Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་བརྒྱད་པ།

15 occurrences of དྲིལ་བུ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
 
འཕགས་པ་རྒྱལ་མ་ཞེས་བྱ་བའི་རིལ་བུ།  ཀླུ་སྒྲུབ།
  
  
13   
  
  
  
  
  
  
  
  
  
  
  
  
  


15 occurrences of དྲིལ་བུ་
[Clear Hits]

 
previousའཕགས་པ་རྒྱལ་མ་ཞེས་བྱ་བའི་རིལ་བུ། ཀླུ་སྒྲུབ།next

འཕགས་པ་རྒྱལ་མ་ཞེས་བྱ་བའི་རིལ་བུ།
ཀླུ་སྒྲུབ།


DTG211_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པའི་མན་ངག་ཟབ་མོ་བཞུགས། སྲིད་པ་གསུམ་གྱི་བླ་མ་ལ་ཕྱག་འཚལ་ལོ། །འཕགས་པ་ཀླུ་སྒྲུབ་ཞལ་སྔ་ནས། །བཀོད་པར་གྱུར་པ་རྩ་བའི་མཛོད། །སེམས་ཅན་ཀུན་ལ་རྗེས་བརྩེ་བས། །བདག་གིས་རབ་ཏུ་བརྗོད་པར་བྱ། །ཀ་ན་ཀ་པཉྩངྒི་བླངས་ནས་ཨ་ལམ་བུ་ཥ་དང༌། ཆང་གི་ས་བོན་དང༌། སྒེའུ་གཤེར་དང༌། པི་བི་ལིང་གི་ས་བོན་དང༌། འདི་རྣམས་ཀཉྫི་ཀ་དང་བཏགས་ནས་བྲིཥ་ཎ་ལ་བྱུགས་ན། ཀུ་རཎྜ་སེལ་བར་བྱེད་དོ། །མ་ཧེའི་མར་སར་དང་ནས་ཀྱི་ཕྱེ་དང༌། ནཱ་ག་བ་ལ་དང༌། ཤུ་དག་དང༌། ཨ་ཏི་བ་ལཱ་དང༌།


DTG211_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལྔ་དང༌། འདི་དག་ཐམས་ཅད་གཅིག་ཏུ་བྱས་ནས་ཉེད་པར་བྱས་ན་སྦོམ་པོར་བྱེད་པའི་མཆོག་གོ །གཏུན་ཤིང་ལྟ་བུར་འགྱུར་རོ། །མར་སར་དང༌། ཤུ་དག་དང༌། རུ་རྟ་དང༌། བ་ལཱ་དང༌། ནཱ་ག་བ་ལཱ་རྣམས་ཀྱིས་ནུ་མ་མཆོག་ཏུ་མཉེས་ན་དེ་ཡིས་བུམ་པ་ལྟ་བུར་འགྱུར་རོ། །ན་མཿ་ས་བ་རཱ་ཎཾ་ཧ་རི་དྲ་སྭཱ་ཧཱ། སོ་རྩི་ལ་ལན་བདུན་བསྔགས་པ་བྱས་ནས་