Nitartha Digital Library
Tibetan
 
no previousno next

(༡)ཚོགས་ཆོས་མུ་ཏིག་གི་ཕྲེང་བ་བཞུགས་སོ། །

(༢)བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། རྣམ་པ་ཀུན་ལ་ཆོས་གཅིག་སྙན་དུ་གསོལ་བའི་དབང་དུ་བགྱིས་ན། ཆོས་བཤའ་མ་གཅིག་བྱེད་པ་ལ་དང་པོ་མི་རྟག་པ་བསྒོམ་པ་གལ་ཆེ་སྟེ། དེ་མེད་ན། ཆོས་བྱས་ཚད་ཚེ་འདིའི་མདུན་གྲོགས་སུ་འགྲོ་བའི་ དོགས next hit་ཡོད། མི་རྟག་པ་བསྒོམ་

(༣)པ་ལ་དགོས་པ་ཆེད་ཅི་ཡོད་ན། ཚེ་འདི་ལ་བློ་ལྡོག་པའི་དགོས་པ་དང་། མི་རྟག་པ་བསྒོམ་པས། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་མི་རྟག་པར་ཤེས་པས། ཚེ་འདི་ལ་བློ་མི་འཇུག་པར་འདུག་ན། མི་རྟག་པ་བསྒོམ་པའི་དགོས་པ་ཡིན། ཚེ་འདི་ལ་བློ་མ་ལོག་ན། མི་རྟག་པ་བསྒོམ་པའི་དགོས་པ་མེད། དང་པོ་མི་རྟག་པ་བསྒོམ་ནས་ཚེ་འདི་ལ་བློ་ལྡོག་པར་བྱས་ན། དེ་ནས་འཁོར་བའི་ཉེས་སྐྱོན་བསྒོམ་པ་

(༤)ཡིན་ཏེ། འཁོར་བའི་ཉེས་སྐྱོན་བསྒོམ་པས། འཁོར་བ་མཐའ་དག་ལས་བློ་ལྡོག་དགོས་པས་ལོག་པར་བྱས་ནས། བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡིན་ཏེ། དེ་ཡང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི། དང་པོ་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་ནས་རྫོགས་པའི་སངས་རྒྱས་ཐོབ་པར་བྱའོ་བསམ་པ་ཅིག་སྙིང་ཕུགས་སུ་བཅུག་ནས་ཅི་བྱེད་པ་དེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམིགས་པར་བྱས་ནས། རང་འདོད་ལ་གང་ཡང་མ་ཞུགས་པར་བྱས་ནས། ཐེག་པ་ཆེན་པོའི་བློས་སྣའི་སེམས་སྐྱེད་ནས་གཞན་དོན་དུ་དམིགས་པ་ནི། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡིན། དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི། བཟུང་འཛིན་བདག་དང་ཐ་དད་ཀྱི་རྣམས་རྟོག་ཐམས་ཅད་ངོ་བོ་ཉིད་ཀྱིས་མ་གྲུབ་པའི་ངང་དུ་བློ་མལ་དུ་འཁྱེར་བ་ཡིན་ཏེ། སྤྱོད་ཡི་རྣམ་བཞི་ཐམས་ཅད་ལ་དེ་བཞིན་དུ་ཉམས་སུ་བླངས་ན་དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྒོམ་བྱ་བ་ཡིན།

(༥)ཏེ་དེ་བཞིན་དུ་ཉམས་སུ་བླངས་པས་དོན་དམ་པ་བྱང་ཆུབ་ཀྱི་སེམས་རྟོགས་ནས་འོང་བ་ཡིན། ཆོས་ལས་མ་ཆིས་གསུང་། །རྣམ་པ་ཀུན་ལ་སྙན་དུ་གསོལ་བའི་ཆོས་ཀྱི་དབང་དུ་བགྱིས་ན། །ད་ལྟའི་སྐབས་སུ་མ་ནོ་བསམ་དམ་རེ་བཏང་དགོས་ཏེ། བསོམ་དང་ཚེ་འདི་མི་རྟག་པར་འདུག །ནམ་མཁའི་གློག་དང་། ཆུའི་ཆུ་བུར་དང་། རྩཱ་ཁའི་ཟིལ་པ་དང་འདྲ་བར་འདུག་པས། ཡོད་ཅིས་ཀྱང་ཕན་པ་མེད་སྙམ་པ་གཅིག་སྙིང་ཕུགས་སུ་བཞུག་དགོས། དེ་ལྟ་བུ་ཅིག་ཕུགས་སུ་བཅུག་ནས་ཉམས་སུ་བླང་དགོས་ཏེ། སངས་རྒྱ་བར་བྱེད་པ་ལ་ལམ་ཚད་ལ་མ་ནོར་བ་གཅིག་དགོས། ལམ་ཚང་ལ་མ་ནོར་བ་དེ་གང་ཡིན་ན། སྦྱོར་བ་དང་དངོས་གཞི་རྗེས་གསུམ་ཚང་བ་ཅིག་ལ་ཟེར་བ་ཡིན་ཏེ། དེ་ཡང་དང་པོ་སྦྱོར་བ་ནི། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ་ནས་རྫོགས་པའི་སངས་རྒྱས་ཐོབ་པར་བྱའོ། སྙམ་པའི་སེམས་ཅིག་སྔོན་དུ་བཏང་ནས། དངོས་གཞི་ཅི་བྱེད་ཕ་རོལ་དུ་ཕྱིན་པ་དྲུག་ལྡན་ལམ་དུ་འཁྱེར་བ་ཡིན་ཏེ། ཐ་ན་སྤྲང་ཡོན་གཅིག་གཏེར་ཡང་། བྱིན་པའི་དངོས་པོ་དེ་རང་ཡིན། །ཞི་བས་གཏེར་བ་སྟེ་ཚུལ་འཁྲིམས་ཡིན། སློང་མི་མཁས་པར་འདུག་ཀྱང་དེ་ལ་ཉོན་

(༦)མོངས་མི་སྐྱེ་བར་འདུག་པ་ཏེ་བཟོད་པ་ཡིན་ཏེ། མྱུར་དུ་གཏེར་བ་སྟེ་བརྩོན་འགྲུས་ཡིན། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་གྱིས་བཟུང་ནས་དེ་ལ་མ་ཡེངས་པར་གཏེར་བ་སྟེ་བསམ་གཏན་ཡིན། སློང་མཁན་གཏེར་མཁན་དངོས་པོ་འབྲས་བུ་ཐམས་ཅད་རྨི་ལམ་སྒྱུ་མ་ཙམ་དུ་ཤེས་པ་སྟེ་ཤེས་རབ་ཡིན། དེ་ལྟར་དངོས་གཞི་ཕ་རོལ་དུ་ཕྱིན་པ་དྲུག་ལྡན་དུ་ཤེས་པར་བྱས་ནས། ཉམས་སུ་བླངས་ཤིང་རྗེས་ལ་གང་དུ་ཡང་མི་དམིགས་པའི་རྒྱ་ཡིས་ཐེབས་པར་བྱས་ནས། ཐམས་ཅད་མཉམ་པ་ཉིད་ཀྱི་རང་བཞིན་དུ་གསལ་ཡང་མ་གྲུབ་པར་ལམ་དུ་འཁྱེར་བ་ཡིན་ཏེ། དེ་བཞིན་དུ་བྱས་པས་དང་པོ་སེམས་ཅན་གྱི་དོན་དུ་བློས་ཟིན་པ་སྟེ་ཐེག་པ་ཆེན་པོའི་བློ་ཡིན། སངས་རྒྱ་བ་ཡང་ཐེག་པ་ཆེན་པོས་སངས་རྒྱ་བ་ལས་ཐེག་པ་ཆུང་ངུས་བག་ཙམ་སངས་མི་རྒྱ་བས་དེས་ན། ཐེག་པ་ཆེན་པོའི་བློ་སྣ་རེ་སྐྱེ་བ་གལ་ཆེ། དངོས་གཞི་ཕ་རོལ་དུ་ཕྱིན་པའི་ལམ་ཚད་ལ་མ་ནོར་བ་ཡིན་ལ། རྗེས་ལ་མི་དམིགས་པའི་རྩི་ཡིས་ཟིན་པས། ཐམས་ཅད་ནམ་མཁའ་ལྟ་བུར་ཤེས་པ་ཅིག་འོང་བ་ཡིན། དེ་ལྟར་ཤེས་པས་ཀུན་གཞི་ལ་བག་ཆགས་མི་འཇོག་པ་ཅིག་ཡོང་བ་ཡིན། ཀུན་གཞི་ལ་བག་ཆགས་མ་བསགས་པས་ལས་ཀྱི་རྟེན་མེད། རྟེན་མེད་པས་

(༧)ལས་བཟང་ངན་གྱི་རྗེས་སུ་མི་འབྲེང་། དེ་ཙམ་ན་སྐྱེ་བ་མི་ལེན་པས་དེ་ཀ་ལ་སངས་རྒྱས་ཟེར་བ་ཡིན། དེ་ལྟར་ཤེས་ན་ལམ་ཚང་ལ་མ་ནོར་བ་ཡིན། ད་ལྟར་གྱི་དུས་སུ་ལམ་ཚང་ལ་མ་ནོར་བ་ཅིག་ཉམས་སུ་བླངས་ནས། དོན་ཐམས་ཅད་གྲུབ་པ་གཅིག་མ་བསྒྱིས་ན། མལ་གྱི་ཐ་མ་ན་ཉལ། ཟས་ཀྱི་ཐ་མ་ཆུ་ཐིག་ཅིག་འཐུང་། དབུགས་རིང་ཐུང་བྱེད་ཙ་ཅིས་ཀྱང་མི་གཏོང་བས་དེ་བས་ད་ལྟ་རང་ནས་འབད་པ་ཉམས་སུ་བླངས་ལ་གདེང་དུ་ཚུད་པར་བྱ་དགོས། །ཆོས་དེ་ལས་མ་མཆིས། རྣམ་པ་ཀུན་ལ་ཆོས་ཅིག་སྙན་དུ་གསོལ་བའི་དབང་དུ་བགྱིས་ན། ལམ་བསགས་སྦྱངས་གཉིས་ཉམས་སུ་ལོན་དགོས་ཏེ། ཚོགས་བསོག་ཅིང་སྒྲིབ་པ་སྦྱོང་པ་གལ་ཆེ། ཚེ་འདི་ནམ་མཁའི་གློག་ལ་སོགས་པ་དང་འདྲ་བར་འདུག་པས། ནམ་ཡལ་ནས་འགྲོ་ཆ་མི་འདུག་པས། ཅིས་ཀྱང་དགོས་པ་མེད་པ་ཅིག་སྙིང་ཕུགས་སུ་བཅུག་ལ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་། དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པ་གལ་ཆེ་ཏེ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྐྱེ་བ་ཡིན་པས་འཆི་བ་མི་རྟག་པ་བསྒོམ་པ་འདི་གལ་ཆེ། འཁོར་བའི་ཉེས་དམིགས་ཀྱི་སྒོ་ནས་བྱམས་སྙིང་རྗེ་བསྒོམ། དེ་ནས་རང་དོན་སྤངས་ནས་གཞན་དོན་ཅི་འགྲུབ་བྱེད་པ་གཅིག་དགོས་པ་ཡིན། སངས་རྒྱ་བར་བྱེད་པ་ལ་དང་པོ་ཡང་སེམས་ཅན་གྱི་དོན་བྱེད་པར་

(༨)འདོད་པ་གཅིག་དགོས། བར་དུ་ཡང་སངས་རྒྱས་བ་ལ་སེམས་ཅན་གྱི་དོན་བྱེད་པ་གཅིག་དགོས། ཐ་མ་ཡང་སངས་རྒྱས་ནས་སེམས་ཅན་གྱི་དོན་ལས་བྱར་མེད་པའོ། དེས་ན་དང་པོ་འཆི་བ་མི་རྟག་པ་བསྒོམས། བར་དུ་འཁོར་བའི་ཉེས་དམིགས་བསྒོམ། ཐ་མར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་སེམས་ཅན་གྱི་དོན་འབའ་ཞིག་བྱེད་པ་སྟེ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡིན་ནོ། དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི་ཚེ་སྔ་མའི་སྦྱངས་པ་དང་། རང་གིས་རྩོལ་བ་དང་། བླ་མའི་བྱིན་རླབས་ཞུགས་པ་གསུམ་འཛོམ་དགོས་པ་ལགས། ཚེ་སྔ་མའི་མའི་སྦྱངས་པ་མེད་ན། ད་ལྟ་དལ་འབྱོར་མཐོ་རིས་ཡོན་ཏན་བདུན་ལྡན་ཚང་བ་མི་ཡོང་ལ། སྐྱེ་བ་སྔ་མ་ལ་ཚོགས་བསག་བསགས་པའི་སྦྱངས་པ་ཅན་དགོས་པ་ཡིན། དེད་ཡང་རང་གིས་རྩོལ་མ་བྱས་པར་ལེ་ལོའི་ལམ་དུ་ལུས་སྟེ། །འཕགས་པའི་ལམ་མི་ཐོབ། བླ་མའི་བྱིན་རླབས་མ་ཞུགས་ན། ཡོན་ཏན་ཅི་ཡང་མི་འཕེལ་ཏེ། རང་ལ་ཅི་ཡང་མི་ཡོང་། བྱུང་ཡང་ནུབ་ནས་བསོད་ནམས་ཆུ་བཅད་པ་བཞིན་འགྲོ་ཏེ། ལུང་ལས་བླ་མ་མེད་ན་སྲིད་མཐར་མིན། སྐྱེ་བ་འཛིན་པ་མེད་པ་ཡིས། །གྲུས་ནི་ཕ་རོལ་ཕྱིན་མི་འགྱུར། ཞེས་བཤད་པ་ལྟ་བུའོ། དེས་ན་དང་པོ་སྦྱངས་པ་ཡོད་པ། རང་གིས་རྩོལ་བས་སྒྲུབས་པ། བླ་མ་མཚན་ཉིད་དང་ལྡན་པ་བརྟན་པ་ནི། གསང་

(༩)སྔགས་ཀྱི་ལམ་གྱི་མཐར་ཐུག་གི་དམ་ཚིག་ཡིན་པས། དེས་ན་དམ་ཚིག་ལ་ནན་ཏན་དུ་བསྲུངས་ཤིང་། གདམས་པ་ཡང་ཚིག་ཤེས་པ་གཅིག་པུས་མི་ཕན་ཏེ། ནེ་ཚོའི་འདོན་པ་དང་འདྲ་བས། བླ་མ་རྣམས་ཀྱིས་ཀྱང་སྒྲུབས་པས་གྲུབ་པ་ཐོབ་པ་ཡིན་པས། འོ་སྐོལ་ཀྱང་བླ་མ་ལ་མོས་གུས་ཀྱིས། རྒྱུད་བྱིན་གྱིས་རླབས་ནས་གདམས་པ་ཚུལ་བཞིན་སྒྲུབ་པ་ཉམས་སུ་བླངས་པས། གྲུབ་རྟགས་སྣ་ཚོགས་འབྱུང་བ་ཡིན་ཏེ། བླ་མ་ཏཻ་ལོ་ནཱ་རོ་པས་ལོ་བཅུ་གཉིས་རྟེན་ཏེ། བླ་མ་ལ་མོས་གུས་བྱས་པས། གདམས་པ་དངོས་སུ་གསུངས་པ་མེད་ཀྱང་བླ་མ་ལ་གུས་པའི་བླ་མ་ཇི་ལྟར་གསུང་བ་ལྟར་སྒྲུབས་པས། གྲུབ་རྟགས་སྣ་ཚོགས་བྱུང་བ་ཡིན་ཏེ། དེས་ན་བླ་མ་མཚན་ཉིད་དང་ལྡན་པའོ། སློབ་མ་སྣོད་ལྡན་གཉིས་འཛོམ་ན། སྐད་གཅིག་མ་རང་ལ་ཡོན་ཏན་ཐམས་ཅད་གྲུབ་ནས་འོང་སྟེ། དང་པོ་ཞི་བ་དང་། གནས་པ་བར་དུ་གསལ་བ་དང་མི་རྟོག་པ། ཐ་མ་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བ། ནམ་མཁའ་ལྟ་བུའི་དོན་ལ་ཆུ་བོའི་རྒྱུན་བཞིན་གནས་པ་འོང་གསུང་། ལུང་ལས་ཀྱང་། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། སྐད་ཅིག་གཅིག་གིས་བྱེ་ཕྲག་ཕྱེད། །ཅེས་གསུངས་པའོ། དེས་ན་དང་པོ་སྒྲུབ་པ་ཉམས་སུ་ལེན་པ་ཁོ་ན་གལ་ཆེ་བས། དེ་བཞིན་དུ་མ་བགྱིས་ན་ནམ་ཞིག་ལག་རྫས་སུ་

(༡༠)བཅུག །ཡིད་གར་ཆུ་ལས་མི་འོང་བའི་དུས་ཙ་ན། རང་གིས་ཉམས་སུ་བླངས་པའི་ཆོས་མེན་པ་གཞན་གྱིས་ཅིས་ཀྱང་མི་ཕན་པས། དེ་བས་ད་ལྟ་རང་ནས་ཉམས་ལེན་ལ་འབད་པ་གལ་ཆེ་གསུང་། ཆོས་དེ་ལས་མ་མཆིས་སོ།། །།རྣམ་པ་ཀུན་ལ་སྙན་དུ་གསོལ་བའི་ཆོས་ཀྱི་དབང་དུ་བགྱིས་ན། ཆོས་བཤའ་མ་ཅིག་བྱེད་ན་ཚེ་ལ་ལོང་མེད་དུ་ཤེས་ནས། བློ་ན་ཐུང་དེ་བ་གཅིག་གིས་བྱམས་པ་སྙིང་རྗེ་བསྒོམ་པ་གལ་ཆེ། དེ་ལ་སྐྱེ་ལུགས་གསུམ་ཡིན་ཏེ། སེམས་ཅན་ལ་དམིགས་པ་དང་། ཆོས་ལ་དམིགས་པ་དང་། དམིགས་པ་མེད་པའོ། །དང་པོ་སེམས་ཅན་ལ་དམིགས་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྐྱེ་བ་ནི། དེ་ཁོ་ན་ཉིད་མ་རྟོགས་པས་བཟུང་འཛིན་གྱི་སྡུག་བསྔལ་དང་ལྡན་པའི་སེམས་ཅན་ལ་དམིགས་ཏེ། སེམས་ཅན་སྡུག་བསྔལ་དང་འབྲལ་བདེ་བ་དང་ཕྲད་ནས་རྫོགས་པའི་སངས་རྒྱས་ཐོབ་ན་ཅི་མ་རུང་སྙམ་དུ་བསམ་ཞིང་། གང་དང་གང་ཅི་དང་ཅི་བྱེད་པ་ཐམས་ཅད་ལ་རང་འདོད་མ་ཞུགས་པར་ཇོ་བོ་སེམས་ཅན་གྱི་དོན་བྱེད་པ་ཡིན་ཏེ། ཇོ་བོ་སེམས་ཅན་ལ་བརྟེན་ནས་བདག་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་པས་ན། སེམས་ཅན་ལ་དམིགས་པ་གལ་ཆེ། །སེམས་ཅན་བློས་སྤངས་ན་ཐར་པ་དང་ཐམས་ཅད་མཁྱེན་པ་འབྱུང་མི་སྲིད་པས་ན། སེམས་ཅན་ལ་དམིགས་པའི་བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འདི་གཙོ་བོ་ཆེ་བ་ཡིན་པས། ཤིན་ཏུ་བཅེས་པ་ལགས་གསུང་། ཆོས་ལ་དམིགས་ཏེ་བྱུང་ཆུབ་ཀྱི་

(༡༡)སེམས་སྐྱེ་བ་ནི་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ཡིན་པས། ཅི་བྱེད་ཐམས་ཅད་རྨི་ལམ་སྒྱུ་མར་འཁྱེར་བ་ཡིན་ཏེ། ལུང་ལས། སྒྱུ་མ་ལྟ་བུའི་ཆོས་རྣམས་ལ། སྒྱུ་མ་ལྟ་བུར་བསྒོམས་བྱས་ན། སྒྱུ་མ་ལྟ་བུར་སངས་རྒྱས་ཐོབ། ཅེས་གསུངས་སོ། ཆོས་རྣམས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་ནས། ཞེ་སྡང་མ་གྲུབ་པས་ཞེ་སྡང་རང་སར་གྲོལ་ནས། འོང་བ་ཡིན། དེ་ལ་སོགས་ཏེ་ཆགས་སྡང་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་ཏེ། ཆགས་སྡང་གང་ལ་ཡང་བློ་མི་འཇུག་པ་ཡིན། ཉལ་འདུག་ལས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་ཉམས་སུ་བླངས་ན། སྣང་བའི་བདེན་འཛིན་ཞིག་པ་ལ་ཚེགས་མེད། དེ་ནི་ཉམས་སུ་བླངས་པས་ཚེ་འདི་ལ་མཆོག་གི་དངོས་གྲུབ་ཐོབ་པ་ལ་ཚེགས་མེད། དེ་ལྟར་ཆོས་ལ་དམིགས་པ་ནི་བྱང་ཆུབ་ཀྱི་སེམས་བྱ་བ་ཡིན། སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བ་ལ་ཅིའི་ངོ་བོར་ཡང་མ་གྲུབ་པའི་དོན་ཉམས་སུ་ལེན་པ་ཅིག་ཡིན་ཏེ། དེ་ལྟ་བུའི་དོན་རྟོགས་པ་ཀུན་ན་རེ། ཤ་བ་རྒྱ་ནང་དུ་ཆུད་པ་བཞིན་འགྲོ་བ་ནི་སྙིང་རེ་རྗེ་འགྲོ་རྒྱུ་མེད་པར་མ་རྟོགས་ན། བླ་མ་ཨ་ཏི་ཤས་གསུང་། བསྒོམ་བྱ་སྒོམ་བྱེད་མེད་པའི་སྤྲོས་བྲལ་འགྲོ་འོང་མེད་པའི་ཉམས་དེ་ལྟར་ཉམས་སུ་བླངས་ན་འོང་བ་ཡིན་པས། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྐྱེ་ལུགས་གསུམ་ཡིན་པས། དེ་བཞིན་དུ་ཉམས་སུ་བླང་ཆོས་དེ་ལས་མ་མཆིས་སོ། །རྣམ་པ་ཀུན་ལ་ཆོས་གཅིག་འཆད་པའི་དབང་དུ་བགྱིས་

(༡༢)འོ་སྐོལ་རང་ད་ལྟའི་སྐབས་སུ་ཚེ་འདིའི་གདོས་ཐག་བཅད་ནས། དད་པ་བཤའ་མ་གཅིག་དང་མ་བྲལ་བར་བྱས་ནས་ཉམས་སུ་ལེན་ན་ཆོས་གང་ཡང་ཟབ་པ་ཡིན་ཏེ། ཆུ་གཏོར་གྱི་ཞབས་ན་སྡིག་པ་ཅི་ཡང་མི་བྱ་སྟེ། དགེ་བ་ཕུན་གསུམ་ཚོགས་པར་སྤྱད། རང་གི་སེམས་ནི་ཡོངས་སུ་དུལ། འདི་ནི་སངས་རྒྱས་བསྟན་པ་ཡིན། ཞེས་པ་སངས་རྒྱས་ཀྱིས་གསུངས་ཏེ། སྡིག་པ་ཅི་ཡང་མི་བྱེད་པའི་སྟེང་དུ། དགེ་བ་ཕུན་གསུམ་ཚོགས་པར་བྱ་སྟེ། དེ་ནས་རང་སེམས་དུལ། རང་སེམས་དུལ་ན་སངས་རྒྱས་བསྟན་པ་བྱ་བ་དེ་ཀ་ཡིན། ཆོས་དེ་གཅིག་པུ་ཉམས་སུ་བླངས་ཀྱང་ཆོག་པ་ཡིན་གསུང་། འདའ་ཀ་ཡེ་ཤེས་ལས། དངོས་པོ་ཐམས་ཅད་མི་རྟག་པས་ན་ཅི་ལ་ཡང་མི་ཆགས་པའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། སེམས་རྟོག་ན་ཡེ་ཤེས་ཡིན་པས། སངས་རྒྱས་གཞན་དུ་མི་ཚོལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། ཞེས་བཤད་པས་དངོས་པོ་མི་རྟག་སྟེ་ནང་གི་ཤེས་པ་འགྱུར་བས་མི་རྟག་ལ། ཕྱིའི་སྣང་བའི་ཡུལ་དང་ལོ་རྒན་གཞོན་གྲོགས་མཆེད་ལྕམ་གཟའ་མི་ནོར་རྫས་ལ་སོང་པ་ཐམས་ཅད་ལ་རྟག་པ་མེད་པས། གང་ལ་ཡང་མི་བདེན་པར་བཟུང་ལ་ཉམས་སུ་བླང་དགོས་རང་གིས་ལུས་ཀྱང་འབྱུང་བ་བཞི་ཀའི་གཡར་པོ་ཡིན་པས་མི་རྟག་སྟེ། གཡར་པོ་ཁྱེར་བ་ལ་ཚེགས་མེད། དེས་ན་དངོས་པོ་ཐམས་ཅད་མི་རྟག་པར་འདུག་པས་ཅི་ལ་ཡང་མི་ཆགས་

(༡༣)པར་བྱའོ། སེམས་རྟོག་ན་ཡེ་ཤེས་ཡིན་པས་ཞེས་པ་ནི་སེམས་ཉིད་རྟོགས་པ་གཅིག་ལ་ཟེར་བ་ཡིན་ཏེ། བདག་གཞན་སྣང་སྟོང་། དོན་དམ་ཀུན་རྫོབ་དབྱིངས་ཡེ་ཤེས་ཐམས་ཅད་དབྱེར་མེད་དུ་ཤེས་པ་ལ་ཟེར་དེ་ལྟ་བུའི་དོན་དེ་གཞན་ནས་རྩལ་བ་རྙེད་པ་མ་ཡིན་ཏེ། རང་སེམས་རང་གིས་བལྟ་བས་ཤེས་ཤིང་། རྟོགས་པ་ལ་སངས་རྒྱས་ཟེར་བ་ཡིན་ཏེ། མ་ཐོང་མཐོང་ཕྱིར་མཐོང་བའི་ལམ། རབ་དགའ་ཞེས་ནི་དེ་ལ་བྱ། ཅེས་གསུངས་པས་སོ། དེ་བཞིན་དུ་ཡིན་པས་རང་གི་སེམས་ཉིད་ཇི་ལྟ་བར་རྟོགས་པ་ལ། སངས་ཞེས་བྱའོ། རང་སེམས་སྔར་མཐོང་མ་མྱོང་མ་ཐོང་བ་ལ་མཐོང་བ་སོ། དེ་ཉིད་རང་སེམས་རྟོག་པ་ལས་བྱུང་བས་སངས་རྒྱས་གཞན་ནས་མ་འཚོལ་གྱི་དོན་ཏོ། དེ་བཞིན་དུ་ཚེ་འདིའི་མདུན་མ་ཐམས་ཅད་རྒྱབ་ཏུ་སྐྱུར་ནས། །ཉམས་སུ་བླངས་ན་ཆོས་གང་གིས་སྒོར་ཞུགས་ཀྱང་དོན་གྲུབ་ནས་འོང་བ་ཡིན་པས། ཚེ་འདིའི་རྩོལ་བ་སྤངས་ནས་ཉམས་སུ་ལེན་པ་གལ་ཆེ་གསུང་། ཆོས་བཤད་ཅིང་ཚེ་འདིའི་མདུན་མ་བྱས་ན་མི་ནག་པ་ཆོས་ཀྱི་ལོ་རྒྱུས་མཁན་བྱ་བར་འགྲོ་བ་ཡིན་པས། ཚེ་འདི་དང་མ་འདྲེས་པར་ཉམས་སུ་ལེན་པ་གལ་ཆེ། ཆོས་དེ་ལས་མ་ཆིས་སོ། རྣམ་པ་ཀུན་ལ་ཆོས་གཅིག་བསྙན་དུ་གསོལ་བའི་དབང་དུ་བགྱིས་ན། འོ་སྐོལ་ཆོས་ཞེས་ཐག་པ་ནས་བྱེད་པའི་གང་ཟག་

(༡༤)གིས་མནོ་བསལ་དུམ་རེ་བཏང་དགོས་ཏེ། ཡོད་ཚེ་འདིའི་ཡུན་ཐུན་ཤེས་བྱ་རྣམ་པ་མང་། ཚེའི་ཚད་ཀྱང་ཅི་ཙམ་མི་ཤེས་པས། ངང་པ་ཆུ་ལ་འོ་མ་ལེན་པ་བཞིན། རང་གི་འདོད་པ་དང་དུ་བླང་བར་བྱ། ཞེས་གསུངས་ཏེ། ཚེ་ཐུང་སྟེ་ལོང་ཆེ་བ་མེད། རྒྱལ་ཆེན་རིགས་བཞི་ནས་འོག་མིན་དུ་རྩིས། དེས་དམྱལ་བ་ལ་རྩིས་པས་མི་ཚེ་ཐུང་ལ། དེའི་ནང་ནས་འཛམ་བུ་གླིང་པ་ཐུང་ལ། དེའི་ནས་ཀྱང་ད་ལྟ་ལོ་དྲུག་བཅུ་ལས་ལྷག་པ་ཀུན་ཚེ་ལྷག་མ་ལ་ལོངས་སྤྱོད་པ་ཡིན་པས། ཚེ་ཐུང་ལ་ཤེས་བྱའི་རྣམ་པ་མང་སྟེ། ཤེས་བྱ་སློབ་ན་ཟད་པ་དང་ཐུག་པ་མེད། ཆོས་ཀྱི་ནང་ན་ཉུང་ཤོས་ཁ་འབར་མའི་ཆུས་གཏོར་ཡིན་ཏེ། ཁ་འབར་མའི་རིགས་རྙེད་ཚད་བྲིས་པས་མིག་ཅིག་ལ་དབུས་ཀྱི་མ་ཀིན་སྒྲོམ་གཅིག་གང་འདུག་གསུངས་པས། དེས་ན་ཤེས་བྱ་ལ་ཟད་པའི་མཐའ་མེད་དེ། ཁ་འབར་མ་ཉུངས་ཤོས་ལ་དེ་ཙམ་འོང་ན་ཆོས་གཞན་ལ་ལྟ་ཅི་སྨོས། དེས་ན་ཤེས་བྱ་ལ་ཟད་པའི་མཐའ་མེད་པས་སླ་བས་ཀྱིས་མི་ལང་བས་ངང་པ་ཆུ་ལ་འོ་མ་ལེན་པ་བཞིན་རང་གི་འདོད་པ་དང་དུ་བླང་དགོས་ཏེ། དཔེར་ན་རྒྱ་རྒར་གྱི་ཆའོ་གང་ག་ལ་བ་རྣམ་རྒྱལ་བས་འོ་མ་ཆུར་ཟགས་པས་བྱ་ངང་པའི་མཆུ་ལ་སྐྱུར་རྩི་ཡོད་པའི་མཆུ་ཆུ་ཀྲུགས་པས་ཆུ་ལ་འོ་མ་དུམ་བུ་ལོང་དེ་འོང་བ་དེ་བླངས་

(༡༥)ནས་བཟའ་བ་བཞིན་དུ། རང་རེ་འདོད་པ་དང་དུ་བླང་སྟེ་ཤེས་བྱ་སྣ་ཚོགས་པའི་གསེབ་ནས་རང་གི་འདོད་པའི་གདམས་པ་བླང་དགོས། གདམས་པ་ཉམས་སུ་བླངས་པའི་དགོས་པ་རང་སེམས་ལ་དབང་ཐོབ་ནས། སེམས་ལས་སུ་རུང་བར་བྱེད་དགོས། །བསྐྱེད་རྫོགས་ལ་སེམས་ལས་སུ་རུང་དགོས། དེ་ལ་སོགས་ཏེ་རྩ་རླུང་ཐིག་ལེ་ཉམས་སུ་ལེན་ཡང་རུང་། དོན་དམ་ཀུན་རྫོབ་ཟེར་ཡང་རུང་ཕྱག་རྒྱ་ཆེན་པོ་ཟེར་ཡང་རུང་། རྫོགས་པ་ཆེན་པོ་ཟེར་ཡང་རུང་སྟེ། དེ་ཐམས་ཅད་ཀྱི་དགོས་བྱེད་སེམས་ལས་སུ་རུང་བ་ཡིན། སེམས་ལས་སུ་རུང་བ་ཇི་ལྟ་བུ་ཅིག་ཡིན་སྙམ་ན། སེམས་ཆོས་ཉིད་དུ་རྟོགས་པ་ཁོང་དུ་ཆུད་ནས། སྙིང་རྗེ་ཤུགས་ལས་འབྱུང་བའམ། བདག་གཞན་མཉམ་པ་ཉིད་དུ་རྟོགས་པ་ལ་ཟེར་བ་ཡིན། སྣང་བ་ལ་བདེན་འཛིན་ཆུང་བ་ལ་ཟེར་བ་ཡིན། དེ་ལྟ་བུ་མ་བྱུང་བར་དུ་ཤིན་ཏུ་བསྒྲིབས་ནས་ཉམས་སུ་ལེན་དགོས། བདེན་འཛིན་རང་རྒྱུད་པར་དཔྱད་པས་སངས་རྒྱས་ལས་བདེ་འགྲོ་ཡང་དཀའ་བ་ཡིན། ལུང་ལས་ཀྱང་བསྒོམ་མེད་བསྒོམ་པ་པོའང་མེད། ལྷ་དང་སྔགས་ཀྱང་ཡོད་མ་ཡིན། སྤྲོས་པ་མེད་པའི་རང་བཞིན་ལ། ལྷ་དང་སྔགས་ནི་ཡང་དག་གནས། ཤེས་ཧེ་བཛྲ་ལས་གསུངས་སོ། ཆོས་དེ་ལས་མ་མཆིས་སོ།། །།རྣམ་པ་ཀུན་ལ་ཆོས་གཅིག་སྙན་དུ་

(༡༦)གསོལ་བའི་དབང་དུ་བྱས་ན། རྟེན་གྱི་གང་ཟག་ཚེ་འདི་ལ་བློ་ལོག་པ་གཅིག་གིས། རང་འདོད་སྤངས་ལ། ཅི་བྱེད་པ་ཐམས་ཅད་སེམས་ཅན་གྱི་དོན་དུ་སེམས་སྐྱེད་ལ། རང་ལ་ལྟོས་པ་མེད་པར་བྱ་དགོས། ཇོ་བོ་སེམས་ཅན་ལ་རྟེན་ནས་སངས་རྒྱས་པ་ཡིན། སེམས་ཅན་ལ་བྱམས་པ་དང་སྙིང་རྗེ་བསྐྱེད་ལ། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་འབྲལ་བདེ་བ་དང་ལྡན་ན་ཅི་མ་རུང་སྙམ་པ་རེ་བྱས་ལ་ཉམས་སུ་ལེན་དགོས་ཏེ། རང་ལ་འུབ་ཧྲིལ་གྱིས་དྲིལ་ནས་དཔྱད་ན། ཕྱག་རྒྱ་ཆེན་པོའི་ལུགས་ཀྱིས་སྐྱོན་བྲལ་གསུམ་གསུམ་ཉམས་སུ་བླང་དགོས་ཏེ། སྣང་བའི་སྐྱོན་དུས་བྲལ་བ། སྟོང་པའི་སྐྱོན་དང་བྲལ་བ། སྐྱེ་བ་མེད་པའི་སྐྱོན་དང་བྲལ་བ་གསུམ་གསུམ་ཉམས་སུ་བླང་དགོས། དེ་ཡང་ཇི་ལྟར་ཉམས་སུ་བླང་ན། སྣང་བའི་སྐྱོན་དང་བྲལ་བ་བྱ་བ་སྟེ། སྣང་བ་བདེན་པར་མི་འཛིན་པར་ཉམས་སུ་ལེན་དགོས་ཏེ། སྣང་བ་རྨི་ལམ་སྒྱུ་མ་ཙམ་དུ་ཉམས་སུ་བླང་། སྣང་ལ་རང་བཞིན་མེད་པར་ཉམས་སུ་བླང་། སྣང་བ་བདེན་མེད་དུ་ཤེས་པས་སྡུག་བསྔལ་བདེན་མེད་དུ་ཤེས་པ་འོང་བ་ཡིན། སྡུག་བསྔལ་རང་རྒྱུད་དུ་མ་སོང་ཙམ་ན། ཆོས་ཆོས་སུ་སོང་བ་ཡིན། བདག་ཞན་གྱི་སྣང་བ་ཐམས་ཅད་བདེན་མེད་དུ་ཤེས་ཙམ་ན། སྣང་བ་སྐྱོན་བྲལ་བྱ་བ་ཡིན་ནོ། སྟོང་པ་སྐྱོན་དང་བྲལ་བ་ནི། སྟོང་ཉིད་ཀྱི་འདོད་ཆགས་དང་བྲལ་བ་ལ་ཟེར་བ་ཡིན་ཏེ། སྟོང་པ་ཡིན། སྟོང་པར་

(༡༧)རྟོགས་པར་བྱ་སྙམ་ནས་སྟོང་པར་འདོད་པ་བྱུང་བ་གོལ་བ་ཡིན་པས། ཉོན་མོངས་པ་རྣམ་རྟོག་སྟོང་པར་ཤེས་ནས་སྡུག་བསྔལ་སྐྱེ་བའི་ཡུལ་སྟོང་པ་ཉིད་དུ་ཤེས་ནས་མི་སྐྱེ་བར་འདུག་ན། སྟོང་ཉིད་སྐྱོན་བྲལ་བྱ་བ་ཡིན་གསུང་། སྐྱོན་མེད་སྐྱོན་བྲལ་བྱ་བ་ནི་སྣང་བ་སྟོང་པར་རེས་འཇོག་ཏུ་མ་སོང་བ་གཅིག་ལ་ཟེར་ཏེ། སྣང་བ་ཡང་སྐྱེ་མེད་ཤེས་པ་དེ་ལ་སྐྱེ་མེད་སྐྱོན་བྲལ་ཟེར་བ་ཡིན་ཏེ། དེ་རང་ཡང་གཉིས་སྣང་གིས་ཤེས་པ་དང་བྲལ་བ་གཅིག་ལ་བྱའོ། དོན་ལ་སྣང་བ་སྐྱོན་དང་བྲལ་བ་ཞེས་བྱ་བ་ནི་སྣང་བའི་མཐར་ཞེན་པ་དང་བྲལ་བ་ལ་ཟེར་ལ། སྟོང་པ་སྐྱོན་བྲལ་ཡང་། སྟོང་པའི་མཐར་ཞེན་པ་དང་བྲལ་བ་ལ་ཟེར། སྐྱེ་མེད་སྐྱོན་དང་བྲལ་བ་ན་གཉིས་སྣང་གི་མཐར་ཞེན་པ་དང་བྲལ་བ་ལ་ཟེར་བ་ཡིན་པས། ཕྱག་རྒྱ་ཆེན་པོའི་གཞུང་ལུགས་ཀྱིས། སྣང་བའི་སྐྱོན་དང་བྲལ་བ། སྟོང་པའི་སྐྱོན་དང་བྲལ་བ། སྐྱེ་མེད་ཀྱི་སྐྱོན་དང་བྲལ་བ། སྐྱོན་བྲལ་གསུམ་ལ་ཡོན་ཏན་སྐུ་གསུམ་སྟེ། སྣང་བའི་སྐྱོན་དང་བྲལ་བས་འཁོར་བའི་མཐའ་ཟད་དེ་སྣང་སྟོང་སྤྲུལ་སྐུ། སྟོང་པ་སྐྱོན་དང་བྲལ་ཏེ་ཉན་ཐོས་དང་ཞི་བ་བདེ་ལ་མི་གནས་པས་འགག་མེད་ལོངས་སྐུ། སྟོང་པ་ཡང་སྐྱེ་མེད་དུ། སྐྱེ་མེད་ཀྱི་སྐྱོན་དང་བྲལ་བས་སེམས་

