Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

61 occurrences of དོགས་པ་
[Clear Hits]


  
48  collapse section
  
 
འདུལ་བའི་རྣམ་བཤད་སྤྱིར་བསྟན་པ།
 
  
  
  
 
  
 
 
 
  
 
 
  
  
  
  
 
 
  
  
  
  
13  expand section


61 occurrences of དོགས་པ་
[Clear Hits]

 
previousའདུལ་བའི་རྣམ་བཤད་སྤྱིར་བསྟན་པ།next

འདུལ་བའི་རྣམ་བཤད་སྤྱིར་བསྟན་པ།


GLG014_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཅེན་གྱི་འདུལ་ཊཱིཀ་འདུལ་བའི་སྙིང་པོ་རབ་ཏུ་གསལ་བའི་གཞི་སྨད་ཀྱི་རྣམ་བཤད་ལས། དབྱེ་(༦བ)
བ། བསྡུ་བ། མཚན་ཉིད། གོ་རིམ། གྲངས་ངེས། སྒྲ་དོན་དང་དྲུག་གོ །དང་པོ་ནི། ལུང་ལས། རབ་བྱུང་གསོ་སྦྱོང་གཞི་དང་ནི། །དགག་དབྱེ་དབྱར་དང་ཀོ་ལྤགས་དང་། །སྨན་དང་གོས་དང་སྲ་བརྐྱང་དང་། །ཀོ་ཤམྦི་དང་ལས་ཀྱི་གཞི། །དམར་སེར་ཅན་དང་གང་ཟག་དང་། །སྤོ་དང་གསོ་སྦྱོང་བཞག་པ་དང་། །གནས་མལ་དང་ནི་རྩོད་པ་དང་། །དགེ་འདུན་དབྱེན་རྣམས་བསྡུས་པ་ཡིན། ཞེས་པ་ལྟར་བཅུ་བདུན་ནོ། །བསྡུ་ན། རབ་བྱུང་གི་གཞིའི་སུམ་ཆ་དང་། ལས་དང་གནས་མལ་གྱི་ཆོས་མ་ཐོབ་པ་ཐོབ་པར་བྱེད་པ་དང་། །ཕྱིར་འཆོས་ཀྱི་གཞི་བདུན་དང་། །ལས་ཀྱི་ཆོས་ཉམས་ན་ཕྱིར་འཆོས་པ་དང་། ལྷག་མ་རྣམས་ཀྱིས་ཐོབ་པ་མི་ཉམས་པར་བསྲུང་བ་སྟེ་གསུམ་དུའང་འདུ་ལ། བསླབ་པ་ཡོངས་སུ་སྦྱོང་བའི་དང་། བདེ་བར་གནས་པའི་རྐྱེན་གྱི་དང་། ཐམས་ཅད་འགྲུབ་པའི་དང་། ཕྱིར་བཅོས་པའི་དང་། ཐམས་ཅད་ཀྱི་རྟེན་བྱེད་པའི་གཞི་སྟེ་ལྔར་བསྡུའོ། །གསུམ་པ་ནི། འཇུག་ལྡོག་གཉིས་ཀྱི་ནང་ནས་དང་པོ་གཙོ་བོར་གྱུར་པའི་ཚུལ་ཁྲིམས་ནི་བརྗོད་བྱའི་དང་། དེ་སྟོན་བྱེད་ནི་རྗོད་བྱེད་ཀྱི་གཞིའི་མཚན་ཉིད་དོ། །བཞི་པ་ནི། མ་ཐོབ་པ་ཐོབ་པར་བྱེད་པ་དང་། ཐོབ་པ་མི་ཉམས་པར་བསྲུང་བ་དང་། ཉམས་ན་ཕྱིར་འཆོས་པ་རྣམས་རབ་བྱུང་གི་གཞི་དང་། བར་སྐབས་ན་ཤས་ཆེ་བའི་གཞི་བརྒྱད་དང་། །ཐ་མར་ཤས་ཆེ་བའི་བདུན་རྣམས་ཀྱིས་སྟོན་པས་ཕལ་ཆེར་རྒྱུ་འབྲས་ཀྱི་གོ་རིམ་མོ། །གཉིས་པ་ལ་མི་ཉམས་པར་བསྲུང་བ་ལ། གསོ་སྦྱོང་དང་པོར་བསྟན་པ་ནི་སྤྱིར་བསྲུང་ཐབས་ལྔའི་གང་ཟག་གཞན་ལ་བརྟེན་པ་དང་། རང་གི་བསམ་པའི་(༧ན)


GLG014_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་བསྐྱེད་པ་དང་མི་མཐུན་ཕྱོགས་ངོ་ཤེས་པས་བསྲུང་བ་གསུམ། རབ་བྱུང་བཞི་དང་རྣམ་འབྱེད་ཀྱིས་བསྟན་ཟིན་པས། ད་ནི་བསླབ་པ་ཡོངས་སུ་སྦྱོང་བའི་དང་། བདེ་བར་གནས་པའི་རྐྱེན་བསྟེན་པའི་སྒོ་ནས་བསྲུང་བ་གཉིས་ཡིན་ལ། དེ་གཉིས་ཀྱི་ནང་ནས་དང་པོ་གཙོ་བོ་ཡིན་ཅིང་། དེ་ལ་ཡང་རང་སྟོབས་ཀྱིས་བསླབ་པ་སྦྱོང་བ་གཙོ་བོ་ཡིན་པའི་ཕྱིར་རོ། །དེའི་འོག་ཏུ་གཞན་སྟོབས་ཀྱིས་སྦྱོང་བ་དབྱར་དང་དགག་དབྱེས་བྱེད་ལ། དེ་ཡང་ལུང་ལས་དགག་དབྱེ་སྔོན་ལ་གསུངས་ཀྱང་བསྟན་བཅོས་ལས་དབྱར་དགག་དབྱེའི་རྒྱུ་ཡིན་པ་ལ་དགོངས་ནས་དབྱར་དང་པོར་བཤད་དོ། །རྐྱེན་གཉིས་པ་ལ་ཡང་ལུང་ལས་སྨན་དང་པོར་གསུངས་ཀྱང་དེ་བདེར་གནས་རྐྱེན་གྱི་གཙོ་བོ་ཡིན་པས་འདིར་འོག་ཏུ་བསྟན་ལ། གོས་གཞི་གསུམ་ལ་ཡང་ལུང་ལས་ཀོ་ལྤགས་དང་པོར་བསྟན་ཀྱང་། སྲ་བརྐྱང་ནི་རྒྱུ་དགག་དབྱེ་དང་འབྲེལ་ཞིང་གོས་འབྱུང་བའི་རྒྱུ་ཡིན་པས་དང་། དེ་ལས་གོས་དངོས་འབྱུང་བས་དང་། དེའི་དམིགས་བསལ་ཡིན་པས་འདིར་རིམ་པ་བཞིན་ནོ། །ལས་ཀྱི་གཞི་ནི་མ་ཐོབ་པ་ཐོབ་པར་བྱེད་པ་སོགས་གསུམ་ག་ལ་དགོས་པས་ཀུན་གྱི་དབུས་སུའོ། །ཕྱིར་བཅོས་ལ་ལྟུང་བ་ཕྱིར་བཅོས་གཙོ་བོ་དང་། རྩོད་པ་ཕྱིར་བཅོས་ཆ་ལག་ཡིན་པས་ལྟུང་བ་ཕྱིར་བཅོས་ཀྱི་གཞི་བཞི་དང་པོར་དང་རྩོད་པ་ཕྱིར་བཅོས་ཀྱི་གཞི་གསུམ་འོག་ཏུ་བསྟན་ནོ། །དང་པོ་ལ་ཡང་རང་སྟོབས་དང་གཞན་སྟོབས་ཀྱི་ཕྱིར་འཆོས་པ་གཉིས་མཆོག་དམན་ཡོད་པས། དང་པོ་ལ་གསུམ། དང་པོ་དང་གཉིས་པ་ཡོངས་སུ་སྦྱང་བའི་གཞི་འོག་ཏུ་བསྟན། (༧བ)


