Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

131 occurrences of བརྒྱུད་གསུམ་
[Clear Hits]


  
collapse section
 
དུས་འཁོར་ཤོང་འགྱུར་སྟེང་ནས་ཐོབ་པའི་བརྒྱུད་པའི་སྐོར།
 
 
 
10   
 
 
 
 
 
 
 
22   
17   
 
 
  
 
 
 
 
 
11   
 


131 occurrences of བརྒྱུད་གསུམ་
[Clear Hits]

 
previousདུས་འཁོར་ཤོང་འགྱུར་སྟེང་ནས་ཐོབ་པའི་བརྒྱུད་པའི་སྐོར།next

དུས་འཁོར་ཤོང་འགྱུར་སྟེང་ནས་ཐོབ་པའི་བརྒྱུད་པའི་སྐོར།


GLG002_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་གཞན་དང་བཤད་སྲོལ་མི་འདྲ་བ་དུས་ཀྱི་འཁོར་ལོའི་སྐོར་ལ། རྫོགས་པའི་སངས་རྒྱས་ཤཱཀྱ་སེང་གེ་ཤིང་ཕོ་རྟའི་ལོ་ས་གས་ཉ་བའི་ཚེ་ཟག་པ་མེད་པའི་བདུད་རྩིའི་མཆོག་མངོན་དུ་མཛད་ནས་ལོ་བཞི་བཅུ་ཞེ་དྲུག་འདས་པ་ལྕགས་འབྲུག་ནག་པའི་ཟླ་བར་ཤྲཱིདྷཱ་ནྱ་ཀ་ཊ་ཀའི་མཆོད་རྟེན་གྱི་ནང་གི་སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་སྤྲོས་ཏེ་སྤྲུལ་པའི་ཆོས་རྒྱལ་ཟླ་བ་བཟང་པོ་སོགས་སྐལ་ལྡན་གྱི་གདུལ་བྱ་རྣམས་སྨིན་པར་མཛད། དེའི་ཕྱི་ལོ་ཆོས་རྒྱལ་ཟླ་བ་བཟང་པོས་དུས་འཁོར་རྩ་བའི་རྒྱུད་བསྡུས། བྱང་ཕྱོགས་ཤམ་བྷ་ལར་ཆོས་རྒྱལ་དྲུག་དང་རིགས་ལྡན་བཅུ་བདུན་འདས་ཤིང་རིགས་ལྡན་སེང་གེ་ཆོས་ཀྱི་ཁྲིར་འཁོད་པའི་ལོ་ཉི་ཤུ་རྩ་བདུན་པ་མེ་མཁའ་རྒྱ་མཚོ་ལ་འདས་ལོ་དྲུག་ཅུ་སྐོར་དྲུག་དང་ཉག་མ་ཉེར་བདུན་དུ་སླེབས་པ་བོང་བུ་ཞེས་པ་ལྕགས་མོ་ཡོས་ཀྱི་ལོ་གྲོ་བཞིན་གྱི་ཟླ་བའི་ཡར་ངོའི་ཚེས་བཞི་གཟའ་ཉི་མ། སྐར་མ་མེ་བཞི། འཕྲོད་ཡིད། སྦྱོར་བ་གྲུབ་པ། བྱེད་


GLG002_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཚོང་པ་རྣམས་འཛོམ་པའི་དུས་ཆོས་གྲྭ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཀྱི་དགའ་ལྡན་ཕོ་བྲང་མེ་ཏོག་མངོན་པར་བཀྲ་བའི་ལྡིང་ཁང་དུ་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དཔའི་ངོ་བོ་རིགས་འཛིན་ཆེན་པོ་ཆོས་དབྱིངས་རང་གྲོལ་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་ཏིང་ངེ་འཛིན་ལ་བཞུགས་པའི་རྡོ་རྗེའི་སློབ་དཔོན་གྱི་དཔལ་དུས་ཀྱི་འཁོར་ལོ་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེས་མཛད་པའི་མངོན་པར་རྟོགས་པ་རྒྱས་པ་དངོས་གྲུབ་འདོད་འཇོ། དཀྱིལ་ཆོག་ཡོན་ཏན་ཀུན་འབྱུང་། མཆོད་ཕྲེང་མཆོད་སྤྲིན་རྒྱ་མཚོ། མཁྱེན་རབ་རྗེས་མཛད་པའི་ཟིན་བྲིས་བཀྲ་ཤིས་རབ་རྒྱས་གཞན་ཡང་སློབ་མ་ཡང་སློབ་དང་བཅས་པའི་ཟིན་བྲིས་ཐོར་བུ་བཞུགས་པ་རྣམས་དང་། དེ་དག་གི་གོ་རིམ་ཁྲིགས་ཆགས་སུ་ཁྱབ་བདག་རྡོ་རྗེ་འཆང་བཀའ་འགྱུར་བ་མགོན་པོ་བསོད་