(༡༨)ཀྱི་འདོད་པ་ལ་སྟོང་སྟོང་པོའི་འདོད་པ་ཟད་དེ། སྐྱེ་མེད་ཆོས་སྐུ། དེ་ལྟར་ཉམས་སུ་ལེན་པ་དེ་རྗེ་བྲམ་ཟེ་ཆེན་པའི་བཞེང་པ་ཡིན་གསུང་། ཆོས་དེ་ལས་མ་མཆིས་སོ། །རྣམ་པ་ཀུན་ལ་ཆོས་གཅིག་སྙན་དུ་གསོལ་བའི་དབང་དུ་བགྱིས་ན། ཚེ་ལ་ལོང་མེད་རྒྱུད་ལ་དྲན་པའི་ལྕག་གིས་བཀུལ་ཞིང་། བླ་མ་དང་དཀོན་མཆོག་ལ་བློ་འགེལ་བ་གཅིག་དགོས། དེ་ཅིས་ཤེས་ན་ཚེ་མི་རྟག་པར་འདུག །བརྒྱ་ལ་ཚེ་རིང་ཀྱང་སྡོད་ལོང་ཆེན་པོ་མི་འདུག་རྩ་ན་བླ་མ་མིན་པ་ལམ་སྟོན་མཁན་མི་འདུག་རྩ་ན་བླ་མ་མིན་པ་ལམ་སྟོན་མཁན་མི་འདུག །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་བླ་མ་ལ་བརྟེན་ནས་སངས་རྒྱས་པ་ཡིན་པས་བླ་མ་ལ་བརྟེན་པ་གལ་ཆེ། བླ་མ་མེད་པའི་སྔོན་རོལ་ན། སངས་རྒྱས་བྱ་བའི་མིང་ཡང་མེད། ཅེས་གསུངས། དེས་ན་བླ་མ་བརྟེན་ཅིང་ཅི་གསུང་ཉན་པ་འདི་གལ་ཆེའོ་གསུང་། སྐྱབས་གནས་དཀོན་མཆོག་གསུམ་ལ་རེ་དགོས་པ་ཡིན། འོ་སྐོལ་ཆོས་པ་ལ་དཀོན་མཆོག་མེན་པའི་སྐྱབས་གནས་མེད། དཀོན་མཆོག་ལ་བློ་བཤའ་མར་ཁེལ་པ་ཡིན་ན། ཚེ་འདི་ཕྱིའམ་དགོས་འདོད་ཐམས་ཅད་འབྱུང་བ་ལ་ཐེ་ཚོམ་མ་མཆིས་གསུང་། བླ་མ་དཀོན་མཆོག་ལ་བློ་བསྐལ་ནས་ཉམས་སུ་ལེན་པ་ལ་འུབ་ཧྲིལ་གྱིས་དྲིལ་བ་ལ། ཨ་རོ་ཡེ་ཤེས་འབྱུང་གནས་ཀྱི་ལུགས་

(༡༩)ཀྱིས། སྣང་ཤར་ཡིན། གསུམ་དུ་ཉམས་སུ་ལེན་དགོས་ཏེ། དེ་ཡང་ཚིག་གསུམ་པོ་སྟེ་ཇི་ལྟར་དུ་ཡིན་སྙམ་ན། ཅིར་སྣང་ཅིར་ཤར། ཡིན་ན། ཅི་ཡིན་སྣང་བ་ལ་ཕར་བལྟས་པས་སྣ་ཚོགས་སུ་ཤར། སྣ་ཚོགས་སུ་སྣང་བ་ཡིན། ང་ཉིད་རང་ལ་བལྟས་པས་རང་གི་སེམས་ཉིད་སྣ་ཚོགས་སུ་སྣང་། རང་སེམས་སྣ་ཚོགས་སུ་ཤར། སྣང་ཤར་གཉིས་ཀ་རང་གི་སེམས་ཀྱིས་རྟོགས་པ་ཡིན། རྟོགས་པ་དེ་ཉིད་རང་གི་སེམས་ཉིད་ཡིན། དེ་བཞིན་དུ་ཡིན་པས་རང་གི་སེམས་ཉིད་ལས་སྐྱེས་པས་ཆོས་ཉིད་དེ་ཉིད་སྣ་ཚོགས་སུ་ཤར་བ་ཡིན། སྣང་བ་སྣ་ཚོགས་སུ་ཤར་བ་དེ་ཉིད་རང་གི་སེམས་ཉིད་སྐྱེ་མེད་འདི་ཉིད་རང་ཡིན། སྣང་བ་དང་སེམས་དབྱེར་མི་ཕྱེད་པར་བྱེད་པ་རང་ཡང་སེམས་ཉིད་རང་ཡིན་པས། སེམས་ཀྱི་སྣང་བ་ཡིན་ལ། རང་སེམས་སྐྱེ་མེད་དུ་ཤེས་པར་བྱས་ལ་བསྒོམ། བྱུང་ཚོར་སྣ་ཚོགས་ཀྱང་སྐྱེ་མེད་སྟོང་པ་ཆོས་སྐུར་བསྒོམ། སེམས་རང་བཞིན་སྐྱེ་མེད་ཉམས་སུ་བླངས། སྣང་བ་ལ་བྲེད་མི་དགོས་རང་སེམས་ཡིན། བདེ་བ་དང་གསལ་བ་དང་མི་རྟོག་པ་གང་སྐྱེས་ཐམས་ཅད་ཐེག་པ་ཆེན་པའི་ཆོས་ཀྱི་སྐུའི་ངོ་བོ་ལས་མ་འདས་པ་ཡིན་པས། དེ་ཉིད་ཀྱི་དོན་ལ་སྐད་གཅིག་ཀྱང་མ་ཡེངས་པར་བསྒོམ་པ་གལ་ཆེ། སྣང་བ་ཐམས་ཅད་བདེན་པར་བཟུང་ན། སྣང་བ་ཐམས་ཅད་ཆོས་ཀྱི་སྐུ་ཡིན་ཀྱང་། ཁམས་གསུམ་འཁོར་བ་ལས་

(༢༠)མི་འདའ། སྐྱེའོ་མི་ནག་པ་རུང་། དེ་བཞིན་མ་ལེན་པས་སྙིང་རྗེ་ཕྱོགས་ཅན་དུ་མི་བྱ། ཕྱོགས་རིས་ཀྱི་བྱམས་སེམས་ཁྲ་དང་སྤྱང་ཁུ་ལ་ཡང་ཡོད་དེ། དེས་མི་ཕན། རང་གི་བུ་ཚ་ཁོ་ན་སྙིང་རྗེ་ཟེར་བ་དེ་སྙིང་རྗེ་ཡིན་པའི་ངོ་བོ་མེད། ཞེན་པ་བྱ་བ་ཡིན། ཞེན་པ་དང་སྙིང་རྗེ་ནོར་ས་ཡོད་དེ། སྤྱང་པོ་ཀུན་བསམ་མནོ་བག་རེ་ཐོང་དང་། མེད་པ་དང་མ་ཆགས་པ་ནོར་ས་ཡོད་དོ། དེ་བཞིན་དུ་ལགས་པས་བྱམས་སྙིང་རྗེ་ཕྱོགས་ཆ་ཅན་སྙིང་རྗེ་མ་བྱེད་པར། ཕྱོགས་མེད་སེམས་ཅན་ལ་བསྒོམ་པ་སྙིང་ཕུགས་སུ་བཅུག་ལ། རང་གི་ཞེ་འདོད་དུ་མ་སོང་བར་ཉམས་སུ་བླང་འཚལ་ཏེ། དེ་ཡང་ཉམས་སུ་ལེན་པ་ལ་རྫོགས་ཆེན་བསྐོར་ལུགས་ཀྱིས། གཞུང་གི་ཚིག་གཉིས་སུ་དྲིལ་ནས་ཉམས་སུ་ལེན་པ་ཡིན་པས། སྣང་སྲིད་ཀྱིས་ཆོས་ཐམས་ཅད་རང་གི་སེམས་སུ་དམ་བཅའ་བ་དང་། དེའི་དོན་གཏན་ལ་འབེབས་པ་ལ་གཉིས་ཡིན་ཏེ། དེ་ཡང་སྣང་སྲིད་ཀྱི་ཆོས་ཐམས་ཅད་རང་རིག་འདི་རང་ཡིན། དགའ་ན་ཡང་སེམས་དགའ་ལ། མ་དགའ་ན་སེམས་མ་དགའ་བ་ཡིན། ལུང་ལས་ཀྱང་། མཐོ་རིས་ངན་སོང་ཕྱི་སྣོད་ནང་བཅུད་རང་གི་སེམས། ཤེས་གསུངས་སོ། །དེ་ལྟར་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སེམས་སུ་ཐག་བཅད་ནས་ཉམས་སུ་ལེན། ལོ་རེ་ཙམ་གྱིས་མི་འོང་པས། དེ་

(༢༡)ཉམས་སུ་ལེན་པ་ལ་སེམས་ཀྱི་རང་བཞིན་མ་སྐྱེས་པར་གཏན་ལ་ཕབ་སྟེ། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་བདེན་པ་རང་རྒྱུད་པ་ཅི་ཡང་མི་འདུག་སྟེ། ངོ་བོ་ཉིད་ཀྱིས་སྟོང་པར་འདུག་པས་ན། སེམས་ཀྱི་རང་བཞིན་མ་སྐྱེས་པར་གཏན་ལ་ཕེབས། རྨི་ལམ་སྒྱུ་མ་ཙམ་དུའང་འཛིན་པ་མེད། རིག་པ་ཕྱོགས་མེད་དུ་ཤར་ནས་འདུག་པས། སེམས་ཀྱི་རོལ་པ་མ་འགགས་པར་གཏན་ལ་ཕེབས། སེམས་ཀྱི་ངོ་བོ་ལ་མ་སྐྱེས་མི་འགགས་པར་གཉིས་སུ་མི་འཇུག་སྟེ། རྒྱ་མཚོ་དང་རླབས་ལྟ་བུར་འདུག་པས། སེམས་ཀྱི་མཚན་ཉིད་གཉིས་མེད་དུ་གཏན་ལ་འབེབས། གཉིས་མེད་ཙམ་རང་ཡང་བློའི་ཡུལ་ལ་ནི་གནས་ཏེ། བློ་རིགས་ཀྱིས་དཔྱད་མེད་པས་བློ་ངོ་བོ་ཉིད་དུ་གྲོལ་ཏེ། འོ་ན་གཏན་ཚིགས་བཞི་པོ་དེ་ལ་དགོས་པ་ཅི་ཡོད་བྱས་པ་ལ། སྣང་བ་རང་རྒྱུད་བར་སོང་གིས་previous hit དོགས next hit་ལ་རང་བཞིན་སྐྱེ་མེད་དུ་བསྟན་ལ། སྟོང་པའི་མཐར་སོང་གིས་previous hit དོགས next hit་ལ་རོལ་པ་འགག་མེད་དུ་བསྟན། གཉིས་སྣང་གི་མཐར་ཤོར་གྱིས་previous hit དོགས next hit་ལ། མཚན་ཉིད་གཉིས་མེད་བསྟན། གཉིས་མེད་ཡིན་སྙམ་ནས་བློ་ཉམས་སུ་ཀྱི་ལྟ་བ་བྱ་བ་ཡིན་པས། དེའི་ངོ་བོ་གཉིས་མེད་དུ་བསྟན་པ་ཡིན། དེས་ན་གཏན་ཚིགས་བཞི་པོ་དེས་མཐར་བཞིའི་དངོས་

(༢༢)པ་འགགས་པའི་བར་དུ་བསྟན་པ་ཡིན་པས། ཇི་སྲིད་དུ་བློའི་འདོད་པ་ཟད་ཟད་ཉམས་སུ་བླང་། ཆོས་དེ་ལས་མ་ཆིས། རྣམ་པ་ཀུན་ལ་ཆོས་གཅིག་སྙན་དུ་གསོལ་བའི་དབང་དུ་བགྱིས་ན། ཆོས་བཤའ་མ་གཅིག་བྱེད་པ་ལ། དང་པོ་ཚེ་འདིའི་རྣམ་རྟོག་མ་ལུས་པ་སྤངས་ནས། རང་དང་སེམས་ཅན་འཁོར་བའི་རྒྱ་མཚོ་ལས་བསྒྲལ་བར་འདོད་པའི་གང་ཟག་དེས། དང་པོ་མི་རྟག་པ་བསྒོམས་ནས་ཚེ་འདི་ལ་བློ་ལྡོག །དེ་ནས་འཁོར་བའི་ཉེས་དམིགས་བསྒོམ་ནས་འཁོར་བའི་ཆོས་མཐའ་དག་ལ་བློ་ལྡོག །དེ་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་ནས། རང་རྒྱུད་འབྱོངས་པར་བྱ་ན་ས་མ་བསྒོམས་ན། མིས་ཀྱང་ཞེས་ཁྲེལ་བྱེད་ལ་ཉམས་རྟོགས་ཀྱང་མི་སྐྱེ་བས། རང་སེམས་ཅི་ཐུལ་བྱ། གྲོས་ཐམས་ཅད་ནང་དུ་འདེབས་པ་གལ་ཆེ། རང་རྒྱུད་རང་ནང་དུ་ཐུལ་ན་ནང་རྟགས་ཕྱིར་འཆར་དེ་བཞིན་ལགས་པས་འུབ་ཧྲིལ་གྱིས་དྲིལ་ནས། སྣང་ཤར་ཡིན་གསུམ་དུ་ཉམས་སུ་བླངས་པས་ཉམས་རྟོགས་འབྲས་བུ་ཀུན་འགྲུབ་སྟེ། ཆོས་དེ་ལས་མ་ཆིས།། །།རྣམ་པ་ཀུན་ལ་ཆོས་ཅིག་སྙན་དུ་གསོལ་བའི་དབང་དུ་བགྱིས་ན། ཆོས་བཤའ་མ་ཅིག་བྱེད་པ་ལ་འཇིག་རྟེན་འདི་ལས་བློ་ལོག་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་གལ་ཆེ། དེ་ཡང་སེམས་ཅན་ཐམས་ཅད་

(༢༣)སྡུག་བསྔལ་དང་བྲལ་བ་བདེ་བ་དང་ཕྲད་ནས་རྫོགས་པའི་སངས་རྒྱས་ལ་བཀོད་པར་བྱའོ། སྙམ་པ་དེ་རྟག་ཏུ་མ་རྗོད་པར་བྱས་ལ། ཞེ་ཐག་པ་ནས་རང་འདོད་མེད་པར་སེམས་ཅན་གྱི་དོན་དུ་དམིགས་པ་གལ་ཆེ་བ་ཡིན་པས་སེམས་ཅན་བློས་མི་སྤང་། སེམས་བློས་སྤངས་ན་ཐེག་པ་ཆེན་པོའི་ཆོས་དང་དགེ་བའི་བཤེས་གཉེན་གཉིས་དང་བྲལ་བ་ཡིན་པས་ཉེས་པ་གལ་ཆེ། རང་འདོད་དང་དགྲ་ཟིན་དུ་བྱར་མི་རུང་ལ། གསང་སྔགས་པའི་དབང་དུ་བྱས་ན་སེམས་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་ཡིན་པས། ལྷ་ལ་ཉོན་མོངས་པ་སྐྱེ་ག་ལ་རུང་། ཕྱག་རྒྱ་ཆེན་པོའམ་རྫོགས་པ་ཆེན་པོའི་དབང་དུ་བྱས་ན་ཡང་། རང་སེམས་སྣང་བ་དོན་དམ་ཆོས་སྐུའི་འོད་དམ། རྒྱན་ནམ་ཆེ་བའི་རོལ་པ་ཡིན་པས། རང་སེམས་ཆོས་སྐུའི་འོད་དམ་རྒྱན་ལ་སོགས་པ་ལ་ཉོན་མོངས་པ་སྐྱེ་ག་ན་རུང་། རང་སེམས་ཅིག་པའི་དོན་མ་ཡིན་པར་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱང་བའི་ཕྱིར། སེམས་ཅན་གྱི་དོན་དུ་ལུས་ངག་ཡིད་གསུམ་གྱི་དགེ་བ་ཅི་བྱས་པ་ཐམས་ཅད་འགྲོ་བའི་དོན་དུ་བསྔོ་དགོས་ཏེ། དེ་ཡང་ཉམས་སུ་ལེན་པ་ལ་འུབ་ཧྲིལ་གྱིས་དྲིལ་ན། བག་ཆགས་འདི་འགྲོགས་ཡུན་རིང་བས་ཅིར་སྣང་སྒྱུ་མར་མ་ཤེས་བར་དུ་ཉམས་སུ་ལེན་པ་ལ་མི་དགོས། དུག་ལྔ་རང་ཆས་སུ་ཡོད་པ་ལ་ཉོན་མོངས་

(༢༤)པ་ལམ་དུ་མ་སློངས་བར་དུ། ཉམས་ལེན་ལ་སྒྲིམ་དགོས། དུས་ཀྱི་མཐའ་ཡུན་རིང་བས་འཁོར་བ་མ་སྟོངས་པར་དུ་ཉམས་སུ་བླང་དགོས་སོ། བག་ཆགས་འདྲིས་ཡུན་རིང་བས། ཅིར་སྣང་སྒྱུ་མར་མ་ཤེས་བར་དུ་ཉམས་སུ་ལེན་པ་ནི། བག་ཆགས་ཀྱིས་ལས་ཀྱིས་སྔོན་བསུ། བག་ཆགས་ཀྱིས་ཀྱི་ལས་ཀྱིས་རྗེས་སུ་འབྲེང་། བག་ཆགས་ཀྱི་ལས་དེ་འཕྲལ་དུ་འགྲོ། དེ་བཞིན་དུ་བག་ཆགས་དུས་གསུམ་དུ་རྒྱུ་བས། ཅིར་སྣང་ཐམས་ཅད་རྨི་ལམ་སྒྱུ་མའི་རང་བཞིན་དུ་འཁྱེར་བས། སྣང་བ་ལ་བདེན་འཛིན་ན་བུན་བཞིན་དུ་ཡལ་ནས་འགྲོ་བ་ཡིན། དུག་ལྔ་རང་ཆས་སུ་ཡོད་པས་ཉོན་མོངས་པ་ལ་མ་སློང་བར་དུ་ཉམས་ལེན་དགོས། ཞེ་སྡང་རང་ཆས་སུ་ཡོད་པ་ཡིན་པས། སྐྱེ་མེད་ཀྱང་རང་ཆས་སུ་ཡོད་པས་ཞེ་སྡང་སྐྱེས་རྩམ་ན། སྐྱེ་མེད་ཀྱང་སྐྱེ་བར་བྱས་ལ་གོམས་པས་ཞེ་སྡང་མི་སྐྱེ་བ་དང་། མི་ལམ་སྒྱུ་མར་ཤེས་སུ་རྩམ་ན་ལམ་དུ་སློངས་པ་ཡིན། དེ་བཞིན་དུ་ཉོན་མོངས་པ་ལྔ་ཀ་ཡེ་ཤེས་པར་བྱའོ། དུག་ལྔས་མ་གོས་པར་ཤེས་རྩ་ན་ལམ་དུ་སློངས་པ་ཡིན་ནོ། དུག་ལྔ་ཡུན་རིངས་པས་འཁོར་བ་མ་སྟོངས་ཀྱི་བར་དུ་བསྒྲིམ་པ་ནི། ཁམས་གསུམ་གྱི་སྤྱི་ཚན་དུ་འཁོར་བ་ལ་ཐོག་མ་མེད་པས། གདམ་ངག་དགོས་ཚན་དུ་འཁོར་བ་ལ་ཐོག་མ་ཡོད་པར་བྱར་རུང་སྟེ། རྣམ་སངས་རྒྱས་ན་ཐོག་མཐའ་བྱུང་བ་དེ་རང་ཡིན། དེ་

(༢༥)བཞིན་དུ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་ཉམས་སུ་བླངས་ཀྱི་ན་བསྒོམ་དགོས་པ་ཡིན། རང་བཙན་ས་མ་ཟིན་བར་དུ་བསྒོམ་པ་ཡིན། གནས་སྐབས་སུ་བཟང་ངན་འོང་ན་ངན་པ་ལ་གཡེངས་པས། དེ་ཕྱིར་ཁྲིད་ཉེན་ཡོད། དཔེར་ན་གླང་ཆེན་གཞན་ཐོན་ཡང་། འཇུག་མ་མ་ཐོན་པ་ཡིན། འཇུག་མའི་ཕྱིར་ལྡོག་དགོས་པ་ཡོད་པས། འཁོར་བའི་འབྲེལ་ཐག་མཆོད་ཀྱི་བར་དུ་བསྒོམ་དགོས། ཆོས་དེ་ལས་མཆིས།། །།རྣམ་པ་ཀུན་ལ་ཆོས་ཅིག་སྙན་དུ་གསོལ་བའི་དབང་དུ་བགྱིས་ན། ཆོས་བཤའ་མ་ཅིག་བྱེད་པ་ལ། ཚེ་འདིའི་མི་རྟག་ཅིང་ལོང་མེད་པས་དངོས་པོ་གང་ཐོངས་ཐོངས་གཏོང་དགོས་ཏེ། སྤྱིན་པ་ནི་མེད་དང་ཆུ་ཙམ་ལས་སློབ་དགོས་ཏེ། མེ་ཆུ་རང་ལ་བཏོང་བློ་མེད་པར་ཤེས་ཙམ་ན་འཇུར་འགེགས་ཀྱི་ཡི་དྭགས་སུ་སྐྱེ་ལ། ཆུང་ངུ་ལ་གོམས་པས་མཐར་ཆེན་པོ་མགོ་དང་རྐང་ལག་གཏོང་བ་འོང་བ་དང་། །མིག་གཏོང་བ་འོང་བ་ལ་ཚེགས་མེད་པ་ཡིན། དེ་བཞིན་དུ་སོང་ཙམ་ན་འཁོར་བ་དང་དབྱེས་བྱས་པ་ཡིན། དེ་ནས་དང་པོ། སྤྱིན་པ་མེ་ཆུ་ལ་སླབ། དེ་ནས་དང་པོ་དམན་པ་ལ་སླབ། དེ་ནས་རང་ལ་དགོས་དགོས་པོ་ཞེན་ཞེན་པོ་བཏང་དགོས། དེ་བཞིན་དུ་ཉམས་སུ་ལེན་པ་ལ་ཕ་རོལ་དུ་ཕྱིན་པའི་ལུགས་ཀྱིས། འུབ་ཧྲིལ་གྱིས་དྲིལ་བ་ལ་འཁོར་འདས་

(༢༦)གཉིས་ལ་ཚིག་གཉིས་ལས་མེད་དེ། ལུང་ལས། ཇི་ལྟར་འཛིན་པ་དེ་ལྟར་ཀུན་ནས་ཉོན་མོངས་སྟན། བདག་དང་བདག་གིས་མི་དམིགས་རྣམ་པར་བྱང་བར་གསུངས། ཤེས་པ་སྟེ། ཇི་ལྟར་འཛིན་པ་ཡོད་རིང་ལ་ཀུན་ནས་ཉོན་མོངས་པ་ཡོད། དེ་ཡང་བདག་འཛིན་ལས་ཆགས་པ་སྐྱེ། བདག་འཛིན་ལས་སྡང་བ་སྐྱེ། བུར་འཛིན་པ་ལས་ཆགས་པ་སྐྱེ། དགྲར་འཛིན་པ་ལས་སྡང་བ། སྙན་པར་འཛིན་པ་ལས་ཆགས་པ། མི་སྙན་པར་འཛིན་པ་ལས་སྡང་བ། དེ་བཞིན་དུ་བསྟོད་པ་ལས་ཆགས་པ་སོགས་གཉིས་སྣང་གིས་ཤེས་པ་སྣ་ཚོགས་སུ་བཟུང་བས་འཁོར་བ་ལས་མི་ཐར་ཏེ། གཏན་དུ་སྡུག་བསྔལ་བའི་གནས་སུ་འགྲོ་བ་ཡིན་པས། དེ་ལས་ལོག་པ་ལས་བདག་དང་བདག་གིར་མི་དམིགས་པར་བྱ་བར་གསུངས། དེ་བཞིན་དུ་ཉམས་སུ་ལེན་པ་ལ་བདག་བདེན་ནམ་མི་བདེན་བལྟ། བདག་ལ་རང་བཞིན་འདུག་གམ་མི་འདུག་བལྟ། དེ་བཞིན་དུ་བལྟས་པས་བདག་མི་རྟག་པར་མཐོང་བས་བདག་གི་ཆགས་པ་དང་བྲལ། བདག་ལ་ཞེན་པ་མི་འདུག་ན་ཞེན་པ་ཐམས་ཅད་དང་བྲལ། དེ་སྔ་ཕན་ཆད་དུ་བདག་ཏུ་བཟུང་བས་བདག་གི་འབྱུང་། བདག་དང་བདག་གིར་བྱུང་བས་འཁོར་བར་འཁྱམས་པ་ཡིན། བདག་གི་བུ་དགྲ་ནོར་དེ་ལ་སོགས་པ་བདག་བྱུང་བས་བདག་གིས་

(༢༧)བ་མང་པོ་བྱུང་བ་ཡིན། དེས་འཁོར་བར་འཁྱམས་པ་ལགས། བདག་ནི་མི་ལམ་སྒྱུ་མ་ཙམ་དུ་ཤེས་པར་བྱ། བདག་མི་རྟག་པ་ཤེས་པར་བྱ། དེ་བཞིན་དུ་ཤེས་པས་བདག་མི་དམིགས་ཏེ། བདག་མི་དམིགས་པས་བདག་གི་བ་ཐམས་ཅད་མི་དམིགས་པ་ཡིན་པས། བདག་དང་བདག་གིར་མི་དམིགས་པ་རྣམ་པར་བྱང་བར་གསུངས། ཤེས་ལུང་ལས་བཤད། དེ་བཞིན་དུ་ཡིན་པས་བདག་འཛིན་ཐད་སྤང་དགོས་ལ། འཁོར་བ་ཧྲུལ་པོར་བཏོང་བ་ཡིན་པས་བདག་འཛིན་མི་དམིགས་པར་ཉམས་སུ་བླང་དགོས། རྣམ་པར་བྱང་བ་མྱ་ངན་ལས་འདས་པའི་ཆོས་ཡིན་པས། དེ་བཞིན་དུ་མེ་དང་ཆུ་ནས་རང་གི་ལུས་སྤྱིན་པའི་བར་ལ་བསླབ་ཅིང་ཞེན་པ་ཐམས་ཅད་སྤངས། ཆགས་པ་ཐམས་ཅད་སྤངས། སྐྱོན་ཐམས་ཅད་ངོས་བཟུང་ཞིང་སྤངས། སྐྱོན་འཚང་ཐམས་ཅད་གང་འདུག་བལྟ་ཞིང་ཡུལ་འདོན། ཕྱིས་ནམ་འོང་མི་ཤེས་པས། ན་བ་བློ་རྡེག་འཆི་བ་ཐོག་འབབས་འགྱོད་པ་ལས་ངན་ཡིན་པས་ད་ལྟ་རང་ནས་འབད་ལ་ཉམས་སུ་བླང་འཚལ་ལོ། །ཆོས་དེ་ལས་མ་ཆིས།། །།རྣམ་པ་ཀུན་ལ་ཆོས་ཅིག་སྙན་དུ་གསོལ་ན། ད་ལྟའི་སྐབས་སུ་བསམ་མནོ་བག་རེ་བཏང་འཚལ་ཏེ། འཆི་བ་བྱ་བ་ནམ་ཡོང་ཆ་

(༢༨)མེད། འཆི་བདག་གིས་ཞགས་པས་ཟིན་རྩན་རང་དབང་མ་མཆིས། ད་ལྟ་རང་ལ་རང་དབང་ཡོད་དུས་འདིར་ནམ་ཞག་གཏན་གྱི་སོ་ནམས་རེ་ཟིན་པར་བྱེད་དགོས་ཏེ། བླ་མ་ཡི་དམ་དཀོན་མཆོག་ལ་བློ་དང་པོར་བཀལ་དགོས་ཏེ། དད་པ་དང་འདུན་པ་མོས་པ་དང་གུས་པས་གསོལ་བས་དྲག་ཏུ་གདབ། ཚེ་འདིའི་ཁེ་གྲགས་ཆེ་ལྟོ་ག་ན་སྣུམ་ལ་སོགས་པས། ཆོས་ཞེ་ནས་བྱེད་པ་ལ་ཕན་པ་མེད་པས་རྒྱབ་ཏུ་སྐྱུར་ནུས་འཚལ། ལུས་ལོངས་སྤྱོད་ཐམས་ཅད་བླ་མ་དཀོན་མཆོག་གི་ཕྱོགས་སུ་འབུལ་ཞིང་། ཉམས་ལེན་ལ་དྲིལ་བ་ཅིག་དགོས་པས། སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་བའི་ཆེད་དུ། བདག་གིས་སྦྱིན་པ་བཏང་། ཚུལ་ཁྲུམས་བསྲུང་། བཟོད་པ་བསྒོམ། བརྩོན་འགྲུས་རྩམས་བསམ་གཏན་ལ་མཉམ་པར་བཞག །ཤེས་རབ་བསྐྱེད་སྙམ་པ་དེ་བཞིན་དུ་བྱས་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་ལྡན་ཉམས་སུ་བླང་དགོས་སྙམ་བ་རེ་སྙིང་ཕུགས་སུ་བཅུག་ལ། ཆོས་བྱེད་པ་ལ། འུབ་ཧྲིལ་གྱིས་དྲིལ་ནས། དོན་དམ་ཀུན་རྫོབ་གཉིས་སུ་ཤེས་འཚལ། ཀུན་རྫོབ་ཏུ་ལས་དང་ལས་ཀྱི་རྣམ་སྨིན་ཀྱང་ཡོད་ལ། སྐྱེ་རྒས་བདེ་སྡུག་ལ་སོགས་པ་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཡོད། རྣམ་པར་བྱང་བ་

(༢༩)མྱ་ངན་ལས་འདས་པ་དང་། ཡོན་ཏན་སྐུ་དང་ཡེ་ཤེས་ཀྱང་ཡོད་ཅེས་ཕ་རོལ་དུ་ཕྱིན་པ་ནས་བཤད། དེས་ན་ཀུན་རྫོབ་ཏུ་གཞན་དང་བདག་གི་རྣམ་རྟོག་ལས་གྱུར་པ་འདུག་གི་རང་ལ། དགེ་སྡིག་བདེན་པ་ཡིན་པས། ལས་དགེ་སྡིག་ལ་ཤིན་ཏུ་འཛེམ་འཚལ་ཏེ། ད་ལྟ་ལས་དགེ་བས་བསགས་ན་འབྲས་བུ་བཟང་པོའི་བདེ་བ་སྐྱེ་བ་ཕྱི་མ་ལ་སྨིན་ལ། ད་ལྟ་ལས་ངན་སྡིག་པ་སྦྱང་ན་ཕྱི་མ་ལ་འབྲས་བུ་ངན་སོང་གི་སྡུག་བསྔལ་སྨིན་ནས་འཆི་བས། རྒྱུ་མེད་ལ་འབྲས་བུ་མི་འབྱུང་། རྒྱུ་ལོག་པ་དང་དམན་པ་ལས་སངས་རྒྱས་མི་འབྱུང་། ཕ་རོལ་ཏུ་ཕྱིན་པ་ནས། ཡོན་ཏན་ཡོང་སུ་བསྡུས་པའི་མདོ་ལས། ཇི་སྲིད་དགེ་བའི་རྩ་བ་མ་རྫོགས་པར། དེ་སྲིད་སྟོང་ཉིད་དམ་པ་ཐོབ་མི་འགྱུར། ཞེས་གསུངས་ཏེ། རྒྱུ་དགེ་བ་བཅུའམ། ཆོས་སྤྱོད་བཅུའམ་ཕ་རོལ་དུ་ཕྱིན་པ་དྲུག་ལ་མ་རྟེན་ན་སངས་རྒྱས་མི་ཐོབ་པས་ལྟ་བ་ཁ་འབྱམས་སུ་སོང་ནས། ཤེས་པ་ཐ་མལ་དུ་ལུས་པ་ཉེན་ཆེ། ཞལ་མཉན་པ་ཀུན་ཇི་སྲིད་རང་བདེན་གྱི་རིང་ལ་གཞན་འགྲོ་བ་རིགས་དྲུག་ཀྱང་བདེན་པ་ཡིན། རང་ལ་བདེན་འཛིན་མེད་ཙ་ན་འགྲོ་བ་རིགས་དྲུག་ཀྱང་རང་སར་གྲོལ་ནས་འགྲོ་བས། རང་གྱི་བདེན་འཛིན་རང་སར་གྲོལ་བ་ཅིག་མ་བྱུང་བར་དུ་ཀུན་རྫོབ་བདེན་པ་ཡིན། དེ་སྲིད་

(༣༠)དུ་རྒྱུ་ལས་དང་འབྲས་བུ་ལས་ཀྱི་རྣམ་སྨིན་ཀྱང་ཡོད་པས། ལས་རྒྱུ་འབྲས་ལ་ཡིད་ཆེས་པ་གལ་ཆེ། ཀུན་རྫོབ་རང་སར་གྲོལ་ཏེ་ང་བདག་སྤངས་རྩ་ན་དོན་དམ་པར་ན་ལས་ཀྱི་རྣམ་པར་སྨིན་པ་ཡང་མེད་པ་ཡིན་ཞེས་གསུངས་ཏེ། དོན་དམ་གྱི་བདེན་པ་དེ་ཅི་ཙམ་ན། རྟོགས་པ་ཡིན་ན། ཞེ་འདོད་ཀྱི་རྟོགས་པ་དང་། རློམ་པའི་ང་རྒྱལ་དང་། བརྗོད་པའི་ཚིག་གི་ཐ་སྙད་དང་བྲལ་ནས། བདག་གཞན་ཐམས་ཅད་ཀྱི་རྟོག་པ་ཐད་རང་སར་དག་ནས་བདག་གཞན་གྱི་སྣང་མི་འཇུག་རྩམ་ན། དོན་དམ་པ་དེར་རྟོགས། དེ་ལས་ལས་དང་ལས་ཀྱི་རྣམ་སྨིན་ཀྱང་མེད་དེ། དེ་ལྟ་བུའི་དོན་རྟོགས་ནས་འདུག་ཙ་ན་རང་དོན་དང་བྲལ་ཏེ། གཞན་དོན་སེམས་ཅན་ལ་གང་ཕན་གྱི་དོན་བྱེད་པ་ཡིན་པས། རྟོགས་པ་བཟང་དུ་སོང་རྩ་ན་སེམས་ཅན་ལ་སྙིང་རྗེ་ཆེར་འགྲོ་བ་ཡིན་ཏེ། སློབ་དཔོན་བཻ་རོ་ཙ་ནའི་ཞལ་ནས་ཀྱང་སྐྱེ་ཤི་མེད་པའི་དོན་རྟོགས་ཀྱང་། འདུས་བྱས་དགེ་བ་རྒྱུན་མི་ཅད། ཅེས་གསུངས་པས་དོན་དེ་ལྟར་ཡིན་པས། རང་གིས་དོན་དུ་མ་རྟོགས་སམ་ཀུན་རྫོབ་སྣང་བར་འདུག་རང་ལ་བལྟ་དགོས་ཏེ། དོན་དམ་རྟོགས་ཀྱང་སེམས་ཅན་ལ་སྙིང་རྗེ་སྒོམ་འཚལ། སེམས་ཅན་ལ་སྙིང་རྗེ་སྒོམ་འཚལ། སེམས་ཅན་ལ་ཕན་པ་ཆེར་གདགས་དགོས། སློབ་དཔོན་ཀླུ་གྲུབ་ཀྱིས་སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ་བདེན་པ་གཉིས་ལ་ཡང་དག་བརྟེན། འཇིག་

(༣༡)རྟེན་ཀུན་རྫོབ་བདེན་པ་དང་། དམ་པའི་དོན་གྱིས་བདེན་པའོ། ཅེས་གསུངས་པས་བདེན་གཉིས་དབྱེར་མེད་དུ་ཉམས་སུ་བླང་འཚལ། ཆོས་དེ་ལས་མ་མཆིས།། །།རྣམ་པ་ཀུན་ལ་ཆོས་ཅིག་སྙན་དུ་གསོལ་བའི་དབང་དུ་གྱིས་ན། འོ་སྐོལ་ད་ལྟའི་དུས་སུ་ཚེ་ལ་ལོང་མེད་པས། སྤང་བྱ་ལྷག་མ་མ་ལུས་པར་སྤངས་ཞིང་། ཕྱིས་མི་བྱེད་པའི་གཉེན་པོ་བཟང་པོ་བརྟེན་ནས་ལ། ངོ་ཚ་དང་དད་པ་གལ་ཆེ། དེ་ཡང་དད་པ་ལ་ཡལ་བའི་སྐབས་ཡོད་སྲིད་པས། དེའི་དུས་ངོ་ཚ་ཡོད་ན་ཆོས་དང་མི་འབྲལ་བའི་གྲོགས་མང་པོ་བྱེད་པ་ལ། ངོ་ཚའི་དད་པ་ཡང་འོང་སྲིད་པ་ཡིན་པས་ངོ་ཚ་གལ་ཆེ། ངོ་ཚ་མེད་ན་དད་པ་རྒས་པའི་དུས་སུ། ཆོས་མིན་གྱི་ལས་ཨ་ཅང་ཆེས་ན། འཇིག་རྟེན་ན་བྱ་མི་རུང་བའི་ལས་ཕ་མ་ཡང་བསོད་པ་སོགས་བྱེད་པ་ལ་ཚེགས་མེད། དེ་ལྟ་བུའི་ལས་ངན་ཐེབས་ཅིག་བྱས་པས་ཁྲེལ་ཤོར་ནས། མདུན་མ་ཐམས་ཅད་བཅའ་འཁྱལ་ནས་འགྲོ། དེས་ན་དད་པ་གཅིག་པུས་རང་སྐྱེ་མི་ཐུབ་པ་ཡིན་པས། ངོ་ཚ་དང་ཡང་ལྡན་པ་གལ་ཆེ། བཅང་པོ་ཤན་པ་མི་བྱེད་པ་དེ་གཙུག་ཡིན། དད་པ་དང་ངོ་ཚ་འཛོམ་ན་ཅིས་ཀྱང་ཆོས་སུ་འགྲོ་སྟེ། གསེར་ལ་ནག་འཚུར་བཏང་བ་ལྟ་བུ་ཡིན། གསེར་ཁ་ཡེ་ནས་བཟང་བ་ལ་ནག་འཚུར་གྱིས། ཇེ་བཟང་ལ་འགྲོ་བ་དང་