GLG014_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་གསུམ་ཡང་ལུས་ལྟ་བུ་ཡིན་པས་དང་། དེ་ལ་འཆབ་པ་དང་མི་ལྡན་པ་དགོས་ཤིང་འཆབ་པ་གང་ལ་འབྱུང་བ་ཤེས་པའི་ཐབས་ཡིན་པས་དང་། འཆབ་ཉེས་དེ་འདག་བྱེད་ཡིན་པས་རིམ་པ་ལྟར་རོ། །རྩོད་པ་ཕྱིར་བཅོས་ལ་བྱ་བའི་རང་བཞིན་དང་། དགེ་སྦྱོང་གི་ཚུལ་དང་། ལྟུང་བའི་རང་བཞིན་རྣམས་རྩོད་པ་གསུམ་ཡིན་ལ། དེ་ཡང་ལུང་ལས། ལས་བྱེ་བའི་གཞི་མཇུག་ཏུ་བཤད་ཀྱང་། འདིར་ལྟུང་བ་ཕྱིར་བཅོས་ཀྱི་གླེང་དྲན་བྱས་པ་ན་ལས་དང་སྤྱོད་པ་ཐ་དད་དུ་འགྱུར་བས་དེ་བསྡུམ་པ་ལ་དང་། དེ་ལ་བརྟེན་ནས་ལྟ་བ་ཐ་དད་དུ་འགྱུར་བས་དེ་བསྡུམ་པ་ལ་དང་། དེ་ལ་བརྟེན་ནས་ཁ་ན་མ་ཐོ་བ་དང་བཅས་པར་གྱུར་ན་དེ་བསྡུམ་པ་ལ་ལས་བྱ་བའི་གཞི་ལ་སོགས་པ་གསུམ་རིམ་པ་ལྟར་རིགས་པས་གོ་རིམ་དེ་ལྟར་བཤད་དོ། །གནས་མལ་གྱི་གཞི་ནི་ལུང་ལས་རྩོད་པའི་གོང་དུ་གསུངས་ཀྱང་ཐམས་ཅད་ཀྱི་རྟེན་ལྟ་བུ་ཡིན་པས་འདིར་མཇུག་ཏུ་བཤད་དོ། །གྲངས་ངེས་པ་ནི། གང་ཟག་གཅིག་གིས་མངོན་མཐོ་དང་ངེས་ལེགས་ཀྱི་བདེ་བ་ཐོབ་པར་བྱེད་པ་ལ་དང་པོར་བསྟན་པ་ལ་མ་ཞུགས་པ་འཇུག་ཞུགས་ནས་བསླབ་པ་བསྲུང་ཉམས་ན་ཕྱིར་འཆོས་པ་རྣམས་དགོས་པས་གཞི་བཅུ་བདུན་ལས་ཉུངས་ན་མི་འདུས་ཤིང་། དེ་ཙམ་གྱིས་དགོས་པ་དེ་ཕུན་སུམ་ཚོགས་པར་འགྱུར་བས་མང་མི་དགོས་པ་ཡིན་ནོ། །སྒྲ་དོན་ནི། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ཕུན་སུམ་ཚོགས་པ་ཉིད་དུ་སྒྲུབ་པའི་རྟེན་ནམ་གཞིར་གྱུར་པས་གཞི་ཞེས་བྱའོ། །ཞེས་གསུངས་པའི་དོན་གྱི་གནས་ལ་འཁྲུགས་སྡེབས་དང་གོ་རིམ་ལེགས་པར་(༨ན)


GLG014_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། འདི་ཉིད་སྙིང་པོར་བཟུང་སྟེ་བཤད་པ་ལ། སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པ། ཐོབ་པ་མི་ཉམས་པ་བསྲུང་བར་བྱེད་པ། ཉམས་ལེན་ཕྱིར་བཅོས་པའི་ཐབས་དང་གསུམ་དུ་བསྡུས་པའི་སྡོམ་པ་ཐོབ་པར་བྱེད་པའི་ཐབས་ལ། ཇི་ལྟར་བྱུང་ཚུལ། དེ་དག་གི་ དོགས་གནས་ལ་མཐའ་དཔྱད་པ། ཆོ་གའི་ལག་ལེན་དངོས། ཞར་བྱུང་ཁྱིམ་ next hit་ལ་ཕན་གདགས་པའི་ཆོ་ག་དང་བཞི།དང་པོ་ནི། ལུང་མ་མོ་ལས། བསྙེན་པར་རྫོགས་པར་འོས་པ་རྣམ་པ་བཅུའོ། །དེ་བཞིན་གཤེགས་པ་རང་བྱུང་དང་། རང་སངས་རྒྱས་སློབ་དཔོན་མེད་པར་བསྙེན་པར་རྫོགས་པ་དང་། ལྔ་པོ་རྣམས་ཡེ་ཤེས་ཁོང་དུ་ཆུད་པས་དང་། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་སྟོན་པར་ཁས་བླངས་པས་དང་། ཚེ་དང་ལྡན་པ་འཆར་ལྡན་དྲིས་ནས་ལུང་བསྟན་པས་དང་། དགེ་སློང་ཚུར་ཤོག་ཅེས་གསུངས་པས་དང་། སྐྱབས་སུ་འགྲོ་བའི་ཚིག་གསུམ་གྱིས་དང་། ཡུལ་མཐའ་འཁོབ་ཏུ་འདུལ་བ་འཛིན་པ་དང་ལྔའི་དགེ་འདུན་ལས་དང་། ཡུལ་དབུས་སུ་བཅུ་འདུས་པའམ་དེ་བས་ལྷག་པ་ལས་དང་། བླ་མའི་ཆོས་ཁས་བླངས་པས་དང་། ཕོ་ཉས་དང་། དགེ་འདུན་སྡེ་གཉིས་ལས་བསྙེན་པར་རྫོགས་པའོ། །ཞེས་པའི་ཡུལ་དབུས་དང་མཐའ་འཁོབ་ཏུ་དགེ་འདུན་གྲངས་བསྟན་པ་གཉིས་དང་། མཆོད་སྦྱིན་མས། ཞར་བྱུང་དུ་བསྟན་པ་ཕོ་ཉ་དང་། དགེ་འདུན་སྡེ་གཉིས་མ་གཏོགས་པའི་གཞན་རྣམས་ནི་སྲིད་པ་ཐ་མ་པའི་གང་ཟག་རྣམས་ལ་ཆོ་ག་དང་དགེ་འདུན་ལ་མ་བལྟོས་པར་བསྙེན་པར་རྫོགས་པས་སྒྲ་ཡངས་པའི་(༨བ)


