། །འགྲོ་བའི་དོན་དུ་བྱང་ཆུབ་སེམས་མཆོག་བསྐྱེད། །བདག་གི་སྤྱི་བོར་རྡོར་སེམས་ཧེ་རུ་


CMR052_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཀ །དཀར་གསལ་རྡོར་དྲིལ་བསྣོལ་ནས་ཡུམ་དང་སྦྱོར། །གར་དགུའི་ཉམས་ལྡན་གཡས་བརྐྱང་སྟབས་ཀྱིས་བཞུགས། །གདོད་ནས་དམ་ཡེ་དབྱེར་མེད་ཐུགས་ཀ་རུ། །ཟླ་སྟེང་ཧཱུྃ་ལ་ཡི་གེ་བརྒྱ་པས་བསྐོར། །བདུད་རྩིའི་རྒྱུན་བབ་ཉམས་ཆག་སྡིག་སྒྲིབ་དག །ཨོཾ་ཤྲཱི་ཧེ་རུ་ཀ་བཛྲ་སཏྭ་ཧཱུཾ། རྒྱས་པར་ན་ཧེ་རུ་ཀའི་ཡིག་བརྒྱ་བཟླ། རྡོར་སེམས་ཡབ་ཡུམ་རང་ལ་ཐིམ་པའི་མཐུས། །བདག་ཉིད་ཁྲོས་མའི་སྐུར་གྱུར་ཐུགས་ཀ་རུ། །ཨ་དང་ཧ་རི་ནི་སའི་འོད་ཟེར་གྱིས། །བཀའ་བརྒྱུད་བླ་མ་ཁྲོས་མའི་ལྷ་ཚོགས་བཅས། །ཕེཾ་ཕེཾ་སྒྲ་ཡིས་ནམ་མཁར་སྤྱན་དྲངས་བཞུགས། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །གླིང་བཞི་རི་རབ་ཉི་ཟླས་བརྒྱན་པ་སོགས། །དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོས་མཆོད། །སྡིག་པའི་ལས་རྣམས་གང་བགྱིས་མཐོལ་ཞིང་བཤགས། །འཕགས་སྐྱེས་བསོད་ནམས་ཀུན་ལ་བདག་ཡི་རང་། །ཆོས་འཁོར་བསྐོར་ཞིང་རྟག་ཏུ་བཞུགས་གསོལ་འདེབས། །དགེ་བས་འགྲོ་ཀུན་བྱང་ཆུབ་ཐོབ་ཕྱིར་བསྔོ། །ཡུམ་ཆེན་ཤཱཀ་ཐུབ་འཇམ་དཔལ་འཕགས་པ་ལྷ། །དམ་པ་མ་གཅིག་ཁམ་བུ་ཡ་ལེ་དང་། །


CMR052_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་འབར་དང་རྟོགས་ལྡན་གནམ་མཚོ་བ། །རང་བྱུང་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །ཕག་མོ་པད་འབྱུང་མཚོ་རྒྱལ་མངའ་བདག་རྗེ། །ཉི་མ་འོད་ཟེར་ཉང་སྲས་མདོ་རས་སོགས། །རྩ་བརྒྱུད་བླ་མ་རྣམས་དང་ཁྲོས་མ་ཡི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས། །གསོལ་བ་བཏབ་པས་ལྷ་ཚོགས་ཐམས་ཅད་ཀུན། །འོད་ཞུ་རང་ལ་ཐིམ་པས་དབང་བཞི་ཐོབ། །འགྲོ་ཀུན་བདེ་ལྡན་སྡུག་བསྔལ་ཀུན་དང་བྲལ། །བདེ་དང་འབྲལ་མེད་བཏང་སྙོམས་ལ་གནས་ཤོག །ཅེས་པས་ཚོགས་བསགས། སྲུང་འཁོར་ལྷ་བསྐྱེད་ནི། ཨོཾ་སྭ་བྷ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷ་ཝ་ཤུདྡྷོཉཧཾ། སྟོང་ཉིད་ངོ་བོ་གསེར་གྱི་རྡོ་རྗེ་ལས། །འོད་འཕྲོས་རྡོ་རྗེའི་ར་གུར་མེ་དཔུང་འབར། །རྡོ་རྗེའི་ལྟེ་དབུས་ནམ་མཁའི་ཁྱོན་ལྟ་བུར། །ཨོ་རྒྱན་རང་བྱུང་གནས་མཆོག་ཆོས་འབྱུང་དབྱིབས། །མེ་རི་རྡོ་ར་དུར་ཁྲོད་བརྒྱད་ཀྱི་དབུས། །ཐོད་པ་སྐམ་རློན་རིན་ཆེན་བརྩེགས་པ་ཡི། །ལྷ་བརྒྱད་ཀླུ་བརྒྱད་མཆོག་ཆེན་མཆོག་ཕྲན་སོགས། །གཞལ་ཡས་གྲུ་བཞི་སྒོ་བཞི་མཚན་ཉིད་རྫོགས། །དེ་ནང་ཆོས་འབྱུང་རྩེ་ཕྲ་ཐུར་དུ་ཟུག །ཁ་གདེང་གྱེན་བསྟན་རྒྱ་ཆེ་ཡངས་པའི་དབུས། །


CMR052_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་བཞི་འདབ་བརྒྱད་པད་ཉི་རོ་ཡི་སྟེང་། །རང་སེམས་ཨ་ཡིག་འོད་ཀྱི་འཕྲོ་འདུ་ལས། །རང་ཉིད་བཅོམ་ལྡན་ཐུགས་རྗེ་ཁྲོས་མའི་སྐུ། །ཆོས་ཉིད་མི་འགྱུར་སྐུ་མདོག་མཐིང་ནག་འབར། །ཀུན་རྫོབ་དོན་དམ་བདེན་པའི་ཕྱག་གཉིས་ཀྱི། །གཡས་པས་རྣམ་རྟོག་རྩད་གཅོད་གྲི་གུག་ཕྱར། །གཡོན་པས་འགྲོ་ལ་རྗེས་ཆགས་ཐོད་ཁྲག་གསོལ། །སྐུ་གསུམ་ལྡན་པས་ཁྲོ་གཉེར་དཔྲལ་བར་བསྡུས། །དུས་གསུམ་གཟིགས་པའི་སྤྱན་གསུམ་དམར་ལ་འཁྲུགས། །བདུད་བཞི་གདུག་པ་ཟ་བྱེད་མཆེ་བཞི་གཙིགས། །ལྗགས་འདྲིལ་རྐན་རྡེབ་ཕོ་སྒྲས་བདུད་ཚོགས་བསྐྲད། །ཐབས་ཤེས་ཞབས་གཉིས་གཡས་བསྐུམ་བྷ་གར་གཏད། །སྲིད་པར་མི་འཁྲུལ་ཟག་མེད་བདེ་ཆེན་རྒྱས། །གཡོན་བརྐྱང་གར་གྱིས་དབུགས་བྲལ་སྙིང་གར་མནན། །ཞེ་ལ་མི་གནས་གཉིས་འཛིན་རྣམ་རྟོག་འཇོམས། །ཧེ་རུ་ཀ་དངོས་ཁ་ཊྭཱཾ་མཆན་དུ་བསྒྲེང་། །དུག་གསུམ་རྩད་གཅོད་སྐུ་གསུམ་ལྷུན་གྱིས་གྲུབ། །ཐུགས་རྗེའི་ཆར་འབེབས་དབུ་སྐུ་སྤྲིན་ལྟར་གཏིབས། །རྟོག་མེད་ཆོས་སྐུའི་ཕག་ཞལ་གྱེན་དུ་ངུར། གཟུགས་སྐུ་སྤྲུལ་ཕྱིར་ཕག་ཟེ་མེ་དཔུང་འབར། །ཡེ་ཤེས་ལྔ་


CMR052_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཐོད་སྐམ་དབུ་ལ་བརྒྱན། །ཕ་རོལ་ཕྱིན་དྲུག་ལྡན་པའི་རུས་པའི་རྒྱན། །ཞེ་སྡང་འཇོམས་ཕྱིར་དུག་སྦྲུལ་ག་ཤལ་དང་། །འདོད་ཆགས་འཇོམས་ཕྱིར་རཀྟའི་ཐིག་ལེས་སྤྱས། །ང་རྒྱལ་འཇོམས་ཕྱིར་སྟག་ལྤགས་ཤམ་ཐབས་དང་། །གཏི་མུག་དག་ཕྱིར་གླང་ཆེན་ཀོ་རློན་གསོལ། །ཕྲག་དོག་འཇོམས་ཕྱིར་ཞིང་ཆེན་སྟོད་གཡོགས་དང་། །འབྱུང་པོ་ཚར་གཅོད་ཐོད་རློན་ཕྲེང་བས་བརྒྱན། །ཧ་ཧའི་སྒྲ་སྒྲོགས་འགྲོ་བ་དབྱིངས་སུ་འདྲེན། །བདུད་དཔུང་བསྲེག་ཕྱིར་མེ་དཔུང་ཀློང་ན་འགྱིང་། །གཙོ་མོའི་ཕྱོགས་བཞིར་ཁྲོས་མ་རིགས་བཞི་དང་། །དེ་རྒྱབ་ཕྱོགས་བཞིར་རིགས་བཞིའི་མཁའ་འགྲོ་རྣམས། །ཕྱོགས་ཀྱི་མདོག་ཅན་ཕྱི་ཡི་མཚམས་བཞི་ལ། ཤར་ལྷོ་དམ་ཚིག་ལྷོ་ནུབ་སྣ་ཚོགས་དང་། །ནུབ་བྱང་ཐམས་ཅད་བྱང་ཤར་འཇིག་རྟེན་གྱི། །མཁའ་འགྲོ་མ་བཞི་ཕྱེད་གཟུགས་འཛིན་པ་སྟེ། །ཀུན་ཀྱང་བཅུ་དྲུག་ན་ཚོད་སྒེག་ཅིང་བཞད། །གར་དགུའི་ཉམས་ལྡན་དབུ་སྐྲ་སིལ་བུར་གྲོལ། །གྲི་ཐོད་འཛིན་པའི་གར་གྱིས་ཁ་ཊྭཱཾ་འཁྱུད། །དུར་ཁྲོད་ཆས་གསོལ་པད་ཉི་རོ་སྟེང་འགྱིང་། །དེ་ནས་ལུས་དཀྱིལ་ནི། །བདག་ལུས་རང་བྱུང་གདོད་ནས་གཞལ་ཡས་


CMR052_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་། །སྟོང་གསལ་ཕྲུ་མ་ཕུས་བཏབ་ལྟ་བུའི་ནང། །རྩ་གསུམ་འཁོར་ལོ་ལྔ་བཅས་གསལ་བ་ཡི། །འཁོར་ལོ་ལྔ་དབུས་འདབ་བཞི་རིགས་མཐུན་མདོག །མུ་ཁྱུད་རིགས་ལྔར་ཕྱག་མཚན་གྱིས་བསྐོར་བའི། །སྤྱི་བོར་ཧ་ལས་བདེ་ཆེན་དཀར་མོ་དང་། །མགྲིན་པར་ནི་ལས་དམར་མོ་སྒྲ་སྒྲོགས་མ། །སྙིང་གར་ཨ་ལས་ཁྲོས་མ་ནག་མོ་ཉིད། །ལྟེ་བར་རི་ལས་སེར་མོ་དོན་གྲུབ་དང་། །གསང་བར་ས་ལས་སྣ་ཚོགས་མཐར་ཕྱིན་རྣམས། །རང་རང་མདོག་མཚུངས་ཀི་བཞི་རེས་བསྐོར། །སྒལ་ཚིགས་རིག་འཛིན་བརྒྱུད་པའི་བླ་མ་རྣམས། །རྩིབ་ལོགས་གཡས་པ་རྟ་མགྲིན་དཔའ་བོའི་ཚོགས། །རྩིབ་ལོགས་གཡོན་པ་གསང་ཡེ་དཔའ་མོའི་ཚོགས། །བ་སྤུའི་བུ་གར་གྲངས་མེད་ཌཱཀྐིའི་ཚོགས། །བར་མཚམས་སྐུ་གདུང་རིང་བསྲེལ་དབྱངས་གསལ་དང་། །འཇའ་འོད་ཐིག་ཕྲན་ཁྲ་དང་ཤིག་སེར་གསལ། །དེ་ནས་གོ་ཆ་རྩ་གནས་བྱིན་གྱིས་རླབས་པ་ནི། །གཙོ་འཁོར་ཀུན་གྱི་གནས་གསུམ་ཡི་གེ་གསུམ། །མགོ་བོར་ཨ་དང་ཡན་ལག་ཡི་གེ་བཞི། །སྤྱི་བོར་ཨ་སོགས་གནས་བཞིར་ཡི་གེ་བཞི། །ཁྱད་པར་འཁོར་ལོ་ལྔ་ཡི་རྩ་འདབ་ཀུན། །དབུས་


CMR052_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

མཐིང་ལ་སོགས་ཕྱོགས་མདོག་ཨ་ཡིག་རེ། །སྙིང་དབུས་ཁྲོས་མའི་ཐུགས་ཀར་འདབ་བཞིའི་སྟེང་། །ཨ་དང་ཧ་རི་ནི་སའི་འོད་ཟེར་གྱིས། །ཨོ་རྒྱན་རང་བྱུང་དུར་ཁྲོད་ཆེན་པོ་ནས། །འཁོར་བཅས་ཕེ་ཕོ་སྒྲ་ཡིས་སྤྱན་དྲངས་ཏེ། །འདིར་ཡེ་ཤེས་འགུགས་པའི་ཕྱག་རྒྱ་བྱའོ།། ཡིད་སྤྲུལ་མཆོད་པས་མཆོད་ནས་བདག་ཉིད་ལ། །ཛཿཧཱུྃ་བྃ་ཧོཿས་གཉིས་སུ་མེད་པར་གྱུར། །སྤྱི་བོར་གུ་རུ་རྟ་མགྲིན་ཡབ་ཡུམ་གྱི། །བྱང་སེམས་རྒྱུན་གྱི་དབང་བསྐུར་བདེ་ཆེན་རྒྱས། །བདག་ཉིད་མཆོད་པས་གཙོ་བོ་ལག་མཆོད་ནི། །ལག་པ་བསང་ཞིང་ཆོས་འབྱུང་ཕྱག་རྒྱ་བྲི། །ཨ་ལས་ལག་མཐིལ་ཆོས་འབྱུང་འདབ་བཞིའི་དབུས། །ཨ་དང་ཧ་རི་ནི་སའི་ཡི་གེ་ལས། །འོད་འཕྲོས་དོན་གཉིས་བྱས་ནས་ཡོངས་སུ་གྱུར། །ཁྲོས་མ་ལྷ་ལྔ་རྒྱན་དང་ཆ་ལུགས་གསལ། །ས་བོན་འོད་ཀྱིས་ཡེ་ཤེས་སྤྱན་དྲངས་ཏེ། །ཕེཾ་ཕེཾ་ཛཿཧཱུྃ་བྃ་ཧོཿས་གཉིས་མེད་གྱུར། །ཕྱི་ནང་གསང་གསུམ་མཆོད་སྤྲིན་རྒྱ་མཚོས་མཆོད། །ཨ་དང་ཧ་རི་ནི་ས་ཨོཾཿཨཱཿཧཱུྃ། །འབྱུང་ལྔ་གནས་དག་ཡེ་ཤེས་ལྔ་ཡི་ངང་། །དུག་ལྔ་རྩད་གཅོད་ཌཱཀྐི་ལྔ་ལ་བསྟོད། །ལག་པའི་ལྷ་ཚོགས་འོད་ཞུར་བདུད་རྩི་ཐིམ། །བདུད་རྩི་ཟེག་མ་མཐེབ་སྲིན་རྩེ་