(༣༢)འདྲ་བས། དད་པ་ཆོས་འབའ་ཞིག་བྱེད་པའི་སྟེང་དུ། ངོ་ཚས་གཞན་གྱིས་ཁྲེལ་ན་བདག་གཞན་གྱི་དོན་ག་ན་འགྲུབ་སྙམ་ནས། མིས་ཁྲེལ་གྱིས་དོགས་ནས་འཁྲེལ་གྱི་མཛད་སྤྱོད་ཕན་ཡོན་ལ་བཟབས་ནས་བྱས་པའི། རང་གཞན་གྱི་དོན་ཐམས་ཅད་གྲུབ་ནས་འོང་བ་ཡིན་ཏེ། དེ་ལྟར་དད་པ་དང་ངོ་ཚ་འཛོམ་པའི་ཉམས་སུ་བླངས་པ་དེ་ལ། རྒྱུད་ལ་ཡོན་ཏན་ཅི་ཙམ་ཅིག་སྐྱེས་ན་འདུག་ལྟ་དགོས་ཏེ། སྣང་བ་ཐམས་ཅད་བདེན་སྣང་དུ་བྱས་ནས་བདེ་སྡུག་བདག་གཞན། ནོར་རྫས་འཁོར་གཡོག་ཐམས་ཅད་བདེན་པ་རང་རྒྱུད་པར་བྱས་ནས། མི་ནག་པ་ཐ་མལ་པ་དང་ཁྱད་མེད་པས། ཟག་བཅས་ཀྱི་བདག་འཛིན་ཆུང་ངུ་བཏང་དགོས་པས། ཅི་བྱེད་ཐམས་ཅད་སེམས་ཅན་གྱི་དོན་དུ་མ་དམིགས་ན། ཐེག་པ་ཆུང་ངུར་འགྲོ་བ་ཡིན། འབྲས་བུ་འཕགས་པ་ཉན་ཐོས་ལས་མི་ཐོབ། ཅིར་སྣང་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་ན། ཅི་བྱེད་རྨི་ལམ་སྒྱུ་མ་ལྟ་བུ་ཡིས། སེམས་ཅན་གྱི་དོན་བྱེད་ཅིང་འདུག་ན། ཐེག་པ་ཆེན་པོ་ལམ་ལས་འབྱོངས་པ་བྱ་བ་ཡིན། བདག་གི་ཞེ་འདོད་མེད་པར་རྨི་ལམ་སྒྱུ་མ་ལྟ་བུས་གཞན་དོན་གཙོ་བོར་སྒྲུབས་ན། བྱང་ཆུབ་སེམས་དཔའ་བྱ་བ་ལགས། བདག་རང་ཅེས་འཇིག་གྱི་རྟོགས་པ་མེད་པར་ཇོ་བོ་སེམས་ཅན་ལ་ཅིས་ཕན་བྱེད་པ་ལ། འགྲོ་དོན་ལ་སུན་པ་མེད་པར་འགྲུབ་ཙ་ན་

(༣༣)བྱང་ཆུབ་སེམས་བྱ་བ་ཡིན། གཞན་གྱི་རྟོག་པ་མེད་པར་སེམས་ཅན་གྱི་དོན་ལ་འབད་སྩོལ་མེད་པར་ལྷུན་གྲུབ་རྒྱུན་མི་འཆད་དུ་འབྱུང་གིན་འདུག་རྩ་ན་རྫོགས་པའི་སངས་རྒྱས་བྱ་བ་ཡིན། དེ་ལྟར་ཡིན་པས་སྣང་བ་རང་རྒྱུད་པར་སྤྱད་ན་སོ་སོ་སྐྱེ་བོར་གོལ། སེམས་ཅན་གྱི་དོན་དུ་མ་དམིགས་ན་ཉན་ཐོས་དང་། རང་སངས་རྒྱས་སུ་གོལ། །དེ་ལྟར་ལགས་པས་ཞལ་རྣམ་པ་ཀུན་ཁ་ཆོས་ཀྱིས་མི་ཕན། སེམས་སྐྱེད་པ་ནི་གཞན་དོན་ཕྱིར། ཡང་དག་རྫོགས་པའི་སངས་རྒྱས་འདོད། ཅེས་པས། དགེ་བ་ཅི་བྱས་ཐམས་ཅད་གཞན་དོན་དུ་མ་ངོས་ན་ཆོས།། །།ཀྱང་ལམ་དུ་འགྲོ་བ་དཀའ། ལམ་དུ་མ་སོང་བའི་ཆོས་ཀྱིས་སང་མི་རྒྱ། སངས་མ་རྒྱས་ན་འཁོར་བར་སྐྱིད་མེད། དེའི་ཕྱིར་ན་སེམས་ཅན་གྱི་དོན་དུ་སེམས་སྐྱེད་རེ་དང་བསྔོ་བ་རེ་བྱ། དེ་ལྟ་བུའི་གདམས་ངག་ཤེས་ཤིང་ཉམས་སུ་བླང་བ་གལ་ཆེ། དེ་བཞིན་ལགས་པས་དང་པོ་དད་པ་གལ་ཆེ། ངོ་ཚས་ཆོས་གྲོགས་བྱས་ན་སེམས་ཅན་ལ། བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བཅོས་མ་མིན་པ་ཅིག་དགོས། དེ་ཡང་བདག་པས་གཞན་གཅེས་པ་ཅིག་དགོས། དེ་ཡང་སྟོང་པ་དང་སྙིང་རྗེ་དུས་མཉམ་པ་ཅིག་འཚལ། ཕྱག་རྒྱ་ཆེན་པོའི་རྒྱུད་ནས་སྙིང་རྗེ་དང་འབྲལ་སྟོང་པ་ཉིད་ཞུགས་པ། དེ་ནི་ལམ་མཆོག་སྙེད་པ་མ་ཡིན་ནོ། འོན་ཏེ་སྙིང་རྗེ་འབའ་ཞིག་

(༣༤)བསྒོམ་ན་ཡང་། ཞེས་གསུངས་པའི་དོན་ཏེ། སྙིང་རྗེ་མེད་པའི་སྟོང་པ་ཉིད་ཀྱིས་ལམ་མི་ཆོད་ལ། སྟོང་པ་མེད་པའི་སྙིང་རྗེས་ཀྱང་ལམ་མི་ཆོད་པས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དུ་འཁྱེར་དགོས་པ་ཡིན་ཏེ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཞེས་བཤད། སྟོང་ཉིད་སྙིང་རྗེ་དུས་མཉམ་དུ་ཉམས་སུ་ལོང་། ཆོས་དེ་ལས་མ་མཆིས།། །།རྣམ་པ་ཀུན་ལ་ཆོས་ཅིག་སྙན་དུ་གསོལ་བའི་དབང་དུ་བགྱིས་ན། ཚེ་འདི་བློས་བཏང་ནས་སྐྱེ་བ་ཕྱི་མ་མདོན་དུ་གཉེར་བ་རྣམས་ཀྱིས། བླ་མ་དམ་པ་ལ་བདག་གཞན་འདྲེས་པའི་གདམས་པ་ཞུས་ལ། ཉམས་སུ་ལེན་པ་ལ་སྔགས་རྙིང་མ་ནས་ཐེག་པ་རིམ་དགུར་བཤད་ཀྱང་རུང་། གསང་སྔགས་གསར་མ་ནས་རྒྱུད་སྡེ་བཞིར་བཤད་ཀྱང་རུང་། མཚན་ཉིད་ནས་སྡེ་སྣོད་རིན་གསུམ་དུ་བཤད་ཀྱང་རུང་། སྙིང་པོ་སྒོར་ནས་ཐེག་པ་གསུམ་གནས་པ་བཞི་སྦྱོར་བ་དགུར་བཤད་ཀྱང་རུང་། ཐམས་ཅད་བདེན་པ་གཉིས་སམ་བཞིར་བཤད་ཀྱང་རུང་སྟེ། འུབ་ཧྲིལ་གྱིས་དྲིལ་བ་ལ། ཟས་ཀྱི་གཞུ་ཐབས་བཞི། སའི་བཟུང་ཐབས་གསུམ། སྤྱོད་ལམ་རྣམ་པ་གཉིས། ཆོས་པའི་སྤྱོད་པ་ཐམས་ཅད་དེར་འདུས་སོ། ཟས་ལ་དགེ་འདུན་དང་བླ་མ་དད་པ་ཅན་ལ་སོགས་པ་མང་དུ་འོང་སྟེ། གཞུ་ཐབས་རྣམ་པ་བཞི་ནི། རྣལ་འབྱོར་པ་རབ་ཀྱིས་རྟོགས་ཚད་ལྟ་

(༣༥)བའི་གདེངས་དང་ལྡན་པས། སྣང་བའི་བདེན་འཛིན་ཞིག་ནས། སྣང་བ་རང་བཞིན་མེད་པར་རྟོགས་པས་ཟས་བཟང་ངན་གྱི་རྣམ་རྟོག་བྲལ་བས་ངང་གིས་འཇུ་བ་ཡིན་ཏེ། རྟོགས་པས་ཞུ་བ་རབ་ཡིན། དེའི་འོག་མ་བསྒོམ་པས་ཞུ་བ་ཡིན་ཏེ། གཏུམ་མོ་ལྟ་བུ་བསྒོམ་པ་ཅིག་གིས་སྤྱིར་བྱིད་རྒོད་བཅོས་དགོས་ཀྱང་། འདིར་ཕྱིའི་སྐྱོན་ཐམས་ཅད་རྩ་རླུང་བསྒོམས་པ་རང་གིས་སེལ་བ་ཡིན་ལ། རྩ་རླུང་བསྒོམས་པ་ལས་ཡོན་ཏན་ཐམས་ཅད་མཐའ་དབུས་མེད་པ་ནམ་མཁའ་ལྟ་བུར་འཆར་བ་ཡིན། དེས་འཇུ་བ་ནི་རྣལ་འབྱོར་པ་འབྲིང་ཡིན། དེའི་འོག་ཏུ་བྱམས་སྙིང་རྗེ་མཉམ་བཞག་རྗེས་ཐོབ་དུ་བསྒོམ་པ་ཅིག་གིས་འཇུ་སྟེ། མཉམ་བཞག་ལ་གོམས་པ་ཡུན་རིང་བ་དང་། དཔེ་ཚེས་ཅིག་གི་ཟླ་བ་དང་འདྲ་སྟེ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྔོན་དུ་བཏང་གིན་བསྒོམས་པས། ཏིང་ངེ་འཛིན་མགོ་སྐྱེས་པ་རྩམ་ན་སེམས་ཀྱི་ངོ་བོ་མཐོང་རྩམ་ནས་བྱུང་ནས། རྗེས་ཐོབ་བདེན་འཛིན་ཤས་ཆུང་ངུ་སོང་བ་ཅིག་གིས་འཇུ་བ་ཡིན་ཏེ། རྣལ་འབྱོར་པ་འབྲིང་སྨད་ཡིན། དེའི་འོག་ཏུ་རྣལ་འབྱོར་པ་ལུས་ངག་གི་དགེ་སྦྱོར་རིམ་པ་ཅིག་གིས་འཇུ་སྟེ། ཐུན་བཞིར་སྐྱེད་རྫོགས་སམ་ཕྱག་དང་སྐོར་བ་མཆོད་པ་དང་གཏོར་མ་བཟླས་བརྗོད་རྒྱུན་དུ་བྱེད་པ་ཐ་མ་སྟེ། འབྲིང་གཉིས་རབ་དང་ཐ་མ། བཞི་

(༣༦)པོ་དེས་ཟས་འཇུའོ། ཆོས་པའི་སའི་བཟུང་ཐབས་གསུམ་ནི། རི་ཁྲོད་བྱས་ནས་རྟག་དུས་ཟིན་རབ་ཡིན། འདག་ཆར་བྱས་ནས་རྟགས་བྱུང་ནས་ས་ཟིན་ན་འབྲིང་ཡིན། བཀའ་ལུང་ཐོབ་ཅིང་སྡོམ་པ་བསྲུངས་ནས་ས་ཟིན་ན་ཐ་མ་ཡིན་ནོ། སྤྱོད་ལམ་གཉིས་པོ་ནི་རབ་ཆོས་ལ་གནས་པའི་ཐོག་ནས་སེམས་ཅན་ལ་ཕན་ཅི་ཐོགས་བྱེད་པའོ། ཐ་མས་གཞན་ཕ་རོལ་པོ་དད་ཅིང་སྤྱོད་པ་ཞི་ཞིང་དུལ་བར་བྱེད་པ་ཡིན་ནོ། དེ་ལྟར་ཟས་གཞུ་ཐབས་བཞི་པོ་དང་སའི་བཟུང་ཐབས་གསུམ་པོ་གལ་ཆེ། སྤྱོད་ལམ་གཉིས་པོ་དེ་མེད་ཁ་མེད་པས། དེ་ལྟར་ལགས་པས་ཇོ་བོ་ཀུན་ཅི་ཐོང་ཐོང་ཀྱིས་ཟས་མི་འཇུ། །ཆོས་པའི་གྲལ་དུ་ཡང་མི་ཚུད་པས། རང་ལ་དེ་ཚོ་གང་རུང་ཅིག་ལྡན་དགོས། གྲོད་པ་སེམས་འདུ་འཛི་སྐྱེ་བའི་སར་བསྡད་པ་དང་། སྡོམ་པ་དང་དམ་ཚིག་མི་བསྲུང་བའི་སར་བསྡང་པས་བདག་གཞན་གཉིས་ཀ །ངན་སོང་དུ་འགྲོ་བའི་གྲོགས་བྱེད། རང་ཆོས་དང་མི་ལྡན་ན་གཞན་ལ་སྐུར་བ་འདེབས་པས་ན། ཆོས་པའི་བཟུང་ཐབས་གསུམ་པོ་དེ་གལ་ཆེ། སྤྱོད་ལམ་གཉིས་པོ་དེ་དང་མ་ལྡན་ན། བདག་གཞན་གྱི་དོན་མི་གྲུབ་པས། རྒྱུད་སྡོམ་པ་དང་ལྡན་ཞིང་ལུས་ངག་ཡིད་གསུམ་དུལ་བ་དང་ལྡན་པས་འགྲོ་བའི་དོན་བྱ། དེ་ཚོ་ལས་ཟས་འཇུ་ཐབས་གང་རུང་ཅིག་དང་

(༣༧)ས་བཟུང་ཐབས་གང་རུང་ཅིག་དང་། སྤྱོད་ལམ་གཉིས་པོ་དེ་ཆོས་པ་ལ་མེད་ཐབས་ཅིག་ཀྱང་མེད་པས། དེ་ཚོ་ཚོགས་པར་གྱུར་ན་སེམས་ཅན་གྱི་དོན་བྱ་ཞིང་། བདག་གཞན་གྱི་དོན་ཉམས་སུ་བླངས་ཏེ། ལུང་ལས། བདག་གཞན་དོན་ཆེན་གྲུབ་པའི་ལམ་ཞུགས་པ། བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག་ཅེས་པ་དང་། གཞན་དོན་གྲུབ་ན་བདག་དོན་ཆེན་པོ་གྲུབ་པ་སྟེ། དེ་རང་ཡིན་པས་ན་བཀྲ་ཤིས་དམ་པ་དེ་ལ་ཟེར་བ་ཡིན་པས། དེ་ལྟར་ཉམས་སུ་བླང་ངོ་། ཆོས་དེ་ལས་མ་ཆིས།། །།རྣམ་པ་ཀུན་ལ་ཆོས་ཅིག་སྙན་དུ་གསོལ་བའི་ཆོས་ཀྱི་དབང་དུ་བགྱིས་པར་གདའ་ན། ཆོས་ཤའམ་ཅིག་བྱེད་པར་སོང་ན། འཆི་བ་མི་རྟག་པ་བརྒྱུད་ལ་མི་སྐྱེ་བའི་ཐབས་མེད། ཡོང་ཚེ་འདི་མི་རྟག་པར་འདུག །དེར་སྐྱེས་ནས་མ་ཤི་བ་མི་འདུག་པས་ཅིས་ཀྱང་འཆི་ངེས། ད་ལྟ་འཆི་འམ་ནམ་འཆི་ཆ་མེད་དེ། ཚེ་ལ་ཚད་མེད་པས་ནམ་འཆི་ཆ་མེད། ལུས་ལ་སྙིང་པོ་མེད་པས་ནམ་འཆི་ཆ་མེད། འཆི་རྐྱེན་མང་སྟེ་ལུས་འདི་ཟས་ཀྱིས་གསོ་ཏེ། ཟས་ཀྱི་ནང་ནས་འཆི་རྐྱེན་བྱེད་པ་དང་། ལུས་འདི་གོས་ཀྱིས་གསོ་ཏེ་གོས་ཀྱིས་མཐུམས་ནས་འཆི་རྐྱེན་ལ་སོགས་པ། མཐུ་རྐྱེན་ཐམས་ཅད་འཆི་རྐྱེན་དུ་འགྲོ་

(༣༨)ཞིང་འདུག་པ། གཞན་སྒྲ་དང་ཆུ་ནད་ལ་སོགས་པས་འཆི་རྐྱེན་ཤིན་དུ་མང་བར་འདུག་པས་ནམ་འཆི་ཆ་མེད་པའོ། །འོ་ན་ནམ་འཆི་ཆ་མི་འདུག་ན། འཆི་བ་ལ་ཕན་པའི་སྟོངས་པ་ཡོད་དམ་ཞེས་ན། ཅིས་ཀྱང་མི་སྟོངས་པར་འདུག་སྟེ། རང་གིས་བསགས་པའི་ནོར་གྱིས་ཀྱང་མི་སྟོངས་པར་འདུག །འཆི་བ་ལ་འཕྱུག་པོའི་ནོར་གྱིས་བསླུར་མི་འདུག ནོར་བཞག་ནས་རང་ཅིག་པུར་སངས་ཀྱིས་འགྲོ་བར་གདའ། འོ་ན་གཉེན་འབྲེལ་གྱིས་མཐའ་སྐོར་ཀྱང་། འཆི་བ་ལ་མི་སྟོངས་པར་སླར་རང་ལ་གནོད་པར་གདའ། འོ་ན་རང་གི་ལུས་འདི་སྲོག་འཛིན་པ་ཡིན་པས་འཆི་བ་ལ་སྟོངས་སམ་སྙམ་ན། རང་གི་ལུས་ལ་སོགས་པ་ཅིས་ཀྱང་མི་སྟོངས་པར་འདུག་བས་ཁམ་ཆེས་མ་སྟེ་གོ། །དེ་བཞིན་དུ་བྱས་པས་འཆི་ངེས་པར་གདའ་ནམ་འཆི་མ་ངེས་པར་གདའ་ནམ་འཆི་ཆ་མི་མི་གདའ། འཆི་བ་ལ་ཅིས་ཀྱང་མི་སྟོངས་པར་གདའ་བས། ད་དགེ་སྦྱོར་ལ་ལེ་ལོར་བཞག་ཏུ་ག་ན་ཁོམ་པས། ཉམས་ལེན་བྱེད་དགོས་པར་གདའ། ཨ་ཙ་མ་སོས་དལ་དུ་བསྡོད་ཁོམ་བ་ཅི་ཡིན་སྙམ་ནས། སྙིང་པོ་མེད་སྙམ་པའི་བློ་ན་ཐུང་སྦུད་པ་རེ། སྙིང་ཕུགས་སུ་བཞུག་དགོས་པར་གདའ་ ཉམས་སུ་ལེན་པ་ལ་ཚེ་འདིའི་མདུན་མ་

(༣༩)ཀུན་རྒྱབ་ཏུ་སྐྱུར་ལ། བླ་མ་མཚན་ཉིད་དང་ལྡན་པ་བརྟེན་དགོས་ཏེ། བླ་མ་མེད་ན་ཐར་པའི་ལམ་བསྟོར་བ་ལྟ་བུ་ཡིན་ཏེ། ལུང་ལས་ཀྱང་། ཡོན་ཏན་ཐམས་ཅད་རབ་ལྡན་ཡང་བླ་མ་མེད་ན་སྲིད་མཐར་མིན། སྐྱེ་བ་འཛིན་པ་མེད་པ་ཡིས། གྲུས་ནི་ཕ་རོལ་ཕྱིན་མི་འགྱུར། ཞེས་གསུངས་སོ། གཞན་ཡང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་། བླ་མ་དག་ལ་རྟེན་བྱུང་། །བླ་མ་མེད་པའི་ཕ་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། ཅེས་གསུངས་པས་ན། དེས་ན་བླ་མ་མཚན་ཉིད་དང་ལྡན་པ་བརྟེན་ལ། རང་གི་ལུས་ལོངས་སྤྱོད་དུས་གསུམ་དུ་བསགས་པའི་དགེ་བ་ཐམས་ཅད་བླ་མ་ལ་འབུལ་དེ་ལས་བྱུང་བའི་དུས་གསུམ་གྱི་དགེ་བ་ཐམས་ཅད་ཇོ་བོ་སེམས་ཅན་དང་ཐུན་མོངས་དུ་བསྔོ་ཞིང་སེམས་སྐྱེད་པ་དང་། བླ་མ་དཀོན་མཆོག་ལ་དད་པ་དང་མོས་པ་ཅི་བྱེས་པ་ཐམས་ཅད་རང་འདོད་མེད་པར་སེམས་ཅན་གྱི་དོན་དུ་དམིགས་ལ། ལུས་ངག་ཡིད་གསུམ་གྱིས་བྱས་པའི་དགེ་བ་ཐམས་ཅད་དམིགས་པ་མེད་པའི་རྩི་ཡིས་ཟིན་པ་གལ་ཆེ་བ་ཡིན། ཆོས་གང་ལ་ཡང་མ་དམིགས་ན། ཏིང་ངེ་འཛིན་གང་ལ་ཞེན་པ་དང་། ཇི་སྲིད་དུ་དམིགས་པ་དེ་རྩེ་ཅིག་ཡིན་ལ། དམིགས་མེད་དུ་སོང་ཙ་ན་སྤྲོས་བྲལ་ཡིན། ཅིར་སྣང་

(༤༠)སེམས་སུ་ཤེས་རྩ་ན་རོ་གཅིག་ཡིན། ཉམས་ལ་རྒྱུན་ཆད་མེད་ཙ་ན་བསྒོམ་དུ་མེད་པའི་རྣལ་འབྱོར་ཡིན་པས། དེ་བཞིན་ཉམས་སུ་བླངས་པས་རང་དོན་དང་གཞན་དོན་གཉིས་ཀ་འགྲུབ་སྟེ། ཆོས་དེ་ལས་མ་ཆིས།། །།བསྒོམ་ཆེན་པ་རྣམས་ལ་ཆོས་ཅིག་སྙན་དུ་གསོལ་ན། འོ་སྐོལ་ད་ལྟའི་གནས་སྐབས་སུ་ཚེ་མི་རྟག་ཡུན་ཐུང་པར་འདུག་པས། ཐེག་པ་ཆེན་པོའི་བློ་བག་རེ་སྐྱེ་འཚལ་ཏེ། ཆོས་ཉམས་སུ་ལེན་པ་ལ་ འུབ་ཧྲུལ་གྱིས་དྲིལ་ནས། རྣལ་འབྱོར་གསུམ་བྱ་བ་གཅིག་ཉམས་སུ་ལེན་དགོས་ཏེ། སྔགས་ཀྱི་རྣལ་འབྱོར་དང་རྫས་དང་ཆོས་དང་བྱ་བ་གསུམ་ཡིན་ཏེ། དེ་ཡང་དགྱེས་རྡོར་ནས་སྔགས་དང་རྫས་དང་ཆོས་རྣམས་ནི། རྣལ་འབྱོར་འདི་གསུམ་རྫོགས་གྱུར་ན། འཁོར་བའི་གནས་སུ་སྡད་དོན་མེད། ཅེས་སོ། །དེ་ཡང་སྔགས་ཀྱི་རྣལ་འབྱོར་ཞེས་བྱ་བ་སྟེ། བསྐྱེད་རྫོགས་ལ་སོགས་པ་འཕྲིན་ལས་གང་གིས་སྒོར་བཞུགས་པའི་རྣལ་འབྱོར་བ་ཡིན་ཏེ། རང་ལྷའི་རྣལ་འབྱོར་དུ་བསྒོམས་ན། བསྐྱེད་པའི་རིམ་པའོ། ལྷ་དེ་ཡང་ཆུ་ཟླའམ། སྒྱུ་མའམ། འཇལ་ཚོན་ལྟ་བུར་ཤེས་པ་སྟེ་རྫོགས་པའི་རིམ་པའོ། དེ་བཞིན་དུ་བསྐྱེད་རྫོགས་ཟུང་འཇུག་ཏུ་སྒོམས་ན་ཚོགས་རྣམ་པ་གཉིས་རྫོགས་པ་ཡིན་ཏེ། དེ་ཉིད་ཀྱིས་སངས་རྒྱས་པ་ཡིན། བསྐྱེད་པའི་

(༤༡)རིམ་པ་རྐྱང་བ་ལྟར་བསྒོམས་ཀྱང་ངན་སོང་གི་སྒྲོ་ཁེགས་པ་ཡིན། དེ་ལྟར་བསྒོམས་པས་སྔགས་ཀྱི་ཚུལ་ཁྲིམས་ཡིན། སྔགས་ཀྱི་རྣལ་འབྱོར་ཡིན་ནོ། རྫས་ཀྱི་རྣལ་འབྱོར་ཡིན་ནོ། ནོར་རྫས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟར་ཤེས་པ་ཡིན་ཏེ། དེ་ལྟར་ཉམས་སུ་བླངས་པས་སྣང་བ་ལ་བདེན་འཛིན་ཞིག་ནས་འགྲོ་བ་ཡིན་པས། རྨི་ལམ་སྒྱུ་མ་ཙམ་དུ་ཤེས་པའི་སྟོབས་ཀྱིས་རང་རྒྱལ་དང་བྱང་ཆུབ་སེམས་དཔའི་ས་ལ་འགྲོ་བ་ཡིན་ཏེ། ལུང་ལས་ཀྱང་། སྒྱུ་མ་ལྟ་བུའི་ཆོས་རྣམས་ལ། སྒྱུ་མ་ལྟ་བུར་བསྒོམ་བྱས་ན། །སྒྱུ་མ་ལྟ་བུར་སངས་ཡང་རྒྱ། ཅེས་གསུངས་པས་སོ། ཆོས་ཀྱི་རྣལ་འབྱོར་ནི། ཆོས་ཐམས་ཅད་ནམ་མཁའ་དག་པའི་དཀྱིལ་ལྟར་རྟོགས་ནས། བདག་གཞན་དང་ཡིན་མིན་ལ་སོགས་པ་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་ཅིག་ལ་ཟེར་བ་ཡིན། ལུང་ལས། ནམ་མཁའ་ལྟ་བུའི་ཆོས་རྣམས་ལ། །ནམ་མཁའ་ལྟ་བུར་བསྒོམས་བྱས་ན། ནམ་མཁའ་ལྟ་བུར་སངས་ཀྱང་རྒྱ། དེ་ལྟར་དུ་རྣལ་འབྱོར་གསུམ་དུ་ཉམས་སུ་ལེན་པ་ཡིན་ཏེ། སྔགས་བསྐྱེད་རྫོགས་གཉིས་ཀྱིས་ཕྲིན་ལས་ལ་མོས་ན། སྔགས་ཀྱི་རྣལ་འབྱོར་བྱ་ལ། རྫས་ཀྱི་རྣལ་འབྱོར་ལ་བདེན་རྨི་ལམ་སྒྱུ་མའི་གདམས་པ་བསྒོམ་པ་ཡིན། ཆོས་ཀྱི་རྣལ་འབྱོར་ལ་མོས་ན་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་ལྟར་བསྒོམ་པ་ཡིན། འོ་ན་

(༤༢)རྣལ་འབྱོར་གསུམ་ཀ་བསྟན་ཐོག་ཅིག་ཏུ་ཇི་ལྟར་བསྒོམ་ན། དང་པོ་སྐྱེད་རྫོགས་བསྒོམ། དེ་ནས་སྤྱོད་ལམ་བཞིའམ་འཐུན་འཚམས་ལ་རྨི་ལམ་སྒྱུ་མ་ལྟ་བུར་བསྒོམ། གང་བྱས་པའི་རྗེས་ཐམས་ཅད་དམིགས་མེད་ནམ་མཁའི་དཀྱིལ་ལྟར་ཡིད་ལ་མི་བྱེད་པར་བཞགདེ་བཞིན་དུ་ཉམས་སུ་བླངས་པས། བདག་གཞན་གྱི་དོན་ཐམས་ཅད་གྲུབ་ནས་འོང་བ་ཡིན་གསུང་། དེ་བཞིན་དུ་ཉམས་སུ་བླངས། ཆོས་དེ་ལས་མ་མཆིས།། །།རྣམ་པ་ཀུན་ལ་ཆོས་ཅིག་སྙན་གསོལ་བའི་ཆོས་ཀྱི་དབང་དུ་བགྱིས་པ་ལགས་ན། ཆོས་བཤའ་མ་ཅིག་བྱེད་པ་ལ། ད་ལྟའི་བློ་སྐབས་སུ་རྟེན་མི་ལུས་ཐོབ། དབང་པོ་སྒོ་ལྔ་ཚང་། དམ་པའི་ཆོས་དར་སར་སྐྱེས། ཚེ་སྔོན་མའི་བསོད་ནམས་འདི་བསགས་པ་ལས་བྱུང་བའི་རྟེན་འདི་ལ། རང་ཤི་ནད་ཀྱིས་མ་ཐེབས་པ་འདི་ལ། ཆོས་ཅིག་ཉམས་སུ་བླང་དགོས་ཏེ། དེ་ཡང་ཉམས་སུ་བླང་རྒྱུ་ལ། སྤང་བྱ་མི་དགེ་བ་བཅུ་སྤངས། །དགེ་བ་བཅུ་སྒྲུབས་པ་གལ་ཆེ། །དེ་ཡང་མི་དགེ་བ་བཅུ་སྤོང་བ་ནི། ལུས་ཀྱི་གསུམ་སྤོང་། ངག་གི་བཞི། ཡིད་ཀྱིས་གསུམ་སྤོང་ངོ་། བཅུ་ནི་ལུས་ཀྱི་སྲོག་གཅོད་པའི་སྤངས་པའི་སྟེང་དུ་སྲོག་འདོན་གྲུབ་ཚད་བྱ། མ་བྱིན་པར་ལེན་སྤངས་པའི་སྟེང་དུ། སྦྱིན་པ་གྲུབ་ཚད་བྱ། འདོད་ལོག་སྤངས་པའི་སྟེང་དུ་ཚངས་སྤྱོད་ཀྱི་

(༤༣)སྡོམ་པ་བསྲུང་ངོ་། ངག་གི་བརྫུན། སྤངས་པའི་སྟེང་དུ་ཆོས་བཤད། ཕྲ་མ་ལ་གསུམ། བཙན་ཕྲ། གཞོགས་ཕྲ། ཀོག་ཕྲའོ། བཙན་ཕྲ་ནི་གཉིས། ཚོགས་པའི་ཙར་བཅུག་པ་དེ་ཡིན། གཞོགས་ཕྲ་ནི་ཐབས་ཀྱིས་འབྱེད་པ་དེ་ཡིན། རྐོག་ཕྲ་འཇུག་པ་དེ་ཡིན། དེ་གསུམ་སྤངས་པའི་སྟེང་དུ་ཚིག་འཇམ་པོ་སྨྲ་བའོ། ངག་ཁྱལ་བ་སྤངས་པའི་སྟེང་དུ་སྨྲ་བཅད་བྱའོ། རྣམས་སེམས་སྤངས་པའི་སྟེང་དུ་གཞན་གྱི་འབྱོར་པ་ལ་དགའ་བ་བསྒོམ། གནོད་སེམས་སྤངས་པའི་སྟེང་དུ་གཞན་ལ་ཕན་པ་ཅི་གྲུབ་བྱ། ལོག་ལྟ་སྤངས་པའི་སྟེང་དུ་ལས་སྡིག་པ་བྱས་པ་བཤགས་དགེ་བ་བྱས་པ་ལ་རྗེས་སུ་ཡིད་རང་བ་བསྒོམ་པའོ། དེ་ལྟར་མི་དགེ་བཅུ་སྤངས་ནས་གཉེན་པོ་དགེ་བ་བཅུ་དང་། ཕ་རོལ་དུ་ཕྱིན་པ་དྲུག་ཉམས་སུ་བླངས། དེ་ཡང་ཡ་མ་བྲལ་བ་ཡིན་ཏེ་རེ་རེ་ལ་དྲུག་ཀ་ཚང་ཡིན། དེ་ཡང་ཐབས་ཤེས་རབ་ཟུང་འཇུག་ཡིན་པས། སྦྱིན་པ་གཏོང་ཞིང་སྨིན་པའི་རྣམས་སྨིན་ལས་དེ་ཀ་ལ་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་པར་བྱའོ། དྲུག་ཀ་ལ་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་པར་བྱའོ། དེ་ཡང་རྒྱལ་བའི་བཀའ་ནས། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡང་མི་དམིགས་པའི་ཚུལ། ལམ་མཚན་མ་མེད་པའི་ཚུལ་གྱིས་སྤྱོད་ཞེས་དྲུག་ཀ་ལ་

(༤༤)སྦྱར་ནས་གསུངས་སོ། དེ་བཞིན་དུ་ཡིན་པས་ཆོས་ཐམས་ཅད་ཀྱི་རྩ་བ་ལྟ་བུའམ་བཞི་མ་ལྟ་བུ་ནི། མི་དགེ་བ་བཅུ་སྤངས། དགེ་བ་བཅུ་སྒྲུབ་པ་ནི། ཕ་རོལ་དུ་ཕྱིན་པ་དྲུག་གཞན་དོན་དུ་ཉམས་སུ་བླངས་པ་ཡིན་ནོ། ཆོས་དེ་ལས་མ་མཆིས། །རྣམ་པ་ཀུན་ལ་ཆོས་ཅིག་སྙན་དུ་གསོལ་བའི་དབང་དུ་བགྱིས་ན། ཆོས་བཤའ་མ་གཅིག་བྱེད་པ་ལ་འཇིག་རྟེན་གྱི་ཆོས་ལ་གྲོས་ཡེ་མེད་པར་ཤེས་པ་ཅིག་དགོས་ཏེ། འཇིག་རྟེན་འཁྲུལ་པ་འདི་ལས་ཕར་བལྟས་པས། བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། ཅིལ་བསམས་ཀྱང་ཕན་པར་མི་འདུག་ན། རང་གི་སེམས་ལ་བལྟ་བ་རྟག་ཏུ་བསྒོམས་པར་གྱིས། ཤེས་གསུངས་སོ། དེ་ལྟར་ལགས་པས་འོ་སྐོལ་ད་ལྟའི་བློ་སྐབས་སུ། སེམས་ལ་རྟག་ཏུ་བསམ་མནོ་དུམ་རེ་བཏང་དགོས་ཏེ། འཇིག་རྟེན་པའི་ཆོས་ལ་ཕར་བལྟས་ཙ་ན་བྱས་པ་ཐམས་ཅད་དོན་མི་འདུག་སྟེ། ཡུལ་མཁར་ཇི་ཙམ་ཡོད་ཀྱང་བཞག་ནས་འགྲོ་དགོས་པས་བྱས་པ་ཡང་དོན་མེད། འཇིག་རྟེན་གྱི་བྱ་བ་ཐམས་ཅད་ཆོས་མིན་འབའ་ཞིག་ཏུ་སོང་། ཉིན་པར་བྱ་བའི་ལས་ལ་སོང་བས་བྲེལ་བའི་ངང་། ནང་ནུབ་ལྟོའི་མདུན་མར་སོང་བས་ཆོས་ལ་བྱ་བའི་སྐབས་མི་འདུག་པས། བྲེལ་སྡུག་དོན་མེད་འདུག །ཚེ་འདི་མ་སོས་ཀྱི་དོགས་ནས་བདེ་

(༤༥)སྡུག་གཏམ་ངན་ལ་མ་འཛེམས་པར། དུང་དུང་བྱས་པས་སྡུག་བསྔལ་འབའ་ཞིག་ཏུ་སོང་ཚེ་འདིར་ཡང་སྡུག་བསྔལ་ལ་ཕྱི་མར་ཡང་ངན་སོང་དུ་སྐྱེ་བས་སྡུག་བསྔལ་ཏེ། དུག་གསུམ་པོ་འདི་ལས་བལྟས་པས་ཆགས་པ་ཕྱི་ནང་གཉིས་ཀ་དུང་དུང་བྱས་ནས། ངོ་ཚ་བ་ལ་མ་བལྟས་པར་སྒྲུབས་པས། ཚེ་འདིར་སེམས་ཚོང་ཁེའི་དབང་དུ་སོང་བས། ཤི་ནས་ཡི་དྭགས་སུ་སྐྱེ་བས་སྡུག་སྟེ་དོན་མེད་ཡིན། ཞེ་སྡང་གིས་ཚེ་འདིར་ཀམ་ཀམ་རྩིག་རྩིག་བྱེད་ཅིང་ཤི་བ་ལ་མི་བལྟ་བས་རང་རྒྱུད་བསྲེག་པས་ཚེ་འདིར་སྡུག་ཕྱི་མར་དམྱལ་བར་སྐྱེ་བས་སྡུག་ལ་དོན་མེད་པ་ཡིན། གཏི་མུག་གིས་དགེ་སྡིག་ངོ་མ་ཤེས་པས་འབོག་ཚོལ་སྤྱད་ཅིང་གནས་ལུགས་དགེ་སྡིག་གི་མགོ་ལྷག་མ་ཕྱེད་པར། སྤྱང་སྤྱང་དྲུང་དྲུང་བཞིན་དུ་ཁྲམ་དང་ཟོལ་ལ་སོགས་པ་བྱས་ཀྱིན་སྦྱང་པོ་མདུན་མེད་པོ་བྱས་པས། ཚེ་འདིར་ཅི་ལ་ཡང་ངོམས་པ་དང་ཆོག་ཤེས་མེད་ལ་དལ་བ་སྐད་ཅིག་ཀྱང་མེད་པས་སྡུག་ཕྱི་མར་དགེ་སྡིག་ངོ་མ་ཤེས་པས་དུད་འགྲོར་སྐྱེ་སྡུག་བསྔལ་དེ་དོན་མེད་དུ་སོང་། དེས་ན་འཇིག་རྟེན་བྱ་བ་ཐམས་ཅད་ལ་དོན་མེད་སྡུག་བསྔལ་གྱི་རྒྱུར་འདུག་པས། ཅི་ལ་བསམས་ཀྱང་ཕན་པར་མི་འདུག་ན། སྤྱངས་པོ་ཀུན་སོམས་དང་

(༤༦)རང་འཆི་བའི་ནང་པར་ཅིས་ཀྱང་ཕན་པར་མེད། བུ་ཚ་གཅེས་ཤིང་དགོས་པ་དང་འབྲལ་བར་འདུག །ཡུལ་དང་འཁོར་ལ་སོགས་པ་ཐམས་ཅད་དང་བྲལ་ཏེ་འགྲོ་རྩ་ན། དེ་ནས་གལ་པོ་ཆེ་ཅི་ཡོད་ཀྱང་། གཏམ་ཚིག་ཅིག་གམ། མི་ཅིག་མི་མཐོང་བ་ཁམ་ཆེས་ཏེ་མ་བསམས་པ་ལགས་སོ། །ལུང་ལས། འཆི་བའི་དུས་སུ་ཅི་ལ་བལྟས་ཀྱང་ཕན་པར་མི་འདུག་ན། ཇི་ལྟར་བྱ་ཞུས་པས། བུ་ཅིས་ཀྱང་ཕན་པར་མི་འགྱུར་པས། རང་གི་སེམས་ལ་རྟག་ཏུ་གོམས་པར་གྱིས་གསུང་། རང་སེམས་བལྟས་ན་ཕན་ཏེ་བདེ་བ་ཡིན། འོ་ན་ལྟ་ལུགས་ཇི་བལྟར་བལྟས་ན་བདེ་ན། རྒྱུ་བསོད་ནམས་ཀྱི་ཚོགས་བསགས་ནས་འབྲས་བུ་ཡེ་ཤེས་ཀྱི་ཚོགས་ལ་བལྟ་བར་བྱེད་ན་སེམས་ལ་བལྟ་བ་བྱ་བ་ཡིན་པས། སྔགས་ཀྱི་བསྐྱེད་རིམས་དང་རྫོགས་རིམས་ཀྱི་དོན་ལ་མོས་པ་བྱེད་ན་ཡང་། སེམས་ལ་བལྟ་བར་བྱ་བ་ཡིན། མཉམ་གཞག་ལ་སྣང་བ་ཐམས་ཅད་སེམས་སུ་ཤེས་ནས། རང་སེམས་ལ་བལྟས་པས་དབྱིངས་དང་ཁ་དོག་ཀྱང་མ་གྲུབ། ངོས་བཟུང་ཐམས་ཅད་དང་བྲལ་བར་འདུག་པས། ཡིན་མིན་གྱི་མཐའ་ཐམས་ཅད་དང་སྤྲོས་པ་ཐམས་ཅད་རང་བཞིན་རང་སར་གྲོལ་ཏེ། གང་ལ་ཡང་བློ་མི་འཇུག་པར་འདུག་ན། མཉམ་གཞག་གི་སེམས་ལ་