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །ཚངས་མ་དང༌། ཤུ་དག་དང༌། བཱ་མ་དང༌། པི་པི་ལིང་དང༌། སྦྲང་རྩི་དང༌། རྒྱམ་ཚ་དང༌། སིང་ལྡེང་རྣམས་མཚན་མོ་བདུན་གྱི་ཉེ་བར་སྦྱོར་བས་ངག་མི་གསལ་བ་དག་པར་འགྱུར་རོ། །བྱི་དང་གའི་སྙིང་པོ་སྲང་གཅིག །ཨ་རུ་ར་སྲང་གཅིག །བ་རུ་ར་སྲང་གཅིག་དང༌། བུ་རམ་སྲང་དྲུག་སྟེ་འདི་དག་མཉམ་པ་ཆུ་དང་བཅས་པ་ཟོས་ན། རླུང་ནད་མ་ལུས་པ་སེལ་བར་ཐེ་ཚོམ་མེད། ཚངས་པའི་དབྱུག་པ་དང༌། ཤུ་དག་དང༌། རུ་རྟ་དང༌། པྲི་ཡང་ཀུ་དང༌། ནཱ་ག་གེ་སར་རྣམས། སོ་རྩི་དང་བཅས་པ་བུད་མེད་ལ་བྱིན་ན་གཞན་གྱིས་དབང་དུ་བྱེད་པར་འགྱུར་རོ། །སྐར་མ་རྒྱལ་ལ་མྱོས་བྱེད་ཀྱི་འབྲས་བུ་བླངས་ཏེ། སྐར་མ་སྐག་ལ་ཤུན་པ་དང༌། སྐར་མ་མེ་བཞི་ལ་འདབ་མ་དང༌། སྐར་མ་ནག་པ་ལ་མེ་ཏོག་དང༌། སྐར་མ་སྣུབས་ལ་རྩ་བ་རྣམས་བླངས་ཏེ། འདི་རྣམས་ཕྱེ་མར་བྱས་ནས་སྦྲང་དང་ལྷན་ཅིག་རིལ་ བུ་བྱས་ཏེ། རས་ཀྱིས་བཅིངས་བ་ས་ན་ཙོ་ནས་དྲིལ next hit་བ་རྡུངས་ནས་ཕྱེ་མར་བྱས་ཏེ། སོ་རྩི་དང་མཉམ་དུ་གང་ལ་བྱིན་པ་དེ་ཐམས་ཅད་མོད་ལ་དབང་དུ་འགྱུར་རོ། །ཧྲཱིཾ་གྷྲུཾ་བི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། སྔགས་འདི་འདབ་མ་ལ་བྲིས་ནས་གང་ལ་བྱིན་པ་དེའི་ཉིན་གཅིག་པ་དང༌། ཉིན་གཉིས་པ་དང༌། ཉིན་གསུམ་པ་དང༌། རིམས་མི་བཟད་པ་སེལ་བར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཪྻཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏ་དྱ་ཐཱ། ཨོཾ་ཀ་རི་ཀ་རི། བི་ཀ་རེ་སྟམ་བྷ་ནི་བི་ཀ་རེ་སྟམ་བྷ་ནི། སརྦ་རོ་ག་པྲ་ཤ་མ་ནི་སྭཱ་ཧཱ། སྔགས་འདི་ལན་