CMR052_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འཕྲོས། །གནས་ལ་ཕོག་པས་ཨོ་རྒྱན་རང་བྱུང་གནས། །མགྲོན་ལ་ཕོག་པས་དཔའ་བོ་ཌཱཀྐི་མ། །ཚོགས་དང་མཆོད་པ་ལ་ཕོག་བདུད་རྩིར་གྱུར། །རང་ལ་ཕོག་པས་བ་སྤུ་ཌཱཀིའི་གཏམས། །རྩ་བརྒྱུད་བླ་མ་ཡི་དམ་ཁྲོས་མའི་ཚོགས། །ཆོས་བདག་སྲུང་མའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །འགྲོ་དྲུག་ཡི་དམ་ལྷ་རུ་གསལ་བ་དང་། །གནས་བདག་གཞི་བདག་ཞལ་དུ་ཨོཾ་ཨཱཿཧཱུྃ། །ཕག་ཞལ་ངུར་ཞིང་བརྟུལ་ཞུགས་བསྐྱེད། །ང་རྒྱལ་བསྐྱེད་ཅིང་བསྟོད་བསྐུལ་བྱ། །ཧཱུྃ། སྟོང་ཉིད་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ནས། །ཐུགས་རྗེས་སྤྲུལ་པས་བདག་གཞན་གཉིས་ཀྱི་དཔལ། །རྣམ་པར་ཐར་པ་གསུམ་གྱི་སྒོ་དབྱེ་མ། །ཤེས་རབ་ཕ་རོལ་ཕྱིན་ལ་ཕྱག་འཚལ་བསྟོད། །ཧཱུྃ། རྟོག་མེད་དགྱེས་པའི་ཚུལ་དུ་སྐུ་སྤྲུལ་མ། །ནག་མོ་ཁྲོས་མས་ལྷ་རྣམས་ཟིལ་གྱིས་གནོན། །ཆོས་ཉིད་མི་འགྱུར་སྐུ་མདོག་མཐིང་ནག་ལ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་བསྟོད། །ཧཱུྃ། གཡས་ན་གཅོད་བྱེད་གྲི་གུག་བསྣམས་པ་ནི། །བདུད་དང་མུ་སྟེགས་ཚོགས་རྣམས་སྐྲག་པར་བྱེད། །ཉོན་མོངས་རྣམ་པར་རྟོག་པ་རྩད་ནས་གཅོད། །ཕྲིན་ལས་མཐར་ཕྱིན་ཁྱེད་ལ་ཕྱག་


CMR052_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་བསྟོད། །གཡོན་ན་ཐོད་པ་ཁྲག་བཀང་བསྣམས་པ་ནི། །ཐུགས་རྗེའི་ཆགས་པའི་ཚུལ་གྱིས་འགྲོ་དོན་མཛད། །སྟོང་ཉིད་སྙིང་རྗེའི་འབྲེལ་བའི་བདག་ཉིད་ཅན། །ཐུགས་རྗེས་འགྲོ་དོན་མཛད་ལ་ཕྱག་འཚལ་བསྟོད། །ཕྱག་མཚན་ཁ་ཊཾ་ག་ནི་ཐུགས་ཀར་འཛིན། །དུག་གསུམ་རྩད་གཅོད་འཁོར་བའི་གཡུལ་ངོ་སེལ། །སྐུ་གསུང་ཐུགས་དང་མཉམ་སྦྱོར་ཁྲོ་མོའི་སྐུ། །སྐུ་གསུམ་ལྷུན་གྲུབ་ཁྱེད་ལ་ཕྱག་འཚལ་བསྟོད། །སྲིད་གསུམ་རྣམ་རྟོག་ཐམས་ཅད་འཇོམས་པའི་ཕྱིར། །འཇིགས་བྱེད་ཆེན་མོ་ཕག་གི་གདོང་པ་ཅན། །ཡེ་ཤེས་ཁྲོ་ཞལ་འཇིགས་པའི་ཁྲོ་གཉེར་ཅན། །མཐུ་སྟོབས་བདག་མོ་ཁྱེད་ལ་ཕྱག་འཚལ་བསྟོད། །གདུག་པ་ཟ་བྱེད་འཇིགས་པའི་མཆེ་བ་གཙིགས། །བདུད་དང་ལོག་འདྲེན་ཐམས་ཅད་ཟིལ་གྱིས་གནོན། །ཞལ་གདངས་ལྗགས་འདྲིལ་དྲག་པོའི་རྐན་སྒྲ་རྡེབ། །སྟོང་ཉིད་སྒྲ་སྒྲོགས་མ་ལ་ཕྱག་འཚལ་བསྟོད། །དུག་གསུམ་འཐོར་བྱེད་སྤྱན་གསུམ་མེ་ལྟར་འབར། །ཡེ་ཤེས་ལྔ་ལྡན་ཐོད་པས་དབུ་ལ་བརྒྱན། །སྐུ་ལྔ་རབ་རྫོགས་ཡེ་ཤེས་མཁའ་འགྲོ་མ། །ཡོན་ཏན་མཐར་ཕྱིན་མ་ལ་ཕྱག་འཚལ་བསྟོད། །ཧཱུྃ། ངོ་


CMR052_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

མཚར་ཆེན་མོ་དགྱེས་པའི་གད་རྒྱང་ཅན། །དུག་ལྔ་འཇོམས་ཕྱི་དུར་ཁྲོད་ཆས་ཀྱིས་བརྒྱན། །དགྱེས་པའི་གད་མོས་འཁོར་བ་སྐམ་སར་འདྲེན། །རྟགས་ཀྱི་འགྲོ་དོན་མཛད་ལ་ཕྱག་འཚལ་བསྟོད། །ཕག་སྐད་ཕྱོགས་བཅུར་ངུར་བའི་དམིགས་པ་དང་བསྟུན་ཏེ། ཧཱུྃ། ཕག་སྐད་ངུར་ངུར་སྟེང་དུ་བསྒྲོགས་པ་ཡིས། །གཟུགས་མེད་ཁམས་རྣམས་དབང་བདུན་པ་དུ་སྡུད་པར་བྱེད། །ཕག་སྐད་ངུར་ངུར་བར་དུ་བསྒྲོགས་པ་ཡིས། །གཟུགས་ཁམས་མ་ལུས་དབང་དུ་སྡུད་པར་བྱེད། །ཕག་སྐད་ངུར་ངུར་འོག་ཏུ་བསྒྲོགས་པ་ཡིས། །འདོད་ཁམས་གནས་རིགས་དབང་དུ་སྡུད་པར་བྱེད། །ཁམས་གསུམ་མ་ལུས་དབང་དུ་སྡུད་པ་ཡི། །ཕག་མོ་དབང་སྡུད་སྐུ་ལ་ཕྱག་འཚལ་བསྟོད། །ཕག་སྐད་དྲག་པོ་ཕྱོགས་བཞིར་བསྒྲོགས་པ་ཡིས། །རིགས་བཞི་མཁའ་འགྲོའི་ཚོགས་རྣམས་ཕོ་ཉར་འགྱེད། །མཁའ་འགྲོ་དབང་སྡུད་སྐུ་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་ཕག་མོ་ནག་མོ་ཁྲོས་མའི་སྐུ། །མཁའ་འགྲོ་རིགས་བཞི་འཁོར་དང་བཅས་པ་ཡིས། །ཁམས་གསུམ་གདུག་པ་མ་ལུས་རྡུལ་དུ་རློགས། །དྲེགས་པ་གདུག་པ་མ་ལུས་དབང་དུ་སྡུད། །མཁའ་འགྲོ་ཕོ་མོ་ཐམས་ཅད་ལས་


CMR052_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འགྱེད། །བཀའ་དང་དམ་བཞིན་བཅོལ་བའི་ཕྲིན་ལས་མཛོད། །ཅེས་བསྐུལ་དགྲ་བགེགས་གང་དམིགས་བརླག་པར་འགྱུར། དེ་ནས་བསྙེན་པ་བྱ་བ་ནི། རང་གི་གནས་ལྔར་ཁྲོས་མ་རིགས་ལྔ་ཡི། །ཐུགས་ཀར་ཉི་སྟེང་རང་རང་ས་བོན་མཐར། །སྤྱི་བོར་སྐུ་སྔགས་བཛྲ་བྷ་ར་ཧི། །མགྲིན་པ་གསུང་སྔགས་ཀྲོ་ཏི་ཀཱ་ལི་དང་། །ཐུགས་ཀར་ཐུགས་སྔགས་ཧ་རི་ནི་ས་བཞི། །ལྟེ་བར་ཨཱ་ཝེ་ཤ་ཡ་ཡོན་ཏན་སྔགས། །གསང་བར་སརྦ་ཀརྨ་ཕྲིན་ལས་སྔགས། །གཡོན་དུ་འཁོར་བས་འོད་ཟེར་ཕྱོགས་བཅུར་འཕྲོས། །འཁོར་འདས་མཐུ་བྱིན་ཀུན་བསྡུས་བདག་ལ་ཐིམ། །ཨོཾ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས་ཨཱ་ཝེ་ཤ་ཡ་སརྦ་ཀརྨ་ཧཱུྃ་ཕཊ། ཅེས་ཉང་ལུགས་ལྷ་བཅུ་གསུམ་མ་དང་། ཨོཾ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས་བཛྲ་ཌཱཀྐི་ནི་ཨཱ་ཝེ་ཤ་ཡ་ཧཱུྃ་ཕཊ། ཅེས་ལྷ་ལྔ་ཇོ་མོ་ལུགས་གང་བྱེད་ཀྱི་སྔགས་བཟླས་ཏེ། སྔགས་བསྡུས་པ་ཨ་ཧ་རི་ནི་སའོ། །འབུམ་ཕྲག་གསུམ་མམ་དྲུག་གམ་བཅུ། །ཞག་བདུན་ཉེར་གཅིག་ཟླ་བ་དྲུག །དབང་པོ་རབ་འབྲིང་ཐ་མ་ཡི། །འགྲུབ་རྟགས་སྣ་ཚོགས་འབྱུང་བ་སྟེ། །རྒྱུན་བསྙེན་ཡི་དམ་བྱས་གྱུར་ཀྱང་། །འཆི་ཚེ་དཔའ་བོ་མཁའ་འགྲོས་བསུ། །འཇའ་འོད་སྒྲ་དང་མེ་ཏོག་ཆར། །རོལ་མོའི་སྒྲ་བཅས་མཁའ་སྤྱོད་ཁྲིད། །སྐུ་གཟུགས་ཡིག་འབྲུ་རིང་བསྲེལ་


CMR052_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །དག་པའི་སྣང་བ་དཔག་མེད་འབྱུང་། །སངས་རྒྱས་ས་ལ་འཕྱུགས་མེད་གསུངས། །དེ་ནས་མདུན་བསྐྱེད་སྒྲུབ་པ་ནི། །ཨ། མདུན་འདིར་ཨོ་རྒྱན་གནས་མཆོག་ཆོས་འབྱུང་དབྱིབས། །མེ་རི་རྡོ་ར་དུར་ཁྲོད་བརྒྱད་ཀྱི་དབུས། །ཐོད་པའི་གཞལ་ཡས་གྲུ་བཞི་སྒོ་བཞི་པ། །དྲག་པོའི་ཕོ་བྲང་མཚན་ཉིད་ཡོངས་སུ་རྫོགས། །དེ་དབུས་ཆོས་འབྱུང་བསྣོལ་མ་གདན་ཐབས་སྟེང་། །འདབ་བརྒྱད་འདབ་བཞི་པད་ཉི་རོ་ཡི་སྟེང་། །ཨ་ཡིག་མཐིང་ནག་འོད་ཀྱི་འཕྲོ་འདུ་ལས། །བཅོམ་ལྡན་ཐུགས་རྗེ་ཁྲོས་མ་ནག་མོ་ནི། །རབ་ཁྲོས་དབུ་སྐྲའི་གསེབ་ནས་ཕག་ཞལ་ངུར། །གར་དགུའི་ཉམས་ལྡན་མེ་དཔུང་ཀློང་ན་བཞུགས། །ཕྱོགས་བཞིའི་འདབ་བཞི་ནཱང་དང་ཕྱི་གཉིས་ན། །ཁྲོས་མ་རིགས་བཞི་མཁའ་འགྲོ་སྡེ་བཞི་རྣམས། །ཕྱོགས་ཀྱི་མདོག་ཅན་ཕྱི་ཡི་མཚམས་བཞི་ལ། །དུར་ཁྲོད་ཌཱཀྐི་བཞི་པོ་ཕྱེད་གཟུགས་འཛིན། །འཁོར་རྣམས་སྐུ་གྲོལ་སྒེག་བཞད་ལང་ཚོ་རྒྱས། །ཀུན་ཀྱང་དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ། །གྲི་ཐོད་བསྣམས་པའི་ཚུལ་གྱིས་ཁ་ཊཾ་འཁྱུད། །ཀུན་གྱི་གནས་གསུམ་ཨོཾ་ཨཱཿཧཱུྃ་རྣམས་དང་། །ཨ་དང་ཧ་རི་ནི་སའི་འོད་ཟེར་གྱིས། །ཨོཾ་