(༤༧)བལྟ་བ་ཡིན་ཏེ། སེམས་ལས་ལྟ་བ་རྣལ་མ་དེ་ཡིན་ནོ། རྗེས་ཐོབ་ཏུ་མི་ལམ་སྒྱུ་མ་ལྟ་བུར་བསྒོམས་ནས་ཡང་སེམས་ལ་བལྟ་བ་ལགས། དེ་བཞིན་དུ་སེམས་ལ་བལྟ་བ་རྟག་ཏུ་གོམས་པར་བྱའོ། དེ་བཞིན་ཉམས་སུ་བླངས་པས་ཆོས་ཉོན་མོངས་པའི་གཉེན་པོར་འགྲོ་བ་ཡིན་ནོ། ཆོས་ཉོན་མོངས་པའི་གཉེན་པོར་སོང་ན་ས་འདུག་ན། སེམས་ལ་ལྟར་བཏུབ་པ་ཡིན། ཆོས་ནས་ཉོན་མོངས་པས་ནི་སེམས་ཀྲུགས་ཤིང་། །མི་ཤེས་འདམ་དུ་བྱིང་བ་ཡིན། ཤེས་གསུངས་ཏེ། དེ་བཞིན་དུ་ཡིན་པས་ཆོས་ཉོན་མོངས་པའི་གཉེན་པོར་སོང་བ་ཞིན་ཏུ་གལ་ཆེའོ། ལར་ཉམས་ལེན་རབ་ཅིག་བྱས་ན་འཆི་རྒྱུ་མེད་པའི་དོན་རྟོགས། ཉམས་ལེན་འབྲིང་དུ་བྱས་ན་ལམ་སྣ་ཟིན། ཉམས་ལན་ཐ་མ་ཅིག་བྱས་ན་ངན་སོང་དུ་མི་སྐྱེ། དེས་ན་ཉམས་ལེན་ལ་འབད་པ་གལ་ཆེ་བས་བསྒོམ་པ་གལ་ཆེ་སྟེ། མ་བསྒོམས་པར་འདོད་པ་ལས་བློ་ལོག་པ་ཉུང་བདག་ཉིད་འཆི་བ་ལས་ཀྱང་མི་གྲོལ་བས། དེའི་ཕྱིར་ན་བསྒོམ་པ་གལ་ཆེ། བསྒོམས་པས་སྣང་བ་ཟིལ་གྱིས་ནོན་པས། བདེན་པར་འཛིན་པ་ཐམས་ཅད་ཀྱང་རང་སར་གྲོལ་བ་ཡིན་པས་བསྒོམ་པ་གལ་ཆེ། བསྒོམ་རྒྱུའི་དངོས་པོ་རང་ཅིག་ཡོད་དམ་ཞེས་ན། བསྒོམ་མེད་བསྒོམ་པ་པོ་ཡང་མེད་

(༤༨)ཅེས་བཤད་པས། བསྒོམ་རྒྱའི་དངོས་པོ་འདི་ཡིན་བྱ་བ་མེད་ཀྱིས། དོན་དམ་ཉམས་སུ་ལེན་པ་ལ་དེ་ལ་བསྒོམ་པ་ཞེས་བྱ་བ་ཡིན། དེ་བཞིན་ཉམས་སུ་བླང་། ཆོས་དེ་ལས་མ་མཆིས། རྣམ་པ་ཀུན་ལ་ཆོས་ཅིག་སྙན་དུ་གསོལ་བའི་དབང་དུ་བགྱིས་ན། ད་ལྟའི་དུས་སུ་ཚེ་ལ་སྐད་ཅིག་ཡུད་རྩམ་ལས་མི་གདའ་བས། དལ་འབྱོར་དབང་པོ་ཚང་བ་ཐོབ་དུས་འདི་ལ། བྱང་ཆུབ་ཀྱི་ལམ་སྣ་ཅིག་མ་ཟིན་ན་འཆི་བས། སངས་རྒྱ་བར་བྱེད་པ་ལ་རྒྱུ་ཚང་ལ་མ་ནོར་བ་ཅིག་དགོས་ཏེ། རྒྱུ་མེད་པ་དང་ནོར་བ་དང་། དམན་པ་ལས་མི་འབྱུང་བས། དེ་ཡང་ཚོགས་གཉིས་མ་བསགས་པ་དང་། མུ་སྟེགས་ཀྱི་ལྟ་བསྒོམ་སྤྱོད་པ་དང་། ཐེག་པ་ཆུང་ངུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་རྣམས་ལ་སངས་རྒྱས་མི་འབྱུང་སྟེ། འོ་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་ཀྱི་སངས་རྒྱས་མི་ཐོབ་པ་ཅིའི་ཕྱིར་བྱས་པ་ལ། སེམས་ཅན་གྱི་དོན་དུ་སེམས་མི་སྐྱེད་པར་རང་ཅིག་པུ་ཞི་བདེ་ཐོབ་པར་འདོད་ཅིང་། གཞན་དུ་མ་དམིགས་པས་ཐམས་ཅད་མཁྱེན་པ་མི་འབྱུང་། འོ་ན་སངས་རྒྱས་ཐོབ་པ་ལ་ཇི་ལྟ་བུ་ཅིག་ཉམས་སུ་ལེན་དགོས་ན། རྒྱུ་མེད་པའི་མཐར་མ་ཤོར་བར་ཉམས་སུ་བླང་། ལམ་ནོར་བ་དང་། དམན་པ་མ་ཡིན་པར་ཉམས་སུ་

(༤༩)བླངས། དེ་ལྟར་ཉམས་སུ་ལེན་པ་ལ། མི་ཕོད་པ་ལ་ཐོག་བརྫིས་ཏེ་འཁྲི་བ་བཅད། ཞེན་པ་བཟློག །སྐྱོན་ངོས་བཟུང་། མཚང་ཡུལ་ནས་འདོན། བདེ་སྡུག་ཐམས་ཅད་ཆོས་ཉིད་དུ་ཁྱེར། དེ་ལས་དང་པོ་མི་ཕོབ་པ་ལ་ཐོག་བརྫིས་བྱ་བ་ནི། གང་ལ་ཆགས་པ་ཡང་ངོ་ཚ་ལ་སོགས་པ་གར་དགར་བཏང་བའོ། །དེ་ནས་འཁྲི་བ་བཅད་པ་ནི། བུ་ནོར་ཡུལ་ལ་སོགས་པ་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་འདུག་མི་རྟག་མི་བདེན་པར་འདུག་སྙམ་པ་གལ་ཆེ། དེ་ནས་ཞེན་པ་བཟློག་ན། དེ་ཡང་ལུད་ལས། གང་ལ་ཞེན་པ་འདུག་ན་དེ་ཡང་ཐོང་། གསུངས་པས། གང་ལ་ཞེན་པ་ཐམས་ཅད་སྤང་ཞིང་བཏང་བའོ། སྐྱོན་ངོས་བཟུང་བ་ནི། དུག་གསུམ་ལ་སྐྱོན་དུ་བལྟ་བ་བདག་འཛིན་གྱི་སྐྱོན་སྤངས། འཚང་ཡུལ་ནས་འདོན་previous hit ་ནི། དུག་གསུམ་གྱིས་ངན་སོང་གསུམ་དུ་འཁྱམ་དོགས next hit་ཡོད་པས་ཡུལ་ཀུན་བཞི་ལ་འདོན་ནོ། དེ་རྣམས་སྤང་བར་བྱས་ལ་ཐེག་པ་ཆེན་པའི་བློ་སྣ་དང་ལྡན་པར་བྱས་ལ། སེམས་ཅན་ཐམས་ཅད་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱིས་སེམས་ཀྱིས་བཟུང་ལ། སེམས་ཅན་ཐམས་ཅད་ལ་དེ་ཁོ་ན་ཡིན་པས་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་ནས་རྫོགས་པའི་བྱང་ཆུབ་ཐོབ་ན་ཅི་མ་རུང་སྙམ་པ་ཅིག་སྙིང་ཕུགས་སུ་བཅུག་ལ། རང་གི་ལུས་ངག་ཡིད་གསུམ་དགེ་བ་ལ་བཀོལ་བ་ཡིན་

(༥༠)པས། ནང་པར་མལ་ནས་ཡར་ལངས་དུས་སུ། དེ་རིང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལུས་ངག་ཡིད་གསུམ་དགེ་བ་ལ་བཀོལ་བར་བྱ་སྙམ་པའི་སེམས་སྐྱེད་རེ་གལ་ཆེ་བ་ཡིན་ཏེ། དེ་བཞིན་དུ་བྱས་ན་དེའི་ཉིན་པར་ཅི་བྱས་སེམས་སྐྱེད་བཟང་པོ་དེས་དགེ་བར་འགྱུར། ཆོས་ཐམས་ཅད་ལ་སེམས་སྐྱེད་ཀྱིས་བསྒྱུར་བ་གཙོ་ཆེ་བས། སྤྱིར་ཡང་སེམས་སྐྱེད་བཟང་པོ་གལ་ཆེ། ཅི་བྱས་དགེ་བར་འགྱུར་པ་ཡིན། སེམས་སྐྱེད་ངན་ན་སྡིག་པར་འགྲོ་བ་ཡིན། སེམས་སྐྱེད་བཟང་པོ་ནང་གི་གཡོག་པོ་ལགས་པ་དང་འདྲ་བ་ཡིན་པས། ནུབ་མོ་ཉལ་དུས་སུ་ཡང་ལུས་ངག་ཡིད་གསུམ་དགེ་བ་ལ་སེམས་ཅན་གྱི་དོན་དུ་འགྲོ་བ་དེ་གལ་ཆེ། དེ་བཞིན་དུ་བྱས་པས་ཅི་བྱས་ཐམས་ཅད་དགེ་བར་འགྲོ་བའི་སྟོབས་ཀྱིས་ལམ་ན་ཟིན་པ་ཡིན་པས། སེམས་སྐྱེད་བཟང་བ་གལ་ཆེ། དེ་བཞིན་དུ་སེམས་སྐྱེད་བྱས་པའི་བདེ་སྡུག་ཐམས་ཅད་དང་། སྐྱེ་བ་ད་ལྟའི་སྐབས་སུ་ཚེ་འདི་ལས་བློ་ལོག་པར་བྱས་ལ། ཉམས་སུ་ལེན་པ་ཧུབ་མེད་ཆོས་སྐུའི་རང་བཞིན་དུ་ཁྱེར། ཆོས་དེ་ལས་མ་མཆིས། རྣམ་པ་ཀུན་ལ་ཆོས་ཅིག་སྙན་དུ་གསོལ་བའི་དབང་དུ་བགྱིས་ན། འོ་སྐོལ་ད་ལྟའི་སྐབས་སུ་ཚེ་འདི་ལ་བློ་ལོག་པར་བྱས་ལ། ཉམས་སུ་ལེན་པ་ལ་འུབ་ཧྲིལ་གྱིས་དྲིལ་ནས། གང་གིས་ཀྱང་དགོས་པ་མེད་སྙམ་པ་ཅིག་བློ་

(༥༡)ཕུགས་སུ་བཅུག་ལ། དེ་ནས་ཉམས་སུ་ལེན་པ་ལ་རྣལ་འབྱོར་བཞི་ཉམས་སུ་ལེན་དགོས་ཏེ། དེ་ཡང་རྣལ་འབྱོར་བཞི་ནི་དང་པོ་རྩེ་ཅིག་རྣལ་འབྱོར་བྱ། དེ་ནས་སྤྲོས་བྲལ། དེ་ནས་དུ་མ་རོ་གཅིག་དེ་ནས་བསྒོམ་དུ་མེད་པའོ། དེ་ལྟར་བཞི་པ་ལས་དང་པོ་རྩེ་ཅིག་ནི། དང་པོ་སེམས་འཛིན་གང་རུང་ཅིག་གིས་སྟེང་དུ་སེམས་རྩེ་ནེ་ཟིན་ནས། རང་ཇི་ལྟར་འདོད་པའི་བསྒོམ་ངོས་འཛིན་པ་ཅིག་ཡིན་ལ། སེམས་དམིགས་པ་ཅིག་ལ་མི་འཕྲོ་བར་བསྡོད་པ་དེ་བསྐྱུངས་ལ། སྤྲོས་བྲལ་གྱི་དོན་འཆར། ཆོས་ཐམས་ཅད་སྤྲོས་པའི་མཚན་མ་དང་བྲལ་བར་ཤེས་ནས་སྔར་གྱི་ཐོས་བསམ་བྱས་པ་ཐམས་ཅད་ཕྱི་ཤུན་ལྟ་བུར་སོང་བས། སེམས་ལ་ཆགས་མེད་ཅིག་འོངས། དུས་དེར་བློ་མ་ལ་གསོལ་བ་གཏབ། དཀོན་མཆོག་ལ་མཆོད་པ་འབུལ། ཆོས་གང་ཟབ་ལ་བལྟ་བ་དང་ཉན་པ་ལ་སོགས་པ་བྱས་ཤིང་། རྟོགས་པ་བསྟན་དུ་གཞུག་དགོས་པ་ཡིན། དེ་ལྟ་བུའི་རྟོག་པའི་དུས་སུ་ད་ནི་ཆོས་བྱ་རྒྱུ་རང་མི་འདུག་སྟེ། བླ་མ་དཀོན་མཆོག་དང་ཡི་དམ་ཡང་མེད། སྒྲུབ་དང་བསྒྲུབས་པའི་ངོས་གྲུབ་བ་མེད། ཟེར་ནས། དུས་དེར་བླ་མ་ལ་མོས་གུས་འཆོར་བ་དང་། བར་ཆོད་ཀྱི་བདུད་འོང་ཉེན་ཡོད་པ་ཡིན། བླ་མ་ལ་གསོལ་བ་དྲག་ཏུ་གདབ་པ་དང་། དཀོན་མཆོག་ཡི་དམ་མཆོད་པ་

(༥༢)པ་དང་། བྱམས་སྙིང་རྗེ་ཕྱོགས་རིས་མེད་པར་བསྒོམ་པ་དང་། ང་རྒྱལ་མེད་པ་ཅིག་གལ་ཆེ་གསུང་། མོས་གུས་ལ་འགྱུར་ལྡོག་བྱུང་ན་ཉམས་ལ་འགྱུར་ལྡོག་འོང་། རང་ལ་བར་ཆད་འབྱུང་བས་བླ་མ་ལ་མོས་གུས་རྒྱུན་ཆད་མེད་པར་བྱ། ཉམས་རྟོག་མོས་གུས་ལ་རག་ལུས་པས། ལམ་དང་རྟོགས་ཉམས་བླ་མས་བྱེད་ལ། གསང་སྔགས་ཐེག་པའི་ལུགས་ཀྱིས། བྱིན་རླབས་བླ་མའི་ལམ་བྱ་བ་ཡིན་གསུང་། དེ་ལྟར་བྱས་པས་ཉམས་རྟོགས་རྒྱུན་ཆད་མེད་པ་འོང་གསུང་། དེ་ཀ་ལྟར་བསྐྱངས་པས་དུ་མ་རོ་གཅིག་ཏུ་འཆར་ཏེ། དུ་མ་རོ་གཅིག་ཤར་ཙམ་ན་སྣང་བ་ཐམས་ཅད་སེམས་སུ་ཤེས། སེམས་སྟོང་པ་རོ་གཅིག །རོ་གཅིག་སྟོང་པར་སྐྱེ་མེད་དུ་རོ་གཅིག་པར་སྐྱེས་སོ། །དུས་དེར་ཡང་བླ་མ་དང་རྡོ་རྗེ་སྤུན་མཐོང་བས་མ་དད་པ་སྐྱེས་ན་བར་ཆད་ཀྱི་བདུད་ཡིན་པས། དུས་དེར་བླ་མ་དང་དཀོན་མཆོག་ལ་ལུས་དང་། །ལོངས་སྤྱོད་འབུལ་གསོལ་བ་གདབ། བླ་མ་ཅིག་པའི་མཆེད་གྲོགས་འམ་བསྒོམ་ཆེན་ཉམས་ཅན་ལ་རྟོགས་པ་བསྡུར། ཟླ་འོད་གཞོན་ནུའི་ཆོས་ཟབ་ཟེར་བ་བལྟ། མདོ་རྒྱུད་དང་བསྟན་བཅོས་ཆེན་པོ་མཉན་པ་གལ་ཆེ་གསུང་། དུ་མ་རོ་གཅིག་སྐྱེས་

(༥༣)ནས་བར་ཆད་འོང་ངོ་སྙམ་ན། རྟོགས་པ་བར་མ་ཆད་དུ་བར་ཆད་ཀྱང་མཆི། དུ་མ་རོ་གཅིག་སྐྱེས་ནས་འཕྲ་དོག་འོང་མི་སྲིད་དེ་དེ་དག་པའི་སྣང་བ་ཤད་པ་བྱ་བ་ཡིན་པས། ཡི་དམ་ཞལ་མཐོང་བ་དང་། མངོན་ཤེས་བག་རེ་འབྱུང་གསུང་། ཡོན་ཏན་ཅི་བྱུང་ཡང་བདེན་པར་མ་བཟུང་སེམས་སུ་ཤེས་པས་རྟོགས་པ་གོང་ནས་གོང་དུ་སྦྱངས་པས་བསྒོམ་དུ་མེད་པའི་རྟོགས་པ་འཆར་སྟེ། བསྒོམ་བྱ་བ་བློས་བདེན་པར་བཟུང་ནས་བསྒོམ་པ་ནི། བསྒོམ་མེད་བྱམས་སྙིང་རྗེ་མེད་པ་ལ་ཟེར་བ་ཡིན་གསུང་བསྒོམ་མེད་རང་ལ་སྙིང་རྗེ་དང་ཚོགས་གཉིས་བྲལ་བའི་བསྒོམ་མེད་ཅིག་ཡོད་དེ་འདི་མིན། འདི་ཡི་འོད་འགྲོ་འོང་མེད་པ་དང་རིགས་ཅིག་ཏུ། བསྲེས་པས་བསྒོམ་བྱ་རྟོགས་པ་དང་། བསྒོམ་མེད་འཛིན་པ་མེད་པ་ལ་ཟེར་བ་ཡིན། །ཕྱག་རྒྱ་ཆེན་པོ་བསྒོམ་པ་ཡང་དེ་རང་ཡིན་ཏེ། འཛིན་པ་དང་ཞེན་པ་དང་། བདེན་འཛིན་དང་། ཞེ་འདོད་ཀྱི་དམིགས་གཏད་ཐམས་ཅད་རང་སར་གྲོལ་ནས་སེམས་ཉིད་ཡིན་ལུགས་དེ་རང་མ་བཅོས་པར་འཇོག་པ་ནི་དེ་རང་ཡིན་གསུང་། དེ་ཡང་ཉམས་སུ་ལེན་ལུགས་ནི། །དང་པོ་

(༥༤)རྩེ་ཅིག་ལ་སླབ། དེ་ནས་སྤྲོས་བྲལ། དེ་ནས་རོ་གཅིག །དེ་ནས་བསྒོམ་དུ་མེད་པའི་རྣལ་འབྱོར་ཆེན་པོ་ལ་སླབ་སྟེ། ལམ་གྱི་རྩོལ་སྒྲུབ་དང་བྲལ་བས་ཕྱག་རྒྱ་ཆེན་པོ་རྟོགས་པའོ། །དེ་ལས་བྱུང་བའི་ཡོན་ཏན་ནི། ཚོགས་བསག་ལམ་བགྲོད་པའི་རྟེན་འབྲེལ་བསྒྲིག་པས་རང་སེམས་རྟོགས་པས་རང་དོན་ཆོས་སྐུ། ནམ་མཁའི་དཀྱིལ་ལྟ་བུ་ཐོབ། ལུས་རྡོ་རྗེ་སྐུར་གྱུར་པས་ལོངས་སྐུ་མཚན་དང་དཔེ་བྱད་བསམ་གྱིས་མི་ཁྱབ་པས་རྒྱན་པ། སྣང་ལ་རང་བཞིན་མེད་པ་འཇའམ་སྤྲིན་ལྟ་བུ་འཐོབ། གཞན་དོན་དུ་ཐུགས་རྗེས་སྤྲུལ་པའི་སྐུ། གདུལ་བྱ་གང་དུ་ཕྱོགས་སུ་མ་ལྷུང་བ་ནམ་མཁའ་ལ་ཆར་བབ་པ་ལྟ་བུས་འགྲོ་བ་སེམས་ཅན་ལ་ནམ་མཁས་ཁྱབ་ཚད་ཀྱི་དོན་འབད་རྩོལ་མི་དགོས་པར་རྒྱུན་མི་ཆད་པར་ལྷུན་གྲུབ་ཏུ་འབྱུང་གསུང་། འོ་སྐོལ་ཆོས་བཤད་པ་ཐམས་ཅད་ཀྱིས་ཐུན་རེ་ལ་སྔོན་འགྲོ་སེམས་ཅན་གྱི་དོན་དུ་བློ་འཕངས། བར་དུ་དགེ་སྦྱོར་གྱི་བྱ་རྒྱུ་རེ། ཐ་མ་བསྔོ་བ་དང་བཅས་པ་ལ་ལམ་ཚང་ལ་མ་ནོར་བ་རེ་སྟོན་ཤེས་དགོས་ལ། ཉན་པས་ཀྱང་དེ་ལྟར་ཤེས་དགོས་པ་ཡིན། ཆོས་དེ་ལས་མ་མཆིས་སོ།། །།བླ་མ་རིན་པོ་ཆེ་ལྷ་རྗེས་གསུངས་པ་ལ། བླ་མ་བསྒོམ་ཚུལ་གྱིས་ཡང་ཡང་ནན་ཏན་བྱས་ནས་

(༥༥)རྣམ་ཐར་གཞན་དང་མ་འདྲེས་པར་བླ་མས་གསུངས་པ་ལས་མ་ཆད་མ་ལྷག་པར། གསུང་སྒྲོས་གྲུ་བཞི་ལམ་མོ་ཡི་གེ་བྲིས། བླ་མའི་བཀའ་སྲོལ་མི་ཅིག་པ་དང་། མོས་པ་མེད་པ་དང་། ཉམས་སུ་མི་ལེན་པ་ལ་མི་སྤེལ་འཚལ། འདིའི་རྒྱུད་པ་ལ་གཉིས་ཏེ། སྔགས་དང་བཀའ་གདམས་གཉིས་ཡིན། སྔགས་ཀྱི་རྒྱུད་པ་ནི། རྡོ་རྗེ་འཆང་དང་ཡེ་ཤེས་ཀྱིས་མཁའ་འགྲོ་མ་གཉིས་ཀྱིས་ཏཻ་ལོ་པ་དང་བྲམ་ཟེ་ཆེན་པོ་ལ། དེས་ནཱ་རོ་མཻ་ཏྲི། དེས་མར་པ་ལ། དེས་མི་ལ་རས་པ་ལ། དེས་བླ་མ་ལྷ་རྗེ་ལའོ། བརྒྱུད་པ་ཅིག་ནི། ཤཱཀྱ་ཐུབ་པ། འབྱམས་པ་ཐོག་མེད། ཞི་བ་ལྷ། གསེར་གླིང་པ། ཨ་ཏི་ཤ །འབྲོམ་སྟོན་པ། སྤྱན་སྔ་བ། རྒྱ་བསྒོམ། བླ་མ་ལྷ་རྗེ་རིན་པོ་ཆེ། བླ་མ་བསྒོམ་ཚུལ། དེ་ནས་རིམ་པར་རྒྱུད་པའོ། ཚོགས་ཆོས་ཆེན་པོ་རྫོགས་སོ།། །།དགེའོ། །

(༥༦)

(༥༧)རྗེ་དྭགས་པོ་རིན་པོ་ཆེའི་ཚོགས་ཆོས་ཆེན་མོ་བཞུགས།། །།

(༥༨)ན་མོ་རདྣ་གུ་རུ། ཆོས་འདིའི་རྒྱུད་པ་ནི། རྗེ་དྲུག་པ་རྡོ་རྗེ་འཆང་ཆེན་པོ། བཀའ་བཞིའི་བརྒྱུད་པ་རྣམས་དང་། རྗེ་བཙུན་ཏཻ་ལོ་པ། ནཱ་རོ་མེ་ཏྲེ་ཐར་ལམ་དང་། རྗེ་མར་པ་དང་། རྗེ་བཙུན་མི་ལ་རས་པས་བྱིན་གྱིས་རླབས་པ། དྭགས་པོ་ཟླ་འོད་གཞོན་ནུ་ཞེས་བྱ་བ་མཆོག་གི་དངོས་གྲུབ་ཐོབ་པ་དེས། ས་སྟེང་ཀུན་དུ་གྲུབ་ཐོབ་ཀྱི་ས་བོན་ཐེབས་པ་ཡང་། ཆོས་འདི་འབའ་ཞིག་གི་མཛད་པ་ཡིན། དེ་ལ་རྗེ་དུས་གསུམ་མཁྱེན་པས།

(༥༩)ཞུས། དེ་ལ་འགྲོ་མགོན་རས་པ་ཆེན་པོ་དང་། སློ་དཔོན་རིན་པོ་ཆེ་སྤོམ་བྲག་པ་དང་། རིན་པོ་ཆེ་ཀརྨ་པ་ཡན་ཆད་དབང་གིས་ཆུ་བོ་མ་ནུབ་ཅིང་། སྨིན་གྲོལ་གྱི་རྒྱལ་མཚན་མ་འགྱེལ་བ། བྱིན་བརླབས་ཀྱི་ཟར་ཁ་མ་ལོག་ཅིང་། བྱང་ཆུབ་ཀྱི་མྱུ་གུ་མ་སྐམ་པས། འགྲོ་དོན་ཕྱོགས་མེད་དུ་མཛད་ཅིང་བཀའ་བརྒྱུད་ཀྱི་རྒྱལ་ས་ཟིན་པ་ཡིན་གསུང་། བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུ་ལ་བཅོམ་ལྡན་འདས་

(༦༠)ཀྱིས་འགྲོ་བའི་དོན་དུ་དབང་བསྐུར་ཞིང་། ལུང་བསྟན་པ་ནི་ཁ་བ་ཅན་དུ་སྐུ་འཁྲུངས་ཤིང་། བླ་མ་ཆེན་པོ་ནཱ་རོ་པ་དང་། དཔལ་ཨ་ཏི་ཤ་གཉིས་གྱི་གདམས་པ། ཕྱིན་ཅི་མ་ལོག་པ་ངེས་པར་ཐུགས་སུ་ཆུད་པའི་དགེ་བའི་བཤེས་གཉེན་ཆེན་པོ་རང་ན་གུ་རུ་པུ་ཎྱེ་རང་ན་ཞེས་བྱ་བས་ཆོས་དུ་མ་ཁྲིག་སུ་གསུངས་པ་རྣམས། དཔལ་ཤེས་རབ་གཞོན་ནུས་ཡི་གེར་བཀོད་པ་ལགས། བླ་མ་རྗེ་སྒམ་པོ་པའི་ཞལ། སྤྱིར་ཆོས་བྱེད་པ་ལ་གཞི་དད་པ། ལམ་བརྩོན་འགྲོས། གྲོགས་ཤེས་རབ་ཡིན་པས། དད་པ་དང་ཤེས་རབ་བཙོན་འགྲུས་དང་ལྡན་དགོས་པས། དེ་ཡང་རིན་ཆེན་འཕྲེང་བའི་ལས་དད་ཅན་ཡིན་ཕྱིར་ཆོས་ལ་བཙོན། །ཤེས་རབ་ལྡན་ཕྱིར་ཡང་དག་རིག །དེ་གཉིས་གཙོ་བོ་ཤེས་རབ་ཏེ། །དེའི་སྔོན་འགྲོ་དད་པ་ཡིན། །ཞེས་གསུངས་པ་དང་། ཡང་ཆོས་བཅུ་པའི་མདོ་ལས། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག་

(༦༡)པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །དེ་ཡང་དངོས་གཞི་དད་པ་ལ་ཆོས་བདུན། དད་པ་སྐྱེ་བའི་རྒྱུ། དད་པ་སྐྱེས་བའི་ཚད། དད་པའི་དབྱེ་བ། དད་པའི་ངོ་བོ། དད་པ་མཐུན་པའི་དཔེ། དད་པའི་བྱེད་ལས། དད་པའི་བརྟན་པའི་ཚད་དང་བདུན། དེ་ལ་དང་པོ་དད་པ་སྐྱེ་བའི་རྒྱུ་བཞི། མདོ་སྡེ་ལ་བལྟས་ན་དད་པ་སྐྱེ། དེ་ཡང་དང་པོ་མཆོད་པ་བྱ། གསོལ་བ་གདབ། དེ་ནས་ལྷ་གསུང་། གྲོགས་དད་པ་ཅན་དང་འགྲོགས་ན་དད་པ་སྐྱེ་བས། དེ་ཡང་རམས་དང་འགྲོགས་ན་སྔོ། བཙག་དང་འགྲོགས་ན་དམར་བས། གྲོགས་དད་པ་ཅན་གལ་ཆེ། ཡང་དག་པའི་དགེ་བའི་བཤེས་གཉེན་བརྟེན་ན་དད་པ་སྐྱེ། དེ་ཡང་ཡང་དག་པའི་དགེ་བའི་བཤེས་གཉེན་ནི། ཆོས་གང་དང་མ་འགལ་བར་ཉམས་སུ་ལེན་ཤེས་པ་སྟེ། དེ་ལྟ་བུ་ཅིག་དང་འགྲོགས་ན་དད་པ་སྐྱེ། འཆི་བ་མི་རྟག་པ་བསྒོམས་ན་དད་པ་སྐྱེ། དེ་ཡང་ནམ་འཆི་ཆ་མེད། ཚེ་ལ་ལོང་མེད། མྱུར་དུ་འཆི། མྱུར་དུ་མི་རྟག་པར་གོ། །ངེས་པར་ཡིད་ཆེས་

(༦༢)པས་དད་པ་སྐྱེ་གསུང་། གཉིས་པ་དད་པ་སྐྱེས་པའི་ཚད་ནི། འཆི་བ་མི་རྟག་པ་གོ་བས་འཇིག་རྟེན་འདིའི་མངོན་ཞེན་ལ་བློ་ལྡོག །ལས་རྒྱུ་འབྲས་ལ་ངེས་པར་ཡིད་ཆེས་པས། དགེ་སྡིག་ལ་འཛེམ་པ་དང་། བསག་སྦྱང་ལ་བརྩོན། བྱ་རྒྱུ་ཆོས་ལས་མེད། བསམ་རྒྱུ་ཆོས་ལས་མེད་པ་ཅིག་འོང་གསུང་། གསུམ་པ་དད་པའི་དབྱེ་བ་ལ་གསུམ། དང་བའི་དད་པ་དང་། ཡིད་ཆེས་པའི་དད་པ་དང་། འདོད་པའི་དད་པའོ། དང་པོ་དང་བའི་དད་པ་ནི། བླ་མ་ཡང་དག་པ་དགེ་བའི་བཤེས་གཉེན་གྱི་ཞལ་མཐོང་བ་དང་། གསུང་ཐོས་པ་དང་། རྟེན་ཁྱད་པར་ཅན་གྱི་དྲུང་དུ་ཕྱིན་པའི་དུས་སུ་བ་སྤུ་ལྡང་བ་དང་། མཆི་མ་འཁྲུག་པ་ཙམ་དུ་དད་པ་འོང་། །གཉིས་པ་ཡིད་ཆེས་པའི་དད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་རྒྱས་བསྡུས་གང་ལ་ཡང་ཐེ་ཚོམ་མི་ཟ་བར་ཉམས་སུ་ལེན་པའོ། །གསུམ་པ་འདོད་པའི་དད་པ་ནི། ཉམས་སུ་བླངས་པའི་ཆོས་ཆེ་ཆུང་

(༦༣)གང་ལ་ཡང་། དེའི་འབྲས་བུ་དེས་སྒྲིབ་པ་མྱུར་དུ་བྱང་བར་འདོད་པ་དང་། མཐོ་རིས་དང་ཐར་པའི་བདེ་བ་དང་། ཡོན་ཏན་ངེས་པར་ཐོབ་པར་འདོད་པའོ། །བཞི་པ་དད་པའི་ངོ་བོ་ནི་དད་པ་དང་། མ་དད་པ་མ་འདྲེས་པ། དད་པ་ཁ་ཞུ་འོག་འཁྱགས་སུ་མ་སོང་བ་དང་། དད་པ་ཕྱེ་ཁ་ཐལ་ཞབས་སུ་མ་སོང་བ་ཅིག་དགོས་ཏེ། དཀར་པོའི་ཆོས་འབའ་ཞིག་བྱེད་པའོ། །ལྔ་པ་དད་པ་མཐུན་པའི་དཔེ་ནི། ནོར་བུ་ཆུ་དྭངས་དང་འདྲ་སྟེ། ནོར་བུ་ཆུ་དྭངས། ཆུ་རྙོག་མ་ཅན་གྱི་ནང་དུ་བཅུག་པས་དྭངས་པར་བྱེད་པ་ལྟར། དད་པས་རྒྱུད་དངས་སྙིགས་འབྱེད་པ་ཡིན། དྲུག་པ་དད་པའི་བྱེད་ལས་ནི། ལས་མི་དགེ་བ་རྣམས་ཟླ་བ་མར་གྱི་ངོ་བོ་བཞིན་དུ་འགྲིབ་པར་བྱེད། དགེ་བ་རྣམས་ཟླ་བ་ཡར་གྱི་ངོ་བོ་བཞིན་འཕེལ་བར་བྱེད་པའོ། བདུན་པ་དད་པ་བརྟན་པའི་ཚད་ནི། འདུན་དང་ཞེ་སྡང་འཇིགས་པ་དང་། །རྨོངས་པས་ཡང་དག་ཆོས་མི་འདའ། །དེ་ལ་དད་པ་ཅན་

(༦༤)ཞེས་བྱ། ཅེས་གསུངས་པས་སོ། འདུན་པས་ཆོས་ལས་མི་འདའ། ཞེ་སྡང་གིས་ཆོས་ལས་མི་འདའ། འཇིགས་པའི་ཆོས་ལས་མི་འདའ། རྨོངས་པའི་ཆོས་ལས་མི་འདའ་བ་ཅིག་ནི་དགོས་ཏེ། ཆོས་དེ་རྣམས་དང་ལྡན་ན་དད་པ་ཡིན་གསུང་། བླ་མ་རིན་པོ་ཆེའི་ཞལ་ནས། རྒྱ་གར་ན་དགེ་ཚུལ་ཅིག་གིས། སློ་དཔོན་ཌོཾ་བྷི་བ་མཎྜལ་ཕུལ་ཞིང་གསོལ་བ་བཏབ་པས། སློབ་དཔོན་གྱིས་ཁྱོད་ཅི་འདོད་གསུངས་སྐད། ང་གདམ་ངག་ཞུ་བ་ཡིན་བྱས་པས། སློ་དཔོན་གྱིས་ཁྱོད་ང་དང་འབྲེལ་པ་མེད་པས་སོང་ལ་ངའི་སློབ་མ་ཨ་ཏི་ཤ་ལ་གདམས་པ་ཞུས་ཅིག་དང་། ཁྱོད་དང་དེ་ལས་འབྲེལ་ཡོད་པར་འདུག་གསུང་། དགེ་ཚུལ་དེས་ཇོ་བོ་རྗེ་ལ་གསོལ་བ་བཏབ་པས། ཇོ་བོས་ཁྱོད་ཅི་འདོད་གསུང་། སློབ་དཔོན་ཌོཾ་བྷི་བས་ང་ལུང་བསྟན་པ་ཡིན། གདམས་པ་ཞུ་བྱས་པས་ཇོ་བོས་སྤྱན་རས་གཟིགས་ཀྱིས་སྒྲུབ་ཐབས་ཅིག་བསྟན་ནས་ཁོས་ཉམས་སུ་

(༦༥)བླངས་པས་མཐོང་བའི་མཚན་མ་དང་། རེག་པའི་མཚན་མ་དང་། སྒྲའི་མཚན་མ་བྱུང་ནས། སྤྱན་རས་གཟིགས་ལ་ཆོས་ཅི་ཞུ་ཞུར་ཡོད་པ་ལ། ཇོ་བོས་འདྲིར་བཅུག་པ་ལ། ཆོས་ཐམས་ཅད་ཀྱི་རྩ་བ་གང་ཡིན། གེགས་གང་གིས་བྱེད། ནན་ཏན་གང་ལ་བྱ། ལྟ་བ་རྣམས་ཀྱི་ནང་ནས་གང་གལ་ཆེ། རྣམས་ར་ཤེས་པ་ཚོགས་དུ་ཡོད། ཚོགས་གང་གིས་རྫོགས་ཞེས་འདྲིར་བཅུག་པ་ལ། །སྤྱན་རས་གཟིགས་ཀྱི་ཞལ་ནས། ཆོས་ཐམས་ཅད་ཀྱི་རྩ་བ་བྱང་ཆུབ་ཀྱི་སེམས་ཡིན། གེགས་རྣམ་པར་སྨིན་པ་འཕྲ་བའི་འཕྲ་བས་ཀྱང་བྱེད། ནན་ཏན་ལས་རྒྱུ་འབྲས་ལ་བྱ། ལྟ་བ་རྣམས་ཀྱི་ནང་ནས་ཡང་དག་པའི་ལྟ་བ་གལ་ཆེ། རྣམ་པར་ཤེས་པ་ལ་ཚོགས་དྲུག་དུ་ཡང་གསུངས་བརྒྱད་དུ་ཡང་གསུངས་ཏེ། བསྡུ་ན་རྣམ་པར་ཤེས་པའི་ཚོགས་ཅིག་ལ་བྱ། དཔེར་ན་སྤྲེའུ་མཁར་ནང་དུ་བཅུག་པ་ལྟ་བུ་ཡིན། ཚོགས་ཤེས་རབ་ཀྱིས་ཕ་རོལ་ཏུ་ཕྱིན་པས་རྫོགས་

(༦༦)སོ་གསུང་ངོ། །བླ་མ་རིན་པོ་ཆེའི་ཞལ་ནས། དཀར་པོའི་ཆོས་སྤྱོད་ཐོས་བསམ་མཉན་བཤད་བསྲུང་སྡོམ་བསགས་སྦྱང་བསྒོམ་བསྒྲུབ་ལ་སོགས་ཅི་བྱེད་ཀྱང་ཆོས་ལས་སུ་མ་སོང་བར། ཆོས་ཆོས་སུ་འགྲོ་བ་ཅིག་དགོས་གསུང་། འོ་ན་ལས་གང་ཡིན་ཞེས་ན། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ཡིན། །དེས་བསྐྱེད་ལས་ནི་མི་དགེ་བ། །ཅེས་གསུངས་པས། དངོས་སུ་བསྐྱེད་ན་ལྷ་མིའི་བདེ་བ་ལ་སོགས་པ་ཡིན་ཏེ། དཀར་པོའི་དགེ་བ་ཡང་ཚེ་འདིའི་འདོད་པ་དང་། ཉམས་པ་དང་། ཆོས་བརྒྱད་ཀྱིས་ཀུན་ནས་བསླངས་པའི་ཆོས་སྤྱོད་ཅི་བྱས་ཀྱང་ལས་སུ་སོང་བ་ཡིན་པས། དེ་ལྟར་མ་སོང་བར་བྱད་པ་ལས། རིན་པོ་ཆེའི་ཞལ་ནས། ཆོས་བཞི་ཡིན་གསུང་། དེ་ལ་ཆོས་ཆོས་སུ་འགྲོ་བ། ཆོས་ལམ་དུ་འགྲོ་བ། ལམ་འཁྲུལ་པ་སེལ། འཁྲུལ་པ་ཡེ་ཤེས་སུ་འཆར་བའོ། དེ་ཡང་ཆོས་ཆོས་སུ་འགྲོ་བ་ལ་གཉིས། འཇིག་རྟེན་པའི་ཆོས་སུ་འགྲོ་བ་