GLG014_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་བྱས་ན་སྔོན་ཆོག་ཏུ་བགྲང་དུ་རུང་མོད། སྔོན་ཆོག་དང་། དར་ཆོག་གཉིས་སུ་ཟླས་ཕྱེ་བའི་སྔོན་ཆོག་ནི་མིན་ནོ། །དེའི་རྒྱུ་མཚན་སྟག་ཚང་ལོ་ཙཱ་བའི་འདུལ་ཊཱིཀ་ཏུ་སངས་རྒྱས་རང་བྱུང་དང་། རང་རྒྱལ་མཁན་སློབ་མེད་པར་དང་། ལྔ་སྡེ་ངེས་པ་ལ་འཇུག་པས་དང་། བཟང་སྡེའི་ཚོགས་སྐྱབས་གསུམ་ཁས་ལེན་གྱིས་དང་། ཤཱ་རིའི་བུ་སོགས་ཚུར་ཤོག་གིས་དང་། འོད་སྲུངས་སྟོན་པར་ཁས་ལེན་གྱིས་དང་། ལེགས་སྦྱིན་ནམ། སུ་དཱ་ཡ་ནི་དྲི་བས་མཉེས་པས་དང་། མཆོད་སྦྱིན་མ་འཕྲིན་གྱིས་དང་། སྐྱེ་རྒུའི་བདག་མོ་སོགས་ལྕི་བའི་ཆོས་ཁས་བླངས་པས་དང་། །ཡུལ་དབུས་སུ་བཅུ་དང་། མཐའ་འཁོབ་ཏུ་ལྔའི་ཚོགས་ཀྱིས་བསྙེན་པར་རྫོགས་ཞེས་ལུང་རྩ་འགྲེལ། མཛོད་འགྲེལ། མེ་ཏོག་འཕྲེང་རྒྱུད་རྣམས་སུ་གསུངས་པ་རྣམས་ལ་སྔ་མ་ཕལ་ཆེར་སྔོན་ཆོག་བཅུའི་ཐ་སྙད་བྱས་ནས་དེ་དག་ལ་རང་བྱུང་མ་གཏོགས་དབྱེ་བསྡུ་སོགས་ཀྱི་བཤད་པ་མཛད་པ་ནི་མི་རིགས་ཏེ། དང་པོ་གཉིས་ལ་གཞན་གྱི་རིག་བྱེད་ཙམ་ཡང་མེད་ལ། བརྒྱད་པ་ད་ལྟར་གྱི་ཆོ་ག་ཡིན་པར་གླེང་གཞིས་ངེས་ཤིང་། གཞན་དགུ་པ་ཡན་ཆོད་རྣམས་ལའང་རང་དོན་གྱི་སྔགས་ལན་གསུམ་བརྗོད་པ་ཡང་ཇི་བཞིན་མེད་ལ། བཅུ་པ་ལའང་སྔོན་དང་ད་ལྟར་གྱི་ཆ་གཉིས་ཀ་ཡོད་པའི་ཕྱིར་དང་། དེ་རྣམས་བཤད་པའི་ལུང་དེ་རྣམས་ལས་ཀྱང་བྱེ་བྲག་སྨྲ་བའི་བསྙེན་པར་རྫོགས་པའི་ཚུལ་བཅུ་ཞེས་གསུངས་ཀྱི། སྔོན་ཆོག་གི་ཐ་སྙད་མ་བྱུང་བའི་ཕྱིར་རོ། །ཞེས་གསུངས་པ་ནི་ལེགས་བཤད་ཆེན་པོར་སྣང་ཞིང་། མཆོད་སྦྱིན་མ་འཕྲིན་གྱིས་བསྙེན་པར་རྫོགས་པ་དང་ལྔ་སྡེ་བཟང་པོ་ཡེ་ཤེས་ཁོང་ཆུད་ཀྱི་སྐོར་(༩ན)