GLG002_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་མཆོག་ལྡན་གྱིས་མཛད་པའི་བཀླགས་པས་དོན་གྲུབ་རྣམས་ཀྱི་སྟེང་ནས་རྡོ་རྗེའི་སློབ་མ་ངག་དབང་བློ་བཟང་རྒྱ་མཚོར་བྱིས་པ་འཇུག་པའི་དབང་བདུན་གྱི་དབང་བསྐུར་བ་ལ་བརྟེན་ནས་འོག་མིན་སྲིད་པའི་མཐར་ཐུག་པའི་འཇིག་རྟེན་པའི་དངོས་གྲུབ་འགྲུབ་པ་དང་། སེམས་ཅན་ཐམས་ཅད་ཀྱི་བདེན་པ་ཉིད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པའི་སླད་དུ་ལུང་བསྟན་ཅིང་རྗེས་སུ་གནང་བ་དང་། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་མཆོག་གི་ངེས་དོན་གྱི་དཀྱིལ་འཁོར་རྣམས་སུ་དབང་གོང་མ་བཞི་གོང་ཆེན་དང་བཅས་པ་བརྒྱུད་པའི་བཀའ་བབས་བཞི་དང་ལྡན་པ་ལེགས་པར་ནོས་པའི་དང་པོ་འབྲོ་ལུགས་ཀྱི་བརྒྱུད་པ་ནི། དང་པོའི་སངས་རྒྱས། ཆོས་སྐུ་རྡོ་རྗེ་འཆང་། ལོངས་སྐུ་དུས་ཀྱི་འཁོར་ལོ། སྤྲུལ་སྐུ་ཤཱཀྱ་ཐུབ་པ། བུའི་གསན་ཡིག་ན་སངས་རྒྱས་ཀྱི་རྗེས་སུ་དཔལ་སྐྱོང་བྲིས་པ་ལས་ཐར་ཆགས་སུ་མི་འདུག་ཅིང་ངོར་ཆེན་གྱི་གསན་ཡིག་ན་ཆོས་རྒྱལ་སུམ་ཅུ་རྩ་ལྔ་ཞེས་པ་ལས་སོ་སོར་མ་ཕྲལ་ཞིང་ཁ་གྲངས་ཀྱང་ཅུང་ཟད་མ་འགྲིག་པས་དཔྱད། ཆོས་རྒྱལ་ཟླ་བ་བཟང་པོ། ལྷའི་དབང་པོ། གཟི་བརྗིད་ཅན། ཟླ་བས་བྱིན། ལྷའི་དབང་ཕྱུག །སྣ་ཚོགས་གཟུགས། ལྷའི་དབང་ལྡན་ཏེ་ཆོས་རྒྱལ་བདུན། རིགས་ལྡན་འཇམ་དཔལ་གྲགས་པ། པདྨ་དཀར་པོ། བཟང་པོ། རྣམ་རྒྱལ། བཤེས་གཉེན་བཟང་པོ། ཕྱག་ན་རིན་ཅེན། ཕྱག་དམར་བ་ཡང་ཟེར། ཁྱབ་འཇུག་སྦས་པ། ཉི་མ་གྲགས་པ། ཤིན་ཏུ་བཟང་པོ། རྒྱ་མཚོ་རྣམ་རྒྱལ། འདི་ནས་མེ་མཁའ་རྒྱ་མཚོའི་དབུ་ཚུགས། རྒྱལ་དཀའ། ཉི་མ། སྣ་ཚོགས་གཟུགས། ཟླ་བའི་འོད། མཐའ་ཡས། ས་སྐྱོང་། དཔལ་སྐྱོང་། ལུགས་གཅིག་ལ་རིགས་ལྡན་ཉི་མ་ལ་སློབ་དཔོན་ཙི་ལུ་པཎྜི་ཏས་གསན། དེ་ཉིད་དང་དུས་ཞབས་པ་ཆེ་བ་གཅིག་པར་བཞེད་ཅིང་སྤྱན་རས་


GLG002_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་ཀྱི་སྤྲུལ་པའི་དགེ་སློང་ཞིག་ལ་གསན་པ་སོགས་ལོ་རྒྱུས་མི་མཐུན་པ་མང་ཡང་འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་སོར་གནས་བྲིས་པ་ཡིན། གྲུབ་ཆེན་དུས་འཁོར་ཞབས་པ་ཆེ་ཆུང་། ཆེ་བ་ཙོར་ཡ་ཤའི་ཕོ་བྲང་དང་ཆུང་བ་ནཱ་ལནྡ་པ། རྒྱལ་སྲས་ནཱ་ལནྡ་པ། བུ་སྟོན། རྗེ་བཙུན་ཙོང་ཁ་པ་གོང་དཀར་ཐར་རྩ་ལོ་སྤྱན་སྔ་སྒྲུབ་ཁང་པ་རྣམས་ཀྱི་གསན་ཡིག་ན་མི་འདུག་ཅིང་མཁན་ཆེན་ངག་ཆོས་པའི་གསན་ཡིག་ན་ཁ་ཆེ་ཟླ་མགོན་དང་གཅིག་པར་མཛད། ངོར་ཆེན། རྡོ་རྗེ་འཆང་སྔགས་རམ་པ། རྗེ་མཁྱེན་བརྩེ་གསུམ་གི་གསན་ཡིག་ན་དཀྱུས་ལྟར་བྱུང་བ་དཔྱད་དོ། །ཁ་ཆེ་ཟླ་བ་མགོན་པོ། པཎ་དཀར། འབྲོ་ལོ་ཙཱ་བ་ཤེས་རབ་གྲགས། རྗེ་བཙུན་ཙོང་ཁ་པའི་གསན་ཡིག་ན་མི་འདུག་པ་ཡིག་སྐྱོན་བྱུང་བ་འདྲ། གྲབ་སྒོམ། འཕན་ཡུལ་བ་བོད་བཙུན། དཀོན་ཅོག་སྲུང་། རྣལ་འབྱོར་བཟང་པོ་སྒྲོ་སྟོན་གནམ་ལ་བརྩེགས། སྔགས་དཀར་ཅོ་བྲེག་ཅན། གྲུབ་ཆེན་ཡུ་མོ་དད་པ་རྒྱལ་པོ། སྲས་ཆོས་ཀྱི་དབང་ཕྱུག །སྔགས་དཀར་ཅོ་བྲེག་ཅན། གྲུབ་ཐོབ་ནམ་མཁའ་འོད། སྤྲུལ་སྐུ་ཇོ་འབུམ། བུ་སྟོན་རྗེ་བཙོང་ཁ་པ་ངོར་ཆེན་གོང་དཀར་ཐར་རྩེ་ངག་ཆོས་ལོ་པ་རྣམས་ཀྱི་གསན་ཡིག་ན་མི་སྣང་བས་དཔྱད། སེ་མོ་ཆེ་བ་ནམ་མཁའ་རྒྱལ་གསང་མཚན་མི་བསྐྱོད་རྡོ་རྗེ། བཙུན་རྒན། མཚན། འཇམ་གསར་ཤེས་རབ་འོད་ཟེར། ཕྱམ་རྩེ་བ། ཀུན་མཁྱེན་ཆོས་སྐུ་འོད་ཟེར། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། སེ་སྟོན་ཀུན་རིག་གི་སྐྱེ་བར་གྲགས། བོད་བཙུན་ཡིན། བྱང་སེམས་རྒྱལ་བ་ཡེ་ཤེས། མཁས་བཙུན་ཡོན་ཏན་རྒྱ་མཚོ། ཇོ་ནང་ཀུན་མཁྱེན་དོལ་པོ་ཤེས་རབ་རྒྱལ་མཚན་དཔལ་བཟང་། ལོ་ཙཱ་བ་བློ་གྲོས་དཔལ། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ། ཉ་དབོན་ཀུན་དགའ་དཔལ། གྲུབ་ཆེན་ཀུན་དགའ་བློ་གྲོས། འཇམ་དབྱངས་དཀོན་ཅོག་བཟང་པོ། རྗེ་བཙུན་ནམ་མཁའ་ཆོས་སྐྱོང་། རྡོ་རྗེ་


