དྲུག་པ། དཀྱིལ་འཁོར་བསྐྱེད་པའི་ཡན་ལག
དེ་ནས་སྟོང་ཉིད་ངང་ལས་ནི། །ཉི་སྟེང་སྣ་ཚོགས་རྡོ་རྗེ་དང༌། །རྡོ་རྗེ་དྲ་གུར་རྩིབས་བཅུ་ཡི། །ལྟེ་བ་ཨ་ལས་ཆོས་འབྱུང་ངོ༌། །ཧྐྵྨླྺྲྱ། ཧཱུཾ་ཡཾ་ཧཱུཾ། ཧཱུཾ་རཾ་ཧཱུཾ། ཧཱུཾ་བཾ་ཧཱུཾ། ཧཱུཾ་ལཾ་ཧཱུཾ། ཧཱུཾ་མཾ་ཧཱུཾ། ཧཱུཾ་ཀྵཾ་ཧཱུཾ། ཧཱུཾ་ཧཾ་ཧཱུཾ། རླུང་གནག་ཟླུམ་པོ་རྒྱལ་མཚན་ཅན། །མེ་དམར་གྲུ་གསུམ་གཡུང་དྲུང་མཚན། །ཆུ་དཀར་ཟླུམ་པོ་པདྨས་མཚན། །ས་སེར་གྲུ་བཞི་འཁོར་ལོས་མཚན། །དེ་དག་སྟེང་དང་འོག་ཏུ་ཡང༌། །སྣ་ཚོགས་རྡོ་རྗེའི་རྒྱ་གྲམ་མོ། །དེ་སྟེང་ལྷུན་པོ་ཁ་ཁྱེར་ལྡན། །ཉི་ཟླ་པདྨ་སྒྲ་གཅན་བཅས། །དེ་སྟེང་ཨོཾ་མཾ་བྷྲཱུཾ་ལས་ནི། །གཞལ་ཡས་ཁང་བརྩེགས་མཆོད་རྟེན་ནི། །རིན་ཆེན་དང་བཞིན་གྲུ་བཞི་ནི། །རིན་ཆེན་སྣམ་བུ་ཕ་གུ་དང༌། །དྲ་བ་དྲ་ཕྱེད་མདའ་ཡབ་དང༌། །སྒོ་དང་རྟ་བབས་བཅུ་གཉིས་དང༌། །རེ་ཁཱ་གསུམ་དང༌། ལྔ་པོ་གཉིས། །སྐུ་གསུང་ཐུགས་ཀྱི་འཁོར་ལོའོ། །སྙིང་པོ་ཡེ་ཤེས་འདབ་མ་དག །རྡོ་རྗེ་ཕྲེང་བས་བསྐོར་བའོ། །ཕྱི་མ་ཐུགས་ཀྱི་དཀྱིལ་འཁོར་ལ། །པད་སོགས་ཀ་བ་བཅུ་དྲུག་དང༌། །ཆུ་སྐྱེས་རྡོ་རྗེར་བས་མཛེས། །ལྷ་ཡི་སྣམ་བུ་དག་གིས་བསྐོར། །དེ་ནས་གསུང་གི་དཀྱིལ་འཁོར་ལ། །ཆུ་སྐྱེས་འདབ་མ་བརྒྱད་པ་བརྒྱད། །པདྨའི་ཕྲེང་བས་ཡོངས་སུ་བསྐོར། །ཕྱི་རོལ་སྐུ་ཡི་དཀྱིལ་འཁོར་ལྷ། །པད་འདབ་བཞི་བརྒྱད་བཅུ་དྲུག་པ། །བཅུ་གཉིས་འཁོར་ལོའི་ཕྲེང་བས་བསྐོར། །ཕྱི་རོལ་གླིང་ནི་བཅུ་གཉིས་དང༌། །ཉི་མ་དང་ནི་ཟླ་བ་དང༌། །ཆོས་ཀྱི་འཁོར་ལོ་བུམ་པ་ཆེ། །རྔ་བོ་ཆེ་དང་བྱང་ཆུབ་ཤིང༌། །རྡོ་རྗེ་འབར་བའི་ཕྲེང་བས་བསྐོར། །དབུས་ཀྱི་པདྨའི་ལྟེ་བའི་སྟེང༌། །ཟླ་བ་ཉི་མ་སྒྲ་གཅན་དང༌། །བདུད་དང་དྲག་པོ་ཡབ་ཡུམ་དང༌། །བདུད་ནི་གདོང་གཅིག་ཁ་དོག་དམར། །ལག་བཞི་མདའ་དང་ལྕགས་ཀྱུ་གཡས། གཡོན་པས་གཞུ་དང་ཞགས་པ་འཛིན། །ཡུམ་ནི་དགའ་མོ་དང་བཅས་གཡས། །དྲག་པོ་གདོང་གསུམ་མདོག་དམར་པོ། །གཡོན་པས་ཐོད་པ་ཁ་ཊྭཱཾ་འཛིན། །ཨུ་མའི་ཡུམ་བཅས་གཡོན་དུ་གདེང༌། །དེ་སྟེང་མངོན་པར་བྱང་ཆུབ་པ། །ཨ་
ཨི་རྀ། །ཨུ་ལྀ། ཨ་ཨེ་ཨར་ཨོ་ཨལ། ཧ་ཡ་ར་ཝལ་ཨོཾ་ཨཱཿལཱ་བཱ་རཱ་ཡཱ་ཧ། ཨཱ་ལ་ཨཽ་ཨར་ཨཻ་ཨཱ། ལཱྀ་ཨཱུ་རཱྀ་ཨཱེ་ཨཱ། ཟླ་བ་ཡི་གེས་མཚན་པ་སྟེ། །མེ་ལོང་ཡེ་ཤེས་དག་པའོ། །ལླ་ཝྺ་ཡྻ་དྡ་དྷྡ་ལླ་ཝྺ་རྲ་ཡྻ་རྲ་ཧྷ་སྶ་ཝྺ་ཥྵ་ཤྴ་ཋཀྛཀ །ཏྟ་ཐྠ་དྡ་དྷྡྷ་ནྣ། པྤ་པྥ་བྦ་བྷྦྷ་མྨ། ཊྚ་ཋྛ་ཌྜ་ཌྷྜྷ་ཎྞ། ཙྩ་ཚྪ་ཛྫ་ཛྷྫྷ་ནྙ། ཀྐ་ཁྑ་གྒ་གྷྒྷ་ངྔ། ང་གྷ་ག་ཁ་ཀ །ཉ་ཛྷ་ཛ་ཚ་ཙ། ཎ་ཌྷ་ཌ་ཋ་ཊ། མ་བྷ་བ་ཕ་པ། ན་དྷ་ད་ཐ་ཏ། ཋཀ་ཤ་ཥ་ཀཔས། ལ་བར་ཡ་ཧ། ལ་ཝ་ཡ་ཌ་ཌྷ། ཉི་མ་ཡི་གེས་མཚན་པ་འོག །མཉམ་ཉིད་ཡེ་ཤེས་གཉིས་པའོ། །ཁར་ཀ་དུ་དྲི་ཟའི་ཡི་གེ་ཧཱུཾ། །སོ་སོ་རྟག་པ་གསུམ་པའོ། །ཧི་ཡིག་གཅིག་གྱུར་རྡོ་རྗེར་གྱུར། །བྱ་གྲུབ་ཡེ་ཤེས་བཞི་པའོ། །ཕཊ་ཀྱི་ཆ་ཤས་ཡོངས་སུ་རྫོགས། །ཆོས་དབྱིངས་ཡེ་ཤེས་ལྔ་པའོ། །གཙོ་བོ་སྐུ་མདོག་སྔོན་པོ་ལ། །ཁ་དོག་ཕྱོགས་བཞི་དག་ཏུ་གསུངས། །ཞལ་བཞི་ཕྱག་ནི་ཉེར་བཞི་པ། །མགྲིན་གསུམ་ཞབས་གཉིས་བརྐྱང་བཞུགས་པ། །དབུས་ཞལ་མཐིང་ག་མཆེ་གཙིགས་དྲག །གཡས་པ་དམར་པོ་ཆགས་པ་ཆེ། །གཡོན་པ་དཀར་པོ་ཞི་བའི་ཞལ། །རྒྱབ་ནི་སེར་པོ་ཏིང་ངེ་འཛིན་བཞུགས། །རལ་པའི་ཐོར་ཚུགས་བཅུ་གཉིས་སྤྱན། །སྣ་ཚོགས་རྡོ་རྗེ་ཟླ་བ་ཕྱེད་དང༌། །རྡོ་རྗེ་སེམས་དཔས་དབུ་བརྒྱན་པའོ། །གླང་ཆེན་སྟག་ལྤགས་ན་བཟའ་ཅན། །མགྲིན་གསུམ་གནག་དམར་དཀར་པོའོ། །དཔུང་པ་དྲུག་ནི་སྔོ་དམར་དཀར། །ཕྱག་ངར་བཅུ་གཉིས་དེ་བཞིན་ནོ། །ཕྱག་མགོ་ཉི་ཤུ་རྩ་བཞི་ནི། །གནག་དམར་དཀར་པོའི་རིམ་པ་བཞིན། །མཐེ་བོང་ལ་སོགས་སོར་མོ་བཅུ། །སེར་དཀར་དམར་གནག་སྔ་བཞིན་ནོ། །ཚིགས་ཀྱི་ཕྲེང་བསྔོ་དམར་དཀར། །རྡོ་རྗེ་རལ་གྲི་རྩེ་གསུམ་དང༌། །གྲི་གུག་མདའ་དང་ལྕགས་ཀྱུ་དང༌། །ཌ་རུ་ཐོ་བ་འཁོར་ལོ་མ་དུང༌། །དབྱུག་པ་དགྲ་སྟ་གཡས་པས་འཛིན། །དྲིལ་བུ་ཕུབ་དང་ཁ་ཊྭཱཾ་ག །ཐོད་པ་གཞུ་དང་ཞགས་དང༌། །རིན་ཆེན་པད་དཀར་དུང་དང་ནི། །མེ་ལོང་ལྕགས་སྒྲོག་ཚངས་མགོ་གཡོན། །ཅོད་པན་སྙན་ཆ་མགུལ་རྒྱན་དང༌། །གདུ་བུ་དཔུང་རྒྱན་སྐ་རགས་དང༌། །ཞབས་གདུབ་རྣམས་ནི་རྡོ་རྗེས་བརྒྱན། །མགོ་བོའི་ཕྲེང་བས་དོ་ཤལ་དང༌། །ཐལ་བ་ཕྲེང་བ་གཙུག་ནོར་བུ། །ཀླུ་ཆེན་བཅུ་ཡིས་དེ་བཞིན་བརྒྱན། །གཡོན་དཀར་
གཡས་དམར་བརྐྱང་བའི་ཞབས། །ཡུམ་སེར་ཞལ་བཞི་ཕྱག་བརྒྱད་མ། །གཡས་དཀར་གཡོན་དམར་རྒྱ་བ་ཞལ་གནག །གྲི་གུག་ལྕག་སྐྱུ་ཌ་མ་རུ། །ཕྲེང་བ་གཡས་པས་འཛིན་པར་མཛད། །ཐོད་པ་ཞགས་པ་པདྨ་དང༌། །རིན་ཆེན་ནོར་བུ་གཡོན་ན་འཛིན། །རྒྱན་རྣམས་གཙོ་བོ་དག་དང་མཐུན། །གཡོན་བརྒྱང་གཙོ་བོའི་སྐུལ་འཁྱུད། །དེ་ནས་འཁོར་ལོ་དྲུག་པོ་ལ། །ཨོཾ་ཨཱཿ་ཧཱུཾ་ཧོཿ་ཧཾ་ཀྵཿ་དགོད། །དེ་ནས་འགྲོ་དྲུག་སེམས་ཅན་རྣམས། །བཀུག་ནས་དཀྱིལ་འཁོར་དེ་ལ་གཞུག །ཡབ་ཡུམ་མཁའ་གསང་བྱིན་བརླབས་ཏེ། །སྙོམས་འཇུག་སྒྲ་ཡིས་རྣམ་སྣང་སོགས། །ནང་དུ་བཀུག་ནས་བཞུགས་པར་བསམ། །ཡབ་ཡུམ་བྱང་ཆུབ་སེམས་ཀྱིས་ནི། །བྷ་གར་དེ་ལ་དབང་བསྐུར་བྱ། །སེམས་ཅན་དེ་རྣམས་དཀྱིལ་འཁོར་ལྷ། །ཞལ་གསུམ་ཕྱག་དྲུག་སོགས་སུ་གྱུར། །ཐབས་དང་ཤེས་རབ་གཉིས་མེད་པའི། །མཆོག་དགའི་བདེ་པས་གང་པར་བསམ། །ཀྵ་ཀྵི་ཀྵྼྀ་ཀྵུ་ཀྵླྀ། ཀྵཱ་ཀྵཱི་ཀྵཱྀ་ཀྵཱུ་ཀྵླཱྀ། ཀྵ་ཀྵེ་ཀྵཱ་ར་ཀྵོ་ཀྵ་ལ་ཀྵཾཿ། ཀྵཱ་ཀྵཻ་ཀྵཱར་ཀྵཽ་ཀྵ་ལ་ཀྵཱཾཿ། ཀྵྷ་ཀྵྱ་ཀྵྼ་ཀྵྺ་ཀྵླ། ཀྵྷཱ་ཀྵྱཱ་ཀྵྼཱ་ཀྵྺཱ་ཀྵླཱ། དེ་སོགས་ལུས་ཀྱི་དཀྱིལ་འཁོར་ལྷ། །ཕྱུང་ལ་དཀྱིལ་འཁོར་གཞུག་པར་བྱ། །སྤྱི་མགྲིན་སྙིང་གར་ཨོཾ་ཨཱཿཧཱུཾ། གཙུག་ཏོར་ཧཾ་བསམ་ལྟེ་བ་རུ། །ཧོཿལས་གཏུམ་མོ་ཡེ་ཤེས་འོད། །རབ་འབར་གཙོ་བོ་ཡབ་ཡུམ་གཉིས། །བདེ་ཆེན་འོད་དུ་ཞུ་བ་ལས། །ཚད་མེད་བཞི་ཡི་ལྷ་མོའི་གླུས། །འགྲོ་བའི་དོན་དུ་བཞེངས་པས་བསྐུལ། །སྤྱན་མ་བདག་ནི་འགྲོ་བའི་མ། །རྣལ་འབྱོར་པ་ཡི་རྒྱུ་མཐུན་གནས། །བདག་གི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་ཆགས་མཛོད། །བདག་ནི་སྲིང་མོ་མཱ་མ་ཀཱི། །རྣལ་འབྱོར་པ་ཡི་རྣམ་སྨིན་གནས། །བདག་གི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་ཆགས་མཛོད། །གོས་དཀར་བདག་ནི་བུ་མོ་སྟེ། །རྣལ་འབྱོར་པ་ཡི་སྐྱེས་བུའི་གནས། །བདག་གི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་ཆགས་མཛོད། །སྒྲོལ་མ་བདག་ནི་ཆ་མོ་སྟེ། །རྣལ་འབྱོར་པ་ཡི་དྲི་མེད་གནས། །བདག་གི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་ཆགས་མཛོད། །ལྷ་མོས་གླུ་མཛད་བཅོམ་ལྡན་ཁྱོད། །སེམས་ཅན་ཀུན་ལ་ཕན་མཛད་པ། །རྡོ་རྗེ་ཅན་གྱིས་
