Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

1 occurrence of ཐ་མལ་གྱི་ཤེས་པ་
[Clear Hits]


  
 expand section
  
  
  
  
  
  
  
  
  
  
  
  
  
  
  
 
བཀའ་གཏེར་གང་ཡིན་ཁུངས་ཆོད་དཀའ་བ་དང་འདྲེས་པ་དང་གཏེར་སྟོན་མ་ངེས་པ་སོགས་མན་ངག་ཐོར་བུ་སྣ་ཚོགས་ཀྱི་སྐོར།
  
  
  
  
  
  


1 occurrence of ཐ་མལ་གྱི་ཤེས་པ་
[Clear Hits]

 
previousབཀའ་གཏེར་གང་ཡིན་ཁུངས་ཆོད་དཀའ་བ་དང་འདྲེས་པ་དང་གཏེར་སྟོན་མ་ངེས་པ་སོགས་མན་ངག་ཐོར་བུ་སྣ་ཚོགས་ཀྱི་སྐོར།next

བཀའ་གཏེར་གང་ཡིན་ཁུངས་ཆོད་དཀའ་བ་དང་འདྲེས་པ་དང་གཏེར་སྟོན་མ་ངེས་པ་སོགས་མན་ངག་ཐོར་བུ་སྣ་ཚོགས་ཀྱི་སྐོར།


GLG002_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་གཏད་པདྨ་གླིང་པའི་གཏེར་མ། འདིའི་ཕྱག་ལེན་མ་གཏོགས་ལུང་མེད། བཻ་རོ་ཙ་ནའི་ལུགས་སོགས་བཀའ་གཏེར་འདྲ་མིན་མཐའ་དག་གི་སྙིང་པོ་གཅིག་ཏུ་བསྡུས་པའི་བཅའ་གཞི། འཁོར་ལོ། གྭའུ་སོགས་ཀྱི་ལག་ལེན་དམར་འཁྲིད་ཀྱི་བརྒྱུད་པ་ནི། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། སྔགས་འཆང་བཀྲ་ཤིས་དར་རྒྱས། མཚུངས་མེད་རིག་འཛིན་སྙིང་པོ། སྔགས་འཆང་པདྨ་ལས་གྲུབ། དེས་བདག་ལ་ལག་ཁྲིད་ཞིབ་ཏུ་བསྟར་རོ། །འདི་མྱོང་བས་གྲུབ་པའི་ལག་ལེན་མའོ། །རང་འཐག་གམ་རླུང་འཁོར་གང་རུང་ལ་བརྟེན་ནས་དགྲ་བོ་བྲོས་པས་མི་ཐར་པའི་མགོ་འཁོར་གྱི་ལུང་ཕྱག་འཁྲིད་ཀྱི་བརྒྱུད་པ་ནི། མི་འགྱུར་ལས་འཕྲོ་གླིང་པ། འབྲི་གུང་ཟུར་པ་རིན་པོ་ཆེ། བཀྲ་ཤིས་རྒྱ་མཚོ། དུ་མ་རང་གྲོལ། གཞོན་ནུ་དོན་གྲུབ། ཟུར་རྩ་བའི་བླ་མ། དེས་བདག་ལའོ། ༈ །འདི་ལན་གཉིས་ལག་ཏུ་བླངས་པ་མྱོང་བས་ངེས་པར་གྲུབ་པའི་རྟགས་མཚན་ཅན་ནོ། །ལུག་གཟུགས་ལ་བརྟེན་ནས་ཕ་རོལ་གྱི་དམག་ཇག་གི་འཇིགས་པ་བཟློག་ཐབས་ཕན་ཆའི་འཁོར་ལོ་བརྒྱ་རྩ་བརྒྱད་ཀྱི་ནང་ནས་སློབ་དཔོན་ཆེན་པོས་ཕྱུང་བའི་ལྟས་ངན་བཟློག་པ་རྒྱ་ནག་རྡོག་དྲིལ་མའི་གདམས་པ་ཟབ་མོ། སྦ་ལྕག་ཚིགས་གསུམ་པར་བརྟེན་ནས་དགྲ་ཇག་གློ་བུར་བྱུང་ན་འཆིང་བའི་གདམས་པ་ཟབ་མོ་ཞར་བྱུང་དམག་དཔུང་འཇིག་པ་བཅས་དཔལ་བཀྲ་ཤིས་སྟོབས་རྒྱལ་གྱི་ཕྱག་བཞེས་མའི་བརྒྱུད་པ་ནི། ཨོ་རྒྱན་ཆེན་པོ་ནས་


GLG002_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པར། དཔལ་བཀྲ་ཤིས་སྟོབས་རྒྱལ། རིག་འཛིན་ངག་གི་དབང་པོ། ཟུར་རྩ་བའི་བླ་མ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །རྒྱ་གར་གྱི་ཆུ་བོ་གངྒཱ་ཡང་གྱེན་དུ་ལྡོག་ནུས་པའི་གླ་བའི་ཤིང་གི་དབྱུག་པ་ལ་བརྟེན་པའི་ཆུ་བསྒྱུར་ཞར་བྱུང་གདོང་བཟློག་དང་བཅས་པ། ཉ་གཟུགས་ཛ་ལ་མོ་ཧེའི་ཐབས་ཆུ་བཟློག་འཁོར་ལོ། སྣ་འདྲེན་ཤེས་རབ་རྡོ་འཁོར་གླིང་བཞི་མ། རྫའི་དབང་ཕྱུག་སྣ་འདྲེན་པ་དམ་བཅས་པའི་ཐབས་ཤེས་གཉིས་ལྡན་གྱིས་ཆུ་སྒྱུར་བ། གླང་དམར་གྱི་ར་དང་རྫས་ལ་བརྟེན་པའི་ཆུ་སྒྱུར་རྣམས་ཀྱི་བརྒྱུད་པ་ནི། ཨོ་རྒྱན་ཆེན་པོ་ནས་རིམ་པར། ཕ་ཇོ་གཞོན་ནུ་དོན་གྲུབ། དེ་སྲས་རྩ་བའི་བླ་མ། དེས་བདག་ལའོ། ༈ །ཡེ་ཤེས་ཀྱི་མཁའ་འདི་རྣམས་ཀྱི་ལུང་མ་བྱུང་། འགྲོ་སེང་གེའི་གདོང་མས་སློབ་དཔོན་ལོ་ཧི་པར་གནང་བའི་མཚོན་གྱི་རིགས་ཐམས་ཅད་བསྲུང་བའི་འཁོར་ལོ་ཆེན་མོ། གཏེར་ཁ་སྣ་ཚོགས་ཀྱི་མན་ངག་གཅིག་ཏུ་བསྡུས་པའི་རྡོ་རྗེ་ལུས་ཀྱི་གོ་ཁྲབ་མཚོན་བསྲུང་གི་ལོ་རྒྱུས། རྫས་མུ་སྟེགས་དོར་རྟ་ནག་པོའི་འཁོར་ལོ་ལ་ཕོ་འཁོར་མོ་འཁོར་བུ་ཡིག་དང་བཅས་པ་རིགས་མི་འདྲ་བ་ལྔ། དགུ་ཐུབ་ཆེན་མོའི་ཕོ་འཁོར་མོ་འཁོར་བུ་ཡིག་བཅས་པ། ཨོཾ་དྲུག་མ་ཆེ་ཆུང་པདྨ་ཞི་བའི་ཟ་ཡིག །ཟ་ཡིག་མེ་འབྲུག་གནམ་ལྕགས་གོ་ཁྲབ་མ་བུ། མེ་མདའ་ཐུབ་པའི་ཨོཾ་དྲུག་མ་ཟ་ཡིག་ཞལ་ཤེས་ཡིག་ཆུང་བཅས་པའི་སྟེང་ནས་ཕྱག་ལེན་དམར་འཁྲིད་ཉམས་འོག་ཆུད་ངེས་པའི་བརྒྱུད་པ་ནི། ཆོས་རྒྱལ་མཾ་གའི་མཚན་ཅན། རིག་འཛིན་ངག་གི་དབང་པོ། སྔགས་འཆང་སྟོད་གྲོང་པ། ཟུར་


GLG002_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བའི་བླ་མ། དེས་བདག་ལའོ། ༈ །བོན་གྱི་བླ་ཆེན་དྲན་པ་ནམ་མཁའ་ཁྱུང་ལུང་དངུལ་མཁར་དུ་ཐམས་ཅད་ཟིལ་གནོན་གྱི་ཏིང་ངེ་འཛིན་ལ་ཞུགས་པའི་དུས་ཨཱ་ཙཪྻ་ནག་པོས་ཞག་བདུན་གྱི་དུས་བཏབ་པར་མཁའ་འགྲོ་ཐུགས་རྗེ་ཀུན་གྲོལ་གྱིས་གནང་བའི་བྱད་ཁ་ཐམས་ཅད་བཟློག་པའི་ཡིག་རྒོད་ཆང་ཁྲུས་མའི་བརྒྱུད་པ་ནི། བླ་ཆེན་དྲན་པ་ནམ་མཁའ། ཨོ་རྒྱན་ཆེན་པོ་ནས་རིམ་པར། ཆོས་རྒྱལ་མཾ་གའི་མཚན་ཅན། རིག་འཛིན་ངག་གི་དབང་པོ། ཟུར་རྩ་བའི་བླ་མ། དེས་བདག་ལའོ། །བཀའ་མ་ལུགས་ཀྱི་རང་ལོ་ལ་བརྟེན་པའི་ཀག་བསྲུང་ཌཱ་ཀི་བསུ་བཟློག་ལས་སྒྲིབ་ཤིང་ཁོལ་དུ་ཕྱུང་བ། བྱང་ཆུབ་སེམས་པ་ཧ་ནུ་མནྠའི་སྒོ་ནས་ཐིག་ལེ་བསྲུང་བ། སྤྲེལ་གཟུགས་ལ་བརྟེན་ནས་མི་ཁ་དང་སྡང་བ་ཞི་བྱེད་རྣམས་ཀྱི་ལུང་ཕྱག་ལེན་ཀྱང་རྩ་བའི་བླ་མས་ཡབ་ཟུར་ཆེན་ལ་གསན་པ་ཡིན་ནོ། ༈ །བདུད་བཟློག་ནག་པོ་འབྲུ་བདུན་ཞེས་པ་ཡང་བཟློག་ཨ་ཐུར་ནག་པོའི་བརྒྱུད་པ་ནི། རྗེ་ཟུར་པ། བཀྲ་ཤིས་རྒྱ་མཚོ། དུ་མ་རང་གྲོལ། གཞོན་ནུ་དོན་གྲུབ། ཟུར་རྩ་བའི་བླ་མ། དེས་བདག་ལའོ། །ཕྲ་མེན་ཕྱིན་ཅི་ལོག་གི་ངག་འགྲོལ་རུས་སྦལ་སྤྲེལ་མགོ་བྱ་ལག་སྦྲུལ་མཇུག་ཅན་གྱི་འཁོར་ལོ། དབང་ཕྱུག་ལ་བརྟེན་ནས་ཤྭ་འོད་གློ་བུར་བཟློག་པ་རྣམས་ཀྱང་ཐོབ། འབྲུམ་བསྲུང་སྟག་གཟིག་མ་མ་བུ་ཞལ་ཤེས་བཅས་པའི་བརྒྱུད་པ་ནི། དབང་པོའི་སྡེ། ངག་གི་དབང་པོ། ཟུར་རྩ་བའི་བླ་མ། དེས་བདག་ལའོ། ༈ །མཁའ་འགྲོའི་ལུང་བསྟན་ལྟར་སློབ་དཔོན་བཻ་རོ་ཙ་ནས་རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ནས་


GLG002_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་དྲངས་པའི་བཏགས་ཆོག་འཁོར་ལོ་ཉེས་ཀུན་སེལ་ཞིང་འདོད་པ་ཐམས་ཅད་སྒྲུབ་པའི་ལུང་ཕྱག་བཞེས་ཟུར་རྩ་བའི་བླ་མ་ཉིད་ལ་ཐོབ་བོ། །སྨན་གྱི་ལྷ་མོ་དང་གནོད་སྦྱིན་དཀར་པོའི་སྒྲུབ་ཐབས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་ཕ་བོང་ཁ་པར་ཞུས། དེས་ལན་བུ་ཨ་མི་ལ་གསན་ནོ། ༈ །སྔགས་ཆུ་ལ་བརྟེན་པའི་ལེགས་ཉེས་བསམ་པ་གང་ཡིན་ཀྱང་བསྒྱུར་ཐབས་ནད་པ་གསོ་བའི་གཟའ་མདོས་གྱེར་གཞུང་དྲང་སྲོང་ཆེན་པོའི་སྐྱེས་རབས་རྣམ་ཐར་ལྷོ་བྲག་མཁར་ཆུའི་གཏེར་མ། ཁྲོ་བོ་དམར་པོའི་ཞབས་འོག་གི་གཏེར་མ་ལོ་ཙཱ་བ་ཐ་བ་རི་པའི་མན་ངག་གྲིབ་ཀྱི་རིགས་བསྲུང་བ་ལག་པའི་འདུ་བྱེད་བསྐྱོད་པ་མཐིབ་སྲིན་རྩེ་སྤྲད། བཤན་པ་རོ་ལངས་ཀྱི་རྩར་ཕྱིན་ཀྱང་གནོད་མི་ནུས་པའི་ལག་པའི་འདུ་བྱེད་བསྐྱོད་པ་མཛུབ་མོ་རྣམས་ཀྱི་རྩེར་མེ་ཏོག་ཡོད་པ། ལག་པའི་འདུ་བྱེད་བསྐྱོད་པ་མཐར་རྟེན་འབྲེལ་སྙིང་པོས་བསྐོར་བའི་གྲིབ་ཀྱི་རིགས་ཐམས་ཅད་ཐུབ་པ། ཡང་ན་མོ་རཏྣ་ཏྲཱ་ཡཱ་ཡས་སྣ་དྲངས་ཏེ་བསྐོར་བའི་གྲིབ་ཀྱིས་མི་གནོད་པར་དངོས་གྲུབ་ཏུ་འགྱུར་བ་རྣམས་ཀྱི་བརྒྱུད་པ་ནི། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིག་འཛིན་ངག་གི་དབང་པོ། ཟུར་རྩ་བའི་བླ་མ། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་སྩལ་ཏོ། ༈ །བསྟན་དགྲ་འཕུང་བྱེད་ཐལ་བའི་གདམས་སྐོར་ལ། དབང་ཕྱུག་ཆེན་པོ་ལ་བརྟེན་པའི་གནོད་བྱེད་བསྐྲད་པའི་སྒྲུབ་ཐབས་རྒྱའི་ཧ་སྤུན་དམར་པོ་རྫས་རྒོད་ནག་པོ་སྔགས་ཀྱི་ལ་དོར་བའི་མཐའ་ཅན། ཀ་ཏ་ལའི་ཞལ་གདམས་གནད་དམིགས་ལོགས་སུ་གབ་པ་ལོ་རྒྱུས་གཞན་དུ་ཡོད་དོའི་མཐའ་ཅན། འཕུང་བཤིག་རག་འགྱེལ་ཐལ་བ་རླུང་ཁྱེར་ཨཱ་ཙཪྻ་ཛུ་ནག་པོས་


GLG002_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོ་འཕུང་བྱེད་ཀྱི་རྒྱུད་ནས་བཏུས་ཤིང་སྟོན་པ་ཨ་བ་སེང་གེས་ཟླ་གསང་ནག་པོ་སྤྲེལ་ལག་ཅན་གྱི་ནང་ནས་ཁོལ་དུ་བྱུང་བ་སྤུ་གྲི་སོ་ཅན་རྒྱ་མཚོའི་ཆུ་རྡོ་བཞིན་དུ་སྦོས་ཤིག་གི་མཐའ་ཅན། ཀ་ཏ་ལའི་ཞལ་གདམས་ཟླ་གསང་ཧ་ལ་ནག་པོའི་རྒྱུད་ནས་རྫས་འཁོར་ལོ་སྔགས་བཅའ་གཞི་ཐུན་ཚོད་ཆེ་ཆུང་གྲངས་སོགས་བསྟན་པ་ཟབ་ཕྱིར་རིན་ཅེན་གཏེར་དུ་སྦས་ལུགས་སོའི་མཐའ་ཅན་རྣམས་ཀྱི་ལུང་གི་བརྒྱུད་པ་ནི། ལྷ་ཆེན་དབང་ཕྱུག་ཆེན་པོ། ཨཱ་ཙཪྻ་ཛུ་ནག །སྟོན་པ་ཨ་ཝ་སེང་གེ །དེ་ནས་རིམ་པར་བརྒྱུད་དེ་གནུབས་ཀྱི་སྔགས་འཆང་སྐུ་བསྲུང་བ་རྒྱལ་མཚན་ལྷུན་གྲུབ། གནུབས་ཀྱི་སྔགས་ནག་མཐུ་སྟོབས་དབང་ཕྱུག་སྔགས་འཆང་ཀུན་བཟང་དཔལ་འབྱོར། རྗེ་བཙུན་མདོ་སྔགས་བསྟན་འཛིན། མཚུངས་མེད་འཕྲིན་ལས་ལྷུན་གྲུབ། དྲིན་ཅན་གཏེར་བདག་གླིང་པ། དེས་བདག་ལའོ། ༈ །དར་སྡིངས་པའི་གསན་ཡིག་ཏུ་འདི་གཏེར་མ་ཞིག་ཡིན་འདུག་ཀྱང་གཏེར་སྟོན་དང་གཏེར་གནས་ཁུངས་མ་ཆོད། བྱ་བ་སྐུ་བསྲུང་བ་དང་འབྲུག་པ་པདྨ་དཀར་པོས་ཕྱག་ཏུ་བཀལ་པའི་ཟབ་ཁྱད་མ་ཡིན་འདུག་ཚུལ་སྣང་བ། ལ་སྟོད་དམར་པོའི་འཕུང་བྱེད་ཀྱི་ཐལ་དང་ཕྱོགས་འདྲ་ཙམ་འདུག་ཀྱང་རྒྱས་བསྡུས་སོགས་མི་གཅིག་པས་གཏེར་དུ་སྦས་ཟེར་བ་རྒྱ་གར་ལྟ་བུར་སྦས་པ་དང་། བོད་དུ་ཛོ་ཀི་ཞིག་གིས་བསྣམས་བྱོན་པ་ཡིན་ནམ་སྙམ་མོ། ༈ །འཕུང་བཤིག་ཡུངས་ཀར་མ་ཤིན་ཏུ་ཟབ་ཅིང་རྣོ་བའི་ལུང་བརྒྱུད་ནི། སྣ་ཕུང་དཀོན་ཅོག་བཟང་པོ་ནས་རིམ་པར། ཡུག་རྫོང་ཡབ་སྲས་གཉིས། དབྱངས་དཔོན་པ་མཐུ་སྟོབས་གསང་བའི་དབང་ཕྱུག །ཟུར་ཐམས་


GLG002_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མཁྱེན་པ། ཆོས་གཏེར་འཕྲིན་ལས་ལྷུན་གྲུབ། དྲིན་ཅན་གཏེར་བདག་གླིང་པ། དེས་བདག་ལའོ། ༈ །གྲི་རྒྱུད་ལ་བརྟེན་པའི་ཇག་ཆིངས་ཟབ་ཁྱད་མའི་ལུང་བརྒྱུད་ནི། ལྷ་བཙུན་ཀོང་སྨྱོན་ཆེན་མོ། མཚུངས་མེད་འཕྲིན་ལས་ལྷུན་གྲུབ། རིག་འཛིན་གཏེར་བདག་གླིང་པ། དེས་བདག་ལའོ། །ལག་ལེན་འདི་ལ་བརྟེན་ནས་རྫོགས་ཆེན་པ་ཀུན་བཟང་རྣམ་རྒྱལ་དཔོན་སློབ་ཀྱིས་ལྕགས་སྦྲུལ་གཞིས་ཀ་བསམ་འགྲུབ་རྩེ་སོགས་དམག་གིས་བསྐོར་བའི་དུས་ཟླ་བ་ལྔ་པའི་ཉེར་བདུན་གྱི་ཉིན་དམག་དཔུང་གི་དཀྱིལ་གཤགས་ནས་བྱོན་པའི་ལག་ཁྱེར་མའོ། ༈ །དར་མདུད་ལ་བརྟེན་ནས་མཚོན་ཆའི་འཇིགས་པ་ལས་རབ་ཏུ་རྒྱལ་བའི་མན་ངག་ལག་ལེན་མའི་ལུང་ཕྱག་བཞེས་ཀྱི་བརྒྱུད་པ་ནི། བྱའི་སྔགས་འཆང་བཀྲ་ཤིས་དར་རྒྱས། བླ་མ་ངག་དབང་ཀུན་དགའ་སྙིང་པོ། ཡུག་རྫོང་ནོར་བུ་དབང་རྒྱལ། དེ་སྲས་རབ་བརྟན་དབང་པོ། གྲུབ་ཆེན་ཀུན་དགའ་རྡོ་རྗེ། མདོ་སྔགས་བསྟན་འཛིན། འཕྲིན་ལས་ལྷུན་གྲུབ། སྤྲུལ་སྐུ་འགྱུར་མེད་རྡོ་རྗེ་རྩལ། དེས་བདག་ལའོ། ༈ །རྒྱ་གར་གྱི་ཝ་རྟི་བྱ་བའི་བྲག་སྐེད་ཀྱི་ལོ་རྒྱུས་ལས་འཕྲོས་པའི་གསོན་འདྲེ་ཁ་ཆིངས་མ་དྷ་ཀ། གཟའ་བསྲུང་ནི་ལཾ་ཝ་ར་མ། ཁྱི་དཀར་སྣ་དམར་གྱི་ཁྲག་ལ་བརྟེན་པའི་རྒྱལ་བསྲུང་ཟབ་ཁྱད་མ་དང་བཅས་པའི་ལུང་ནི། མདོ་སྔགས་བསྟན་འཛིན། འཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ། དེས་བདག་ལའོ། ༈ །དམར་ཞབས་ལུགས་ཀྱི་སེར་བསྲུང་ལ། ལོ་རྒྱུས་རྒྱས་པ། ཆོས་འབྱུང་གསུམ་བསྣོལ་བའི་འཁོར་ལོ་རྩིབས་བཅུ་གཉིས་པ།