GLG002_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་སྒོ་རུམ་པ་ཀུན་དགའ་ལེགས་པ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །ཁྱབ་བདག་དབང་ཕྱུག་རབ་བརྟན། བསྟན་པའི་མངའ་བདག་མགོན་པོ་བསོད་ནམས་མཆོག་ལྡན། དཀྱིལ་འཁོར་རྒྱ་མཚོའི་རིགས་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་ཏུ་སྩལ་ཏོ། །བུ་ལུགས་ཀྱི་འབྲོའི་བརྒྱུད་པ་ནི། བྱང་སེམས་རྒྱལ་བ་ཡེ་ཤེས་ཡན་གོང་ལྟར་ལ། དེ་ནས་ཀུན་མཁྱེན་འཕགས་འོད། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ། ཐུགས་སྲས་སེམས་དཔའ་ཆེན་པོ། འཇམ་དབྱངས་གྲགས་པ་རྒྱལ་མཚན། ཤར་པ་ཡེ་ཤེས་རྒྱ་མཚོ། སྐུ་ཞང་མཁྱེན་རབ་ཆོས་རྗེ། ཆོས་རྗེ་དོན་གྲུབ་རྒྱལ་མཚན། འཇམ་དཔལ་དབྱངས་བྱང་གླིང་བཀྲ་ཤིས་རྒྱལ་མཚན། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་མན་འདྲ། ཡང་ན་མཁྱེན་རབ་རྗེ་ནས། ཆོས་རྗེ་དཀོན་ཅོག་དཔལ་བཟང་། བྱང་གླིང་བཀྲ་ཤིས་རྒྱལ་མཚན་མན་འདྲ། ཡང་ན་མཁྱེན་རབ་རྗེ་ནས། སྐུ་ཞང་བསོད་ནམས་མཆོག་གྲུབ། བྱང་གླིང་རྗེ་མན་འདྲ། ཡང་ན་ཀུན་མཁྱེན་ཆོས་འོད་ནས། འཕགས་འོད་ཡོན་ཏན་རྒྱ་མཚོ་མན་འདྲ། ཐར་ལོ་ལུགས་ཀྱི་རིང་བརྒྱུད་ནི། འཇམ་གསར་པ་ཡན་གོང་ལྟར་ནས། ཉེག་པོ་ཆོས་ལྡན། གོ་ལུང་པ་གཞོན་ནུ་དཔལ། ཐར་ལོ་ཉི་མ་རྒྱལ་མཚན། བུའི་གསན་ཡིག་ན་དབང་གོང་མ་ཐོབ་ཟེར་བ་འདུག་པས་ཡོངས་རྫོགས་ཡོད་མེད་དཔྱད། ཀུན་མཁྱེན་བུ་སྟོན་མན་གོང་ལྟར་རོ། །ཡང་ན་རྡོ་རྗེ་འཆང་། དཔེ་མེད་འཚོ། དཔལ་འཛིན། འོད་བྱེད་ལྷ། ཆོས་ཀྱི་འབྱུང་གནས་ཞི་བ། ཉི་མ་དཔལ་ཡེ་ཤེས། རིན་ཅེན་འཚོ། བི་བྷཱུ་ཏི། ཀོ་བྲག་པ་བསོད་ནམས་རྒྱལ་མཚན།