བདག་བསྲུང་མཛོད། །ལྷ་མོའི་བླ་མས་འདོད་ཅན་འདོད་པ་མཛད་དོ་བཞེངས། །དེ་ལྟར་བསྐུལ་བ་གསན་ནས་ནི། །ཆོས་སྐུ་སྟོང་པའི་རང་བཞིན་ལས། །མིག་འཕྲུལ་ལྟ་བུར་བཞེངས་མཛད་དེ། །ཧཱུཾ་ཕྲེཾ་སྤྲོ་ནིང་བསྐུལ་བས་ཞུ། །རྡོ་རྗེ་དང་ནི་གྲི་གུག་ཧཱུཾ་དུ་འགྱུར། །དེ་བཞིན་གཙོ་པོ་ཡབ་ཡུམ་བཞེངས། །དེ་ནས་འཁོར་གྱི་ལྷ་སྤྲོར་ཕྱིར། །རྡོ་རྗེ་པདྨར་བྱིན་བརླབས་ལ། །ཐབས་དང་ཤེས་རབ་སྙོམས་འཇུག་སྒྲས། །ཆོས་ཀྱི་དབྱིངས་ནས་སངས་རྒྱས་རྣམས། །བཀུག་ལ་ཡབ་ཀྱི་ཞལ་དུ་ཐིམ། བྷག་གནས་བརྒྱུད་ཡུམ་གྱིས་ནི། །པདྨར་ཞུགས་ཏེ་བྷ་གར་བརྒྱུད། །ཡུམ་གྱི་ཞལ་ནས་ཡབ་ཞལ་དུ། །ཞུགས་ནས་ཡབ་ཀྱི་རྡོ་རྗེ་ནས། །ས་བོན་ཡུལ་གྱི་པདྨ་རུ། །ཡི་གེ་སྤྲོས་ནས་ཕྱོགས་ཕྱོགས་གནས། །དེ་ནས་ཕྱག་མཚན་དེ་ལས་སྐུ། །དེ་ལ་ཕྱིར་སྤྲོས་གདན་ལ་དགོད། །ཨ་དང་རྡོ་རྗེ་ལས་གྱུར་པ། །མི་བསྐྱོད་ཞལ་གསུམ་ཕྱག་དྲུག་སྔོ། །སྤྲོས་ནས་སླར་ཡང་གཙོ་ལ་ཐིམ། །རྡོ་རྗེ་དབྱིངས་ཕྱུག་སྐུ་མདོག་སྔོ། །སྤྲོས་ནས་སླར་ཡང་གཙོ་མོར་ཐིམ། །སྙིང་པོ་ཡེ་ཤེས་འཁོར་ལོ་ཡི། །ཆུ་སྐྱེས་འདབ་བརྒྱད་ཟླ་བའི་སྟེང༌། ཨ་ཨཱ་ཨཾ་ཨཿ་ཧ་ཧཱ་ཁཾ་ཧཿ། ལྷ་མོ་ཞལ་བཞི་ཕྱག་བརྒྱད་དེ། །ཤར་དུ་ནག་མོ་འབར་མ་སྟེ། །སྐུ་དང་མདུན་གྱི་ཞལ་མཐུན་གནག །གཡས་དམར་གཡོན་དཀར་རྒྱབ་སེར་ཞལ། །སྦོས་དང་ཙནྡན་གུར་གུམ་སྣོད། །གླུ་བ་ག་བུར་ལྡན་སྣོད་གཡས། །དྲིལ་བུ་པདྨ་ལྷ་ཤིང་གི །མེ་ཏོག་དང་ནི་ཕྲེང་བ་གཡོན། །ནུབ་ཏུ་སེར་འབར་མདུན་ཞལ་སེར། །གཡས་དཀར་གཡོན་དམར་རྒྱབ་སྔོན་ཞལ། །དུང་དང་ནོར་བུ་གླིང་བུ་དང༌། །ཌ་མ་རུ་ནི་ཕྱག་གཡས་ན། །པི་ཝང་རྒྱུད་མངས་དང་ནི་མདའ། །དྲིལ་ བུ་ཁྲོལ ་བ་རང་གཡོན་ན། །བྱང་དུ་དཀར་འབར་དབུས་ཞལ་དཀར། །གཡས་ག་ནག་གཡོན་སེར་རྒྱབ་ཞལ་དམར། །འོ་མའི་སྣོད་དང་ཆུ་སྣོད་དང༌། །ལྷ་ཡི་སྨན་དང་ཆང་སྣོད་གཡས། །བདུད་རྩིའི་སྣོད་དང་གྲུབ་པའི་བཅུད། །ཨ་རུང་དང་འབྲས་ཟན་གཡོན། །ལྷོ་རུ་དམར་འབར་དབུས་ཞལ་དམར། །གཡས་སེར་གཡོན་སྔོ་རྒྱབ་དཀར་ཞལ། །མར་མེ་མུ་ཏིག་དོ་ཤལ་དང༌། ཅོད་པན་དུ་བུ་ཕྱག་གཡས་ན། ན་བཟའ་དང་ནི་སྐུ་རེགས་དང༌། རྣ་ཆ་དང༌། ནི་རྐང་རྒྱན་གཡོན། །ཤར་ལྷོར་དུ་བ་ན་ག་ནོ་དང༌། །ནུབ་བྱང་མར་མེ་