CMR052_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་རང་བྱུང་གནས་དང་སོ་ས་གླིང་། །རང་བཞིན་གནས་ནས་འཁོར་བཅས་སྤྱན་དྲངས་གྱུར། །དེ་ནས་སྤྱན་དྲངས་པ་ནི། ཧཱུྃ། འོག་མིན་ཆོས་དབྱིངས་ཞིང་ཁམས་ནས། །གྲུབ་ཐོབ་བླ་མ་གཤེགས་སུ་གསོལ། །སྐུ་དང་ཡེ་ཤེས་ཞིང་ཁམས་ནས། །ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ། །ཧཱུྃ། སྟོང་ཉིད་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །ཐུགས་རྗེ་ཁྲོས་མ་ནག་མོ་གཤེགས་སུ་གསོལ། །མི་འགྱུར་གནས་པའི་གཞལ་ཡས་ནས། །བདེ་ཆེན་དཀར་མོ་གཤེགས་སུ་གསོལ། །གཏེར་འབྱུང་ཡིད་བཞིན་གཞལ་ཡས་ནས། །སེར་མོ་དོན་གྲུབ་གཤེགས་སུ་གསོལ། །ཤེས་རབ་བཙུན་མོའི་བྷ་ག་ནས། །དམར་མོ་སྒྲ་སྒྲོགས་གཤེགས་སུ་གསོལ། །ཕྲིན་ལས་ཐོགས་མེད་ཕོ་བྲང་ནས། །སྣ་ཚོགས་མཐར་ཕྱིན་གཤེགས་སུ་གསོལ། །ཕྱོགས་བཞི་མཚམས་བརྒྱད་དུར་ཁྲོད་ནས། །མཁའ་འགྲོ་རྣམ་བརྒྱད་གཤེགས་སུ་གསོལ། །ཌཱཀྐིའི་ཚོགས་རྣམས་གཤེགས་ཙམ་ན། །རིན་ཆེན་རུས་རྒྱན་ཁྲ་ལ་ལ། །དབུ་རྒྱན་ཐོར་ཚུགས་ལྡེམས་སེ་ལྡེམ། །རོལ་མོ་སིལ་སྙན་སི་ལི་ལི། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །ཧཱུཾ་དང་ཕཊ་སྒྲ་དི་རི་རི། །བྱིན་རླབས་དངོས་གྲུབ་


CMR052_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཐིབས་སེ་ཐིབ། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །ཛཿཧཱུྃ་བ་ཧོ༔ བཛྲ་ཌཱཀྐི་ནཱི་ས་མ་ཡ་ཧོ༔ ས་མ་ཡ་སྟྭཾ། དྲི་ཤྱ་ཧོ༔ ཨེ་ཨཱ་རལླི་ཧོ༔ ཕེཾ་ཕེཾ་ཕེཿ མདུན་གྱི་ནམ་མཁར་སྤྲིན་གཏིབས་པ་ལྟར་བྱོན་པར་བསམས་ལ། བཞུགས་སུ་གསོལ་བ་ནི། ཧཱུྃ། ཉོན་མོངས་ཡེ་ཤེས་གཉིས་སུ་མེད་པའི་ངང་། །སྤང་ཐོབ་བྲལ་བའི་འཁོར་འདས་མཉམ་པ་ཉིད། །དམ་ཚིག་ཡེ་ཤེས་ཆུ་ལ་ཆུ་བཞག་བཞིན། །གཉིས་མེད་ཟུང་འཇུག་བརྟན་པར་བྱ་བའི་ཕྱིར། །ཚོགས་ཁང་དུར་ཁྲོད་འབར་བའི་ཕོ་བྲང་འདིར། །སྣ་ཚོགས་པད་ཉི་རོ་ཡི་གདན་སྟེང་དུ། །ཐུགས་རྗེའི་ཁྲོས་མ་ནག་མོའི་ལྷ་ཚོགས་རྣམས། །བྱིན་རླབས་དངོས་གྲུབ་འབེབས་ཕྱིར་བཞུགས་སུ་གསོལ། །བཛྲ་ཌཱཀྐི་ནཱི་ས་མ་ཡ་ཏིཥྛ་ལྷན། ཅེས་དམ་ཚིག་པ་ལ་བསྟིམ། དབང་ལྷ་སྤྱན་དྲངས་དབང་བསྐུར་དྲི་མ་དག །ཌཱཀྐི་ལྔ་ལ་དེ་བཞིན་གཤེགས་པ་ལྔ། །ཌཱཀྐི་བརྒྱད་ལ་རང་རྟགས་དབུ་བརྒྱན་ཅིང་། །གཙོ་མོའི་དབུ་གཙུག་པད་འབྱུང་སྨུག་ནག་ནི། །རྒྱན་དྲུག་གསོལ་ཞིང་ཀླུ་རུ་རྐང་གླིང་འབུད། །ཌཱཀྐི་ཐམས་ཅད་དབང་སྡུད་ཟིལ་གནོན་གྱུར། །དེ་ནས་ཕྱག་འཚལ་བ་ནི། ཧཱུྃ། ལྷུན་གྲུབ་ཡེ་ཤེས་ཕོ་བྲང་ནས། །


CMR052_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

དག་སྣང་བཀའ་བརྒྱུད་རིན་པོ་ཆེ། །གནས་གསུམ་མཁའ་འགྲོའི་སྤྲིན་ཚོགས་བཅས། །རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཧཱུྃ། སྟོང་ཉིད་སྙིང་རྗེའི་ངང་ལས་ཐུགས་ལྟ་རྗེའི་སྐུ། །རྒྱལ་བའི་བསྐྱེད་ཡུམ་རྡོ་རྗེ་རྣལ་འབྱོར་མ། །བྱིན་རླབས་དངོས་གྲུབ་ཐམས་ཅད་འབྱུང་བའི་གནས། །ཐུགས་རྗེ་ཁྲོས་མའི་སྐུ་ལ་ཕྱག་འཚལ་ལོ། །ཧཱུྃ། བདེ་ཆེན་དཀར་མོའི་འཇིགས་པ་ཀུན་ལས་སྒྲོལ། །སེར་མོ་དོན་གྲུབ་ཚེ་དབང་རྒྱས་པར་མཛད། །དམར་མོ་སྒྲ་སྒྲོགས་ཁམས་གསུམ་དབང་དུ་སྡུད། །སྣ་ཚོགས་མཐར་ཕྱིན་མངོན་སྤྱོད་ལས་རྣམས་མཛད། །མཁའ་འགྲོ་སྡེ་བརྒྱད་ཕྲིན་ལས་སྣ་ཚོགས་སྒྲུབ། །བདེ་སྟོང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད། །ཨ། ཐོད་པའི་སྣོད་དུ་ཧཱུྃ་ཡིག་ལས་བྱུང་བའི། །ཀུན་བཟང་མཆོད་སྤྲིན་ཟད་མི་ཤེས་པར་གྱུར། །ཨོཾ་བཛྲ་སརྦ་པཱུ་ཛ་ཨཱཿཧཱུྃ། དེ་ནས་མཆོད་བཞི་བསྟོད་བཞི་ནི། ཧཱུྃ། རབ་ཏུ་གཙང་ཞིང་གཙང་མར་སྦྱར་བ་ཡི། །ཡན་ལག་བརྒྱད་ལྡན་དྲི་མ་མེད་པའི་ཆབ། །ཉོན་མོངས་དྲི་མ་དག་བྱེད་ཁྲུས་ཆབ་འདི། །ཐུགས་རྗེ་ཁྲོས་མ་འཁོར་དང་བཅས་ལ་འབུལ། །ཨོཾ་ཤྲཱི་བཛྲ་ཨརྒྷཾ་པྲ་ཏིཙྪ་ཨཱཿཧཱུྃ། ཧཱུྃ། རྒྱལ་


CMR052_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྐུ་ལ་ཉོན་མོངས་མི་མངའ་ཡང་། །སེམས་ཅན་བག་ཆགས་དྲི་མ་སྦྱང་སླད་དུ། །ཁྲོས་མའི་སྐུ་ལ་ཞབས་བསིལ་འདི་གསོལ་བས། །སེམས་ཅན་ལུས་ཀྱི་དྲི་མ་དག་གྱུར་ཅིག །ཨོཾ་ཤྲཱི་བཛྲ་པཱདྱཾ་པྲ་ཏཱིཙྪ་ཨཱཿཧཱུྃ། ཧཱུྃ། ཆུ་སྐྱེས་ཐང་སྐྱེས་ཡིད་ལས་གྲུབ་པ་ཡི། །དབྱིབས་ལེགས་ཁ་དོག་ཕུན་སུམ་ཚོགས་པའི་མཆོག །བྱང་ཆུབ་ཡན་ལག་མཛེས་པའི་མེ་ཏོག་འདི། །ཐུགས་རྗེ་ཁྲོས་མ་འཁོར་དང་བཅས་ལ་འབུལ། །ༀ་ཤྲཱི་བཛྲ་པུངྒེ་པྲ་ཏཱིཙྪ་ཨཱཿཧཱུྃ། ཧཱུྃ། ཙནྡན་དྲི་ཞིམ་ག་པུར་སྨན་རྣམས་དང་། །བཟང་པོ་རྣམ་གཉིས་ལ་སོགས་སྦྱར་བ་ཡི། །ཚུལ་ཁྲིམས་དྲི་ལྡན་བདུག་སྤོས་དམ་པ་འདི། །ཐུགས་རྗེ་ཁྲོས་མ་འཁོར་དང་བཅས་ལ་འབུལ། །ༀ་ཤྲཱི་བཛྲ་དྷུ་པེ་པྲ་ཏིཙྪ་ཨཱཿཧཱུྃ། ཧཱུྃ། སྤྲིན་མེད་མཁའ་ལ་ཉི་མ་ཤར་བ་ལྟར། །ཡེ་ཤེས་རབ་ཏུ་གསལ་བའི་སྒྲོན་མེ་མཆོག །མ་རིག་མུན་པ་སེལ་བའི་སྣང་གསལ་འདི། །ཐུགས་རྗེ་ཁྲོས་མ་འཁོར་དང་བཅས་ལ་འབུལ། །ཨོཾ་ཤྲཱི་བཛྲ་ཨཱ་ལོ་ཀེ་པྲ་ཏིཙྪ་ཨཱཿཧཱུྃ། ཧཱུྃ། དྲི་ཞིམ་སྨན་དང་བདུག་སྤོས་སྣ་ཚོགས་ཀུན། །ལྷག་བསམ་རྣམ་པར་དག་པས་སྦྱར་བ་འདི། །ཐུགས་མཆོག་མཉེས་བྱེད་བྱུག་སྤོས་


CMR052_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་འདི། །ཐུགས་རྗེ་ཁྲོས་མ་འཁོར་དང་བཅས་ལ་འབུལ། །ཨོཾ་ཤྲཱི་བཛྲ་གནྡྷེ་པྲ་ཏིཙྪ་ཨཱཿཧཱུྃ། ཧཱུྃ། སྣོད་བཅུད་ཀུན་དང་རོ་མཆོག་ལྡན་པ་ཡི། །ལྷ་དང་མི་ཡི་ཞལ་ཟས་ཐམས་ཅད་ཀྱིས། །ལུས་སེམས་ཚིམས་བྱེད་རོ་མཆོག་དམ་པ་འདི། །ཐུགས་རྗེ་ཁྲོས་མ་འཁོར་དང་བཅས་ལ་འབུལ། །ༀ་ཤྲཱི་བཛྲ་ནེ་ཝི་ཏྱ་པྲ་ཏིཙྪ་ཨཱཿཧཱུྃ། ཧཱུྃ། དྲིལ་ཆེན་སིལ་སྙན་རྣམ་རོལ་ཚངས་པའི་དབྱངས། །གསུང་དབྱངས་དྲུག་ཅུ་དག་དང་ལྡན་པ་ཡི། །ཡིད་འཕྲོག་གསུང་སྙན་རོལ་མོ་དམ་པ་འདི། །ཐུགས་རྗེ་ཁྲོས་མ་འཁོར་དང་བཅས་ལ་འབུལ། །ཨོཾ་ཤྲཱི་བཛྲ་ཤཔྟ་པྲ་ཏཱིཙྪ་ཨཱཿཧཱུྃ། སྐུ་ཡི་བསྟོད་པ་ནི། ཧཱུྃ། མ་བཅོས་ཆོས་དབྱིངས་སྐྱེ་བ་མེད་པ་ལས། །རང་བྱུང་ལོངས་སྐུ་ཐུགས་རྗེ་ཁྲོས་མ་ནི། །སྐུ་མདོག་མཐིང་ནག་ཁྲོ་མོའི་ཆ་བྱད་ཅན། །གཅེར་བུ་རྟོག་བྲལ་དབུ་སྐྲ་ཐུར་དུ་གྲོལ། །ཁྲོ་གཉེར་སྤྱན་གསུམ་མཆེ་བ་རབ་ཏུ་གཙིགས། །སྤྱི་གཙུག་ཕག་ཞལ་སྲིད་གསུམ་རྩེ་ནས་བལྟ། །ཕག་མོའི་ངུར་སྒྲས་སྟོང་གསུམ་ཟིལ་གྱིས་གནོན། །གྲི་གུག་ཐོད་ཁྲག་གཡས་གཡོན་ཕྱག་ན་བསྣམས། །རྒྱལ་མཚན་ཁ་ཊཾ་ག་ནི་གྲུ་མོར་གཏད། །ཕྱག་རྒྱ་ལྔ་དང་དུར་ཁྲོད་ཆས་ཀྱིས་