DTG211_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཤུ་རྩ་གཅིག་བཟླས་ཏེ། ཁ་ལ་བྱབས་ཤིང༌། གོས་ལ་མདུད་པ་བྱས་ནས་རྒྱལ་པོའི་ཕོ་བྲང་དུ་ཞུགས་ན་རྒྱལ་པོ་ཁྲོས་པ་རབ་ཏུ་དང་བར་འགྱུར་རོ། །བ་ལང་གི་སོ་དང་བྱ་རོག་གི་བྲུན་མཉམ་པར་བཏགས་ཏེ། གང་གི་མགོ་ལ་གཏོར་བ་དེ་ཐམས་ཅད་དབང་དུ་འགྱུར་རོ། །ཡུངས་ཀར་དཀར་པོ་དང༌། ཤི་བ་ནིརྨཱ་ལྱ། གང་གི་ཁྱིམ་དུ་བཞག་ན་དེ་སྐྲོད་པར་བྱེད་དོ། །སཱ་ཁོ་ཊ་ཀའི་རྩ་བ་དང༌། བ་རུ་རའི་རྩ་བ་གཅིག་ཏུ་བྱས་ནས་གང་གི་ཁྱིམ་དུ་བཞག་ན་དེའི་ཁྱིམ་དུ་རྟག་ཏུ་འཐབ་མོ་འབྱུང་ངོ༌། །ལྒ་དང༌། པི་པི་ལིང་དང༌། ཕོ་བ་རིས་དང༌། འཇམ་འབྲས་དང༌། ཡུང་བ་དང༌། སྐྱེར་པ་དང༌། རྒྱམ་ཚ་དང༌། རིའི་བིལྦ་དང༌། རྒྱ་སྤོས་ཀྱི་རྩ་བ་དང༌། སཾ་ཁྱ་ནཱ་བྷི་སྟེ། འདི་དག་ཐམས་ཅད་ཆུ་ལ་བཏགས་ཏེ་མིག་སྨན་བྱས་ན། རབ་རིབ་མ་ལུས་པ་སེལ་བར་བྱེད་དོ། །ཝཱ་ཀུ་ཛི་ཀཱ་བྲི་གང་དང༌། རྒྱམ་ཚ་དང༌། རའི་འོ་མ་ཆ་མཉམ་པ་བྱས་ནས། བ་ལང་གི་ཆུ་དང་མཉམ་པར་སྦྱར་ཏེ་ཟངས་ཀྱི་སྣོད་དུ་བཞག་ནས། དེ་ལུས་ལ་དྲིལ་ཕྱི་བྱས་ན་མཛེ་ནད་མ་ལུས་པ་སེལ་བར་བྱེད་དོ། །ལྕགས་ཀྱི་ཕྱེ་མ་དང༌། མཾ་སཱ་ཀཥྚ་དང༌། དེ་བཞིན་དུ་སྐྱུ་རུ་རའི་འབྲས་བུ་དང༌། ཁུ་བ་སྲང་བཅུ་དང༌། ཁུ་བ་དེས་བསྒོས་ནས་ཉི་མ་ལ་བཞག་སྟེ། སླར་ཡང་ཝཱ་གུ་ཛི་ཀཱིའ་ཕྱེ་མ་ཞོག་གང་བྱས་ནས་དཀྲུགས་ཏེ། རྒས་པའོ་མའི་བཟའ་བ་དང་ལྷན་ཅིག་ཟོས་ན་ཞག་བདུན་གྱིས་མཛེ་ནད་སེལ་པར་བྱེད་དོ། །དེ་ཡང་གལ་ཏེ་ལས་ཀྱི་དབང་གིས་ན་མི་འགྲུབ་པོ། །དེ་བཞིན་དུ་སྐྱུ་རུ་ཆ་བཅུ་དང༌། བྱི་ཏང་ག་ཆ་ལྔ་དང༌། ཨ་རུ་ར་ཆ་བཅུ་དང༌། ཙི་ཏྲ་ཀ་ཆ་ལྔ་དང༌། ཝཱ་གུ་ཛི་ཆ་བདུན་དང༌། ལྕགས་ཕྱེ་ཆ་བརྒྱད་དང༌། ར་མོ་ཤག་ཆ་དགུ་དང༌། ཏིལ་མར་བསྲེས་པ་ཟླ་བ་གཅིག་གིས་སྐྲ་དཀར་འཇོམས་སོ། །འདི་ནི་བྱུག་པ་མདོར་བསྡུས་པའོ། །བྱེའུ་ཁཉྫ་རཱི་ཊའི་རུས་པ་དང༌། སྦྲུལ་གྱི་མགྲིན་པའི་བགས་པ་དང༌། ཤིང་གང་ལ་སྦྱིན་པའི་བདུག་པ་དེ་ཤིང་དེའི་དྲུང་དུ་མཉམ་པར་དོར་རོ། །བྱེའུ་ཁཉྫ་རཱི་ཊའི་ཤ་དང་སྦྲང་རྩི་