སེར་མོ་དང༌། །བྱང་ཤར་མཁའ་གསལ་དཀར་མོ་དང༌། །ལྷོ་ནུབ་སྨིག་རྒྱུ་དམར་པོ་བཞི། །ཞལ་ནི་ཕྱོགས་བཞིའི་ལྷ་མོ་མཚུངས། །ཕྱག་བརྒྱད་ཐམས་ཅད་རྔ་ཡབ་བསྣམས། །མཉམ་བརྐྱང་བ་ཡི་སྟབས་ཀྱིས་བཞུགས། །རྡོ་རྗེ་སྐྱིལ་མོ་ཀྲུང་གིས་ཡབ། །ཡུམ་ནི་པདྨའི་བཞུགས་སྟབས་སོ། །མཚམས་ཀྱི་གྲུ་ཆད་བཞི་དག་ལ། །ཨོཾ་ཨཱཿ་ཧཱུཾ་ཧོཿ། ཆོས་ཀྱི་དུང་དཀར་བྱང་ཤར་དུ། །གཎྜཱི་དམར་པོ་ལྷོ་ནུབ་མཚམས། །ཤར་ལྷོར་ཡིད་བཞིན་ནོར་བུ་གནག །དཔག་བསམ་ཤིང་སེར་བྱང་ནུབ་བོ། །འདོད་མ་ལོག་མ་བདུན་ཅུ་གཉིས། །ཕྱོགས་ན་བཅོ་བརྒྱད་འགྱིད་བག་ཅན། །འཁྱུད་པའི་སྟོབས་ཀྱིས་ཕྱག་སྦྲེལ་ནས། །ཁ་ཁྱེར་ལ་གནས་མཆོད་པར་བྱེད། །དེ་ནས་ཐུགས་ཀྱི་པདྨ་ལ། །ཕྱོགས་ལ་ཉི་མའི་གདན་དག་ལ། །ཨི་རྀ་ཡུ་ལྀ། ཤར་དུ་དོན་ཡོད་གྲུབ་པ་གནག །ལྷོ་རུ་རིན་ཆེན་འབྱུང་ལྡན་དམར། །བྱང་དུ་སྣང་བ་མཐའ་ཡས་དཀར། །ནུབ་ཏུ་རྣམ་པར་སྣང་མཛད་སེར། །མཚམས་སུ་ཟླ་བའི་གདན་དག་ལ། །ཨཱི་རཱྀ་ཨཱུ་ལཱྀ། ཤར་ལྷོར་སྒྲོལ་མ་ནག་མོ་སྟེ། །ལྷོ་ནུབ་གོས་དཀར་མོ་ནི་དམར། །བྱང་ཤར་མཱ་མ་ཀཱི་ནི་དཀར། །བྱང་ནུབ་སངས་རྒྱས་སྤྱན་ནི་སེར། །རྡོ་རྗེ་སྐྱིལ་མོ་ཀྲུང་གིས་ཡབ། །ཡུམ་ནི་པདྨའི་བཞུགས་སྟབས་སོ། །ཧི་ཧཱི་ཧྲི་ཧྲཱྀ་ཧུ་ཧཱུ་ཧླྀ་ཧླཱྀ་ཧཾ་ཧཱཿ། དེ་རྣམས་བར་བརྒྱད་བུམ་པར་བརྒྱད། །སྟེང་འོག་གཉིས་དང་བུམ་དཀར་བཅུའོ། །སྒོ་བཞི་ཉི་མའི་གདན་དག་ལ། །ཡཾ་རཾ་ཝཾ་ལཾ། ཡཿརཿཝཿལཿ། ཤར་དུ་བགེགས་དགྲ་བརྩོན་འགྲུས་གནག །ལྷོ་སྒོར་ཤེས་རབ་ཛཾ་བྷ་དམར། །བྱང་དུ་པདྨ་ང་རྒྱལ་དཀར། །ནུབ་ཏུ་གཤིན་རྗེ་རེངས་མ་སེར། །ཁྲོ་བོ་གཡས་བརྐྱང་ཁྲོ་མོ་བཟློག །ཁྱམས་ལ་སེམས་དཔའ་ཉི་མའི་གདན། །ཨ་ཨེ་ཨར་ཨོ་ཨལ་ཨཾ། ཤར་སྨད་ནམ་མཁའི་སྙིང་པོ་གནག །ཤར་སྟོད་ཀུན་དུ་བཟང་པོ་སྔོ། །ལྷོ་སྨད་ས་ཡི་སྙིང་པོ་དམར། །བྱང་སྨད་སྤྱན་རས་གཟིགས་དབང་དཀར། །ནུབ་སྨད་སྒྲིབ་པ་རྣམ་སེལ་སེར། །ལྷོ་སྟོད་ཕྱག་ན་རྡོ་རྗེ་སྔོ། །སེམས་མ་རྣམས་ལ་ཟླ་བའི་གདན། །ཨཱ་ཨཻ་ཨཱར་ཨོཾ་ཨཱ་ལ་ཨཱཿ། བྱང་སྟོད་སྒྲ་ཡི་རྡོ་རྗེ་ལྗང༌། །ཤར་ལྷོར་རེག་གི་རྡོ་རྗེ་གནད་།ལྷོ་ནུབ་རོ་ཡི་རྡོ་རྗེ་དམར། །བྱང་ཤར་གཟུགས་ཀྱི་རྡོ་རྗེ་དཀར། །ནུབ་བྱང་དྲི་ཡི་རྡོ་རྗེ་སེར། །ནུབ་སྟོད་ཆོས་དབྱིངས་རྡོ་རྗེ་སྔོ། དེ་རྣམས་ཞལ་དང་
ཕྱག་མཚན་ནི། །དབུས་སྔོ་གཡས་དམར་གཡོན་དཀར་ཞལ། །རྡོ་རྗེ་གྲི་གུག་དགྲ་སྟ་གཡས། །དྲིལ་བུ་ཐོད་པ་ཚངས་མགོ་གཡོན། །དབུས་ནག་གཡས་དམར་གཡོན་སེར་ཞལ། །རལ་གྲི་གྲི་གུག་རྩེ་གསུམ་གཡས། །ཕུབ་དང་ཐོད་པ་ཁ་ཌྦཱཾ་གཡོན། །དབུས་དམར་གཡས་དཀར་གཡོན་གནག་ཞལ། །མདའ་དང་ཅང་ཏེའུ་ལྕགས་ཀྱུ་གཡས། །གཞུ་དང་ཞགས་པ་རིན་ཆེན་གཡོན། །དབུས་དཀར་གཡས་གནག་གཡོན་དམར་ཞལ། །ཐོ་བ་མདུང་དང་རྩེ་གསུམ་གཡས། །པདྨ་མེ་ལོང་ཕྲེང་བ་གཡོན། །དབུས་སེར་གཡས་དཀར་གཡོན་སྔོ་ཞལ། །འཁོར་ལོ་དབྱུག་པ་རྡོ་རྗེ་གཡས། །དུང་དང་ལྕགས་སྒྲོག་དྲིལ་བུ་གཡོན། །ཡབ་ཡུམ་ཡུལ་ལ་བསམས་པ་ནི། །འདུ་བྱེད་གཟུགས་ནི་གཉིས་མེད་ཡབ་ཡུམ་སྟེ། །འདུ་ཤེས་ཚོར་བ་དེ་བཞིན་ནོ། །སྣ་དང་དྲི་ཡིན་མིག་དང་གཟུགས། །ལྕེ་དང་རོ་ཡིན་རེག་དང་ལུས། །རྣ་བ་སྒྲ་ཡིན་སེམས་དང་ཆོས། །བགེགས་མཐར་བྱེད་དང་རེངས་བྱེད་མ། །ཤེས་རབ་མཐར་བྱེད་ང་རྒྱལ་ཅན། །པདྨ་མཐར་བྱེད་རྨུགས་བྱེད་མ། །གཤིན་རྗེ་མཐར་བྱེད་བརྩོན་འགྲུས་མ། །ཡབ་བཞུགས་དེ་རུ་ཡུམ་འཁྱུད་ཅིང༌། །ཡུམ་བཞུགས་རུ་ཡབ་འཁྱུད་པའོ། །ཁ་ཁྱེར་མཆོད་པའི་ལྷ་མོ་དང༌། །འདོད་ལྷ་བདུན་ཅུ་རྩ་གཉིས་སོ། །དེ་ནས་གསུང་གི་དཀྱིལ་འཁོར་གྱི། །ཤར་གྱི་