CMR052_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན། །མེ་དཔུང་ཀློང་ན་ཞབས་གཉིས་བརྐྱང་བསྐུམ་བཞུགས། །པད་ཉིད་དུས་མཚན་རོ་ཡི་སྟེང་ནས་མནན། །བདེ་སྟོང་ཉམས་ལྡན་འབར་བའི་གར་གྱིས་བཞུགས། །ཐུགས་རྗེ་ཁྲོས་མའི་སྐུ་ལ་ཕྱག་འཚལ་བསྟོད། །གསུང་གི་བསྟོད་པ་ནི། ཧཱུྃ། ཆོས་ཉིད་རང་སྒྲ་རྣམ་པར་དག་པ་ཡི། །ཨཱ་ལི་ཀཱ་ལི་ངོ་བོར་རབ་བརྗོད་ཅིང་། །ཨཱ་ར་ལི་ཞེས་བཞད་པའི་གད་རྒྱང་སྒྲོག །ཕེ་ཕོ་སྒྲ་ཡིས་མཁའ་འགྲོ་དབང་དུ་སྡུད། །ཧཱུྃ་གིས་ང་རོས་བདུད་དཔུང་འཇོམས་པར་བྱེད། །སྟོང་ཉིད་ཆོས་སྒྲས་འགྲོ་བ་དབྱིངས་སུ་སྒྲོལ། །ཕཊ་ཀྱི་འབྲུག་སྒྲས་ལོག་ལྟ་ཚར་གཅོད་ཅིང་། །བདེ་བ་རབ་རྒྱས་ཨ་ཧཾ་སྒྲ་འབྱིན་ཅིང་། །གསུང་དབྱངས་དྲུག་ཅུས་འགྲོ་བ་ཐབས་ཀྱིས་འདུལ། །ཐུགས་རྗེ་ཁྲོས་མའི་གསུང་ལ་ཕྱག་འཚལ་བསྟོད། །ཐུགས་ཀྱི་བསྟོད་པ་ནི། ཧཱུྃ། དོན་དམ་སྟོང་ཉིད་བདེ་ཆེན་དག་པའི་ཐུགས། །ཁ་དོག་མཚན་མ་བརྗོད་པའི་ཡུལ་ལས་འདས། །ཉོན་མོངས་རྣམ་དག་ཡེ་ཤེས་ངོ་བོ་ཉིད། །གདོད་ནས་མ་སྐྱེས་སྤྲོས་བྲལ་དོན་སྟོན་མ། །འཁོར་བའི་སྐྱོན་བྲལ་ཤེས་རབ་ཕ་རོལ་ཕྱིན། །བདེ་སྟོང་གཉིས་མེད་ཟུང་འཇུག་རང་བཞིན་ཅན། །མཐོང་


CMR052_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་དྲན་པས་འགྲོ་བ་ཐམས་ཅད་ལ། །འབར་བ་གསུམ་གྱིས་དངོས་གྲུབ་སྟེར་མཛད་ཅིང་། །དགའ་བདེ་གཉིས་མེད་ཡེ་ཤེས་འཆར་མཛད་མ། །ཐུགས་རྗེ་ཁྲོས་མའི་ཐུགས་ལ་ཕྱག་འཚལ་བསྟོད། །ཡོན་ཏན་ཕྲིན་ལས་བསྟོད་པ་ནི། ཧཱུྃ། དོན་དམ་ཆོས་དབྱིངས་ངང་ལས་མ་གཡོས་ཀྱང་། །སྣང་སྟོང་དབྱེར་མེད་འཇའ་ལུས་གཟུགས་སྐུའི་ཚུལ། །རྣམ་དག་སྐུ་ལ་ཡོན་ཏན་རབ་བརྒྱན་ཅིང་། །འགགས་མེད་གསུང་གིས་གདུལ་བྱ་སྨིན་གྲོལ་མཛད། །སྤྲོས་བྲལ་ཐུགས་ཀྱིས་འཁོར་བའི་རྒྱ་མཚོ་སྐེམས། །ཡོན་ཏན་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྟེར། །ཕྲིན་ལས་ཐུགས་རྗེའི་འགྲོ་བ་ཐབས་ཀྱིས་འདུལ། །ཐུགས་རྗེ་ཁྲོས་མ་བདེ་ཆེན་རྣལ་འབྱོར་མ། །འཁོར་ལོ་ལྔ་རྫོགས་ཕྲིན་ལས་ཀུན་གྱི་བདག །མཆོག་དང་ཐུན་མོང་དངོས་གྲུབ་སྟེར་མཛད་མ། །ཡེ་ཤེས་མཁའ་འགྲོ་བདེ་གཤེགས་ཀུན་གྱི་ཡུམ། །རྡོ་རྗེ་ཕག་མོའི་སྐུ་ལ་ཕྱག་འཚལ་ལོ། །དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ། །ཞི་རྒྱས་དབང་དྲག་མངོན་སྤྱོད་ལ་སོགས་པ། །བཅོལ་བའི་ཕྲིན་ལས་མ་ལུས་འགྲུབ་པར་མཛོད། །རིགས་བཞིའི་བསྟོད་པ་ནི། ཧཱུྃ། ཧ་རི་ནི་ས་ལས་བྱུང་མཁའ་འགྲོ་བཞི། །ཉོན་


CMR052_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་བཞི་དག་ཡེ་ཤེས་བཞི་ཡི་སྐུ། །ཕྲིན་ལས་བཞི་མཛད་རྡོ་རྗེ་རྣལ་འབྱོར་མ། །དཀར་སེར་དམར་ལྗང་རིགས་རྣམས་བཞི་ཡི་གཙོ། །རིགས་བཞིའི་རིགས་མཚོན་རང་རྟགས་དབུ་བརྒྱན་ཅན། །རང་རྟགས་གྲི་གུག་ཐོད་ཁྲག་ཕྱག་ན་བསྣམས། །དུག་རྣམས་རྩད་གཅོད་ཉོན་མོངས་ཞལ་དུ་གསོལ། །བཅུ་དྲུག་ལོ་ལོན་ཁ་ཊཾ་གྲུ་མོར་བརྟེན། །གཅེར་བུ་སྐྲ་གྲོལ་རུས་པའི་རྒྱན་གྱིས་བརྒྱན། །ཐོད་སྐམ་དབུ་རྒྱན་ཐོད་རློན་དོ་ཤལ་མཛད། །ཞབས་གཉིས་བརྐྱང་བསྐུམ་རོ་ཡི་གདན་ལ་བཞུགས། །ཀི་ཧ་རི་ནི་སའི་སྒྲ་འབྱིན་ཅིང་། །རིགས་བཞི་མཁའ་འགྲོ་འབུམ་གྱི་འཁོར་དང་བཅས། །ཁྲོས་མ་རིགས་བཞིའི་སྐུ་ལ་ཕྱག་འཚལ་བསྟོད། །དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ། །ཞི་རྒྱས་དབང་དྲག་མངོན་སྤྱོད་ལ་སོགས་པ། །བཅོལ་བའི་ཕྲིན་ལས་མ་ལུས་འགྲུབ་པར་མཛོད། །ཧཱུྃ། ཕྱོགས་བཞི་མཚམས་བརྒྱད་དུར་ཁྲོད་ནས། །དུར་ཁྲོད་གནས་པའི་མཁའ་འགྲོ་བརྒྱད། །གཅེར་བུའི་ལུས་ལ་སྐུ་གྲོལ་མ། །སྒེག་བཞད་གྲི་ཐོད་ཁ་ཊ་ཐོགས། །ཅོད་པན་རྒྱན་དྲུག་དུར་ཁྲོད་ཆས། །སྐྱིལ་ཀྲུང་ཕྱེད་པའི་གར་དང་ལྡན། །དུར་


CMR052_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད་ཌཱཀྐི་ཆེན་མོ་བརྒྱད། །ལས་རྣམས་བསྒྲུབ་ཕྱིར་གཤེགས་སུ་གསོལ། །དམ་རྫས་བདུད་རྩི་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་མཛོད། །དེ་ནས་མཐེབ་སྲིན་གཡོན་པས་བདུད་རྩི་གཏོར་ཞིང་། གུ་རུ་སརྦ་ཨོཾ་ཨཱཿཧཱུྃ། ཨ་ཧ་རི་ནི་ས་ཨོཾ་ཨཱཿཧཱུྃ། ཊཀྐི་ཨཉྫ་ཨོཾ་ཨཱཿཧཱུྃ། དེ་ནས་ནང་གི་མཆོད་པ་ནི། ཧཱུྃ། འབྲས་རྒུན་བུ་རམ་བཙོས་པའི་ཆང་། །ཤེས་རབ་མ་དཱའི་མཆོད་པ་འདི། །ཐུགས་རྗེ་ཁྲོས་མ་འཁོར་དང་བཅས་ལ་འབུལ། །ཐིག་ལེ་རྐང་དང་ཁུ་བ་ཞག །ཚོགས་དང་ལོངས་སྤྱོད་རཀྟ་འདི། །ཐུགས་རྗེ་ཁྲོས་མ་འཁོར་དང་བཅས་ལ་འབུལ། །དབང་པོ་ལྔ་ཡི་མཆོད་པ་དང་། །སྣ་ཚོགས་ཀེ་རུས་པཱུ་ཙ་འདི། །ཐུགས་རྗེ་ཁྲོས་མ་འཁོར་དང་བཅས་ལ་འབུལ། །ཤ་ལྔ་བདུད་རྩི་ལྔ་ལ་སོགས། །མུག་ཚྭ་སའི་མཆོད་པ་འདི། །ཐུགས་རྗེ་ཁྲོས་མ་འཁོར་དང་བཅས་ལ་འབུལ། །མངར་གསུམ་ལན་ཚྭའི་མཆོད་པ་དང་། །དཀར་གསུམ་ཨརྒའི་མཆོད་པ་འདི། །ཐུགས་རྗེ་ཁྲོས་མ་འཁོར་དང་བཅས་ལ་འབུལ། །ཞོ་ཤ་ལྷ་ཡི་དམ་ཚིག་རྫས། །པཉྩ་བདུད་རྩིའི་མཆོད་པ་འདི། །ཐུགས་རྗེ་ཁྲོས་མ་འཁོར་དང་བཅས་ལ་འབུལ། །རྩ་བརྒྱད་སྟོང་ལ་སྦྱར་


CMR052_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྨན། །རིགས་ལྔ་ཡེ་ཤེས་བདུད་རྩི་ལྔ། །ཐུགས་རྗེ་ཁྲོས་མ་འཁོར་དང་བཅས་ལ་འབུལ། །ཤ་རུས་ཁྲག་དང་ཀླད་པ་དང་། །ཉོན་མོངས་དུག་ལྔའི་མཆོད་པ་འདི། །ཐུགས་རྗེ་ཁྲོས་མ་འཁོར་དང་བཅས་ལ་འབུལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ༀ་ཨཱཿཧཱུྃ༔ ནང་ལྟར་བསྟོད་པ་ནི། ཧཱུྃ། བཅོམ་ལྡན་རྡོ་རྗེ་ཕག་མོ་ནི། །སྲིད་གསུམ་རྣམ་རྟོག་འཇོམས་པའི་ཕྱིར། །འཇིགས་བྱེད་ཆེན་མོ་ཕག་གི་གདོང་པ་ཅན། །ཡེ་ཤེས་ལྔ་ཡི་ཁྲོ་གཉེར་ཅན། །མཐུ་སྟོབས་བདག་མོ་ཁྱོད་ལ་ཕྱལ་འཚལ་བསྟོད། །ཧཱུྃ༔ བཅོམ་ལྡན་རྡོ་རྗེ་ཕག་མོ་ནི། །དབུ་སྐྲ་དམར་ནག་སྤྲིན་ལྟར་གཏིབས། །བྱམས་པ་ཆེན་པོའི་ཆར་ཆེན་འབེབས། །ཉོན་མོངས་རྩད་ནས་གཅོད་པའི་རྟགས། །འཇིགས་བྱེད་ཁྲོ་མོའི་སྐུ་ལ་ཕྱག་འཚལ་བསྟོད། །ཧཱུྃ། བཅོམ་ལྡན་རྡོ་རྗེ་ཕག་མོ་ནི། །དུག་གསུམ་འཐོར་བྱེད་སྤྱན་གསུམ་མེ་ལྟར་འབར། །ཡེ་ཤེས་ལྔ་ལྡན་ཐོད་སྐམ་དབུ་ལ་བརྒྱན། །ཡོན་ཏན་མཐར་ཕྱིན་དུར་ཁྲོད་ཆས་དང་ལྡན། །སྒེག་ཆེན་དཔའ་མོའི་སྐུ་ལ་ཕྱག་འཚལ་བསྟོད། །ཧཱུྃ། བཅོམ་ལྡན་རྡོ་རྗེ་ཕག་མོ་ནི། །གདུག་པ་ཟ་བྱེད་


CMR052_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་པའི་མཆེ་བ་གཙིགས། །ལོག་འདྲེན་ཐམས་ཅད་ཟིལ་གྱིས་གནོན་པའི་རྟགས། །ཟིལ་གནོན་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་བསྟོད། །ཧཱུྃ། བཅོམ་ལྡན་རྡོ་རྗེ་ཕག་མོ་ནི། །ངོ་མཚར་ཆེན་མོ་དགྱེས་པའི་གད་རྒྱང་ཅན། །དགྱེས་པའི་གད་མོས་འཁོར་བ་སྐམ་སར་འདྲེན། །ཁྲོས་པའི་གད་མོས་དགྲ་བགེགས་རླག་པར་བྱེད། །གསུང་མཆོག་ངོ་མཚར་ཅན་ལ་ཕྱག་འཚལ་བསྟོད། །ཧཱུྃ། བཅོམ་ལྡན་རྡོ་རྗེ་ཕག་མོ་ནི། ཞལ་གདངས་ལྗགས་འདྲིལ་རབ་ཏུ་བསྐྱོད། །སྐྱེ་མེད་ཆོས་སྒྲས་སྟོང་གསུམ་འགེངས། །སྟོང་ཉིད་སྒྲ་སྒྲོགས་མ་ལ་ཕྱག་འཚལ་བསྟོད། །ཧཱུྃ། བཅོམ་ལྡན་རྡོ་རྗེ་ཕག་མོ་ནི། །གཡས་པས་གཅོད་བྱེད་གྲི་གུག་འཛིན། །མི་མཐུན་བདུད་དང་མུ་སྟེགས་ཚོགས་རྣམས་གཅོད། །ཤེས་རབ་མཐར་ཕྱིན་མ་ལ་ཕྱག་འཚལ་ལོ། །ཧཱུྃ། བཅོམ་ལྡན་རྡོ་རྗེ་ཕག་མོ་ནི། །གཡོན་པས་ཐོད་པ་ཁྲག་བཀང་བསྣམས། །ཐུགས་རྗེས་ཆགས་པའི་ཚུལ་གྱིས་འགྲོ་དོན་མཛད། །སྟོང་ཉིད་སྙིང་རྗེ་བྱང་ཆུབ་སེམས་ལྡན་པའི། །ཐུགས་རྗེས་འགྲོ་བ་སྐྱོབས་ལ་ཕྱག་འཚལ་ལོ། །ཧཱུྃ། བཅོམ་ལྡན་རྡོ་རྗེ་ཕག་མོ་ནི། །ཕྱག་མཚན་ཁ་ཊྭཱཾ་ག་ནི་