GLG014_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཀུན་མཁྱེན་ཀླུ་སྒྲུབ་རྒྱ་མཚོའི་འདུལ་བའི་དཀའ་གནས་ལ་དཔྱད་པ་ལུང་རིགས་ནོར་བུའི་ཐེམ་སྐས་ལས་མཆོད་སྦྱིན་མ་ལྟ་བུ་འཕྲིན་ཆོག་ལས་རྫོགས་པའི་ཚེ། སྔར་དགེ་འདུན་གྱིས་གསོལ་བཞིའི་ཆོ་ག་མཛད་པའི་བརྗོད་པ་ཐ་མའི་ཆ་གསུམ་པ་ལ་བསྙེན་རྫོགས་ཀྱི་སྡོམ་པ་མ་ཐོབ་པར། དེ་ཉིད་ཀྱི་འཕྲིན་ཨུཏྤ་ལའི་མདོག་ཅན་གྱིས་མཆོད་སྦྱིན་མའི་རྣ་བར་བཏང་བ་ལས་བསྙེན་པར་རྫོགས་པ་ཡིན་ནོ། །ཞེས་ཁས་བླང་སྙམ་མོ། །དེ་ལའང་དཔྱོད་ལྡན་དག་ན་རེ། འོ་ན་འཕྲིན་ཆོག་ལས་བསྙེན་པར་རྫོགས་མ་ཐག་པའི་མཆོད་སྦྱིན་མ་ཆོས་ཅན། ཁྱོད་དགེ་འདུན་ལས་བསྙེན་པར་རྫོགས་མ་ཐག་པའི་གང་ཟག་ཡིན་པར་ཐལ། ཁྱོད་གསོལ་བཞིའི་ཆོ་ག་ལས་བསྙེན་པར་རྫོགས་པའི་གང་ཟག་ཡིན་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། ཁྱོད་དགེ་འདུན་དང་གང་ཟག་གཉིས་ཀྱི་ཟླས་ཕྱེ་བའི་གང་ཟག་ཙམ་ལས་བསྙེན་པར་རྫོགས་པའི་གང་ཟག་ཡིན་པའི་ཕྱིར་ཏེ། ཁྱོད་ཨུཏྤ་ལའི་མདོག་ཅན་ལས་བསྙེན་པར་རྫོགས་པའི་གང་ཟག་ཡིན་པའི་ཕྱིར་ཏེ། ཁྱོད་དེ་འདྲའི་འཕྲིན་ཆོག་ལས་བསྙེན་པར་རྫོགས་པའི་གང་ཟག་ཡིན་པའི་ཕྱིར་ཟེར་ན། གོང་དེར་མ་ཁྱབ་སྟེ། བསྙེན་པར་རྫོགས་མ་ཐག་པའི་མཆོད་སྦྱིན་མ་དེ་རྒྱུད་ནས་དགེ་འདུན་ལ་རྫོགས་པ་ཡིན་ཀྱང་། དངོས་སུ་ཨུཏྤ་ལའི་མདོག་ཅན་ལས་རྫོགས་པ་ཡིན་ཞེས་ཁས་བླང་ངོ་། །དེ་ལ་ཁོ་ན་རེ། མཆོད་སྦྱིན་མ་འཕྲིན་གྱིས་བསྙེན་པར་རྫོགས་པའི་ཆོ་ག་ཆོས་ཅན། ཁྱོད་སྔོན་ཆོག་ཡིན་པར་ཐལ། ཁྱོད་རབ་དབྱེ་ལས། དེ་བས་དགེ་སློང་བྱེད་པ་ལ། །རང་བྱུང་གི་ནི་བསྙེན་རྫོགས་དང་། །ཡེ་ཤེས་ཁོང་དུ་ཆུད་པ་(༩བ)


GLG014_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །དེ་བཞིན་སྟོན་པར་ཁས་བླང་དང་། །འཕྲིན་གྱིས་བསྙེན་པར་རྫོགས་པ་དང་། །ཚུར་ཤོག་ལ་སོགས་བསྙེན་རྫོགས་བླང་། །འཁྲུལ་པ་ཡིན་པ་མཉམ་པོ་ལ། །འདི་རྣམས་སྔོན་གྱི་ཆོ་གར་བཤད། ཅེས་པའི་ཚིག་ཟུར་གྱིས། འདི་རྣམས་སྔོན་གྱི་ཆོ་གར་བཤད། །ཅེས་པའི་སྐབས་ནས་དངོས་བསྟན་གྱི་ཆོ་ག་ཡིན་པའི་ཕྱིར་ཏེ། ཁྱོད་འཕྲིན་གྱིས་བསྙེན་པར་རྫོགས་པ་དང་ཞེས་པའི་སྐབས་ནས་དངོས་བསྟན་གྱི་ཆོ་ག་ཡིན་པའི་ཕྱིར་ཏེ། །ཆོས་ཅན་ཡིན་པའི་ཕྱིར་ཟེར་ན། གོང་དེར་མ་ཁྱབ། གཞུང་དེས་ནི་འཕྲིན་ཆོག་དེ་སྔོན་ཆོག་དང་དར་ཆོག་གཉིས་ཀྱི་ཟླས་ཕྱེ་བའི་སྔོན་ཆོག་ཏུ་བསྟན་པ་མིན་གྱི་སྔོན་གྱི་གང་ཟག་སྐལ་ལྡན་འགའ་ཞིག་ལ་བསྙེན་པར་རྫོགས་པའི་ཆོ་ག་ཙམ་ཡིན་ཞེས་བསྟན་པ་ཡིན་པའི་ཕྱིར་དང་། དེ་བཞིན་དུ་རང་བྱུང་སོགས་ཀྱང་སྔོན་གྱི་སྐལ་བཟང་འགའ་ཞིག་བསྙེན་པར་རྫོགས་པའི་ཐབས་ལ་སྔོན་ཆོག་ཅེས་སྒྲ་ཡངས་པའི་དབང་གིས་བཤད་པ་ཡིན་པས་སྔོན་ཆོག་ཅེས་པའི་མིང་ཙམ་གྱིས་འཁྲུལ་ནས་མགོ་རྨོངས་པར་མ་བྱེད་ཅིག །ཡང་ལྔ་སྡེ་བཟང་པོ་ཡེ་ཤེས་ཁོང་ཆུད་ཀྱི་བསྙེན་རྫོགས་འདི་ལ། མཁས་པ་ཁ་ཅིག་འདི་མཐོང་ལམ་མ་ཐོབ་པའི་གོང་དུ་བསྙེན་པར་རྫོགས་ནས་རྫོགས་རྗེས་མཐོང་ལམ་ཐོབ་ཅེས་འཆད་པ་ནི་རྒྱ་ཆེ་རོལ་བ་སོགས་ཐེག་ཆེན་སྐབས་སུ་དེ་ལྟར་འཆད་པའི་ལུགས་ཡོད་ཀྱང་ཐུན་མོང་འདུལ་བ་འདིར་དེ་ལྟར་ཁས་བླང་དུ་མི་རུང་སྟེ་རྒྱུ་མཚན། དེ་ལྟར་བསྙེན་པར་རྫོགས་མ་ཐག་པའི་ལྔ་སྡེའི་ནང་ཚན་ཀུན་ཤེས་ཀཽཎྜིནྱ་ཆོས་ཅན། ཁྱོད་རང་རྒྱུད་ལ་མཐོང་ལམ་སྐྱེས་པའི་སྔ་རོལ་དུ་བསྙེན་པར་རྫོགས་པའི་གང་ཟག་མིན་པར་ཐལ། ཁྱོད་རང་(༡༠ན)