DTG211_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་སྦྱར་ཏེ། བྱ་བའི་དུས་སུ་སྐྱེ་གནས་ལ་བྱུགས་ཏེ། བུད་མེད་གང་ལ་སྐྱེས་བུ་མངོན་པར་བསྒྲོད་པར་བྱེད་ན་དེ་དང་པོ་བཞིན་དུ་སྐྱེས་པ་དེའི་བུར་འགྱུར་རོ། །དགོན་པའི་འུག་པ་བཟུང་ནས་དེའི་མིག་དང་པི་པི་ལིང་གིས་བྱུགས་ཏེ། དེའི་རྡུལ་ལྷུང་བས་མིག་ལ་མིག་སྨན་བྱས་ན། དེ་སྦས་པ་དེ་མི་མཐོང་ངོ༌། །སཱ་པཱི་ཏི་ཏ་བྱཱ་དྷ་ཏྲ་རོ་པཎྣཾ་པྲ་ཡཙྪཏི། ནས་ཀྱི་ཕྱེ་མ་དང༌། ཡུང་བའི་ཕྱེ་མ་དང༌། བའི་ཆུ་དང༌། མར་དང༌། སྤོས་དཀར་དང༌། ཤིང་མངར་རྣམས་མཉམ་པར་སྦྱར་ཏེ། གདོང་ལ་དྲིལ་ཕྱི་བྱས་ན། གདོང་པདྨ་ལྟ་བུར་འགྱུར་རོ། །རྐང་པ་དག་པདྨའི་འདབ་མ་ལྟ་བུར་འགྱུར་རོ། །བུད་མེད་ཐམས་ཅད་རྒྱལ་པོའི་ཕོ་བྲང་དུ་མཛེས་ཤིང་སྡུག་པར་འགྱུར་རོ། །ཡང་ཤིང་མངར་དང་བཏགས་ཏེ་རིལ་བུ་སྦྱར་ནས་ཆུའི་བུམ་པར་བཅུག་ན། བསིལ་བར་འགྱུར་རོ། །ཨོཾ་མ་ཧཱ་བ་ལི་ཇ་ཡེ་སྭཱ་ཧཱ། གོས་ལ་ཡོངས་སུ་བཟླས་ཏེ་བསྒོས་ན་སྐལ་བ་བཟང་པོར་འགྱུར་རོ། །རིག་པ་འཛིན་པས་སྤྲེའུའི་མཇུག་མ་བླངས་ཏེ་སྦྲང་དང་བཏགས་ནས་ལྟེ་བའི་ཕྱོགས་སུ་བྱུགས་ན་ལིང་ག་གྱེན་དུ་འགྱུར་བར་ཐེ་ཚོམ་མེད་དོ། །དཱུརྦ་དཀར་པོ་དང༌། ཤུ་དག་དང༌། རུ་རྟ་དང༌། པཎྜི་ཏ་ག་རའི་རྩ་བ་དང༌། སྲིན་ལག་གི་ཁྲག་རྣམས་མཉམ་པར་སྦྱར་ཏེ། དུར་ཁྲོད་ཀྱི་ཐལ་བ་དང་འདི་དག་སྦྱར་བས་སྐྱེས་པ་དང་བུད་མེད་དབང་དུ་བྱེད་དོ། །ཐང་ཕྲོམ་པ་དང༌། ཤུ་དག་དང༌། རུ་རྟ་དང༌། ཀཎྜ་ཀ་རི་དང༌། ས་ཏཱ་བ་རི་དང༌། འདི་དག་ཆ་མཉམ་པར་བྱས་ནས་ཏིལ་མར་གྱིས་སྨིན་པར་བྱས་པའི་ཏིལ་མར་དེས། ལིངྒ་ཉེད་པར་བྱས་ན་སྦོམ་པར་བྱེད་པའི་མཆོག་ཏུ་འགྱུར་རོ། །ལྕེའི་དྲི་མ་དང༌། ཤུ་དག་དང༌། རུ་རྟ་དང༌། ནིརྨ་ལ་ཆ་མཉམ་པར་ཕྱེ་མར་བྱས་ནས་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །ཨ་ག་རུ་དང༌། གུ་གུལ་དང༌། ཤེ་བ་ཤུ་ཥྐ་དང༌། ཨུཏྤལ་སྔོན་པོ་དང༌། བུ་རམ་སྦྱར་བས་བདུག་པ་བྱས་ནས་བདག་ཉིད་རྒྱལ་པོའི་ཕོ་བྲང་དུ་སོང་ན་མཆོད་པ་ཆེན་པོ་ཐོབ་