CMR052_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་འཛིན། །དུག་གསུམ་རྩད་གཅོད་འཁོར་བའི་གཡུལ་ངོ་ཟློག །སྐུ་གསུང་ཐུགས་དང་མཉམ་སྦྱོར་ཁྲོ་མོའི་སྐུ། །འབྲས་བུ་ལྷུན་གྲུབ་མ་ལ་ཕྱག་འཚལ་ལོ། །ཧཱུྃ། བཅོམ་ལྡན་རྡོ་རྗེ་ཕག་མོ་ནི། །ཞེ་སྡང་འདུལ་མཛད་སྦྲུལ་གྱི་སེ་རལ་འཕྱང་། །ང་རྒྱལ་འཇོམས་མཛད་སྟག་གི་ཤམ་ཐབས་ཅན། །འབྱུང་པོ་ཚར་གཅོད་ཐོད་པའི་ཕྲེང་བས་བརྒྱན། །རྟགས་ཀྱི་འགྲོ་དོན་མཛད་ལ་ཕྱག་འཚལ་ལོ། །གསང་མཆོད་ནི། ཧཱུྃ། ཐབས་ཆེན་ཡབ་ཀྱི་རྡོ་རྗེ་ནི། །ཤེས་རབ་ཡུམ་གྱི་བྷ་ག་གཉིས། །བསྲུབ་དང་སྤྱོད་པའི་སྦྱོར་བ་ལས། །དགའ་བ་ཆེན་པོ་བྱང་ཆུབ་སེམས། །ཡིད་ཀྱི་ཆུ་བོ་དྲི་མ་མེད། །སངས་རྒྱས་ཀུན་དང་ལྷན་ཅིག་སྐྱེས། །ཐབས་དང་ཤེས་རབ་རང་བཞིན་གྱིས། །པདྨ་རྡོ་རྗེ་མཆོག་སྦྱོར་ཏེ། །དགྱེས་པ་ཆེན་པོ་མཆོག་རོལ་པའི། །ཀུན་རྫོབ་དོན་དམ་བྱང་སེམས་མཆོད་པ་འདི། །ཐུགས་རྗེ་ཁྲོས་མ་འཁོར་དང་བཅས་ལ་འབུལ། །ཨོཾ་གུ་ཧེ་སརྦ་པཱུ་ཙ་མེ་གྷ་ཨཱཿཧཱུྃ། གསང་བའི་བསྟོད་པ་ནི། ཧཱུྃ། བཅོམ་ལྡན་རྡོ་རྗེ་ཕག་མོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག །གྲི་གུག་གཡས་ན་ཐོད་ཁྲག་གཡོན། །


CMR052_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཊཾ་ག་ནི་ཐུགས་ཀར་གཏད། །དུར་ཁྲོད་ཆས་ཀྱིས་ལེགས་པར་བརྒྱན། །རལ་པ་དམར་ནག་སྤྲིན་ལྟར་གཏིབས། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །སྤྱི་གཙུག་ཕག་ཞལ། ནམ་མཁའི་གནས། །རྟོག་མེད་རོ་ཡི་གདན་སྟེང་ན། །བརྐྱང་བསྐུམ་ཚུལ་གྱིས་འགྱིང་བག་ཅན། །མཁའ་འགྲོ་ཟིལ་གནོན་ཁྲོས་པའི་གཟུགས། །རྡོ་རྗེ་ཕག་མོའི་སྐུ་ལ་ཕྱག་འཚལ་བསྟོད། །དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། ཧཱུྃ། ཉོན་མོངས་རྣམ་རྟོག་ལས་བྱུང་བའི། །བདེ་སྟོང་ཡེ་ཤེས་མཆོད་པ་འདི། །གྲུབ་ཐོབ་བླ་མས་བཞེས་སུ་གསོལ། །ཉོན་མོངས་དུག་ལྔ་ལས་བྱུང་བའི། །ཡེ་ཤེས་ལྔ་ཡི་མཆོད་པ་འདི། །ཁྲོས་མ་རིགས་ལྔས་བཞེས་སུ་གསོལ། །ཉོན་མོངས་ཚོགས་བརྒྱུད་ལས་བྱུང་བའི། །གནས་བརྒྱད་ཡེ་ཤེས་མཆོད་པ་འདི། །དུར་ཁྲོད་མཁའ་འགྲོས་བཞེས་སུ་གསོལ། །དེ་ཁོ་ན་ཉིད་ཀྱི་བསྟོད་པ་ནི། ཧཱུྃ། མཚན་མོ་སྐྲ་གྲོལ་གཅེར་བུར་གནས། །གར་བྱེད་དགྱེས་པའི་གད་རྒྱང་ཅན། །བདུད་འཇོམས་དྲག་མོའི་ཆ་ལུགས་ཅན། །དབང་བསྒྱུར་ཕག་གདོང་མ་ལ་ཕྱག་འཚལ་བསྟོད། །དེ་ནས་མདུན་བསྐྱེད་བསྙེན་སྒྲུབ་ནི། མདུན་བསྐྱེད་ཁྲོས་མའི་ཐུགས་ཀར་འཁོར་ལོ་ནི། །


CMR052_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ་རྩིབས་བཞི་མུ་ཁྱུད་ལྡན་པ་ཡི། །ལྟེ་བར་ཨ་མཐིང་རྩིབས་ལ་ཡི་གེ་བཞི། །མུ་ཁྱུད་སྔགས་རིང་གཡས་སུ་བཀོད་པ་གསལ། །བདག་གི་ཐུགས་ལས་འོད་འཕྲོས་འཁོར་ལོ་དེ། །གཡོན་དུ་བསྐོར་བས་ཐུགས་རྒྱུད་དྲག་ཏུ་བསྐུལ། །གཙོ་འཁོར་ཀུན་ལས་འོད་ཟེར་ཁ་དོག་བཞི། །འཕྲོས་པས་ཕྲིན་ལས་རྣམ་བཞི་འགྲུབ་པར་གྱུར་། །ཨོཾ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས་ཨཱ་ཝེ་ཤ་ཡ་སརྦ་ཀརྨ་ཧཱུྃ་ཕཊ། གནས་སྐབས་སུ་བརྒྱ་ཕྲག་དང་། སྒྲུབ་དུས་ཞག་བདུན་ནམ་ཉེར་གཅིག་སོགས་བཟླའོ།། ༈ དེ་ནས་ཚོགས་བདུད་རྩིས་བྲན་ལ་བསངས། སྟོང་ཉིད་དྲན་པས་སྦྱངས་ལ། ཨཱཿ རླུང་མེ་ཐོད་སྐྱེད་སྟེང་ཉིད་དུ། །རང་བྱུང་སྣོད་དུ་ཤ་ལྔ་དང་། །བདུད་རྩི་ལྔ་དང་ཡེ་ཤེས་ལྔ། །ཞུ་བའི་ཟག་མེད་བདུད་རྩི་ཡི། །འོད་ཟེར་འདོད་ཡོན་ལྷ་མོའི་ཚོགས། །དཔག་ཏུ་མེད་པས་ཚོགས་མཆོད་འབུལ། །ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ཧཱུྃ། ཡུམ་ཆེན་ཁྲོས་མ་ནག་མོ་ལ། །གནས་གསུམ་མཁའ་འགྲོའི་ཚོགས་ཀྱིས་བསྐོར། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །བཟའ་དང་བཅའ་དང་བཏུང་བ་དང་། །བཤོས་དང་ཞལ་ཟས་སྣ་ཚོགས་པ། །ཁ་དང་མངར་དང་སྐྱུར་བ་


CMR052_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཚ་དང་རྩུབ་དང་ལན་ཚྭའི་རོ། །གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱ་འདོད་ཡོན་ལ་སོགས་པའི། །ཞལ་ཟས་ཚོགས་ཀྱི་མཆོད་པ་འདི། །རྡོ་རྗེ་ཕག་མོའི་ཐུགས་དམ་བསྐང་། །འཁོར་གྱི་མཁའ་འགྲོས་དགྱེས་པར་རོལ། །བཞེས་ཤིག་རོལ་ཅིག་ཨ་ལ་ལ། །མཆོད་པ་དམ་པ་འདི་བཞེས་ལ། །རྣལ་འབྱོར་བདག་ལ་དངོས་གྲུབ་སྩོལ། །ཚེ་དབང་ལོངས་སྤྱོད་བསོད་ནམས་སྤེལ། །དུས་མིན་འཆི་སོགས་བར་ཆད་ཟློག །གུ་རུ་ཧ་རི་ནི་ས་གྷ་ན་ཙཀྲ་ལ་ཁཱ་ཧི། ཞེས་བཏགས་པས་འཐུས་ལ། རྒྱས་པར་ན། ཧཱུྃ། རང་བཞིན་རྣམ་དག་ལྷུན་གྲུབ་གཞལ་ཡས་ནས། །འགྲོ་བའི་དོན་དུ་ཐུགས་རྗེ་སྤྲུལ་པའི་སྐུ། །མཁའ་འགྲོའི་དབང་ཕྱུག་པདྨ་ཐོད་ཕྲེང་རྩལ། །ཕྲིན་ལས་མཚུངས་མེད་བཀའ་བརྒྱུད་པའི་རིན་པོ་ཆེ། །གནས་གསུམ་མཁའ་འགྲོའི་ཚོགས་དང་བཅས་པ་རྣམས། །རྣམ་འཕྲུལ་མཁའ་ལ་སྤྲིན་ལྟར་གཏིབས་ནས་ཀྱང་། །རིན་ཆེན་རུས་པའི་རྒྱན་ཆ་ཁྲ་ལ་ལ། །རོལ་མོ་སྒྲ་སྙན་མང་པོ་སི་ལི་ལི། །སྣ་ཚོགས་གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །འདིར་གཤེགས་དམ་བསྐང་ཚོགས་ཀྱི་མཆོད་པ་བཞེས། །ཨ་ལ་ལ་ཏེ་དགྱེས་པར་རོལ་ནས་ཀྱང་། །


CMR052_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཧཱུྃ། སྟོང་ཉིད་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །དུས་གསུམ་སངས་རྒྱས་ཀུན་གྱི་ཡུམ་མཆོག་མ། །དཔལ་ལྡན་ཐུགས་རྗེ་ཁྲོས་མ་ནག་མོ་ནི། །བདེ་སྟོང་གཉིས་མེད་འབར་བའི་གར་དགུ་ལྡན། །གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས། །རྣམ་འཕྲུལ་མཁའ་ལ་སྤྲིན་ལྟར་གཏིབས་ནས་ཀྱང་། །རིན་ཆེན་རུས་པའི་རྒྱན་ཆ་ཁྲ་ལ་ལ། །རོལ་མོ་སྒྲ་སྙན་མང་པོ་སི་ལི་ལི། །སྣ་ཚོགས་གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །འདིར་གཤེགས་དམ་བསྐང་ཚོགས་ཀྱི་མཆོད་པ་བཞེས། །ཨ་ལ་ལ་ཏེ་དགྱེས་པར་རོལ་ནས་ཀྱང་། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཧཱུྃ། ཨོ་རྒྱན་ཡུལ་གྱི་ཕྱོགས་བཞིའི་ཕོ་བྲང་ནས། །ཕྲིན་ལས་བཞི་མཛད་ཁྲོས་མ་རིགས་བཞི་ནི། །རིགས་བཞི་མཁའ་འགྲོ་འབུམ་གྱི་ཚོགས་དང་བཅས། །རྣམ་འཕྲུལ་མཁའ་ལ་སྤྲིན་ལྟར་གཏིབས་ནས་ཀྱང་། །རིན་ཆེན་རུས་པའི་རྒྱན་ཆ་ཁྲ་ལ་ལ། །རོལ་མོ་སྒྲ་སྙན་མང་པོ་སི་ལི་ལི། །སྣ་ཚོགས་གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །འདིར་གཤེགས་དམ་བསྐང་ཚོགས་ཀྱི་མཆོད་པ་བཞེས། །


CMR052_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ལ་ལ་ཏེ་དགྱེས་པར་རོལ་ནས་ཀྱང་། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཧཱུྃ། ཕྱོགས་མཚམས་དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །སྣ་ཚོགས་ལས་མཛད་མཁའ་འགྲོ་མ་བརྒྱད་ནི། །སོ་སོའི་རིགས་ཀྱི་མཁའ་འགྲོ་འབུམ་དང་བཅས། །རྣམ་འཕྲུལ་མཁའ་ལ་སྤྲིན་ལྟར་གཏིབས་ནས་ཀྱང་། །རིན་ཆེན་རུས་པའི་རྒྱན་ཆ་ཁྲ་ལ་ལ། །རོལ་མོ་སྒྲ་སྙན་མང་པོ་སི་ལི་ལི། །སྣ་ཚོགས་གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །འདིར་གཤེགས་དམ་བསྐང་ཚོགས་ཀྱི་མཆོད་པ་བཞེས། །ཨ་ལ་ལ་ཏེ་དགྱེས་པར་རོལ་ནས་ཀྱང་། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཧཱུྃ། བཀའ་དང་དམ་ཚིག་གཉན་པོའི་ཕོ་བྲང་ནས། །བསྟན་པ་སྲུང་ཞིང་བར་ཆད་སེལ་མཛད་པའི། །ཆོས་སྐྱོང་སྲུང་མ་འཁོར་དང་བཅས་པ་རྣམས། །རྣམ་འཕྲུལ་མཁའ་ལ་སྤྲིན་ལྟར་གཏིབས་ནས་ཀྱང་། །རིན་ཆེན་རུས་པའི་རྒྱན་ཆ་ཁྲ་ལ་ལ། །རོལ་མོ་སྒྲ་སྙན་མང་པོ་སི་ལི་ལི། །སྣ་ཚོགས་གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །འདིར་གཤེགས་དམ་བསྐང་ཚོགས་ཀྱི་མཆོད་པ་བཞེས། །ཨ་ལ་ལ་ཏེ་དགྱེས་པར་རོལ་ནས་ཀྱང་། །མཆོག་དང་ཐུན་མོང་