GLG014_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལ་མཐོང་ལམ་སྐྱེས་མ་ཐག་ཏུ་བསྙེན་པར་རྫོགས་པའི་གང་ཟག་ཡིན་པའི་ཕྱིར་ཏེ། ཁྱོད་རང་ཉིད་ལ་སྟོན་པས་བདེན་བཞིའི་ཆོས་འཁོར་བསྐོར་མ་ཐག་ཏུ་བསྙེན་པར་རྫོགས་པའི་གང་ཟག་གང་ཞིག །ཁྱོད་ལ་སྟོན་པས་བདེན་བཞིའི་ཆོས་འཁོར་བསྐོར་བ་དང་ཁྱོད་ཀྱི་རྒྱུད་ལ་མཐོང་ལམ་སྐྱེས་པ་དུས་མཉམ་པའི་ཕྱིར། མ་གྲུབ་ན། དེ་དེར་ཐལ། འདུལ་བ་ལུང་ལས། གང་གི་ཚེ་བཅོམ་ལྡན་འདས་དགེ་སློང་ལྔ་པོ་དག་གི་རྒྱུད་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། དེ་དག་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་གྱུར་པ་དེའི་ཚེ་དེ་དག་དེ་བཞིན་གཤེགས་པ་ལ་ཤིན་ཏུ་མཚན་ནས་བརྗོད་པ་དང་ཞེས་དེ་ལ་བདེན་བཞིའི་ཆོས་འཁོར་བསྐོར་བས་དེ་བསྙེན་པར་རྫོགས་པར་བསྟན། ཀུན་ཤེས་ཀཽཎྜི་ནྱའི་རྒྱུད་ལ་མཐོང་ལམ་སྐྱེས་པ་ན་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ཞེས་པའི་རྒྱུད་ལ་མཐོང་ལམ་སྐྱེས་ནས་སྟོན་པས་འཇིག་རྟེན་འདིར་ཆོས་འཁོར་བསྐོར་བའི་ཐ་སྙད་འཐོབ། དེ་ཡན་ཆད་དུ་དེ་དག་ལ་ཆོས་བསྟན་ཀྱང་ཆོས་འཁོར་བསྐོར་བའི་ཐ་སྙད་མི་འཇོག་པ་འདི་མཁས་པ་དག་གི་སྤྱི་ལུགས་ཡིན་པའི་ཕྱིར་དང་། འགྲེལ་པ་དག་ལས་ཀྱང་ལྔ་པོ་རྣམས་ཡེ་ཤེས་ཁོང་དུ་ཆུད་པས་དང་ཞེས་ལྔ་སྡེ་རང་རྒྱུད་ལ་མཐོང་ལམ་སྐྱེས་ཚེ་བསྙེན་པར་རྫོགས་པས་ན་ཡེ་ཤེས་ཁོང་ཆུད་ཀྱི་བསྙེན་རྫོགས་དང་། ངེས་ཞུགས་ཀྱི་བསྙེན་རྫོགས་ཞེས་བཤད་འདུག་པའི་ཕྱིར་རོ། །འོ་ན་ལྔ་སྡེས་མཐོང་ལམ་མ་ཐོབ་གོང་དུ་ལྔ་པོ་དེ་དག་ལ་དགེ་སློང་དག་ཅེས་དགེ་སློང་དུ་བཤད་པ་མིན་ནམ་སྙམ་ན་དེ་ནི་དགེ་སློང་ལྔའི་ནང་ནས་སློང་བའི་དགེ་སློང་(༡༠བ)


GLG014_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ལ་དངོས་བཏགས་མ་ཕྱེ་བའི་མིང་བཏགས་ཙམ་ཡིན་པས་དགེ་སློང་མཚན་ཉིད་པར་འཁྲུལ་བར་མི་བྱའོ། །ཞེས་གསུངས་པ་ནི་རྣམ་དཔྱོད་དང་ལྡན་པའི་གཏམ་མོ། །སྔ་ཕྱིར་དུ་འདུལ་འཛིན་མང་པོ་སྔོན་ཆོག་བཅུ་ཞེས་ན་ཡམས་སུ་གསུང་བར་འདྲེན་ཚུལ། བྱ་འདུལ་དང་བུ་སོགས་སངས་རྒྱས་དང་རང་རྒྱལ་སོ་སོ་དང་། དབུས་དང་མཐའ་འཁོབ་ཏུ་གསོལ་བཞིའི་ཆོ་ག་ཞེས་གཅིག་ཏུ་འདྲེན། འགའ་ཞིག་དེ་ལས་གོ་ལྡོག་པའི་རྣམ་གཞག་ཡོད་པར་མཚོ་སྣ་པས་སྤྱིར་བསྙེན་པར་རྫོགས་ཚུལ་ལ་བཅུར་ཡོད་ཀྱང་། སྔོན་ཆོག་ཁོ་ན་ལ་བཅུར་མ་ངེས་ཤིང་དེ་འདྲའི་ལུང་གསལ་པོ་མེད་པ་དང་། ལྷག་པར་སྔ་མའི་ལུགས་ཀྱི་འདྲེན་པ་དང་རང་རྒྱལ་རྫོགས་ཚུལ་ཐ་དད་དུ་བྱས་པ་མི་འཐད་ཅིང་། མཆོད་སྦྱིན་མ་འཕྲིན་གྱིས་རྫོགས་ཚུལ་ལ། སྔོན་དུ་རབ་བྱུང་དང་། དེ་ནས་ལོ་གཉིས་སོང་ནས་བསྙེན་པར་རྫོགས་ཚུལ་སོགས་ཕྲན་ཚེགས་ཀྱི་ལུང་གསལ་པོ་ཡོད་པས་སྔོན་ཆོག་ཏུ་འདྲེན་མི་རིགས་པས་སྔོན་ཆོག་བརྒྱད་ཁོ་ནར་ངེས་གསུང་མཁས་པ་ཕལ་ཆེར་སྔོན་ཆོག་ལ་དེ་ལྟར་རྣམ་གྲངས་དུ་མ་ཡོད་པ་ལས། འདིར་གསོལ་བཞིའི་སྔོན་ཆོག་སྨོས་དགོས་པའི་རྒྱུ་མཚན་ཆོ་ག་འདི་དར་ཆོག་དང་རིགས་འདྲ་ཙམ་ཡིན་པས་དེ་ལྟར་རུང་ངམ་སྙམ་པའི་previous hit དོགས next hit་བསལ་བའི་ཆེད་ཡིན་པས། སྔོན་ཆོག་གཞན་རྣམས་ད་ལྟ་བྱ་རུང་ངམ་སྙམ་པའི་previous hit དོགས next hit་མི་འབྱུང་བའི་རྒྱུ་མཚན་གྱིས་ཡིན་གསུང་བ་ནི་ཁུངས་བཙུན་པར་མངོན། དེའི་རྗེས་སུ་ཡུལ་ཐག་རིང་པོ་ནས་སྟོན་པའི་སྤྱན་སྔར་འོངས་པ་དག །གཅན་གཟན་དང་འབྱུང་བའི་གནོད་པས་ཚེའི་དུས་བྱས་པ་སོགས་(༡༡ན)