GLG002_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཞར་བྱུང་ཆུ་སྒྱུར་གྱི་སྤེལ་ཚིག་དང་བཅས་པ་དེང་སང་ཕྱག་ལེན་དུ་མཛད་པའི་ཤིན་ཏུ་ཟབ་པ། ཡང་ཨཱ་ཙཪྻ་དམར་པོའི་ལོ་རྒྱུས་བསྡུས་པ། སྔགས་ལ་བརྟེན་པའི་གདོང་བཟློག །ཕུར་པ་ལྔའི་ཐོག་བསྲུང་། རྡོ་འཁོར། བྲེ་སྔགས། རྫས་སྲུང་རྡོ་འཁོར་མུ་ཁྱུད་ལྔ་པའི་བྲི་ཡིག །ཡང་སེར་བསྲུང་གདོང་བཟློག་དང་འཁོར་ལོ་རྩིབས་བཅུ་གཉིས་པའི་བྲི་ཐབས་འདྲ་མིན་དང་བཅས་པའི་བརྒྱུད་པ་ནི། ཨཱ་ཙཪྻ་དམར་པོ། ཉང་སྟོད་ཡེ་ཤེས་འབར། ཆག་ལོ་ཙཱ་བ། སྒོམ་པ་བྱང་རྡོར། སློབ་དཔོན་རྒྱལ་བ་དབང་ཕྱུག་མགོན། དགེ་སློང་པུརྞ་དྷྭ་ཛ། དྷརྨའི་མཚན་ཅན། རབ་འབྱམས་ཆོས་རྗེ། ཆོས་རྒྱལ་ནོར་བ། གུ་རུ་གྲགས་པ། ཀུན་དགའ་རྡོ་རྗེ། རྗེ་མདོ་སྔགས་བསྟན་འཛིན། མཚུངས་མེད་འཕྲིན་ལས་ལྷུན་གྲུབ། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ལའོ། ༈ །མུ་སྟེགས་ཀྱི་སྔགས་རྒོད་ལ་བརྟེན་ནས་སེར་བ་བསྲུང་ཐབས་ཁ་ནས་ཐོན་ཆོག་མ་རྦད་ཁམ་ཅན་གྱི་བརྒྱུད་པ་ནི། དཔལ་སྡིངས་རབ་འབྱམས་པ། ཡུག་རྫོང་ནོར་བུ་དབང་རྒྱལ། དང་མ་བ་བསྟན་འཛིན་འགྱུར་མེད། གྲུབ་ཆེན་ཀུན་དགའ་རྡོ་རྗེ། མཁས་གྲུབ་བསྟན་འཛིན་བཟང་པོ། མཚུངས་མེད་འཕྲིན་ལས་ལྷུན་གྲུབ་མན་འདྲ། ༈ སེར་བ་བསྲུང་བའི་གདམས་པ་སྤུ་གྲི་སྐོར་གསུམ་ཞེས་པ་རྫས་གསག་ཅིང་བསྙེན་པ། གཏའ་བསྡམ་ཞིང་སྤྲིན་བརྟག་པ། ཏིང་འཛིན་བརྟན་ཞིང་སྔགས་བཟླ་བ་གསུམ་གྱི་བསྟན་པ། གཞན་ཡང་སེར་སྲུང་གི་མན་ངག་ཐོར་བུ་ལ། མི་ཁའི་རྫས་ལ་བརྟེན་ནས་སེར་སྲི་མནན་ཐབས་རྒྱུན་ཆོད་ཅིག་གི་མཐའ་ཅན། པདྨ་འདབ་བཞི་ལ་བརྟེན་ནས་


GLG002_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

སེར་ལམ་བཅད་ཅིང་བ་དམར་མོའི་འོ་མ་ལ་བརྟེན་པའི་སེར་ལམ་སྲེག་པ་བྱས་པས་ཆོག་གོའི་མཐའ་ཅན། ར་རོག་གི་ཐོད་པ་ལ་བརྟེན་ནས་སེར་ལམ་གཅོད་ཐབས་ཁྱི་ལུད་ཀྱིས་རྫིབ་པོའི་མཐའ་ཅན། སྤྲིན་བརྟག་ཐབས་དམིགས་པ་གསལ་བ་གལ་ཆེའི་མཐའ་ཅན། ཁྱུང་གི་ཏིང་འཛིན་ལ་བརྟེན་ནས་ནམ་མཁའ་རྒྱས་འདེབས་ཐོག་གི་ཉེས་པ་ཐུབ་པོའི་མཐའ་ཅན། སྔགས་ནུས་འཕྲོག་པའི་ཟས་ཀྱི་སྤང་བྱ་དང་བཅོས་ཐབས། ཁྱུང་པོའི་རུས་སྦལ་གྱི་སྔགས་ནིར་སིང་དང་དབང་ཕྱུག་ཉེར་བརྒྱད་ལ་བརྟེན་པའི་ནམ་མཁའ་རྒྱས་འདེབས་རྣམས། ཤ་ཐོད་ལ་བརྟེན་ནས་སེར་ལམ་གཅོད་པའི་གདམས་པ་མི་རུས་མི་གཅིག་པ་དགུའི་སྐྲ་དང་སེན་མོ་བསྲེ་ཞེས་པའི་མཐའ་ཅན། དྲག་པོ་ལྷ་བཞིའི་རྒྱུད་ལས་ལོ་ཆོག་གི་སྨྲེང་དཔལ་ཆེན་ཧ་ཡ་མ། ཐོ་གསོལ་དཀོན་ཅོག་གསུམ་མ། སེར་བསྲུང་ལེ་ཚན་འདི་རྣམས་རིག་འཛིན་འཕྲིན་ལས་ལྷུན་གྲུབ་ཀྱི་གྲོང་སྔགས་པ་འདྲ་ལ་གསན་པས་བརྒྱུད་པ་བ་དེད་མ་རྙེད། དེ་ནས་གཏེར་སྟོན་རིག་འཛིན་ཆེན་པོ། དེས་བདག་ལའོ། ༈ །གྲུབ་ཐོབ་སྐལ་ལྡན་རྒྱལ་པོའི་གདམས་པ་སྤྱང་ཀིའི་པགས་པར་བརྟེན་ནས་སེར་ཁོངས་བཅུ་གསུམ་བསྲུང་བའི་གདམས་པ། བ་རི་ལོ་ཙཱ་བ་ཐུགས་ཤིན་ཏུ་མཉེས་པའི་གདོང་བཟློག་ཐུག་ཕྲད་རཀ་ཀྲ་མཱ་ར་མ་གཉིས་ཀྱི་བརྒྱུད་པ་ནི། དཀར་པོ་ཀུན་དགའ་གྲགས་པ། བླ་མ་བསམ་གྲགས་པ། དཀར་པོ་བ་བསྟན་འཛིན་ནོར་བུ། ཟུར་བསྟན་འཛིན་འགྱུར་མེད་མན་མུ་སྟེགས་སྔགས་རྒོད་ཀྱི་དེ་དང་གཅིག་གོ །ནམ་མཁའི་དབྱིངས་སུ་སྤྲིན་ཚོགས་འདུས་ནས་གཏོར་སྔགས་གསེར་ཞོ་རེའི་བཀའ་རྒྱ་མ།


GLG002_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

སེར་བསྲུང་ཤིང་གི་རལ་གྲི་མ་གཉིས་ཕ་ཇོ་དུང་ངུ་བར་རིག་འཛིན་འཕྲིན་ལས་ལྷུན་གྲུབ་ཀྱིས་གསན། དེ་ནས་གཏེར་བདག་གླིང་པ། དེས་བདག་ལའོ། ༈ །གཤིན་རྗེ་ནག་པོའི་ཐོག་སེར་བསྲུང་བའི་མན་ངག་གི་ལས་མཐའ་ལ་ལས་མཁན་མོན་པ་ནག་པོས་སེར་སྲི་མནན་ཅིང་སེར་ལམ་གཅོད་པ་སྦལ་གཟུགས་ལ་བརྟེན་པ། གཡག་གྲུས་རོག་པོའི་རྭ་གཡས་པར་བརྟེན་ནས་སེར་བ་བསྲུང་བ་གཤིན་རྗེ་ཆུ་ཐིག་གི་རྒྱུད་ནས་བཏུས་པ། ཟློག་བྱེད་གུར་ནག་རྒྱུད་ནས་གློ་བུར་སྐད་ཅིག་ལ་སེར་བ་བསྲུང་བ་སྒྲུབ་པ་བུམ་འཁྱིལ་མ་བྲམ་ཟེ་ནག་པོས་སློབ་དཔོན་པདྨ་ལ་ཕུལ་བ། འགོར་ཨོཾ་པ་ལིའུ་ཤན་ཞེས་ཡོད་པའི་སེང་ཁོག་མས་སེར་ལམ་གཅོད་ཐབས། ཁྱི་ཐོད་ལ་བརྟེན་ནས་སེར་བ་གཅོད་ཅིང་སེར་སྲི་མནན་ཐབས་འཁོར་ལོ་མུ་ཁྱུད་གསུམ་པའི་ཁ་སྒྱུར་ལུགས་དང་བཅས་པ་རྣམས་ཉང་ཡབ་སྲས་ཀྱི་ཕྱག་ལེན་ཁུངས་མར་གྲགས་ཤིང་ཞལ་ངོ་མང་ཞིག་བརྒྱུད་པའི་མཐར་ཀུན་དགའ་བསྟན་འཛིན། ཀུན་དགའ་རྡོ་རྗེ། རྗེ་འཕྲིན་ལས་ལྷུན་གྲུབ། སྤྲུལ་སྐུ་གཏེར་བདག་གླིང་པ་དེས་བདག་ལའོ། ༈ །འགོར་འཇམ་དབྱངས་སྤྲུལ་པ་ཏི་པ་ཙ་ཞེས་ཡོད་པའི་གཏད་རུལ་གྭའུ་ཁ་སྦྱོར་གྱི་བརྒྱུད་པ་ནི། འདི་རཏྣ་གླིང་པའི་གཏེར་མ་ཡིན་ཚུལ་གསུང་རྒྱུན་དུ་འདུག་ཀྱང་གཏེར་གྱི་ཡོང་བབས་མི་གཅིག་པས་ཐེ་ཚོམ་གྱི་གཞིར་སྣང་། སྔགས་འཆང་ཚེ་རིང་དབང་པོ། ཟུར་ངག་དབང་ཕུན་ཚོགས། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ལའོ།། ༈ བདུད། བཙན། ཀླུ། ས་བདག་རྒྱལ་པོ་ཐེ་བྲང་རྣམས་ཀྱི་གཏའ་བསྡམ་པ་དང་། སྟག་པ། ཤུག་པ། སྐྱེར་པ་གསུམ་གྱི་ཕུར་


GLG002_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལ་བརྟེན་ནས་བཙའ་བསྲུང་བའི་བརྒྱུད་པ་ནི། སྔགས་འཆང་ལེགས་མཆོག་པ། ཟུར་ངག་དབང་ཕུན་ཚོགས། སྤྲུལ་སྐུ་གཏེར་སྟོན་ཆེན་པོ། དེས་བདག་ལའོ། ༈ །སློབ་དཔོན་ཀླུ་སྒྲུབ་ནས་བརྒྱུད་པའི་ཆར་འབེབས་མཛོ་རུ་མའི་ལུང་ཕྱག་བཞེས་མནོས་པའི་བརྒྱུད་པ་གོང་མ་རྣམས་མ་རྙེད། ཆོས་རྒྱལ་འབྲི་གུང་པ་རིན་ཅེན་ཕུན་ཚོགས། སྣང་གསལ་བ་བཀྲ་ཤིས་རྒྱ་མཚོ། རྗེ་དུ་མ་རང་གྲོལ། ངག་དབང་ཡེ་ཤེས་གྲུབ་པ། ཟུར་ཐམས་ཅད་མཁྱེན་པ། དེས་བདག་ལའོ། ༈ །རྒྱལ་བསྲུང་ཉ་མཆུ་མ་དང་ཤིང་སྣ་དྲུག་གིས་བསྲུང་བའི་མན་ངག་གི་ཟུར་རྩ་བའི་བླ་མ་ལ་ཞུས་ཤིང་། དེས་ངག་དབང་ཡེ་ཤེས་གྲུབ་པར་གསན། དེ་ཡན་མ་རྙེད། བླ་མ་གཤོང་ཆེན་བསྟན་པའི་རྒྱལ་མཚན་གྱི་དག་སྣང་དུ་བྱུང་བའི་ཚེ་སྒྲུབ་ནམ་མཁའ་ཟ་བ། ཅོང་ཞིའི་བཅུད་ལེན། ཚེ་བཀྲ་བརྟག་པ་གསུམ་གྱི་བརྒྱུད་པ་ནི། རིག་འཛིན་ཀུན་བཟང་རྣམ་རྒྱལ། ཟུར་ངག་དབང་ཕུན་ཚོགས། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ལའོ། ༈ །གནུབས་ཀྱིས་གཤིན་རྗེ་ནག་པོའི་རྒྱུད་ནས་ཕྱུང་བའི་ཕུག་རོན་གྱི་སྒོ་ང་དང་རྔ་མོ་མགོ་གཅིག་ལ་བརྟེན་ནས་ལྟས་ངན་བཟློག་པ་དང་། མགོ་གསུམ་ལ་བརྟེན་ནས་བཟློག་པ། ཇོ་བོ་ཆེན་པོ་ནས་བརྒྱུད་པའི་རིགས་བསྲུང་ཨ་ལི་མ་རྣམས་ཀྱི་བརྒྱུད་པ་ནི། སྤྲུལ་སྐུ་བསྟན་འཛིན་ནོར་བུ། ཟུར་ངག་དབང་ཕུན་ཚོགས། རྗེ་ཁྲ་ཚང་པ། དེས་བདག་ལའོ། །


GLG002_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ཆེན་པོས་མངའ་བདག་དང་ཇོ་མོ་ལ་གནང་བའི་བྱས་པ་བཤིག་པའི་མན་ངག་འགོ་ན་ཨོཾ་དང་མཇུག་ན་སྭཱ་ཧཱ་མེད་པ་ཡིག་འབྲུ་བཅུ་བཞི་པའི་བརྒྱུད་པ་ནི། སྔགས་འཆང་ལེགས་མཆོག་པ། ཟུར་ངག་དབང་ཕུན་ཚོགས། རྗེ་ཁྲ་ཚང་པ། དེས་བདག་ལའོ། ༈ །རྒྱ་གར་གྱི་དུར་ཁྲོད་རཥྨི་ཤ་རར་རྡོ་རྗེ་ཕག་མོས་ཐང་སྟོང་རྒྱལ་པོ་ལ་གནང་བའི་རིམས་བསྲུང་འགོར་ཧ་རི་ཎི་ས་ཡོད་པ་རྫས་བཞི་མ། རྫས་ལྔ་ལ་བརྟེན་པའི་གཉན་གཟེར་གྱི་བསྲུང་བ་གཉིས་ཀྱི་བརྒྱུད་པ་ནི། ཆོས་བདག་ཕག་ཞལ་ཅན། གྲུབ་ཐོབ་ཐང་སྟོང་རྒྱལ་པོ། འཇམ་དབྱངས་ནམ་མཁའ་ལེགས་པ། མཁས་གྲུབ་ཤཱཀྱ་བཤེས་གཉེན། ཕ་རྒོད་རྒྱལ་མཚན་དཔལ། རྗེ་བཙུན་གཤོང་ཆེན་པ། འདི་ཡན་ཆིག་བརྒྱུད། ཐུགས་སྲས་བསམ་གཏན་རྒྱལ་མཚན། ཟུར་ངག་དབང་ཕུན་ཚོགས། རྗེ་ཁྲ་ཚང་པ། དེས་བདག་ལའོ། ༈ །གཉིས་པ་ཟབ་པ་གཏེར་མའི་སྐོར་ལ། ཐང་ཡིག་ཏུ་གཏེར་སྟོན་ཕལ་ཆེར་གྱི་ལུང་བསྟན་མཚན་སྨོས་རྣམས་ཀྱང་ལས་ཙམ་ལས་གོ་རིམ་དེས་སྦྱར་རུང་དུ་མི་འདུག་པ་དགོས་པའི་དབང་གིས་གབ་དཀྲུགས་སུ་མངོན་ཞིང་། ཆོས་འབྱུང་རྣམས་སུ་ཡང་དཔྱད་བཟོད་མི་བཟོད་སྣ་ཚོགས་སྣང་ལ། ཁྲི་སྲོང་རྣམ་སྤྲུལ་དཔལ་བཀྲ་ཤིས་སྟོབས་རྒྱལ་གྱིས་མཛད་པའི་སྤྲུལ་སྐུ་གཏེར་སྟོན་གྲངས་ངེས་ཀྱི་གསོལ་འདེབས་ཐུགས་རྗེའི་ཉིན་འབྱེད་ལ་སྔ་ཕྱིའི་གོ་རིམ་མ་མཛད་པར་མཚན་དང་ཆོས་སྐྱེ་བརྒྱུད་སོགས་གང་འཚམ་སྡེ་ཚན་དུ་བསྡོམས་པར་གནང་བའི་གོ་རིམ་གྱི་དབང་དུ་བྱས་ཏེ་གསོལ་འདེབས་ལས། གུ་རུ་པདྨ་སིདྡྷི་ཧཱུྃ། སྐུ་གསུམ་བརྒྱུད་པ་དྲུག་ལྡན་དམ་པའི་ཆོས། །ཟབ་ཁྱད་


GLG002_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་མར་ཡོངས་གྲགས་མཁའ་འགྲོ་མའི། །ཞལ་ལུང་གཟི་བྱིན་དྲོད་རླང་ཐོལ་ལེ་བ། །སྩོལ་མཁས་རིག་འཛིན་རྩ་བརྒྱུད་བླ་མར་འདུད། །ཅེས་པའི་གཏེར་སྟོན་སངས་རྒྱས་བླ་མའི་གཏེར་ཆོས་ནི་ཤིན་ཏུ་དཀོན་པར་འདུག་པས་སྔར་ཕན་མ་རྙེད། གསོལ་འདེབས་ལས། ཨོ་རྒྱན་སྤྱན་སྔར་གྲུབ་པའི་སྙིང་པོ་ཞེས། །རྣམ་འཕྲུལ་འོད་དཀར་རྨ་བྱའི་མདོངས་མཐའ་ཅན། །རིག་གནས་ཀུན་གྱི་སྒོ་འབྱེད་ལམ་བཟང་བརྙེས། །རྡོར་འབུམ་ཆོས་ཀྱི་གྲགས་ལ་གསོལ་བ་འདེབས། །ཞེས་པའི་གསོལ་འདེབས་ཀྱི་ཡུལ་འདི་ནི་རང་གཏེར་ལས། བོང་ཐུང་ག་ལི་རྐན་སོ་ཅན། འོད་དཀར་རྨ་བྱའི་མདོངས་ཅན་གྱིསཿ བློ་གསལ་རི་བོང་ལོ་ལ་འདོནཿ ཞེས་ལུང་བསྟན་དང་མཐུན་པར་སྤྲུལ་པའི་གཏེར་སྟོན་རྡོར་འབུམ་ཆོས་ཀྱི་གྲགས་པས་ཁོང་པའི་ནང་གི་སྙིང་ངམ་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་དཔེ་དང་སྦྱར་བ་བདུད་རྩི་བུམ་ཆེན་གྱི་ཤོག་སེར་ཕལ་ཆེར་བྱང་སྤྲ་དུན་རྩེའི་དྲེགས་པ་ཟིལ་གནོན་གྱི་ཐུགས་ཀ་ནས་སྤྱན་དྲངས་ཤིང་། ཁ་སྐང་ཟུར་བཀོལ་དུ་སྦས་པ་འགའ་ཞིག་བྱམས་སྤྲིན་རྡོ་སྐུའི་འོག་ནས་བཏོན་པའི་དབང་ལུང་གི་རིམ་པ་ནོས་པར། ཐོག་མར་དཔའ་བོ་གྱད་ལྔའི་དང་པོ་སྣོད་རུང་དབང་གི་གྱད་གཏེར་བྱོན་ལ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱི་ལྗགས་བསྒྲིགས་སྨིན་བྱེད་དབང་གི་ཆུ་རྒྱུན་གྱི་སྟེང་ནས་གནས་ལྔར་དབང་བསྐུར་དངོས་དང་སོ་སོའི་མཐའ་ཅན། རྟེན་བརྟེན་པ་སྒོམ་པ། སྔགས་བཟླས་རླུང་སྦྱོར། ཀ་དག་ངོ་སྤྲོད། བྱུག་པ། བསྲུང་བ་གདགས་པ་སོགས་ཀྱི་ཕྱག་ལེན་


GLG002_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་མེད་རིག་འཛིན་བརྒྱུད་པའི་ལུགས་སྲོལ་ཆད་མེད་ལེགས་པར་ཐོབ། རྒྱབ་རྟེན་ལུང་གི་སྐོར་ལ། ཕྱི་ལྟར་དཀར་ཆག་ཏུ་བསྟན་པ་རྩ་བ་མ་ཡིག་གི་སྐོར། ནང་བར་ཐེམས་ལྟར་བསྟན་པ་དགོངས་འགྲེལ་མདེ་ཐུང་སོགས་བུ་ཡིག་གི་སྐོར། དཀར་ཆག་དང་བར་ཐེམས་ལས་དངོས་སུ་མ་གསལ་བ་ཐེམས་མེད་ཀྱི་སྐོར། དེ་དག་ཉམས་སུ་ལེན་པ་ལ་ཉེ་བར་མཁོ་བ་དགོངས་གཏེར་གྱི་སྐོར་དང་བཞི། དང་པོ་ནི། གཏེར་གཞུང་དཀར་ཆག་ལས། གདམས་པ་བདུད་རྩིའི་བུམ་པ་ལ། །རྒྱུད་གསུམ་གྱད་ལྔ་སྲོག་གཏེར་གྱད། གསང་མཛོད་འབྱེད་པའི་ལྡེ་མིག་ལྔ། །མཁའ་འགྲོ་གསང་བའི་སྙིང་ཁྲག་གཅིག །ཅེས་པ་ལྟར། རྒྱུད། གྱད་ལྔ། སྲོག་གཏེར། གསང་མཛོད་ལྡེ་མིག །མཁའ་འགྲོ་གསང་བའི་སྙིང་ཁྲག །ཡན་ལག་དང་དྲུག །དང་པོ་ལ་འཆི་མེད་བདུད་རྩི་བུམ་པ་རྩ་རྒྱུད་གཞུང་ཡན་ལག་བརྒྱད་པ་ལེའུ་བཅུའི་བདག་ཉིད་ཅན། དོན་སྐོར་གསུམ་པ་ཞེས་བྱ་བ་འཇམ་དབྱངས་ཀྱི་ཐུགས་བཅུད་བརྟག་པ་སྤྱི་དང་ཁྱད་པར་དོན་རྟགས་གསུམ་དུ་མདོར་བསྡུས་པའི་རྩ་རྒྱུད་དང་དེའི་བཤད་རྒྱུད་སྔོན་འགྲོ་དངོས་གཞི་རྗེས་གསུམ་སྤྱི་བྱེ་བྲག་སོ་སོར་བསྟན་པ་སྣང་གསལ་ཉི་མའི་དཀྱིལ་འཁོར་ཏེ་རྩ་བཤད་འདི་གཉིས་རྒྱུད་གཅིག་ཏུ་བྱས་པ། གསང་བདག་གི་ཐུགས་བཅུད་ཕྱི་ནང་གསང་བ་བཟླས་སྔགས་བསྲུང་ཐབས་སྦྱིན་སྲེག་གཏད་རྒྱར་བཅས་པ་བཤད་རྒྱུད་གནམ་ལྕགས་རྡོ་རྗེའི་ཁྲབ་རིང་ཞེས་བྱ་བ་རྣམས། གཉིས་པ་གྱད་ལྔ་ཞེས་པ་དང་པོ་སྣོད་རུང་དབང་གི་གྱད་ནི། གཏོར་མའི་གཤོམས་དང་བདག་མདུན་དབང་ཚོགས་གཏོར་བསྔོ་ཕན་