CMR052_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་ཨཱཿཧཱུྃ་གྷ་ན་ཙཀྲ་སརྦ་པཱུ་ཙ་མེ་གྷ་ཨཱཿཧཱུྃ། དེ་ནས་ཚོགས་ཕུད་གཏོར་མར་ཕུལ་ལ་བདུད་རྩིས་བྲན། ཨ། རླུང་མེད་ཐོད་སྐྱེད་སྟེང་དུ་བྷནྡའི་ནང་། །གཏོར་མ་ལྕགས་ཀྱུ་ལྔ་དང་སྒྲོལ་མ་ལྔ། །ཞུ་བ་ཡེ་ཤེས་བདུད་རྩི་རོ་གཅིག་པའི། །འོད་ཀྱིས་གཏོར་མགྲོན་སྤྱན་དྲངས་ནམ་མཁར་བཞུགས། །ཕེཾ་ཕེཾ་ཕེཾ། མ་ཧཱ་གུ་རུ་སརྦ་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཨོཾ་ཤྲཱི་བཛྲ་བྷ་ར་ཧི་མ་ཧཱ་ཡོ་གི་ནི་ཨི་དཾ་བྷ་ལིཾ་ཏ་ཧཱུྃ་ཧ་ན་ཧཱུཾ་ཧ་ན་པཱུ་ཙ་ཧོ༔ ཨ་ཏི་ཀྲ་མ་ཐ། ས་མ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་དང་། །བཛྲ་ཌཱཀི་ནཱི་ཕོ། རཏྣ་ཊཱཀི་ནཱི་ཡེ། པདྨ་ཊཱཀི་ནཱི་ཝེ། ཀརྨ་ཊཱཀི་ནཱི་ཡེ། ས་མ་ཡ་ཌཀི་ནཱི་ཡེ། བྷི་ཤཱ་ཀི་ནཱི་པཾ། སརྦ་ཌཱཀི་ནཱི་ཕོ། ལོ་ཀྐ་ཊཱཀི་ནཱི་ཡེ། ཨི་དཾ་བྷ་ལིཾ་ཏ་གྷྲི་ཧ་ན་གྷྲི་ཧ་ན་པཱུ་ཛ་ཧོཿ ཨ་ཏི་ཀྲ་མ་ཐཱ། ས་མ་ཡ་ཁ་རྃ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་དང་། བསྟོད་ཅིང་ཕྲིན་ལས་བཅོལ་བ་ནི། ཧཱུྃ། བཅོམ་ལྡན་རྡོ་རྗེ་ཕག་མོ་ནི། །འཇིག་རྟེན་གསུམ་པོ་ཟིལ་གནོན་ཅིང་། །ལོག་པར་ལྟ་བའི་ཚོགས་རྣམས་འཇོམས། །གཏུམ་ཆེན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མང་པོའི་ཚོགས་དང་བཅས། །མཆོད་སྦྱིན་གཏོར་མ་འདི་


CMR052_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་ལ། །ཞི་དང་རྒྱས་དང་དབང་དང་དྲག །འགུགས་དང་བསྐད་དང་གཟིར་བ་དང་། །ཕྲིན་ཐམས་ཅད་འགྲུབ་པར་མཛོད། །མཁའ་འགྲོ་མཉེས་པའི་མཆོད་པ་འདིས། །ཁྱོད་ཀྱི་ཐུགས་དམ་བསྐངས་གྱུར་ནས། །བདེ་ལེགས་ཐམས་ཅད་བདག་ལ་སྩོལ། །དེ་ནས་ཚོགས་བར་པས་བསྐང་གཏོར་གསོ། མེད་ན་ཕུགས་གཏོར་གསོ་བྲན་བྱས་ལ། བསྐང་བ་ནི། ཧཱུྃ། དག་སྣང་ཆོས་སྐུའི་གཞལ་ཡས་ནས། །རིགས་གཙོ་དཔལ་ལྡན་ཧེ་རུ་ཀ །རྩ་བར་བརྒྱུད་པའི་བླ་མ་རྣམས། །བཟོད་མེད་གདུང་ཤུགས་དྲག་པོ་ལས། །ཚོགས་དང་གཏོར་མས་ཐུགས་དམ་བསྐང་། །རང་བྱུང་ཨོ་རྒྱན་གཞལ་ཡས་ནས། །ཐུགས་རྗེ་ཁྲོས་མའི་ལྷ་ཚོགས་རྣམས། །བསྐྱེད་རྫོགས་ལྟ་སྤྱོད་ཏིང་འཛིན་དང་། །ཚོགས་དང་གཏོར་མས་ཐུགས་དམ་བསྐང་། །རྣམ་ཤེས་ཞེ་སྡང་གནས་དག་པའི། །ཁྲོས་མ་ནག་མོའི་ཐུགས་དམ་བསྐང་། །གཟུགས་ཕུང་གཏི་མུག་གནས་དག་པའི། །བདེ་ཆེན་དཀར་མོའི་ཐུགས་དམ་བསྐང་། །ཚོར་བ་ང་རྒྱལ་གནས་དག་པའི། །སེར་མོ་དོན་གྲུབ་ཐུགས་དམ་བསྐང་། །འདུ་ཤེས་འདོད་ཆགས་གནས་དག་པའི། །དམར་མོ་སྒྲ་སྒྲོགས་ཐུགས་དམ་བསྐང་། །


CMR052_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་བྱེད་ཕྲག་དོག་གནས་དག་པའི། །སྣ་ཚོགས་མཐར་ཕྱིན་ཐུགས་དམ་བསྐང་། །ཁྲག་དང་ཆུ་ཁམས་གནས་དག་པའི། །རྡོ་རྗེ་མཁའ་འགྲོའི་ཐུགས་དམ་ཤ་རུས་ས་ཁམས་གནས་དག་པའི། །རིན་ཆེན་མཁའ་འགྲོའི་ཐུགས་དམ་བསྐང་། །དྲོད་དང་མེ་ཁམས་གནས་དག་པའི། །པདྨ་མཁའ་འགྲོའི་ཐུགས་དམ་བསྐང་། །དབུགས་དང་རླུང་ཁམས་གནས་དག་པའི། །ལས་ཀྱི་མཁའ་འགྲོའི་ཐུགས་དམ་བསྐང་། །རྟག་པར་ལྟ་བ་གནས་དག་པའི། །དམ་ཚིག་མཁའ་འགྲོའི་ཐུགས་དམ་བསྐང་། །ཆད་པར་ལྟ་བ་གནས་དག་པའི། །སྣ་ཚོགས་མཁའ་འགྲོའི་ཐུགས་དམ་བསྐང། །མཚན་མར་ལྟ་བ་གནས་དག་པའི། །ཐམས་ཅད་མཁའ་འགྲོའི་ཐུགས་དམ་ང་། །བདག་ཏུ་ལྟ་བ་གནས་དག་པའི། །འཇིག་རྟེན་མཁའ་འགྲོའི་ཐུགས་དམ་བསྐང་། །ཚོགས་བརྒྱད་རྟོག་པ་གནས་དག་པའི། །དུར་ཁྲོད་གནས་བརྒྱད་ཐུགས་དམ་བསྐང་། །ཡུལ་བརྒྱད་རྟོག་པ་གནས་དག་པའི། །དུར་ཁྲོད་བརྒྱད་ཀྱི་མཁའ་འགྲོའི་ཐུགས་དམ་བསྐང་། །ཕུང་ཁམས་སྐྱེ་མཆེད་གནས་དག་པའི། །ཁྲོས་མའི་དཀྱིལ་འཁོར་


CMR052_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཚོགས་རྣམས། །བསྐང་ངོ་མཆོད་དོ་ཐུགས་དམ་བསྐང་། །བདུད་རྩི་སྨན་གྱིས་ཐུགས་དམ་བསྐང་། །བྷ་ལིང་གཏོར་མས་ཐུགས་དམ་བསྐང་། །རཀྟ་དམར་གྱིས་ཐུགས་དམ་བསྐང་། །ཞལ་ཟས་ཚོགས་ཀྱིས་ཐུགས་དམ་བསྐང་། །ལྟ་བ་ཡངས་པས་ཐུགས་དམ་བསྐང་། །སྤྱོད་པ་ཞིབ་མོས་ཐུགས་དམ་བསྐང་། །ཐུགས་དམ་བསྐང་བའི་བྱིན་བརླབས་ཀྱིས་། །ཆག་ཆེན་ཉམ་ང་བཟློག་ཏུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །དེ་ནས་བཤགས་པ་ནི། ཧཱུྃ། གུ་རུ་ཌཱཀིའི་ཚོགས་རྣམས་བརྩེ་བས་དགོངས། །ཐོག་མེད་དུས་ནས་བདག་སོགས་འགྲོ་བ་རྣམས། །འཁྲུལ་པའི་དབང་གིས་སྒྲིབ་གཉིས་ཅི་བསགས་པ། །རབ་ཏུ་འགྱོད་པས་མཐོལ་བཤགས་བཟོད་པར་གསོལ། །ཨོཾ་ས་མ་ཡ། ཨཱཿས་མ་ཡ། ཧཱུྃ་ས་མ་ཡ། གུ་རུ་ཧ་རི་ནི་ས། ཨོཾ་གྷ་ན་ཙཀྲ་བཛྲ་ས་ཏྭ་ས་མ་ཡ་སོགས། ཡིག་བརྒྱ་བཟླའོ། །དེ་ནས་ཚོགས་དུམ་ལིངྒ་བྱས་ལ་ཁྲག་གིས་སྦག་ལ། ཧཱུྃ་བྷྱོ༔ ཁྲག་འཐུང་ཁྲོས་མའི་ཐུགས་ཀ་ནས། །ལས་ཀྱི་ཌཱཀིས་སྟོང་གསུམ་གང་། །གནོད་ཅིང་འཚེ་བའི་དགྲ་བགེགས་ཚོགས། །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །ཁུག་ཅིག་རྡོ་རྗེ་ལྕགས་ཀྱུ་མ། །ཆིངས་


CMR052_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་རྡོ་རྗེ་ཞགས་པ་མ། །སྡོམས་ཤིག་རྡོ་རྗེ་ལྕགས་སྒྲོག་མ། །མྱོས་པར་གྱིས་ཤིག་previous hit དྲིལབུ next hit་མ། །ལྷ་དང་ཕྲོལ་ཅིག་ཕྲ་མེན་མ། །བདུད་དང་སྤྲོད་ཅིག་ཤ་ཟན་མ། །དབུགས་དང་ཕྲོལ་ཅིག་དབུགས་ལེན་མ། །རྣམ་ཤེས་སྤྱོར་ཅིག་ཌཀི་མ། །ཤ་རུས་གཏུབས་ཤིག་ཞིང་སྐྱོང་མ། །དྲག་པོའི་ཕྲིན་ལས་མྱུར་དུ་སྒྲུབས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས་ལོ་ཀ་ཌཱཀྐི་ནཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ། ཅེས་ཕུར་པ་བཏབ་ལ་ལིང་རོ་ཤ་དུམ་བྷནྡྷར་བཅུག་ལ་གཏོར་མར་བསྟབ་ལ། ཧཱུྃ། འཇིགས་བྱེད་ཁྲོས་མའི་ལྷ་ཚོགས་རྣམས། །གནམ་ས་ཙམ་གྱིས་ཞལ་ཕྱེས་ལ། །གངས་རི་ཙམ་གྱིས་མཆེ་བ་གཙིགས། །གློག་དམར་ཙམ་གྱིས་ལྗགས་སྐྱོངས་ལ། །བདག་ལ་སྡང་བའི་དགྲ་དང་བགེགས། །ཚོགས་སུ་རོལ་ཅིག་མཁའ་འགྲོ་མ། །བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི། །རྣམ་ཤེས་མཁའ་སྤྱོད་གནས་སུ་དྲོངས། འཁྲུལ་མེད་མངོན་སངས་རྒྱས་པར་མཛོད། །ཨ་ཧ་རི་ནི་ས་ཌཱཀྐི་ནི་དགྲ་བགེགས་ཀྱི་ཤ་ཁྲག་ལ་ཁཱ་ཧི། ཞེས་ལིང་རོ་བཟློག་གཏོར་རམ་གཏོར་མ་གསོས་ལ་བདུད་རྩིས་བྲན། དམར་


CMR052_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་བྲན་ལ་སྤྲོ་ན་འབུམ་བསྐུལ་བྱ་སྟེ། ཧཱུྃ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །རི་བོ་ཆེན་པོའི་བྱང་ཕྱོགས་ན། །རྩུབ་གྱུར་ཚལ་གྱི་ནུབ་བྱང་ན། །རི་བོ་ཐམས་ཅད་རུས་པའི་རི། །ཆུ་རྣམས་ཐམས་ཅད་ཁྲག་དང་རྣག །རྩི་ཤིང་ཐམས་ཅད་མདའ་དང་མདུང་། །སྒྲ་སྐད་ཐམས་ཅད་སོད་དང་རྒྱོབ། །རབ་ཏུ་འཇིགས་པའི་གནས་མཆོག་དེར། །རིགས་ལྔའི་སངས་རྒྱས་བཞུགས་པའི་གནས། །ཕྱག་ན་རྡོ་རྗེ་འཇིགས་པའི་ས། །ཁྲོ་བཅུ་རྒྱུ་བར་མི་ནུས་པའི། །རབ་ཏུ་འཇིགས་པའི་གནས་མཆོག་དེར། །གཙོ་མཆོག་ཁྲོས་མ་དེ་ན་བཞུགས། །ཁྲོས་མ་རིགས་བཞི་དེ་ན་བཞུགས། །མཁའ་འགྲོ་སྡེ་བརྒྱད་དེ་ན་བཞུགས། །ཧཱུྃ། རྟོག་མེད་ཕག་མོའི་ཞལ་དུ་བྱུང་བ་ལས། །དོན་དམ་སྟོང་ཉིད་རྟོགས་པའི་མཁའ་འགྲོ་འབུམ། །དབུ་སྐྲ་དམར་ནག་སྤྲིན་ལྟར་གཏིབས་པ་ལ། །ཐུགས་རྗེ་ཆར་ལྟར་འབེབས་པའི་མཁའ་འགྲོ་འབུམ། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན་པ་ལ། །རིགས་ལྔས་འགྲོ་དོན་མཛད་པའི་མཁའ་འགྲོ་འབུམ། །སྤྱན་གསུམ་སྡང་མིག་རབ་ཏུ་གཟིགས་པ་ལ། །དུག་གསུམ་རྩད་ནས་གཅོད་པའི་མཁའ་འགྲོ་འབུམ། །ཞལ་གྱི་ཁྲོ་གཉེར་ལྔ་དང་