GLG002_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

གོ་ལུང་པ་གཞོན་ནུ་དཔལ་མན་འདྲ། ཡང་ཉེ་བརྒྱུད་ནི། རྡོ་རྗེ་འཆང་། ཤ་ཝ་རི། བི་བྷཱུ་ཏི། ཀོ་བྲག་པ་མན་འདྲ། ཡང་ཤོང་ལུགས་ཀྱི་བརྒྱུད་པ་ནི། སེ་མོ་ཆེ་བ་ནམ་མཁའ་རྒྱལ་མཚན་ནས། བོ་དོང་རིན་ཅེན་རྩེ་མོ། སྟག་སྡེ་པ་སེང་གེ་རྒྱལ་མཚན། ཤོང་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན། ཤོང་ལོ་ཙཱ་བ་བློ་གྲོས་བརྟན་པ། མང་མཁར་ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། བླ་མ་དཔལ་ལྡན་སེང་གེ །ཐམས་ཅད་མཁྱེན་པ་བུ་སྟོན་མན་གོང་ལྟར་རོ། །ཡང་ན་བོ་དོང་རིན་ཅེན་རྩེ་མོ་ནས། འཛིམས་པ་རིན་ཅེན་ཤེས་རབ། ཤར་པ་དུས་འཁོར་བ་ཡེ་ཤེས་རིན་ཅེན། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། འཕགས་འོད་ཡོན་ཏན་རྒྱ་མཚོ། ཆོས་རྗེ་ཐམས་ཅད་མཁྱེན་པ་མན་གོང་བཞིན་ནོ། །ཡང་ན་བུ་སྟོན་རིན་པོ་ཆེ་ནས། བླ་མ་དྷརྨ་ཤྲཱི། སྣར་ཐང་ལོ་ཙཱ་བ་སཾ་གྷ་ཤྲཱི། གཟད་པ་རིན་ཅེན་རྒྱལ་མཚན། བྲག་ཐོག་པ་བསོད་ནམས་བཟང་པོ། ཀུན་མཁྱེན་རྡོ་རྗེ་གདན་པ། མཁས་གྲུབ་རིན་ཅེན་རྣམ་རྒྱལ། ཡོངས་འཛིན་ཤཱཀྱ་ཀུན་དགའ། བླ་ཆེན་ཡེ་ཤེས་དབང་པོ། མཚུངས་མེད་ཉི་མ་གླིང་པ། བཀའ་འགྱུར་བ་ཆེན་པོ་མན་འདྲ། ཡང་ན་ཤཱཀྱ་ཀུན་དགའ་ནས། ཀུན་བཟང་རྩེ་པ་དབང་ཕྱུག་རྒྱལ་མཚན། རྗེ་ཉི་མ་གླིང་པ་མན་འདྲ། ཡང་ན་ཀུན་མཁྱེན་བུ་ནས། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ལོ་ཆེན་སྐྱབས་མཆོག་དཔལ་བཟང་། བླ་མ་ནམ་མཁའ་འོད་ཟེར། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཅེན། ཐུ་བཙུན་ཀུན་དགའ་རྣམ་རྒྱལ་མན་འདྲ། ༈ །ཡང་ན་བུ་སྟོན་ནས། ཐུགས་སྲས་སེམས་དཔའ་ཆེན་པོ། ཞ་ལུ་ཁང་རྙིང་སློབ་དཔོན་བསོད་


GLG002_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་འཕེལ། སྟག་ཚང་ལོ་ཙཱ་བ་མན་འདྲ། ཡང་ན་ཀུན་མཁྱེན་ཇོ་ནང་པ་ནས། གཉག་ཕུ་བ་བསོད་ནམས་བཟང་པོ། པཎ་ཆེན་བྱམས་པ་གླིང་པ་བསོད་ནམས་རྣམ་རྒྱལ། རྡོ་རྗེ་གདན་པ་མན་འདྲ། བཀའ་བབས་གཉིས་པ་རྭ་ལུགས་ཀྱི་བརྒྱུད་པ་ནི། དང་པོའི་སངས་རྒྱས། ཟླ་བ་བཟང་པོ། ཆོས་རྒྱལ་སུམ་ཅུ་རྩ་གཉིས། གསན་ཡིག་ལྟར་བྲིས་པ་ཡིན་ནའང་ཙི་ལུ་པའི་དུས་ཀྱི་རིགས་ལྡན་ཡན་མ་གཏོགས་དེ་མན་དཔྱད་གཞི་འདུག །འཇམ་དབྱངས་སྤྲུལ་པ། ཙི་ལུ་པཎྜི་ཏ། པི་ཏོ་པ། གོང་དཀར་བ་དང་ཐར་རྩེ་པའི་གསན་ཡིག་ན་པཎྜི་ཏ་ཨཱ་ཙཪྻ་ཟེར་བ་འདུག །དུས་ཞབས་པ་ཆེ་ཆུང་། མཉྫུ་ཀཱིརྟི། པཎྜི་ཏ་ས་མནྟ་ཤྲཱི། རྭ་ལོ་ཙཱ་བ་ཆེན་པོ་ཆོས་རབ། རྭ་ཡེ་ཤེས་སེང་གེ །རྭ་འབུམ་སེང་། རྒྭ་ལོ་རྣམ་རྒྱལ་རྡོ་རྗེ། བླ་མ་ཤེས་རབ་སེང་གེ །སྐྱི་སྟོན་གྲགས་པ་རྒྱལ་མཚན། ཇོ་ནང་ཀུན་མཁྱེན་ཆེན་པོ་མན་གོང་ལྟར་རོ། །ཡང་ན་རྒྭ་ལོ་ནས། ལོ་ཙཱ་བ་མཆོག་ལྡན། སྐྱི་སྟོན་མན་འདྲ། ཡང་ན་རྗེ་བཙུན་རྒྭ་ལོ་ནས། བླ་མ་ཚུལ་ཁྲིམས་དར། དུས་འཁོར་བ་ཡེ་ཤེས་རིན་ཅེན། ཀུན་སྤངས་ཞང་། བྱང་སེམས་ཆེན་པོ། སྐྱི་སྟོན་པ་མན་འདྲ། ཡང་རྭ་འབྲོ་འདྲེས་པའི་བརྒྱུད་པའི་རྣམ་གྲངས་ནི། འཇམ་གསར་པ་ནས། རོང་པ་རྒྭ་ལོ། བླ་མ་ཤེར་སེང་། དཔལ་ལྡན་སེང་གེ་མན་སྔར་བཞིན་ནོ། །ཡང་ན་ཀུན་སྤངས་ཞང་ནས། ཀུན་སྤངས་གྲགས་པ་རྒྱལ་མཚན། སྐྱི་སྟོན་པ་མན་འདྲ། ཡང་ན་ཉ་དབོན་ཀུན་དགའ་དཔལ་ཡན་གོང་ལྟར་ལ། རྒྱལ་བ་ཇོ་བཟང་། བྱང་པ་རིགས་ལྡན་ཆེན་པོ་རྣམ་རྒྱལ་གྲགས་པ་བཟང་པོ། ཀུན་མཁྱེན་ནམ་མཁའ་ཆོས་སྐྱོང་མན་འདྲ། བུ་ལུགས་རྭ་བརྒྱུད་ནི། དམ་པ་དང་པོའི་