GLG002_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་རྣམས་རྩ་བ་མདོར་བསྡུས་པ་བུམ་པ་འདེབས་པའི་གྱད། ༈ གཉིས་པ་མ་ལས་ལྷག་པ་བུའི་གྱད་ལ། ནང་གསེས་ཀྱི་དང་པོ་བསྲུང་བ་དང་གསོ་བའི་ཐབས་རྣམ་པ་ལྔས་བྱིན་ལོག་ལས་རྣམ་པ་རྒྱལ་བ་མ་ལས་ལྷག་པའི་བུ། གཉིས་པ་བསྲུང་བའི་ཞལ་འཕང་དང་བརྟག་ཐབས་གཉིས་བཅོས་ཐབས་བཞིས་གཟེར་ཐུང་ལས་རྣམ་པར་རྒྱལ་བཞི་སྦྱོང་སྦྲགས་མ་མ་ལས་ལྷག་པའི་བུ། གསུམ་པ་ཁྱད་པར་དམིགས་པས་བསྲུང་བ་རྟགས་གསུམ་བཅོས་ཐབས་སྨན་དཔྱད་ཟས་སྤྱོད་རྣམས་ཀྱིས་ལྷོག་པ་ལས་རྣམ་པར་རྒྱལ་བ་འབུར་འཇོམས་ཞི་སྤྱོད་སྦྲགས་མ་མ་ལས་ལྷག་པའི་བུ། བཞི་པ་ཐུན་མོང་རྫས་བསྲུང་བརྟག་པ་སྤྱི་བྱེ་བྲག་གནས་རིགས་དབྱེ་བ་བཅོས་ཐབས་སྨན་དཔྱད་ཟས་སྤྱོད་སྔགས་རྣམས་ཀྱིས་གག་པ་ལས་རྣམ་པར་རྒྱལ་བ་ཞི་སྦྱོང་སྦྲགས་མ་མ་ལས་ལྷག་པའི་བུ། ལྔ་པ་རིགས་གསུམ་བསྲུང་ཐབས་ཕྱི་ནང་གསང་བ་འཁྲུ་མདོག་བཅུ་དང་བརྟག་པ་བཞི་གསོ་ཐབས་རྣམ་གསུམ་ལུས་ཟུངས་གསོས་ཏེ་རྒྱུ་གཟེར་ལས་རྣམ་པར་རྒྱལ་བ་ཞི་སྦྱོང་སྦྲགས་མ་མ་ལས་ལྷག་པ་བུའི་རྩ་བ། དྲུག་པ་རྒྱུ་རྐྱེན་རྟགས་རིགས་བཅོས་ཐབས་ལོག་གནོན་བསྲུང་བ་སྐམ་ས་རྗེས་སུབ་རྗེས་གཅོད་ཕྱིར་མི་ལྡོག་པ་གཏར་ཁས་བཅོས་པ་རྣམས་ཀྱིས་འབྲུམ་བུ་ལས་རྣམ་པར་རྒྱལ་བ་མ་ལས་ལྷག་པའི་བུ། བདུན་པ་ངོས་འཛིན་བཅོས་ཐབས་སྙིང་པོར་དྲིལ་བ་བེག་གེའི་ནད་ལས་རྣམ་པར་རྒྱལ་བ་མ་ལས་ལྷག་པའི་བུ། འདི་རྣམས་ལ་བུའི་མིང་ཐོགས་ཀྱང་དོན་མ་ཡིག་གི་ཁོངས་སུ་བསྡུ་བ་ཡིན། ༈ གསུམ་པ་ཡང་གསང་སྦས་པ་


GLG002_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་ཀྱི་གྱད་ནི། སྤྱན་རས་གཟིགས་ཀྱི་ཐུགས་བཅུད་ཅོག་འགྱེལ་ནག་པོ་གསུམ་འདྲིལ་བཅོས་ཐབས་མདོར་བསྡུས་པ་འཆོར་བ་མེད་པའི་སྨན་དཔྱད་ལག་ལེན་བདུད་རྩི་བུམ་པའི་སྙིང་པོ་སྨན་གྱི་གཏོང་ཐབས་དང་བཅས་པ་གསལ་བའི་སྒྲོན་མ། བཞི་པ་འཆི་མེད་གྲུབ་པ་སྲོག་གི་གྱད་ནི། ཧ་ལ་ལྕོག་འགྱེལ་ཞེས་བྱ་བའི་ནད་གདོན་བཅོས་ཐབས་རྒྱལ་དབང་པདྨའི་མགུར་ལས་སྲོག་གཏེར་ཆེན་པོའི་སྦྱོར་བ་ཉེ་བའི་རྒྱུ་རྐྱེན་རྩ་མཆུ་མཐོང་བ་ཡུལ་ཐོས་པ་སྒྲ་གསང་རྟགས་དྲུག་ངོས་འཛིན་འཕྲུལ་གྱི་མེ་ལོང་བཅོས་ཐབས་བསྡུ་བསང་སྦྱང་བ་སྡོང་ཟླ་བསད་པ། ལྔ་པ་གསང་བ་སྙིང་ཁྲག་གདམས་པའི་གྱད་ནི། རབ་གནས་བདུད་རྩི་སྨན་སྒྲུབ་རྒྱུན་མཆོད་གཤོམས་སོགས་སྔོན་འགྲོ་དང་ཁྲོལ་བུ་ཕྱེ་མ་རིལ་བུ་སོགས་དངོས་གཞི་དང་རྗེས་གསོ་བསྲུང་ཕན་ཡོན་རྣམས། རྩ་བའི་གསུམ་པ་སྲོག་གཏེར་གྱི་གྱད་ནི། དེ་སྐད་དུ། ལོག་གནོན་སྲོག་གི་ཀ་ཆེན་འདི། །གུད་དུ་བཀོལ་བའི་བརྒྱུད་ཅིག་ཡིན། །ཞེས་པ་ལོག་གནོན་ཆིངས་ཀྱི་ཤོག་དྲིལ་མཁའ་འགྲོའི་ལུང་བསྟན་ཡང་གསང་སྲོག་གི་ཀ་ཆེན་གསུམ་སྒྲིལ་རྟ་ཞོན་འཇུག་སྒོ་འགྲིམས་གསང་གནས་ཡུལ་རྫོང་བསྲུང་རྟགས་གསོ་བ་འཆི་འཆོའི་བརྟགས་རྫས་རྣམས་ཚང་བ་བརྒྱུད་འཛིན་རེ་རེར་མཐར་ཐོན་པར་ཤོག་ཅིག་པའི་སྨོན་ལམ་དང་བཅས་པ། རྩ་བའི་བཞི་པ་གསང་མཛོད་འབྱེད་པའི་ལྡེ་མིག་ལྔའི་དང་པོ་གསང་མཛོད་སྒོ་འབྱེད་གཏེར་སྲུང་ལ་གདམས་གཏད། གཉིས་པ་གཅེས་པ་བཅོ་བརྒྱད་དང་བསྔགས་པ་དགུའི་བསྡུས་དོན་ཁོག་འབུབ་གསུམ་པ་ལས་ཀྱི་མཐའ་བསྒྱུར། གཟུག་གཟེར་གཅག་


GLG002_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྡེ་མིག །བཞི་པ་ལུང་པ་འགྱུར་དུ་མ་འདོད་ན་འཁྲུལ་འཁོར་ཆེན་མོའི་སྦྱོར་བ་གདམས་པ་གནད་ཀྱི་ཡིག་ཆུང་གསང་སྒོ་འབྱེད་པའི་ལྡེ་མིག །ལྔ་པ་འཁོར་ལོའི་ལྡེ་མིག་གནད་ཀྱི་ཉིང་ཁུ་བཅུས་བསྟན་པ། རྩ་བའི་ལྔ་པ་མཁའ་འགྲོ་གསང་བའི་སྙིང་ཁྲག་ནི། གླེང་གཞི་རྒྱུ་རྐྱེན་དབྱེ་བ་བརྟག་པ་བཅོས་པ་སྨན་དཔྱད་རྩ་རྒྱུགས་ཚ་བ་གྲང་བ་ལུས་ཟུངས་མཁྲིས་གསུམ་ཤ་གཡའ་སྟེ་ལེའུ་བཅུ་གཉིས་སྡོམས་དང་བཅས་པ་གཡའི་བདུད་རྩི་མ་ལྷ་མོའི་ཁྲག་དར་ཡ་ཀན་ཞེས་བྱ་བ་བུམ་པ་འདེགས་པའི་གྱད། དེའི་ཞར་བྱུང་མཁའ་འགྲོའི་སྙིང་ཁྲག་དྲུག་ཤིན་ཏུ་གཅེས་པའི་ཡང་སྙིང་ལྷ་མོའི་སྙིང་ཁྲག་འབྱེད་པའི་ལྡེ་མིག་རྣམས། རྩ་བའི་དྲུག་པ་ཡན་ལག་ནི། ཡང་གསང་སྦས་པའི་མཛོད་ཆེན་ལ། དཔའ་བོ་གྱད་ཀྱི་རལ་སྐོར་ཡོད། ཅེས་གོང་དུ་བསྟན་པའི་གྱད་ལྔའི་ནང་ཚན་གྱད་གསུམ་པའི་ཡན་ལག་སྒོ་བསྲུང་གི་ཚུལ་དུ་ལོག་གནོན་གྱད་ཀྱི་སྦྱོར་བ་རླུང་མཁྲིས་བད་ཀན་ཁྲག་གྲང་བ་སྲིན་བུ་འདུས་པ་སོགས་གཉེན་པོ་སྦྱོར་བ་ཁྲག་འཐུང་པདྨ་རྒྱལ་པོས་ཡུམ་ལ་ཆིག་ཆོད་དུ་གཏད་རྒྱར་སྦས་བཅོལ་བཀའ་ཟབ་རྒྱས་བཏབ་སྨོན་ལམ་དང་བཅས་པ་གནམ་ལྕགས་གྱད་ཀྱི་རལ་སྐོར་ཞེས་བྱ་བ་གཏེར་སྲུང་རྒྱལ་པོ་སྡེ་བཞི་དང་ཡང་ལེ་བེར་ལ་གཏད་པའི་སྨོན་ལམ་དང་བཅས་པ། ལག་ལེན་བདུད་རྩིའི་འཕྲེང་བ་ཡོད་ཅེས་པ་གྱད་ལྔའི་ནང་ཚན་བཞི་པའི་ཆ་ལག་ཏུ་ཧ་ལ་ཅོག་འགྱེད་བཅོས་ཐབས་ཆིག་རྒྱུད་ཐབས་ཤེས་མཆོག་གསུམ་དཔའ་བོ་བཞི་ཁྱུང་ལྔ་དཀར་པོ་དྲུག་གྷི་ཧཾ་བདུན་དྲི་ལྡན་བརྒྱད་སེར་པོ་


GLG002_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་སྦྱོར་སྤྱི་དོན་བརྒྱད་ཀྱི་མཐར་ཐུག་པ་བདུད་རྩི་རིལ་བུའི་འཕྲེང་བ་མཁར་ཆེན་བཟའ་ལ་གདམས་པ་འདི་ཡན་གྱིས་མ་ཡིག་དཀར་ཆག་གི་ཚིག་གིས་ཟིན་པ་རྣམས་རྫོགས་ནས། རྩ་བའི་གཉིས་པ་ནང་བར་ཐེམས་ལྟར་བསྟན་པ་དགོངས་འགྲེལ་མདེ་ཐུང་སོགས་བུ་ཡིག་གི་སྐོར་ལ། སྤྱི་དང་ཁྱད་པར་གཉིས། དང་པོ་སྤྱིར་བསྟན་པ་ལ། བཤད་རྒྱུད་ཀྱི་སྦྱིན་སྲེག་རྩ་ཚིག་རྐང་པ་བཅུའི་འགྲེལ་པ་ཇོ་མོས་མཛད་པ། རྒྱུ་གཟེར་བསྲུང་བ་ཕྱི་ལྷ་སྔགས་གསང་བ་བསྲུང་བ་རྒྱས་བསྡུས་ནང་སྨན་སྔགས་བཅོས་ཐབས་རྩ་ཚིག་གི་མཇུག་རྒྱུ་གཟེར་ལས་རྣམ་པར་རྒྱལ་བ་ཞི་སྦྱོང་སྦྲགས་མའི་འགྲེལ་པ། བུ་ཡིག་ལ་ནང་གསེས་ཀྱི་གྱད་ལྔར་ཕྱེ་བའི་དང་པོ་གཏེར་སྟོན་ལ་ཞལ་གདམས་བདག་འཇུག་གི་དོན་དང་བཅས་པ། གྱད་གཉིས་པ་བྱིན་ཆུང་གསོ་བ་འཕྲུལ་གྱི་ཡང་ཞུན་གྱི་མདེ་ཐུང་ཞེས་བྱ་བ། གྱད་གསུམ་པ་བདུད་རྩི་སྲོག་གཏེར་ཆེན་པོ་དཔའ་རྒོད་ལོག་གནོན་འཆི་བ་བླུ་བྱེད། གྱད་བཞི་པ་ཆུ་ལ་བརྟག་པ་དེའི་སད་མདའ་གདོན་ངོས་འཛིན་པའི་གདམས་པ་དང་བཅས་པ། གྱད་ལྔ་པ་ལྷ་དགུའི་སྦྱོར་བ་རིལ་ལུ་བྱུག་པ་ཕུར་མ་གསུམ་གྱི་གཅེས་པའི་ཤོག་དྲིལ། རྫས་ལ་ནུས་པ་བསྐྱེད་པ་དཔའ་བོའི་གོ་ཆ་རབ་གནས་མངའ་གསོལ་གྱི་མདེ་ཐུང་སྲོག་གི་ཀ་ཆེན་ལ་ནང་གསེས་ཀྱི་མདེ་ཐུང་དགུ་ཡོད་པའི་དང་པོའི་ནང་དུ་ཟུག་གུ་གཟུད་པའི་མདེ་ཐུང་། གཉིས་པ་ཕུར་མས་བསྲུང་བའི་མདེ་ཐུང་། གསུམ་པ་དབྱུག་པས་བསྲུང་བའི་མདེ་ཐུང་། བཞི་པ་ཀླད་གཟེར་རྟགས་འཆོས་འཚོ་འཆི་བརྟག་ཐབས་དང་


GLG002_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་གསལ་བྱེད་ཉི་མའི་སྙིང་པོ་ཐུན་མོང་མ་ཡིན་པའི་མདེ་ཐུང་། ལྔ་པ་སྟོད་བབས་ཀྱི་གཟེར་ཐུང་བཅོས་ཐབས་བསིལ་བྱེད་ཟླ་བའི་བདུད་རྩི་ཞེས་བྱ་བའི་མདེ་ཐུང་། དྲུག་པ་སྨད་བབས་ཀྱི་རྒྱུ་གཟེར་རྒྱ་ནད་དང་བཅོས་པའི་མདེ་ཐུང་། བདུན་པ་གག་པའི་བཅོས་ཐབས་གག་ཁྲག་སྐྱུགས་ཀྱི་མདེ་ཐུང་། བརྒྱད་པ་ལྷོག་པའི་བཅོས་ཐབས་ཚིག་དོན་བཅུ་བཞི་པ་དངོས་སུ་གསད་བའི་མདེ་ཐུང་། དགུ་པ་བསྲུང་བ་མེ་ཀློང་ཐོད་པའི་མདེ་ཐུང་། མ་དང་འདྲ་བའི་བུ་བརྒྱད་ཀྱི་ཤོག་དྲིལ་ལ་ནང་གསེས་ཀྱི་དང་པོ་ཚད་རིམས་ཆམ་པའི་ནད་བདག་མོའི་སྲོག་སྔགས་བསྲུང་བའི་མདེ་ཐུང་། གཉིས་པ་རྒྱ་ནས་རྒྱུ་གཟེར་ནད་བདག་མོའི་སྲོག་སྔགས་བསྲུང་བའི་མདེ་ཐུང་། གསུམ་པ་འབྲོས་བཞི་བྱིན་ཆུང་ནད་བདག་མོའི་སྲོག་སྔགས་བསྲུང་བའི་མདེ་ཐུང་། བཞི་པ་རྒྱ་ནད་མིག་སེར་ནད་བདག་མོའི་སྲོག་སྔགས་བསྲུང་བའི་མདེ་ཐུང་། ལྔ་པ་ས་ནད་གག་ལྷོག་ནད་བདག་མོའི་སྲོག་སྔགས་བསྲུང་བའི་མདེ་ཐུང་། དྲུག་པ་འབྲུམ་ནག་གོ་ཤོལ་ནད་བདག་མོའི་སྲོག་སྔགས་བསྲུང་བའི་མདེ་ཐུང་། བདུན་པ་ཐབས་ཤེས་ཉི་ཟླ་འཁོར་ལོར་འདྲི་བའི་མདེ་ཐུང་། བརྒྱད་པ་མཚོ་རྒྱལ་ལ་གདམས་པའི་མདེ་ཐུང་། སྙིང་ཁྲག་གི་དགོངས་པ་ལ་གབ་པ་གཏེར་གྱི་ཡང་ཞུན་རུས་དར་ཡ་ཀན་ཞེས་བྱ་བ་གླིང་གཞི་སྤྱི་སྡོམ་མཚན་ཉིད་བཅོས་ཐབས་ལེའུ་བཞིར་ཕྱེ་བ། གླིང་གཞི་ཆུང་གསུམ་བསྐྱེད་པ་རང་བསྲུང་སྒོ་འབྱེད་དེ་དྲུག་ཏུ་འདུས་པ་ཤ་དར་ཡ་ཀན་ཞེས་བྱ་བ། ཟླ་ཟིལ་དར་ཡ་ཀན་ཞེས་པ་གླེང་གཞི་རྩ་སྦྱོང་བསྲུང་བ་ནད་སེལ་ཚེ་སྒྲུབ་སྟེ་ལེའུ་


GLG002_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ཏུ་ཡོན་ཏན་བརྗོད་པ། གྱད་ཀྱི་རལ་སྐོར་གྱི་ཆ་ལག་ཏུ་གཏོགས་པ་ནང་གསེས་ཀྱི་དང་པོ་དོན་སྣོད་ཁ་འཛིན་དུ་བསྡེབས་པ་ཡང་གསང་སྦས་མཛོད། གཉིས་པ་འཛུམ་ཁ་རྩེག་འཆེས་པ་བརྟག་ཐབས་གསོ་བ་སྤྱོད་ལམ་བསྟན་པ་སྙིང་པོ་བདུད་རྩི་འཆི་མེད། གསུམ་པ་ཁོག་འབུབ་རྩ་ཆིངས། བདུད་རྩི་འཕྲེང་བ་བཞི་ལ་དར་འདོགས་ཀྱི་གདམས་པ་བདུད་རྩི་རྦ་ཀློང་ལ་ནང་གསེས་ཀྱི་དང་པོ་གསོ་བ་དྲག་པོ་ཀུན་འདུལ། གཉིས་པ་སྲོག་འཛིན་འཆི་མེད་ཀྱི་སྦྱོར་བ་དཔའ་བོ་བདུན་སྦྱོར་གཉན་ནད་འཇོམས་པའི་བདུད་རྩི། གསུམ་པ་བད་ཀན་གྲང་རིམས་བརྟག་འཆོས་བདུད་རྩི་འཆི་གསོས། བཞི་པ་མི་རྟ་ཆ་གཅིག་ཁ་འཛིན་དངུལ་ཆུའི་སྡེབས་སྦྱོར། ལྔ་པ་མཁྲིས་པ་རླུང་གྱུར་གསོ་ཐབས་ཐུན་མོང་མ་ཡིན་པའི་ནོར་བུ། དྲུག་པ་ཁོང་ལྷོག་ནག་པོ་ཅོག་འགྱེལ་ལོག་གནོན་རྒྱུ་རྐྱེན་བརྟག་གསོ་ཕྲད་ཤོག་གི་མཐའ་ཅན་མཁན་དྷ་གྭའུ་མ་སྟེ། སྡེ་བརྒྱད་ལ་གཏེར་དུ་གཏད་པ། གཉིས་པ་ཁྱད་པར་སྦས་དོན་གྱི་སྐོར་ནི། ཨོ་རྒྱན་ཆེན་པོས་མངའ་བདག་ལ་གདམས་པ་བསམ་ཡས་བཞེངས་ནས་ཞེས་སོགས་གླེང་གཞི་ནས་བཟུང་སྟེ་སྡེ་ཚན་གཅིག་ཏུ་སྤྱི་བྱེ་བྲག་ཁྱད་པར་གསུམ་དུ་ཕྱེ་ནས་གསུམ་བརྟག་པ་ཕྱི་ནང་གསང་བའི་བསྲུང་ཐབས་གསོ་ཐབས་ལ་རྩ་བ་ཡན་ལག་ཁ་འཛིན་ལོག་གནོན་དང་མཐར་སྨོན་ལམ་ཕྲད་ཤོག་དང་བཅས་པ། རྩ་བའི་གསུམ་པ་དཀར་ཆག་བར་ཐེམས་ལས་དངོས་སུ་མ་གསལ་བ་ཐེམས་མེད་སྐོར་ལ། གྱད་བཞིའི་དཔོན་པོ་ལུས་སྲོག་བསྲུང་བའི་གོ་ཆ་ཆིག་རྒྱ་ཐུབ་པ་འཁོར་ལོའི་


GLG002_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

གྱད། ཤིན་ཏུ་གཅེས་པའི་སད་མདའ་ལྔ་པོ་ཕྱི་སོ་སོ་ལེན་པ་གསུམ་དང་། མགྱོགས་པའི་རྟ་བཞི་ལ་ཚོང་ཆེན་མི་གསུམ་བསྐྱོན་པའི་གདམས་པ་ནང་ཡན་ཕུགས་ཚོལ་གྱི་ལྡེ་མིག །རྒྱལ་པོ་དྲུག །དམངས་དྲུག །བློན་པོ་གཉིས་དར་བསྐྱེད་དང་བཅས་པ་རིམས་བསྲུང་བ་ཉི་མའི་འོད་ཟེར་བུམ་པ་འདེགས་པའི་གྱད། དོན་ཏིག་ཤོག་དྲིལ་བཅུ་གསུམ་བདུད་རྩི་བུམ་པའི་སྙིང་པོ་ལ། དང་པོ་ལྷོག་པ་ཁོང་གསོད་ཀྱི་ཤོག་དྲིལ། གཉིས་པ་གཉན་ཚད་འཇོམས་པའི་ཤོག་དྲིལ། གསུམ་པ་གག་པ་སྐྱུགས་འདྲེན་གྱི་ཤོག་དྲིལ། བཞི་པ་མིང་འཆུས་སེལ་བའི་ཤོག་དྲིལ། ལྔ་པ་དམར་ཤལ་གསོ་པའི་ཤོག་དྲིལ། དྲུག་པ་བྱིན་ལོག་གསོ་བའི་ཤོག་དྲིལ། བདུན་པ་དངུལ་ཆུས་ལྷོག་པ་གསོད་པའི་ཤོག་དྲིལ། བརྒྱད་པ་སྟོད་གཟེར་གློ་ཚ་འཇོམས་པའི་ཤོག་དྲིལ། དགུ་པ་དཔའ་བོ་རྐྱང་འདེད་ཀྱིས་གག་ལྷོག་འཇོམས་པའི་ཤོག་དྲིལ། བཅུ་པ་གཞན་གྱིས་བཅོས་ཉེས་པ་ལ་སྦྱོང་གི་ཤོག་དྲིལ། བཅུ་གཅིག་པ་ལྷོག་པ་དངོས་སུ་བསད་པའི་ལོག་གནོན་ཕག་ནག་ལྕགས་འཇིབ་ཀྱི་ཤོག་དྲིལ། འདིའི་འོག་ཏུ་ཤོག་དྲིལ་གཉིས་ཀྱི་དཔེ་མ་འབྱོར་པས་མ་ཐོབ། གཉན་ནད་མ་ལུས་སེལ་བ་འཁྲུད་པ་བདུད་རྩི་ཆུ་རྒྱུན་འཆི་བ་ལས་སློང་བ་ཁྱད་པར་འཕགས་པའི་གདམས་པ། རང་བསྲུང་དང་སྦྱོང་གི་ཞལ་ཤེས་དཔའ་བོ་བཞི་སྦྱོར་གྱི་གདམས་པའི་ཆ་ལག་དང་དྲི་ཆུ་བར་པ་ལ་བརྟེན་པའི་བསྲུང་བ། སྨན་གྱི་ཕྱག་ཚད་བསྟན་པའི་མདེ་ཐུང་། ཕོ་མོ་བཅོས་ཐབས་རིགས་གསུམ་གྱི་ངོས་འཛིན་སོ་