GLG014_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་དགེ་འདུན་རྣམས་འདུས་ཏེ་གསོལ་བ་དང་བཞིའི་ལས་ཙམ་གྱིས་ཅིག་ཅར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་གནང་བ་ཡིན་ལ། ཚུལ་ཇི་ལྟར་ན་སྐྱེ་བ་རྒྱུའི་ཁྱད་པར་སྔོན་ཆོག་གི་སྒོ་ནས་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་བ་ལ་མཚམས་ནང་དེ་ན་ཡོད་པའི་དགེ་འདུན་ཐམས་ཅད་འདུས་པ་རབ་ཏུ་བྱུང་བའི་རྟགས་ཆ་ལུགས་དང་ལྡན་པ་རྒན་རིམ་ལ་ཕྱག་འཚལ་བ་སོགས་གུས་པའི་སྤྱོད་ལམ་དང་ལྡན་པ། བསྙེན་པར་རྫོགས་པར་གསོལ་བ་ལན་གསུམ་དུ་བཏབ་པ་ཞིག་དགོས་པ། མདོ་རྩ་ལས། དགེ་འདུན་ཐམས་ཅད་འདུས་པ་ན་ཆ་ལུགས་འདི་བཞིན་བྱས་རྒན་རིམ་ལ་ཕྱག་འཚལ་ཏེ་ཐལ་མོ་སྦྱར་ཙོག་ཙོག་པུར་འདུག་ཅིང་གསོལ་བ་བཏབ་པར་གྱུར་པ་གསུམ་དང་ཞེས་བྱུང་། མཚོ་སྣ་པ་ཀུན་མཁྱེན་བུ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ། པཎ་ཆེན་བློ་གྲོས་ལེགས་བཟང་། མཁས་གྲུབ་བདེ་ལེགས་ཉི་མ། པཎ་ཆེན་བསོད་ནམས་གྲགས་པ་སོགས་མང་དག་མཐུན་པར་སྔོན་ཆོག་ལ་དགེ་འདུན་ཐམས་ཅད་འདུས་པའམ་མ་འདུས་ཀྱང་འདུན་པ་དང་ཡོངས་དག་འབུལ། སྔོན་ཆོག་ལ་རབ་བྱུང་གི་གོས་རྣམས་ཚང་བ་དང་། དར་ཆོག་ལ་མཁན་པོས་གནང་། སྔོན་ཆོག་ལ་ཕྱག་མང་པོ་མི་དགོས། དར་ཆོག་ལ་དགེ་བའི་བཤེས་གཉེན་ཆེན་པོ་མཚོ་སྣ་པ་ཤེས་རབ་བཟང་པོས་མཛད་པའི་འདུལ་བའི་རྣམ་བཤད་ཉི་མའི་འོད་ཟེར་ལས། སངས་རྒྱས་དགེ་འདུན་མཁན་པོར་གསོལ། །གོས་ཀྱི་གཉིས་དང་ལྷུང་བཟེད་དང་། །གསང་ཏེ་སྟོན་དང་འཇུག་ཡོད་དང་། །སངས་རྒྱས་དགེ་འདུན་ལས་བྱེད་ལའོ། །(༡༡བ)


GLG014_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཕྱག་ཚན་བཅུ་གཅིག་བཤད། སྔོན་ཆོག་ལ་ཐལ་མོ་སྦྱར་སྟན་མེད་པར་ཙོག་པུར་ཡུད་ཙམ་འདུག་པས་ཆོག །དར་ཆོག་ལ་ཐལ་མོ་སྦྱར། རྩྭ་ཕ་གུའི་སྟེང་དུ་སྟན་མེད་པར་འདིང་བ་གཟར་བ་ལ་ཡུན་རིང་པོར་འདུག་དགོས། སྔོན་ཆོག་ལ་བདག་རབ་བྱུང་བསྙེན་རྫོགས་མཛད་དུ་གསོལ་སོགས་བསྒྲུབ་བྱ་རང་ཉིད་ཀྱི་ལན་གསུམ་དུ་གསོལ་བ་བཏབ་པས་ཆོག །དར་ཆོག་ལ་མཁན་པོས་ངོ་ཆེན་བྱས། ལས་སློབ་ཀྱིས་བརྡ་སྦྱར་ནས་གསོལ་བ་འདེབས་དགོས། སྔོན་ཆོག་ལ་མཐུན་རྐྱེན་ཚང་བ་དང་འགལ་རྐྱེན་བར་ཆད་དང་བྲལ་མ་བྲལ་སོགས་དྲི་བ་བརྗོད་མི་དགོས་ལ། དར་ཆོག་ལ་དེ་ལྟར་བརྗོད་དགོས། སྔོན་ཆོག་ལ་རབ་བྱུང་བསྙེན་རྫོགས་ཅིག་ཅར་དང་། དར་ཆོག་ལ་རིམ་ཅན་དུ་སྐྱེ་བ་སོགས་ཡོད་པར་བཞེད། ཆོ་གའི་མཚན་གཞི་ནི་སྔོན་ཆོག་ལ་གསོལ་བཞིའི་ཆོ་ག་དང་ལྡན་པ་ཞིག་དགོས་སོ་ཞེས་པ་ལ་གོང་གི་འཕྲོས་ལས་གསོལ་བ་དང་བཞིའི་ལས་ཀྱིས་ཞེས་པ་བྱུང་། ཇི་ལྟར་སྐྱེ་བའི་ཚུལ་ནི་སྔོན་ཆོག་ལ་སྡོམ་པ་སྐྱེ་བ་བར་མ་རབ་བྱུང་གི་ཚུལ་ཁྲིམས་དང་བསྙེན་རྫོགས་ཀྱི་སྡོམ་པ་ཅིག་ཅར་དུ་སྒྲུབ་དགོས་སོ་ཞེས་འཆད་པ་ནི། ཅིག་ཅར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་ཉེ་བར་བསྒྲུབས་པར་གྱུར་པ་ཞེས་བྱུང་། ཆོ་ག་གཞན་དུ་བསྟན་པ་ནི་བར་མ་རབ་བྱུང་གི་ཚུལ་ཁྲིམས་དང་བསྙེན་རྫོགས་ཅིག་ཅར་དུ་བསྒྲུབ་པའི་གསོལ་བཞིའི་ཆོ་ག་འདི་ད་ལྟར་གྱི་ཆོ་ག་ལས་གཞན་པའི་སྔོན་ཆོག་མཚན་ཉིད་པ་ཡིན་ནོ། །ཞེས་འཆད་པ་ནི། ལྟ་བུ་ནི་སྔོན་གྱི་ཆོ་གའོ། ཞེས་དང་། རྒྱ་ཆེར་འགྲེལ་དུ། ལྟ་བུ་ཞེས་བྱ་བའི་སྒྲ་ནི་རྣམ་པའི་ཚིག་ཡིན་ཏེ། སྔོན་གྱི་ཆོ་(༡༢ན)