GLG002_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས། དཔལ་དུས་ཀྱི་འཁོར་ལོ། རྒྱལ་བ་ཤཱཀྱ་ཐུབ་པ། ཟླ་བ་བཟང་པོ། ལྷ་དབང་། གཟི་བརྗིད་ཅན། ཟླ་བྱིན། ལྷའི་དབང་ཕྱུག །སྣ་ཚོགས་གཟུགས། ལྷའི་དབང་ལྡན། འཇམ་དབྱངས་གྲགས་པ། པདྨ་དཀར་པོ། འཇམ་དབྱངས་སྤྲུལ་པ། ཙི་ལུ་པཎྜི་ཏ། རྭ་བ་རྣམས་འདི་དང་དུས་ཞབས་པ་ཐ་དད་དུ་བཞེད། པི་ཏོ་ཨཱ་ཙཪྻ། རྗེ་བཙུན་བཙོང་ཁ་པའི་གསན་ཡིག་ཏུ་པིཎཌ་ཨཱ་ཙཪྻ་ཞེས་སྣང་། དུས་ཞབས་པ་ཆེ་བ། དུས་ཞབས་པ་གཉིས་པ། མཉྫུ་ཀཱིརྟི། ས་མནྟ་ཤྲཱི། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ་རྭ་འབུམ་སེང་། རྒྭ་ལོ་རྣམ་རྒྱལ་རྡོ་རྗེ། དེ་སྲས་ཤེས་རབ་སེང་གེ །བླ་མ་དཔལ་ལྡན་སེང་གེ །ཐམས་ཅད་མཁྱེན་པ་བུ་སྟོན་མན་སྔར་བཞིན་ནོ། །ཡང་ན་རོང་པ་ཤེས་རབ་སེང་གེ་ནས། རོང་པ་རྡོ་རྗེ་རྒྱལ་མཚན། བུ་སྟོན་རྗེ་མན་འདྲ། བཀའ་བབས་ གསུམ་པ་ས་ལུགས་ཀྱི་བརྒྱུད next hit་པ་ནི། དཔལ་ལྡན་དུས་ཀྱི་འཁོར་ལོ། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ། རྡོ་རྗེ་མཁའ་འགྲོ་མ། ཙི་ལུ་པཎྜི་ཏ། དུས་ཞབས་པ་ཆེ་བ། ཆུང་བ། ཨ་ནུ་ས་མ་རཀྵི། ས་དྷུ་པུ་ཏྲ། ཆོས་ཀྱི་འབྱུང་གནས། ཆོས་ཀྱི་བཤེས་གཉེན། བི་ཁྱ་ཏ་དེ་ཝ། མ་ཧཱ་པཎྜི་ཏ་ཤཱཀྱ་ཤྲཱི། ཆོས་རྗེ་ས་སྐྱ་པཎྜི་ཏ། འགྲོ་བའི་མགོན་པོ་འཕགས་པ་རིན་པོ་ཆེ། སྒྱུས་པ་གཞོན་ནུ་སེང་གེ །དོལ་པོ་ཡེ་ཤེས་མགོན། ཀུན་སྤངས་ཀུན་ཏུ་བཟང་པོ། ཀུན་མཁྱེན་འཕགས་འོད། ཐམས་ཅད་མཁྱེན་པ་བུ་སྟོན་མན་འདྲ། བཀའ་བབས་བཞི་པ་པཎྜི་ཏ་ནགས་ཀྱི་རིན་ཅེན་ལུགས་ཀྱི་བརྒྱུད་པ་ནི། རིགས་ལྡན་རྣམ་རྒྱལ་ཡན་གོང་ལྟར་ལ། དེ་ནས་དུས་ཞབས་པ་ཆེ་ཆུང་། ཤཱཀྱ་སེང་གེ་