(༦༧)དང་། མྱ་ངན་ལས་འདས་པའི་ཆོས་སུ་འགྲོ་བའོ། དེ་ལ་འཇིག་རྟེན་པའི་ཆོས་སུ་འགྲོ་བ་ནི། དེ་ཡང་འཆི་བ་མི་རྟག་པ་གོ་བ། ལས་འབྲས་གོ་ནས་ཡིད་ཆེས་པས། སྐྱེ་བ་ཕྱི་མ་ངན་སོང་གི་སྡུག་བསྔལ་ལ་འཇིགས་བསྐྲག་ནས། དཀར་པོའི་དགེ་བ་ཅི་བྱེད་པ་ཐམས་ཅད་འཇིག་རྟེན་ཕྱི་མ་ངན་སོང་གི་སྒོ་ཁེགས་པར་འདོད། མཐོ་རིས་ལྷ་ལུས་མི་ལུས་རྣམ་པར་དག་པ་དང་། ལྷ་ཡིས་བདེ་བ་དང་། མིའི་བདེ་བ་དང་། ལྷའི་ལོངས་སྤྱོད་ངེས་པར་ཐོབ་པར་འདོད་པའི་ཆེད་དུ་བྱེད་པ་ཐམས་ཅད་རང་ཉིད་ཅིག་པོ་ཞི་བདེ་འཇིག་རྟེན་པའི་ཆོས་སུ་འགྲོ་བ་ཡིན། མྱ་ངན་ལས་འདས་པའི་ཆོས་སུ་འགྲོ་བར་བྱ་བ་ནི། འཁོར་བ་མཐའ་དག་གིས་ཉེས་དམིགས་གོ་ནས། ལྷ་ལུས་མི་ལུས་ལྷ་དང་མི་ལོངས་སྤྱོད། གང་ལ་ཡང་མ་ཞེན་མ་ཆགས་ནས་སྐྱུག་ལོག །ཡི་མུག་འབྱུང་། འཁོར་བ་མེ་དོང་ལྟ་བུར་གོ། རྩོན་ར་རྩོན་དོང་། མུན་པ་མུན་རུམ། མི་གཙང་བའི་འདབ་རྫབ་ལྟ་བུར་གོ། །འཁོར་བ་སྡུག་

(༦༨)བསྔལ་གྱི་རྒྱ་མཚོ་ཆེན་པོར་གོ། །ངེས་པར་ཡིད་ཆེས་པས་འཁོར་བའི་བདེ་བ་དང་། ཡོན་ཏན་གང་ལ་ཡང་མ་ཆགས་མ་ཞེན་པས་བདག་འཁོར་བ་ལས་མྱུར་དུ་ཐར་བར་འདོད། གྲོལ་བར་འདོད་ནས་ཆོས་ཅི་བྱེད་པ་ཐམས་ཅད་རང་ཉིད་ཅིག་པུ་ཞི་བདེ་མྱ་ངན་ལས་འདས་པའི། ཉན་ཐོས་ཀྱི་བྱང་ཆུབ་དང་ཐེག་པ་དམན་པའི་ཉེས་དམིགས་གོ་བས། དཀར་པོའི་བསགས་སྦྱང་བྱེད་པ་མྱ་ངན་ལས་འདས་པའི་ཆོས་སུ་འགྲོ་བ་ཡིན། དེ་ལྟར་ཆོས་ཆོས་སུ་འགྲོ་བ་ཡིན་གསུང་། །ཆོས་ལམ་དུ་འགྲོ་བ་ལ་གཉིས། ལམ་གྱི་གཞིར་འགྲོ་བ་དང་། ལམ་དངོས་སུ་འགྲོ་བའོ། །ལམ་གྱི་གཞིར་འགྲོ་བ་ནི་ཐེག་པ་དམན་པའི་ཉེས་དམིགས་གོ་བས། དཀར་པོའི་བསགས་སྦྱང་གི་རིམ་པ་ཆེ་འབྲེང་ཅི་བྱེད་པ་ཐམས་ཅད་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་ཀུན་ནས་བསླངས་ནས། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་བྱ་བའི་ཕྱིར། བདག་སྐུ་གསུམ་

(༦༩)ཡེ་ཤེས་ལྔ་ལྡན་ཐམས་ཅད་མཁྱེན་པའི་སངས་རྒྱས་ངེས་པར་ཐོབ་པར་འདོད་པའི་ཆེད་དུ་བྱེད་པ་ནི་ལམ་གྱི་གཞི་ཡིན། ལམ་དངོས་སུ་འགྲོ་བ་ནི། ཀུན་རྫོབ་ཏུ་རྨི་ལམ་སྒྱུ་མ་ལྟ་བུ་རྗེས་སུ་དྲན། ཆོས་སྤྱོད་ཆེ་འབྲིང་ཅི་བྱེད་པ་ཐམས་ཅད་བྱམས་སྙིང་རྗེ་བྱང་ཆུབ་ཀྱིས་སེམས་རྨི་ལམ་སྒྱུ་མ་ལྟ་བུ། ཐབས་ཤེས་རབ་ཡ་མ་བྲལ་བར་ཉམས་སུ་ལེན་པ་ཡིན་ཏེ། དེ་ལྟར་གཉིས་ཀྱིས་ཆོས་ལམ་དུ་འགྲོའོ། །ལམ་འཁྲུལ་པ་སེལ་བ་ལ་གཉིས་ཡོད་མེད་དང་རྟག་ཆད་དུ་འཛིན་པ་སྟེ། འཁྲུལ་པ་ཡིན། དེ་རྨི་ལམ་སྒྱུ་མ་ལྟ་བུར་ཉམས་སུ་བླངས་པས་སེལ། ཐེག་པ་དམན་པས་རང་དོན་དུ་བྱས་པ་སྟེ་འཁྲུལ་པ་ཡིན། དེ་ལ་བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས་སེལ་ཏེ། དེ་ལམ་གྱི་འཁྲུལ་པ་སེལ་བ་ཡིན་ནོ། །འཁྲུལ་པ་ཡེ་ཤེས་སུ་འཆར་བ་ལ་གཉིས། མཚན་ཉིད་ཕ་རོལ་དུ་ཕྱིན་པའི་ལུགས་དང་། གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་དང་། ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱིས་འཁྲུལ་པ་ཡེ་ཤེས་སུ་

(༧༠)འཆར་བ་ནི། འཁྲུལ་པ་སེལ་མཁན་གྱི་ཤེས་པ་དེ་ཀུན་རྫོབ་སྒྱུ་མ་རྨི་ལམ་ལྟ་བུའི་ཚུལ་གྱིས། བཟུང་འཛིན་ཐམས་ཅད་གདོད་མ་ནས་ཐ་མི་དད་ཅིང་། གཉིས་སུ་མེད་པ་རང་བཞིན་ངོ་བོ་ཉིད་ཀྱིས་རྣམ་པར་དག་པ། མི་སྣང་བ། སྣང་བ་མེད་པ། བཟུང་འཛིན་ཉེ་བར་ཞི་བ་སྤྲོས་པའི་མཐའ་དང་བྲལ་བར་རྟོགས་ཙ་ན། འཁྲུལ་པ་ཡེ་ཤེས་སུ་འཆར་བ་ཡིན་ནོ། །གསང་སྔགས་ཀྱི་ལུགས་ཀྱིས་འཁྲུལ་པ་ཡེ་ཤེས་སུ་འཆར་བ་ནི། འཁྲུལ་པ་དང་མ་འཁྲུལ་བ་ཐམས་ཅད་རང་གི་སེམས་གཉིས་སུ་མེད་ཅིང་། ཐ་མི་དད་པས་སེམས་ཀྱི་རང་བཞིན། དེ་སེམས་ཀྱི་ངོ་བོ། སེམས་ཀྱི་ཆོ་འཕྲུལ་ཡིན། འཁྲུལ་མཁན་རང་ལ་གསལ་ལ་རྟོག་པ་མེད་པ། གསལ་སྟོང་ངོས་བཟུང་མེད་པ། གསལ་སྟོང་རྒྱུན་ཆད་མེད་པ། གསལ་སྟོང་མཐའ་དབུས་མེད་པ། རིག་པ་རྟེན་མེད་པ་གཅེར་བུ། སིངས་ཀྱིས་དོན་གཞི་ཐོག་དུ་རྟོགས་དགོས། དེ་ལྟ་བུའི་སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུའི་ངོ་བོ་དང་། སྣང་བ་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུའི་འོད། ཕྱི་

(༧༡)བཟུང་བར་བྱ་བའི་ཡུལ། སྣང་སྲིད་འཁོར་འདས་ཐམས་ཅད་སེམས་ཉིད་དང་ཐ་མི་དད་པ། གཉིས་སུ་མེད་པ། མཉམ་པ་ཉིད། སྤྲོས་བྲལ་བདེ་བ་ཆེན་པོར་འཆར་དགོས་ཏེ། འུབ་ཧྲིལ་གྱིས་བསྡུས་ན་འཁྲུལ་པ་མ་རིག་པ་ཡིན། རིག་པ་ཡེ་ཤེས་སུ་ཤར་ནས་འཁྲུལ་པ་ཡེ་ཤེས་སུ་ཤར་པ་ཡིན་གསུང་། །བླ་མ་རིན་པོ་ཆེའི་ཞལ་ནས། བླ་མའི་གདམ་ངག་ལྷན་ཅིག་སྐྱེས་སྦྱོར་ནི། གོ་ཆ་གཉིས་ཀྱིས་ལམ་དུ་འཁྱེར་བར་བྱ་སྟེ། ཕྱི་ལྟ་བའི་གོ་ཆ་དང་། ནང་ཤེས་རབ་ཀྱི་གོ་ཆའོ། །དེ་ཡང་སྡིག་པ་མི་དགེ་བ་སྲོག་གི་ཕྱིར་ཡང་མི་བྱེད་ཅིང་། དཀར་པོ་དགེ་བ་རྒྱུན་མི་གཅོད་པ། ཕྱི་ལྟ་བའི་གོ་ཆའོ། ནང་ཤེས་རབ་ཀྱི་གོ་ཆ་ལ་གཉིས། ཕྱི་ལུས་ཀྱི་ན་ཚ་མི་སྤོང་པ་དང་། ནང་སེམས་ཀྱི་རྣམ་རྟོག་མི་སྤོང་བའོ། ཕྱི་ལུས་གྱི་ན་ཚ་མི་སྤོང་བ་ལ། ནད་སྨ་དབབ་པ་དང་། ནད་རྩད་བཅད་པ་དང་། ནད་ལམ་དུ་འཁྱེར་བའོ། ནད་སྨ་དབབ་པ་ནི། ནད་ཆུང་བར་མི་བསམ་པར་སྔར་བས་ཀྱང་ཆེ་བར་བསམས་ཏེ། དེས་བདེ་བའོ། །རྩད་བཅད་པ་ནི་ནད་དང་པོ་གང་ནས་འོངས། བར་དུ་

(༧༢)གར་གནས་ཐ་མ་གར་འགྲོ་བ་བསམས་པས་དང་པོ་འོངས་ས་མེད་པར་ཐར་གནས་ས་འགྲོ་ས་མེད་པར་རྟོགས་པས་རྟོག་པ་ཞི་ནས་འོང་། ནད་ལམ་ཁྱེར་ནི་བདེ་སྡུག་ཐམས་ཅད་གཉིས་མེད་དུ་ཤེས་དགོས་ཏེ། ན་བ་ཡང་སེམས་ནད་དུ་འཛིན་པ་ཡང་སེམས་ཡིན་ཏེ། ནད་འདི་ལ་བརྟེན་ནས་དོན་ཅི་གྲུབ་བྱ་སྙམ་པའོ། །ནང་སེམས་ཀྱི་རྣམ་མི་རྟོག་སྤོང་བ་ལ། རྣམ་རྟོག་སྐུ་དྲིན་ཅན་དུ་ལྟ། མེད་དུ་མི་རུང་བར་ལྟ། དགོས་པར་ལྟ། སྙིང་དུ་སྡུག་པར་ལྟ། དེ་ལྟར་རྣམ་རྟོག་ངོ་བོ་ཉིད་ཀྱིས་རྣམ་རྟོག་ཡིན། རྣམ་རྟོག་གྲོགས་ཡིན། རྣམ་རྟོག་ལམ་ཡིན། རྣམ་རྟོག་ཤེས་རབ་ཀྱི་བུད་ཤིང་ཡིན་པས། དེ་ཡང་དང་པོ་དམིགས་པ་དང་རྩོལ་བས་མི་སྒྲུབ། བར་དུ་མི་གནས་ཐ་མར་མི་འཛིན། དང་པོ་དམིགས་པ་དང་རྩོལ་བས་མི་སྒྲུབ་པ་ནི། བློ་ངོར་ཅི་བྱུང་པ་ཐམས་ཅད་རྣམ་རྟོག་དུ་དཔྱོད། རྣམ་རྟོག་སེམས་སུ་དཔྱོད། སེམས་སྐྱེ་བ་མེད་པ་ཆོས་ཀྱི་སྐུར་དཔྱོད་པའོ། དེ་ཡང་ལས་དང་པོ་པ་རྣམས་ཀྱིས་ནི་བཟང་རྟོག་གིས་ངན་རྟོག་སེལ་དགོས་

(༧༣)ཏེ། དཔེར་ན་ཉི་མ་སྒྲིབ་པར་བྱེད་པ་ལ། སྤྲིན་དཀར་པོས་བསྒྲིབས་པ་ངང་ནག་པོས་བསྒྲིབས་པ་འདྲ་སྟེ། སྐྱེས་བུ་འཆིང་བར་བྱེད་ན་ལྕགས་སྒྲོག་གིས་བཅིངས་པ་དང་གསེར་སྒྲོག་གིས་བཅིངས་པ་འདྲ་བའི་དཔེ་དེ་བཞིན་དུ་བཟང་རྟོག་གིས་བཅིངས་པ་དང་། ངན་རྟོག་གིས་བཅིངས་པ་འདྲ་སྟེ། བཟང་རྟོག་ངན་རྟོག་ཐམས་ཅད་སེམས་སུ་གཅོད། སེམས་སྐྱེ་བ་མེད་པ་ཆོས་ཀྱི་སྐུར་དཔྱོད་པའོ། དེ་ནི་སྤྱོད་པའི་སྟོང་ཉིད་ཡིན། བར་དུ་མི་གནས་པ་ནི། དེ་ལྟར་བཟང་རྟོག་ཐམས་ཅད་བཅད་པས། ཤེས་པ་ཐང་ཆད་ནས་ཤི་ན་ཡང་དེ་ལ་གནས་སུ་མི་འཇུག །མིར་རྟོག་ན་ཡང་དེ་ལ་གནས་སུ་མི་འཇུག །སྟོང་པ་ཉིད་དུ་འགྲོ་ན་ཡང་དེ་ལ་གནས་སུ་མི་འཇུག །དེ་ཐམས་ཅད་རྣམ་རྟོག་ཏུ་གཅོད། རྣམ་རྟོག་ཡེ་ཤེས་སུ་གཅོད་སེམས་སྐྱེ་བ་མེད་པ་ཆོས་ཀྱི་སྐུར་གཅོད་པའོ། །ཐ་མར་མི་འཛིན་པ་ནི་དེ་ལྟར་སྤྱད་པ་དེ་བཞིན་དུ་ཡང་མི་འཛིན། ལམ་དུ་ཡང་མི་འཛིན། འབྲས་བུར་ཡང་མི་འཛིན། ལྟ་བ་བསྒོམ་པ་སྤྱོད་པ་

(༧༤)གང་དུ་ཡང་མི་འཛིན་པའོ། །ཕྲད་པ་ཡི་བློ་སྟོང་ཉིད་ནི། འཕྲད་འཇོམས་ཕྱི་སྙེགས་མེ་སྤྲུལ་ལོ། །ཕྲད་འཇོམས་ཀྱི་དཔེ་ནི། མི་སྔར་འདྲིས་པ་ལྟ་བུ་སྟེ། རྣམ་རྟོག་བྱུང་མ་ཐག་ཏུ་ཆོས་སྐུར་ངོ་ཤེས་པའོ། །ཕྱིས་སྙེགས་པའི་དཔེ་ནི། སྔར་མ་འདྲིས་པ་ལྟ་བུའོ། མཚོ་ལ་ཁ་བ་བབ་པ་ལྟ་བུའོ། ཁ་བ་བབ་མ་ཐག་ཏུ་མི་ཞུ་བར་རྗེས་ལ་ཞུ་བ་ལྟར། རྣམ་རྟོག་ངོ་ཤེས་ཀྱང་སྔར་བཙལ་རྗེས་ལ་བསམས་པས་ཤེས་པའོ། །མེ་སྤྲུལ་པའི་དཔེ་ནི། ནགས་ལ་མེ་མཆེད་པ་ལྟ་བུ་སྟེ། མེ་ཆུང་བའི་དུས་སུ་རླུང་ལ་སོགས་པས་གསོད་པའི་རྐྱེན་བྱེད། མེ་ཆེར་སོང་ནས་རླུང་ཇི་ལྟར་ཆེ་བས་གྲོགས་སུ་འགྲོ་བ་ལྟར། རང་ལ་སྐུར་པ་དྲག་པོ་ཕོག་པའམ། མཛེ་བྱུང་བའམ་མི་མཐུན་པའི་རྐྱེན་ཤིན་ཏུ་དྲག་པོ་འབྱུང་བར་བསྒོམ་མོ། །དེ་རྣམ་རྟོག་ཏུ་བཅད། རྣམ་རྟོག་སེམས་སུ་བཅད། སེམས་སྐྱེ་བ་མེད་པར་ཆོས་ཀྱིས་སྐུར་བཅད་ཅིང་བསྒོམ། དེ་ལྟར་བསྒོམས་པས་གསོས་འདེབས་ནུས་པ་དང་། མ་ཁྲུལ་བ་དང་། ཤེས་རབ་ཀྱིས་ཆོས་སྒོ་ཕྱེད་པ་ཡིན་ཏེ། གསོས་འདེབས་ནུས་པ་ནི། འདི་

(༧༥)ལྟར་རྣམ་རྟོག་ཅིག་ཆོས་སྐུར་ཤེས་ན། ཀུན་ཤེས་པས་དཔེར་ན་ཕྱོགས་ཅིག་གི་ཆུ་འཐུངས་ན། རྒྱ་མཚོ་མ་ལུས་པར་ཤེས་པར་འགྱུར། འདམ་བུ་ཅིག་ཁོག་སྟོང་ན་ཀུན་ཁོང་སྟོང་། ཚར་བུ་ཅིག་རྐང་རུབ་ན་ཀུན་རུབ་པ་ལྟ་བུའོ། །འགལ་བསྒྱུར་ནུས་པ་ནི། གོང་ལྟར་མེ་སྤྲུལ་ལ་བློ་སྦྱོངས་པས། དངོས་སུ་རྐྱེན་ངན་ཅི་བྱུང་ཡང་ཐམས་ཅད་གྲོགས་སུ་འཆར་བ་ཡིན། མ་འཁྲུལ་བ་ནི། སྔར་རྣམ་རྟོག་ངོ་མ་ཤེས་པས་འཁྲུལ་པ་ཡིན་ཏེ། རྣམ་རྟོག་གི་རྩ་བ་ཆོད་རྣམ་རྟོག་ཆོས་སྐུར་ངོ་ཤེས་པས་འཁྲུལ་རྒྱུ་མེད་པའོ། །ཤེས་རབ་ཀྱིས་སྒོ་ཕྱེད་པ་ནི། དཔེར་ན་མདུང་ནམ་མཁའ་ལ་སྐོར་བ་དང་འདྲ་སྟེ། ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་ཅིག་འོང་བ་གསུང་ངོ་། །བླ་མ་རྗེ་བཙུན་རིན་པོ་ཆེའི་ཞལ་ནས། ཕ་རོལ་དུ་ཕྱིན་པའི་ལུགས་ཀྱིས་དང་པོ་ཕྱི་བཟུང་བའི་ཡུལ་རྩད་གཅོད་དེ། དཔེར་ན་གཙུག་ཤིང་དང་གཙུབས་བསྟན་དང་སྐྱེས་བུའི་ལག་པའི་རྩོལ་བས་མེ་བྱུང་སྟེ། དེས་ནགས་ཐམས་ཅད་

(༧༦)ཚིག་ནས་ཐལ་བ་ཡང་མེད་པ་ལྟར། ཅིག་དང་དུ་བྲལ་ལ་སོགས་པའི་རིག་པས་གཞལ་གཞིག་བཏང་། གཏན་ལ་ཕབ་ནས། ཕྱི་བཟུང་བའི་ཡུལ་རྩད་ཆོད་ན། ནང་འཛིན་པའི་སེམས་སྒྲོག་རང་བརྡལ་ལ་འགྲོ་གསུང་ངོ་། ཕྱག་རྒྱ་ཆེན་པོ་བའི་ལུགས་ཀྱི། ནང་འཛིན་པའི་སེམས་རྩད་ཆོད་ན། ཕྱི་བཟུང་བའི་ཡུལ་སྒྲོག་རང་བརྡལ་དུ་འགྲོ་གསུང་། །འཛིན་པའི་སེམས་རྩད་གཅོད་པ་ལ། རིན་པོ་ཆེའི་ཞལ་ནས། མཚན་ཉིད་ངོ་བོ། རང་བཞིན་གསུམ་ཡིན་གསུང་། སེམས་ཀྱི་མཚན་ཉིད་ལ་གཉིས། ཕྱི་ཡུལ་སྣང་བ་དཀར་དམར་སྣ་ཚོགས་སུ་སྣང་བ་དང་། ནང་རྣམ་རྟོག་དགེ་མི་དགེ་སྣ་ཚོགས་སུ་འཕྲོ་བའོ། །དེ་ཡང་ངོ་བོ་དང་མཚན་ཉིད་གཉིས། སེམས་དང་སེམས་ལས་བྱུང་བ་ཡིན་ཏེ། དཔེར་ན་ནམ་མཁའ་ལ་སྤྲིན་མཐུག་པ་དང་། སྲབ་པ་དང་དཀར་དམར་སྣ་ཚོགས་འབྱུང་སྟེ། བྱུང་ཡང་ནམ་མཁའ་ལས་བྱུང་། ཐིམ་ཡང་ནམ་མཁའ་ལ་ཐིམ་པ་ལྟར། རྣམ་པར་རྟོག་པ་སྣ་ཚོགས་སུ་འཕྲོ་བ་དང་། གཟུགས་སྒྲ་དྲི་

(༧༧)རོ་རེག་བྱ་ལ་སོགས་པ། དབང་པོའི་ཡུལ་སྣ་ཚོགས་སུ་སྣང་ཡང་སེམས་ལས་བྱུང་བ་ཡིན། དེ་ལྟར་དུ་སྣང་བ་སེམས་ཀྱི་མཚན་ཉིད་ཡིན། སེམས་ཀྱི་ངོ་བོ་ཞེས་བྱ་བ་ནི་རང་གི་རིག་པ། ངའོ་སྙམ་བདག་གི་སྙམ་པ་སེམས་ཀྱི་ངོ་བོ་གསལ་སྟོང་ངོས་བཟུང་མེད་པ། རྒྱུད་ཆད་མེད་པ། རིག་པ་རྟེན་མེད་པ་ཅེར་བུ་རྗེན་པར་ལམ་གྱིས་རྟོགས་པའོ། །འོ་ན་སེམས་ཀྱིས་ངོ་བོ་ཅི་ལྟར་བུ་ཡིན་ཞེས་ན། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན། རྟག་པ་ཡང་མ་ཡིན་ཆད་པ་ཡང་མ་ཡིན། མཐའ་གཉིས་དང་བྲལ་བའི་དབུ་མ་ཡང་མ་ཡིན་ཏེ། བཅད་པས་མི་ཆོད་པ་བཤིག་པས་མི་ཤིགས་པ། སྒྱུར་བས་མི་འགྱུར་བ། བཀག་པས་མི་ཁེགས་པ་ཅིག་ཡིན། དུས་ཐམས་ཅད་དུ་འགྲོ་འོང་མེད་པ། དུས་གསུམ་རྒྱུན་ཆད་མེད་པ་ཡིན་པས། བཅད་པས་མི་ཆོད་འདུས་བྱས་མ་ཡིན་ཏེ། གདོད་མ་ནས་རང་བཞིན་ལྷུན་གྱིས་གྲུབ་པ་ཡིན་པས། བཤིག་པས་མི་ཤིགས་གཟུགས་དང་ཁ་དོག་ཏུ་མ་གྲུབ། དངོས་པོ་དང་མཚན་མར་མ་གྲུབ་པ་ཡིན་པས་

(༧༨)ཀྱང་བཀག་པས་མི་ཁེགས་སོ། །དེ་ལྟ་བུའི་དོན་རྟོགས་ན་སེམས་ཀྱི་ངོ་བོ་ཞེས་བྱ། བདེ་བ་ཆེན་པོ་ཞེས་བྱ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱ། གཉིས་སུ་མེད་པ་ཞེས་བྱ་སྟེ། དེ་ལྟ་བུའི་ངོ་བོ་ནི་དང་པོ་རྣམ་རྟོག་སྣ་ཚོགས་སུ་འཕྲོ་བ་ནི། གཉིས་མེད་དུ་ཆོད་དགོས། དེ་ལྟར་ངོ་བོ་ནི་དང་པོ་རྣམ་རྟོག་སྣ་ཚོགས་སུ་འཕྲོ་བ་ནི། གཉིས་མེད་དུ་ཆོད་དགོས། དེ་ལྟར་ངོ་བོ་དང་མཚན་ཉིད་རང་བཞིན་གྱིས་ཐ་དད་མེད་པར་ཤེས་པ་ལ། རང་བཞིན་ཞེས་བྱ་སྟེ་དེ་ལྟ་བུའི་དོན་རྟོགས་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་ཡིན། དེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་གནས་ཏེ། མདོ་ལས་ཀྱང་། །བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །འདི་ན་སྣོད་མེད་སེམས་ཅན་གང་ཡང་མེད། །སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་ནས། །འགྲོ་བ་འདི་དག་ཐམས་ཅད་སངས་རྒྱས་རྒྱུ། །ཞེས་གསུང་། དེ་ལྟ་བུའི་དོན་རྟོག་པར་བྱ་བ་ལ། མོས་གུས་དང་བརྩོན་འགྲུས་ཀྱིས་མ་ཡེངས་པར་ཉམས་སུ་བླངས་པའོ། །དེ་ཡང་མཚན་བཅས་བསྒོམ་དུས་མཚན་མེད་མི་བསྒོམ། མཚན་མེད་བསྒོམ་དུས་མཚན་བཅས་ཡིད་ལ་མི་བྱའོ། སེམས་ཀྱི་

(༧༩)གླང་པོ་དམིགས་པའི་ཀ་བ་ལ་དྲན་འདུན་གྱི་ཞགས་པས་བཏགས་ནས། བག་ཡོད་པར་སྤྱོད་ཅིག་ཅེས་གསུངས་པས། གང་ཉམས་སུ་ལེན་པ་དེ་ལ་མ་ཡེངས་པའོ། གང་ཉམས་སུ་བླངས་པའི་དུས་སུ་བླ་མས་གདམ་ངག་ཐད་སོ་དང་། སྦྱར་ནས་བཏབ་པ་ཏེ་ལགས་པ། བློ་ཡར་མར་སོང་ན་རྣམ་པ་ཐམས་ཅད་དུ་བསྒོམ་མི་ཡོང་སྟེ། བདུད་དུ་ཤེས་པར་བྱ་གསུང་།། །།བླ་མ་རིན་པོ་ཆེའི་ཞལ་ནས། སྐྱེས་བུ་ཚེ་གཅིག་གིས་སངས་རྒྱས་ཐོབ་པར་བྱེད་པ་ལ། ཕྱག་རྒྱ་ཆེན་པོ་བསྒོམ་པ་གལ་ཆེ། ཕྱག་རྒྱ་ཆེན་པོ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལ་ཟེར་བ་ཡིན། དེ་གར་ཚོལ་ཞེས་ན་རང་གི་སེམས་ལ་ཚོལ་བ་ཡིན། དེ་ཡང་ཕྱག་ཅེས་པ་སློབ་དཔོན་ཀླུ་གྲུབ་གྱིས་གསུངས་པ། ཇི་ལྟར་ཆུ་ལ་ཆུ་གཞག་དང་། །མར་ལ་མར་ནི་གཞག་པ་བཞིན། རང་གིས་རང་གི་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་གསུངས་པ་སྟེ་ཡིན། རྒྱ་ལ་རྣམ་པ་གསུམ་ཏེ།

(༨༠)རང་བཞིན་གྱི་རྒྱ། ཉམས་མྱོང་གྱི་རྒྱ། རྟོགས་པའི་རྒྱ་དང་གསུམ་མོ། །རང་བཞིན་གྱི་རྒྱ་ནི། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། ཅེས་པ་སྟེ། སེམས་ཀྱི་གནས་ལུགས་ཏེ། མནར་མེད་པའི་སེམས་ཅན་དམྱལ་བ་ཡན་ཆད། འཇག་མིག་གི་སྲིན་བུ་ཚུན་ཆད་ལ་མ་ཁྱབ་པ་མེད་པས། ཧེ་བཛྲ་ལས། བཤང་ལམ་སྲིན་བུ་ལ་སོགས་པ། ཇོ་བོ་ཉིད་ཀྱིས་བདག་ཉིད་ཅན། །ཞེས་གསུངས། འོ་ན་རང་བཞིན་དེ་ཡོད་པས་ཆོག་གམ་ཟེར་ན་མི་ཆོག་སྟེ། བསྒོམས་བྱུང་གིས་ཤེས་རབ་ཀྱིས་ཉམས་སུ་མྱོང་དགོས་ཏེ། ཉམས་སུ་ཅི་ལྟར་མྱོང་ན། སེམས་ཀྱི་རང་བཞིན་འོད་གསལ་སྐྱེ་འགག་མེད་པའི་དོན་མངོན་སུམ་ཚང་མས་ཉམས་སུ་མྱོང་དགོས། །དེས་ན་རང་སེམས་ཀྱི་མཚན་ཉིད་ནི་རྣམ་རྟོག་སྣ་ཚོགས་སུ་འཕྲོ་བ་དང་། ཡུལ་དཀར་དམར་སྣ་ཚོགས་སུ་སྣང་བ་དང་། ཐ་དད་མེད་པ། སེམས་ཀྱི་ངོ་བོ་སེམས་ཀྱི་ཆུ་འཕྲུལ་ཡིན་ཏེ། ཧྲིལ་གྱིས་དྲིལ་ན་སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ་དང་། སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད་དང་།

(༨༡)སྣང་སྲིད་འཁོར་འདས་མ་ལུས་པ་ཐམས་ཅད་རང་བཞིན་ངོ་བོ་ཉིད་ཀྱིས་རྣམ་པར་དག་པ། རྣམ་པར་བྱང་བ། སྐྱེ་འགག་གནས་གསུམ་གྱིས་དབེན་པ། སྨྲ་བསམ་བརྗོད་ལས་འདས་པ་ཤར་བ་ནི་ཉམས་མྱོང་གི་རྒྱ་ཡིན་ནོ། །རྟོགས་པའི་རྒྱ་ནི། དེ་ལྟ་བའི་དོན་ཡང་། རྒྱུ་དང་རྐྱེན་གྱིས་མི་བསྐྱེད། དངོས་པོ་དང་མཚན་མར་མ་གྲུབ། གཟུགས་དང་ཁ་དོག་ཏུ་མ་གྲུབ། ཡོད་མེད་ལ་སོགས་པའི་སྒྲོ་ས་བཀུར་མཐའ་དག་དང་བྲལ་བ། འདུས་མ་བྱས་པ་རང་བཞིན་ལྷུན་གྱིས་གྲུབ་པ། ཡང་རང་བཞིན་ངོ་བོ་ཉིད་ཀྱི་སྐུར་གྲུབ་པར་རྟོགས་པས་རྟོགས་པའི་རྒྱའོ། དེ་བས་ན་བླ་ན་མེད་པ་དང་གོང་ན་མེད་པའི་ཕྱིར་ན་ཆེན་པོའོ། དེ་ལྟ་བུའོ་ཕྱག་རྒྱ་ཆེན་པོ་རྟོགས་པའི་གདམ་ངག་དེ་ལ། འདུ་ཀྱི་ཡེ་ཤེས་བཞི་འཆར་དགོས་ཏེ། སེམས་ཅན་ལ་སྙིང་རྗེ་ཆེ་དགོས། བླ་མ་དཀོན་མཆོག་ལ་དད་གུས་ཆེར་འགྲོ་དགོས། ལས་རྒྱུ་འབྲས་ལ་ཤིན་ཏུ་འཛེམ་དུ་འགྲོ་དགོས། ཚེ་འདིའི་མངོན་པར་ཞེན་པ་ཐམས་ཅད་འཇིག་

(༨༢)དགོས་གསུང་། །བླ་མ་རིན་པོ་ཆེའི་ཞལ་ནས། སྤྱིར་སྒྲུབ་པ་ཉམས་སུ་ལེན་པ་ལ། ཆི་བ་མི་རྟག་པ་རྗེས་སུ་དྲན། ལས་རྒྱུ་འབྲས་རྗེས་སུ་དྲན། འཁོར་བའི་ཉེས་དམིགས་རྗེས་སུ་དྲན། ཐེག་པ་དམན་པའི་ཉེས་དམིགས་དང་། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྗེས་སུ་དྲན་ནས། ཐུན་མོང་མ་ཡིན་པའི་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྒོར་འཇུག་པ་ལ་ཐབས་སྐྱེད་རྫོགས་གཉིས་ཡིན། དེ་བས་ན། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང་། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱི། སྐས་ཀྱི་རིམ་པ་ལྟ་བུར་གསུངས། །རིམ་གཉིས་མཉམ་པར་གཞག་ནས་ནི། །རྡོ་རྗེ་ཅན་གྱིས་ཆོས་ཅིག་འཆད་དོ། །ཅེས་སོ། །དེའི་དོན་བསྐྱེད་པའི་རིམ་པ་བསྒོམ་པ་ལ་ཆོས་དྲུག་ཡིན། བསྐྱེད་རིམས་ཀྱི་དབྱེ་བ། ངོ་བོ། །ངེས་ཚིག །དགོས་པ། བརྟན་པའི་ཚད། འབྲས་བུ་དང་དྲུག་ཡིན། དང་པོ་དབྱེ་བ་ནི། སྒྲུབ་ཐབས་རིམས་ཀྱིས་བསྐྱེད་པ་དང་། ཆོ་ག་གསུམ་

(༨༣)གྱིས་བསྐྱེད་པ་དང་། སྐད་ཅིག་དྲན་རྫོགས་ཀྱིས་བསྐྱེད་པ་དང་གསུམ་ཡིན་ནོ། །གཉིས་པ་ངོ་བོ་ཐ་མལ་གྱི་རྣམ་རྟོག་བཟློག་ནས། ངོ་བོ་ལྷར་གསལ་བའོ། །གསུམ་པ་ངེས་ཚིག་སེམས་ལུས་ལྷར་བསྐྱེད་པ་དང་། ལུས་སེམས་ལྷར་གསལ་བ་དང་། སེམས་ཚིག་ཏུ་བརྗོད་པ་ལྷར་བསྐྱེད་པ་གསུམ་ཡིན། དེ་ལ་ལུས་སེམས་ལྷར་བསྐྱེད་པ་ནི། ཐ་མལ་གྱི་ཤ་ཁྲག་གདོས་པ་ཅན་འདི་མི་དམིགས་པ་ལས། ལྷའི་སྐུར་གསལ་བ་ཡིན། སེམས་ལུས་ལྷར་བསྐྱེད་པ་ནི། ལྷའི་སྐུར་ཡང་སེམས་ཀྱི་སྣང་བ་སྒྱུ་མའམ་འཇའ་ཚོན་ལྟ་བུར་ཤེས་པ་ཡིན། སེམས་ཚིག་ཏུ་བརྗོད་པ་ལྟར་བསྐྱེད་པ་ནི། ལྷའི་སྐུར་སྒྱུ་མ་ལྟ་བུ་ཡང་། མིང་ཙམ་བརྡའ་ཙམ་དང་། བཏགས་པ་ཙམ། ཐ་སྙེད་ཙམ་དུ་རང་བཞིན་གཞི་བྲལ་དུ་ཤེས་པ་ཡིན། བཞི་པ་དགོས་པ་ལ་སྤྱིར་དགོས་པ་དང་། བྱེ་བྲག་ཏུ་དགོས་པ་གཉིས། དེ་ལ་སྤྱིར་དགོས་པ་ནི། རབ་ཟུང་འཇུག་གི་རྟོགས་པ་སྒྲུབ། འབྲིང་དང་ཐ་མས་ཐ་མལ་གྱི་ཞེན་པ་བཟློག །བྱེ་བྲག་ཏུ་དགོས་

(༨༤)པ་ལ། དམ་ཚིག་སེམས་པ་བསྐྱེད་པ་ལ་དགོས་པ་གསུམ་ཡོད་ཏེ། ཐ་མལ་གྱི་འཁྲུལ་པ་ཞིག་པའི་དགོས་པ་ཡོད། རང་དང་ལྷག་པའི་ལྷ་དང་ཐ་མི་དད་དུ་ཤེས་པའི་དགོས་པ་ཡོད། རང་གི་རིགས་འཛིན་གྱི་དམ་ཚིག་བསྲུང་བར་འགྱུར་བའི་དགོས་པ་ཡོད། ཡེ་ཤེས་སེམས་དཔའ་ལ་དགོས་པ་གསུམ་ཡོད་ཏེ། རང་དང་ལྷག་པའི་ལྷ་དང་ཐ་མི་དད་དུ་ཤེས་པའི་དགོས་པ་ཡོད། ཐ་མི་དད་དུ་ཤེས་པ་ལ་ལྷས་བྱིན་གྱིས་རློབས་པའི་དགོས་པ་ཡོད། མཆོག་ཐུན་མོང་གི་དངོས་གྲུབ་མྱུར་དུ་འགྲུབ་པའི་དགོས་ཡོད། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ལ་དགོས་པ་གསུམ། ཐ་མལ་གྱི་ལུས་ངག་ཡིད་གསུམ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་རྣམ་པར་དག་པར་འགྱུར་བའི་དགོས་པ་ཡོད། མི་དང་མི་མ་ཡིན་པའི་གནོད་པ་བསྲུང་བའི་འཁོར་ལོ་མཆོག་ཏུ་འགྱུར་པའི་དགོས་པ་ཡོད། ལྷའི་སྐུར་ཡོངས་རྫོགས་པར་འགྱུར་བའི་དགོས་པ་ཡོད། དབང་བསྐུར་ལ་དགོས་པ་གསུམ། རྒྱུའི་ཆོས་ཕ་རོལ་ཏུ་ཕྱིན་པ་