GLG002_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

སོའི་གསོ་བྱེད་རྗེས་ཀྱི་སྤྱོད་ལམ་དང་བཅས་བསྟན་པའི་མདེ་ཐུང་། བྱིས་རིམས་བཅོས་ཐབས་འཁྲུ་ལུགས་ལྔ་གསོ་ཐབས་ལྔ་རྗེས་གཅོད་རྒྱུ་མའི་རྩིག་བསྲུང་བ་སོགས་བསྟན་པའི་མདེ་ཐུང་སྙིང་ལྟ་བུ། བྱིས་རིམས་འཆོས་པའི་ལག་ལེན་གསལ་བ་དངུལ་གྱི་མེ་ལོང་། བསིལ་སྦྱོར་ཆེན་མོ་ཚ་བ་མེ་ལྟར་འབར་བའི་གཉེན་པོ་སྙིང་ལྟ་བུའི་ཤོག་དྲིལ་ཐུན་མོང་མ་ཡིན་པའི་མདེ་ཐུང་། སྨིན་མཚམས་སུ་གཡུང་དྲུང་རིས་སྒོམ་པ་སོགས་དམིགས་པས་བསྲུང་བ་རྡོ་རྗེའི་ཁྲབ། ཧ་ལ་ཅོག་འགྱེལ་རྒྱུ་རྐྱེན་བརྟག་ཐབས་གསོ་ཐབས་གཉེན་པོ་བཞིས་བསྟན་པ་འཆི་བ་དུས་བཏབ་ངེས་པར་གསོས་པ་བདུད་རྩི་འཆི་གསོས། ཟས་དཔྱད་སྨན་གྱི་སྤྱང་ཀིའི་ངོས་འཛིན་སོགས་གདམས་པ་ལག་ཏུ་བླང་བའི་ཤོག་དྲིལ་མཐར་དར་བའི་སྨོན་ལམ་གྱི་སྒོ་ནས་རྒྱས་བཏབ་པ་རྣམས་སོ། ༈ །དེ་ཡང་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱིས། ཤིན་ཏུ་དཀོན་པའི་ཚིལ་བུ་དར་ཡ་ཀན་ཞེས་གསུངས་པའི་ཚིལ་བུ་དར་ཡ་ཀན་དང་གཞན་ཡང་ཡིག་སྣ་འགའ་ཞིག་ཡོད་ཚོད་དུ་འདུག་པ་དཔེ་མ་འབྱོར་བས་ཁོ་བོས་མངོན་སུམ་དུ་ཉམས་སུ་མྱོང་བའི་གཏེར་བྱོན་ནི་དེ་ཙམ་མོ། །རྩ་བའི་བཞི་པ་དེ་དག་ཉམས་སུ་ལེན་པ་ལ་ཉེ་བར་མཁོ་བ་དགོངས་གཏེར་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱི་ལྗགས་སྒྲིགས་ལ། ལྟ་སྒོམ་ཁ་རྒྱན་དཔག་བསམ་ལྗོན་ཤིང་། འཛབ་དགོངས་མགུལ་རྒྱན་པཉྩ་ལི་ཀ །སྦྱིན་སྲེག་ཁ་རྒྱན་རྨ་བྱའི་མདོངས། རྫས་འཁོར་གྱིས་གང་ཟག་རེ་རེ་དང་ཡུལ་ཁམས་བསྲུང་བའི་སྡོམ་དང་གཏེར་སྟོན་འབྱུང་ཚུལ་སོགས་ཡིག་སྣ་རྣམས་ནས་ཁོལ་


GLG002_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

བུར་ཕྱུང་བ་དང་། གཅེས་པ་བཅོ་བརྒྱད་ནས་ཁོལ་འདོན་མང་ཡུལ་བྱམས་སྤྲིན་མའི་ཤོག་དྲིལ་གྱི་དོན་ཟུར་གྱིས་བསྟན་པ། ཁྲབ་རིང་བཤད་རྒྱུད་དང་། འཁོར་ལོའི་གྱད་དང་ཁྱུང་དང་ཕྱག་རྒྱ་འཁོར་ལོའི་ཡང་ཏིག་ཉི་ཤུ་མདེ་ཐུང་གནད་ཀྱི་ཉིང་ཁུ་སོགས་ཀྱི་ཞལ་ཤེས་གསལ་སྒྲོན། ཆིག་རྐྱ་ཐུབ་པའི་འཁོར་ལོ་ཁྱུང་གསུམ་མའི་གྱད་ཀྱི་ཕྱག་ལེན་སྐོར། བདུད་རྩི་བུམ་པའི་འཕྲུལ་གསང་སྔགས་བྱང་མཐོང་མཆོག་མ། རྣམ་དག་དབང་གི་ཆུ་རྒྱུན་བུམ་བཅུད་མའི་དབང་ཆོག་གི་ལུང་རྣམས་ལེགས་པར་ནོས་པའི་དང་པོ་དབང་གི་བརྒྱུད་པ་ནི། རྣམ་འདྲེན་སྨན་གྱི་བླ། འཕགས་པ་རིགས་གསུམ་མགོན་པོ། ཨོ་རྒྱན་སངས་རྒྱས་གཉིས་པ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ཨོ་རྒྱན་གྲུབ་པའི་སྙིང་པོ། གཏེར་སྟོན་རྡོར་འབུམ་ཆོས་ཀྱི་གྲགས་པ། ཐུགས་སྲས་རྡོ་རྗེ་རིན་ཅེན། དེ་སྲས་རྡོ་རྗེ་མགོན་པོ། ཆ་ལུང་པ་ཆེན་པོ། དེ་སྲས་གཡུ་ཐོག་ཡོན་ཏན་མགོན་པོ། གཡུ་ཐོག་འབུམ་སེང་། བྲང་ཏི་འཇམ་དཔལ་བཟང་པོ། འཚོ་མཛད་དཀར་པོ། ཡབ་ལྷ་རིགས་འཇམ་དབྱངས་རིན་ཅེན་རྒྱལ་མཚན། མངའ་རིས་པཎ་ཆེན་རིན་པོ་ཆེ་པདྨ་དབང་རྒྱལ་རྡོ་རྗེ། རིག་འཛིན་ཆེན་པོ་ལེགས་ལྡན་བདུད་འཇོམས་རྡོ་རྗེ། ཆོས་ཀྱི་རྒྱལ་པོ་དཔལ་བཀྲ་ཤིས་སྟོབས་རྒྱལ། བྱང་བདག་རིག་འཛིན་ངག་གི་དབང་པོ་ཆོས་རྒྱལ་བསྟན་པའི་རྒྱལ་མཚན། རིགས་སྔགས་འཆང་བ་ཀུན་བཟང་དབང་པོ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་བླ་མེད་རྡོ་རྗེ་རྩལ་ལ་དགྱེས་བཞིན་


GLG002_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གནང་བའོ། །ལུང་གི་བརྒྱུད་པ་ནི། རིག་འཛིན་ངག་གི་དབང་པོ་ཉིད་ལ་ཟུར་ཐམས་ཅད་མཁྱེན་པས་གསན་པ་ཡིན་ནོ། ༈ །རྡོ་རྗེ་ཁྲབ་རིང་སྐོར་གྱི་ལུང་ནི། རྩ་བའི་བླ་མས་ཡབ་ཟུར་གཞོན་ནུ་དོན་གྲུབ་ལ་ཡང་གསན་འདུག་གོ །གསོལ་འདེབས་ལས། གུ་རུའི་བཀའ་རྣམས་བསྡུ་མཛད་མཚོ་རྒྱལ་གྱི། །སྤྲུལ་པ་ཀུན་དགའ་འབུམ་ཞེས་མ་རྒྱུད་བདག །ཇོ་མོ་སྨན་མོ་རྩོད་མེད་དངོས་གྲུབ་ལོན། །མཚན་ལྡན་མཁའ་འགྲོ་རྣམ་གཉིས་ལ་གསོལ་བ་འདེབས། ཞེས་པའི་ནང་ཚན་ཕྱི་མའི་གཏེར་ཆོས་ནི་མ་ཐོབ་ལ། སྔོན་མ་ནི། གསང་བ་ལྟར་ན་རྡོ་རྗེ་ཕག་མོ། ནང་ལྟར་ན་རྗེ་བཙུན་སྒྲོལ་མ། ཕྱི་ལྟར་ན་མ་གཅིག་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་པར་བསྟན་པ་རྒྱལ་བ་ཀུན་ཡུམ་གང་དེའི་སྤྲུལ་པ་མ་གཅིག་ཀུན་དགའ་འབུམ་གྱིས་སྤྱན་དྲངས་པའི་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་གྱི་དབང་ལུང་རྣམས་ལེགས་པར་ཐོབ་པ་ལ། སྨིན་བྱེད་དབང་། གྲོལ་བྱེད་འཁྲིད་ཀྱི་སྔོན་འགྲོ། དངོས་གཞི། མཇུག་རྒྱབ་ཆོས་དང་བཅས་པ། བསྟན་སྲུང་གི་ཆོས་སྐོར་ཏེ་ལྔ། དང་པོ་སྨིན་བྱེད་དབང་ལ་མཁའ་འགྲོ་སྡེ་ལྔའི་དབང་སོགས་ཀྱིས་ལུས་ངག་ཡིད་གསུམ་སྨིན་པར་བྱས་ནས། གཉིས་པ་གྲོལ་བྱེད་འཁྲིད་ཀྱི་སྔོན་འགྲོ་ལ། ཐོག་མར་ལོ་རྒྱུས་བྱུང་ཁུངས། སྔོན་འགྲོ་སེམས་བསྐྱེད། སྤྱན་འདྲེན། ཕྱག་འཚལ། མཎྜལ། ཡིག་བརྒྱ། བཤགས་པ་བཟོད་གསོལ། བླ་མའི་རྣལ་འབྱོར་གསོལ་འདེབས། འཆི་བ་མི་རྟག་པ་སྒོམ་པ། མི་རྟག་སྒྱུ་མའི་དཔེ་བརྒྱད། གསུམ་པ་འཁྲིད་ཀྱི་དངོས་གཞི་ལ། ཕྱི་འབྱུང་ལྔའི་


GLG002_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲིད། ལུས་སེམས་དབྱེར་མེད་ངོ་སྤྲོད་པ། སེམས་ཉིད་བརྡར་ཤ་གཅོད་པ། དུག་ལྔ་ཡེ་ཤེས་ལྔ་རུ་ངོ་སྤྲོད་པ། རྣམ་རྟོག་ཆོས་སྐུར་འཆར་བའི་འཁྲིད། ངོ་བོ་ཀ་དག་མ་བཅོས་ལྷུན་གྲུབ་ཡིད་བཞིན་ནོར་བུ་ངོ་སྤྲད་པ། གཞི་ཁྲེགས་ཆོད་གནས་འགྱུར་དབྱེར་མེད་ཆོས་ཉིད་ཀྱི་ངང་ལ་འདྲེས་པ། ཐོད་རྒལ་ལྷག་མཐོང་རང་གྲོལ་ལས་འཁྲིད། ཆོས་སྐུ་མངོན་སུམ་དུ་མཐོང་བའི་འཁྲིད། ལོངས་སྐུ་འགག་མེད་དུ་ངོ་སྤྲོད་པའི་འཁྲིད། སྤྲུལ་སྐུ་རིག་པ་སྟོང་གསལ་དབྱེར་མེད་ཡི་དམ་གྱི་ཞིང་ཁམས་སུ་ངོ་སྤྲོད་པ། སྒྱུ་ལུས་ཚོགས་འཁོར་དུ་འཁྱེར་བ། རྨི་ལམ་འོད་གསལ་དུ་འཁྱེར་བ། སེམས་ཉིད་རིག་སྟོང་མཁའ་སྤྱོད་དུ་འགྲོ་བའི་འཁྲིད། བར་དོ་ཟངས་ཐལ་དུ་འཚང་རྒྱ་བའི་ཞིང་ཁམས་སུ་ངོ་སྤྲོད་པའི་འཁྲིད། སྒྲོལ་མ་ལྔའི་འཁྲིད་ཀྱི་ཞལ་གདམས། སྒྲོལ་མ་དྲུག་གི་འཁྲིད། མཁའ་འགྲོའི་གསང་ཚིག་སྒོམ་དོན་གདམས་པ་འཁྲིད། མཁའ་འགྲོའི་གསང་ཚིག་ཉམས་ལེན་སུམ་ཅུའི་འཁྲིད་ཀྱི་ཞལ་གདམས་ཉི་ཤུ་རྩ་བདུན་པའོ། ༈ །བཞི་པ་འཁྲིད་ཀྱི་མཇུག་རྒྱབ་ཆོས་དང་བཅས་པ་ལ། སྐུ་གསུམ་ངོ་སྤྲོད། དབང་གི་ཤོག་དྲིལ། དུག་ལྔ་ལམ་ཁྱེར་ཤོག་དྲིལ་ངོ་སྤྲོད། ལྷན་ཐབས་དབང་ཆོག་དྲིལ་བའི་འགྲོལ་ཚིག་ཞལ་ཤེས་ཕྱག་ལེན་དང་བཅས་པ། དེ་དག་གི་རྒྱབ་ཆོས་སུ། གསང་ལམ་གྱི་ལོ་རྒྱུས་དང་རྩ་ཚིག་གཉིས། ཕག་མོ་མངོན་པར་འབྱུང་བའི་རྒྱུད། ཁྲོས་ནག་ལས་བྱང་ནོར་བུའི་བང་མཛོད་འོད་ཀྱི་འཕྲེང་བ། ལྔ་པ་བཀའ་སྲུང་སྤྱང་ཞོན་སྤུན་གསུམ་གྱི་སྐོར་ལ། མངོན་རྟོགས་མེ་ལོང་རྡོ་རྗེས་མཛད་པ།


GLG002_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཐབས་དང་། ཐུགས་ཀྱི་སྒྲུབ་ཐབས། གཏོར་འབུལ་རྣམས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་མོ། སྣང་སྟོང་སངས་རྒྱས་མཁའ་འགྲོ། རིག་སྟོང་རྡོ་རྗེ་མཁའ་འགྲོ། བདེ་སྟོང་རིན་ཅེན་མཁའ་འགྲོ། གསལ་སྟོང་པདྨ་མཁའ་འགྲོ་གྲགས་སྟོང་ལས་ཀྱི་མཁའ་འགྲོ་སྟེ་ལོངས་སྐུ་མཁའ་འགྲོ་རིགས་ལྔ། སྤྲུལ་སྐུ་རྡོ་རྗེ་རྣལ་འབྱོར་མ། ངོ་བོ་ཉིད་སྤྲུལ་ཡེ་ཤེས་མཚོ་རྒྱལ། གཏེར་སྟོན་མ་ཀུན་དགའ་འབུམ། འགྲོ་མགོན་དུང་མཚོ་རས་པ། བྱ་བཏང་རང་གྲོལ། ཉི་ཟླ་འོད་ཟེར། མཁས་གྲུབ་སངས་རྒྱས་འོད་ཟེར། བླ་མ་སངས་རྒྱས་བརྩོན་འགྲུས། རྗེ་སངས་རྒྱས་གྲགས་པ། རྗེ་རྣམ་རྒྱལ་གྲགས་པ། བླ་མ་བསྟན་པ་འབྲུག་སྒྲ། འདི་གཉིས་དར་སྡིངས་པའི་གསན་ཡིག་ན་མེད་པ་བརྟག་དགོས་ཡོད། རྣམ་རྒྱལ་འོད་ཟེར་གྲགས་པ། མཁས་གྲུབ་ཤ་གཟུགས་བཀྲ་ཤིས་རྣམ་རྒྱལ། སྔགས་འཆང་ཀརྨ་གསང་སྔགས། རིག་འཛིན་འཕྲིན་ལས་ལྷུན་གྲུབ། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །གསོལ་འདེབས་ལས། མངའ་སྐྱོང་ཁྲི་ལྡེ་སྲིན་སྦར་གནས་སོགས་ཀྱི། །ཟབ་གཏེར་སྒོ་འབྱེད་དོན་དུ་བསྟན་པའི་བདག །ཉང་རིགས་སྐུ་བལྟམས་རལ་པའི་ཅོད་པན་ཅན། །གོང་མ་ཉི་མ་འོད་ཟེར་ལ་གསོལ་བ་འདེབས། །ཞེས་པའི་གཏེར་སྟོན་བླ་མ་མངའ་བདག་ཆེན་པོ་ནི་རང་གཏེར་གྱི་སློབ་དཔོན་ཆེན་པོའི་རྣམ་ཐར་གྱི་ལེའུ་ཉི་ཤུ་པར། མངའ་བདག་རྒྱལ་པོ་ཉིདཿ སྐྱེ་བ་བཅུ་བདུན་བརྒྱུད་པའི་མཐའ་མ་ལཿ འདི་ནས་ལྷོ་ནུབ་མཚམས་སུཿ ཡུལ་རྟ་རོ་དམར་པོ་ཁ་ཕྱེ་བ་འདྲ་བ་ཞིག་གི་ནང་དུཿ སྐྱེས་པ་འབྲུག་ལོ་


GLG002_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཤེས་རབ་ཆེ་བཿ སྙིང་རྗེ་ཆེ་བཿ བརྩོན་འགྲུས་ཆེ་ལ་སྒྲུབ་པ་ལ་བརྩོན་པཿ དམ་ཚིག་གཙང་ལ་རློམ་སེམས་ཆུང་བཿ ཁོང་ཡངས་ཤིང་ཁ་ཉུང་བཿ རྒྱུད་ཞི་ཞིང་གཞན་ལ་སྒྲོ་སྐུར་མི་འདེབས་པཿ རིག་པ་གསལ་ཞིང་ཡིད་གཞུངས་པཿ ཁ་དོག་དཀར་ལ་ངང་རྒྱུད་རིང་བཿ དེ་ལྟ་བུ་ཞིག་ཏུ་སྐྱེས་ནསཿ རྒྱལ་པོ་ཉིད་ལ་བདག་གིས་གདམས་པའི་ཆོས་ཐམས་ཅད་དང་འཕྲད་ནས་སྐྱེ་བ་དེས་རྒྱུན་ཆོད་པར་འགྱུར་རོཿ རྒྱལ་པོ་སྐྱེ་བ་བཅུ་བདུན་བརྒྱུད་པའི་མཐའ་མ་ལཿ མངའ་བདག་ཉང་རལ་པ་ཅན་སྐྱེ་མཐའ་སྲིད་པའི་བྱང་ཆུབ་སེམས་དཔའོཿ ཞེས་འབྱུང་བ་ལྟར། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུའི་སྐྱེ་བའི་མཐའ་མར་ལུང་གིས་ཟིན་ཅིང་གཏེར་ཁ་ཆེན་པོ་སོ་གཉིས་ལ་དབང་བའི་གཏེར་སྟོན་གྱི་རྒྱལ་པོ་གང་དེའི་གཏེར་ཆོས་ཀྱི་རིམ་པ་ནོས་ཚུལ་ལ། ཐེམས་བྱང་ལས། ཀུན་བཟང་རྡོ་རྗེ་སེམས་དཔའི་ཐུགས་བརྒྱུད་ནིཿ གསང་སྔགས་རྒྱུད་སྡེ་འབུམ་ཕྲག་དྲུག་ཅུ་ཡིཿ དགོངས་པའི་མཐར་ཐུག་ལག་ལེན་མན་ངག་སྐོརཿ ཐོད་རྒལ་སྒོམ་ལ་མི་གནས་སྙིང་པོའི་དོནཿ རྫོགས་ཆེན་ཁྲེགས་ཆོད་ཟབ་ལམ་དགོངས་པ་ནིཿ མཐར་ཐུག་བླ་མའི་དམར་འཁྲིད་སྐོར་དུ་བསྒྲིལ། གདམས་པ་སྙིང་པོ་མར་གྱི་ཡང་ཞུན་འདིཿ དབང་པོའི་དྭངས་མ་ཁོང་པའི་སྙིང་ལྟ་བུཿ ཡིད་འཛིན་སྒོམ་ལ་མི་གནས་མངོན་སུམ་དུཿ ཐོས་པས་གྲོལ་བར་འགྱུར་བའི་གདམས་པ་འདིཿ ཆང་གི་ནང་ན་གར་བའི་ཉིང་ཁུ་ལྟརཿ མན་ངག་ནང་ན་ཟབ་པའི་སྒྲུབ་སྐོར་འདིཿ གཏེར་ཁ་ཀུན་ཏུ་འདི་འདྲ་སྦས་པ་མེདཿ ད་ལྟ་སྤེལ་བའི་དུས་མེད་མ་འོངས་ཚེཿ མངའ་


GLG002_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

བདག་རྒྱལ་པོ་འདི་ཉིད་གནས་འགྱུར་བའིཿ འཇམ་དཔལ་སྤྲུལ་པ་གཅིག་དང་ཕྲད་པར་འགྱུརཿ དེ་ཕྱིར་ཡེ་ཤེས་མཚོ་རྒྱལ་དཀར་ཆག་ཐོབཿ རིན་ཅེན་འབར་བའི་བྲག་ལ་གཏེར་དུ་སྦོསཿ དུས་ཀྱི་མཐའ་ལ་འགྲོ་དོན་རྒྱས་པར་འགྱུརཿ ཞེས་བྲག་སྲིན་མོ་སྦར་རྗེས་མུ་ཏིག་ཤེལ་གྱི་སྤ་མ་གོང་སོགས་གཏེར་ཁ་གསུམ་ཙམ་ལས་འཕྱོངས་རྒྱས་འཆིང་བ་བང་སོ་དམར་ཆུང་གི་གཏེར་ཁ་རིན་པོ་ཆེ་སྒྲོམ་སྨུག་གི་ནང་ནས་སྤྱན་དྲངས་པའི་ཟབ་ཆོས། ཡེ་ཤེས་མཁའ་འགྲོའི་གཙོ་མོ་མཁར་ཆེན་བཟའི་ཕྱག་བྲིས་སྤྲོས་མེད་ཀུ་སུ་ལུ་པའི་ཉམས་ལེན་གསང་སྒྲུབ་བླ་མ་དམར་འཁྲིད་ཀྱི་ཆོས་སྡེ་ལ། ཐོག་མར་རང་རྒྱུད་སྨིན་པར་བྱེད་པ་ཟླ་གམ་སྒོ་གཅིག་གི་དཀྱིལ་འཁོར་ལ་བརྟེན་ནས་བླ་མ་རྡོ་རྗེ་འཆང་ཡབ་ཡུམ་གྱི་གཏོར་མ་གཞལ་ཡས་ཁང་དུ་ཤེས་པས་ཕྱི་ནང་གསང་བ་ཚིག་གི་དབང་གཏོར་མ་བརྡ་དོན། མཆོད་རྫས། དངོས་གྲུབ་སྟེ་ཤེས་པ་རྣམ་པ་བཞིས་བྱིན་རླབས་ལུ་གུ་རྒྱུད་ལེགས་པར་ཐོབ་ནས། རྒྱབ་རྟེན་ལུང་གི་སྐོར་ལ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གནང་བའི་གདམས་པ་ཞུ་ལན་གྱི་སྐོར། ཇོ་མོའི་གདམས་སྐོར་མན་ངག་ཏུ་བསྡེབས་པའི་སྐོར། མངའ་བདག་རྒྱལ་པོའི་ཞུ་ལན་གྱི་སྐོར། མངའ་བདག་དང་ཇོ་མོ་ཐུན་མོང་གི་ཞུ་ལན་སྐོར། རྗེ་འབངས་རྣམས་ཀྱི་ཞུ་ལན་གྱི་སྐོར། རྔོག་ཤེས་རབ་རྒྱལ་པོའི་ཞུ་ལན་གྱི་སྐོར་དང་དྲུག་ལས། དང་པོ་ཇོ་མོའི་ཞུ་ལན་སྐོར་ལ། གསང་སྔགས་གནད་ཀྱི་མན་ངག་ཅེས་བྱ་བ་བླ་མའི་མཚན་ཉིད་བསྟན་པ་དང་ཡི་དམ་ལྷ་སྒོམ་ཚུལ། སྐྱབས་འགྲོ་ལམ་ཁྱེར། སེམས་བསྐྱེད་ལམ་ཁྱེར། ཉམས་ལེན་ཤེལ་འཕྲེང་