GLG002_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཚན། ཉི་མའི་འོད། གོ་ཏམ་དཔལ། རིན་ཅེན་བཀྲ་ཤིས། རྒྱལ་བའི་རྒྱན། བློ་ལྡན་རྗེ། ཤཱཀྱ་བསྲུང་བ། རྗེ་ཆེན་པོ་ལེགས་སྐྱེས། དཔལ་སངས་རྒྱས་དབྱངས། མ་ཧཱ་པཎྜི་ཏ་ནགས་ཀྱི་རིན་ཅེན། ཀུན་མཁྱེན་རྡོ་རྗེ་གདན་པ་མན་སྔར་བཞིན་ནོ། ཁྱབ་བདག་བཀའ་འགྱུར་བས་མཛད་པའི་མངོན་དཀྱིལ་བཀླགས་པས་དོན་གྲུབ་ཀྱི་ལུང་དེ་ཉིད་ལ་བདག་གིས་ནོས་སོ། ༈ །ཁང་པ་དང་ཡུལ་དུས་གནས་སྐབས་འདྲའི་རྐྱེན་གྱིས་ས་ཚོན་གྱི་ཆོ་ག་དང་བྲལ་བའི་མདོས་གཏོར་གྱི་ཟློག་དཀྱིལ་ལྟར་འགར་ཤིང་རབ་འབྱམས་པ་གྲགས་པ་རྒྱལ་མཚན་གྱི་རྡུལ་ཚོན་གྱི་ཐུགས་དཀྱིལ་ཆུང་ངུ་ཞིག་བཞེངས་པའི་སྟེང་ནས། སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་བྱིས་པ་འཇུག་པའི་དབང་འདུན་ཞིག་མཁན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ་ཐོབ་ཀྱང་། སྡོམ་གསུམ་དུ། ཕྱི་དང་ནང་གི་དཀྱིལ་འཁོར་གྱི། །སྟོབས་ཀྱིས་དཀྱིལ་འཁོར་འབྱུང་བ་ཡིན། །འདི་ལ་རྟེན་འབྲེལ་སྒྲིག་མི་ནུས། ཞེས་པ་ལྟར་སྐུ་གསུང་ཐུགས་ཡོངས་རྫོགས་ཐུགས་དཀྱིལ་གཅིག་པུའི་སྟེང་ནས་ཐོབ་དཀའ་ཞིང་། གསུང་ཆོས་ཀྱང་ཞིབ་ཞིབ་གནང་ལོང་བྱུང་མ་སོང་བས་བརྒྱུད་ཡིག་སོགས་ཀྱི་རྩོལ་བ་མ་གྱིས། ༈ །རྣམ་རྒྱལ་ཞེས་པ་ཆུ་མོ་སྦྲུལ་གྱི་ལོ་ཉིན་མོར་བྱེད་པ་གཞུའི་ཁྱིམ་དུ་སྤྱོད་པའི་དམར་ཕྱོགས་ཀྱི་བཟང་པོ་དང་གཟའ་ཉི་མ། སྐར་མ་རྒྱལ་སྟོད། འཕྲོད་རྒྱལ་མཚན། སྦྱོར་བ་ཁོན་འཛིན། བྱེད་པ་ཁྱིམ་སྐྱེས་ཀྱི་དུས་དགའ་ལྡན་ཕོ་བྲང་གི་གཟིམས་ཆུང་བཀའ་གདམས་ཡང་རྩེར་ཁྱབ་བདག་དང་པོའི་སངས་རྒྱས་རྡོ་རྗེའི་སློབ་དཔོན་ཆེན་པོའི་གཟུགས་སུ་ཤར་བ་མགོན་པོ་


GLG002_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་དྲུང་དུ། དཔལ་དུས་ཀྱི་འཁོར་ལོའི་བདག་པོ་ཆེན་པོའི་དབང་ཞུས་པའི་བརྒྱུད་པ་ནི་བུ་ལུགས་ལ་མཁྱེན་རབ་རྗེར་དཀོན་ཅོག་དཔལ་བཟང་གིས་གསན་པའི་བརྒྱུད་པ་དེ་མ་གཏོགས་གཞན་མ་གོང་མ་རྣམས་དང་འདྲ་ཞིང་། ཇོ་ནང་ལུགས་ལ། རྗེ་ཕྱོགས་ལས་རྣམ་རྒྱལ་ནས། རྒྱལ་བ་ཇོ་བཟང་། རིགས་ལྡན་རྣམ་རྒྱལ་གྲགས་བཟང་། རྗེ་ནམ་མཁའ་ཆོས་སྐྱོང་། སྒོ་རུམ་པ་ཆེན་པོ། ཀུན་མཁྱེན་མཁྱེན་བརྩེ། རྡོ་རྗེ་འཆང་དབང་རབ། རྩ་བའི་བླ་མ་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། དེས་བདག་ལའོ། ༈ །བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་འཕགས་པ་སྤྱན་རས་གཟིགས་ཀྱིས་མཛད་པ། སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལེའུ་ལྔ་པའི་ལུང་། རོང་པ་ཤེས་རབ་སེང་གེ་ཡན་བུ་ལུགས་རྭ་ལུགས་ཀྱི་དབང་བརྒྱུད་བཞིན་ལ། བླ་མ་རྡོ་རྗེ་རྒྱལ་མཚན། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ། ཐུགས་སྲས་སེམས་དཔའ་ཆེན་པོ། རྗེ་བཙུན་རཏྣ་ཤྲཱི། མཁས་པ་ཟླ་བ་དཔལ་རིན། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། བྱང་གླིང་པ་རིན་ཅེན་རྒྱལ་པོ། འབྲོང་ཁང་པ་དོན་གྲུབ་རྒྱལ་མཚན། བྱང་གླིང་པ་རིན་ཅེན་བཀྲ་ཤིས་རྒྱལ་མཚན། དགེ་འཁོར་བ་དཀོན་ཅོག་རྒྱལ་མཚན། ཁྱབ་བདག་ཞ་ལུ་པ་རིན་ཅེན་བསོད་ནམས་མཆོག་གྲུབ། རབ་འབྱམས་ཆོས་རྗེ་རིན་ཅེན་རྒྱ་མཚོ། ཁྱབ་བདག་ཁྲ་ཚང་པ་བློ་གྲོས་མཆོག་