(༨༥)ལས་ཁྱད་པར་དུ་འཕགས་པའི་དགོས་པ་ཡོད། ཉོན་རྨོངས་པའི་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་བའི་དགོས་པ་ཡོད། ལྷའི་སྐུ་ཡོངས་སུ་རྫོགས་པར་འགྱུར་བའི་དགོས་པ་ཡོད། དེ་ལྟར་བཅུ་གཉིས་བྱེ་བྲག་ཏུ་དགོས་པ་ཡོད། །བརྟན་པའི་ཚད་ལ་རང་གི་ཆ་ནས་གཞག་པ་གསུམ། གཞན་གྱི་ཆ་ནས་གཞག་པ་གསུམ། རང་གི་ཆ་ནས་གཞག་པ་ནི། འགྲོ་ཉལ་འདུག་གསུམ་དུ་རང་ལྷར་གསལ་ན་བརྟན་པ་ཐ་མ། ཕྱི་སྣོད་གཞལ་ཡས་ཁང་། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཡི་དམ་གྱི་ལྷར་གསལ་ན་བརྟན་པ་འབྲིང་། དེ་ལྟར་གསལ་ན་ཐོག་ཏུ། ལྷ་ཐམས་ཅད་རྨི་ལམ་སྒྱུ་མ་ཆུ་ཟླླ་ལྟ་བའི་ལྷར་གསལ་བ་ན་བརྟན་པ་རག་གཞན་གྱི་ཆ་ནས་གཞག་པ་རྣམ་པ་གསུམ་ནི། རང་འགྲོ་བ་གཞན་གྱིས་ལྷར་མཐོང་ན་བརྟན་པར་རབ་རིབ །རང་ལ་དུས་ཐམས་ཅད་དུ་ལྷར་གསལ་བ་བརྟན་པ་འབྲིང་། ཡི་དགས་ལ་ལྷར་གསལ་ན་བརྟན་པ་ཐ་མའོ། །འབྲས་བུ་ལ་གནས་སྐབས་དང་མཐར་ཐུག་གཉིས། མཐར་ཐུག་གིས་གཟུགས་སྐུ་གཉིས་

(༨༦)འབྱུང་། གནས་སྐབས་ལ་རབ་ཚེ་འདི་ལ་རྟེན་ནས་བདེན་པ་མཐོང་། འབྲིང་སྐྱེ་བ་ཕྱི་མ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར། ཐ་མ་ལྷ་མིའི་ལུས་རྣམ་པར་དག་པ་ཐོབ། དེས་འབྲས་བུ་དང་། དེ་ལྟར་བདག་གིས་སྐྱེད་པའི་རིམ་པ་བསྟན་ནས། ཆོས་དེ་རྣམས་དང་ལྡན་པ་ཡིན་གསུང་ངོ་།། །།བླ་མ་རིན་པོ་ཆེའི་ཞལ་ནས། མིའི་གྲུ་ལ་རྟེན་ནས་ནི། །སྡུག་བསྔལ་ཆུའོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་གསུངས་པས། དེ་ཡང་དུས་ཞེས་པ་ནི་དལ་འབྱོར་མི་ལུས་ཐོབ། །བསྟན་པ་རིན་པོ་ཆེའི་སྒོར་ཞུགས། ཆོས་རིན་པོ་ཆེ་ཐོས། ཡང་དག་པ་དགེ་བའི་བཤེས་གཉེན་རིན་པོ་ཆེ་དང་མཇལ། གདམ་ངག་ཉམས་སུ་ལེན་པའི་དུསའདིར་འབད་དགོས་པ་ཡིན་གསུང་། དེ་ཡང་། དད་པའི་རྩ་བ་བརྟན་བྱས་ཏེ། །བྱང་ཆུབ་དུ་ཡང་བློ་བརྟན་བྱ། །ཅེས་པས་དང་པོ་ཐུན་མོང་གི་ལམ་རྣམས་རྒྱུད་ལ་སྐྱེས་པས། གཞི་དད་པ་བརྟན་པ་གལ་ཆེ། དེ་ནས་བྱང་ཆུབ་ལ་བློ་བརྟན་པར་བྱེད་པ་ལ། ཆོས་ཐམས་

(༨༧)ཅད་ཀྱི་སྙིང་པོ་ཡིན་པས་རང་གིས་སེམས་ངོ་ཤེས་དགོས། དེ་ཤེས་པར་བྱེད་པ་ལ། ཕྱི་བཟུང་བའི་ཡུལ། ནང་འཛིན་པའི་སེམས་གཉིས་ཡིན། ནང་འཛིན་པའི་སེམས་ལ་སེམས་དང་སེམས་བཟུང་བར་བྱ་བའི་ཡུལ་བྱུང་བ་སྟེ། ངོ་བོ་དང་མཚན་ཉིད་གཉིས་ཡིན་གསུང་། ཕྱི་བཟུང་བའི་ཡུལ་ནི། རང་གི་ལུས་ཀྱང་ཕར་ཅད་པ་ཐམས་ཅད་ཡིན། དེ་ལྟར་ནང་འཛིན་པའི་སེམས་དང་པོར་ངོ་ཤེས་དགོས། བར་དུ་འབྲིས་དགོས། ཐ་མར་ཀློང་དུ་གྱུར་དགོས། དང་པོར་ངོ་ཤེས་པ་ལ་གསུམ། སེམས་ཀྱི་ངོ་བོ་ཞེས་བྱ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གསལ་སྟོང་ངོས་བཟུང་མེད་པ་ཉམས་སུ་མྱོང་པའི་ཚད་མས་ངོ་ཤེས་དགོས། རྣམ་རྟོག་སྣ་ཚོགས་སུ་འཕྲོ་བ་གཉིས་མེད་དུ་ངོ་ཤེས་དགོས། དེ་ནས་ཕྱི་དཀར་དམར་སྣ་ཚོགས་སུ་སྣང་བའི་ཡུལ་དང་གསུམ་ཁྱད་མེད་དུ་ཤེས་དགོས། བར་དུ་འདྲིས་པར་བྱ་བ་ལ། གནས་དུ་ཁྲོད་དམ་དབེན་པའི་གནས་སུ་བརྩོན་འགྲུས་དང་ལྡན་པས་ཚུལ་བཞིན་དུ་ཉམས་སུ་བླངས་ན། འཆར་ལུགས་རྣམ་པ་གསུམ་གང་རུང་དུ་འོང་སྟེ།

(༨༨)མཉམ་རྗེས་དུས་མཚུངས་པ་དང་། མཉམ་རྗེས་གཉིས། མེད་དུ་འཆར་བའོ། །དེ་ཡང་མཉམ་རྗེས་ཐ་དད་པ་ནི། བསྒོམས་པའི་དུས་སུ་ཡོད་ལ། རྗེས་ལ་མེད་པའོ། འདིའི་དུས་སུ་ནང་དུ་རྣམ་རྟོག་གིས་ཚུར་ལ་གནོད་པ་མེད་ལ་ཕར་གནོད་མི་ནུས་པ་ཡིན་པས། རང་ཉིད་གནས་དབེན་པར་བསྡད་ལ། བླ་མ་ལ་གསོལ་བ་རྒྱུན་ཆད་མེད་པར་འདེབས། མུས་གུས་རྒྱུན་ཆད་མེད་པར་བྱས་ནས་རྩེ་ཅིག་དུ་མཉམ་པར་འཇོག་པ་གལ་ཆེ་གསུང་ངོ་། །མཉམ་རྗེས་དུས་མཚུངས་པ་ཡིན། མཉམ་པར་གཞག་པའི་དུས་སུ་ཡོད་ལ། རྗེས་ལ་ཡང་སྤྱོད་ལམ་རྣམ་བཞིས་མི་གནོད། ནང་རྣམ་རྟོག་སྣ་ཚོགས་སུ་འཕྲོ་བ་ཡང་སེམས་ཉིད་དང་གཉིས་མེད་དུ་ཐག་ཆོད། ཕྱིའི་སྣང་བ་དཀར་དམར་ཡང་། རེས་སྒྱུ་མ། རེས་སྟོང་པ། རེས་དངོས་པོའམ། མཐའ་དབུས་སུ་འཆར་ཏེ། འདིའི་དུས་སུ་བསྒོམ་ཆེན་ཚན་ཅིག་གིས་ང་འདུག་པ་ལས་འགྲོ་བ་ཉམས་མྱོང་བཟང་ཟེར་ཏེ། གནས་དབེན་པར་རང་ཉིད་གཅིག་པོར་འདུག་པ་གལ་ཆེ་གསུང་ངོ་། །མཉམ་རྗེས་

(༨༩)གཉིས་མེད་དུ་འཆར་བ་ནི། སྣང་བ་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུའི་འོད། སེམས་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ་དང་། བཟུང་བར་བྱ་བའི་ཡུལ་སྣང་སྲིད་འཁོར་འདས་མ་ལུས་པ་ཐམས་ཅད་མཉམ་པ་ཉིད་སྤྲོས་བྲལ་བདེ་བ་ཆེན་པོར་རྟོགས། མཉམ་པར་གཞག་པ་དང་མ་གཞག་པ་ཁྱད་མེད་སྤྱོད་ལམ་རྣམ་བཞི་ཅི་བྱེད་པ་ཐམས་ཅད་མཉམ་གཞག་ལས་མ་གཡོས་པར་དུས་ཐམས་ཅད་དུ། ཆུའོ་རྒྱུན་གྱི་རྣལ་འབྱོར་དུ་འགྲོ། དྲན་འདུན་དང་རྟོགས་དཔྱོད་བཏང་མི་དགོས་པར་ཕྲིལ་གྱིས་འགྲོ་བ་ཡིན་གསུང་། དེའི་དུས་སུ་འགྲོ་བ་དང་འདུག་པ་ལ་ཁྱད་མེད། བསྒོམ་ཆེན་པའི་བྱ་བ་ཡིན་པས་འགྲོ་བ་བས་འདུག་པ་བརྩུན། ལྷར་ཡང་བསྒོམ་ཆེན་པ་ལྷམ་བརྡོལ་དང་བརྟན་བརྡོལ་གཉིས་ལ། བསྒོམ་ཆེན་པ་བཏན་བརྡོལ་དགའ་བ་ཡིན་གསུང་། བླ་མ་མི་ལ་གུང་ལོ་བཞི་བཅུ་རྩ་གཉིས་རི་ལ་བཞུགས་ཏེ། བརྒྱད་བཅུ་རྩ་བཞི་ལ་མ་འདས་ཀྱི་བར་དུ་རི་ནས་རིར་བཞུད། རི་ནས་རིར་འཕོས་པ་

(༩༠)ཡིན་གསུང་། བདེ་བར་གཤེགས་པ་རིན་པོ་ཆེ་དེས་བླ་མ་མི་ལ་ལ་ཞུས་བ། །བླ་མ་ཁྱེད་འདི་ལྟར་རྟག་ཏུ་རི་ལ་བཞུགས་པ་ཅི་ལགས་ཞུས་པས། བླ་མའི་ཞལ་ནས། ང་ལ་དབེན་པར་བསྡད་པ་དང་འཚོང་དུས་སུ་བསྡད་པ་ཁྱད་མེད་དེ། ད་རེས་ཀྱི་ལུས་འདི་ལ་བརྟེན་ནས་འགྲོ་བ་སེམས་ཅན་ཐམས་ཅད་སྙིང་ཕུགས་སུ་གཅུག་ནས། འཁོར་བ་ལས་ད་རེས་ཨེ་ཐོན་བལྟ་བ་ཡིན་པས། གྲོང་ཡུལ་དུ་སྡོད་པ་བསྒོམ་ཆེན་པའི་སྤྱོད་པ་མེན་གསུང་སྐད། བདེ་བར་གཤེགས་པ་རིན་པོ་ཆེས་ཀྱང་དེ་ཁོ་ན་ལྟར་མཛད་པ་ཡིན། རང་རེ་ཡང་དེའི་རྗེས་སུ་སྒྲུབ། དེའི་རྗེས་སུ་སློབ་དགོས་པ་ཡིན། ཐམས་ཅད་ཀྱི་དེ་བཞིན་དུ་དགོངས་པར་ཞུ་འཚལ། །བླ་མ་རིན་པོ་ཆེའི་ཞལ་ནས། རྟེན་གྱི་གང་ཟག་ཅིག་ཐུན་མོང་གི་ལམ་རྣམས་རྒྱུད་ལ་སྐྱེས་ནས། ཐུན་མོང་མོང་མ་ཡིན་པའི་ལམ་གསང་སྔགས་ཀྱི་སྒོར་འཇུག་པར་འདོད་པས། ཐེག་པ་ཆེན་པོ་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ལ་བརྟེན་པ་གལ་ཆེ། དེ་ལ་དགེ་བའི་བཤེས་གཉེན་

(༩༡)གྱི་མཚན་ཉིད་ནི། བརྒྱུད་པ་དང་བརྒྱུད་པར་འབྲེལ་བ། བརྒྱུད་པ་དང་སྒྲར་འབྲེལ་བ། སྒྲ་དང་སྒྲའི་ལུང་དུ་འབྲེལ་པ། ལུང་དུ་བྱིན་བརླབས་སུ་འབྲེལ་པ་ཅིག་དགོས། བརྒྱུད་པ་དང་བརྒྱུད་པར་འབྲེལ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ནས། གྲུབ་ཐོབ་ཀྱི་བརྒྱུད་པ་ཟམ་མ་ཆད་པ། དམ་ཉམས་པ་དང་བསླབ་འཆལ་གྱི་བརྒྱུད་པར་མ་སོང་བ་ཅིག་དགོས། བརྒྱུད་པ་དང་སྒྲར་འབྲེལ་པ་ནི། བཀའ་བརྒྱུད་རྣམས་ཞལ་ནས་སྙན་ནས་སྙན། ཐུགས་ནས་ཐུགས་སུ་བརྒྱུད་པ་སྟེ། ཡིག་ནས་དང་དཔེ་རུལ་གྱི་བརྒྱུད་པར་མ་སོང་བ་ཅིག་དགོས། སྒྲ་དང་སྒྲའི་ལུང་དུ་འབྲེས་པ་ནི། བླ་མ་རྣམས་ཀྱིས་བརྗོད་བྱའི་དོན་དེ་ངེས་པར་རྟོགས་པ། ངེས་པར་ཐུགས་སུ་ཆུད་པ་ཅིག་དགོས། ལུང་དང་དབྱིབས་སུ་འབྲེལ་པ་ནི། དགོས་དབང་གི་བརྒྱུད་པ་མ་ཆད་པ་སྟེ། རང་གིས་ཀྱང་གཞན་གྱི་རྒྱུད་ལ་ཡོན་ཏན་བསྐྱེད་པ་བྱིན་རླབས་དང་ལྡན་པ་ཅིག་དགོས་པས་ཆོས་དེ་རྣམས་དང་ལྡན་པའི་བླ་

(༩༢)མ་ཅིག་བཙལ། ཡང་ན་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་ནི། གང་ཟག་ཆོས་ཀྱི་མིག་ཅན་དང་། ཤེས་རབ་ཀྱི་མིག་ཅན་གཉིས་ཡིན། ཡང་ན་གསུམ་ཡིན་ཏེ། ཤེས་རབ་ཆེན་པོའི་གཞན་གྱི་ལམ་སྣ་འཁྲིད་ནུས་པ། སྙིང་རྗེ་ཆེན་པོས་སེམས་ཅན་ཡལ་བར་མི་འདོད་ར། ཚེ་འདིའི་མངོན་པར་ཞེན་པ་སྐྲའི་རྩེ་མོ་བརྒྱར་བཤེགས་པའི་ཚད་ཆམ་ཡང་མེད་པ་ཅིག་དགོས། ཡང་ན་བཞི་ཡིན་ཏེ། དཀོན་མཆོག་གསུམ་ལ་དད་པའི་གདེང་ཐོབ་པ། སེམས་ཅན་ལ་སྙིང་རྗེའི་གདེང་ཐོབ་པ། ཟབ་མོའི་དོན་ལ་རྟོགས་པའི་གདེང་ཐོབ་པ། འགྲོ་བ་རྣམས་ལ་ཟང་ཟིང་མེད་པའི་ཆོས་སྟོན་པའི་བདག་ཉིད་ཅན་ཏེ། ཆོས་དེ་རྣམས་དང་ལྡན་པའི་བླ་མ་ཅིག་བརྟེན་དགོས། རང་རེ་ཡང་འཁོར་བ་ནས་མྱ་ངན་ལས་འདས་པར་བསྐྱེལ་ན། དེ་ལྟ་བུའི་བླ་མ་ཅིག་མ་གཏོགས་པ། ལྭ་ལྟ་བུའི་སྤྲེའི་ལྟ་བུ་ལ་བླ་མ་མི་བྱ་གསུང་། རྗེས་བརྩུན་རིན་པོ་ཆེའི་ཞལ་ནས། ཚེ་འདིའི་ལྟོས་ཐག་ཅད་ནས། སྒྲུབ་པ་ཉམས་སུ་ལེན་པའི་

(༩༣)བསྒོམ་ཆེན་པ་སྟེ། ལྟ་བ་རྟོགས་པ་དང་འབྲེལ་བ། སྒོམ་པ་ཉམས་མྱོང་དང་འབྲེལ་བ། སྤྱོད་པ་དུས་ཚོད་དང་འབྲེལ་བ། འབྲས་བུ་གཞན་དོན་དང་འབྲེལ་བ་ཅིག་དགོས་གསུང་། དེ་ལ་ལྟ་བ་ཟེར་བ་ཡིན། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ་དང་། སྣང་བ་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུའི་འོད་གཉིས་ཡིན་སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་སྐུ་སེམས་ཅན་གྱི་རྒྱུད་ལ་ཡོད་པ་སྟེ་ཡིན། སྣང་བ་ལྷན་ཅིག་སྐྱེས་པ་ནི། རྣམ་རྟོག་སྣ་ཚོགས་སུ་འཕྲོ་བ་དང་། ཡུལ་དཀར་དམར་དུ་སྣང་བ་སྟེ་ཡིན། དེ་ལྟ་བུའི་སྣང་བ་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུའི་འོད་དང་། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་སྐུ་གཉིས། གཉིས་སུ་མེད་པ་རང་བཞིན་ངོ་བོ་ཉིད་ཀྱིས་རྣམ་པར་དག་པ། རྣམ་པར་བྱང་བ། སྨྲ་བསམ་བརྗོད་ལས་འདས་པ། གདོད་མ་ནས་རང་བཞིན་ལྷུན་གྱིས་གྲུབ་པ། འདུས་མ་བྱས་པ་རྒྱུ་རྐྱེན་གྱིས་མ་བསྐྱེད་པ་སྟེ། དབྱིངས་དང་ཡེ་ཤེས་དབྱེར་མེད་པ། གཞི་གནས་ལུགས་དེ་ལྟ་བུ་ཅིག་ཡིན་ཏེ། སངས་

(༩༤)རྒྱས་རྒན་པོས་མ་མཛད་སེམས་ཅན་སྒྲེན་པོས་མ་བཅོས་པ་སྟེ། དེའི་འདུག་ཚུལ་དེ་ལ་ལྟ་བ་ཟེར་བ་ཡིན། དེ་ཡང་རྟོགས་དགོས་མ་རྟོགས་ན་ཕན་པ་མེད། །བླ་མ་རིན་པོ་ཆེའི་ཞལ་ནས། རྟོགས་པ་མེད་པའི་ལྟ་བ་སྟེ། །མཐའ་བྲལ་ཟེར་ཡང་བློས་བྱས་ཡིན། །ཞེས་གསུངས་པས་རྟོགས་པ་ནི། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུའི་འོད་ཟེར་ཏེ། བཟུང་བར་བྱ་བའི་ཡུལ་སྣང་སྲིད་འཁོར་འདས་མ་ལུས་པ་ཐམས་ཅད་མཉམ་པ་ཉིད་བདེ་བ་ཆེན་པོར་ཤར་དགོས། དེ་ཡང་ཐོས་བསམ་གྱི་ཤེས་རབ་མ་ཡིན་ཏེ། བསྒོམ་བྱུང་གིས་བསོད་ནམས་ཀྱིས་དེ་ལྟར་ནང་ནས་འཆར་དགོས། དེ་ལྟར་རྟོགས་ན་ལྟ་བ་རྟོགས་པ་དང་འབྲེལ་བ་ཡིན་ནོ། །བསྒོམ་པ་ཉམས་སུ་འབྲེལ་པ་ནི། དེ་ཡང་ཉམས་སུ་གང་མྱོང་ན་རྟོགས་པའི་དོན་ཏེ་ཉམས་སུ་མྱོང་། །རྟོགས་པ་གང་རྟོགས་ན་ཉམས་སུ་མྱོང་བའི་དོན་ཏེ་རྟོགས་པ་ཡིན། ཉམས་མྱོང་ལ་ཉམས་བྱེ་བྲག་པ་ནི། བསྒོམ་པ་དང་འབྲེལ་པ་མ་ཡིན་ཏེ། བྱེ་བྲག་པ་ནི་རྩ་རླུང་གི་བརྟེན་འབྲེལ་ཡིན། མིག་གི་མཐོང་སྣང་དང་། རྣ་བས་ཐོས་སྣང་ལ་

(༩༥)སོགས་པ་འོང་བ་དང་། བདེ་གསལ་མི་རྟོག་པ་ཞི་གནས་ཀྱིས་ཉམས་སུ་དུས་འདའ་བ་དང་། མི་སྣང་བ་དང་། སྣང་བ་མེད་པ། ནམ་མཁའ་རྣམ་པར་དག་པ་ལྟར་སྣང་པ་ཉིད་ལ་ཕྱམ་འགྲོ་བསྙམ་བྱེད་པའི་ཉམས་བྱུང་ཡང་། དེ་ཉམས་བྱེ་བྲག་པ་ཡིན། དེ་ནི་རེ་ཤིག་ཡོད་ཀྱང་མེད་པར་འགྲོ་བས་ན། ལམ་འབྲས་ནས་བཤད་པས་དེ་ནས་ཉམས་བྱེ་བྲག་པ་བྱ་བ་ཡིན། འོ་ན་བསྒོམ་པ་དང་འབྲེལ་བའི་ཉམས་ཏེ་གང་ཡིན་ཞེས་ན། ངོ་བོའི་རང་ཉམས་ཟེར། ལྷན་ཅིག་སྐྱེས་པའི་རང་ཉམས་ཟེར། གཉུག་མའི་རང་ཉམས་ཟེར། ཕྱག་རྒྱ་ཆེན་པོའི་རང་ཉམས་ཟེར་བ་ཡིན། དེ་གང་ལ་ཟེར་ན་རང་གིས་སེམས་ཀྱི་ངོ་བོ་ལ་ཟེར། དེ་ཇི་ལྟ་བུ་ཡིན་ཞེས་ན། ཡོད་པ་ཡང་མ་ཡིན་པ་སྟེ་ངོས་བཟུང་རྒྱུ་སྐྲའི་རྩེ་མོ་རྒྱར་བཤེགས་པ་ཙམ་ཡང་མེད། མེད་པ་ཡང་མ་ཡིན་ཏེ་ཉམས་སུ་མྱོང་རྒྱུ་དང་། རྟོགས་རྒྱུ་ཡོད་པ་ཡིན་ཏེ། དེ་ལྟ་བུའི་སེམས་ཀྱི་ངོ་བོ་སྟེ། གསལ་སྟོང་ངོས་བཟུང་མེད་པ། གསལ་སྟོང་རྒྱུན་ཆད་མེད་པ་ཤར་དགོས།

(༩༦)དེ་ལྟ་བུར་ཤར་ན་བསྒོམ་པ་ཉམས་མྱོང་དང་འབྲེལ་པ་བྱ་བ་ཡིན། ཉམས་མྱོང་དང་རྟོགས་པ་དུས་ཅིག་མཆི་ཟེར་བ་ཡང་དེ་ལ་ཟེར་བ་ཡིན་ནོ། །སྤྱོད་པ་དུས་ཚོད་དང་འབྲེལ་བ་ལ་བཞི་ཡིན། ལས་དང་པོ་བས་རྒྱལ་པོ་གཞོན་ནུའི་སྤྱོད་པ་བྱ། རྒྱལ་པོ་གཞོན་ནུའི་སྤྱོད་པ་ནི། ལས་དང་པོ་པས་སོ་སོ་ཐར་པ་དང་། དགེ་བསྙེན་ལ་སོགས་པ་ཇི་ལྟར་ཁས་བླངས་པ་བཞིན་ཆགས་ཉམས་མེད་པར་བསྲུང་། བྱང་ཆུབ་སེམས་དཔའི་བསླབ་པ་སྨོན་འཇུག་གཉིས་ཇི་ལྟར་ཁས་བླངས་པ་བཞིན་བསྲུང་། རིག་པ་འཛིན་པའི་དམ་ཚིག་ས་མ་ཡ་འབུམ་སྡེ་ཡོད་པ་ལ། བསྡུས་ན་རྩ་བའི་ལྟུང་བ་བཅུ་བཞི་ཡན་ལག་དང་བཅས་པ་སྟེ། དང་པོ་ཐོས་དགོས་ཤེས་པར་བྱས་ནས། ཆགས་ཉམས་མེད་པར་བསྲུང་། ཐ་མ་ཆགས་ཉམས་བྱུང་ན། ཉམས་པ་ཕྱིར་བཅོས་པ་དང་བཤགས་སྡོམ་ལ་འབད་པར་བྱ་གསུང་། བསྒྲུབ་པ་པོ་གསང་སྔགས་ཀྱི་སྤྱོད་པ་ནི། གཞི་བསྒྱུར་བའི་ལམ་ཡིན་ཏེ། དུར་ཁྲོད་ལ་སོགས་པ་ཤིན་དུ་དབེན་པའི་སར་བསྡད་ལ་

(༩༧)མཚམས་བཅད་ལ་བསྒྲུབ། བསྒྲུབ་ཅེས་པ་ནི་ལུས་ལྷ་བསྒྲུབ། ངག་སྔགས་སུ་བསྒྲུབ། སེམས་ཆོས་ཉིད་དུ་བསྒྲུབ་པ་ལ་ཟེར་བ་ཡིན་ཏེ། དེ་ཡང་མ་ཧཱ་མ་ཡ་ལས། སྔགས་དང་དབྱིབས་དང་ཆོས་བདག་དང་། །འདི་གསུམ་རྣལ་འབྱོར་གསུམ་ཡིན་ཏེ། །རྣལ་འབྱོར་རྣམ་པ་འདི་གསུམ་གྱིས། །སྲིད་པའི་སྐྱོན་གྱིས་གོས་མི་འགྱུར། །ཞེས་གསུངས་པས་དེ་ལ་ལུས་ལྷར་བསྒྲུབ་པ་ནི། སྒྱུ་ལུས་ལྷའི་སྐུ་བསྐྱེད་པའི་རིམ་མ་བསྒོམ། ངག་སྔགས་སུ་བསྒྲུབ་པ་ནི། རབ་ཡེ་ཤེས་ཀྱི་རླུང་ཙནྜྜ་ལི་བསྒོམ། འབྲིང་ཐ་མལ་གྱི་རླུང་འབྱུང་འཇུག་གནས་གསུམ་རྩིའོ། །ཐ་མ་ཡིད་དམ་ལྷའི་སྙིང་པོ་བགྲང་བའོ། །སེམས་ཆོས་ཉིད་དུ་བསྒྲུབ་པ་ནི། ཕྱག་རྒྱ་ཆེན་པོ་ཅིག་ཅར་དུ་འཇུག་པ་ལ་སོགས་པ། གསང་སྔགས་ཀྱི་ཐབས་ཁྱད་པར་ཅན་ལ་སོགས་པ་ཉམས་སུ་བླངས། དེ་ཡང་གསང་ཞེས་པ་ནི། ལྷ་གསང་བླ་མ་གསང་། ཆོས་གསང་། ལུས་ངག་ཡིད་གསུམ་གསངས་ལ་སྒྲུབ། ཅེས་གསུངས། བསྒྲུབ་པ་པོས་རིག་པ་བརྟུག་ཞུགས་ཀྱིས་སྤྱོད་པ་བྱ་བ་ནི། བསྒྲུབ་པ་

(༩༨)པོས་གོང་ལྟར་ཉམས་སུ་བླངས་ལ། ལུས་ལྷར་གྲུབ། ངག་སྔགས་སུ་གྲུབ། སེམས་ཆོས་ཉིད་དུ་གྲུབ་པ། དེས་བསད་པ་གསོ་ནུས་པ་དང་། དགུག་དང་མི་སྣང་སྦེད་ནུས་དང་། ཞེས་པས། རིག་པ་བརྟུལ་ཞུགས་ཀྱིས་སྤྱོད་པ་བྱ། ཡེ་ཤེས་ཅན་གྱིས་ཉམས་གཞག་ཆེན་པོའི་སྤྱོད་པ་བྱ་བ་ནི། སྤྱོད་ལམ་རྣམ་བཞིར་དུས་ཐམས་ཅད་དུ་མི་སློབ་པའི་ཟུང་འཇུག་མཉམ་གཞག་རྗེས་ཐོབ་མེད་པར་བདེ་སྟོང་རྒྱུན་མིའི་ཆད་པའི་ངང་ལ་བདེ་ཕྲིལ་གྱིས་སོང་ན། སྤྱོད་པ་འདི་བྱ་འདི་མི་བྱ་མེད་དེ། མདོར་ན་གཟའ་གཏད་བྲལ་བའི་སྤྱོད་པ་ཡིན། དེའང་གང་ཟག་གཞི་མ་ལགས་པ། གོང་མས་འོག་མའི་སྤྱོད་པ་མི་བྱ། འོག་མས་གོང་མའི་སྤྱོད་པ་མི་བྱ། རང་ཚོད་དང་འབྲེལ་བའི་སྤྱོད་པ་ནི། དུས་ཚོད་དང་འབྲེལ་བ་ཡིན་ནོ། ཞེས་སོ། །འབྲས་བུ་གཞན་དོན་དང་འབྲེལ་བ་ནི། དེ་ལྟར་བཟུང་འཛིན་གཉིས་སུ་མེད་པའི་རྣལ་འབྱོར་པས། དྲན་འདུན་དང་རྟོགས་དཔྱོད་བཏང་མི་དགོས་པར་མཉམ་གཞག་ཆེན་པོའི་ངང་ལ་འབད་པ་མེད་པར་ཕྲིལ་གྱིས་སོང་བ་ནི། རྣལ་འབྱོར་པ་ལུས་

(༩༩)བརྒྱ་ཞིག་པའི་དུས་དུ། །སྐུ་གསུང་ཐུགས་དབྱེར་མེད་བདེ་བ་ཆེན་པོའི་སྐུ་གཉིས་སུ་མེད་པ་ལྷུན་གྱིས་གྲུབ་པ་མངོན་དུ་གྱུར་པ་ནི་འབྲས་བུ་ཐོབ་པའོ། །གཞན་དོན་དང་འབྲེལ་བ་ནི། དེ་ལྟར་བུའི་ཆོས་སྐུ་དེ་ལས། རང་ངམ་ཤུགས་ཀྱིས་འབད་པ་མེད་པར་གཟུགས་ཀྱི་སྐུ་འབྱུང་བ་ནི་སེམས་ཅན་གྱི་དོན་བྱེད་པ་འོང་བ་ཡིན། རང་རེ་རྣམས་ཀྱང་ལྟ་སྤྱོད་དེ་རྣམས་དང་ལྡན་པར་བྱ་དགོས་པ་ཡིན། ཐམས་ཅད་དེ་བཞིན་དུ་དགོངས་པར་ཞུ་འཚལ་གསུང་ངོ་། རྗེ་བཙུན་རིན་པོ་ཆེའི་ཞལ་ནས། བསྒྲུབ་པ་པོ་རྣམས་ཀྱིས་འཆི་བ་མི་རྟག་པ་དང་། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་དང་ཐེག་པ་དམན་པའི་ཉེས་དམིགས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྗེས་སུ་དྲན་ནས། ད་རེ་འཁོར་བ་ལས་ཐར་བར་འདོད་ན། ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པས་ཐ་མལ་གྱི་ཤེས་པ་ངོ་ཤེས་དགོས། དེ་ཡང་ཐ་མལ་གྱི་ཤེས་པ་ཞེས་བྱ་བ། རང་གིས་ཤེས་པ་འདི་ལ་ཆོས་ཀྱི་རྣམ་པ་གང་གིས་ཀྱང་མ་སླད་པ། འཇིག་རྟེན་གྱི་རྣམ་པར་ཤེས་པ་གང་

(༡༠༠)གིས་ཀྱང་རློགས་པ། བྱིང་རྨུགས་དང་རྟོག་པ་གང་གིས་ཀྱང་མ་གཏུམ་པར་རང་སོར་གཞག་པ་ཡིན། །དེ་ངོ་ཤེས་ན་རང་གི་རིག་པའི་ཡེ་ཤེས་ཡིན། མ་རྟོགས་ན་ལྷན་ཅིག་སྐྱེས་པའི་མ་རིག་པ་ཡིན། རྟོགས་ན་རིག་པ་ཞེས་བྱ། ངོ་བོ་ཅེས་བྱ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཤེས་བྱ། ཐ་མལ་གྱི་ཤེས་པ་ཞེས་བྱ། གཉུག་མ་ཞེས་བྱ། སྤྲོ་བྲལ་ཞེས་བྱ། འོད་གསལ་ཞེས་བྱ། དེ་རྟོགས་ན་པཎྜི་ཏ་རིག་པའི་གནས་ལྔ་ལ་མཁས་པ་བས་ཀྱང་ཡོན་ཏན་ཆེ། པཎྜི་ཏ་ནི་དོན་སྤྱིའི་རྣམ་པ་ཡུལ་དུ་བྱེད། སྒྲ་མཚན་ཉིད་དུ་བྱད་པ་ཡིན། ཀུན་ཤེས་ཅིག་གདུགས་བྱ་བ་ཡིན། འདི་རྟོགས་ན་ཅིག་ཤེས་ཀུན་ལ་མཁས་པ་བྱ་བ་ཡིན། དོན་དངོས་ལམ་དུ་བྱེད་པ་ཡིན་པས་ཡོན་ཏན་ཆེ། ཞི་གནས་ཀྱི་ཏིང་ངེ་འཛིན་ནི་ཉིན་མཚན་ངོ་མི་ཤེས་པ་ཡོད་པ་བས། ཐ་མལ་གྱི་ཤེས་པ་ངོ་ཤེས་པ་དགའ། ཏིང་ངེ་འཛིན་དེ་ནི་ཐུན་མོང་བ་ཡིན་ཏེ། ལྷ་ཚེ་རིང་དང་། ཕྱི་བ་དང་དོམ་ལ་སོགས་པ་ཁུང་དུ་ཉལ་བ་རྣམས་ལའང་ཡོད། ཐ་

(༡༠༡)མལ་གྱི་ཤེས་པའི་ཐུན་མོངས་མ་ཡིན་པས་ཡོན་ཏན་ཆེ། དབང་བཞི་རིམས་ཀྱིས་བསྐུར་ནས་བསྐྱེད་པའི་རིམ་པ་བསྒོམས་པས། རེག་པའི་མཚན་མ་དང་། སྒྲའི་མཚན་མ་ལ་སོགས་པ་ཡིད་དམ་ལྷའི་ཞལ་མཐོང་བ་བས། ཐ་མལ་གྱི་ཤེས་པ་ངོ་ཤེས་པ་དགའ། ཡི་དམ་ལྷའི་ཞལ་མཐོང་བ་ནི། ཡང་དག་པའི་ཀུན་རྫོབ། སྒྲིབ་པ་ཟད་པའི་མཚན་མ་ཙམ་ཡིན། ཐ་མལ་གྱི་ཤེས་པ་ནི་དོན་དམ་པའི་བདེན་པ་ཡིན་པས། ཡོན་ཏན་ཆེའོ། མིག་དང་རྣ་བ་ལ་སོགས་པའི་མངོན་པར་ཤེས་པ་ལྔ་ཡོད་པ་བས་ཀྱང་། ཐ་མལ་ཤེས་པ་ངོ་ཤེས་པ་དགའ། མངོན་པར་ཤེས་པ་ནི་ཟག་པ་དང་བཅས་པ་ཡིན་གྱིས། ཡི་དྭགས་དང་དུད་འགྲོ་ལ་ཡང་ཡོད། ཐ་མལ་གྱི་ཤེས་པ་ངོ་ཤེས་ན། ཡེ་ཤེས་ཡེ་ཤེས་ཁྱད་པར་ཆེ། །ཡེ་ཤེས་ལྡན་པ་ཡོད་མེད་ཤེས། །ཞེས་གསུངས་པས། ཟག་པ་མེད་པའི་མངོན་པར་ཤེས་པ་ཡིན་པས་ངོ་མཚར་ཆེ། མི་སྣང་བ་དང་སྣང་བ་མེད་པ། ནམ་མཁའི་རྣམ་པར་དག་པ་ལྟར་

(༡༠༢)སྟོང་པ་ཉིད་དུ་ཕྱམ་ཕྱམ་འགྲོ་བའི་ཉམས་ཡོད་ཀྱང་། དེ་བས་ཐ་མལ་གྱི་ཤེས་པ་དགའ། དེ་ནི་དོན་སྤྱིའི་རྣམ་པ་ཡུལ་དུ་བྱེད་པ། རྗེས་དཔག་ལམ་དུ་བྱེད་པ་ཡིན། ཐ་མལ་གྱི་ཤེས་པ་ནི། དོན་དངོས་ལམ་དུ་བྱེད་པ་ཡིན། མངོན་སུམ་པ་ཡིན་པས་ཡོན་ཏན་ཆེའོ། །ཐ་མལ་གྱི་ཤེས་པ་ངོ་ཤེས་པ་ནི་ཤེས་རབ་ཀྱི་རྒྱལ་པོ་ཡིན། སོ་སོར་རྟོག་པའི་ཤེས་རབ་ཀྱི་ཡུལ་མ་ཡིན་པས། ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པ་འཆང་། །ཆོས་ཀུན་མངོན་པར་རྟོགས་པ་སྟེ། ཞེས་གསུངས་པར་ཡེ་ཤེས་ཐམས་ཅད་ཀྱི་རྒྱལ་པོ་ཡིན། ཡེ་ཤེས་རྣམ་པ་ལྔ་ཡང་འདི་ལ་ཚང་བ་ཡིན་ཏེ། བཟུང་འཛིན་གཉིས་མེད་དུ་རྟོགས་པ་སོ་སོར་རྟོག་པའི་ཡེ་ཤེས་ཡིན། སྐད་ཅིག་གཅིག་གིས་བྱེ་བྲག་བྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། སྐད་ཅིག་སེམས་ཀྱི་དོན་ཀུན་རིག །ཅེས་གསུངས་པས། །ལམ་ལྔ་ལ་སོགས་པ་བགྲོད་མི་དགོས་པར། སྐད་ཅིག་གཅིག་གིས་དོན་ཐམས་ཅད་གྲུབ་ནས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱང་

(༡༠༣)འདི་ཡིན། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀྱང་མེ་ལོང་གི་གཟུགས་སྙན་ལྟར་རྟོགས་པའི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱང་འདི་ཡིན། འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་རང་གི་རིག་པར་མཉམ་པས་མཉམ་ཉིད་ཀྱི་ཡེ་ཤེས་ཀྱང་འདི་ཡིན། དེའི་ཕྱིར་ན་སངས་རྒྱས་ཐོག་མ་ཐ་མ་མེད་དང་པོའི་སངས་རྒྱས་རྒྱུ་མེད། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། ཤེས་གསུངས་པས། འདི་ཡེ་ཤེས་ཐམས་ཅད་ཀྱི་རྒྱལ་པོ་ཡིན་ནོ། །ཡོན་ཏན་ཐམས་ཅད་ཀྱི་རྒྱལ་པོ་ཡིན་ཏེ། མངོན་པར་ཤེས་པ་གོང་མ་རྣམས་ལས་ཆེ་བ་མེད། དེ་བས་ཐ་མལ་གྱིས་ཤེས་པ་ཡོན་ཏན་ཆེ། ཏིང་ངེ་འཛིན་ཐམས་ཅད་ཀྱི་རྒྱལ་པོ་ཡིན་ཏེ། ཏིང་ངེ་འཛིན་གྱི་བྱེ་བྲག་ཇི་ཙམ་ཅིག་ཡོད་ཀྱང་། འདི་རྟོགས་ན་ཐམས་ཅད་ཕྱི་ཤུ་ན་དང་སྤུ་ན་པར་འགྲོ་བ་ཡིན་ཆོས་ཐམས་ཅད་ཀྱི་སྙིང་པོ་འཁོར་འདས་ཐམས་ཅད་ཀྱི་རྩ་བ་འདི་ངོ་ཤེས་མ་ཤེས་ཡིན་པས། ཐ་མལ་གྱི་ཤེས་ངོ་པ་གལ་ཆེ་གསུང་ངོ་།། །།རྗེ་བཙུན་རིན་པོ་ཆེའི་ཞལ་ནས།། །།ཕྱག་རྒྱ་ཆེན་པོ་