GLG014_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

གའི་རྣམ་པ་ནི་དེ་ལྟ་བུར་རིག་པར་བྱའི་རྣམ་པ་གཞན་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས། ཉེས་མེད་ཕུན་ཚོགས་ཀྱི་དབང་དུ་བྱས་ན་མཚམས་ནང་དེར་གནས་པའི་དགེ་འདུན་ཐམས་ཅད་འདུ་བར་བཤད་ཀྱང་། དམིགས་ཀྱིས་བསལ་བ་ནི། དགྲ་བཅོམ་པ་ས་ག་ལྷས་མཛད་པའི་འདུལ་བ་ཚིག་ལེའུར་བྱས་པ་མེ་ཏོག་ཕྲེང་རྒྱུད་ལས། དབུས་དང་མཐའ་འཁོབ་པ་དག་ལ། །བསྙེན་རྫོགས་ཡང་དག་བསྟན་པ་ནི། །བཅུ་དང་ལྔ་ཡི་ཚོགས་ཀྱིས་སམ། །དེ་བས་ལྷག་པས་ཀྱང་ནི་རུང་། ཞེས་བཤད་དོ། །འདི་ལ་སྔོན་ཆོག་དངོས་གཞི་ངོས་འཛིན་དགོས་པ་ཐམས་ཅད་མཁྱེན་པ་བུ་དང་། ལུང་རིགས་གཏེར་མཛོད་དུ་སྔོན་ཆོག་གཞན་རྣམས་བཏགས་པ་བ་དང་། གསོལ་བཞིའི་ལས་ཀྱི་ཅིག་ཅར་བསྒྲུབ་པ་ལ་མཚན་ཉིད་པར་ངོས་བཟུང་། འདུལ་ཊཱིཀ་རིན་ཅེན་ཕྲེང་བ། པཎ་ཆེན་བསོད་ནམས་གྲགས་པ་དང་། ཆོས་རྗེ་བདེ་ལེགས་ཉི་མ་གཉིས་ཀྱི་སྤྱི་དོན་སོགས་མཁས་པ་མང་པོའི་བཞེད་པ་མཐུན་པར་སྔོན་ཆོག་དངོས་གསོལ་བཞིའི་ཆོ་གས་རབ་བྱུང་དང་བསྙེན་རྫོགས་ཅིག་ཅར་དུ་བསྒྲུབ་པ། དེ་ལྟར་གྱི་ཆོ་གའི་སྔོན་རོལ་དུ་གནང་བའི་གསོལ་བཞིའི་ལས་ཆོག་སྔོན་ཆོག་གི་མཚན་ཉིད་ཅེས་གསུངས་ཤིང་། འཇམ་དབྱངས་བླ་མ་དཀོན་ཅོག་ཆོས་འཕེལ་ཀྱང་དེ་ཁོ་ན་ལྟར་བཞེད། དུས་སྟོན་པ་སངས་རྒྱས་ནས་ལོ་ལྔའི་བར་དུ་བྱུང་བ་སྔོན་ཆོག་དང་། དེ་ནས་དར་ཆོག་བྱུང་བར་བཞེད་ཅིང་། ཁྱད་པར་ཊཱིཀ་ཆེན་རིན་ཅེན་ཕྲེང་བར། དུས་སྟོན་པ་སངས་རྒྱས་ནས་ལོ་དྲུག་ནས་(༡༢བ)


GLG014_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་སྟེ། དེའི་ཚེ་ཡབ་སྲས་མཇལ་བའི་འཕྲིན་པ་འཆར་ཀས་བྱས་དེའི་ཚེ་ཤཱ་རིའི་བུས་འཆར་ཀ་ད་ལྟར་ཀྱི་ཆོ་གས་རབ་བྱུང་བསྙེན་རྫོགས་བྱས་པར་གསུངས་པའི་ཕྱིར་རོ་ཞེས་གསུངས། དེ་ཡང་གོང་དུ་སྨོས་པའི་བསྙེན་པར་རྫོགས་ཚུལ་རྣམས་ལ་ཡུལ་གཞན་ལ་མ་བརྟེན་པ་རང་རྒྱལ་སྲིད་པ་ཐ་མ་པ་དང་བྱང་སེམས་སྲིད་པ་ཐ་མ་པས་ཟད་མི་སྐྱེ་ཤེས་པའི་བྱང་ཆུབ་མངོན་དུ་མཛད་པའི་ཚེ་བསྙེན་རྫོགས་ཀྱི་སྡོམ་པ་རང་གི་ངང་གིས་སྔོན་དུ་གྱུར་པ་ལ་ཆོ་གའི་ཐ་སྙད་ཟུར་ཙམ་ཡང་མེད། ཡུལ་གཞན་སྟོན་པ་སངས་རྒྱས་ལ་བརྟེན་པ་ནི་ལྔ་སྡེ་བཟང་པོ་ལ་དགེ་སློང་དག་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའི་ཞེས་སོགས་གསུངས་པ་ཙམ་གྱི་མཐོང་ལམ་སྐྱེས་པའི་ཚེ་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེས་པ་ལྟ་བུ་གྲགས་པ་སོགས་ལ་ཚུར་ཤོག་ཚངས་པར་མཚུངས་པར་སྤྱོད་ཅིག་གསུངས་པའི་མོད་ལ་བྱི་བྱད་དང་། གོས་དང་སྤྱོད་ལམ་ཐམས་ཅད་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་ལྟ་བུ། འོད་སྲུངས་ཆེན་པོས་ཁྱོད་ནི་ཁོ་བོའི་སྟོན་པའོ། །ཁོ་བོ་ནི་ཁྱོད་ཀྱི་ཉན་ཐོས་སོ་ཞེས་སྟོན་པར་ཁས་བླངས་པ་ལྟ་བུ། བཟང་སྡེའི་ཚོགས་དྲུག་ཅུས་དཀོན་ཅོག་གསུམ་ལ་སྐྱབས་སུ་འགྲོ་བ་ཁས་བླངས་པ་ལྟ་བུ། སྐྱེ་རྒུའི་བདག་མོ་སོགས་ཀྱིས་ལྕི་བའི་ཆོས་བརྒྱད་ཁས་བླངས་པ་ལྟ་བུ། ཁྱིམ་བདག་ལེགས་བྱིན་ལ་གཅིག་ཏུ་དགེ་བ་ནི་གང་། ཐར་པའོ། །དེ་ལ་མཁོ་བ་ནི་གང་། དད་པའོ་ཞེས་པའི་དྲི་བ་ལ་མཉེས་པ་ལྟ་བུ། ཆོ་གའི་རིག་བྱེད་ལ་བརྟེན་པ་སྔོན་གྱི་ཆོ་ག་སྔར་བཤད་པ་ལྟར་སྨིན་པ་གསུམ་ཤས་ཆེ། སྒྲིབ་པ་གསུམ་ཤས་ཆུང་བའི་བསྒྲུབ་བྱ་གསོལ་བཞིའི་ལས་ཀྱིས་ཅིག་ཅར་བསྒྲུབས་པ་(༡༣ན)