DTG211_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་བཙུན་མོ་རྣམས་ཀྱིས་དྲི་སྣོམ་པར་བྱེད་དོ། །བྱེའུ་ཁཉྫ་རཱི་ཊའི་བྲུན་བླངས་ཏེ། སི་རི་སའི་ས་བོན་བྱུགས་པས་འཆི་བ་སེལ་ཏོ། །བྱ་རོག་གི་ལྕེ་དང༌། ཤུ་དག་དང༌། རུ་རྟ་དང༌། པི་པི་ལིང་དང༌། འབྲས་ཐུག་པོ་ཆེ་བདུན་དང༌། བདག་ཉིད་ཀྱི་ཁུ་བ་སྦྱར་ཏེ་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །ཤུ་དག་དཀར་པོའི་རྩ་བ་དང༌། གི་ཝང་ལྷན་ཅིག་བཏགས་ཏེ་དེའི་ཐིག་ལེ་བྱས་ནས་གང་ལ་བལྟས་པ་དེ་དབང་དུ་འགྱུར་རོ། །དཎྜོཏྤ་ལའི་རྩ་བ་དང༌། སྦྲང་རྩི་ལྷན་ཅིག་བཏགས་ཏེ་རིལ་བུ་བྱས་ནས་གང་ལ་སོ་རྩི་དང་ལྷན་ཅིག་བྱིན་པ་དེ་དབང་དུ་འགྱུར་རོ། །ཨོཾ་བཱ་ར་སྱ་མུ་ཁམ་དྲིཥྚཱ་བཱ་ལརྐ་ས་མ་ཏེ་ཛ་སཱ། ཙ་ཏུརྠ་ཀམྨ་ཧཱ་གྷོར་མ་ཀྵི་པྲ་མེ་བ་བྲ་ཏ་སྱ་ཏི། སྔགས་འདི་གྲོ་གའི་འདབ་མ་ལ་བྲིས་ཏེ་ལག་པ་ལ་བཏགས་ན་རིམས་ཉིན་བཞི་པ་ཕྲལ་དུ་ཉམས་པར་བྱེད་དོ། །བཱ་གུ་ཛི་ཀའི་འབྲས་བུའི་ཕྱེ་མ་དར་བ་དང་ལྷན་ཅིག་བཏགས་ནས་དེ་དྲིལ་ཏེ། དར་བའི་ཟན་དང༌། སྐྱུར་བ་ཐམས་ཅད་དང་ལྷན་ཅིག་ཟོས་ན་གཞང་འབྲུམ་དང༌། རྐང་འབམ་དང༌། འབྲུམ་ཕྲན་དང༌། མཛེ་དང༌། མཚན་བར་རྡོལ་བ་དང་དུག་རྣམས་སེལ་བར་བྱེད་དོ། །བཱ་གུ་ཛི་ཀའི་འབྲས་previous hit བུ་དར་བ་དང་ལྷན་ཅིག་བཏགས་ནས་དེ་དྲིལ next hit་བས་མཛེ་ཐམས་ཅད་དང༌། བི་ཙརྩི་ཀ་ལ་སོགས་པ་སེལ་བར་བྱེད་དོ། །པཱ་གུ་ཛ་ག་བྲེ་གང་དང༌། སེང་ལྡེང་ཞོ་གང་མཉམ་པར་བྱས་ཏེ། ཆུ་བྲེ་བརྒྱད་དང་བསྐོལ་བར་བྱའོ། །དེ་ནི་ཆ་ཕྱེད་ལུས་པ་ན་བཏུངས་ཏེ། བྱ་རོག་གི་ལྕེ་དང༌། ཤུ་དག་དང༌། རུ་རྟ་དང༌། བིལྦའི་འདབ་མ་དང༌། གུར་གུམ་དང༌། བདག་ཉིད་ཀྱི་ཁྲག་དང་མཉམ་པར་སྦྱར་བས་ཤིང་ཡང་དབང་དུ་བྱེད་དོ། །ཨོཾ་པི་ཤཱ་ཙཱི་རཱུ་བེ་ཎཱ་ལིངྒ་ཡ་ཙུམྦ་ཡ། བྷ་གཾ་སཉྩེ་ཡཉ་སྭཱ་ཧཱ། སྔགས་ཀྱི་ཚིག་འདི་ཆུ་ཁྱོར་བ་གང་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་ཉལ་བའི་དུས་སུ་རིག་མ་གང་གི་མིང་སྨོས་ནས་བཏབ་ན། ཞག་ཉི་ཤུ་རྩ་གཅིག་གིས་མིའི་དབང་པོའི་བཙན་མོ་ཡིན་ནའང་དབང་དུ་འགྱུར་ན་གཞན་ལྟ་ཅི་སྨོས། ཁྲག་སྐྲོད་པའི་རྩ་བ། ཀརྨར་ངགའི་རྩ་བ་དང་སིཧྱའི་ལོ་མ་དང༌།