CMR052_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་ལ། །དུག་ལྔ་རང་སར་གྲོལ་བའི་མཁའ་འགྲོ་འབུམ། །ཞལ་གདངས་ལྗགས་ཀྱང་རབ་ཏུ་བསྐྱོད་པ་ལ། །སྤྲུལ་པ་གློག་ལྟར་འཁྱུགས་པའི་མཁའ་འགྲོ་འབུམ། །འཇིགས་པའི་མཆེ་བ་རབ་ཏུ་གཙིགས་པ་ལ། །སྐྱེ་འཆི་རྩད་ནས་གཅོད་པའི་མཁའ་འགྲོ་འབུམ། །དགྱེས་པའི་གད་མོ་ཧི་ཧི་བཞད་པ་ལ། །འཁོར་བ་སྐམ་སར་བྱེད་པའི་མཁའ་འགྲོ་འབུམ། །ཁྲོས་པའི་གད་མོ་ཧ་ཧ་རྒོད་པ་ལ། །བདུད་སྲིན་ཐལ་བར་བརླག་པའི་མཁའ་འགྲོ་འབུམ། །གཡས་ཀྱི་གྲི་གུག་རབ་ཏུ་འབར་བ་ལ། །སྲོག་གཅོད་དབུགས་ལེན་བྱེད་པའི་མཁའ་འགྲོ་འབུམ། །གཡོན་གྱི་ཐོད་ཁྲག་དམར་པོ་གསོལ་བ་ལ། །དམ་ཉམས་སྙིང་ཁྲག་འཇིབ་པའི་མཁའ་འགྲོ་འབུམ། །ཁ་ཊཾ་ག་ནི་རྩེ་གསུམ་བསྣམས་པ་ལ། །དུག་གསུམ་རྩད་ནས་གཅོད་པའི་མཁའ་འགྲོ་འབུམ། །ཐོད་པ་སྐམ་རློན་གསུམ་གྱིས་བརྒྱན་པ་ལ། །ཁམས་གསུམདབང་དུ་སྡུད་པའི་མཁའ་འགྲོ་འབུམ། །མཐིང་ནག་དར་གྱི་ཅོད་པན་འཕུར་བ་ལ། །སྲིད་གསུམ་རྩད་ནས་གཅོད་པའི་མཁའ་འགྲོ་འབུམ། །ཌ་རུ་གསེར་གྱི་དྲིལ་ཆུང་འཁྲོལ་བ་ལ། །སྙན་བརྒྱུད་གསང་སྤྱོད་འཛིན་པའི་


CMR052_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་འབུམ། །དྲངས་ཤིང་ཡུ་བ་དཀར་པོ་འདྲིལ་བ་ལ། །ལྷ་མིན་གཡུལ་ངོ་ཟློག་པའི་མཁའ་འགྲོ་འབུམ། །སྙན་ཆ་མགུལ་རྒྱུན་རབ་ཏུ་མཛེས་པ་ལ། །ཡབ་ལ་བསྙེན་བཀུར་བྱེད་པའི་མཁའ་འགྲོ་འབུམ། །ཕྱག་རྒྱ་དྲུག་གིས་རབ་ཏུ་བརྒྱན་པ་ལ། །ཕ་རོལ་ཕྱིན་དྲུག་རྫོགས་པའི་མཁའ་འགྲོ་འབུམ། །གདུག་པ་སྦྲུལ་གྱིས་ག་ཤལ་མཛད་པ་ལ། །མཛེ་ནད་ཁྲག་སྐྱག་བཏང་བའི་མཁའ་འགྲོ་འབུམ། །ཐོད་རློན་ལྔ་བཅུས་དོ་ཤལ་བྱས་པ་ལ། །འདུ་བྱེད་ལྔ་བཅུ་དག་པའི་མཁའ་འགྲོ་འབུམ། །ང་རྒྱལ་སྟག་གི་ཤམ་ཐབས་བྱས་པ་ལ། །སྡིག་ཅན་ཟིལ་གྱིས་གནོན་པའི་མཁའ་འགྲོ་འབུམ། །གཅེར་བུ་སྐུ་གྲོལ་གར་ཐབས་བཞུགས་པ་ལ། །ལེགས་ཉེས་ཞལ་ལྕེ་གཅོད་པའི་མཁའ་འགྲོ་འབུམ། །གཡས་བསྐུམ་གཡོན་བརྐྱང་ཚུལ་དུ་བཞུགས་པ་ལ། །རྟོག་མེད་ཉམས་དང་ལྡན་པའི་མཁའ་འགྲོ་འབུམ། །མེ་རི་མེ་དཔུང་དབུས་ན་བཞུགས་པ་ལ། །ཐ་དད་རྟོག་པ་བསྲེགས་པའི་མཁའ་འགྲོ་འབུམ། །རྟོག་མེད་རོ་ཡི་གདན་ལ་བཞུགས་པ་ལ། །དུར་ཁྲོད་ཤ་ལ་རོལ་བའི་མཁའ་འགྲོ་འབུམ། །སྐུ་མདོག་མཐིང་ནག་རབ་ཏུ་རྔམས་པ་ལ། །གཏི་མུག་རྩད་


CMR052_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གཅོད་པའི་མཁའ་འགྲོ་འབུམ། །སྐུ་སྤྲུལ་མཁའ་འགྲོ་འབུམ་ཚོ་ཉི་ཤུ་དྲུག །མཁའ་འགྲོའི་བརྡ་སྐད་དི་རི་རི། །དམར་གྱི་གཏོར་མ་འདི་བཞེས་ལ། །དོ་ནུབ་སྡང་བའི་དགྲ་ལ་ཡ། །བར་ཆད་བྱེད་པའི་བགེགས་ལ་ཡ། །སྐུ་མདོག་དཀར་མོ་རབ་ཏུ་འཚེར་བ་ལས། །ཞེ་སྡང་རྩད་ནས་གཅོད་པའི་མཁའ་འགྲོ་འབུམ། །སྐུ་མདོག་སེར་མོ་རབ་ཏུ་མཛེས་པ་ལ། །ང་རྒྱལ་རྩད་ནས་གཅོད་པའི་མཁའ་འགྲོ་འབུམ། །སྐུ་མདོག་དམར་མོ་མདངས་དང་ལྡན་པ་ལ། །འདོད་ཆགས་རང་སར་གྲོལ་བའི་མོཁའ་འགྲོ་འབུམ། །སྐུ་མདོག་ལྗང་གུ་རབ་ཏུ་བརྗིད་པ་ལ། །ཕྲག་དོག་རྩད་ནས་གཅོད་པའི་མཁའ་འགྲོ་འབུམ། །ཤར་གྱི་ཕྱོགས་ཀྱི་དུར་ཁྲོད་ནས། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་འབུམ། །ལྷོ་ཡི་ཕྱོགས་ཀྱི་དུར་ཁྲོད་ནས། །རིན་ཆེན་རིགས་ཀྱི་མཁའ་འགྲོ་འབུམ། །ནུབ་ཀྱི་ཕྱོགས་ཀྱི་དུར་ཁྲོད་ནས། །པདྨ་རིགས་ཀྱི་མཁའ་འགྲོ་འབུམ། །བྱང་གི་ཕྱོགས་ཀྱི་དུར་ཁྲོད་ནས། །ལས་ཀྱི་རིགས་ཀྱི་མཁའ་འགྲོ་འབུམ། །ཤར་ལྷོའི་ཕྱོགས་ཀྱི་དུར་ཁྲོད་ནས། །དམ་ཚིག་རིགས་ཀྱི་མཁའ་འགྲོ་འབུམ། །ལྷོ་ནུབ་ཕྱོགས་ཀྱི་དུར་


CMR052_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད་ནས། །སྣ་ཚོགས་རིགས་ཀྱི་མཁའ་འགྲོ་འབུམ། །ནུབ་བྱང་ཕྱོགས་ཀྱི་དུར་ཁྲོད་ནས། །ཐམས་ཅད་རིགས་ཀྱི་མཁའ་འགྲོ་འབུམ། །བྱང་ཤར་ཕྱོགས་ཀྱི་དུར་ཁྲོད་ནས། །འཇིག་རྟེན་རིགས་ཀྱི་མཁའ་འགྲོ་འབུམ། །འཁོར་གྱི་མཁའ་འགྲོ་འབུམ་ཚོ་ལྔ་བཅུའི་ཚོགས། །མཁའ་འགྲོའི་བརྡ་སྐད་དི་རི་རི། །དམར་གྱི་གཏོར་མ་འདི་བཞེས་ལ། །དོ་ནུབ་སྡང་བའི་དགྲ་ལ་ཡ། །བར་ཆད་བྱེད་པའི་བགེགས་ལ་ཡ། །དམ་ཉམས་དགྲ་བོ་འདུལ་བའི་དུས་ལ་བབ། །བར་ཆད་བགེགས་རྣམས་ཟློག་པའི་དུས་ལ་བབ། །ཅེས་བསྐུལ་ལོ། །ཐབས་ཤེས་ཀྱི་རྫས་རྣམས་དྲངས་ཤིང་། ཀྱེ། དཔའ་བོ་ཆེན་པོ་དགོངས་སུ་གསོལ། །འདིར་ནི་ཆོས་རྣམས་བཟང་པོ་སྟེ། །འདུས་པ་རྣམས་ཀྱི་ཐེ་ཚོམ་བྲལ། །བྲམ་ཟེ་ཁྱི་དང་གདོལ་པ་ཕག །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །པད་ཀོར་གྱིས་བླངས་ཏེ། ཨ་ཧོ་མ་ཧཱ་སུ་ཁ། ཞེས་ལོངས་སྤྱོད་ནས་ལྷག་མ་བྲན་ལ། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལྷག་གཏོར་འདོད་ཡོན་ཟད་མི་ཤེས་པར་གྱུར། ཧཱུྃ། ཕྱི་རོལ་དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །མཁའ་འགྲོ་ཤུགས་འགྲོ་ཞིང་སྐྱོང་ཕྲ་མེན་མ། །དབང་ཕྱུག་གིང་དང་ལངྐ་མ་མོའི་ཚོགས། །


CMR052_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་དགུར་སྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །རབ་ཏུ་འཇིགས་ཤིང་རྔམ་བྱེད་སྲིན་མོའི་ཚོགས། །ཤ་ཟ་ཁྲག་འཐུང་རུས་འཆའ་ལས་བྱེད་མ། །མྱུར་མགྱོགས་རྫུ་འཕྲུལ་སྟོབས་ལྡན་དབང་མོ་ཆེ། །སྣ་ཚོགས་ལས་མཛད་སྤྲུལ་པ་འཁོར་དང་བཅས། །དཔལ་གྱི་ཕ་འབབ་ལྷག་གཏོར་འདི་བཞེས་ལ། །ཞི་རྒྱས་དབང་དང་མངོན་སྤྱོད་ལ་སོགས་པའི། །ཇི་ལྟར་ནུས་པའི་ཕྲིན་ལས་སོ་སོར་མཛོད། །ཨོཾ་ཨུཙྪི་ཊ་སརྦ་ཌཀྐི་ནཱི་པྲ་ཏི་ཛ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཞེས་ཕྱིར་དོར། ཚོགས་ལྷག་ལ་སྔགས་འདིས་ཆོག །འདིར་དཀར་གཏོར་བསྔོ། དེ་ནས་ཐུན་གཏོར་བྲན་ཏེ། དམར་གཏོར་སྔོན་མ་དེས་ཀྱང་ཆོག །ན་མོ། དཀོན་མཆོག་གསུམ་དང་རྩ་བ་གསུམ། །ཐུགས་རྗེ་ཁྲོས་མའི་ལྷ་ཚོགས་བདེན་པའི་མཐུས། །བསྟན་པའི་སྤྱི་དགྲ་རྣལ་འབྱོར་སྒོས་དགྲ་དང་། །བདག་དང་བསྲུང་བྱ་ལ་གནོད་གདོན་བགེགས་རྣམས། །གཏོར་མ་འདི་ལ་ཛཿཧཱུྃ་བྃ་ཧོཿས་ཁུག །སྙིང་དབུས་མཚོན་ཆའི་འཁོར་ལོས་དམར་ཉིལ་གཏུབ། །ཤ་ཁྲག་ཊཱཀིས་གསོལ་ལ་རྣམ་ཤེསཾ་སྤོར། །ཕྲིན་ལས་ཐོགས་མེད་འགྲུབ་པའི་ལས་མཛོད་ཅིག །ཨ་ཧ་རི་ནི་ས་


CMR052_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཊཱཀྐི་ནཱི་དགྲ་བགེགས་ཀྱི་ཤ་ཁྲག་ལ་ཁ་ཁཱ་ཧི་ཁཱ་ཧི། ལས་ལ་བསྐུལ་བ་ནི། ཧཱུྃ། རང་བཞིན་གདོད་ནས་ཅི་ཡང་མ་གྲུབ་ཀྱང་། །འགག་མེད་རིག་པའི་རྩལ་ཀ་ཡི། །སྙོམས་བྱེད་སྐུ་ལ་བསྟོད་པ་ནི། །ཧཱུྃ། རང་བཞིན་མཚན་མོ་ནམ་མཁའི་དབྱིངས། །རུས་པའི་རྒྱན་དྲུག་གསོལ་བ་ནི། །རྒྱུ་སྐར་མང་པོའི་ཚོགས་ཀྱིས་སྐོར་སྙམ་བྱེད། །ཧཱུྃ། གྲི་གུག་ཕྱོགས་བཞིར་ཕྱར་བ་ལས། །ཁམས་གསུམ་ཁྲོས་མས་གང་སྙམ་བྱེད། །ཧཱུྃ། བྷནྡྷ་རཀྟས་བཀང་བ་ཡི། །རི་ལུང་ཁྲག་གིས་གང་སྙམ་བྱེད། །ཕྱག་མཚན་གྲི་གུག་ཕྱར་བ་ལས། །བར་སྣང་མཚོན་ཆས་གང་སྙམ་བྱེད། །གླང་ཆེན་ཀོ་རློན་སྤྲུགས་པ་ལས། །གནམ་ས་ལྟོ་བར་སྦྱོར་སྙམ་བྱེད། །ཧཱུྃ། ཞལ་གདངས་ཕཊ་ཀྱི་སྒྲ་སྒྲོགས་པས། །ཟགདོན་བགེགས་འབྱུང་པོ་བསྒྲལ་སྙམ་བྱེད། །ཧཱུྃ། སྤྱན་རྩ་དམར་ཞིང་འཁྲུགས་པ་ལས། །ཉི་ཟླ་ཕྱོགས་བཅུར་རྒྱུག་སྙམ་བྱེད། །ཧཱུྃ། དབུ་སྐྲ་དམར་པོ་གཅིག་ཅིང་བཀྲམ་པ་ལས། །ལྷོ་སྤྲིན་སྨུག་པོ་འཐིབ་སྙམ་བྱེད། །ཧཱུྃ། ཕག་གདོང་ནག་པོ་ངུར་བ་ལས། །བརྒྱལ་ནད་སྨྱོ་འབོག་གཏོང་སྙམ་བྱེད། །ཧཱུྃ། མི་མགོའི་ཕྲེང་བ་ཆེན་པོ་འཁྲོལ་བ་