རོ་སྟེང་པདྨ་ལ། །ཧ་ཧི་ཡ་ཡི་ཡདྲྸྀ་ཧི་ཡུ་ཡལའི་ཡཾ། །དབུས་སུ་རྒན་བྱད་པད་འདབ་ལ། །འཇིགས་མ་དྲག་མ་དུས་མཆེ་མ། །འབར་ཞལ་རླུང་ཤུགས་རབ་ཏུ་གཏུམ། །དྲག་ཆེན་སྣ་ཆེན་བརྒྱད་ཀྱིས་བསྐོར། །ཞལ་གཅིག་སྤྱན་གསུམ་ཕྱག་བཞི་པ། །ནག་མོ་གྲི་གུག་རྩི་གསུམ་གཡས། །ཐོད་པ་ཁ་ཊྭཱཾ་གཡོན་ནའོ། །ཤར་ལྷོ་མཁའ་ལྡིང་པདྨ་ལ། །ཀྵཱ་ཀྵཱི་ཡ་ཡཱི་ཡྲཱྀ་ཀྵ་ཡཱུ་ཡླཱྀ་ཡཱཿ། །ལྟེ་བར་ཁྱབ་འཇུག་པདྨ་ལ། །དཔལ་ལྡན་སྒྱུ་མ་གྲགས་མ་དང༌། །དཔལ་མོ་དང་དཔལ་རྒྱལ་རྣམ་རྒྱལ་མོ། །རྒྱལ་བྱེད་དཔལ་ལྡན་འཁོར་ལོ་ཅན། །ནག་མོ་འཁོར་ལོ་དབྱུག་ཏོ་གཡས། །པདྨ་དུང་ནི་གཡོན་ནའོ། །ལྷོ་རུ་མ་ཧེ་པདྨའི་སྟེང༌། །ཧ་ཧྲྀ་རྀ་རཱི་དྲྀ་ཧྲྀ་རུ་རླྀ་རཾ། །ལྟེ་བར་ཕག་མོ་འདབ་མལ། །ཀེང་རུས་དུས་མཚན་རབ་ཁྲོའི་གདོང༌། །དུས་ཀྱི་ལྕེ་མ་གཙིགས་མ་དང༌། །དུས་མ་མི་བཟད་ལུས་ངན་མ། །དམར་མོ་འབྱུག་པ་རལ་གྲི་གཡས། །མདུང་ཐུང་ལྕགས་ཀྱུ་
གཡོན་ནའོ། །ལྷོ་ནུབ་རྨ་བྱ་པད་སྟེང་ན། །ཀྵཱཿཀྵྼྀ་རཱ་རཱི་རྲཱེ་ཀྵྼཱྀ་རཱུ་རླྀ་རཱཿ། ལྟེ་བར་གཞོན་ནུ་མ་འདབ་ལ། །པདྨ་ལུས་མེད་གཞོན་ནུ་མ། །རི་དགས་བདག་འགྲོ་རིན་ཆེན་ཕྲེང༌། །མིག་བཟངས་རུལ་མ་བཟང་མོས་བསྐོར། །དམར་མོ་མདུང་ཐུང་ལྕགས་ཀྱུ་གཡས། །རིན་ཆེན་ཞགས་པ་གཡོན་ནའོ། །བྱང་དུ་ཁྱུ་མཆོག་པད་སྟེང་དུ། །ཧཾ་ཧུ་ཝ་ཝི་ཝྲཱི་ཧུ་ཝུ་ཝླཱྀ་ཝཾ། ལྟེ་བར་དྲག་མོ་འདབ་མ་ལ། དཀར་མོ་ག་གཱ་རྟག་མ་དང༌། །མྱུར་མ་དང་ནི་ཐིག་ལེ་མཆོག །དཔལ་སྐྱོང་སེར་སྐྱ་ནག་མོས་བསྐོར། །དཀར་མོ་རྩེ་གསུམ་ཅང་ཏེའུ་གཡས། །ཁ་ཊྭཱཾ་སྦྲུལ་ཞགས་གཡོན་ནའོ། །བྱང་ཤར་སེང་གེ་པདྨའི་སྟེང༌། །ཀྵཾ་ཀྵུ་ཝཱ་ཝཱི་ཝྲཱཾ་ཀྵུ་ཝཱུ་ཝླཱྀ་ཝཱ། དབུས་སུ་དཔལ་ཆེན་འདབ་མ་ལ། །དཀར་དཔལ་ཟླ་བའི་རི་མོ་དང༌། །ཟླ་ཞལ་ངང་མདོག་འཛིན་མ་དང༌། །པདྨའི་དབང་ཕྱུག་སྒྲོལ་མའི་མིག །དྲི་མེད་རི་བོང་འཛིན་མས་བསྐོར། །དཀར་མོ་པདྨ་བགྲང་ཕྲེང་གཡས། །གཡོན་ན་མེ་ཏོག་རིན་ཆེན་ནོ། །ནུབ་ཏུ་གླང་ཆེན་པདྨའི་སྟེང༌། །ཧཱ་ཧླཱྀ་ལཱ་ལཱྀ་རྲཱྀ་ཧླཱྀ་ལཱུ་ལླཱྀ་ལཱཾ། ལྟེ་བར་དབང་པོའི་འདབ་མ་ལ། །རྡོ་རྗེའི་འོད་དང་རྡོ་རྗེའི་ལུས། །གསེར་ཅན་མ་དང་འདོད་དབང་མ། །རི་མོ་འདྲི་དང་རྩོམ་མ་དང༌། ཟུག་རྡུ་མེད་མ་སྒྲོལ་མ་བཟང༌། །སེར་མོ་རྡོ་རྗེ་མདའ་ནི་གཡས། །དྲིལ་བུ་གཞུ་ནི་གཡོན་ནའོ། །བྱང་ནུབ་ངང་པ་པདྨའི་སྟེང༌། །ཀྵཱ་ཧླཱ་ལཱ་རྲྀ་ཀྵླཱ་ལུ་ལླཱ་ལཱཿ། །ལྟེ་བར་ཚངས་མ་འདབ་མ་ལ། །གཙང་སྦྲ་མ་དང་པདྨའི་མིག །ཆུ་སྐྱེས་ཅན་དང་བློ་གྲོས་མ། །ངག་དབང་གླུ་མ་ཀློག་དྲན་མ། །སེར་མོ་པདྨ་དབྱུག་པ་གཡས། །སྦྲུལ་དང་ཕུབ་ནི་གཡོན་ནའོ། །ཐམས་ཅད་རྡོལ་པའི་འདུག་སྟངས་སོ། །སྒོ་བཞིར་སྟེང་འོག་ཤིང་རྟ་ལ། ཧཾ་ཧཱཿ་ཧ་ཧཱཿ། །ཤི་སྒོར་གཙུག་ཏོར་བྱང་དྲག་སྤྱན། །ཞལ་གཅིག་ཕྱག་བཞི་སྐུ་མདོག་སྔོ། །དགྲ་སྟ་རྩེ་གསུམ་གཡས་གཉིས་ན། །སྦྲུལ་ལ་ཞགས་ཁ་ཊྭཱཾ་གཡོན་ནའོ། །ལྷོ་རུ་སྔོན་མོ་ནུབ་སུཾ་བྷ། །ལྗང་གུ་གྲི་གུག་རྡོ་རྗེ་གཡས། །ཐོད་པ་དྲིལ་བུ་གཡོན་ནའོ། །འདོད་ལོག་བདུན་ཅུ་རྩ་གཉིས་པོ། །ཁ་ཁྱེར་ལ་གནས་མཆོད་པ་བྱེད། །དེ་ནས་སྐུ་ཡི་དཀྱིལ་འཁོར་གྱི། །ཤར་སྨད་རོ་སྟེང་པད་གདན་ལ། །ཉ་ཉི་ཉརྀ་ཉུ་ཉལྀ་ཉཾ། ཛྷ་ཛྷི་ཛྷྲྀ་ཛྷུ་ཛྷལྀ་ཛྷཾ། ཛཾ་ཛི་ཛྲྀ་ཛུ་ཛལྀ་ཛཾ། ཚ་ཚི་ཚརྀ་ཚུ་ཚལྀ་ཚཾ། ཙ་ཙི་ཙརྀ་ཙུ་ཙལྀ་ཙཾ། དབུས་སུ་བདེན་བྲལ་ཛཱི་རྡོ་རྗེ། །འདབ་མར་རིམ་པར་ཉ་རྡོ་རྗེ། །ཉི་རྡོ་རྗེ་དང་ནི་ཉྲྀ་རྡོ་རྗེ། །