DTG211_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དག་མཉམ་པར་བྱས་རྐང་པའི་མཐིལ་ལ་བྱུགས་ན་ས་བོན་འཆིང་བར་བྱེད་དོ། །ཨ་རུ་ར་དང༌། ཞུ་མཁན་དང༌། ལུང་ཐང་གི་འདབ་མ་དང༌། དྷ་དུ་ར་དང༌། སེ་འབྲུའི་ཤུན་པ་དང༌། ས་ཁ་སྱ་ནངྒ་པྲ་མ་དོ་མཱ་ནཱཾ་ཏཱ་ཡེ་པཥྚི་ས་སི་ཁཾ་ཀ་རོ་ཏི། ཨོཾ་ར་ཙཎྜི་མ་ཧཱ་དཎྜཱ་ཡ་སྭཱ་ཧཱ། སྔགས་འདིས་བདུན་དུ་མངོན་པར་བསྔགས་ནས་གོས་ལ་སོགས་པར་མདུད་པ་བྱས་ན་བྱ་བ་མ་ལུས་པ་འགྲུབ་པར་འགྱུར་རོ། །ན་མཿསཱཀྵིཿཀ་པཱ་ལ་མཱ་ལི་ཐཱ་ཧཱ། གཞན་ཡང་བྱི་ལའི་ཁྲག་བླངས་ནས། འཇམ་འབྲས་ཏིལ་མར་གྱིས་བསྒོས་ཏེ། པདྨའི་སྐུད་པས་སྡོང་བུ་བྱས་ནས་དབང་ཕྱུག་གི་མདུན་དུ་དུད་པ་འཆགས་བར་བྱས་ཏེ་མིག་ལ་བྱུགས་པ་ཙམ་གྱིས་མི་སྣང་བར་འགྱུར་རོ། །ཨོཾ་ཅི་ཏི་ཧེ་ཧེ། སྔགས་འདིས་ཆུ་དཀྲུགས་ཏེ་མིག་ལ་བྱུགས་ན་ཐེ་ཚོམ་མེད་པར་གྲུབ་པར་འགྱུར་རོ། །བྱ་རོག་གི་ཁྲག་དང༌། ཅེ་སྤྱང་གི་མཁྲིས་པ་དང༌། འུག་པའི་རུས་པ་དང༌། འདི་དག་ཆ་མཉམ་པའི་ཕྱེ་མ་ཞིབ་མོར་བྱས་ཏེ། རྒྱུ་སྐར་ནབས་སོ་ལ་བཏགས་ཏེ། མིག་ལ་བྱུགས་ན་མི་སྣང་བར་འགྱུར་རོ། །སཱ་ལ་པརྞི་ལག་པ་ལ་བཅིངས་ནས། ས་མ་རེ་ཀཱཎྚ་ཟློག་པར་བྱེད་དོ། །ན་མཤྩཎྜ་བཛྲ་པཱ་ཎ་ཡེ་མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ་ཨོཾ་བཛྲ་ཧྲི་ཀྵཱི་སྥཊ། རིག་སྔགས་འདི་ལན་ཅིག་བརྗོད་ཅིང༌། ཨོཾ་སཾ་ཙོ་རཾ་སྟཾ་བྷ་ཡ་སྭཱ་ཧཱ། ཀཱ་ལ་སིམྦི་ཀའི་རྩ་བ་དང༌། ག་པུར་དང༌། པདྨ་གེ་སར་དང༌། འདི་དག་ཆ་མཉམ་བར་བྱས་ནས། ཆུ་དང་བཏགས་ཏེ་རིལ་བུ་བྱས་ནས་གྲིབ་མ་ལ་བསྐམས་ཏེ། རིལ་བུ་དེ་ལ་ཡང་དག་པར་རེག་པའི་སྐྱེས་བུའི་ལག་པ་གཡས་པར་པདྨ་འདབ་མ་བརྒྱད་པ་ཀུན་ནས་བྲིས་ཏེ། ལག་པ་དེས་བུད་མེད་ཀྱི་ལག་པ་གཡས་པ་བཟུང་ན་བུད་མེད་དེ་མོད་ལ་དབང་དུ་འགྱུར་རོ། །དྲི་བཟང་ཆེན་པོའི་རྩ་བ་རྐེད་ལ་བཅིངས་ན་ཁུ་བ་རེངས་པར་བྱེད་པའི་མཆོག་ཏུ་བསྟན་ནོ། །བ་རཱ་ཧ་ཀཱནྟའི་རྩ་བ་ཆུ་དང་བཏགས་ཏེ་རྐང་པའི་མཐི་ལ་ལ་བྱུགས་ན་ཁུ་བ་རེངས་པར་བྱེད་དོ། །ན་མཿསརྦ་སིདྷ་བྷྱཿ་སིདྷེརྦྷ་བ་ཏྲ་མེ་སྭཱ་ཧཱ།