GLG002_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྡོ་རྗེ། དེས་བདག་ལའོ། །ཡང་ན་བུ་སྟོན་ནས། མཁན་ཆེན་དྷརྨཱ་ཤྲཱི། རྗེ་བཙུན་རཏྣ་ཤྲཱི། ཙནྡྲ་ཤྲཱི་མན་འདྲ། ཡང་ན་ཀུན་མཁྱེན་བུ་ནས། གོང་གསུམ་བདེ་ཆེན་པ་ཆོས་ཀྱི་དཔལ་བ། རཏྣ་ཤྲཱི་མན་འདྲ། འབྲོ་ལུགས་ལྟར་ན། འཇམ་གསར་ཤེས་རབ་འོད་ཟེར་ལ། བླ་མ་ཆོས་འོད། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། བྱང་སེམས་རྒྱལ་ཡེ་གསུམ་གྱིས་གསན། གསུམ་པ་ལ་འཕགས་འོད། དེ་ནས་ཀུན་མཁྱེན་བུ་མན་གོང་བཞིན་ནོ། །ཡང་ན་འཇམ་གསར་པ་ནས། རྒྭ་ལོ་ཡབ་སྲས་གཉིས། རྡོ་རྗེ་རྒྱལ་མཚན། བུ་སྟོན་མན་འདྲ། ཡང་ན་སེ་མོ་ཆེ་བ་ནས། བོ་དོང་རིན་རྩེ། སྟག་སྡེ་སེང་རྒྱལ། ཤོང་ལོ་སྐུ་མཆེད། ལོ་མཆོག་པ། བླ་མ་དཔལ་ལྡན་སེང་གེ །ཀུན་མཁྱེན་བུ་མན་འདྲ། ཡང་ན་རོལ་པ་ཤེར་སེང་ནས་བླ་མ་དཔལ་ལྡན་སེང་གེ །བུ་སྟོན་ལོ་ཙཱ་བ་མན་འདྲ། དཔལ་དུས་ཀྱི་འཁོར་ལོ་རྒྱུད་ཀྱི་རྒྱལ་པོའི་བཤད་ཐབས་ཀྱི་ཡན་ལག་རྣམ་པར་བཞག་པ་རྒྱུད་སྡེ་རིན་པོ་ཆེ་ཐམས་ཅད་ཀྱི་ཟབ་དོན་གྱི་སྒོ་འབྱེད་པར་བྱེད་པ་རིན་ཅེན་གཅེས་པའི་ལྡེ་མིག་ཏུ་གྲགས་པའི་ཆོས་འབྱུང་། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཅེས་བྱ་བའི་བསྡུས་དོན་དྲི་མེད་འོད་ཀྱི་རྒྱན། དུས་ཀྱི་འཁོར་ལོའི་འགྲེལ་པར་སྒྲ་རིག་ལ་མ་ལྟོས་པའི་བཤད་ཐབས་ཀྱི་མན་ངག་ཉེ་བར་མཁོ་བ་མཁས་པའི་ཁ་རྒྱན་previous hit གསུམ་གྱི་ལུང་བརྒྱུད next hit་ནི། ཆོས་རྗེ་ཐམས་ཅད་མཁྱེན་པ། སྒྲ་ཚད་པ། ནམ་མཁའི་མཚན་ཅན། ཟླ་བ་དཔལ་རིན། འཁྲུལ་ཞིག་པ། མཁྱེན་རབ་རྗེ། རིན་