ཉུ་རྡོ་རྗེ་དང་ནི་ཉླི་རྡོ་རྗེ། །ཉཾ་རྡོ་རྗེ་དང་ནི་ཛྷ་རྡོ་རྗེ། །ཛྷྀ་རྡོ་རྗེ་དང་ཛྷྲྀ་རྡོ་རྗེ། །ཛྷཾ་རྡོ་རྗེ་ལ་སོགས་པ་སྦྱར། །ས་བོན་རྡོ་རྗེས་མཚན་པའི་མིང༌། །སུམ་ཅུ་ཞལ་གཅིག་ཕྱག་བཞི་པ། །ནག་པོ་རལ་གྲི་གྲི་གུག་གཡས། །ཕུབ་དང་ཐོད་པ་གཡོན་ནའོ། །ཤར་ལྷོར་ཤ་པ་པདྨའི་སྟེང༌། །ཙཱ་ཙཱི་ཙྲཱྀ་ཙཱུ་ཙླཱྀ་ཙཿ། ཚཱ་ཚཱི་ཚྲཱྀ་ཚཱུ་ཚླྀ་ཚཱཿ། ཛཱ་ཛཱི་ཛཱྀ་ཛཱུ་ཛླཱྀ་ཛཱཿ། ཛྷཱ་ཛྷཱི་ཛྷྲཱྀ་ཛྷཱུ་ཛྷཱྀ་ཛྷླཱ་ཛྷཾཿ། ཉཱ་ཉཱི་ཉྲཱྀ་ཉཱུ་ཉླཱྀ་ཉཱཿ། དབུས་སུ་རླུང་ལྷ་ཛྲཱྀ་རྡོ་རྗེ། །ཙཱ་རྡོ་རྗེ་སོགས་སུམ་ཅུ་པོ། །ནག་པོ་དཔག་བསམ་མེ་ཏོག་གཡས། །ཨིནྡྲ་ནཱི་ལ་ཨུཏྤལ་གཡོན། །ལྷོ་སྨད་ལུག་དང་པདྨའི་སྟེང༌། །ཎ་ཎི་ཎྲྀ་ཎུ་ཎླྀ་ནཾ། ཌྷ་ཌྷི་ཌྷྲི་ཌྷུ་ཌྷླྀ་ཌྷཾ། ཌ་ཌི་ཌྲྀ་ཌུ་ཌླྀ་ཌྠཾ། ཋ་ཋི་ཋྲྀ་ཋུ་ཋླྀ་ཋཾ། ཊ་ཊི་ཊྲྀ་ཊུ་ཊླྀ་ཊཾ། ལྟེ་བར་མེ་ལྷ་ཌྷི་རྡོ་རྗེ། །ཎ་རྡོ་རྗེ་སོགས་སུམ་ཅུ་པོ། །དམར་པོ་མདུང་དང་དབྱུག་པ་གཡས། །པདྨ་རིལ་བ་སྤྱི་བླུགས་གཡོན། །ལྷོ་ནུབ་རྨ་བྱ་པདྨའི་སྟེང༌། ཊཱ་ཊཱི་ཊྲཱྀ་ཊཱུ་ཊླཱྀ་ཊཱཿ། ཋཱ་ཋཱི་ཋྲཱྀ་ཋཱུ་ཋླཱྀ་ཋཱཿ། ཌཱ་ཌཱི་ཌྲཱི་ཌཱུ་ཌླཱྀ་ཌཱཿ། ཌྷཱ་ཌྷཱི་ཌྷྲཱྀ་ཌྷཱུ་ཌྷླཱྀ་ཌྷཱཿ། ཎཱ་ཎཱི་ཎྲཱྀ་ཎཱུ་ཎླཱྀ་ཎཱཿ། དབུས་སུ་གདོང་དྲུག་ཌྷྲཱྀ་རྡོ་རྗེ། །ཊཱ་རྡོ་རྗེ་སོགས་སུམ་ཅུའོ། །དམར་པོ་པདྨ་མདུང་ཐུང་གཡས། །རིན་པོ་ཆེ་དང་མེ་ལོང་གཡོན། །བྱང་སྨད་ཆུ་སྲིན་པདྨའི་སྟེང༌། །མ་མི་མྲྀ་མུ་མླྀ་མཾ། བྷ་བྷི་བྷྲྀ་བྷུ་བྷླྀ་བྷཾ། བ་བི་བྲྀ་བུ་བླྀ་བཾ། ཕ་ཕི་ཕྲྀ་ཕུ་ཕླྀ་ཕཾ། པ་པི་པྲྀ་པུ་པླྀ་པཾ། ལྟ་བར་རྒྱ་མཚོ་བྲྀ་རྡོ་རྗེ། །མ་རྡོ་རྗེ་སོགས་སུམ་ཅུའོ། །དཀར་པོ་ཞགས་པ་རིན་ཆེན་གཡས། །ཀླུ་ཞགས་ཆུ་ཤེལ་གཡོན་ནའོ། །བྱང་ཤར་བྱི་བ་པདྨའི་སྟེང༌། །པཱ་པཱི་པྲཱྀ་པཱུ་པླཱྀ་པཱཿ། ཕཱ་ཕཱི་ཕྲཱྀ་ཕཱུ་ཕླཱྀ་ཕཱཿ། བཱ་བཱི་བྲཱྀ་བཱུ་བླཱྀ་བཱཿ། བྷཱ་བྷཱི་བྷྲཱྀ་བྷཱུ་བྷླཱྀ་བྷཱཿ། མཱ་མཱི་མྲཱྀ་མཱུ་མླཱྀ་མཱཿ། ལྟེ་བ་ཚོགས་བདག་པྲྀ་རྡོ་རྗེ། །པཱ་རྡོ་རྗེ་སོགས་སུམ་ཅུ་པོ། །དཀར་པོ་དགྲ་སྟ་རྡོ་རྗེ་གཡས། །ཞགས་པ་རིན་ཆེན་ནོར་བུ་གཡོན། །ནུབ་སྨད་གླང་ཆེན་པདྨའི་སྟེང༌། །ན་ནི་ནྲྀ་ནུ་ནླྀ་ནཾ། དྷ་དྷི་དྷྲྀ་དྷུ་དྷླྀ་དྷཾ། ད་དི་དྲྀ་དུ་དླྀ་དཾ། ཐ་ཐི་ཐྲྀ་ཐུ་ཐླྀ་ཐཾ། ཏ་ཏི་ཏྲྀ་ཏུ་ཏླྀ་ཏཾ། ལྟེ་བར་བརྒྱ་བྱིན་དྲྀ་རྡོ་རྗེ། །ན་རྡོ་རྗེ་སོགས་སུམ་ཅུ་པོ། །སེར་པོ་གཡས་པ་རྡོ་རྗེ་མདའ། །དྲིལ་བུ་གཞུ་ནི་གཡོན་ནའོ། །ནུབ་བྱང་དང་པ་པདྨའི་སྟེང༌། །ཏཱ་ཏཱི་ཏྲཱྀ་ཏཱུ་ཏླཱྀ་ཏཱཿ། ཐཱ་ཐཱི་ཐྲཱྀ་ཐཱུ་ཐླཱྀ་ཐཱཿ། དཱ་དཱི་དྲཱྀ་དཱུ་དླཱྀ་དཱཿ། དྷཱ་དྷཱི་དྷྲཱྀ་དྷཱུ་དྷླཱི་དྷཱཿ། ནཱ་ནཱི་ནྡཱྀ་ནཱུ་ནླཱྀ་ནཱཿ། ལྟེ་བར་ཚངས་པ་དྲཱི་རྡོ་རྗེ། །ཏཱ་རྡོ་རྗེ་སོགས་སུམ་ཅུ་པོ། །སེར་པོ་ཁབ་དང་བགྲང་ཕྲེང་གཡས། །པདྨ་རིལ་བ་སྤྱི་བླུགས་གཡོན། །ཤར་སྟོད་