DTG211_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་འདིས་མངོན་པར་བསྔགས་ཏེ། བ་བླ་དང༌། ལྡོང་རོས་དང༌། སྤང་སྤོས་དང༌། རུ་རྟ་དང༌། མུསྟ་ཀ་སྟེ་ཐམས་ཅད་གཅིག་ཏུ་ཆ་མཉམ་པར་བྱས་ནས། ཞིབ་ཏུ་བཏགས་ཏེ་བུད་མེད་ཀྱི་མགོ་ལ་བསྣུན་ན། མངག་གཞུག་ཏུ་འགྱུར་རོ། །ན་མཿ་ཀྲིཥྞ་སརྦ་རཱ་ཡ་མ་ས་ཀཱ་ནཱཾ་ཀུཎྜཾ་བམྡྷཱ་མི་སྭཱ་ཧཱ། ཇི་སྲིད་ཉི་མ་ཤར་གྱི་བར་དུ། ཨོཾ་རཀྵ་རཀྵ་རཀྵ་སྭཱ་ཧཱ། སྔགས་འདིས་ཆུ་ཁྱོར་བ་གང་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། ཕྱོགས་བཞིར་གཏོར་ན། སྦྲང་བུ་རྣམས་སྐྲོད་པར་བྱེད་དོ། །ཀ་ར་བཱི་ར་དམར་པོའི་རྩ་བ་ལ་ལན་བདུན་བསྔགས་ཏེ་བུད་མེད་ཀྱི་མདུན་དུ་གཏོར་ན་བུད་མེད་དེའི་མོད་ཁོ་ན་ལ་དབང་དུ་འགྱུར་རོ། །བྲཧྨ་དཎྜཱི་དང༌། ཤུ་དག་དང༌། ལོ་མ་རྣམས་སྦྲང་དང་ལྷན་ཅིག་བཏགས་ནས་ལིངྒ་ལ་བྱུགས་ནས་འདོད་པ་བྱས་ན་བདག་པོ་གཞན་འདོད་པར་མི་བྱེད་དོ། །པ་ཙ་ཀའི་མིག་བླངས་ནས་ཛཱ་ཏི་དང་སུནྡྷ་དང་ལྷན་ཅིག་གཅིག་ཏུ་བྱས་ནས་ཕྱེ་མ་དེས་མིག་སྨན་བྱས་ན། སྐྱེས་བུ་དབང་དུ་འགྱུར་རོ། །བེ་ཙ་ཀའི་སྣུམ་བླངས་ནས་བའི་མར་དང་ལྷན་ཅིག་གཅིག་ཏུ་བྱས་ནས་དུད་པ་དབབ་པར་བྱའོ། །དེས་མིག་སྨན་བྱས་ནས་འབྱུང་པོ་དང་ཤ་ཟ་རྣམས་ཀྱི་དབུས་སུ་རྩེ་བར་བྱེད་དོ། །བེ་ཙ་ཀའི་སྙིང་བླངས་ནས་ཆང་དང་ལྷན་ཅིག་ལུས་ལ་བྱུགས་ནས་འདོད་པ་སྤྱད་ན་བུད་མེད་ཐམས་ཅད་སྐྱེས་པའི་དབང་དུ་འགྱུར་རོ། །ཚངས་པའི་ཤིང་གི་རྩ་བ་ཁར་བཅུག་ན་ཁུ་བ་རེངས་པར་བྱེད་དོ། །ལྒ་དང༌། པི་པི་ལིང་དང༌། ན་ལེ་ཤམ་དང༌། རྒྱ་སྐྱེགས་དང༌། ཟི་ར་དང༌། ཟི་ར་ནག་པོ་དང༌། ཤིང་ཀུན་དང༌། སྒོག་པ་དང༌། ལན་ཚྭ་དང༌། ཤིང་ཚ་དང༌། འདབ་མ་དང༌། ཀུ་ཊ་རྣམས་ཆང་དང་བཏགས་ཏེ། ཕྲ་ཧཱ་རོ་སྠི་ཏེ་ན། ཨ་ཤེཥཱ་ཛི་རྞཱ་ཏརྦྷ་བཱ་ཤྭརྻ་རོ་བྱཿ་ཐམས་ཅད་ཉམས་པར་བྱེད་དོ། །གང་ཞིག་སུ་ཎྛི་བཅུ་གཉིས་འཐུངས། །བད་ཀན་ཚོགས་ནི་འཇོམས་བྱེད་ཅིང༌། །རླུང་ཡང་ཉེ་བར་འདྲེན་པར་བྱེད། །ཨ་ཛིརྞ་ཛིར་སརྻ་སུ་པཱི་ཧ་མཥྚོ་ད་ཀ་ནི་སཾ། རང་དགའ་བ།༌༌༌ཨ་ཛ་མོ་ད་ཚ་བ་གསུམ།།