GLG014_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་སྟེ། རྒྱ་ཆེར་འགྲེལ་ལས། སེམས་ཅན་རྒྱུད་རྣམ་པར་དག་པ་ཤ་སྟག་བྱུང་བས་འདུལ་བྱའི་རིམ་པ་ལ་མི་བལྟོས་ཤིང་མཁན་པོ་དང་སློབ་དཔོན་ལ་སོགས་པ་ལ་མ་བལྟོས་པར་ཡང་ཚེགས་ཆུང་ངུ་ཁོ་ནས་བཅོམ་ལྡན་འདས་ཀྱི་བཀའ་རྫོགས་པར་བྱེད་པར་བྱེད་པ་དང་། དེ་དག་བསོད་ནམས་བྱས་པ་ཡིན་པས་ནད་མེད་པ་དང་། ཇི་སྟེ་དེ་དག་ལ་ནད་ཅིག་བྱུང་དུ་ཟིན་ཀྱང་དེ་དག་གི་ནད་གཡོག་ལ་སོགས་པ་རྙེད་པར་འགྱུར་རོ་ཞེས་གསུངས། སྟོན་པ་སངས་རྒྱས་ནས་ལོ་དྲུག་ཕན་ཆད་ན་གདུལ་བྱ་རྣམས་སྲིད་པ་ཐ་མ་པ་མ་ཡིན་པ་དབང་པོ་རྟུལ་ཞིང་ལས་འཕྲོ་ཞན་པས་རང་སྟོབས་ཀྱིས་བླང་དོར་གྱི་གནད་ཚུལ་བཞིན་དུ་མ་ཤེས་པས་སྤྱོད་ལམ་རྒོད་བག་ཅན་དུ་གྱུར་ཅིང་། ནད་དང་ཉེར་འཚེ་ལ་སོགས་པ་འབྱུང་བ་མང་ཞིང་མཐུན་རྐྱེན་སྨན་དང་ཡོ་བྱད་རྙེད་དཀའ་བས་ལ་ལ་བྲོ་འཚལ་བ་ལ་གྲོགས་མེད་པར་ཚེའི་དུས་བྱས་པར་བརྟེན་མཁན་སློབ་དང་བཅས་ཏེ་ད་ལྟར་གྱི་ཆོ་གའི་སྒོ་ནས་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་གནང་བ་ཡིན་ཏེ། དེ་ཉིད་ལས་ད་ལྟར་ནི་དེ་ལྟ་བུའི་རྒྱུད་རྣམ་པར་དག་པ་མེད་པས། དེས་ན་ད་ལྟར་གྱི་ཆོ་ག་རྣམ་པར་བཞག་གོ །ཞེས་སོ། །སློབ་དཔོན་ཡོན་ཏན་འོད་ཀྱིས་བསྟན་བཅོས་འདིར་སྔོན་ཆོག་བཀོད་པར་དགོས་པ་མེད་དེ། ད་ལྟར་གྱི་སྐབས་སུ་སྔོན་ཆོག་བྱར་མི་རུང་བའི་ཕྱིར་སྙམ་ན་སྐྱོན་མེད་དེ། སྔོན་གྱི་རྒྱུད་ཡོངས་སུ་སྨིན་པའི་གདུལ་བྱ་ཚེགས་ཆུང་ངུའི་སྒོ་ནས་བསྙེན་པར་རྫོགས་པའི་ཐབས་སྔོན་གྱི་ཆོ་ག་ཁྱད་པར་ཅན་ཡོད་པར་ཤེས་ནས་མ་འོངས་པ་ན་དེ་དག་རང་རྒྱུད་ལ་ཡང་འབྱུང་བའི་ཕྱིར་དུ་སྤྲོ་(༡༣བ)
བས་འཇུག་པ་དང་། སྔོན་ཆོག་དང་ད་ལྟར་གྱི་ཆོ་གའི་རྣམ་བཞག་སོ་སོར་ཤེས་པའི་ཕྱིར་དུ་ཡང་འདིར་སྔོན་ཆོག་གི་རྣམ་གཞག་གསུངས་སོ། །དེ་ཡང་ཤེས་རབ་ཅན་གྱི་མཆོག་འཕགས་པ་ཤཱ་རིའི་བུ་ལས་ཤཱཀྱའི་རིགས་ཀྱི་སྲས་སྒྲ་གཅན་འཛིན་གྱིས་བསྙེན་པར་རྫོགས། དེ་ལ་འདམ་བུ་བྱིན་ནམ། རྒྱུན་གྱི་དབང་པོའི་མཁན་པོ་བྲམ་ཟེ་སྒྲ་གཅན་འཛིན་གྱིས་བསྙེན་རྫོགས་ཀྱི་དངོས་པོ་ནོས། དེ་ལ་སངས་རྒྱས་གཉིས་པ་ཀླུ་སྒྲུབ་ཞབས་ཀྱིས་དགེ་སློང་གི་དངོས་པོར་བསྒྲུབ་པར་མཛད། རྗེ་རང་བྱུང་པས་སྲས་སྒྲ་གཅན་འཛིན་གྱི་རྗེས་སུ་མཐར་ཕྱིན་དཔལ་གྱི་གྲགས་previous hit ་དགོས་ཞེས་དོགས next hit་སློང་མཛད་ནའང་། མཁས་པ་གཞན་རྣམས་ལ་མ་གྲགས་པས་སོམ་ཉི་མི་འཚལ།


previousའདུལ་བའི་རྣམ་བཤད་སྤྱིར་བསྟན་པ།next