མཁའ་ལྡིང་པདྨའི་སྟེང༌། །ད་ངི་དྲྀ་དུ་དླྀ་ངཾ༌། གྷ་གྷི་གྷྲྀ་གྷུ་གྷླྀ་གྷཾ། ག་གི་གྲྀ་གུ་གླྀ་གཾ། ཁ་ཁི་ཁྲྀ་ཁུ་ཁླྀ་ཁཾ། ཀ་ཀི་ཀྲྀ་ཀུ་ཀླྀ་ཀཾ། །ལྟེ་བར་ཁྱབ་འཇུག་གྲྀ་རྡོ་རྗེ། །ད་རྡོ་རྗེ་སོགས་སུམ་ཅུ་པོ། །སྔོན་པོ་འཁོར་ལོ་དབྱུག་ཏོ་གཡས། །པདྨ་ལྔ་སྐྱེས་དུང་ནི་གཡོན། །ལྷོ་སྟོད་མ་ཧེ་པདྨའི་སྟེང༌། །ཀཱ་ཀཱི་ཀྲཱྀ་ཀཱུ་ཀླཱྀ་ཀཱཿ། ཁཱ་ཁཱི་ཁྲཱྀ་ཁཱུ་ཁླཱྀ་ཁཱཿ། གཱ་གཱི་གྲཱྀ་གླཱྀ་གཱཿ། གྷཱ་གྷཱི་གྷྲཱྀ་གྷཱུ་གྷླཱྀ་གྷཱཿ། ངཱ་ངཱི་ངྲཱྀ་ངླཱྀ་ངཱཿ༌། ལྟེ་བར་གཤིན་རྗེ་གྲའྀ་རྡོ་རྗེ། །ཀཱ་རྡོ་རྗེ་སོགས་སུམ་ཅུ་པོ། །སྔོན་པོ་དབྱུག་པ་རལ་གྲི་གཡས། །ལྕགས་སྒྲོག་ཞགས་པ་གཡོན་ནའོ། །བྱང་སྟོད་ཁྱུ་མཆོག་པདྨའི་སྟེང༌། །ཋྐ་ཋྐི་ཋྐྲྀ་ཀུ་ཀླྀ་ཀཾ། ཤ་ཤི་ཤྲྀ་ཤུ་ཤླྀ་ཤཾ། ཥ་ཥི་ཥྲྀ་ཥུ་ཥླྀ་ཥཾ། པ་པི་པྲྀ་པུ་པླྀ་པཾ། ས་སི་སྲྀ་སུ་སླྀ་སཾ། ལྟེ་བར་དྲག་པོ་ཤྲྀ་རྡོ་རྗེ། །ཀ་རྡོ་རྗེ་སོགས་སུམ་ཅུ་པོ། །ལྗང་གུ་གཡས་པ་རྩེ་གསུམ་མདའ། །གཡོན་པ་སྦྲུལ་བཅས་ཁ་ཊྭཱཾ་གཞུ། །ནུབ་སྟོད་གླང་པོ་པདྨའི་སྟེང༌། །སཱ་སའི་སྲཱྀ་སཱུ་སླཱྀ་སཱཿ། པཱ་པཱ་པྲཱྀ་པཱུ་པླཱྀ་པཱཿ། ཥཱ་ཥཱི་ཥྲཱྀ་ཥཱུ་ཥླཱྀ་ཥཱཿ། ཤཱ་ཤཱི་ཤྲཱྀ་ཤཱུ་ཤླཱྀ་ཤཱཿ། ཀཱ་ཀཱ་ཀྲཱྀ་ཀཱུ་ཀླཱྀ་ཀཱཿ། ལྟེ་བར་གནོད་སྦྱིན་ཥྲཱྀ་རྡོ་རྗེ། །སཱ་རྡོ་རྗེ་སོགས་སུམ་ཅུ་པོ། །སྔོན་པོ་རིན་ཆེན་བོ་ཅོན་གཡས། །ནེའུ་ལེ་རྒྱལ་པ་པདྨ་གཡོན། །རྡོ་རྗེ་སྐྱིལ་ཀྲུང་ཕྱེད་པར་བཞུགས། །ཤར་སྒོར་ཕག་གི་ཤིང་རྟ་དང༌། །ལྷོ་སྒོར་རྟ་དང་བྱང་སེང་གེ །ནུབ་སྒོར་གླང་ཆེན་ཤིང་རྟའོ། །ཡཾ་རཾ་ཝ་ལཾ། ལཿ་ཝཿ་རཿ་ཡཿ་།ལྕགས་སྒྲོག་མ་དང་དབྱུག་སྔོན་ཤར། །ནག་མོ་རལ་གྲི་རྡོ་རྗེ་གཡས། །ཕུབ་དང་སྦྲུལ་ཞགས་གཡོན་ནའོ། །ཁྲོ་གཉེར་ཅན་དང་འདོད་རྒྱལ་ལྷོ། །དམར་པོ་མདའ་དང་ལྕགས་ཀྱུ་གཡས། །གཞུ་དང་ཞགས་པ་གཡོན་ནའོ། །སྐུལ་བྱེད་མ་དང་མི་གཡོ་བྱང༌། །དཀར་མོ་ཐོབ་མ་དུང་གཡས་ན། །པདྨ་མེ་ལོང་གཡོན་ནའོ། །འོད་ཟེར་ཅན་དང་སྟོབས་ཆེན་ནུབ། །སེར་མོ་འཁོར་ལོ་དབྱུག་པ་གཡས། །དུང་དང་རིན་ཆེན་གཡོན་ནའོ། །ཁྲོ་མོའི་སྟབས་ནི་སྔར་བཤད་ཟིན། །ཁ་ཁྱེར་ལ་ནི་འོད་ལྡོག་གོ །རྟ་བབས་ཀ་བ་བརྒྱད་ཀྱི་འོག །ཕྱི་རོལ་འབྱུང་བཞིའི་དཀྱིལ་འཁོར་ལ། །ཧྱ་ཧྱཱ་ཧྲ་ཧྲཱ་ཧྭ་ཧྭཱ་ཧླ་ཧླཱ། ནག་མོ་སྟོབས་རྒྱུ་པདྨ་ཤར། །དམར་མོ་ནོར་རྒྱས་དུང་སྐྱོང་ལྷོ། །དཀར་པོ་མཐའ་ཡས་རིགས་ལྡན་བྱང༌། །སེར་པོ་འཇོག་པོ་པད་ཆེན་ནུབ། །བདུད་རྩི་བུམ་པ་རྡོ་རྗེ་གཡས། །པདྨ་རིན་ཆེན་
གཡོན་ནའོ། །དེ་ནས་དུར་ཁྲོད་མིང་དང་གདན། །ཤར་དུ་རྩེ་གསུམ་བསེ་ཡི་གདན། །ཤར་ལྷོར་མི་བཟད་བྷི་རུ་ཎྜ། །ལྷོ་རུ་རོ་བསྲེག་དོམ་གྱི་གདན། །བྱང་དུ་རུས་སྦལ་གཡག་གི་གདན། །བྱང་ཤར་བྱིས་ཤིར་ཕ་ཝང་གདན། །ནུབ་ཏུ་རུལ་བའི་དྲིར་སེང་གེ །ནུབ་བྱང་རུས་སྦལ་ཟོས་མིག་སྔོན། །དེ་རྣམས་སྟེང་དུ་འཁོར་ལོ་ཡི། །ཀྑྒྒྷྔ་ཙྪྫྫྷྙ་ལྺྲྱྐྵ་ཊྛྜྜྷྞ་ལྺྲྱྷ་པྥྦྦྷྨ་སྤྵྴྐ་ཏྠྡྡྷྣ། །ཁྱི་གདོང་བྱ་རོག་གདོང་གདོང་མ་གནག །ཕག་གདོང་བྱ་རྒོད་གདོང་མ་དམར། །སྟག་གདོང་འུག་གདོང་མ་གཉིས་དཀར། །ཅི་སྦྱང་མཁའ་ལྡིང་གདོང་མ་སེར། །ཕྱག་གཉིས་གྲི་གུག་ཐོད་པ་བསྣམས། །རོལ་བའི་སྟབས་ཀྱིས་གནས་པའོ། །རྒན་བྱད་བརྒྱ་བྱིན་ཡབ། ཡུམ་ཡིན། །ཕག་མོ་རྒྱ་མཚོ་ཡབ་ཡུམ་མོ། །དབང་མོ་བདེན་བྲལ་ཡབ་ཡུམ་མོ། །དྲག་མོ་མེ་ལྷ་ཡབ་ཡུམ་མོ། །ཁྱབ་འཇུག་མ་དང་ཚངས་བ་མོ། །གདོང་དྲུག་མ་དང་ཚོགས་བདག་མོ། །ཁྱབ་འཇུག་དང་ནི་ནོར་སྦྱིན་མོ། །གཤིན་རྗེ་དང་ནི་ཆུ་མའོ། །ནོར་སྦྱིན་མ་དང་ཁྱབ་འཇུག་མ། །རྒྱ་མཚོ་དང་ནི་གཤིན་རྗེ་མོ། །ཕན་ཚུན་འཁྱུད་པ་སྔར་བཞིན་བཤད། །པདྨ་ཅེ་སྦྱང་ཡབ་ཡུམ་ཡིན། །སྟོབས་ཀྱི་རྒྱུ་དང་མཁའ་ལྡིང་གདོང༌། །ནོར་རྒྱས་ཀླུ་དང་སྟག་གདོང་མ། །དུང་སྐྱོང་ཀླུ་དང་འུག་གདོང་མ། །མཐའ་ཡས་ཀླུ་དང་ཕག་གདོང་མ། །རིགས་ལྡན་ཀླུ་དང་བྱ་རྒོད་གདོང༌། །འཇོག་པོ་ཀླུ་དང་ཁྱི་གདོང་མ། །པདྨ་ཆེ་དང་བྱ་རོག་གདོང༌། །ཡབ་ཡུམ་སྔར་བཤད་བཞིན་དུའོ། །གཞན་ཡང་དུར་ཁྲོད་བརྒྱད་པོ་ནི། །མ་མོ་ཀླུ་དང་སྲིན་དང་བཅུ། །ཕྱོགས་སྐྱོང་ཞིང་སྐྱོང་ཞིང་ཆེན་གཟའ། །རི་མེ་ལྷ་ཆེན་མཆོད་རྟེན་དང༌། །རྣལ་འབྱོར་དཔའ་བོ་བརྒྱད་བརྒྱད་སོགས། །རོ་དང་ཅེ་སྦྱང་དུར་ཁྲོད་སོགས། །ལོ་ཟླ་ཞག་དུས་རྒྱུ་སྐར་སོགས། །དགའ་བྱེད་དྲིལ་རྣ་ནག་པོ་ཆེ། །བྷྲྀ་དགི་རི་ཏི་ཞིང་སྐྱོང་དང༌། །ཕོ་ཉ་འཕྲོག་མ་གྲུབ་པ་སོགས། །བྱེ་བ་ཕྲག་ནི་ཕྱེད་དང་བཞིའོ། །སྔར་གྱི་ཁ་ཁྱེར་འདོད་ལོག་ནི། །ཙཿ་ཚཿ་ཛཿ་ཛྷཿ་ཉཿ་ཊཿ་ཋཿ་ཌཿ་ཌྷཿ་ཎཿ་པཿ་ཕཿ་བཿ་བྷཿ་མཿ་ཏཿ་ཐཿ་དཿ་དྷཿ་ནཿ། ཤར་སྟོད། སཿ་ཝཿ་ཥཿ་ཤཿ་ཀཿ་ལཿ་ཝཿ་རཿ་ཡཿ་ཀཿ་ཁཿ་གཿ་གྷཿ་ངཿ་ཧྐཿ་ཧཿ་ཀྵཿ། ཉཾ་ཛྷཾ་ཛཾ་ཚཾ་ཙཾ། ཎཾ་ཌྷཾ་ཌཾ་ཋཾ་ཊཾ། མཾ་བྷཾ་བཾ་ཕཾ་བཾ། ནཾ་དྷཾ་དཾ་ཐཾ་ཏཾ། ཀཾ་ཤཾ་ཋཾ་ཝཾ་སཾ། ཡཾ་རཾ་ཝཾ་ལཾ། དཾ་གྷཾ་
གཾ་ཁཾ་ཀཾ། ཀྵཾ་ཧཾ་ཧྐཾ། གསོད་འདོད་སྡང་འདོད་ཁེངས་འདོད་མ། །རྒྱལ་འདོད་རེངས་འདོད་སྐྱེད་འདོད་མ། །རོལ་མོ་འདོད་དང་རྒྱན་འདོད་མ། །བཟའ་བ་འདོད་དང་དྲི་འདོད་མ། །གོས་འདོད་འཁྲིག་པ་འདོད་པ་མོ། །འཕྲུག་འདོད་ཁ་ཆུ་སྤང་འདོད་མ། །ཡན་ལག་དྲི་འདོད་གར་འདོད་མ། །གདན་འདོད་འོ་ཐུག་འདོད་མ་དང༌། །སྟན་ལ་ཉལ་འདོད་རྒྱལ་སྲིད་འདོད། །འགྱོད་འདོད་འཆིང་འདོད་ཚིག་འཇམ་འདོད། །སྐམ་འདོད་སྐྲོད་འདོད་རེག་འདོད་མ། །འགུགས་པར་འདོད་དང་འཆིང་བར་འདོད། །ཕུར་བུས་འདེབས་འདོད་འདོད་མའོ། །ཡན་ལག་ཐམས་ཅད་འཕྲུག་བཞེད་མ། །དྲི་ཆེན་དྲེ་ཆུ་གཏོང་བཞེད་མ། །སེམས་ཅན་བསླུ་འདོད་རྩོད་འདོད་མ། །ལྷག་མ་ཟ་འདོད་གཡུལ་འདོད་མ། །བཅིངས་བཞེད་བྱིས་པ་ཁྲོ་བཞེད་དོ། །འདོད་པ་ལོག་པ་ལོག་མ་སྟེ། །གསོད་ལོག་ཞེ་སྡང་ལོག་སོགས་སྦྱར། །ཐབས་ཀྱང་ཤུགས་ཀྱིས་ཤེས་བར་བྱ། །གཞན་ཡང་ཟད་པར་བཅུ་དག་ནི། །ཐུགས་ཀྱི་དཀྱིལ་འཁོར་ཕྱི་རུ་བསྲུང༌། །གཟའ་བཅུ་གསུང་གི་ཕྱི་རུ་སྟེ། །བུམ་པ་ཀླུ་དང་རབ་གཏུམ་གྱི། །སྟེང་འོག་ལྷ་ཡང་རྟ་བབས་ལའོ། །ཨོཾ་སུ་བི་ཤུ་དྡྷ་དྷརྨ་དྷཱ་ཏུ་སྭ་བྷཱ་བཱ་ཏྨ་ཀོ་ཉ་ཧཾ། ཞེས་བྱ་བས་ལྷའི་ང་རྒྱལ་བྱའོ། །དཀྱིལ་འཁོར་བསྐྱེད་པའི་ཡན་ལག་སྟེ་དྲུག་པའོ།། །།