CMR052_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །བྲག་རི་གནམ་ས་སྟོང་སྙམ་བྱེད། །ཧཱུྃ། གར་ཐབས་ཞབས་ནི་བརྡབ་པ་ལས། །ས་གཞི་རི་བོ་གཏིབ་སྙམ་བྱེད། །ཧཱུྃ། སྡེ་བརྒྱད་མཁའ་འགྲོས་བསྐོར་བ་ལས། །སྟོང་གསུམ་གཡོ་ཞིང་འཁྲུགས་སྙམ་བྱེད། །ཧཱུཾ། གཟི་བརྗིད་ཆེན་པོ་འོད་དུ་འབར་བ་ལས། །བསྐལ་པའི་མེ་ཆེན་འབྱུང་བར་སྐམ་སྙམ་བྱེད། །རྣལ་འབྱོར་གུས་པས་ཕྱག་འཚལ་བསྟོད། །འབུལ་ལོ་དམར་ཆེན་གཏོར་མ་འབུལ། །བསྐུལ་ལོ་ཁྲོ་གཏུམ་ནག་མོའི་ཚོགས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །འདི་གཏོར་བསྐུལ་ཡིན་ཀྱང་ནད་པ་སོགས་བསྐུལ་འདིས་གཏོར་རྒྱག་བྱའོ། །ཆད་མདོ་བརྟན་སྐྱོང་ཡང་དེ་ཉིད་ལ་འདོན་རུང་སྟེ། བདུད་རྩིས་བྲན་ལ། ཧཱུྃ། དགུང་སྔོན་རྩེ་སྟེང་གངས་རིའི་ཡང་རྩེ་དང་། །སྤང་ལྗོངས་སྐྱེད་མོས་ཚལ་དང་ནགས་འདབ་དང་། །ཕྱོགས་མཚམས་སྟེང་འོག་དག་ན་གང་གནས་དང་། །བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་ཀྱིས། །སློབ་དཔོན་པདྨའི་སྤྱན་སྔར་ཁས་བླངས་བཞིན། །རང་རང་གནས་ནས་འདིར་བྱོན་མཆོད་གཏོར་བཞེས། །རྣལ་འབྱོར་བདག་གིས་འཁོར་སྲུང་རྐྱེན་ངན་ཟློག །བཀའ་བཞིན་ཕྲིན་ལས་གཉེན་པོ་འགྲུབ་


CMR052_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛོད། །དེ་ནས་དཔལ་འབར་བཙུགས་ལ་གོམ་པ་བདུན་གྱིས་སར་བཏེག་ལ་བདུད་རྩིས་བྲན་ལ། ཧཱུྃ། སྲིན་མོ་ཟ་ལམ་བདུན་ཅུ་འདས་པའི་ཕ་རོལ་ན། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་ནས། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །ཁྲོ་མོའི་གཏོར་ལེན་གཤེགས་སུགསོལ། །ཧཱུྃ། སྒྲུབ་མཆོག་བདག་གིས་རྔ་ཆེན་བརྡུང་བ་ཡི། །ཐོད་པ་ལྟག་སྤྲོད་ལས་ཀྱི་ཕྱག་རྒྱ་ལས། །ཞིང་ཆེན་ཞིང་ཆུང་བསྒྲལ་བའི་ཤུན་པས་གཡོགས། །སྐྱེས་བུ་ཆེན་པོའི་ལག་པ་གཡས་པ་ཡིས། །མི་རྐང་སེར་པོའི་ཕོ་རྡོས་བསྐོར་ཞིང་བརྡུང་། །མ་མོ་མཁའ་འགྲོའི་ཚོགས་རྣམས་གཤེགས་སུ་གསོལ། །དམ་རྫས་གཏོར་མ་དམར་གྱི་ཨརྒས་བརྒྱན། །དམར་གྱིས་དྲི་ལ་སྣོམ་ཞིང་གཤེགས་སུ་གསོལ། །གསལ་བའི་སྒྲོན་མེ་ཡེ་ཤེས་སྤྱན་གྱི་ཡུལ། །མེ་ཡི་འོད་ལ་གཟིགས་ཏེ་གཤེགས་སུ་གསོལ། །དམ་རྫས་བདུད་རྩི་དམ་ཚིག་གཉན་གྱི་ཆུ། །དམ་ཚིག་གཉེན་པོ་དགོངས་ཏེ་གཤེགས་སུ་གསོལ། །ཧཱུྃ། མཁའ་འགྲོའི་གཏོར་ལེན་ཕོ་ཉའི་ཚོགས། །གཏོར་མ་ལེན་ཕྱིར་གཤེགས་སུ་གསོལ། །རིགས་བཞི་མཁའ་འགྲོའི་གཏོར་ལེན་མ། །ཕྱོགས་བཞིའི་གནས་ནས་གཤེགས་སུ་


CMR052_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །དཀར་སེར་དམར་ལྗང་གཤོག་པ་ཅན། །ལག་ན་རིན་ཆེན་གཞོང་པ་ཐོགས། །རིགས་བཞིས་འགྲོས་ཀྱིས་གཤེགས་སུ་གསོལ། །དམ་རྫས་གཏོར་མ་འདི་ལོངས་ལ། །རིགས་བཞིའི་མཁའ་འགྲོའི་སྐག་སྒྱུར་ཅིག །ཕྱོགས་བཞིའི་གདོན་ཚོགས་བཟློག་ཅིང་སྒྱུར། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱིས། །ནད་དང་གདོན་དང་བར་ཆད་ཟློག །ཚེ་དང་དབང་ཐང་རྒྱས་པར་སྤེལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །རིགས་བཞིའི་གཤོག་པ་བརྡབས་པ་ཡིས། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡང་། །སྐད་ཅིག་ཡུད་ཀྱིས་བསྒྲོད་པར་བྱེད། །གཏོར་མ་ཁྱེར་ལ་གནས་སུ་གཤེགས། །ཞེས་ཟ་ལམ་ཟློག་སྒྱུར་བྱས་ནས། གཏོར་ལེན་རྣམས་ཀྱི་གཏོར་མའི་བཅུད་ཁྱེར་བའི་མཁའ་འགྲོའི་གནས་སུ་མཆོད་པའི་སྤྲིན་ཕུང་དུ་གྱུར་ནས། ལྷག་མ་མེ་དཔུང་དང་མཚོན་ཆའི་ཆར་དུ་གྱུར་པར་བསམས་ལ། ཧཱུྃ། དམར་གྱི་གཏོར་མ་ཆེན་པོ་འདི། །མཁའ་འགྲོ་དམ་ཅན་མཆོད་པའི་རྫས། །དགྲ་བགེགས་དམ་སྲི་བསྒྲལ་བའི་མཚོན། །ནད་དང་རིམས་ཀྱི་ན་བུན་འཐུལ། །མཚོན་དང་ཐུན་གྱི་ཆར་དུ་འབེབས། །བསྟན་པ་བཤིག་པའི་དགྲ་བགེགས་ལ། །


CMR052_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་གྱི་བསྐལ་པ་དེ་ལ་ཕོབ། །ནད་དང་རིམས་ནད་དེ་ལ་ཕོབ། །ཐུན་ཁྲག་སྔགས་ཟོར་དེ་ལ་རྒྱོབ། །སྡང་བའི་དགྲ་ལ་གཏོར་ཟོར་རྒྱོབ། །གནོད་པའི་བགེགས་ལ་གཏོར་ཟོར་རྒྱབ། །བར་ཆད་བདུད་ལ་གཏོར་ཟོར་རྒྱོབ། །ཕུང་བའི་སྲི་ལ་གཏོར་ཟོར་རྒྱོབ། །ཟ་བའི་འདྲེ་ལ་གཏོར་ཟོར་རྒྱོབ། །དགྲ་བགེགས་ཐལ་བ་རྡུལ་དུ་རློགས། །རྩ་སྔགས་མཇུག་ཏུ། དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ། ཅེས་ཟོར་དུ་འཕང་བའམ་དམིགས་པའི་ཕྱོགས་སུ་བསྐྱལ་ལོ། །སླར་སྤྲོ་ན་གཏོར་གཞོང་ཆང་གིས་བཤལ་ལ། ཨོཾ་ཨཱཿཧཱུྃ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ། ཞེས་བདུད་རྩིར་བྱིན་གྱིས་བརླབས་ལ་སླར་ཡང་བརྟན་མ་མཆོད་དོ། །དེ་ནས་གཏོར་གཞོང་ཁ་སྦུབ་ལ། ཧཱུྃ། ཐུགས་རྗེ་ཁྲོས་མའི་གཟི་བརྗིད་ཀྱིས། །བགེགས་དང་དམ་སྲི་བར་ཆད་རྣམས། །རི་རབ་ཆེན་པོའི་འོག་ཏུ་མནན། །ཌཀི་སྡེ་ལྔའི་བྲོ་ར་བཙུགས། །དཔའ་བོའི་བྲོ་རྡུང་ཁྲིགས་སེ་ཁྲིག །དཔའ་མོའི་གར་བྱེད་ཁྱུགས་སེ་ཁྱུག །ཡེ་ཤེས་ལྔ་ཡི་བྲོ་བརྡུང་བས། །དུག་ལྔའི་ཕུང་པོ་གཏན་ནས་བརླག །བདུད་དགྲ་ཐལ་བ་རྡུལ་དུ་རློགས། །ཨོཾ་ལཾ་ཨ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན། རྗེས་ཆོག་ནི། ཧཱུྃ། ཐུགས་རྗེ་ཁྲོས་མའི་ལྷ་ཚོགས་འཁོར་བཅས་ལ། །དངོས་


CMR052_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ཡིད་སྤྲུལ་ཕྱི་ནང་གསང་མཆོད་འབུལ། །བསྟོད་དབྱངས་ཡན་ལག་རྒྱ་མཚོས་རབ་ཏུ་བསྟོད། །ཆོ་ག་ལྷག་ཆད་འགལ་འཁྲུལ་བཟོད་པར་བཞེས། །རང་གནས་གཤེགས་སམ་རྟེན་ལ་བརྟན་པར་བཞུགས། །མདུན་བསྐྱེད་དམ་ཚིག་རང་ཐིམ་རང་ཉིད་ཀྱང་། །མཐའ་ནས་དབུས་ཡལ་མི་དམིགས་སྟོང་ཉིད་གྱུར། །དགེ་བས་མཆོག་ཐུན་དངོས་གྲུབ་མྱུར་ཐོབ་ནས། །བདེ་ལེགས་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །ཉང་ལུགས་ལྷ་གྲངས་བཅུ་གསུམ་ཡིན། །སེར་མ་སྐྱུར་ན་ཇོ་མོའི་ལུགས། །དམ་པ་ཨོ་རྒྱན་བསྒྱུར་ཁ་ཡིན། །ཐམས་ཅད་འདོན་པ་རྒྱས་པ་སྟེ། །དང་པོ་མཆོད་བཞི་བྱས་ནས་ཀྱང་། །ཕྱི་མཆོད་ཁོ་ན་རྗེས་ནས་བྱ། །བསྟོད་པ་གཞན་དང་འབུམ་བསྐུལ་སྒྱུར། །དེ་ནི་འབྲིང་པོ་འདོན་ལུགས་ཡིན། །བདག་བསྐྱེད་ཁོ་ན་བསྡུས་པ་སྟེ། །དེ་ལ་ཚོགས་འཁོར་སྦྱར་ཡང་རུང་། །ཡི་དམ་གཞན་གྱི་ཁོག་ཕུབ་ན། །བདུད་རྩི་བྱིན་རླབས་སྔོན་འགྲོ་སྐྱུར། །རྒྱུན་དུ་གཏོར་འབུལ་མེད་ཀྱང་ཆོག །བསྙེན་དུས་བདག་བསྐྱེད་གཏོར་བསྔོས་སྦྱར། །སྒྲུབ་དུས་མདུན་བསྐྱེད་བསྙེན་པ་བྱ། །དུས་བཟང་མཆོད་པ་ཚོགས་ལས་བྱ། །ལས་སྦྱོར་བསྐུལ་དང་ཟོར་ལས་བྱ། །ཚིག་ཉུང་དོན་འདུས་ཁྱེར་བདེ་འདི། །གཅོད་ཡུལ་ཉམས་ལེན་སྤྲོ་རྣམས་ལ། །ཕན་པར་བསམས་ནས་འབད་པས་བྲིས། །ཉེས་འགལ་ཆོས་བདག་རྣམས་ལ་


CMR052_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས། །དགེ་བས་ནམ་ཞིག་ཚེ་འཕོས་ཚེ། །མཁའ་འགྲོས་བདེ་ཆེན་ཞིང་ཁྲིད་ཤོག །ཅེས་པ་འདི་ཉིད་རཱ་ག་ཨ་སྱས་བསྒྲིགས་པའོ། །ཡུམ་ཆེན་ཌཱཀྐིའི་གོ་འཕང་མྱུར་ཐོབ་ཤོག །སརྦ་མངྒ་ལཾ། དགེའོ།། །། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousཁྲོས་མའི་སྒྲུབ་ཐབས་ཆོ་ག་དངོས་གྲུབ་གཏེར་མཛོད།next