GLG002_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མེད། གསང་སྔགས་ཀྱི་བློ་སྦྱོང་རིན་ཅེན་འཕྲེང་བ་ཞེས་བྱ་བ་མཚན་བཅས་ལྷ་སྒོམ་པའི་མན་ངག །བསླབ་པའི་མཐའ་བཅུ་ལ་སྦྱོང་བ་སོགས་ཀྱི་མན་ངག་འཇུག་ཏུ་ཞུ་ལན་བསྟན་པའི་སྐོར་ཞེས་བྱ་བ། དམར་ཁྲིད་སྐོར་གསུམ་ཞེས་པ་ཞེ་སྡང་ཅན་ལྷ་ལ་བརྟེན་ནས་འཁྲིད་པ། འདོད་ཆགས་ཅན་ཐབས་ལམ་ལ་བརྟེན་ནས་འཁྲིད་པ། གཏི་མུག་ཅན་མི་རྟོག་པ་ལ་བརྟེན་ནས་འཁྲིད་པ་རྣམས། གཉིད་ལམ་ཁྱེར་གྱི་གདམས་པ། བཟའ་བཏུང་བདུད་རྩིར་བསྒྱུར་བའི་གདམས་པ། འཕོ་བའི་མན་ངག །ཟླ་བ་གཅིག་ནས་དོན་དང་མཇལ་བའི་གདམས་པ། འཇིགས་པའི་བདུད་བཞི་གཞོམས་པའི་གདམས་པ། བླ་མ་ལ་བྱིན་རླབས་ཅི་ཡོད་དགེ་སྦྱོར་ཅི་མཛད་ཀྱི་བསོད་ནམས་རང་ལ་འོང་བ་ཚར་གསུམ་ཁུག་པ་དབང་གི་མན་ངག །ཞི་གནས་ལྷག་མཐོང་ཟུང་འབྲེལ་དུ་སྒོམ་པ་གནད་ཀྱི་གལ་འགག །དྲོད་བཙན་ཐབས་ཀྱིས་རི་ཁྲོད་འགྲིམས་པར་གོས་མི་དགོས་པའི་གདམས་པ། རི་ཁྲོད་འགྲིམས་དུས་འཚོ་བའི་ཟས་ལ་བརྟེན་མི་དགོས་པ་བདུད་རྩི་སྨན་གྱི་བཅུད་ལེན། མ་བསྒོམ་སངས་རྒྱས་སྡིག་པོ་ཆེ་སྔོན་ལ་འཚང་རྒྱ་བ་ མལགྱིཤེས ་འཕྲལ་དུ་བཀོལ་ཐུབ་པ་སངས་རྒྱས་ཀྱི་ཐུགས་དང་སེམས་ཅན་གྱི་སེམས་དབྱེར་མེད་དུ་བསྲེ་བ་སངས་རྒྱས་སེམས་སུ་སྟོན་པ་སྙིང་གཏམ་བཀའ་རྒྱའི་སྐོར་མུ་ཏིག་ཤེལ་གྱི་སྤ་མ་གོང་དུ་གནང་བ། ཡ་མཚན་ཅན་གྱི་གཏམ་རྒྱུད་ཀྱི་བརྡ་སྐོར། ངེས་ཤེས་བསྐྱེད་པ་གཏམ་རྒྱུད་ཀྱི་སྐོར། སློབ་དཔོན་ཆེན་པོ་མཁའ་འགྲོ་གིང་ཆེན་སྡེ་བཞི་དང་ཕྱི་ནང་གསང་བ་སྐུ་གསུང་ཐུགས་ལ་བརྟེན་ནས་སྒྲུབ་པ་མཁའ་འགྲོ་གནད་ཀྱི་ཡི་གེ་འཁོར་འདས་


GLG002_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་གཅིག་གསང་སྔགས་ཤམ་བུའི་མཐའ་བསྒྱུར་བསྟན་པ་དང་བཅས་པའི་ལེའུ་བརྒྱད་པ། སློབ་དཔོན་གསང་སྒྲུབ་རྟ་མགྲིན་ཡབ་ཡུམ་དུ་སྒྲུབ་པ་བདག་བྱིན་གྱིས་རླབས་པ་ཇོ་མོས་ལུང་ཞུས་ནས་གཏེར་དུ་སྦས་པ། ཕྱི་གདོན་གནོད་སྦྱིན་ཕོ་མོ་ཞི་བར་བྱེད་པའི་གདམས་པ། བརྒྱུད་པའི་བྱིན་རླབས་ཀྱི་ཆུ་བོ་གསང་བ་ཡི་གེ་གཅིག་མ་ཐུགས་ཀྱི་སྒྲུབ་པ་ཞེས་བྱ་བ་ནོར་སྲིད་ཚེ་མངོན་སྤྱོད་མཁའ་སྤྱོད་ཕྱི་ནང་གསང་གསུམ་གྱི་སྒྲུབ་པ་རྣམས་སོ། ༈ །གཉིས་པ་ཇོ་མོས་གདམས་སྐོར་མན་ངག་ཏུ་བསྡེབས་པའི་སྐོར་ལ། ཐུགས་ཀྱི་དཀྱིལ་ནས་ཕྱུང་བའི་བྱིན་རླབས་ལུ་གུ་རྒྱུད། གསོལ་འདེབས་ཕྱི་ནང་གསང་གསུམ་ལས་ནང་ལྟར་གསོལ་བ་འདེབས་པ། སློབ་དཔོན་པདྨ་འཁོར་མཁའ་འགྲོ་སྡེ་བཞི་དང་བཅས་པ་ལ་གསོལ་བ་འདེབས་པའི་མན་ངག་དོན་དགུས་བསྟན་པ། ཆོས་སྤྱོད་ལམ་རིམ་བདུན་པ། རྒྱུན་གྱི་གསོལ་འདེབས་ཆོས་སྤྱོད་ལམ་རིམ་གང་བྱེད་ཀྱི་སྔོན་འགྲོ། ཕྱི་གདོན་བར་ནད་ནང་དུག་ལྔ་སྟེ་ཞི་བྱེད་གསུམ་གྱི་གདམས་པ་རྣམས་སོ། ༈ །གསུམ་པ་མངའ་བདག་ལ་གདམས་པ་ལ། སངས་རྒྱས་གཉིས་མེད་འཕགས་པའི་ཞལ་ཤེས་སོགས་ཀྱི་སྒོ་ནས་རྒྱལ་པོས་སློབ་དཔོན་ལ་བསྟོད་པ་སྔོན་དུ་བཏང་སྟེ་ཞུས་པའི་ལན་ཉིན་མོའི་བྱ་བ་སྒོམ་དུ་འགྲོ་བ། ནུབ་མོ་ཉལ་བ་སྒོམ་དུ་འགྲོ་བ། གཉིད་དང་བསམ་གཏན་བསྲེ་བ། བྱར་མེད་ཉལ་བའི་འཁོར་ལོ་དགེ་བཅུ་མ་སྤྱད་པར་གྲོལ་བ། སྡིག་པ་མ་སྤངས་པར་དག་པ། སྡུག་བསྔལ་མ་སྤངས་པར་དག་པའི་གདམས་ངག་ཁྱད་པར་ཅན། མཚན་བཅས་མཚན་མེད་ཟུང་འབྲེལ་བསྐྱེད་རྫོགས་ཟུང་འཇུག་གི་གདམས་


GLG002_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

པ། བསླབ་པའི་མཐའ་བཅུའི་གདམས་ངག་ཐུན་གཅིག་ལ་རྫོགས་པ། ཕར་ཕྱིན་བཅུ་གཅིག་ཏུ་རྫོགས་པ། དུག་ལྔ་གནས་སྦྱོང་རིན་པོ་ཆེ་ཚེ་སྒྲུབ་པ། བླ་མེད་ཐོད་རྒལ་གྱི་ལྟ་བའི་ཡང་རྩེ། ཐེག་པ་ཐུན་མོང་བ་དང་མི་འགལ་བའི་གདམས་པ། ཨ་ཏི་ཡོ་གའི་ལྟ་སྒོམ་སྤྱོད་པ་འབྲས་བུའི་དོན་མ་ནོར་བའི་ངོ་སྤྲོད། ཐེག་པ་རིམ་དགུ་རྫོགས་པ་ཆོས་ཉིད་ཀློང་གི་དགོངས་པ། རྫོགས་པ་ཆེན་པོ་ཀློང་གི་གདམས་པ་ལྟ་སྒོམ་སྤྱོད་པ་འབྲས་བུ་བཞིའི་ངོ་སྤྲོད། ཅི་ཏི་ཡོ་གའི་བླ་མ་བརྒྱུད་པའི་ལྟ་དགོངས་མ་ནོར་བ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་དྲིལ་བའི་གདམས་པ། འཇམ་དཔལ་མཚན་བརྗོད་ཀྱི་ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི་བསྟན་པ། ལམ་ལྔ་ཅིག་ཅར་རྫོགས་པའི་གདམས་པ། སེམས་དང་ཆོས་ཉིད་ཀྱི་ངོ་བོ་གཞག་ཐབས་བཅོས་ཐབས་དམ་ཚིག་གོལ་ས་འབྲས་བུའི་སྐོར། ལྟ་སྒོམ་རྩད་གཅོད་གེགས་སེལ་གྱི་གདམས་པ། སྤྱོད་པའི་གེགས་སེལ་རྩད་གཅོད་ཀྱི་གདམས་པ། ཅི་ཏི་ངོ་སྤྲོད་ཀྱི་ཉམས་ལེན། ཡང་ཏི་ངོ་སྤྲོད་ཀྱི་ཉམས་ལེན། བླ་མེད་ཐོད་རྒལ་གྱི་ངོ་སྤྲོད། ཕྱག་རྒྱ་ཆེན་པོ་ཡི་གེ་གཅིག་པའི་རྒྱུད་ལས་ཕྱུང་བའི་སངས་རྒྱས་ལག་བཅངས། ཕྱག་རྒྱ་ཆེན་པོ་རྩ་བ་ཨའི་དྷ་ལ་འདུས་པ་སངས་རྒྱས་ལག་བཅངས། བར་དོ་གནད་ཀྱི་སྒྲོན་མེ་རྣམས། བཞི་པ་མངའ་བདག་དང་ཇོ་མོ་ཐུན་མོང་གི་ཞུ་ལན་ནི། ཚོགས་ཐུན་མོང་བ་ཁྱད་པར་ཅན་མཆོག་གི་ཚོགས་དེ་དག་གི་ངོ་བོ་ངེས་ཚིག་དབྱེ་བ་དུས་གནས་བླ་མ་འཁོར་ཡོ་བྱད་བྱ་ཐབས་སྐྱོན་ཡོན་འབྲས་བུའི་སྐོར་བསྟན་པ། ལྔ་པ་རྗེ་འབངས་རྣམས་ཀྱི་ཞུ་ལན་ལ། མངའ་བདག །ཇོ་མོ། རླངས་


GLG002_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་སེང་། བཻ་རོ་ཙ་ན། གཡུ་སྒྲ་སྙིང་པོ། གནུབས་ནམ་སྙིང་། གཉགས་ཛྙཱ་ན་ཀུ་མཱ་ར། ངན་ལམ་རྒྱལ་མཆོག །སྣ་ནམ་རྡོ་རྗེ་བདུད་འཇོམས། སོག་པོ་དཔལ་གྱི་ཡེ་ཤེས། ཞང་ཡེ་ཤེས་སྡེ། མཁར་ཆེན་དཔལ་གྱི་དབང་ཕྱུག །ལྡན་མ་རྩེ་མངས་རྣམས་ལ་གདམས་པའོ། །དྲུག་པ་རྔོག་ཤེས་རབ་རྒྱལ་པོའི་ཞུ་ལན་ནི། དམར་འཁྲིད་དུ་བསྟན་པ་རྒད་བུ་འཁར་ཚུགས་ཀྱི་གདམས་པའོ། །གཞན་ཡང་རྒད་མོ་མཁར་བཙུགས། བོད་ཀྱི་དགེ་སློང་དགེ་ཚུལ་དགེ་བསྙེན་ལ་གདམས་པ་སོགས་དང་སྒྲུབ་ཐབས་རིན་ཅེན་སྒྲོན་མེས་མཚོན་པའི་ཐེམས་བྱང་གིས་ཟིན་པའི་ཆ་གཉིས་ཙམ་གྱི་རྒྱུན་ནི་མ་རྙེད་དོ། ༈ །ཞར་བྱུང་གཏེར་གནས་མི་གཅིག་པ་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པ་ཤྲཱི་སིངྷས་སློབ་དཔོན་ཆེན་པོ་ལ་གནང་བའི་མཐར་ཐུག་དམར་འཁྲིད་དང་བཅས་པ་རྣམས་ལེགས་པར་ཐོབ་པའི་དབང་ལུང་གཉིས་ཀའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་ཨོ་རྒྱན་ཆེན་པོ། རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། གཏེར་སྟོན་ཉང་ཉི་མ་འོད་ཟེར། འདི་ནས་མངའ་བདག་ཀུན་དགའ་ལྷུན་གྲུབ་ཀྱི་བར་སྔགས་དཀར་ལྕང་ལོ་ཅན་ཤ་སྟག་ཡིན། ཐུགས་སྲས་འགྲོ་མགོན་ནམ་མཁའ་དཔལ། མངའ་བདག་བློ་ལྡན། མངའ་བདག་བདུད་འདུལ། མངའ་བདག་མདོ་སྡེ་སེང་གེ །མངའ་བདག་པདྨ་དངོས་གྲུབ། མངའ་བདག་འཇམ་དཔལ་ནོར་བུ། མངའ་བདག་ཀུན་དགའ་རྒྱལ་མཚན། མངའ་བདག་ནོར་བུ་འཕེལ། མངའ་བདག་ཀུན་དགའ་འོད་ཟེར། མངའ་བདག་ཀུན་དགའ་འཕེལ། མངའ་བདག་ཀུན་དགའ་ལྷུན་གྲུབ། ལྷ་བྲོ་བ་མཁས་གྲུབ་ཀརྨ་གུ་


GLG002_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

རུ། དབུ་མཛད་རང་གྲོལ་ནམ་མཁའ་ཆོས་དབང་། ཁྲ་ཚང་པ་ཆེན་པོ་འཁོར་ལོའི་མགོན་པོ་བློ་གྲོས་མཆོག་གི་རྡོ་རྗེ། དེས་བདག་ཟ་ཧོར་བནྡེ་ལའོ།། ༈ ཡང་ན་སྲས་འགྲོ་མགོན་ནས། གུ་རུ་ཆོས་ཀྱི་དབང་ཕྱུག །རྒྱལ་སྲས་པདྨ་དབང་ཆེན། གྲུབ་ཆེན་དམར་ཞབས་རས་པ། རྩི་ཤིང་རྒྱལ་མཚན། འཛམ་གླིང་རྒྱལ་མཚན། རྟོགས་ལྡན་གྲགས་འབུམ། གྲུབ་ཆེན་དཔལ་སེང་། གྲུབ་ཆེན་བརྩོན་འགྲུས་མགོན། བྱ་བྲལ་བསོད་ནམས་སེང་གེ །དམ་པ་ཆོས་སྐྱོང་ཚུལ་ཁྲིམས། སློབ་དཔོན་ཚུལ་ཁྲིམས་འབུམ། འཇམ་དབྱངས་རིན་ཅེན་རྒྱལ་མཚན། མངའ་རིས་པཎ་ཆེན་ཡོན་ཏན་འོད་ཟེར། མངའ་བདག་ཀུན་དགའ་ལྷུན་གྲུབ་མན་གོང་ལྟར། ཡང་དབང་བརྒྱུད་ལུགས་གཅིག་ནི། མངའ་བདག་འགྲོ་མགོན་ནས། གཏེར་སྟོན་སངས་རྒྱས་འབར། ཉི་མའི་སྙིང་པོ། འོད་ཟེར་རྒྱལ་མཚན། ཆོས་ཉིད་ཤེས་རབ། མཁས་གྲུབ་བསོད་བཟང་། སྤྲུལ་སྐུ་ཡོན་ཏན་སེང་གེ །ཀུན་མཁྱེན་ཤེས་རབ་རྣམ་རྒྱལ། སྔགས་འཆང་བཟང་པོ་རྒྱལ་མཚན། རྗེ་སངས་རྒྱས་སྐྱབས། མངའ་རིས་པཎ་ཆེན་མན་གོང་བཞིན་ནོ། །འཁྲིད་ལུང་གི་བརྒྱུད་པ་གཅིག་ནི། སྲས་འགྲོ་མགོན་ནས། གཟུ་སྟོན་དྷརྨ་རཏྣ། གཟུ་སྟོན་རིན་ཅེན་རྒྱལ་མཚན། བླ་མ་ཆོས་ཉིད་རང་གྲོལ། སངས་རྒྱས་ལྷུན་དབང་། ཀུན་དགའ་བཀྲ་ཤིས། རྒྱལ་སྲས་ཆོས་རྗེ། བརྒྱུད་འཛིན་ལེགས་པ། རྗེ་འཇམ་དབྱངས་རིན་ཅེན། མངའ་རིས་པཎ་ཆེན་མན་གོང་ལྟར། ཡང་ན་རྒྱལ་སྲས་ཆོས་རྗེ་སྐུ་མཆེད་ནས། ཉང་སྟོན་ཆོས་དབང་། གནུབས་རིན་ཅེན་དཔལ། མཁས་བཙུན་ཚུལ་ཁྲིམས་དཔལ་བཟང་།


GLG002_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་རིས་པཎ་ཆེན་མན་གོང་བཞིན་ནོ། །ཤྲཱི་སིངྷའི་དམར་འཁྲིད་སོགས་ཨ་ཏིའི་སྐོར་གྱི་བརྒྱུད་པ་ནི། ཀུན་བཟང་། རྡོ་རྗེ་འཆང་། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིངྷ། གུ་རུ་པདྨ་མན་འདྲ། ༈ ཡང་ཚེ་ཡི་དངོས་གྲུབ་ཐོབ་འདོད་ནཿ ཚེ་དབང་མཚོ་སྐྱེས་རྡོ་རྗེ་ང་ཉིད་སྒྲུབསཿ ཞེས་གསུངས་པའི་ཚེ་སྒྲུབ་མཚོ་སྐྱེས་རྡོ་རྗེ་འཆི་མེད་བདུད་རྩིའི་བུམ་པའི་སྐོར་ལ། དང་མ་བ་བརྩོན་འགྲུས་བྱང་ཆུབ་ཀྱིས་བསྒྲིགས་པའི་ཚེ་སྒྲུབ་བདུད་རྩིའི་ཆུ་རྒྱུན་གྱི་སྟེང་ནས། ཆོས་འབྱུང་བསྣོལ་མའི་དཀྱིལ་འཁོར་དུ་གསོལ་གདབ་བྱིན་འབེབས་སྔོན་དུ་འགྲོ་བའི་ཡབ་ཡུམ་གྱི་འཁོར་ལོས་སྐུ། མེ་ལོང་སིནྡྷུ་རས་གསུང་། ཐོད་པ་རིལ་བུས་ཐུགས། ཚེ་རྒྱས་ཚེ་བུམ། དཔལ་གཏོར། རྒྱས་གདབ། མཐའ་རྟེན་བཅས་པའི་དབང་དང་ཚེ་ཆོག་བདུད་རྩིའི་ཆུ་རྒྱུན་གྱི་ལུང་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཚེ་དཔག་མེད་མགོན། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། གཏེར་སྟོན་ཉི་མ་འོད་ཟེར། དེ་སྲས་འགྲོ་བའི་མགོན་པོ། དེ་སྲས་བློ་ལྡན། དེ་སྲས་བདུད་འདུལ། མངའ་བདག་མདོ་སྡེ་སེང་གེ །མངའ་བདག་པདྨ་དངོས་གྲུབ། འཇམ་དཔལ་ནོར་བུ། ཀུན་དགའ་རྒྱལ་མཚན། དེ་ཝ་བྷ་དྲ། བཟང་པོ་ལྷུན་གྲུབ། ལྷུན་གྲུབ་འོད་ཟེར། མངའ་བདག་ཀུན་དགའ་ལྷུན་གྲུབ། ལྷ་བྲོ་བ་ཀརྨ་གུ་རུ། བྲག་སྣ་བ་ཀུན་མཁྱེན་དབང་ཕྱུག །ཁྲ་ཚང་པ་མཁས་གྲུབ་བློ་མཆོག་རྡོ་རྗེ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །བླ་མ་མངའ་བདག་ཆེན་པོའི་གཏེར་བྱོན་རྫོང་ཆེན་ཚེ་དབང་ནོས་པའི་བརྒྱུད་པ་ནི། སྣང་བ་མཐའ་


GLG002_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཡས། ཚེ་བདག་རིགས་ལྔ། ཨོ་རྒྱན་ཆེན་པོ། ལྷ་ལྕམ་མནྡ་ར་བ། མཁར་ཆེན་བཟའ། ཁྲི་སྲོང་ལྡེ་བཙན། གཏེར་སྟོན་ཉི་མ་འོད་ཟེར། དེ་སྲས་འགྲོ་མགོན། མདོ་བོ་རས་པ། གྲུབ་ཐོབ་མེ་ལོང་རྡོ་རྗེ། རྩི་ཤིང་རྒྱལ་མཚན། སྨན་ལུང་ཤཱཀ་གཞོན། དེ་སྲས་འཁྲུལ་ཞིག་བསོད་ནམས་རྒྱལ་མཚན། དེ་སྲས་བླ་མ་ཤཱཀྱ་དཔལ་བ་དང་། དེ་སྲས་སངས་རྒྱས་རིན་ཅེན་གཉིས་ལ་གནང་། སངས་རྒྱས་རིན་ཅེན་པས་རང་སྲས་བློ་གྲོས་རྒྱ་མཚོ་ལ་གནང་། དེ་ནས་རིགས་དབོན་རྨ་དགོན་པ་ལྷུན་གྲུབ་མཚན་ཅན། ནམ་མཁའི་མཚན་ཅན། དཔལ་འབར་མཚན་ཅན། སློབ་དཔོན་རིན་ཅེན་གྲུབ། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །ཐེམས་བྱང་ལས། གུ་རུའི་ཞལ་ནས་ཕྱི་རབས་ཀྱི་དུས་སུ་མངའ་བདག་གི་སྐྱེ་བ་མཐའ་མ་ལ་བདག་གིས་བྱིན་གྱིས་བརླབས་པའི་སྲས་གཅིག་གིས་ཐུགས་གཏེར་འདི་ཞལ་ཕྱེ་ནས་སེམས་ཅན་ནམ་མཁའ་དང་མཉམ་པ་ལ་ཕན་ཐོགས་པ་འདུག་པ་སྟེཿ དེའི་དུས་སུ་ཆོས་འདི་དམ་ཞིང་མི་སྤེལ་བར་གཅིག་བརྒྱུད་དུ་ཉམས་སུ་བླང་བ་གལ་ཆེཿ སྤེལ་དྲགས་ན་སྣང་སྲིད་ཀྱི་ལྷ་མ་སྲིན་སྡེ་བརྒྱད་འཁྲུགས་ཏེ་འཁུ་ཞིང་ལྡོག་ནས་བར་གཅོད་སྣ་ཚོགས་འོང་ཉེན་ཡོད་པས་ཤིན་ཏུ་དམ་པ་གལ་ཆེཿ ཞེས་པ་ལྟར་གཏེར་སྟོན་རྒྱལ་པོ་ལྔའི་ནང་ནས་མངའ་བདག་ཁྲི་སྲོང་ལྡེ་བཙན་གྱི་སྐྱེ་བ་བཅུ་བདུན་པ་སྤྲུལ་སྐུ་ཉང་རལ་པ་ཅན་གྱིས་ལྷོ་བྲག་གཏམ་ཞོལ་སྲིན་མོ་སྦར་རྗེས་ཅན་ནས་གདན་དྲངས་པའི་བླ་མ་དྲག་པོའི་ཆོས་སྐོར་རྒྱས་འབྲིང་བསྡུས་གསུམ་བཞུགས་པ་ནི། རྒྱས་པ་བདེ་གཤེགས་འདུས་པའི་སྨིན་བྱེད་ལ་རས་བྲིས་ཀྱི་དཀྱིལ་