(༡༠༤)རྟོགས་པའི་རྣལ་འབྱོར་པ་ནི། ལྟ་བ་འདོད་པ་གཉིས་དང་བྲལ་བ། བསྒོམ་པ་གོ་རིམས་གསུམ་དང་བྲལ་བ། སྤྱོད་previous hit ་སྔ་ཕྱི་གཉིས་དང་བྲལ་བ། འབྲས་བུ་རེ་དོགས next hit་གཉིས་དང་བྲལ་བ་ཅིག་དགོས་གསུང་། དེ་ལ་ལྟ་བ་འདོད་པ་གཉིས་དང་བྲལ་བ་ནི། གཞི་གནས་ལུགས་འདུག་ཚུལ་རྟོགས་ནས་གཞན་གྱིས་གྲུབ་མཐའ་གཉིས་དང་མཐུན་ན་དགའ། མ་མཐུན་གྱིས་previous hit དོགས་པའི་གྲུབ་མཐའི་འདོད་ next hit་དང་། ད་ལྟའི་འདོད་པའི་གནས་ལུགས་སྟེ་ཉམས་སུ་བླངས་པས། འབྲས་བུ་འདི་དང་འདི་འབྱུང་སྙམ་པའི་འདོད་པ་དང་བྲལ་བ་ཅིག་དགོས། བསྒོམ་པ་གོ་རིམས་གསུམ་དང་བྲལ་བ་ནི། སྦྱོར་བ་ལ་འདི་ལྟར་བསྒོམ། དངོས་གཞི་ལྟར་བསྒོམ། དངོས་གཞི་ལ་ལྟར་བསྒོམ། ཤ་ལ་འདི་ལྟར་བསྒོམ་བྱ་བའི་གོ་རིམས་དང་བྲལ་བས་དུས་རྟགས་ཆོས་ཉིད་ཀྱི་ངང་ལས་མ་གཡོས་པར། ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ་བསྒོམ་དགོས་པ་ཡིན་གསུང་། སྤྱོད་པ་སྔ་ཕྱི་གཉིས་དང་བྲལ་བ་ནི། སྔོན་ལ་འདི་བྱ་རྗེས་ལ་འདི་བྱ་སྙམ་

(༡༠༥)པ་དང་བྲལ་བས་ཏེ། མདོར་ན་བཟའ་གཏད་དང་བྲལ་བ་ཅིག་དགོས་གསུང་། ཡང་ན་སྤྱོད་པ་དགག་སྒྲུབ་གཉིས་དང་བྲལ་བ་ནི། ཉོན་མོངས་པ་སྤངས་བར་འདོད་པ་དང་། གཉེན་པ་ཡེ་ཤེས་སྒྲུབ་པར་འདོད་པ་དང་བྲལ་བ་སྟེ། མདོར་ན་དགག་སྒྲུབ་གཉིས་དང་བྲལ་བ་ཅིག་དགོས་གསུང་ངོ་། །འབྲས་བུ་རེ་previous hit དོགས་གཉིས་དང་བྲལ་བ་ནི། མྱ་ངན་ལས་འདས་ next hit་ཐོབ་པར་རེ་བ་འཁོར་བར་འཁྱམས་ཀྱི་previous hit དོགས next hit་དང་བྲལ་བ་ཅིག་དགོས་ཏེ། འདོར་ན་འཁོར་འདས་གཉིས་མེད་བདེ་བ་ཆེན་པོར་རྟོགས་པ་ལ། ཡར་སངས་རྒྱས་ལ་རེ་བ་མེད། མར་འཁོར་བ་ལ་previous hit དོགས next hit་མེད་པ་ཅིག་དགོས། རྟོགས་ལྡན་གྱི་རྣལ་འབྱོར་པ། དོན་དེ་ལྟ་བུ་ཅིག་དང་ལྡན་པ་དགོས་པ་ཡིན་པས་དེ་ལྟར་དགོངས་འཚལ་གསུང་།། །།རྗེ་བཙུན་རིན་པོ་ཆེའི་ཞལ་ནས། སྤྱིར་ཆོས་ཉན་པ་ལ། བསམ་པ་ཕུན་གསུམ་ཚོགས་པ་དང་། སྦྱོར་བ་ཕུན་སུམ་ཚོགས་པ་གཉིས་ཡིན། བསམ་པ་ཕུན་གསུམ་ཚོགས་པ་ལ་བཞི། བདག་གྲགས་པ་འདོད་པའི་ཕྱིར་མ་ཡིན་

(༡༠༦)གྱིས། གཞན་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་བར་བྱ་བའི་ཕྱིར་ཉན་བསམ་པ་དང་། བདག་རྙེད་པ་དང་། བཀུར་སྟི་ཐོབ་པར་བྱ་བའི་ཕྱིར་མ་ཡིན་ཏེ། གཞན་དུ་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་ཉན་སྙམ་པ་དང་། བདག་རྩོད་པ་ལས་རྒྱལ་བའི་ཕྱིར་མ་ཡིན་གྱི། གཞན་དུ་ན་ཉོན་མོངས་པའི་སྒྲའི་གཡུལ་ལས་རྒྱལ་བའི་ཕྱིར་ཉན་སྙམ་པ་དང་། བདག་ཆོས་ཀྱི་མཁན་པོའི་འཚང་འབྲུ་པའི་ཕྱིར་མ་ཡིན་གྱིས། གཞན་དུ་ན་ཆོས་ཀྱིས་མཁན་པོ་དང་། ཆོས་ལ་གུས་པར་བྱ་བའི་ཕྱིར་ཉན་སྙམ་པའོ། །སྦྱོར་བ་གསུམ་ཚོགས་པ་ལ་གསུམ། སྦྱོར་བ་དངོས་གཞི་རྗེས་སོ། དང་པོ་སྦྱོར་བ་ལ། རྨི་ལམ་སྒྱུ་མ་ལྟ་བུས་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བསླངས། དངོས་གཞི་ལ་ཆོས་གང་ཡིན་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དོན་ཚང་བའི་སྒོ་ནས་ཉན། རྗེས་ལ་དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ཐམས་ཅད་གྱི་དོན་དུ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་ཡིན། དེ་ཐམས་ཅད་ཀྱིས་དོན་བསྡུས་ནས། ཉམས་སུ་ལེན་

(༡༠༧)པ་ནི། རྨི་ལམ་སྒྱུ་མ་ལྟ་བུའི་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་ལ་འགོད་པར་བྱ། དེའི་ཆེད་དུ་བདག་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་བདག་གདམ་ངག་རིན་པོ་ཆེའི་ཉན་པར་བྱ། གོ་བར་བྱ། རྟོགས་པར་བྱ། ཉམས་སུ་བླང་བར་བྱ་སྙམ་པའི་བསམ་པ་ཁྱད་པར་ཅན་བསྐྱེད་དགོས་པ་ཡིན། ལར་ཆོས་ཉན་པ་ལ་བསམ་པ་རྣམ་དག་པ་གལ་ཆེ་གསུང་།། །།རྗེ་བཙུན་རིན་པོ་ཆེའི་ཞལ་ནས། གོལ་ས་ཐམས་ཅད་ཀྱི་ཆེ་བ་གང་འཇིག་རྟེན་འདིའི་མངོན་ཞེན་ཡིན། དེ་བས་ཚེ་འདི་ལ་བློ་ལྡོག་དགོས། ཚེ་འདི་ལ་བློ་མ་ལོག་པ་ལ་བསྒོམ་ཆེན་པ་འོང་བའི་ཐབས་མེད་གསུང་ཉམས་སུ་ལེན་པ་ལ་ཉམས་མྱོང་གི་གོལ་ས་གསུམ། ལྟ་བའི་ཤོར་ས་བཞི་ཡོད། ཉམས་མྱོང་གིས་གོལ་ས་གསུམ་ནི། ལུས་བདེ། སེམས་བདེ། ལུས་བདེ་བས་རྒྱས་པའི་ཉམས་འབྱུང་ཏེ། དེ་ལ་ཆགས་ཤིང་མངོན་པར་ཞེན་ནས་མཆོག་དུ་བཟུང་བས། འདོད་ཁམས་ཉེ་བར་ལེན་པའི་རྒྱུ་ཡིན་ཏེ། དེའི་སྐབས་

(༡༠༨)སུ་ཤི་ན་འདོད་པའི་ཁམས་སུ་གོལ་ནས་འགྲོ་སྟེ། འདོད་པ་ཁམས་ཀྱི་བདེ་བའི་ལོངས་སྤྱོད་མྱོང་ནས། མར་ངན་སོང་གསུམ་དུ་མུ་མཐའ་མེད་པ་ལ་འགྲོ་བ་ལ་ཚེགས་མེད། བྱིང་རྨུངས་དང་བྲལ་བ་ལ་གསལ་བའི་ཉམས་བྱུང་བ་ལ་ཆགས་ཞིང་མཆོག་ཏུ་བཟུང་བས་གཟུགས་ཁམས་སུ་གོལ་ནས་འགྲོ་བ་ཡིན་གསུང་། དེའི་བདེ་བ་དང་ལོངས་སྤྱོད་མྱོང་ནས་མར་ལྟུང་བ་ལ་ཚེགས་མེད། རྣམ་རྟོག་རླུང་གིས་མ་སྐྱོད་པའི་ཉམས་བྱུང་བ་ལ། ཆགས་ཞེན་མཆོག་ཏུ་བཟུང་བས། གཟུགས་མེད་ཀྱི་ཁམས་ཉེ་བར་ལེན་པའི་རྒྱུ་ཡིན་ཏེ། དེའི་སྐབས་སུ་ཤི་ན་གཟུགས་མེད་ཁམས་སུ་གོལ་ནས་འགྲོ་བའི་རྒྱུ་ཡིན་གསུང་། དེའི་བདེ་བ་དང་ལོངས་སྤྱོད་མྱོང་ནས། ངན་སོང་གསུམ་དུ་མུ་མཐའ་མེད་པར་འགྲོ་བ་ཡིན། དེ་གསུམ་དུ་མ་གོལ་ཡང་། སྟོང་པ་ཉིད་ལ་ཤོར་ས་བཞི་ཡོད་དེ། སྟོང་པ་ཉིད་ཤེས་བྱེའི་གཤིས་ལ་ཤོར་བ་ནི། བཟུང་འཛིན་ཀྱི་ཆོས་ཐམས་ཅད་ཡེ་དག་ཡེ་གྲོལ་ཏེ། དང་པོ་ཡེ་ནས་སངས་རྒྱས་ཡེ་ནས་ལྷུན་གྲུབ་ཡིན་པས། བསྒོམས་པས་བཟང་དུ་མ་

(༡༠༩)སོང་། མ་བསྒོམས་པས་ངན་དུ་མ་སོང་དགེ་མི་དགེ་མེད། དགེ་བས་ཕན་མ་འདོགས། མི་དགེ་བས་གནོད་མི་སྐྱེལ་བ་ནི། ར་རེགས་པའི་ཁོང་པར་ལག་པ་བཅུག་པ་དང་། ཕད་རྩེ་ནག་པོའི་ནང་དུ་ལག་པ་བཅུག་པ་འདྲ་ཟེར་ནས། སྟོང་པ་ཁ་འབྱམས་དུ་སྨྲ་བ་དེ་ནི་སྟོང་པ་ཉིད་ཤེས་བྱའི་གཤིས་ལ་ཤོར་བ་ཡིན་གསུང་། སྟོང་པ་ཉིད་གཉེན་པོར་ཤོར་བ་ནི་ལར་གཞུང་ཀཱ་རི་ཀ་ཡན་ཆད། གསང་བ་འདུས་པ་མན་ཆད་ཀྱིས་ཐོས་བྱེད་པ་དང་། འཆི་བ་མི་རྟག་པ་བསྒོམ་པ་ཡན་ཆད་སྐྱེ་བ་མེད་པའི་དོན་བསྒོམ་པ་མན་ཆད་ཀྱི་བསྲུང་སྡོམ། བསགས་སྦྱང་། བསྒོམ་སྒྲུབ་ཅི་བྱེད་པ་ཉོན་མོངས་པའི་གཉེན་པོར་འགྲོ་དགོས། དེ་བས་ཉོན་མོངས་པའི་གཞི་རྩ་ཆོད་པ་གལ་ཆེ། གཞི་རྩ་ཆོད་ན་ཐངས་ཤིང་གི་རྩ་བ་ཆོད་པ་དང་འདྲ་བ་ཡིན། དེ་ལྟར་མ་གྱུར་ན་ཉོན་མོངས་པ་དུག་ལྔ། དུག་གསུམ་གང་སྐྱེས་ཀྱང་སྟོང་པ་ཉིད་ཡིན་པས། ཉོན་མོངས་པའི་རང་བཞིན་མ་གྲུབ་པར་བློས་དཔྱད་ནས་གཞག་པས། མ་གྲུབ་པར་བསྒོམས་པ་དེས་ཕན་པ་འདྲ་

(༡༡༠)སྟེ། དེས་ཉོན་མོངས་པ་རྩད་ནས་ཆོད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། མགོ་ཡང་མ་ནོན་ཁ་ཡང་མ་བྲི་སྟེ། གཞི་རྩ་མ་ཆོད་པའི་བློས་དཔྱད་ནས་གཞག་པ་སྟོང་པ་ཉིད་ཉོན་མོངས་པའི་གཉེན་པོར་ཤོར་བ་བྱ་བ་ཡིན་གསུང་། སྟོང་པ་ཉིད་རྒྱས་འདེབས་སུ་ཤོར་བ་ནི། དཀར་པོའི་ཆོས་ཅི་དད་ཅི་བྱེད་ཐམས་ཅད་ལ་དངོས་པོ་དང་མཚན་མར་ཞེན་པའི་གཉེན་པོར་ཅིག་དང་དུ་བྲལ་ལ་སོགས་པའི་གཞིགས་པས་བིག་པའི་གཞལ་གཞིག་བྱས་པས། མ་གྲུབ་པར་གཏན་ལ་ཕབ་ཀྱང་། ཤཱུནྱ་ཏཱའི། སྭ་བྷ་བའི་སྔགས་ཀྱིས་སྦྱངས་མ་གྲུབ་པར་བྱས་ཀྱང་རུང་། འཁོར་གསུམ་ཡོངས་སུ་དག་མི་དམིགས་པའི་ཤེས་རབ་ཀྱིས། ཟིན་པར་བྱས་པས་རང་བཞིན་མ་གྲུབ་པར་བྱས་ཀྱང་རུང་སྟེ། དང་པོ་དངོས་པོ་དང་མཚན་མ་ཅན་དམིགས། རྗེས་ལ་རང་བཞིན་མ་གྲུབ་པ་སྟོང་པར་རྒྱས་འདེབས་པ་ནི། སྟོང་པ་ཉིད་རྒྱས་འདེབས་སུ་ཤོར་བ་ཡིན་གསུང་། སྟོང་པ་ཉིད་ལམ་དུ་ཤོར་བ་ནི། ལར་ཕྱག་རྒྱ་ཆེན་པོའི་གནས་ལུགས་

(༡༡༡)རྟོགས་པའི་དུས་སུ། རྒྱུ་དང་ལམ་དང་འབྲས་བུ་གསུམ་རང་བཞིན་ཅིག་གིས་རྫོགས་པ་ཡིན། བློས་བྱས་མ་ཡིན་པར་ནང་ནས་འཆར་བ་ཡིན་པས་ན། མཚན་བརྗོད་ལས། སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རྒྱུ་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཤེས་གསུངས་པ་ཡང་དེ་ལྟ་བུ་ལ་གསུངས་པ་ཡིན་ལ། དེ་མ་ཤེས་པར་སྟོང་པ་ཉིད་བསྒོམ་པ་ལ་ལམ་བྱས་ནས། འབྲས་བུ་སྐུ་གསུམ་ཡེ་ཤེས་ལྡན་ན་གྱིས་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་མཚན་དང་དཔེ་བྱད་ལྡན་པ་ཅིག་ཐོབ་པར་བྱ་སྙམ་པ་ནི་སྟོང་པ་ཉིད་ལམ་དུ་ཤོར་བ་ཡིན། ལར་དེ་ལྟར་མ་སོང་བ་གལ་ཆེ་གསུང་།། །།རྗེ་བཙུན་རིན་པོ་ཆེའི་ཞལ་ནས། ལར་ཐེག་པ་ཆེན་པོའི་ལུགས་ཀྱིས། བསྲུང་སྡོམ་དང་། བསགས་སྦྱང་དང་། སྦྱིན་སྟོང་གི་རིམ་པ་ཅི་བྱེད་ཀྱང་། དངོས་པོ་གཙོ་མི་ཆེ། བསམ་པ་གཙོ་ཆེ་བ་ཡིན་པས། ཆོས་སྤྱོད་ཅི་བྱེད་

(༡༡༢)ཀྱང་སྔོན་ལ་བསམ་པ་རྣམ་པར་དག་པ་གལ་ཆེ། དེ་ཡང་བསམ་པ་ཁྱད་པར་ཅན་བསྐྱེད་ལ། བྱང་ཆུབ་ཀྱི་སེམས་རྒྱས་འབྲིང་གསུམ་ཡིན་གསུང་། རྒྱས་པ་ནི་རྨི་ལམ་སྒྱུ་མ་ལྟ་བུ། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་བར་བྱ་དགོས། ཐེག་པ་ཆུང་ངུའི་ཉན་ཐོས་ཀྱི་བྱང་ཆུབ་དང་། རང་རྒྱལ་བྱང་ཆུབ་མ་ཡིན་ཏེ། བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་བྱ་དགོས། དེའི་ཕྱིར་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཐབས་སུ་ཆོས་སྤྱོད་བསྒོམ་བསྒྲུབ་ཀྱི་རིམ་པ་འདི་དང་འདི་བྱ་སྙམ་དུ་སེམས་བསྐྱེད་གསུང་། འབྲིང་ནི་རྨི་ལམ་སྒྱུ་མ་ལྟ་བུའི་སེམས་ཅན་ཐམས་ཅད་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་འདི་དང་འདི་བྱ་སྙམ་པའོ། བསྡུས་པ་ནི་རྨི་ལམ་སྒྱུ་མ་ལྟ་བུས་སེམས་ཅན་ཐམས་ཅད་དང་ཀྱི་དོན་དུ་ཆོས་སྤྱོད་ཀྱི་རིམ་པ་འདི་བྱ་སྙམ་དུ་བློ་བསྐྱེད། ལར་བསགས་སྦྱང་གི་རིམ་པ་གང་དང་གང་བྱེད་ཀྱང་། སྦྱོར་བ་

(༡༡༣)རྨི་ལམ་སྒྱུ་མ་ལྟ་བུས་བྱང་ཆུབ་ཀྱི་སེམས་རྒྱས་བསྡུས་གང་རུང་ཅིག་གིས་ཀུན་ནས་བསླངས་ནས། དངོས་གཞི་རྨི་ལམ་སྒྱུ་མ་ལྟ་བུར་ཆོས་ཐམས་ཅད་ཉམས་སུ་བླང་། རྗེས་རྨི་ལམ་སྒྱུ་མ་ལྟ་བུར་དགེ་བའི་རྩ་བ་སེམས་ཅན་གྱི་དོན་དུ་བསྔོའོ།། །།དེ་ནས་རྨི་ལམ་སྒྱུ་མ་ལྟ་བུས་བསྔོ་བ་པོ་བདག་དང་། བསྔོ་བའི་ཡུལ་སེམས་ཅན་དང་། བསྔོ་བའི་དངོས་པོ་དེ་ལས་བྱུང་བའི་དགེ་བའི་རྩ་བ་ཐམས་ཅད་རང་གི་སེམས་ཉིད་དང་ཐ་མི་དད་ཅིང་། གཉིས་སུ་མེད་པའི་ངོ་བོ་སེམས་ཉིད་ཀྱིས་ཆུ་འཕྲུལ་དུ་ཤེས་པར་བྱ་གསུང་། །རྗེ་བཙུན་རིན་པོ་ཆེའི་ཞལ་ནས། ཁྱེད་འདིར་ཚོགས་པའི་བསྒོམ་ཆེན་པ་རྣམས་སྒྲུབ་པ་རྣལ་མར་བྱེད་ན། ཚེ་འདིའི་སྡོས་ཐག་གཅད་ནས་ལུས་སྲོག་འབེན་དུ་གཙུགས། ལྟོ་གོས་ལ་གྱོང་བསྐུར་ནས་ཉམས་སུ་ལེན་དགོས་པ་ཡིན། དེ་ལྟར་བྱེད་པ་ལ་རི་ཁྲོད་བརྟེན་དགོས་པ་ཡིན་གསུང་། རབ་སེང་གེ་བཞིན་དུ་གངས་ལ་སོང་། །འབྲིང་

(༡༡༤""རྒྱ་སྟག་བཞིན་དུ་ནགས་ལ་སོང་། །ཐ་མ་བྱ་རྒོད་བཞིན་དུ་བྲག་ལ་སོང་། །དུར་ཁྲོད་ཀྱི་ཝ་མོ་ལྟར་གྲོང་དུ་གཞོལ་བར་མ་བྱེད། ལར་ཟས་གྲོས་གཉིས་ལ་འཁྲི་བ་ཆེ་བ་ལ་རི་པ་མི་འོང་པས། གོས་རས་གོས་རྐྱང་པ་།ཐུབ་པ་གལ་ཆེ། ཟས་ཀྱི་ན་ཙམ་ལ་བརྟེན། ཆེ་རུང་ཆུང་རུང་དོན་ཅིག་སྒྲུབ་ན། ཚེ་འདི་ལ་སྐྱིད་ཀྱང་བཟང་། སྡུགས་ཀྱང་བཟང་། ཅི་བྱུང་འདྲ་སྙམ་པ་ཅིག་དགོས། ལར་ཆོས་བྱེད་ན་མི་ཐམས་ཅད་ལ་རེ་མ་ཆེ། མགུ་དཀའ་ལ་འཁང་མ་རྐྱེན། དྲིན་མ་རྩི་དང་། ཡགས་པོར་འོང་། ཁོས་བོས་ནི་སུ་ལ་ཡང་དྲིན་རྩི་མ་མྱོང་སྟེ། ཁོ་བོ་ནི་ཁྱེད་ཅག་རྣམས་ལ་དྲིན་ཆེ་སྙམ། ལར་སློབ་མས་སློབ་དཔོན་གྱི་ཞབས་འདྲེན་པ་དང་། སློབ་དཔོན་གྱིས་སློབ་མའི་ཞབས་འདྲེན་པ་སྙམ་པོ་ཡིན་པ་ལ། ཁོ་བོས་ནི་སློབ་མར་གྱུར་པ་ཐམས་ཅད་རབ་སྐྱེ་བ་འདི་ལ་བླ་ན་མེད་པའི་བྱང་ཆུབ་ལ་དགོད་པ་ཡིན། འབྲིང་བར་དོ་ལ། ཐ་མ་སྐྱེ་བ་ཕྱི་མ་ལ་རྫོགས་པའི་བྱང་ཆུབ་ལ་འགོད་པ་ཡིན། །ཁྱེད་ཚོ་རང་མགོ་རང་གིས་མ་རྡུང་། རང་གིས་

(༡༡༥)རང་ལ་ཐུགས་ལ་ཐོགས་དང་། ངེས་པར་དེ་ཁོ་ན་ལྟར་ཡིན་ལ། སྤྱིར་ཆོས་བྱེད་པ་ལ་ཁ་ཆོས་པར་མ་སོང་བ། ཞར་ཆོས་པར་མ་སོང་བ། སླ་ཆོས་པར་མ་སོང་བ། ལོ་ཆོས་པར་མ་སོང་བར་གྱིས། མིས་ཀྱང་ཆོས་བྱེད་མཁན་ཡིན་སྙམ། རང་གིས་ཀྱང་ཆོས་བྱས་སྙམ་ནས། མི་ནག་ཏུ་འཆི་ཉེན་ཡོད་པ་ཡིན་པས། སྐྱེས་བུ་གསུམ་གྱིས་ལམ་གྱི་རིམ་པ་དང་། འཆི་བ་མ་རྟག་པ་བསྒོམ་པ་དང་། ལས་རྒྱུ་འབྲས་བསྒོམ་པ་གལ་ཆེ། འདི་བརྩོན་འགྲུས་ཀྱི་ལྕག་ཡིན། ལར་ཆོས་ལ་ཞུགས་པའི་གང་ཟག་ནི། རབ་འཆི་བས་དགའ་ཡེལ་ལེ། འཛུམ་མེལ་ལེ། དྲོད་ཏིང་ངེ་བ། བདེ་ནས་བདེ་བར་འགྲོ་བ་ཅིག་དགོས། འབྲིང་འཆི་ཁར་མི་འཚེར་བ་ཅིག་དགོས། ཐ་མ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ངེས་འདི་དང་འདི་བྱས་སྙམ་འགྱོད་པ་ཅིག་དགོས་པ་བསྒོམ་ཆེན་པ་རྣམས་རི་ཁྲིད་བརྟེན་པའི་དགོས་པ་ནི། བྱ་བྱེད་ཐམས་ཅད་སྤངས། གཡེང་བ་ཐམས་

(༡༡༦)ཅད་སྤངས་ལ། དབེན་པར་རྩེ་གཅིག་ཏུ་དགེ་སྦྱོར་ཉམས་སུ་ལེན་པར་འདོད་ན། རི་ཁྲོད་བརྟེན་པ་ཡིན། གཡེང་བ་བྱེད་ན་གྲོང་གསེབ་དང་། སྡེ་པའི་ནང་དུ་བྱེད་པས་ཆོག་པས། རི་ལ་བུ་བསྡད་ནས་གྲོང་གསེབ་ལས་གཡེང་བ་ཆེ་བ་མ་བྱེད། དགེ་སྦྱོར་ལ་བརྩོན་པར་གྱིས། དགེ་སྦྱོར་མི་ཟད་པའི་གཏེར་ཆེན་པོ་ཡིན་པས། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེན་ཡིན། སྐྱེ་བ་གཏན་གྱི་སོ་ནམས་ཡིན་པས་ཤིན་ཏུ་གལ་ཆེ། དགེ་སྦྱོར་སྐྱེས་ནས་གོམས་པར་མཐར་ཕྱིན་དགོས། བསྒོམ་ལྟ་ཐོག་ཏུ་སྐྱེལ་དགོས་པ་ཡིན། དེ་ལྟ་བུ་ཅིག་གིས་གཞན་དོན་བྱེད་པ་ཡིན་པས། དེ་མིན་པས་གཞན་དོན་བྱས་པས་རང་ལ་ནི་གནོད། གཞན་ལ་ཕན་པར་ནི་དཀའ་བས། སྡོན་ལ་རང་དོན་མཐར་ཕྱིན་པར་མཛོད་ལ། དེ་ནས་སློབ་མ་སྐྱོངས། རང་མཐར་ཕྱིན་པ་ལ་རི་ཁྲོད་འགྲིམ་པ་གལ་ཆེ། དེ་ལ་བཀའ་གདམས་པའི་ཞལ་ནས། རི་ཁྲོད་འགྲིམ་པ་ལ་ཆོས་ལྔ་ཡིན་གསུང་། ཚུལ་ཁྲིམས་ལ་ངོས་ལྐོག་མེད་པ། གཉེན་པོས་རྐྱེན་ཐུབ་པ། གདམ་ངག་ལ་རང་བཙན་ཚུད་པ། དད་པས་ཁམས་སོས་པ། ནུས་

(༡༡༧)པས་གནོད་པ་ཕྲོ་མོ་སེལ་ནུས་པ་ཅིག་དགོས་གསུང་། བདེ་བར་གཤེགས་པ་རིན་པོ་ཆེའི་ཞལ་ནས།། །།རི་ཁྲོད་བརྟེན་པ་ལ་ཆོས་བཞི་ཡིན་གསུང་། གདམ་ངག་གི་གདེང་ཐོབ་པ། ནུས་པའི་གདེང་ཐོབ་པ། ཉམས་མྱོང་གི་གདེང་ཐོབ་པ། ལྟ་བའི་གདེང་ཐོབ་པ་ཅིག་དགོས་ཏེ། དོན་དེ་རྣམས་དང་ལྡན་པར་བྱེད་པ་ལ། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་ཉེ་བར་འཇོག་པ། གསོལ་བ་རྒྱུན་ཆད་མེད་པར་འདེབས་ཤིང་། བླ་མའི་སྤྱན་སྔར་ཡུན་རིང་དགོས། བྱ་མོས་ལུད་པ་ཐོབ་པ་བཞིན་སོང་བས་མི་ཆོག །དེ་ཡང་དགེ་བའི་བཤེས་གཉེན་ལ་གོ་འདྲིས་མ་སོང་གདམ་ངག་ལ་སྣ་དྲེད་ཏུ་མ་སོང་པོ། གདམ་ངག་ལ་སྣ་དྲེད་ཏུ་མ་སོང་པ། དད་པ་སྣོད་རྙིང་དུ་མ་སོང་བ་གལ་ཆེ། མི་ལུས་རིན་པོ་ཆེ་ཐོབ། བསྟན་པ་རིན་པོ་ཆེའི་བསྒོར་ཞུགས། ཆོས་རིན་པོ་ཆེ་ཐོབ། ཡང་དག་པ་དགེ་བའི་བཤེས་གཉེན་རིན་པོ་ཆེ་དང་འཇལ། གདམ་ངག་རིན་པོ་ཆེ་ཞུས། བསྒྲུབ་པ་ཉམས་སུ་ལེན་པའི་རང་དབང་ཡོད་པའི་རྟེན་འབྲེལ་འདི་རྣམས་འཛོམ་ཏིང་ལ་བསྒོམ་དགོས། དེའི་དུས་སུ་བསྒོམ་ན་བསྒོམ་

(༡༡༨)མི་ཡོང་མི་སྲིད། མ་བྱུང་ན་རང་གིས་མ་བསྒོམས་པ་ཡིན། བླ་མ་མཉེས་པར་བྱེད་པ་ལ། རབ་སྒྲུབ་པའི་ཞབས་ཏོག་ཡིན། འབྲིང་ལུས་ངག་གིས་ཞབས་ཏོག་ཡིན། ཐ་མ་ཟང་ཟིང་གི་ཞབས་ཏོག་ཡིན་པས། ཆོས་བཤའ་མར་བྱས་ན་རང་དོན་གཞན་དོན་ཀུན་འབྱུང་། ཚེ་འདི་དང་ཕྱི་མ་དུས་ཐམས་ཅད་དུ་སྐྱིད་པ་རང་སྐྱིད། སྨོན་པ་མིས་སྨོན་པ་འོང་བ་ཡིན། དེ་ལྟར་མ་བྱས་ན་སྡུག་པ་རང་སྡུག །འཕྱ་བ་མི་འཕྱ། འབྲས་བུ་ངན་སོང་དུ་འགྲོ་བ་ཡིན་གསུང་། ཁྱེད་རྣམས་སྙིང་ཐག་པ་ནས་ཆོས་བྱ་སྙམ་ན། བརྩུན་འགྲུས་དང་གཉེན་པོ་དང་དད་གུས་ཀྱིས་སྟོབས་བསྐྱེད་ལ། བླ་མ་དང་མཆེད་གྲོགས་ཀྱི་ཞབས་འདྲེན་དུ་མ་སོང་བ། སེམས་ཅན་གྱི་སྡིག་རྐྱེན་དུ་མ་སོང་བ་སྟེ། མདོར་ན་ལས་མཐའ་མ་ལོག་པ་རེ་མཛད་པ་ཞུ་གསུང་། རྗེ་བཙུན་རིན་པོ་ཆེ་ཞལ་ནས།། །།བཀའ་གདམས་པའི་ལུགས་ཀྱིས་སློབ་མས་བླ་མ་བརྟེན་པ་ལ། ཆོས་བཅུ་ཡིན་གསུང་། དེ་ཡང་སྐྱོ་དུབ་མེད་པའི་དད་པ་ཅན་གྱིས་དགེ་བའི་བཤེས་གཉེན་བརྟེན་པར་བྱ་སྟེ། གྲུབ་པའི་དཔེ་ལྟ་བུ་ཅིག་དགོས་

(༡༡༩)སེར་སྣ་མེད་པའི་ཟང་ཟིང་གིས་དགེ་བའི་བཤེས་གཉེན་བརྟེན་པར་བྱ་སྟེ། བླ་མ་ལྔ་བཅུ་པ་ལས། སྦྱིན་མིན་བུ་དང་ཆུང་མ་དང་། །རང་གིས་སྲོག་ཀྱང་བཏང་བར་བྱ། །ཅེས་པ་མཐུན་པ་ཅིག་དགོས། དྲི་མ་མེད་པའི་ལྷག་བསམ་ཅན་གྱི་དགེ་བའི་བཤེས་གཉེན་བརྟེན་པར་བྱ། ཞེས་གསུངས་པས། དྲི་མ་ནི་ཉོན་ཐོས་དང་རང་སངས་རྒྱས་སུ་སོ་སོར་སེམས་སྐྱེད་པ་མན་ཆད་ཀྱིས་བསམ་པ་གང་གིས་ཀྱང་ཀུན་ནས་བསླངས་པ་མ་ཡིན་པས། ལྷག་པའི་བསམ་པས་རྣམ་པར་དག་པ་དགོས། །རྨོངས་པ་མེད་པའི་ཤེས་རབ་ཀྱིས་དགེ་བའི་བཤེས་གཉེན་བརྟེན་པར་བྱ། ཅེས་པ་ནི། བླ་མའི་གདམ་ངག་རྒྱུ་མཚན་དང་བཅས་པ་གང་ལ་ཡང་མ་རྨོངས་པ་ཅིག་དགོས་གསུངས་པས། ང་རྒྱལ་མེད་པའི་གུས་པ་ཅན་གྱིས་དགེ་བའི་བཤེས་གཉེན་བརྟེན་པར་བྱ། ཅེས་པ་ནི། བླ་མ་ལ་སྨན་པའི་འདུ་ཤེས་རང་ལ་ནད་པའི་འདུ་ཤེས་ཆོས་ལ་སྨན་གྱི་འདུ་ཤེས་ནད་པས་སྨན་པ་བཀུར་བ་

(༡༢༠)ལྟ་བུ་ཅིག་དགོས། སེམས་ཉིད་མེད་པའི་སྲིད་ཞུ་ཅན་གྱིས་དགེ་བའི་བཤེས་གཉེན་བརྟེན་བར་བྱ། ཅེས་པ་ནི། བླ་མས་ཅི་གསུངས་པ་ལ་ཐེ་ཚོམ་མེད་པར་ཡིད་ཆེས་པ་ཅིག་དགོས། གཡོ་རྒྱུ་མེད་པར་དྲང་མཁན་གྱིས་དགེ་བའི་བཤེས་གཉེན་བརྟེན་པར་བྱ། བརྫུན་དང་གཡོ་རྒྱུ་སྤངས་ནས་སྙིང་ཐག་པ་ནས་གུས་པ་ཅིག་དགོས། གྱོང་འཁེང་མེད་པའི་གཉེན་ལྕུག་ཅན་གྱིས་དགེ་བས་བཤེས་གཉེན་བརྟེན་པར་བྱ། ཅེས་པ་ནི། རང་རྒྱུད་གྱོང་པོ་དང་རིགས་རུས་གྱི་ཁེངས་པ་དང་རློམ་པ་མེད་པའི་ཕྱིར་ཞི་དུལ་དང་ལྡན་པ་ཅིག་དགོས། རྡོ་རྗེ་སློབ་དཔོན་གྱི་བཀའ་བྱུང་ན་ཡེ་གེ་ནའི་འཇུག་མཆོད། ཅེས་པ་ནི། བླ་མས་ཇི་ལྟར་གསུངས་པ་བཞིན་བྱེད་པ་ཅིག་དགོས། འཁྲོ་བ་མེད་པའི་བཟོད་པ་ཅིག་གིས་དགེ་བའི་བཤེས་གཉེན་བརྟེན་པར་བྱ། ཅེས་པ་ནི། བླ་མ་ནཱ་རོ་པས་དཀའ་བ་བཅུ་གཉིས་སྤྱོད་པ་ལྟ་བུ་ཅིག་དགོས། ཐ་མལ་མ་ཡིན་པའི་ལྷ་སྐུ་ཅན་གྱིས་དགེ་བའི་བཤེས་གཉེན་བརྟེན་པར་བྱ། ཅེས་པ་ནི། བླ་མ་ལ་

(༡༢༡)དུས་ཐམས་ཅད་དུ་ཐ་མལ་གྱི་འདུ་ཤེས་མེད་པར་སངས་རྒྱས་སུ་བལྟ་བ་ཅིག་དགོས་གསུང་། བླ་མ་བརྟེན་པ་ལ་ཆོས་དེ་ཚོ་དང་ལྡན་པ་ཅིག་གལ་ཆེ། ཅི་རུང་རུང་བྱས་པས་མི་ཡོང་བ་ཡིན་གསུང་། རྗེ་རིན་པོ་ཆེའི་གསུང་སྒྲོས། དགེ་སློང་ཤེས་རབ་གཞོན་ནུས་ཡི་གེར་བཀོད་པ་རྫོགས་སོ།། །།དགེ་འོ། །བཀྲ་ཤིས་སོ།། །།

(༡༢༢)

(༡༢༣)ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། ཁྲིད་ཆོས་མུ་ཏིག་ཙར་ལ་བརྒྱུས་པ་བཞུག་གྷོ།། །།

(༡༢༤)བླ་མ་ཡི་དམ་མཁའ་འགྲོ་རྣམས་ལ་ཕྱག་འཚལ་ལོ། རང་ངམ་གཞན་ལ་ཕྱག་རྒྱ་ཆེན་པོའི་བསྒོམ་འཁྲིད་ལུགས་ནི་འོ་སྐོལ་གྱི་འདི་བྱིན་བརླབས་ཀྱི་བརྒྱུད་པ་ཡིན་པས། བླ་མའི་བྱིན་བརླབས་མ་ཞུགས་ན་ཕྱག་རྒྱ་ཆེན་པོའི་དོན་བརྒྱུད་ལ་འཆར་མི་སྲིད་པ་ཡིན་པས། བླ་མའི་

(༡༢༥)བྱིན་བརླབས་འཇུག་པ་ལ་ཚེགས་མེད། མོས་གུས་ཡོད་པས་གསོལ་བ་བཏབ་པ་ལ་རྟེན་ནས་འཇུག་པ་ཡིན། མོས་གུས་རབ་ལ་བྱིན་བརླབས་ཡང་རབ་ཏུ་འཇུག །མོས་གུས་འབྲིང་ལ་འབྲིང་། མོས་གུས་མཐའ་མ་ལ་བྱིན་བརླབས་མཐའ་མ། མོས་གུས་གཏན་ནས་མེད་ན་བྱིན་བརླབས་གཏན་ནས་མི་འཇུག་པས་ཆོས་ཉིད་ཡིན། མོས་གུས་ཡོད་པས་གསོལ་བ་འདེབས་པའི་དུས་སུ། གནས་རིན་པོ་ཆེའི་གཞལ་ཡས་ཁང་ཡངས་