GLG002_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཅེན་རྒྱལ་པོ། འབྲོག་སྒང་པ། བྱང་གླིང་རྗེ། གྲོ་བོ་ལུང་པ། བླ་མ་དཀོན་རྒྱན། ཁྱབ་བདག་ཞ་ལུ་པ། དེས་བདག་ལའོ། །ཆོས་འབྱུང་གི་བརྒྱུད་ལུགས་གཅིག་ནི། བྱང་གླིང་བཀྲ་ཤིས་རྒྱལ་མཚན་ནས། དཔལ་ལྡན་ཆོས་བཟང་། རྗེ་རིན་ཅེན་རྒྱ་མཚོ། ཞ་ལུ་པ་ཆེན་པོ། དེས་བདག་ལའོ། །ཚོགས་འཁོར་དང་དཔའ་བོའི་སྟོན་མོའི་ཆོ་ག་བདེ་ཆེན་རྣམ་རོལ་འདི་རྒྱུད་སྡེ་གང་ལའང་སྦྱར་ཆོག་པ་འདུག་རུང་བརྒྱུད་པ་གསན་ཡིག་ན་གསལ་བར་མི་སྣང་ངོ་། ༈ །དུས་ཀྱི་འཁོར་ལོའི་སྒོ་ནས་སྐུ་ཚེ་དེ་ལ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་མངོན་དུ་མཛད་པའི་མཁས་གྲུབ་ཆེན་པོ་ནོར་བཟང་རྒྱ་མཚོས་མཛད་པའི་དུས་འཁོར་སྤྱི་དོན་དྲི་མེད་འོད་རྒྱན། དེའི་ཡན་ལག་གཡས་སྐོར་གསལ་སྒྲོན། ཉི་ལྡོག་གསལ་སྒྲོན། ལོག་རྟོག་གསལ་སྒྲོན་དང་བཅས་པ་རྣམས་ཀྱི་ལུང་ནོས་པའི་བརྒྱུད་པ་ནི། ངེས་པར་མཁས་ཤིང་གྲུབ་པ་བརྙེས་པ་ནོར་བཟང་རྒྱ་མཚོ། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། ལྷ་བཙུན་བསོད་ནམས་དཔལ་བཟང་། ཤར་ཆེན་ནམ་མཁའ་རྒྱལ་མཚན། བྱང་མ་ཁང་གསར་བ་དཔལ་འབྱོར་བསོད་ནམས་ལྷུན་གྲུབ། རྡོ་རྗེ་འཆང་ཕ་བོང་ཁ་བ་དཔལ་འབྱོར་ལྷུན་གྲུབ། འཁོར་ལོའི་མགོན་པོ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །དཔལ་དུས་ཀྱི་འཁོར་ལོ་ལ་ཐུན་མོང་གི་ལས་སྒྲུབ་པའི་ལྷ་གསུམ་ཡོད་པའི་དང་པོ་རྗེ་སྒོ་རུམ་པའི་ཡི་གེའི་སྟེང་ནས་རྡོ་རྗེའི་ཚེར་མ་འབྲུམ་ནད་ཀྱི་གཉེན་པོ་བཅོམ་ལྡན་འདས་མ་སྣ་ཚོགས་ཡུམ་གྱི་རྗེས་གནང་ཐུན་མོང་མ་ཡིན་པ་ཕྱག་ལེན་ལྟར་དང་། སྒོ་རུམ་པས་


GLG002_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པའི་ཡི་གེའི་ལུང་ཐོབ་པ་ལས་རྗེས་གནང་གི་previous hit བརྒྱུད་པ་ནི། དང་པོའི་སངས་རྒྱས། རིགས་གསུམ next hit་མགོན་པོ། དུས་ཞབས་པ་ཆེ་ཆུང་། རྒྱལ་སྲས་ནཱ་ལནྡ་པ། པཎ་ཆེན་ཟླ་མགོན། འབྲོ་ལོ་ཤེས་རབ་གྲགས། སྒོམ་པ་དཀོན་ཅོག་སྲུངས། སྒྲོ་སྟོན་གནམ་ལ་བརྩེགས། ཡུ་མོ་དད་པ་རྒྱལ་པོ། སྲས་དྷརྨེ་ཤྭ་ར། རྗེ་ནམ་མཁའ་འོད། སྤྲུལ་སྐུ་ཇོ་འབུམ། སེ་མོ་ཆེ་བ་ནམ་མཁའ་རྒྱལ་མཚན། འཇམ་གསར་ཤེར་འོད། ཀུན་མཁྱེན་ཆོས་སྐུ་འོད་ཟེར། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། བྱང་སེམས་རྒྱལ་ཡེ། མཁས་བཙུན་ཡོན་ཏན་རྒྱ་མཚོ། དོལ་པོ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན། ས་བཟང་མ་ཏི་པཎ་ཆེན། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྗེ་བསོད་ནམས་སངས་རྒྱས། རྗེ་བཙུན་རྡོ་རིང་པ་ཆེན་པོ། རྗེ་བཙུན་སྒོ་རུམ་པ་ཀུན་དགའ་ལེགས་པ། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་ཞ་ལུ་པ་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་སྩལ་ཏོ། ༈ །ཡང་ན་རྗེ་དབང་རབ་ནས། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་རྡོ་རིང་རིན་པོ་ཆེ་ནས། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེའི་ཞབས་མན་འདྲ། ཡང་ན་རྗེ་སྒོ་རུམ་པ་ནས། དེ་དབོན་བསྟན་པའི་རྡོ་རྗེ། རྗེ་མཁྱེན་བརྩེ་མན་འདྲ། ཡང་ན་ཤྲཱི་ཀཱ་ལ་ཙཀྲ། མ་ཧཱ་པཎྜི་ཏ་ནགས་ཀྱི་རིན་ཅེན། ཁྲིམས་ཁང་ལོ་ཙཱ་བ་བསོད་ནམས་
རྒྱ་མཚོའི་སྡེ། བླ་མ་འདི་གཉིས་གོང་འོག་ལོག་འདུག་ཀྱང་རས་ཆུང་པས་རྗེ་མི་ལ་ལ་ཚེ་དབང་ཕུལ་བ་ལྟར་ཡིན་ནམ་སྙམ། འགོས་ལོ་ཙཱ་བ་གཞོན་ནུ་དཔལ། ཆག་ལོ་རིན་ཅེན་ཆོས་ཀྱི་རྒྱལ་པོ། བདག་ཆེན་ངག་གི་དབང་ཕྱུག །ཀུན་མཁྱེན་མཁྱེན་བརྩེའི་ཞབས་མན་འདྲ། ལུང་གི་previous hit བརྒྱུད་པ་ནི། མཁྱེན་བརྩེའི་ཞབས་ནས། མཁན་ཆེན་བསླབ་གསུམ next hit་པ། རྗེ་དབང་རབ། མཁན་ཆེན་ཞ་ལུ་པ། དེས་བདག་ལའོ།


previousདུས་འཁོར་ཤོང་འགྱུར་སྟེང་ནས་ཐོབ་པའི་བརྒྱུད་པའི་སྐོར།next