GLG002_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དུ་སྨིན་ལམ་དབང་གི་རྒྱལ་པོ་སྣང་སྲིད་ལྷ་འདྲེའི་སྲོག་དབང་གི་འཇུག་པ་སྔོན་དུ་འགྲོ་བའི་ཕྱི་བུམ་དབང་། ཐོད་འཕྲེང་རིགས་ལྔའི་ལྷ་དབང་ལུས། ཐོད་པ་བདུད་རྩིས་སྔགས་དབང་ངག །ཤེས་རབ་ཡེ་ཤེས་མེ་ལོང་སིནྡྷུ་རས་ཆོས་དབང་སེམས། བླ་མ་ཞི་བའི་ཆས་ཀྱིས་ཡོན་ཏན་མངའ་གསོལ། འཕྲིན་ལས་རྣམ་བཞིའི་དབང་། སྒྲུབ་རྫས་ཀྱི་དབང་། དྲག་པོར་མངའ་གསོལ་བའི་ཕྱག་མཚན། རྒྱན་དྲུག་དང་དུར་ཁྲོད་ཀྱི་ཆས་དབང་། སྣང་སྲིད་ལྷ་འདྲེའི་སྲོག་དབང་། རྒྱལ་ཐབས་སྤྱི་བླུག་གི་དབང་དང་བཅས་པ། རྡོ་རྗེ་སྤྱི་བླུག་གི་དབང་ལ་རས་བྲིས་ཀྱི་དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་འགྲོ་བའི་བུམ་པས་དྲག་པོ་ཐོད་འཕྲེང་རྩལ་གྱི་དབང་བཞི། ཐོད་པ་བདུད་རྩིས་སྤྲུལ་སྐུ། རྡོར་དྲིལ་གྱིས་ལོངས་སྐུ་རིགས་ལྔ། འཇམ་དཔལ་གྱིས་ཆོས་སྒོ་འབྱེད་པ། རྟ་མགྲིན་གྱིས་སྡེ་བརྒྱད་ཟིལ་གནོན། ཕྱག་རྡོར་གྱིས་ཀླུ་གཟའ་ཟིལ་གནོན། མེ་དཔལ་གྱིས་དྲེགས་པ་ཚར་གཅོད། ཁྱུང་ལྔས་འཕྲིན་ལས་སྣ་ཚོགས་སྒྲུབ་པའི་དབང་། འཆི་མེད་ཚེ་དབང་། བགྲང་འཕྲེང་ལྷ་སྐུས་བསྐྱེད་རིམ་སྔགས་དབང་། ཅང་ཏེ་དང་ཐོད་པས་སྣང་བ་དབང་དུ་སྡུད་ཅིང་མཁའ་འགྲོའི་སྲོག་རྟེན་གཏོར་མའི་དབང་དང་བཅས་པ། དྲག་སྒྲུབ་སྒོ་དབྱེའི་དབང་ཆོག་གི་སྟེང་ནས་སྟ་གོན་དང་འཇུག་པ་སྦྲགས་མ་སྔོན་དུ་འགྲོ་བའི་པདྨ་ཐོད་འཕྲེང་གིས་བུམ་པས་སྐུ་དབང་། འཇམ་དཔལ་གྱིས་དབུ་རྒྱན་གཙུག་ཏོར་གྱི་དབང་། རྟ་མགྲིན་གྱིས་དྲིལ་བུར་བརྟེན་ནས་གསུང་དབང་། ཕྱག་རྡོར་གྱིས་རྡོར་དྲིལ་ལ་བརྟེན་ནས་ཐུགས་དབང་། ཡཀྵ་མེ་དཔལ་གྱི་སྒྲོན་མེས་ཡོན་ཏན་གྱི་དབང་། བྱ་ཁྱུང་འཕྲིན་ལས་ཀྱི་དབང་། མཁའ་འགྲོ་སྡེ་ལྔའི་


GLG002_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

རལ་གྲི་དྲིལ་བུས་གཞན་དོན་གྱི་དབང་། རྡོ་རྗེ་སློབ་དཔོན་བརྟུལ་ཞུགས་ཀྱི་དབང་། སྒོ་བཞིར་སྤྲོས་བྲལ་ངོ་སྤྲོད་དང་གསང་རྫས་ལ་བརྟེན་པའི་ཤེར་དབང་། དམ་ཚིག །བརྡ་དབང་དང་བཅས་པ། འབྲིང་པོ་མདོག་དམར་མེ་འཕྲེང་མེའི་སྤུ་གྲིའི་སྨིན་བྱེད་ལ་རས་བྲིས་ཀྱི་དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་འགྲོ་བའི་སྐུ་འབག །བདུད་རྩི་མེ་ལོང་། བུམ་པས་རྩ་བའི་དབང་བཞི། རྡོ་རྗེ། ཐོད་པ། དྲིལ་བུ། ཕུར་པས་ཡན་ལག་གི་དབང་བཞི། མཐའ་རྟེན་གཏོར་དབང་དང་བཅས་པ། སྒྲུབ་པ་གསུམ་པོ་གང་དང་འབྲེལ་ཡང་རུང་བའི་གཏོར་མ། བདུད་རྩི། རྡོ་རྗེ་གསུམ་ལ་བརྟེན་པའི་བྱིན་རླབས་ལུ་གུ་རྒྱུད་ཀྱི་སྨིན་བྱེད་རྣམས་ལེགས་པར་ནོས་ནས། གཞན་ཡང་དབང་གི་རིམ་པ་རྣམ་གྲངས་མང་བ་འདུག་པ་མ་ཐོབ་ཅིང་། བསྡུས་པ་དཔའ་བོ་ལྷ་གསུམ་ལ་སྒོས་སུ་སྨིན་བྱེད་མེད་དོ། །རྒྱབ་རྟེན་ལུང་ལ། རྒྱས་པ་གཞུང་ཆེན་བདེ་གཤེགས་འདུས་པའི་སྐོར། འབྲིང་པོ་མེའི་སྤུ་གྲིའམ་མ་མདོག་དམར་མེ་འཕྲེང་སྐོར། བསྡུས་པ་དཔའ་བོ་ལྷ་གསུམ་སྐོར། ཐེམས་མེད་སྐོར་དང་བཞི། དང་པོ་ལ། དྲག་པོ་བདེ་གཤེགས་འདུས་པ་དང་འབྲེལ་བའི་དཀར་༼ཚར༽༼ལྡོང༽ཆག་གསལ་བའི་སྒྲོན་མེ། དེ་ལས་བྱུང་བའི་གདམས་པ་ལ། སྨིན་ལམ་དབང་དང་འབྲེལ་བའི་ཆོས་བརྒྱད། སྒྲུབ་ཐབས་མན་ངག་དང་འབྲེལ་བའི་ཆོས་བརྒྱད། ཐུན་མོང་ལས་ཚོགས་བཅོ་ལྔ། བཀའ་སྲུང་དང་བཞི། དང་པོ་ལ། དབང་དྲག་པདྨའི་སྒོ་ནས་སློབ་མ་རྗེས་སུ་བཟུང་བའི་ཆོ་ག་སྨིན་ལམ་དབང་གི་རྒྱལ་༼ལྡོང༽པོ་སྣང་སྲིད་ལྷ་འདྲེའི་སྲོག་དབང་། དེའི་ལྷན་ཐབས། ཐེམས་མེད། བྱིན་རླབས་དངོས་གྲུབ་མྱུར་དུ་ཐོབ་བྱེད་དབང་སྒྲུབ་


GLG002_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་༼ལྡོང༽ལྔའི་ཐེམས་ཀྱི་མན་ངག །ཡིད་ཆེས་དྲོད་ཚད་བརྟག་པ་༼ཚར༽༼ལྡོང༽མཚན་ལྟས་གསལ་བའི་མེ་ལོང་། དྲག་པོ་སྔགས་ཀྱི་འབྲུ་༼ཚར༽༼ལྡོང༽གནོན་གྱི་ལྡེ་མིག །བསྲུང་བ་རྡོ་རྗེའི་ཁྲབ་༼ལྡོང༽ གྱོན། ཟློག་པ་༼ལྡོང༽མཚོན་ཆ་ཟོར་འཕང་། བསད་པ་༼ལྡོང༽སྡིག་པ་སྙིང་འཛིངས། ཁྱད་པར་དབང་དང་འབྲེལ་བའི་ལས་ལ་ནང་གསེས་འཇམ་དཔལ་སྐུའི་ལས་༼ཚར༽ཚོགས་ཚེ་སྒྲུབ་པ། རྟ་མགྲིན་གསུང་གི་ལས་༼ཚར༽ཚོགས་ངག་བསྲུང་བ། ཕྱག་རྡོར་ཐུགས་ཀྱི་ལས་༼ཚར༽ཚོགས་མངོན་ཤེས་སྒྲུབ་པ། མཁའ་འགྲོ་ཡོན་ཏན་གྱི་ལས་༼ཚར༽ཚོགས་དབང་སྡུད་སྒྲུབ་པ། འཕྲིན་ལས་ཁྱུང་གི་ལས་ཚོགས་ཀླུ་༼ཚར༽བསྲུང་བ། ཡཀྵ་མེ་དཔལ་ལས་༼ཚར༽སྣ་ཚོགས་སྒྲུབ་པ། ཡང་སྤྲུལ་སྡིག་པའི་ལས་༼ཚར༽ཚོགས་འབྱུང་པོ་ཁུ་འདེབས་རྣམས། གཉིས་པ་སྒྲུབ་ཐབས་མན་ངག་དང་འབྲེལ་བའི་ཆོས་བརྒྱད་ནི། དྲག་པོ་པདྨའི་སྒྲུབ་ཐབས་དངོས་གྲུབ་ཡིད་བཞིན་ནོར་བུ་དྲེགས་༼ཚར༽༼ལྡོང༽པ་འདུལ་བྱེད་ཀྱི་གཉེན་པོ་གཞུང་ཆེན་བདེ་གཤེགས་འདུས་པ་ཞེས་པའི་མན་ངག །ལྷ་ཐེམས་གསལ་བའི་སྒྲོན་མ་༼ལྡོང༽འབྱུང་པོ་ཚར་གཅོད་ཀྱི་སྒྲུབ་པ། ཁྲོ་བཅུ་རྒྱན་༼ལྡོང༽གྱི་ཤོག་དྲིལ། ཀླུ་འདུལ་༼ཚར༽༼ལྡོང༽ཁྱུང་གི་ཤོག་དྲིལ། ཐུན་བར་གཏོར་མས་ཐུགས་དམ་བསྐང་༼ཚར༽༼ལྡོང༽པའི་ཤོག་དྲིལ། དེའི་འགྲེལ་པ་དྲག་སྒྲུབ་གཏོར་མའི་ལས་རིམ། ཐེམས་མེད། དངོས་གྲུབ་རྣམ་གཉིས་ཐོབ་པ་༼ལྡོང༽ཚོགས་ཀྱི་ཤོག་དྲིལ། སྤྱི་ཆིངས་འཁོར་ལོའི་ཤོག་དྲིལ་༼ལྡོང༽ལ་ཙཀྲས་དྲག་པོ་འདུལ་བྱེད་ཁོང་པའི་སྙིང་ལྟ་བུ་རྣམས། གསུམ་པ་ཐུན་མོང་ལས་ཚོགས་བཅོ་ལྔ་ནི། རང་གཞན་བསྲུང་༼ལྡོང༽འཁོར། རྦོད་གཏོང་༼ལྡོང༽ཟློག་འཁོར། བགེགས་ཆེན་གཏུམ་པོ་གསོད་པ། བུ་ཆུང་སྲིའུ་༼ལྡོང༽གསོ་བ། ཙི་ཙི་ཛྭ་༼ལྡོང༽ལ་


GLG002_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

གསོ་བའི་གཟུངས་མཆོག །ཆུ་འཁྱགས་སེར་བ་༼ཚར༽༼ལྡོང༽བསྲུང་བ། དྲག་པོའི་གཏོར་མས་༼ལྡོང༽དགྲ་བགེགས་གསད་པ། བྱ་བ་གཏོར་གྱིས་༼ཚར༽༼ལྡོང༽ནད་པ་གསོ་བ། དེས་མ་གསོས་ན་དྲག་པོ་མཐའ་༼ཚར༽༼ལྡོང༽བསྐུལ་བྱ་བ། གནོད་བྱེད་བསྲུང་༼ཚར༽བའི་ཙཀྲ། རྒྱལ་བསེན་སྲོག་༼ཚར༽འཁོར། གེགས་ཆེན་གཏུམ་པོ་ཤི་ས་༼ཚར༽༼ལྡོང༽བསྟན་པ། རྡོ་རྗེ་དབྱིག་༼ཚར༽༼ལྡོང༽བརྡུང་གི་ལས། ཆར་དབབ་༼ལྡོང༽པ། དྲག་པོའི་སྦྱིན་སྲེག་༼ཚར༽ ༼ལྡོང༽རྣམས། བཞི་པ་བཀའ་སྲུང་ལ། མ་མགོན་སྡེ་བརྒྱད་ཀྱི་བསྙེན་སྒྲུབ་ལས་སྦྱོར་གྱི་སྒྲུབ་པ་མྱུར་ལ་ཚན་ཆེ་བའི་དྲག་སྔགས་གནམ་ལྕགས་ཐོག་དང་འདྲ་བ། དགྲ་ལ་རྦད་པ་ལྟས་ངན་གྱི་སྒྲུབ་པ། དངོས་གྲུབ་ནོར་བུའི་སྒྲུབ་ཐབས་རྣམས། རྩ་བའི་གཉིས་པ་འབྲིང་པོའི་སྤུ་གྲིའམ་མདོག་དམར་མེ་འཕྲེང་སྐོར་ལ། དྲག་སྒྲུབ་རྩ་བའི་གཞུང་གཙོ་རྐྱང་གི་མངོན་རྟོགས་པདྨའི་ཐུགས་སྔགས་ཞེས་པ་༼ལྡོང༽མ་ཡིག་ཤོག་སེར་དང་པོ། གོ་ཆའི་ལྷ་རྣམས་ཀྱི་མངོན་རྟོགས་བསྟན་པ་ཐུགས་སྒྲུབ་དྲག་སྔགས་༼ལྡོང༽ཞེས་བུ་ཡིག་ཤོག་སེར་བར་པ། དྲག་པོ་སྔགས་ཀྱི་ཐེམས་ཡིག་འབྲུ་༼ཨ༽རྩིས་ཇོ་མོས་གསལ་བྱེད་ཡི་གེར་བཀོད་པ་ལས་ཅན་ལ་ཕྲད་ཤོག་མཐའ་ཅན། བླ་མ་དྲག་པོའི་ཐུགས་སྒྲུབ་ཀྱི་བསྲུང་བའི་འཁོར་ལོ་ཆེན་པོ། སྔགས་ཀྱི་ངེས་པར་བཅུད་པའི་འཁོར་ལོ་རྫོགས་བྱང་གི་མཐའ་ཅན་རྣམས། རྩ་བའི་གསུམ་པ་བསྡུས་པ་དཔའ་བོ་ལྷ་གསུམ་སྐོར་ལ། རྩ་བ་དང་ལས་ཚོགས་གཉིས། དང་པོ་ནི། དྲག་དམར། ཕྱག་རྡོར། རྟ་མགྲིན་ཏེ་ལྷ་གསུམ་གྱི་དྲག་༼ལྡོང༽སྒྲུབ། ༈ གཉིས་པ་ལས་ཚོགས་ལ། མཆོད་བསྟོད་དང་ནི་གཏོར་མ་དང་ཿ བསྲུང་བཟློག་དང་ནི་རྦོད་གཏོང་བཟློགཿ སྨྱོ་འབོག་


GLG002_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་དང་སྲིའུ་གསོཿ མཛེ་ནས་གསོ་དང་སེར་བ་བཟློགཿ དེ་ལྟར་ལས་ཚོགས་རྣམ་བརྒྱད་དོཿ ཐེམས་ཡིག་དང་གསན་ཡིག་ཕལ་ཆེར་ལ་ཆོས་ཚན་གསུམ་ལས་མེད་པ་འདྲ་ཞིག་འདུག་ཀྱང་འཇམ་དབྱངས་མཁྱེན་བརྩེས་སྔགས་འཆང་ཆོས་སྐྱོང་བསོད་ནམས་ལ་གསན་དུས་ཀྱི་ཕྱག་བྲིས་མར་འདི་ལྟར་འདུག་པ་ཡིད་ཆེས་ཀྱི་གནས་སོ། །ཞེས་པ་སྒྲུབ་པ་རྒྱས་པ་སྤྱན་༼ལྡོང༽འདྲེན་བཞུགས་ཕྱག་མཆོད་བསྟོད་འཕྲིན་ལས་ཀྱི་རིམ་པ། དྲག་པོའི་གཏོར་མ་གཏོང་༼ལྡོང༽བ་ཞར་བྱུང་ཀླུ་གཏོར་དང་བྱབ་ཆོག །བསྲུང་འཁོར་ཙཀྲ་མུ་༼ལྡོང༽ཁྱུད་དྲུག་པ། རིག་སྔགས་༼ལྡོང༽ཀྱིས་རྦོད་གཏོང་བཟློག་པ། འཁོར་ལོ་ཁྱི་ཐོད་ལ་༼ལྡོང༽བརྟེན་ནས་སྨྱོ་འབོག་འདུལ་བ། ཆུང་སྲི་མནན་༼ལྡོང༽ཏེ་སྲིའུ་གསོ་བ། དྲག་པོའི་གཟུངས་ཆོག་གིས་༼ལྡོང༽མཛེ་ནད་གསོ་བ། སེར་བ་བསྲུང་༼ལྡོང༽ཞིང་ཞར་བྱུང་གདོང་བཟློག་བྱེད་པ་རྣམས་རྩ་བའི་བཞི་པ་ཐེམས་མེད་སྐོར་ལ། བདེ་གཤེགས་འདུས་པར་གཏོགས་པ། མདོག་དམར་མེ་


GLG002_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲེང་དུ་གཏོགས་པ། བུའི་ཡང་ཏིག་ཕྱི་ནང་གསང་བ་ཡང་གསང་སྒོས་སྒྲུབ། དྲག་པོའི་ལས་ཚོགས་རྣམ་པ་བཅུ་པ། དྲག་སྒྲུབ་ལས་ཚོགས་ཟབ་ཁྱད་མ། ཕན་བྱེད་ཀྱི་ལས་ཁ་ཚར། གཏེར་སྲུང་སྐོར་དང་བདུན། དང་པོ་ལ། དྲག་པོ་སྔགས་ཀྱི་ལྡེ་མིག་དགོས་འདོད་ཐམས་ཅད་འབྱུང་བའི་གདམས་པ་མཆིམས་ཕུའི་ཚང་དུ་གཏོགས་པ་ལ། མ་ཡིག །མ་བུ་དོན་སྡེབས། བུ་ཡིག་དང་གསུམ། དང་པོ་ལ། ཕྱི་ནང་གསུམ་ཆིག་དྲིལ་གྱི་སྒྲུབ་པ་གཙོ་བོ་དང་ལུས་དཀྱིལ་གྱི་བླ་མ་དང་གོ་ཆའི་ལྷ་རྣམས་ལ་ཌཱ་ཀི་འཁྲིལ་བར་བསྐྱེད་ཅིང་བསྲུང་འཁོར་ལ་རིགས་ལྔ་བསྒོམ་པ་བླ་མ་མཁའ་འགྲོ་འཁོར་ལོ་སྤྱི་སྒྲུབ། དབང་སྡུད་རྗེ་བཙུན་མ་དམར་མོར་བརྟེན་པ། གུ་རུའི་གསང་སྒྲུབ་མཁའ་འགྲོའི་སྙིང་ཏིག་མཁའ་འགྲོའི་སྤྱི་སྒྲུབ་ཅེས་པ་འཁོར་ལོ་སྤྱི་སྒྲུབ་དང་དབྱིབས་འདྲ་བར་ལུས་དཀྱིལ་ལ་བླ་མ་གཅིག་ལས་མེད་པ། དེ་དང་འདྲ་རུང་ཕྱི་སྒྲུབ་ཡོན་ཏན་གཏེར་མཛོད་ཅེས་པ་མཚོ་རྒྱལ་བདག་གི་སྙིང་ཏིག །གུ་རུ་དྲག་པོའི་འཕྲིན་ལས་ཀྱི་སྒྲུབ་པ་ཞེས་༼ལྡོང༽པ་ཕྱི་བླ་མ་ཞི་བ། ནང་དྲག་པོ་ལྷ་གསུམ། གསང་བ་དྲག་དམར་དང་རྡོ་རྗེ་ཕག་མོ་མཉམ་པར་སྦྱོར་བ། དྲག་སྒྲུབ་ཀྱི་ཞལ་༼ལྡོང༽གདམས་ཡེ་ཤེས་མེ་སྒོམ་དམར་འཁྲིད། པདྨ་དྲག་པོའི་ལུས་དཀྱིལ་ལ་ཐོད་འཕྲེང་རིགས་ལྔ་མཚན་བརྒྱད་བཀའ་བརྒྱད་སོགས་ཡོད་པའི་ཉམས་ལེན་རྒྱུན་ཁྱེར། པདྨ་འབྱུང་གནས་རྡོ་རྗེ་གསེར་དྲིལ་འཛིན་པ་རྗེ་བཙུན་མས་འཁྲིལ་བའི་སྐུ་ལ་གོ་ཆའི་ལྷ་ཌཱ་ཀི་དང་མཉམ་སྦྱོར་བཀོད་པའི་ཟུང་འཇུག་དབྱེར་མེད་ཀྱི་སྒྲུབ་པ། འདི་དང་མཁའ་འགྲོ་སྤྱི་སྒྲུབ་གཉིས་སྔགས་ཀྱི་ཤམ་བུ་ཅུང་ཟད་མི་འདྲ་གཞན་ཚིག་ཞུས་མི་ཕེར་ཡང་དོན་ལ་ཁྱད་མེད། གསན་ཡིག་རྙིང་པ་ལ་ལར་ལོགས་སུ་འདུག་པ་དཔྱད་དོ། །དྲག་སྒྲུབ་ཀྱི་སྒྲུབ་བཅུད་ཀུ་སུ་ལུའི་ཉམས་ལེན་ཞི་བས་སྡིག་པ་སྦྱོང་བ་དང་དྲག་པོས་གདུག་པ་ཚར་གཅོད་པ། ཁ་སྐོང་བླ་མ་དྲག་སྔགས་མེའི་རྣལ་༼ལྡོང༽འབྱོར་དམ་མེད་ཐེ་ཚོམ་ཅན་ལ་མི་སྤེལ་བའི་མཐའ་ཅན། འབྲལ་མེད་གནད་ཀྱི་གདམས་པ་མཆོག་ཐུན་དངོས་