DTG211_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱམ་ཚ་ཟི་ར་རྣམ་གཉིས་དང༌། །ཤིང་ཀུན་ཆ་བརྒྱད་མཉམ་པར་བཟུང༌། །འདི་ཡི་ཕྱེ་མ་མར་སར་དང༌། །སྐྱེ་བོ་གང་ཞིག་ཟ་བྱེད་པ། །རླུང་གི་ནད་ནི་སེལ་བར་བྱེད། །མཱུ་ལ་མ་ཡསྟུ་བུ་ན་བྷུ་བ་ཡཿ་བི་བ་ཏི་ཀྵི་ར་ཎ་བ་པྲ་ཏྱ་ཙུརྞནྟྖ་སྱ་གུ་ཌོ་ས་མ་ཧི་ཏ་བ་ཏོ་ཛཱི་རྞེ་ཡ་ཥཥྚ་སི་ནཿཧཱི་ནཱཾ་གོཉཔི་ས་ཛྙ་ཡ་ཏོཉརྩི་ཏ་པཱི་ལཱཾ་ཧཾ་སེནྡྲ་ཀུནྦྷ་པྲ་བྷཾ། མཱ་སོ་ནི་བརྡྷི་ར་ཥཱུ་བཪྵ་བ་ཡ་སཱ་མུ་ཀྵོ་ཛ་རཱ་བྱཱ་དྷི་བྷིཿཨ་རུ་ར་སྲང་གཅིག །བ་རུ་ར་སྲང་གཅིག །སྐྱུ་རུ་ར་སྲང་གཅིག །ཙི་ཏྲ་ཀ་སྲང་གསུམ། ལྒ་སྲང་གཅིག །པི་པི་ལིང་སྲང་གཅིག །ན་ལེ་ཤམ་སྲང་གཅིག །ནཱ་ག་གེ་སར་གྱི་ཕྱེ་མ་ཞོ་བཞི། ཕོ་བ་རིས་དཀར་པོ་ཞོ་དོ། །སྡིག་སྲིན་རྭ་ཞོ་དོ། །དུག་ཞོ་དོ། །འདི་དག་ཐམས་ཅད་ཕྱེ་མ་ཞིབ་མོར་བྱས་ནས་བུ་རམ་སྲང་ལྔ་བཅུ་རྩ་ལྔ་དང་བསྲེས་ཏེ་གང་གིས་ཟོས་པ་དེ་མེ་སྟོབས་སུ་འགྱུར་རོ། །ཐོས་པ་འཛིན་པར་འགྱུར་རོ། །མཛེ་ནད་བཅོ་བརྒྱད་ཉམས་པར་འགྱུར་རོ། །ཐང་བྱེད་ཀྱི་ནད་དང༌། གློ་དང་འབུགས་དང༌། དེ་བཞིན་དུ། མཆིན་ནད་དང༌། སྐྱ་རྦ་བ་དང༌། འབྲས་དང༌། རླུང་ནད་དང༌། སྦྲུལ་དང༌། སྲིན་བུ་ལཱུ་ཏ་དང༌། དུག་ནད་སེལ་བར་བྱེད་དོ། །དེ་བཞིན་དུ་བརྟན་པ་དང་གཡོ་བ་འང་ངོ༌། །སྟོབས་གླང་པོ་ཆེ་དང་མཉམ་པར་འགྱུར་རོ། །ཤུགས་རྟ་ལྟ་བུར་འགྱུར་རོ། །ཟླ་བ་གཅིག་གིས་མེར་འགྱུར་རོ། །རྣ་བ་ཕག་ལྟ་བུར་འགྱུར་རོ། །མིག་བྱ་རྒོད་ལྟ་བུར་འགྱུར་རོ། །འདི་ཐམས་ཅད་ཀྱིས་མི་འཕྲོགས་པར་འགྱུར་རོ། །འཕགས་པ་རྒྱལ་མ་ཞེས་བྱ་བའི་རིལ་བུ་ཡོངས་སུ་རྫོགས་སོ། །


previousའཕགས་པ་རྒྱལ་མ་ཞེས་བྱ་བའི་རིལ་བུ། ཀླུ་སྒྲུབ།next