GLG002_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་འབྱུང་བ། ཆེ་མཆོག་པདྨ་དྲག་པོའི་མངོན་རྟོགས་ཞེས་པ་ལུས་དཀྱིལ་དུས་གསུམ་སངས་རྒྱས། འཁོར་ལོ་རྩིབས་བརྒྱད་ལ་ཉེ་སྲས་བརྒྱད། སངས་རྒྱས་སྟོང་གཙོ་བོའི་ཕྱོགས་བཞིར་མེ་དབལ། འཇིགས་བྱེད། སྟོབས་པོ་ཆེ། འདོད་རྒྱལ། མཚམས་བཞིར་མཁའ་འགྲོ་སྡེ་བཞི་ཡོད་པའི་ངོ་མཚར་ཅན། སྒོམ་ཁོག་པྲ་འཁྲིད་ཀྱི་བུ་ཡིག་གསལ་ཐེམས་ཞེས་པ་མདུན་གྱི་ནམ་མཁར་བླ་མ་སངས་རྒྱས་བྱང་སེམས་བི་མཱ་ལ་ཁྲི་སྲོང་ལྡེ་བཙན་སོགས་སྒོམ་ཞིང་མདུན་དུ་པེ་ཧར་སྟག་ཐོད་ཅན་གཟིར་བ། མཇུག་ཏུ་སྔགས་ཀྱི་རིམ་པ་དང་སྤྱི་གཙུག་བདེ་ཆེན་པདྨའི་གདན་སྟེང་དུ་ཞེས་པ་ནས་བདུད་རྗེ་མི་སེར་རྟ་སེར་བསྐུལ་བའི་བར་ཡོད་པ། དྲག་དམར་གྱི་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ཞེ་སྡང་རྡོ་རྗེ་མཐིང་ནག་གིས་བྱས་པ་རྡོ་རྗེ་ཐོད་འཕྲེང་རྩལ་གསང་བའི་ཐེམས་ཡིག་རྒྱུན་ཁྱེར་ཞར་བྱུང་ནད་གདོན་དག་བྱེད་གཏོར་དབང་དང་བཅས་པ། དམ་བདར་སྔོན་འགྲོ་གཏོར་མའི་ལས་བྱང་། ལྷ་སྲིན་དམ་བདར་གྱི་སྔོན་འགྲོའི་བདག་བསྐྱེད་དང་ཤོམ། དྲག་པོ་དམར་ཆེན་གྱི་ལས་༼ཚར༽༼ལྡོང༽ ༼ཨ༽བྱང་རྡོ་རྗེའི་འཕྲེང་བ། མདངས་༼ལྡོང༽སྐོང་རིན་ཅེན་འཕྲེང་བ། ལས་བྱང་བདུད་དཔུང་ཀུན་འཇོམས་སྲས་༼ཚར༽འགྲོ་མགོན་གྱིས་མཛད་པ། མཚོ་རྒྱལ་གྱིས་གཏེར་སྒྲོམ་དུ་བཞུགས་པའི་སྐུ་གསུང་ཐུགས་ཀྱི་སྒྲུབ་ཐབས་འཇམ་དཔལ་སྐུ་སྒྲུབ་བསྟོད་པ་དང་བཅས་པ། རྟ་མགྲིན་གསུང་སྒྲུབ་བསྟོད་པ་དང་བཅས་པ། ཕྱག་རྡོར་ཐུགས་སྒྲུབ་བསྟོད་པ་དང་བཅས་པ། གཏོར་མ་སོགས་གཏོང་དུས་ཀྱི་བསྟོད་པ། གཏོར་སྐྱོང་དུས་གསུམ་མཁྱེན་པ་མ་རྣམས། གཉིས་པ་མ་བུ་དོན་བསྡེབས་ནི། རྩ་བ་སྒོམ་ཁོག་གི་སྤྲ་འཁྲིད་མ་བུ་དོན་བསྡེབས་བསྐྱེད་རྫོགས་


GLG002_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པ་གནད་ཀྱི་མན་ངག །གསུམ་པ་བུ་ཡིག་ལ། བུ་ཡིག་ཤོག་སེར་ལྷན་ཐབས་གསལ་བའི་སྒྲོན་མེ་ཞེས་༼ལྡོང༽པ་སངས་རྒྱས་ཀྱི་ངོ་བོ་སྤྲུལ་སྐུ་མ། མདོག་དམར་མེ་འཕྲེང་གི་བུ་ཡིག་ཅེས་༼ལྡོང༽པ་ལག་གདུབ་རྐང་གདུབ་བཞི་མེའི་འཁོར་ལོ་བཞི་གསུམ་བཅུ་གཉིས་ཀྱིས་བརྒྱན་པ་སོགས་མེའི་བཤད་པ་ཡོད་པའི་གསལ་ཐེམས་བུ་ཡིག །རྡོ་རྗེ་ཐོད་འཕྲེང་རྩལ་དྲག་པོར་བསྒྲུབ་༼ཚར༽པའི་དབང་གི་ལས་རིམ། གཞུང་རིན་ཅེན་སྒྲོམ་བུའི་ངག་འདོན་སྐྱབས་སེམས་སོགས་བརྒྱུད་པའི་བླ་མ་ཞིག་གིས་མཛད་པ། དྲག་སྒྲུབ་འབྱུང་པོ་འདུལ་བྱེད་ཀྱི་རྩ་སྔགས་ཀྱི་ཐེམས་རྨི་ལམ་གྱི་ལྟས་དང་བཅས་པ་སྣང་སྲིད་ལྷ་འདྲེས་འདའ་བར་མི་ནུས་པ། དྲག་སྒྲུབ་ཀྱི་ལྷ་ཐེམས་ཕྲག་པ་གཡས་གཡོན་ན་བདུད་རྩི་འཁྱིལ་བ་དང་སྟོབས་པོ་ཆེ་ཡོད་པ། འཁོར་ལོ་བསྐོར་བའི་གསལ་ཐེམས་ཨ་ཡ་མ་དུ་རུ་ཙ་ཤ་ན་ལ་བརྟེན་པ། རྨི་ལམ་གསལ་ཐེམས་རྣམས་བསྡོམས་པ་ཐེམས་ཡིག་རིན་ཅེན་སྒྲོམ་བུར་གྲགས་པ། བུ་ཡིག་སྙིང་གི་ནོར་བུའི་ནང་གསེས་ལ་རྦོད་གཏོང་གི་རྨི་ལམ་བརྟགས་ནས་༼ལྡོང༽སྡེ་བརྒྱད་གཟིར་བ། ཕྱི་ནང་སྔགས་༼ལྡོང༽ཀྱི་ལྡེ་མིག་སྡེ་བརྒྱད་ཤིས་བསྟན་༼ལྡོང༽པ། མཁའ་འགྲོ་རིགས་བཞི་དང་ཁྲོ་བཅུ་༼ལྡོང༽དམར་ནག་གི་བསྲུང་བ། སྤུ་གྲི་ངར་༼ལྡོང༽གསོ། སྡེ་བརྒྱད་དམིགས་པའི་གསལ་༼ལྡོང༽ཐེམས། བསྲུང་བཟློག་གསང་༼ལྡོང༽བའི་གསལ་ཐེམས། ཏིང་ངེ་འཛིན་གྱི་གསལ་༼ལྡོང༽ཐེམས། གབ་པ་༼ལྡོང༽གསུམ་གྱི་གེགས་སེལ། བནྡེ་ནག་པོ་རླང་སྙིང་གསོད་༼ལྡོང༽ པ་དང་བཅས་པ། ཡང་གསང་དྲག་སྒྲུབ་གུ་རུ་རྡོ་རྗེ་ཐོད་འཕྲེང་རྩལ་མཐིང་ཁ་བཻཌཱུཪྻའི་མདོག་ཅན་གྱི་སྒྲུབ་པ་གསེར་སྲང་གང་གི་བཀའ་རྒྱ་མ་ཆུ་དར་ཕྲ་ཡིག་ཅན། དྲག་པོའི་རྟེན་བཅའ་ཐབས།


GLG002_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

དྲོད་༼ཨ༽རྟགས། གཏོར་དབང་གི་སྒྲིབ་པ་འདག་པ། བླ་མ་མཁའ་འགྲོ་མཉེས་པའི་ཚོགས་མཆོད་༼ལྡོང༽ཟབ་ལ་གཉེན་པ། བླ་མའི་དྲག་སྒྲུབ་དངོས་གྲུབ་སྩོལ་བའི་གཏོར་མའི་ཆོག་བསྒྲིགས་༼ལྡོང༽ཞེས་པ་སྡོམ་ལ། བཤམ་ཕྱག་སྐྱབས་སེམས་མཚམས་བཤགས་བརླབཿ བསྐྱེད་སྤྱན་བཞུགས་འབུལ་མཆོད་བསྟོད་ཞུཿ བཟླས་ཕུལ་དབང་གཏད་གཤེགས་བསྡུ་གསོལཿ ཞེས་པ་ཡོད་ཅིང་མཇུག་ཏུ་དམ་བདར་དང་བཅས་པ། ཕྱི་ནང་གསང་གསུམ་གྱི་མཎྜལ་གཏོར་མ་གཏོང་བ་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་དང་བཅས་པ་དྲག་སྒྲུབ་སྒོ་འབྱེད་གསེར་གྱི་ལྡེ་མིག་རྣམས། འདི་དང་ཞུས་དག་ཕེར་བ་ཨོ་རྒྱན་གླིང་པ་དང་དྲི་མེད་ལྷུན་པོ་ལ་ཡང་ཡོད། གསུམ་པ་བུའི་ཡང་ཏིག་ཕྱི་ནང་གསང་བ་ཡང་གསང་སྒོས་སྒྲུབ་ལ། ཕྱི་སྒྲུབ་ཡིད་བཞིན་ནོར་བུ་བླ་མ་ཞི་བར་བསྒྲུབ་༼ལྡོང༽པ་མ་བཅོས་སྤྲོས་བྲལ་མའི་བསྟོད་པ་ཡོད་པ། ནང་༼ལྡོང༽སྒྲུབ་ཐོད་འཕྲེང་མཐིང་ཁ་ལ་ཡུམ་བདེ་ཆེན་ཛྙཱ་ན་འཁྲིལ་བ་ཉི་ཟླ་གྭའུ། གསང་༼ལྡོང༽སྒྲུབ་དྲག་དམར་གོ་ཆའི་ལྷའི་སྟེང་དུ་ཁྱུང་རིགས་ལྔ་བསྒོམ་པ་གསང་བའི་དྲིལ་སྒྲུབ། ཡང་གསང་བླ་མ་དྲག་པོ་སྤྱན་མང་གི་སྒྲུབ་༼ལྡོང༽པ་གོ་སླ་ཁྱེར་བདེ་དྲན་ཆོག་མ། གོ་ཆའི་ལྷ་ཚེ་དཔག་མེད་ཀྱི་སྒོས་སྒྲུབ་༼ཨ༽ ཚེའི་བར་གཅོད་སེལ་བ། འཇམ་དཔལ་སྐུའི་སྒོས་སྒྲུབ་༼ཨ༽ཤེས་རབ་བློ་འཕེལ། རྟ་མགྲིན་གསུང་གི་སྒོས་སྒྲུབ་༼ཨ༽རྒྱལ་འགོང་དམ་སྲི་འདུལ་བ། ཕྱག་༼ཨ༽རྡོར་ཐུགས་ཀྱི་སྒོས་སྒྲུབ་ཚིག་ཉུང་དོན་གསལ། དྲག་པོ་ཁྱུང་ལྔའི་སྒྲུབ་༼ཨ༽ཐབས་རིལ་བུས་གཉན་ནད་འཇོམས་པ། ལྕགས་སྡིག་ནག་པོའི་ཁོལ་༼ལྡོང༽༼ཨ༽སྒྲུབ་རྒྱལ་འགོང་འདུལ་བ། ཡཀྴ་མེ་དཔལ་སྒོས་སྒྲུབ་འཕྲིན་ལས་བསྒྲུབ་པ། སྣང་བ་མཐའ་ཡས་


GLG002_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཚེ་བསྒྲུབ་པ། ངག་འགྲོལ་ངག་༼ཨ༽བསྲུང་སྐོར། ར་བསྲུང་དུག་ཁྲག་གི་གདམས་པ། དྲག་པོ་བཀའ་ཡིག་བཅུ་གཅིག་ཅེས་པ་གཞོ་སྟོད་གཏེར་སྒྲོམ་བྲག་གི་དགོན་པར་ཇོ་མོ་ལ་གསུངས་པའི་འཇམ་དཔལ་སྐུའི་སྒྲུབ་པའི་ལེའུ་དང་པོ། རྟ་མགྲིན་གསུང་གི་སྒྲུབ་པ་ལེའུ་གཉིས་པ། ཕྱག་རྡོར་ཐུགས་ཀྱི་སྒྲུབ་པ་ལེའུ་གསུམ་པ། ཁྱུང་གི་སྒྲུབ་པ་ལེའུ་བཞི་པ། ཀླུ་གནད་ལ་གཟིར་ནས་ཆར་དབབ་པ་ལེའུ་ལྔ་པ། སྲིའུ་གསོ་བ་ལེའུ་དྲུག་པ། བར་གཅོད་ཞི་བའི་སྦྱིན་སྲེག་ལེའུ་བདུན་པ། བསྟན་པ་རྒྱས་པའི་སྦྱིན་སྲེག་ལེའུ་བརྒྱད་པ། ཁམས་གསུམ་དབང་སྡུད་སྦྱིན་སྲེག་ལེའུ་དགུ་པ། མངོན་སྤྱོད་དྲག་པོའི་སྦྱིན་སྲེག་ལེའུ་བཅུ་པ། འཕྲིན་ལས་སྣ་ཚོགས་བསྒྲུབ་པའི་སྦྱིན་སྲེག་ལེའུ་བཅུ་གཅིག་པ། གཞན་ཡང་ཁྱུང་ནག་ཡོན་ཏན་གྱི་སྒྲུབ་པ་ཆར་འབེབས་སེར་བསྲུང་ཀླུ་གདོན་འདུལ་བར་ཐེ་མི་ཚོམ་པ། ཡཀྴ་མེ་དཔལ་གྱི་སྒྲུབ་པ་ལྕགས་བསྲེགས་ལ་སྦྲང་བུ་མི་ཆགས་པ། ལྕགས་སྡིག་ནག་པོའི་ཁོལ་སྒྲུབ་བསྲུང་བ་འདྲི་ཐབས་བསྟོད་པ་ཆོས་ཉིད་མི་འགྱུར་མ་དང་བཅས་པ། ཕོ་གདོན་རྒྱལ་པོ་འདུལ་བ་སྡིག་པའི་ཁོལ་སྒྲུབ་ལུགས་གཅིག །གཏོར་འབུལ་གྱི་གཏོར་སྔགས་རྩ་སྔགས་ཀྱི་ཤམ་བུར་བཏགས་པ། གུ་རུ་པདྨའི་གཏོར་དབང་སྡིག་སྒྲིབ་རྣམས་རྩ་སྒོ་དང་ཆུ་སྒོ་ནས་ཕྱིར་ཐོན་པ། ཡཀྴའི་ཕུར་པ་མཐོ་གང་ལ་བརྟེན་པའི་སེར་བསྲུང་། དྲག་པོའི་སྦྱིན་སྲེག་མེ་དཔུང་ནང་དུ་དྲེགས་པ་འདུལ་བའི་ཐོད་འཕྲེང་རྩལ་སྒོམ་པ། སློབ་དཔོན་པདྨ་དྲག་པོ་ཡཀྴ་མེ་དཔལ་དུ་བསྒྲུབ་པའི་འཕྲིན་ལས་གདུག་པ་ཚར་གཅོད། གཏོར་ཐོད་བུམ་གསུམ་༼ལྡོང༽བརྟེན་པའི་དབང་ཆུ་ལུ་གུ་རྒྱུད། བྱིན་རླབས་ལུ་གུ་རྒྱུད་ཀྱི་གཏོར་མ་ཤེས་


GLG002_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞི་ལྡན་དུ་བྱེད་པ། གཏོར་དབང་གནད་ཀྱི་ཤོག་གཅིག་མ། གཏོར་དབང་ལ་བརྟེན་ནས་བྱང་སེམས་ཀྱི་རྩ་འཁོར་རྣམས་ཁེངས་མཐར་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པའི་སྨིན་བྱེད། རྣམ་དག་སྒྲིབ་པ་དག་བྱེད་ཟངས་བུམ་དམར་པོ་ཁྲུས་ཀྱི་ལེའུ་རྣམས། བཞི་པ་དྲག་པོའི་ལས་ཚོགས་རྣམ་པ་བཅུ་པ་ལ། རང་བསྲུང་འཁོར་ལོ། གཞན་བསྲུང་འཁོར་ལོ། ཟློག་འཁོར། སྲིའུ་གསོ་བ། མཛེ་ནད་གསོ་བ། སེར་བ་བསྲུང་བ། རྒྱལ་སེན་གནོན་པ། ཤི་ས་སྟོན་པ། བྱབ་ཆོག་གིས་ནད་༼ལྡོང༽པ་གསོ་བ། དེས་མ་ཕན་ན་སྡིག་པ་ལ་བརྟེན་ནས་ནད་པ་གསོ་བ་རྣམས་སོ་སོའི་མཇུག་ཏུ། འདི་ཡིས་ཐུབ་པར་མ་གྱུར་ནཿ ང་དང་པདྨ་འབྱུང་གནས་གཉིསཿ འཁོར་ལོ་མི་ཤེས་ཁས་ལེན་ཡིནཿ ཞེས་པ་འདྲ་རུང་སྐབས་ཐོབ་དང་བསྟུན་ནས་ཡོད་པ། ལྔ་པ་དྲག་སྒྲུབ་ལས་ཚོགས་ཟབ་ཁྱད་མ་ལ། ཆུ་མིག་ཁ་ཤར་ལྟ་ལ་བརྟེན་ནས་ཆར་འབེབས་པ། ཟངས་ཀྱི་གྭའུ་ལ་བརྟེན་ནས་ནོར་བསྒྲུབ་པ། ཐུགས་སྒྲུབ་དྲག་པོའི་གཏོར་མས་དགྲ་བགེགས་སྒྲོལ་བ། འགལ་བྱེད་ཀླུ་ལ་༼ལྡོང༽བརྟེན་ནས་སེར་བ་སྒོ་ང་ཙམ་དབབ་པ། དགྲ་བོ་ཐོག་གིས་གསད་པ། སྤྱི་བོར་འཇམ་དཔལ་བསྒོམ་པའི་ཆབ་གཏོར། བྱབ་གཏོར་འདྲ་མིན་གཅིག །སྡིག་གཟུགས་ལ་བརྟེན་ནས་མཛེ་གསོ་བ། བདག་བསྐྱེད་དྲག་པོ་དང་ཚེ་དཔག་མེད་མདུན་དུ་བསྐྱེད་པའི་ཚེ་སྒྲུབ། ལྷ་དང་དགྲ་གྲོགས་བརྩི་བ། འཁོར་ལོས་ཞོ་ཆང་བསྲུང་བ། རྫས་སྣ་ཉི་ཤུ་རྩ་གཅིག་གིས་སྨྱོ་འདྲེ་འདུལ་བ་རྣམས། དྲུག་པ་ཕན་བྱེད་ལས་ཁ་ཚར་ལ། སྟག་པའི་བེ་ཅོན་དང་འཁོར་ལོས་རྒྱལ་འགོང་འདུལ་བ། དེའི་གསལ་བྱེད་རྡོ་རྗེ་དབྱིག་


GLG002_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

བརྡུང་ལས་འདི་བྱ་ཞེས་ཡོད་པ་ཙཀྲ་བྲི་ཐབས། བསྐལ་པའི་མེ་དཔུང་འབར་བར་མཐོང་བ། ཙི་ཙི་ཛྭ་ལས་ཟིན་པར་གཏོར་དབང་བྱ་བ། ཞ་ནད་འགྲོལ་བ། རྒྱལ་སེན་ཁ་འཆིང་སྟག་པ་དང་གླང་མར་བསྟེན་པ། ར་ཁྱིའི་པགས་པར་བརྟེན་ནས་འབྱུང་པོ་སྤྱི་འཆིང་བ། མདུང་ཤིང་སོགས་ལ་བརྟེན་ནས་ཡམས་ནད་བཟློག་པ། གནས་ཁང་དང་མི་ནོར་བསྲུང་བ། སྲིའུ་གསོ་བ་ལོ་བཅུ་ནས་ཡོན་ལེན་པ། སྲིའུ་བསྲུང་བ་པུ་ཏ་མ། སྲིའུ་པེ་ཐེའུ་ཁྱི་ཐོད་དུ་མནན་པ། སད་བསྲུང་། མི་ཕྱུགས་ཀྱི་དལ་ཡམས་གཅོད་པ། གཟའ་ནད། ས་བདག་ཀླུའི་ནད། ལྷོག་གཟེར་སོགས་གཉན་ནད། དུག་ནད་རྣམས་འཆོས་པ། སྲིའུ་གསོ་བ། ཕོ་ལོག་སྲིན་ནད་འཆོས་པ། སྨྱོ་འབོག་འདུལ་བ། བྱིས་ནད་འཆོས་པ། ཀླུ་སྲིན་གདུག་པ་ཅན་ཞི་བ། བགེགས་འདུལ་བ། ཀླད་གཟེར། བལ་ནད། ཁྱི་སྨྱོན། ཕོ་མཆིན་ན་བ། སྐྲན་ནད་རྣམས་འཆོས་པ། སྤྱང་ཀི་བསྲུང་བ། ཆུ་འགགས་སེལ་བ། འདྲེ་གནོད་པའི་ནད་པ་གསོ་བ། ལིང་ཐོག་དང་མིག་ནད་སེལ་བ། ལྷོག་རོ་བཤའ་བ། ཞིང་གི་འབུ་སྲིན་བསྲུང་བ། སད་བསྲུང་ནས་འདི་ཡན་རྩ་སྔགས་དང་རྫས་ལ་བརྟེན་པ་ཁོ་ན་ཡིན། འཁོར་ལོ་དང་ཤེར་ཤིང་སྐྱེར་སེལ་ལྕགས་ཕུར་རྣམས་ལ་བརྟེན་པའི་སེར་བསྲུང་བཀའ་རྒྱ་མ། གོང་གི་འཁོར་ལོ་ལ་བརྟེན་ནས་ཕས་ཀྱི་རྦོད་གཏོང་དང་ལྷ་འདྲེའི་ཆོ་འཕྲུལ་བཟློག་པ། རཀྴའི་ཕུར་བུས་ཤྭ་འོད། སེར་ལམ། ཡོན་བདག །སྲིའུ་སོགས་བསྲུང་བ་རྣམས། བདུན་པ་བཀའ་སྲུང་སྐོར་ལ། བཀའ་སྲུང་བདུད་བཙན་ཀླུ་གསུམ་གི་གླེང་གཞི། སྤྱི་སྒྲུབ་༼ལྡོང༽གསོལ་ཁ་དང་བཅས་པ། བདུད་བཙན་ཀླུ་གསུམ་


GLG002_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

སྒོས་སྒྲུབ་ལ། བདུད་མི་ནག་རྟ་ནག་གི་གསང་སྒྲུབ། ཀླུ་མི་སྔོན་རྟ་སྔོན་གྱི་གསང་སྒྲུབ། བཙན་མི་དམར་རྟ་དམར་གྱི་གསང་སྒྲུབ། བདུད་ཀྱི་སེར་རྟ་མཐུ་རུ་བསྒྲུབ་པ་རྣམས། དཔེ་རིས་སྐོར་ལ། བསྲུང་བ་རྡོ་རྗེའི་ཁྲབ་གྱོན་གྱི་འཁོར་ལོ། མཆོད་རྟེན་གསང་བ་སྡིག་པ་སྙིང་འཛིངས་ཀྱི་འཁོར་ལོ། དཀྱིལ་འཁོར། འཇམ་དཔལ་ཚེ་སྒྲུབ། རྟ་མགྲིན་ངག་བསྲུང་། ཕྱག་རྡོར་མངོན་ཤེས། མཁའ་འགྲོའི་དབང་སྡུད། ཁྱུང་གི་ཀླུ་བསྲུང་། མེ་དཔལ་ལས་ཚོགས་སྣ་ཚོགས། སྡིག་པའི་འབྱུང་པོ་ཁུ་འདེབས་རྣམས་ཀྱི་འཁོར་ལོ། སྤྱི་ཆིངས་བསྲུང་འཁོར། རང་གཞན་བསྲུང་འཁོར། རྦོད་གཏོང་བཟློག་འཁོར། བགེགས་འདུལ་ལིང་འཁོར། སྲེའུ་གསོ་འཁོར། མཛེ་གསོའི་བུམ་པ། སེར་བ་བསྲུང་འཁོར། དཀྱིལ་འཁོར། དྲག་པོ་གཏོར་མའི་ལིང་འཁོར། བྱབ་གཏོར་འཁོར་ལོ། རྒྱལ་སེན་སྲོག་འཁོར། ཤི་ས་བསྟན་པའི་འཁོར་ལོ། དབྱིག་བརྡུང་འཁོར་ལོ། དྲག་པོའི་སྦྱིན་སྲེག་འཁོར་ལོ། བཀའ་སྲུང་མ་མགོན་གྱི་དཀྱིལ་འཁོར། གཏོར་མ། ལིངྒ་སྲོག་འཁོར། ལྟས་ངན་རྒྱལ་མོ། ལྷའི་ལྟས་ངན་ཤང་ཤང་། རྒྱལ་པོའི་ལྟས་ངན་སྤྲེའུ། གཤིན་རྗེའི་ལྟས་ངན་ཝ། བཙན་གྱི་ལྟས་ངན་འུག་པ། བདུད་ཀྱི་ལྟས་ངན་བྱ་ནག །གནོད་སྦྱིན་གྱི་ལྟས་ངན་ནེ་ལེ། ཀླུའི་ལྟས་ངན་སྦྲུལ་ནག །དྲག་པོ་ཐུན་གྱི་དཀྱིལ་འཁོར། སྡེ་བརྒྱད་ཐུན་གྱི་ཙཀྲ། ནོར་སྒྲུབ་འཁོར་ལོ། གཏོར་མ། ཆུང་སྲི། བགེགས། རྒྱལ་པོ། གནོད་སྦྱིན། ཀླུ། མགོན་པོ། ལྷ་མོ། ལྷ། གཤིན་རྗེ། མ་མོ། བདུད། བཙན། ས་བདག་ཀླུ་རྣམས་གསོད་པའི་འཁོར་ལོ། འཇུག་


GLG002_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་སྦལ་སྡིག །ལྷ། གཤིན་རྗེ། མ་མོ། བདུད། རྒྱལ་པོ། བཙན། གནོད་སྦྱིན། ཀླུ། གཟའ་རྣམས་ཀྱི་ལྟོ་འཁོར། སྡིག་པའི་བསྲུང་འཁོར། སྡིག་པའི་སྒོ་ནས་གནོད་བྱེད་གསོད་པའི་འཁོར་ལིང་། དྲག་པོའི་སྲེག་ཐབ། ལིངྒ། དགང་བླུགས། ལས་བཞིའི་སྦྱིན་སྲེག་གི་ཐབ་དང་བཅས་པ་རྫོགས་པར་ཐོབ་པ་ལས་སྣང་སྲིད་ལྷ་འདྲེའི་སྲོག་དབང་དང་དྲག་པོ་སྒོ་འབྱེད་ཀྱི་དབང་གི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་བཛྲ། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། མངའ་བདག་ཉང་ཉི་མ་འོད་ཟེར། འགྲོ་མགོན་ནམ་མཁའ་དཔལ། མངའ་བདག་བློ་ལྡན་ཤེས་རབ། མངའ་བདག་ཆོས་རྗེ་བདུད་འདུལ། མངའ་བདག་མདོ་སྡེ་སེང་གེ །མངའ་བདག་པདྨ་དངོས་གྲུབ། མངའ་བདག་འཇམ་དཔལ་ནོར་བུ། མངའ་བདག་ཀུན་དགའ་རྒྱལ་མཚན། མངའ་བདག་ནོར་བུའི་མཚན་ཅན། མངའ་བདག་ཀུན་དགའ་འོད་ཟེར། མངའ་བདག་བཀྲ་ཤིས་མཚན་ཅན། སྤྲུལ་སྐུ་ཆོས་ཀྱི་དབང་པོ། མངའ་བདག་ཀུན་དགའ་ལྷུན་གྲུབ། རིག་འཛིན་ཀརྨ་གུ་རུ། མངའ་བདག་གར་དབང་བསྟན་འཛིན་ཆོས་རྒྱལ། མངའ་བདག་བསྟན་འཛིན་ཆོས་དབང་། ཁྲ་ཚང་པ་མཁས་གྲུབ་བློ་མཆོག་རྡོ་རྗེ། དེས་བདག་ཟ་ཧོར་བནྡེ་ལའ།ོ། ༈ ཡང་ན་ཀུན་དགའ་འོད་ཟེར་ནས། འོད་གསལ་ཀློང་ཡངས། མངའ་བདག་ཀུན་དགའ་ལྷུན་གྲུབ་མན་གོང་ལྟར། ཡང་ན་ཀུན་དགའ་རྒྱལ་མཚན་ནས། ལྷའི་མཚན་ཅན། ཀུན་དགའ་འོད་ཟེར་མན་འདྲ། ཡང་སྣང་སྲིད་ལྷ་འདྲེའི་སྲོག་དབང་གི་


GLG002_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་ལུགས་གཅིག་ནི། མངའ་བདག་འགྲོ་མགོན་ཡན་གོང་ལྟར་ལ། དེ་ནས་གུ་རུ་ཆོས་ཀྱི་དབང་ཕྱུག །སྲས་པདྨ་དབང་ཆེན། གྲུབ་ཆེན་དམར་ཞབས་རས་ཆེན། གྲུབ་ཆེན་རྒྱན་འབུམ་ལྔ་པ། རྩ་བརྒྱད་པ་རྡོ་རྗེ་སེང་གེ །བླ་མ་བཀྲ་ཤིས་བཟང་པོ། ཇོ་བསྟན་ཡེ་ཤེས་གྲུབ། དམ་པ་ཆོས་སྐྱོང་ཚུལ་ཁྲིམས། བླ་མ་གུ་རུ་བ། འཁོན་སྟོན་བྱམས་པ་དཔལ་བཟང་། བསྟན་པའི་མངའ་བདག །མངའ་རིས་པཎ་ཆེན་རིན་པོ་ཆེ། མངའ་བདག་ཀུན་དགའ་ལྷུན་གྲུབ་མན་སྔར་ལྟར། ཡང་ན་དམ་པ་ཆོས་སྐྱོང་ཚུལ་ཁྲིམས་ནས། འཇམ་དབྱངས་རིན་རྒྱན། མངའ་རིས་པཎ་ཆེན་མན་གོང་བཞིན། ཡང་ན་གཏེར་སྟོན་ནས། མངའ་བདག་མི་བསྐྱོད་རྡོ་རྗེ། བླ་མ་འགྲོ་མགོན་སྟོན་པ། བླ་མ་སྙ་པོ་འགྲོ་མགོན། ཉན་ཆེན་བསོད་ནམས་བརྟན་པ། བླ་མ་དྲི་མེད་འོད་ཟེར། བླ་མ་འཁྲུལ་ཞིག་ཆེན་པོ། རིག་འཛིན་ནོར་བུ་དཔལ་བཟང་། པཎ་ཆེན་འབུམ་ཕྲག་གསུམ་པ་བྱམས་པ་ཆོས་ཀྱི་དོན་གྲུབ། ཡོལ་མོ་སྤྲུལ་སྐུ་ཤཱཀྱ་བཟང་པོ། བཀྲ་བཟང་པ་ཆོས་སྐྱོང་བསོད་ནམས་བཀྲ་ཤིས། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། སྐྱི་སྟོན་ཚེ་རིང་དབང་པོ། རང་གྲོལ་ཀླུ་སྒྲུབ་དབང་པོ། ཟུར་ཆེན་ངག་དབང་ཕུན་ཚོགས། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། ༈ །དབང་ཆོག་རྡོ་རྗེ་སྤྱི་བླུག་གི་དབང་གི་བརྒྱུད་པ་ནི། སྲས་མངའ་བདག་ནམ་མཁའ་དཔལ་ལྡན་ཡན་གོང་ལྟར་ལ། དེ་ནས་གཟུ་སྟོན་དྷརྨ་རཏྣ། འཇམ་དབྱངས་མཁྱེན་བརྩེའི་རིག་འཛིན་ཆེན་པོར་གསན་པའི་ཐོ་དང་བྱང་ལུགས་ཀྱི་གསན་ཡིག་ན་འདི་བཞིན་འདུག་ལ། རྗེ་མཁྱེན་བརྩེས་ཚར་ཆེན་དང་བདག་ཆེན་ངག་གི་དབང་ཕྱུག་ལ་གསན་པའི་བརྒྱུད་པར་འདི་གཉིས་གོ་ལྡོག་འདུག་


GLG002_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམ་ཐར་ཆོས་འབྱུང་ལྟ་བུ་རྙེད་ཚེ་དཔྱད། གཟུ་སྟོན་རིན་ཅེན་རྒྱལ་མཚན། རྟོགས་ལྡན་ཆོས་ཉིད་རང་གྲོལ། དྲིན་ཅན་སངས་རྒྱས་ལྷུན་དབང་། སྤྲུལ་སྐུ་གནུབས་བན་ཀུན་དགའ་བཀྲ་ཤིས། མཁས་གྲུབ་རྒྱལ་སྲས་ཆོས་རྗེ་ཐུགས་མཆོག་རྩལ། གཅུང་ཆོས་རྗེ་ལེགས་པ་དཔལ་བཟང་། ཉང་སྟོན་ཆོས་ཀྱི་དབང་ཕྱུག །གནུབས་སྟོན་རིན་ཅེན་དཔལ་བཟང་། ལྷ་རིགས་འཇམ་དབྱངས་རྒྱལ་མཚན། སྤྲུལ་སྐུ་པདྨ་དབང་རྒྱལ། གཏེར་སྟོན་ལེགས་ལྡན་རྡོ་རྗེ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། རྗེ་བཙུན་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་རྗེ་བཀའ་འགྱུར་བ་ནས། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །འབྲིང་པོ་མེའི་སྤུ་གྲིའི་དབང་བརྒྱུད་ནི། གནུབས་སྟོན་རིན་ཅེན་དཔལ་བཟང་ཡན་གོང་ལྟར་ལ། དེ་ནས་རྗེ་བཙུན་ནམ་མཁའ་ཤེས་རབ། པཎ་ཆེན་པདྨ་དབང་རྒྱལ་རྡོ་རྗེ། སྤྲུལ་སྐུ་ལེགས་ལྡན་རྗེ། ཁྲི་སྲོང་རྣམ་སྤྲུལ་དཔལ་བཀྲ་ཤིས་སྟོབས་རྒྱལ། རིག་འཛིན་ངག་གི་དབང་པོ་ཐུགས་རྗེ་དབང་གྲུབ་རྩལ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །ཡང་ན་རྗེ་ནམ་མཁའ་ཤེས་རབ་ནས། ཡབ་འཇམ་དབྱངས་རྒྱལ་མཚན། སྲས་པཎ་ཆེན་པདྨ་དབང་རྒྱལ་མན་གོང་ལྟར། ཡང་ན་རིག་འཛིན་ངག་གི་དབང་པོ་ནས། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་ལེགས་ལྡན་རྗེ་ནས། འཇམ་དབྱངས་མཁྱེན་བརྩེའི་ཞབས། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། མཁས་གྲུབ་ཁྲ་ཚང་


GLG002_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

པ་བློ་མཆོག་རྡོ་རྗེ། དེས་བདག་ལའོ། །ཡང་ན་མངའ་རིས་པཎ་ཆེན་ནས། གྲུབ་མཆོག་སྦྱིན་པ་རྒྱ་མཚོ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། འཇམ་དབྱངས་མཁྱེན་བརྩེ་མན་འདྲ། ཡང་ན་བརྒྱུད་འཛིན་ལེགས་པ་དཔལ་བཟང་ནས། འཁོན་ས་སྐྱ་པ། རྒྱ་དཀར་ཤེས་རབ་རྒྱལ་མཚན། ས་ལོ་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། འཁོན་ནམ་མཁའ་འདོད་གྲུབ་བཀྲ་ཤིས་ཚེ་བརྟན་རྒྱལ་མཚན་དཔལ་བཟང་པོ། དེ་གཉིས་ཀ་ལ་ཚར་པ་ཆེན་པོས་གསན། དེ་མན་འདྲ། ཡང་ན་བདག་ཆེན་རྒྱ་དཀར་བ་ནས། བདག་ཆེན་ངག་གི་དབང་ཕྱུག །འཇམ་དབྱངས་མཁྱེན་བརྩེ་མན་འདྲ། ཡང་ན་འཁོན་ནམ་མཁའ་འདོད་གྲུབ་ནས། འཁོན་ཀུན་དགའ་བདེ་ལེགས། འཁོན་ཀུན་དགའ་བསོད་ནམས་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། ཁྱབ་བདག་བཀའ་འགྱུར་བ་མགོན་པོའི་མཚན་ཅན་མན་སྔར་ལྟར། ཡང་ན་སྔགས་འཆང་ལེགས་པ་དཔལ་བཟང་ནས། གནུབས་སྟོན་རིན་ཅེན་དཔལ་བཟང་། ལྡོང་སྟོན་བསོད་ནམས་དཔལ་འབྱོར། གནུབས་སྒོམ་སྦས་པའི་རྣལ་འབྱོར་སྨོན་ལམ་རྒྱལ་མཚན། འཇམ་དབྱངས་མཁྱེན་བརྩེ་མན་སྔར་ལྟར། བྱིན་རླབས་ལུ་གུ་རྒྱུད་ཀྱི་བརྒྱུད་པ་ནི། དམར་ཞབས་རས་པ་ཡན་སྣང་སྲིད་ལྷ་འདྲེའི་སྲོག་དབང་ལྟར་ལ། དེ་ནས་ཐུགས་སྲས་ཆོས་ཉིད་རང་གྲོལ། མཉམ་མེད་བདེ་ཆེན་རྒྱལ་པོ། གུ་རུ་ཆོས་ཀྱི་རྒྱལ་མཚན། སྔགས་འཆང་རྣམ་རྒྱལ་བཟང་པོ། དྲན་ཆོག་རྡོ་རྗེ་རྒྱལ་པོ། མཁས་བཙུན་ཚུལ་ཁྲིམས་འདུས་ལེགས། རྒྱལ་བ་རིན་ཅེན་གྲུབ་པ། གུ་རུ་ཐུགས་མཆོག་རྡོ་རྗེ། མཁས་བཙུན་བསྟན་པའི་རྒྱལ་མཚན། ཟུར་བདེ་


GLG002_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་རྒྱལ་མཚན་ཕྱི་མ། ཟུར་ངག་དབང་ཕུན་ཚོགས། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །ཡང་ན་རྒྱལ་བ་རིན་ཅེན་གྲུབ་པ་ནས། སྔགས་འཆང་ཚེ་རིང་དབང་པོ། ཀླུ་སྒྲུབ་ཆོས་ཀྱི་རྒྱལ་མཚན། ཟུར་ངག་དབང་ཕུན་ཚོགས་མན་འདྲ། ཆུང་བ་དཔའ་བོ་ལྷ་གསུམ་སྐོར་དང་ཨའི་རྟགས་ཡོད་པ་མ་གཏོགས་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། བྱམས་པ་བསྟན་པའི་མངའ་བདག་ཡན་སྣང་སྲིད་ལྷ་འདྲེའི་སྲོག་དབང་ལྟར་ལ། དེ་ནས་སྤྲུལ་སྐུ་པདྨ་དབང་རྒྱལ། རིག་འཛིན་ལེགས་ལྡན་རྡོ་རྗེ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །གྲུབ་པ་མཆོག་གི་དེད་དཔོན་དབང་ཕྱུག་རབ་བརྟན། བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། རྩ་བའི་བླ་མ་ཁྲ་ཚང་བ་ཆེན་པོ། དེས་བདག་ཟ་ཧོར་བནྡེ་ལ་བདེ་གཤེགས་འདུས་པའི་བསྙེན་སྒྲུབ་ཞལ་ཤེས་མན་ངག་དང་བཅས་ཏེ་སྩལ་ཏོ། ༈ །བདེ་གཤེགས་འདུས་པ་ཐེམས་ཅན་གྱི་བརྒྱུད་པ་གཅིག་ནི། དམ་པ་ཆོས་ཚུལ་ནས། ཡབ་འཇམ་དབྱངས་ཆེན་པོ། སྲས་པདྨ་དབང་རྒྱལ་མན་འདྲ། ཡང་ན་མངའ་བདག་འགྲོ་མགོན་ནས། རྟག་སོ་ཆོས་ཀྱི་བླ་མ། སངས་རྒྱས་གཉན་རས། མེ་ལོང་རྡོ་རྗེ། ཀུ་མཱ་རཱ་ཛ། རང་བྱུང་རྡོ་རྗེ། ཀུན་དགའ་རྡོ་རྗེ། ཆོས་དཔལ་རིན་ཅེན། ཀུན་དགའ་རྒྱལ་མཚན། གནུབས་རིན་ཅེན་དཔལ་བཟང་། གནུབས་རྒྱལ་སྲས་པདྨ། མངའ་རིས་པཎ་ཆེན་མན་གོང་བཞིན་ནོ། །ཨའི་རྟགས་ཡོད་པའི་བརྒྱུད་པ་ནི། སྲས་པདྨ་དབང་ཆེན་ཡན་སྣང་སྲིད་ལྷ་འདྲེའི་སྲོག་དབང་ལྟར་ལ། དེ་ནས་སངས་རྒྱས་གཏེར་སྟོན། རིག་འཛིན་ནམ་མཁའ་གྲགས་པ། རིག་འཛིན་རྡོ་རྗེ་དཔལ། རིག་འཛིན་རྡོ་རྗེ་གྲགས་པ།


GLG002_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་ཀུན་བཟང་རྣམ་རྒྱལ། སྤྲུལ་སྐུ་ཤཱཀྱ་བཟང་པོ། ལེགས་ལྡན་བདུད་འཇོམས་རྡོ་རྗེ་མན་གོང་ལྟར་ལ། ལྡོང་གི་རྟགས་ཡོད་པའི་བརྒྱུད་པ་ནི། གཏེར་སྟོན་ཡན་སྤྱི་ལྟར་ལ། སྲས་ནམ་མཁའ་དཔལ་ལྡན། རྒྱལ་སྲས་བློ་ལྡན་ཤེས་རབ། གཉོས་སྟོན་ཐུགས་རྗེ་རིན་ཅེན། འདར་སྟོན་ཡོན་ཏན་རྒྱ་མཚོ། བླ་མ་དངོས་གྲུབ་དཔལ་ལྡན། རྒྱ་སྟོན་ཐུགས་རྗེ་སེང་གེ །བླ་མ་རིན་ཅེན་རྒྱལ་པོ། སྲས་བླ་མ་ལྕང་མ་པ། གཏེར་སྟོན་དངོས་གྲུབ་རྒྱལ་མཚན། སྔགས་འཆང་རྡོ་རྗེ་མགོན་པོ། མཚན་ལྡན་ངག་དབང་གྲགས་པ། དྲིན་ཆེན་སངས་རྒྱས་དཔལ་བཟང་། ཐུགས་སྲས་ནམ་མཁའ་རྒྱལ་མཚན། བཀྲ་བཟང་ཆོས་སྐྱོང་བསོད་ནམས་བཀྲ་ཤིས། འཇམ་དབྱངས་མཁྱེན་བརྩེའི་ཞབས་མན་སྔར་ལྟར། ཡིག་ལུང་རིགས་བསྡུས་ཀྱི་བརྒྱུད་པ་ནི། སྣང་སྲིད་ལྷ་འདྲེའི་སྲོག་དབང་བཀྲ་བཟང་པ་བཞུགས་པའི་བརྒྱུད་པ་དང་གཅིག་གོ །ཚར་གྱི་རྟགས་ཡོད་པའི་བརྒྱུད་པ་ནི། གྲུབ་མཆོག་སྦྱིན་པ་རྒྱ་མཚོར་ཚར་ཆེན་གྱིས་གསན་པའི་དབང་བརྒྱུད་ལྟར་རམ། ཡང་ན་སྤྲུལ་སྐུ་རི་ཁྲོད་གྲགས་པ། དཔོན་ཆེན་ཤེས་རབ་དཔལ་བཟང་། གྲུབ་མཆོག་སྦྱིན་པ་རྒྱ་མཚོ་མན་སྔར་བཞིན་ནོ། ༈ །ཉང་གི་དྲག་དམར་ཐེམས་མེད་ལ་མཐའ་ཆོད་དུས་ཤིག་མི་འདུག་པས་གོང་གི་མ་བུ་དོན་བསྡེབས་གསུམ་དང་མི་འདྲ་བའི་ཆོས་དབང་རིན་པོ་ཆེའི་ཕྱག་བྲིས་ཡིན་འདྲ་གསུང་བའི་དཔེ་ཚང་རྒྱུ་མེད་པ་ཞིག་གི་སྟེང་ནས་མ་ཡིག་གི་སྐོར་ལ། ཐུགས་སྒྲུབ་རྩ་བ། མངོན་རྟོགས་འགྲེལ་པ། གཏོར་མ་བསྟོད་པ། བསྲུང་འཁོར་བྲི་ཐབས། འདྲེ་འདུལ་བ། མཛེ་གསོ་བ། སེར་བསྲུང་། གཏོར་མས་དགྲ་བགེགས་གསད་པ། བྱབ་གཏོར་གྱི་སྲེའུ་
གསོ་བ། ཐེའུ་རང་འདུལ་ཐབས། གནད་ནས་བསྐུལ་བ་དམ་བཅའ་དང་བཅས་པ། བུ་ཡིག་ལ་ཞི་བའི་སྒྲུབ་ཐབས། དྲག་པོའི་སྒྲུབ་ཐབས། དབང་མཆོག །དཀྱིལ་འཁོར་གྱི་གནད། ཁྲུས་ལེ་འབྲལ་མེད་གནད་ཀྱི་གདམས་པ། འཇམ་དཔལ་སྐུ། པདྨ་གསུང་། ཕྱག་རྡོར་ཐུགས་ཀྱི་སྒྲུབ་པ། ཆར་འབེབས། ལས་བཞི་སྦྱིན་སྲེག །སྔགས་ཐེམས། སྤྱིའི་བཟླས་པ། སྡེ་བརྒྱད་གཟིར་བ། མ་བུ་དོན་བསྡེབས་པ། ལས་བྱང་། ཚོགས་མཆོད། བཟླས་པའི་འཕྲེང་བ་དང་རྟགས་ཀྱི་བཤད་པ། ཐོར་བུ་ལ། དབང་ཆོག་ངག་བསྒྲིགས། བདུད་བཙན་ཀླུ་གསུམ་གྱི་སྒྲུབ་ཐབས། བདུད་མི་ནག་རྟ་ནག་གི་སྒྲུབ་ཐབས་རྣམས་ཀྱི་ལུང་བརྒྱུད་ནི། གཏེར་སྟོན་ཉང་ནས་བར་སྐབས་ཀྱི་བརྒྱུད་པ་རྣམས་རྟ་ལོ་བདེ་གཟར་དུས་གསན་ཡིག་ཁ་ཤས་འཐོར་བའི་ཁྲོད་དུ་སོང་བས་མ་རྙེད། དེ་ནས་རིན་པོ་ཆེ་ཉི་ཟླ་སངས་རྒྱས། དཀར་ཆེན་ལན་བུ་ཨ་མི། རྡོ་རྗེ་འཆང་ཕ་བོང་ཁ་པ། དེས་བདག་ལ་སྩལ་ཏོ། །ཡང་དེ་ཉིད་ལ་གུ་རུ་ཞི་བར་བརྟེན་པའི་བླ་མའི་རྣལ་འབྱོར་ཞིག་ཐོབ་ཀྱང་ལུགས་གང་ཡིན་དང་བརྒྱུད་པ་ཞུ་བ་མ་བྱུང་།


previousབཀའ་གཏེར་གང་ཡིན་ཁུངས་ཆོད་དཀའ་བ་དང་འདྲེས་པ་དང་གཏེར་སྟོན་མ་ངེས་པ་སོགས་མན་ངག་ཐོར་བུ་སྣ་ཚོགས་ཀྱི་སྐོར།next