(༡༢༦)ཤིང་རྒྱ་ཆེ་བ། མཛེས་ཤིང་ཉམས་དགའ་བ་གཅིག་ཏུ་བསམ། ས་ཡིན་ན་ཁྲུ་གང་ལས་མི་ཆུང་བ་ཅིག་བྱས་ལ། གླིང་བཞི་གླིང་ཕྲན་བརྒྱད་དང་དབུས་སུ་རི་རབ། ཉི་ཟླ་དང་བཅས་པ། ནང་སྐོར་དུ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན། གཏེར་གྱི་བུམ་པ་དང་བཅས་པའི་མེ་ཏོག་གི་ཚོམ་བུ་དགོད། མདུན་གྱི་ནམ་མཁའ་ལ་གདན་སེང་གེའི་ཁྲིའི་སྟེ། རྩ་བའི་བླ་མ་དེ་སྐུ་འོད་ཟེར་དང་བཅས། ཞལ་འཛུམ་པ་དང་བཅས་པར་བཞུགས་པར་བསམ། དེའི་དབུ་ཐོག་ན་ཡང་རྒྱུད་པའི་བླ་མ་རྡོ་རྗེ་འཆང་ལ་ཐུག་གི་བར་དུ་བསམ། མདུན་གྱི་ནམ་མཁའ་དང་མཐོ་ཡུལ་དང་། བར་སྣང་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཡི་དམ་མཁའ་འགྲོ་ཆོས་སྐྱོང་བའི་བསྲུངས་མ་བར་ཆད་སེལ་ཞིང་དངོས་གྲུབ་གཏེར་བ་རྣམས་ཀྱིས་གང་བར་བསམ་མོ། །དེ་དག་གི་མདུན་དུ་ཨ་ཙ་མ། ངས་འཁོར་བ་ཐོག་མ་མེད་པའི་དུས་ནས། ད་ལྟའི་སྐྱིད་སྡུག་རྣམ་པར་རྟོག་པ་ཆགས་

(༡༢༧)སྡང་ལ་སོགས་པའི་ཉོན་མོངས་མ་སྤངས་ཤིང་། ཆར་མཆོད་པས་འཁོར་བར་འཁྱམས། ང་ཡོང་ད་ལྟ་ཉིད་ནས་ཚེ་འདིའི་རྣམ་པར་རྟོག་པ་ཆགས་སྡང་དང་ཉོན་མོངས་པའི་དབང་དུ་སྐད་ཅིག་ཀྱང་གཏོང་རེ་ལ་སོགས་པའི་ཞེ་མནའ་ལིངས་ཀྱིས་དོར་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། བླ་མ་དམ་པ་རྣམས་དང་། མཁའ་འགྲོ་ཆོས་སྐྱོང་ཁྱེད་རྣམས་ཀྱིས་དཔང་པོ་མཛོད་ཅིག །ཅེས་ཞེ་ཐག་པ་ནས་ཐག་སྦད་ཀྱིས་བཅད་ལ། དེ་དག་གི་མདུན་དུ་སྐྱབས་འགྲོ་ཁྱད་པར་ཅན་ལན་གསུམ་བྱ། འཁོར་བའི་སྡུག་བསྔལ་ཡུད་ཅིག་བསམ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ། རྫོགས་པའི་སངས་རྒྱས་སེམས་རྟོགས་པ་ལས་འབྱུང་། དེ་མ་རྟོགས་པ་སྒྲིབ་པ་མ་དག་པ་དང་། ཚོགས་གཉིས་མ་རྫོགས་པར་བྱེད་པ་བླ་མ་ལ་མཎྜལ་དབུལ་དགོས་སྙམ་དུ་བསམ། དེ་ནས་མདུན་གྱི་མཎྜལ་དེ་རྒྱ་མཚོ་ཆེན་པོ་རིན་པོ་ཆེའི་ས་བཞི་དང་བཅས་པ། དབུས་སུ་རི་རབ་ཉི་ཟླ། དེའི་ནང་སྐོར་དུ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན། གཏེར་གྱི་བུམ་པ་དང་བརྒྱད། དེའི་ཕྱི་སྐོར་ན་གླིང་བཞི་གླིང་ཕྲན་བརྒྱད་དང་བཅུ་གཉིས། དེ་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་དང་། གོས་དང་། འབྲུ་དང་། ཟས་ནོར་དང་། བཞོན་པ་ལ་སོགས་པ་ཡོ་བྱད་རྣམ་

(༡༢༨)པ་སྣ་ཚོགས་ཀྱིས་མེར་གྱིས་བཀང་སྟེ། ནམ་མཁའི་ཁམས་ཐམས་ཅད་ཁེངས་པར་བསམས་ལ། བླ་མ་ལ་སོགས་པ་མཆོད་པའི་ཡུལ་དེ་དག་ཐམས་ཅད་ལ་དབུལ་ལོ། །གཞན་ཡང་རང་གི་སྙིང་ཁ་དང་བ་སྤུའི་བུ་ག་ཐམས་ཅད་ནས་སྤྲོས་ལ་རིན་པོ་ཆེའི་ཞོང་བ་སྣ་ཚོགས་པ་གསེར་གྱིས་བཀང་པ་དཔག་ཏུ་མེད། དེ་བཞིན་དུ། གཡུ་དང་། དངུལ་དང་། མུ་ཏིག་དང་། བྱི་རུ་དང་། བཻ་ཌུརྱ་དང་། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་སོགས་པ། ནམ་མཁའ་གང་བར་བསམ་ལ་དབུལ་ལོ། །གཞན་ཡང་གདུགས་དང་། རྒྱལ་མཚན་དང་། འཕན་རིངས་ལ་སོགས་པའི་མཆོད་རྫས་ནམ་མཁའ་གང་བ་དང་། ན་བཟའི་རིགས་མི་འདྲ་བ་རྣམ་པ་སྣ་ཚོགས་པ་དང་། རྔ་དང་། དུང་དང་། ཆ་ལང་ལ་སོགས་པ། རོལ་མོ་སྣ་ཚོགས་དང་། རྟ་དང་གླང་པོ་ཆེ་རྒྱན་གྱིས་བརྒྱན་པ་ལ་སོགས་པ། མདོར་ན་དངོས་པོ་ཁྱད་པར་དུ་འཕགས་པ་རང་ལ་གང་གཅེས་ཤིང་གང་མཁོ་བ་དཔག་ཏུ་མེད་པ་སྤྲོས་པ་དབུལ། གཞན་ཡང་ཕྱིའི་མཆོད་པའི་མེ་ཏོག །སྤྲོས། མར་མེ་དྲི་ཆབ་ཞལ། ཟས། ནང་གི་མཆོད་པ་གཟུགས་མཛེས་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ། གསང་བའི་མཆོད་པ་ཆོས་སྐུ་བདེ་བ་ཆེན་པོ་བསམ་གྱིས་མི་ཁྱབ་པ་དབུལ་ལོ། །

(༡༢༩)དེ་ནས་མོས་གུས་བསྐྱེད་ལ་གསོལ་བ་སྙིང་ཐག་པ་ནས་གདབ་པར་བྱ་སྟེ། བླ་མ་རིན་པོ་ཆེ་བདག་མིང་འདི་ཞེས་བྱ་བའི་ལས་དང་ཉོན་མོངས་པའི་སྒྲིབ་པ་དང་། ཤིས་བྱའི་སྒྲིབ་པ་དང་། བག་ཆགས་ཀྱི་སྒྲིབ་པ་ཐམས་ཅད་ད་ལྟ་ཉིད་དུ་དག་པར་བྱིན་གྱིས་བརླབ་ཏུ་གསོལ། །འདུག་ས་འདི་ཉིད་དུ་དག་པར་བྱིན་གྱིས་བརླབ་ཏུ་གསོལ། །ཐུན་ཅིག་པོ་འདི་ཉིད་ཀྱི་ངང་ལ་དག་པ་བྱིན་གྱིས་བརླབ་ཏུ་གསོལ།། །།བླ་མ་རྗེ་བཙུན་རིན་པོ་ཆེ་བདག་མིང་འདི་ཞེས་བྱ་བའི་རྒྱུད་འདི་དག་པར་བྱིན་གྱིས་བརླབ་ཏུ་གསོལ། །རྒྱུད་འདི་རྣམ་པར་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། །ད་ལྟ་ཉིད་དུ་དག་པར་བྱིན་གྱིས་བརླབ་ཏུ་གསོལ། འདུགས་འདི་ཉིད་དུ་དག་པར་བྱིན་གྱིས་བརླབ་ཏུ་གསོལ། །ཐུན་འདི་ཉིད་ལ་དག་པར་བྱིན་གྱིས་བརླབ་ཏུ་གསོལ། །བླ་མ་རྗེ་བཙུན་རིན་པོ་ཆེ་བདག་མིང་འདི་ཞེས་བྱ་བའི་རྒྱུད་ལ་ཏིང་ངེ་འཛིན་ཕྱིན་ཅི་མ་ལོག་པ་མཆོག་ཏུ་གྱུར་པ་སྐྱེ་བར་མཛད་དུ་གསོལ། །ད་ལྟ་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། །འདུག་ས་འདི་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཐུན་འདི་ཉིད་རིང་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། བླ་མ་རྗེ་བཙུན་རིན་པོ་ཆེ། བདག་མིང་འདི་ཞེས་བྱ་བའི་རྒྱུད་ལ་ཡེ་ཤེས་ཕྱིན་ཅི་མ་ལོག་པ་མཆོག་ཏུ་གྱུར་པ་བསྐྱེད་པར་མཛད་

(༡༣༠)དུ་གསོལ། །ད་ལྟ་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། །འདུགས་འདི་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། །ཐུན་འདི་ཉིད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། །དེ་ལྟར་ལན་གསུམ་གསུམའམ་ལྔ་ལྔ་གསོལ་བ་བཏབ། ཡང་གོང་ལྟར་བྱ། དེ་བཞིན་དུ་ཐུན་རེ་རེ་ལ་ལན་བདུན་བདུན་བྱ། ཉིད་རེ་ལ་ལན་ཉི་ཤུ་རྩ་རེ་ཙམ་བྱའོ། །དེ་ནས་འཕྲོ་གཅོད་པའི་ཚེ་བརྒྱུད་པའི་བླ་མ་རྣམས་རྩ་བའི་བླ་མའི་སྤྱི་བོར་ཐིམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་ཐམས་ཅད་ཐུགས་ཀར་སྟིམ། །མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ལྟེ་བར་ཐིམ་པར་བསམ་མོ། །བླ་མ་རང་ལ་ཐིམ་པར་བསམ་མོ། །སེམས་སྤྲོས་བྲལ་གྱི་ངང་ལ་བཞག །དགེ་བའི་རྩ་བ་བསྔོ་བ་བྱ། འགྲོ་ཞིང་འགྲོ་ཞིང་ཡང་གསོལ་བ་གདབ། འདུག་ཅིང་འདུག་ཅིང་ཡང་གསོལ་བ་གདབ། །གཉིད་ནམ་སང་སང་ཀྱང་གསལ་བ་གདབ་བོ། །བླ་མ་སྒམ་པོ་པའི་མཎྜལ་འབུལ་བའི་ཐབ་སོ། །ན་མོ་གུ་རུ། །བླ་མ་ལ་གསོལ་བ་གདབ་པ་ལོ་ཟླ་ཞག་གྲངས་ཐེམས་པ་དང་། དངོས་བཞིའི་དུས་སུ་ཐུན་མགོ་ལ་ཞེ་མནའ་སྐྱལ་པ་ལ་སོགས་པ་སྔོན་འགྲོ་སྡུས་པ་ཅིག་བྱས་པའི་རྗེས་ལ། རྐང་པའི་རྡོ་རྗེ་དཀྱིལ་དཀྲུངས་ལ་སོགས་པ་བཅས་ཏེ། ཕྱག་རྒྱ་ཆེན་པོ་མི་བསྒོམ། སྐྱེ་བ་མེད་པའམ། རང་བཞིན་མེད་པའམ། སྤྲོས་པ་མེད་

(༡༣༡)པའམ། བློ་ལས་འདས་པའམ། སྟོང་ཉིད་དམ། བདག་མེད་དམ། བདེ་བསལ་མི་རྟོག་གམ། གང་དུ་ཡང་མ་གྲུབ་པ་ལ་སོགས་པའམ། འདོད་འདོད་པོ་ལ་སོགས་པ་གང་དུ་ཡང་མི་བསྒོམ། འོ་ན་ཇི་ལྟར་བྱེད་ན། རྣམ་པར་རྟོག་པ་འདས་པའི་རྗེས་མི་བཅད། །མ་འོངས་པའི་རྔུན་མ་བསུ། ད་ལྟར་གྱི་རྟོག་པ་སྐད་ཅིག་མ་འདི་ངོས་འཛིན་པ་ཞེས་བྱ་བ་ཡིན་ཏེ། མདོར་ན་རྣམ་པར་རྟོག་པ་སྔ་མ་ལ་མི་བསམ། ཕྱི་མ་ལ་མི་བསམ་པར་ད་ལྟ་ཉིད་རྣམ་རྟོག་ཅི་འདྲ་ཅིག་འགྱུ་ཡིན་འདུག །སྙམ་དུ་ད་ལྟར་གྱི་རྟོག་པ་སྐད་ཅིག་མ་འདི་ཉིད་ལ་གཅེར་གྱིས་བལྟས་པས། རྟོག་པ་རྒྱུ་འགྲུལ་རྦད་ཀྱིས་ཆད་ནས་མ་ཡེངས་པར་དུ་རྟོག་པ་མི་འོང་། ནམ་ཡེངས་པ་དང་རྟོག་པ་ཡེར་གྱིས་འོང་ཏེ། བྱུང་སའི་རྟོག་པ་དེ་ཉིད་ལ་འདོད་ཐོག་བྱས་ལ། ཅེར་གྱིས་བལྟས་པས་རྟོག་པ་རང་སར་གྲོལ་ནས་མི་རྟོག་པར་ཕྱམ་གྱིས་འགྲོ། །དེ་ལྟར་རྟོག་པ་གང་བྱུང་བྱུང་ལ་འདོད་ཐོག་བྱས་ཤིང་ཅེ་རེ་བལྟའོ། །ཐུན་ཡུན་མི་རིང་ཙམ་གསལ་འཕྲོ་ལ་བཅད་ཅིང་ཡུན་ཐུང་ལ་གྲངས་མང་དུ་བྱའོ། །དེ་ལྟར་ཡང་དང་ཡང་དུ་བྱས་པས་དུས་ཇི་ཞིག་ཙ་ན་རྟོག་པའི་རང་བཞིན་ཤེས་ནས་འཁོར་འདས་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་ཞེས་པ་ཅིག་འོང་ངོ་། །དེ་ཙམ་ན།

(༡༣༢)ཤེས་རབ་ཀྱིས་ན་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་འགྱུར། །ཞེས་པ་དེ་མངོན་སུམ་གྱུར་པའི་ཡིན་ནོ། །དངོས་གཞིའི་ཁྲིད་དོ།། །།ན་མོ་གུ་རུ། །དངོས་གཞིའི་ཁྲིད་ཕྱི་མའི་མན་ངག་ནི། སྔ་མའི་དེ་ལ་མ་བདེན་ཡང་བྱེད་པ་ཡིན། བདེ་ནས་བཤའ་མར་བྱུང་ན་ཡང་པོགས་འདོན་དུ་འགྲོ་བ་ཡིན་པས། འདི་ལྟར་བྱ་སྟེ། ཞེ་མནའ་སྐྱལ་པ་ལ་སོགས་པའི་སྔོན་འགྲོ་དང་། དངོས་གཞི་ལ་ཡང་ཕྱག་རྒྱ་ཆེ་པོ་མི་བསྒོམ་པ་ལ་སོགས་པ་དང་། ཤེས་པ་འདས་པའི་རྗེས་མི་གཅོད་པ་ལ་སོགས་པ་རྣམ་སྔ་མ་ཁོ་ན་ལྟར་བྱས་ལ། ད་ལྟར་གྱི་ཤེས་པ་སྐད་ཅིག་མ་འདི་ཉིད་ལ་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ་ཞེས་གསུངས་པས། ངའི་སེམས་ངའི་ཟེར་བའི་དྲན་པ་འདི་ཀ་ཆོས་ཀྱི་སྐུ་ཡིན་ཏེ། རིག་རིག་པོ་འདི་ཉིད་ཁོ་ན་མངོན་སུམ་ཉིད་ལ་སྤྲོས་པ་མཐའ་དག་དང་བྲལ་ནས་འདུག་པ། འདི་ལ་སྐྱེ་རྒྱུའམ། འགག་རྒྱུའམ། གནས་རྒྱུའམ། དངོས་པོ་མེད་པའམ། མཐའ་དབུས་ལ་སོགས་པའི་སྤྲོས་པ་མཐའ་དག་དང་བྲལ་ནས་འདུག་པ་འདི་རང་། ཁོ་ན་ཆོས་སྐུ་རང་ལུགས་སུ་འདུག་པས། ཤེ་འདོད་གཏིང་ནས་མེད་པ་གང་དུ་ཡང་དམིགས་གཏད་མི་བྱ་བར། ཤེས་པར་ང་

(༡༣༣)ལུགས་སུ་ལྷོད་ཀྱིས་གློད་ལ་རྩེན་གྱིས་བཞག །ཞེ་འདོད་མེད་པར་གློད་ཤེས་པའི་བཤའ་མ་དེ་ཉིད་ཁོ་ན་ལ་བདེ་གསལ་མི་རྟོག་པ་ཞེས་ཟེར་བ་ཡིན། ལོགས་ནས་འདོད་འདོད་པོ་དེ་མིན། དེའི་དང་ལས་རྣམ་རྟོག་རྟོལ་གྱིས་བྱུང་བ་དེ། སྔ་མ་ཁོ་ན་ལྟར་རྟོག་པ་ལ་མི་ལྟ་བར། རང་ལུགས་སུ་ལྷོད་ཀྱིས་གློད་ལ་ཞོག །དེ་ལྟར་རྟོག་པ་གང་བྱུང་བྱུང་བརྩོན་འགྲུས་ཀྱི་ལྕག་ཏུ་འོང་བ་ཡིན་པས་འདོད་ཐོག་ཏུ་ཤེས་པར་བྱའོ། །དེ་ལྟར་ཡང་དང་ཡང་དུ་གློད་པས་ཕྱི་ནས་རྟོག་པའི་རང་བཞིན་ཤེས་པ་ལ་སོགས་པ་སྔ་མ་བཞིན་ནོ། །དེ་ལྟ་བུའི་མན་ངག་དེ་ཤོར་ས་བཞིར་མ་ཤོར་བར། གོལ་ས་བཞིར་མ་གོལ་བར་ཉམས་རྣལ་འབྱོར་བཞི་ཤུགས་ཀྱིས་འཆར། དེ་ལྟ་བུའི་མན་ངག་གི་གནད་དངོས་བཞི་གཉིས་པ་དེ་མ་འཆུགས་པར་རྒྱུན་ཆད་མེད་པར་བྱེད་པའི་གང་ཟག་དེ་ལ་ནི། ཕྱག་རྒྱ་ཆེན་པོ་དང་དབུ་མ་ལ་སོགས་པའི་དོན་གྱི་མདོ་རྒྱུད་དང་། བསྟན་བཅོས་དང་། མན་ངག་མཐོང་བ་ཐམས་ཅད་གསལ་འདེབས་གྲོགས་སུ་འཆར་བའང་བ་ཡིན་ནོ། ཕྱི་ནས་སྤྲོས་པ་དང་རྣམ་པར་གཡེང་བ་ལ་སོགས་པ་སྣང་ཚད་སྲིད་ཚད་གསལ་འདེབས་སམ་གྲོགས་སུ་འཆར་ཏེ། ནགས་སྐམ་པོ་ལ་མེ་མཆེད་པ་བཞིན་ནོ། །སྣང་གྲགས་ཐམས་ཅད་གྲོགས་སུ་འཆར་ན་ཡན་ལག་

(༡༣༤)བདུན་པ་ལ་སོགས་པ་དགེ་བའི་སྤྲོས་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས། བསོད་ནམས་ཀྱི་ལས་ག་ཕྲ་མོ་ཡན་ཆད་ལ་ཤིན་ཏུ་སྤྲོ་པར་འོང་བ་ཡིན་ནོ། །འདི་ཐེག་པ་ཆེན་པོའི་ལམ་འཆུག་མེད་དུ་འདོད་པ་ཡིན་ཏེ། རྫོགས་པའི་སངས་རྒྱས་ལས་འགྲོས་ས་མེད་དོ། །དངོས་བཞི་ཕྱི་མའི་ཁྲིད་དོ།། །།ན་མོ་གུ་རུ། དེ་ནས་ཐུན་བཞི་ལ་ལུས་རྐང་པ་དཀྱིལ་དཀྲུངས་ལ་སོགས་པ། ལུས་གནས་ལེགས་པར་བཅོས་ནས་བྱང་ཆུབ་ཏུ་སེམས་བསྐྱེད། ལྷའི་སྐུ་སྣང་ལ་རང་བཞིན་མེད་པར་བསྒོམ། བླ་མ་བརྒྱུད་པ་དང་བཅས་པ་སྤྱི་བོར་བསྒོམ། །མཐོང་ཡུལ་དང་བར་སྣང་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཁའ་འགྲོ་དང་ཆོས་སྐྱོང་གིས་གང་བར་བསྒོམ། དེ་དག་ལ་མཎྜལ་དང་ཕྱི་ནང་གསང་གསུམ་གྱི་མཆོད་པ་དབུལ། སྡིག་པ་བཤགས་སྐྱབས་འགྲོ་ཁྱད་པར་ཅན་ལན་གསུམ་བྱ། གསོལ་བ་ལན་གསུམ་གདབ། དེ་ནས་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་སོགས་པ་རྣམས་བྱས་ལ། སེམས་མ་བཅོས་པའི་ངང་ལ་ཞོག་ཅིག་བྱ། དེ་ནས་བསྒོམ་དེ་བཤིག་བས་བཤིགས་པར་འདུག་གམ་མའི་དུག་ལྟོས་ཅིག་བྱ། བཤིགས་པར་འདུག་ཟེར་ན་བསྒོམ་མ་བྱུང་བའི་རྟགས་ཡིན་པས་འཁྲིད་གཞི་ནས་སྐྱང་ལ་བྱའོ། །བསྒོམ་དེ་མི་ཤིགས་པའམ་སླར་ལ་བརྟན་ཕྲིལ་འོང་པ་ཡིན་

(༡༣༥)དེ་ལྟར་བྱུང་ན་སྤྱོད་ལམ་དང་བསྲེ་བ་ཡིན་ཏེ། འགྲོ་བ་དང་། ཟ་བ་དང་། འཆག་པ་དང་ཉལ་བ་ལ་སོགས་པ་སྤྱོད་ལམ་རྣམ་པ་གཞི་ལ་མ་བྲལ་བར་བརླབ། སྤྱོད་ལམ་བཞི་ལ་བྱུང་ན་གོམས་ཤིང་འདྲིས་པར་བྱས། དེ་ལྟར་རང་སེམས་ཆོས་སྐུ་གཉིས་སུ་མེད་པའི་ཡེ་ཤེས་དེ་མཐར་ཕྱིན་པ་ལ་སོགས་པ་ལ་རྫོགས་པའི་སངས་རྒྱས་ཟེར་བ་ཡིན། བཅོམ་ལྡན་འདས་ཀྱི་ཞལ་ནས། སེམས་རྟོགས་ན་ཡེ་ཤེས་ཡིན་པས་སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཅེས་པ་དང་། དགྱེས་རྡོར་ལས་ཀྱང་། སེམས་བསྒོམས་པས་ནི་སངས་རྒྱས་ཏེ། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། ཅེས་པ་དང་། ཡང་རྗེ་བཙུན་ཆེན་པའི་ཞལ་སྔ་ནས་ཀྱང་། སེམས་ལས་མ་རྟོགས་ཀྱི་སངས་རྒྱས་མེད། །ལམ་རྩ་དང་རླུང་ལས་ཉེ་བ་མེད། ཅེས་གསུངས་སོ། །དེ་ལྟར་རྟོགས་པའི་དོན་དེ་སྐྱབས་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཡང་ཡིན་ཏེ། འཁོར་བའི་སྡུག་བསྔལ་དེས་སྒྲོལ་བ་ཡིན་ནོ། །དེ་ལྟར་རྟོགས་ནས་ཀྱང་བསོད་ནམས་ཀྱི་ཚོགས་ལ་འབད་པར་བྱ། བོགས་འདོད་པ་ཤིན་དུ་གལ་ཆེའོ། །ཆོས་རྗེ་སྒམ་པོ་པའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོའི་འཁྲིད་མ་ལུས་པར་རྫོགས་སོ། །

(༡༣༦)དེ་ལྟར་འཁྲིད་ཀྱང་། བསྒོམ་མ་སྐྱེས་ན་མཐའ་དང་གཞི་ནས་སྐྱར་ཏེ་འཁྲིད་པ་ཡིན་གསུང་ངོ་།། །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་ཆེན་པོ་ནཱ་རོ་པས། བདེ་མཆོག་འཁོར་ལོའི་གསང་སྔགས་ནི། འབུམ་ཕྲག་བདུན་ནི་བཟླས་པ་ཡིས། །ས་ནི་གཡོས་ཤིང་ལུང་བསྟན་ཐོབ། །ཤར་ཕྱོགས་ངོས་གྱིས་ཏཻ་ལོ་པའི་ཞལ་མངར་གདམ་ངག་བསྒོམ་པ་ནི། དངོས་པོའི་གནས་ལུགས་ལམ་དང་ནི། འབྲས་བུ་སྐྱེ་བའི་རིམ་པའོ། །ཅེས་གསུངས་པས། དེ་ལ་བླ་མ་ཆེན་པོ་ནཱ་རོ་པས་རྗེ་བཙུན་ཏཻ་ལོ་པ་ལ་ལོ་བཅུ་གཉིས་བརྟེན་དཀའ་བ་མི་འདྲ་བ་བཅུ་གཉིས་སྤྱད་པའི་ཐ་མ་ལ། ལུང་པ་སྐམ་པོ་ཆུ་མེད་དུ་བྱེ་མའི་མཎྜལ་ལ། ཁྲག་གིས་ཆག་ཆག་བཏབ། རྣམ་ཆོག་ལ་སོགས་པ་བཅད་ནས་མེ་ཏོག་གི་ཚོམ་བུར་བཀོད་ནས་ཕུལ་བའི་དུས་སུ། མཆིབས་ལྷམ་ཕུད་ནས་ནཱ་རོ་པའི་སྨིན་འཚམས་སུ་རྒྱབ་པས་ནཱ་རོ་པ་ས་ལ་འགྱེལ། རྒྱལ་སངས་ཙན་ཆོས་རྒྱུད་སྡེ་བཞི་ཚིག་དང་དོན་དུ་བཅས་པ་བློ་ལ་བྱུང་། ཁྱད་པར་གཏུམ་མོ་ཨ་ཐུང་ལ་སོགས་ནཱ་རོའི་ཆོས་དྲུག་ཐུགས་ལ་ཤར་བ་ཡིན་གསུང་ངོ་། །དེ་ལ་ལུས་ནི་བྱང་ཆུབ་རྣམ་ལྔ་དང་རྩ་དང་བྱང་ཆུབ་སེམས་

(༡༣༧)དང་ནི། །མི་གཙང་རྫས་དང་རྣམ་རྟོག་གིས། ལུས་ཀྱི་ཆོས་ནི་གནས་པ་ཡིན། །དེ་ལ་གནད་ནི་རྣམས་གསུམ་སྟེ། །ལུས་དང་ཡུལ་དང་དུས་དང་གསུམ། དེ་ལ་ལུས་ཀྱི་གནད་བཤད་པ། །རིན་ཆེན་རྩར་ལ་རྒྱུས་པར་ལྟར། །ཤིན་དུ་དྲང་ལ་དགུ་བར་བྱ། །ཅེས་པ་ལ་སོགས་པ་གསུངས་པས། གཏུམ་མོ་ཉམས་སུ་ལེན་པ་ལ་གནད་རྣམ་པ་གསུམ་སྟེ། ལུས་ཀྱི་གནད་དང་། རྩའི་གནད་དང་། རླུང་གི་གནད་དང་གསུམ་མོ། །དེ་ལ་ལུས་ཀྱི་གནད་ལ་མལ་ས་ཆེ་ཆུང་རན་པའི་ནང་དུ་ཞུགས་ཏེ། སྣབས་དང་ལུད་པ་ཕྱིར་ལ་བསལ་ལ། བསྒོམ་ཐག་མགོ་གང་པ་ཅིག་བཅུག་ལ། རྐང་པའི་རིང་པས་རྡོའི་རྩ་བ་མནན། །འདོད་ཆགས་ཆུང་བ་ཡིན། དབུག་སྒོར་གོས་ཀྱི་སྣེ་མོ་ཅིག་བཞུགས། །འོག་རླུང་རང་བཞིན་གྱིས་ཟིན་འོང་། རྐང་པ་རེའུ་མིག་ལྟར་སྣོལ། ལག་པ་རྡོ་རྗེ་གདམས་པའི་ཕྱག་རྒྱས་ལྟེ་བའི་འོག་ཏུ་སྡམ། སྒལ་ཚིགས་སྲང་། མཆུ་སྦྱར། མིག་སྣ་གོང་གི་ནམ་མཁའ་ལ་ལྕེ་རེ་བལྟ། མགྲིན་པ་ཅུང་ཟད་དགུ་ཙམ་བྱ། །དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། །ལུས་ཡི་དམ་གྱི་ལྷར་བསྒོམ་མོ། །དེ་ནས་གཉིས་པ་རྩའི་གནད་ལ། ལུས་སྟོང་པ་རྐྱལ་པ་ཕུས་

(༡༣༨)བཏབ་པ་ལྟ་བུའི་ནང་དུ། རྩ་དབུ་མ་ཡར་སྣ་སྤྱི་གཙུག་ཧཾ་ལ་ཟུག་པ། མར་སྣ་གསལ་གནས་ན་གནས་ཀྱང་། དེ་ལས་སོར་བཞི་མ་རེག་པར་བསྒོམ། རེག་པར་བསྒོམས་ན་འདོད་ཆགས་ཆེ་བ་ཡིན་གསུང་། དབུ་མ་དེ་ཕྱི་དཀར་བ་ནང་དམར་བ་མདུད་པ་དང་ཁྱོག་ཁྱོག་མེད་པ། ཁང་སྟོང་གིའི་ཀ་བ་ལྟ་བུ། སྟོང་སང་ངེ་བ་སྦ་ལྕག་འབྲིང་པོ་ཙམ་ཅིག་བསྒོམ། རོ་མ་དང་རྐྱང་མ་གཉིས་ནི་ཡར་སྣ། སྣ་བུག་གཉིས་ནས་མགྲིན་པ་ན་མར་ལ་སོང་། ལྟེ་བའི་འོག་སོར་བཞིས་དམའ་བར་དབུ་མ་དང་། བར་མདའ་སྙུག་འབྲིང་པོ་ཙམ་པ། ལུག་རྫུད་ཀྱི་སྒྱུ་མ་ལྟ་བུ་རྡོ་རིད་དེ་བ་གཉིས་བསྒོམ་མོ། །དེ་ནས་རླུང་སྦྱོར་བ་བཞིས་ཉམས་སུ་ལེན་ཏེ། དེ་ཡང་རྔུབ་དང་དགང་དང་གཞིལ་བ་དང་། །མདའ་ལྟར་འཕང་དང་རྣམ་པ་བཞི། །སྦྱོར་བ་བཞི་ལྡན་མ་ཤེས་ན། །ཡོན་ཏན་སྐྱོན་དུ་འགྱུར་བའི་ཉེན། །ཞེས་གསུངས་པས། དེ་ལ་རྔུབ་ཅེས་པས་སྣ་ཐག་གཉིས་ནས་རྔུབ། དགང་ཞེས་པས་རོ་རྐྱང་གཉིས་ནས་མར་སོང་པར་བསམ། གཞི་ལ་ཞེས་པས་རོ་རྐྱང་གཉིས་ནས་ལྟེ་བའི་འོག་དབུ་མའི་ནང་དུ་ཚུད་པར་བསམ། མདའ་ལྟར་འཕང་བ་ནི་རྩ་གསུམ་འདུས་པའི་ནང་ནས། རླུང་སེམས་འདུས་པའི་ཐིག་ལེ་དཀར་པོ་ཉུངས་

(༡༣༩)དཀར་གྱི་འབྲུ་གུ་ཙམ་པ་ཅིག་དབུ་མའི་ནང་ནས་ཡར་སྤྱི་གཙུག་ཚང་པའི་བུ་ག་ནས་ནམ་མཁའ་ལ་རྒྱངས་ཀྱིས་སོང་བ་དང་། རླུང་ཡང་སྔོར་ཕྱུར་གྱིས་སོང་བར་བསམ། དེ་ནས་རྩ་གསུམ་འདུས་པའི་དབུ་མའི་ནང་དུ་མར་མེ་སོར་བཞི་ཙམ་པ། ཁ་དོག་དམར་བ། རྩེ་མོ་རྣོ་བ། རེག་བྱ་ཚ་བ། ཉམས་མྱོང་བདེ་བ་ཅིག་ལ་དམིགས་པ་གཏད་ནས། སྟེང་རླུང་མནན། འོག་རླུང་ཐེན། གསུས་པ་སྒྲལ་བ་ལ་སྦྱར་ནས་ཐུབ་ཐུབ་དུ་མནན། མ་ཐུབ་ཙ་ན་སྣ་ནས་བཏང་། སྐྱར་ཞིང་སྐྱར་ཞིང་བསྒོམ་མོ། །དེ་ནས་འཕྲོ་གཅོད་ཙ་ན་རླུང་རང་སོར་གཞག །ཉིན་གུང་དང་མཚན་གུང་ལ་མི་བསྒོམ། རྟོགས་གྲགས་པ་ལ་མི་བསྒོམ། འགྲངས་གྲགས་པོ་ལ་མི་བསྒོམ་མོ། །དེ་ལྟར་བསྒོམས་པཱ་དང་པོ་ཙ་ཁ་དབྱེ།། །།དེས་ཐིག་ལེ་འཕེལ། དེས་བདེ་བ་སྐྱེ། དེ་ནས་བདེ་གསལ་ལ་སོགས་པའི་རྟོགས་པ་སྐྱེ་བ་ནི་འབྲས་བུ་སྐྱེ་བའི་རིམ་པ་ཡིན་གསུང་ངོ་། །བླ་མ་མི་ལའི་ཉམས་མྱོང་གི་གཏུམ་མོ་ཞལ་གྱི་གདམས་པ།། །།ན་མོ་རདྣ་གུ་རུ། གཏུམ་མོ་ཨ་ཐུང་གི་དབང་དུ་བྱས་ན། དེ་ཡང་བླ་མ་ཆེན་པོ་ནཱ་རོ་པས། བདེ་མཆོག་འཁོར་ལོའི་

(༡༤༠)གསང་སྔགས་ནི། འབུམ་ཕྲག་བདུན་ནི་བཟླས་པའི། །ས་རྣམས་གཡོས་ཤིན་ལུང་བསྟན་ཐོབ། །ཅེས་པ་ནས་ཁྱད་པར་གཏུམ་མོ་ཨ་ཐུང་ལ་སོགས་པ་ནཱ་རོའི་ཆོས་དྲུག་ཐུག་ལ་ཤར་བ་ཡིན། ཞེས་པ་ཡན་ཆོད་གོང་དང་མཐུན་པར་གསུང་པ་ཡིན་ནོ། །དེ་ལ་གཏུམ་མོ་ཨ་ཐུང་ཉམས་སུ་ལེན་པ་ལ། གནད་རྣམ་པ་གསུམ་སྟེ། ལུས་ཀྱི་གནད། རྩའི་གནད། རླུང་གི་གནད་དང་གསུམ་མོ། །དང་པོ་ལུས་གནད་ནི་རྐང་པ་རེ་མིག་ལྟར་སྣོལ། སྒལ་པ་ཆུས་ཤིང་ལྟར་སྲང་། མགྲིན་པ་ལྕགས་ཀྱུ་ལྟར་དགུག །ཅེས་པས་ལུས་ཅོག་གུའི་འཁྲུལ་ཁོར་ལ་སོགས་པ། གོང་ལྟར་ལེགས་པར་བཅོས་པར་བྱའོ། །གཉིས་པ་རྩའི་གནད་ནི་རྩ་གསུམ་ལ་རྟེན་པའི་གཏུམ་མོ་ཡིན་ཏེ། ལུས་ཀྱི་དཀྱིལ་དྲང་པོ་ན་ཡར། རྩ་དབུ་མ་ཁང་སྟོང་གི་ཀ་བ་ལྟ་བུ། མདུད་པ་དང་འཁྱག་འཁྱོག་མེད་པ་ཕྱི་དཀར་བ་ནང་དམར་བ། སྟོང་སང་ངེ་པ་སྦ་ལྕག་འབྲིང་པོ་ཙམ་པ། ཡར་སྣ་སྤྱི་བོའི་ཧཾ་ལ་ཟུག་པ། མར་སྣ་ལྟེ་བའི་འོགས་སོར་བཞི་ཙམ་དུ་སླེབ་པའི། །དབུ་མ་ལ་བཤད་ཚོད་ཀྱི་དྷཱུ་ཏི་དང་། རང་བཞིན་གཉུག་མའི་དྷཱུ་ཏིའོ། །བཤད་ཚོད་ཀྱི་དྷཱུ་ཏི་ནི་སྒལ་འདབ་པའི་ནང་ངོས་སུ་གནས། དེའི་ནང་ན་མར་རང་བཞིན་གཉུག་

(༡༤༡)མའི་དྷཱུ་ཏི་སེམས་ཀྱི་ངོ་བོ་རྟ་རྔ་ཉག་མ་རྒྱར་བཤགས་པའི་ཆ་ཙམ་དུ་གནས་པ་ཡིན་གསུང་། རྩ་རོ་མ་དང་རྐྱང་མ་གཉིས་ཡར་སྣ་བུག་སྤྱི་བོ་ནས་མར་མགྲིན་པ་མ་འདྲེས་ཙམ་ནས། སྙིང་ཁར་ཕྲ་ལ་མ་འདྲེས་ཙམ། དེ་ནས་ལྟེ་བའི་འོག་ཏུ་དབུ་མ་དང་འབྲེལ་བར་བསམ། དེ་ཡང་མདའ་སྙུག་འབྲིང་པོ་ཙམ་པ་ལུག་རྫུད་ཀྱི་སྒྱུ་མ་ལྟ་བུ་རྡོ་རིང་ངེ་བ་གཉིས་བསམ་མོ། །གསུམ་པ་རླུང་གི་གནད་ལ་སྦྱོར་བ་བཞིས་ཉམས་སུ་ལེན་པས་སྣ་བུག་གཉིས་ནས་རྔུབ། རྩ་གཉིས་ན་མར་སོང་བར་བསམ་པ་དགང་བ། དབུ་མར་ཚུད་པར་བསམ་པ་གཞིལ་བ། རྩ་གསུམ་འདུས་པའི་ནང་ནས་རླུང་སེམས་འདུས་པའི་ཐིག་ལེ་དཀར་པོ་ཡུངས་དཀར་ཙམ་པ་ཅིག སྤྱི་གཙུག་ན་ཡར་རྒྱངས་ཀྱིས་འཕང་ཞིང་རླུང་ཡང་སྔོ་གནག་ཕྱུར་གྱིས་སོང་བར་བསམ་མོ། །དེ་ནས་སྟེང་རླུང་མནན། འོག་རླུང་འཐེན་པ་ཁ་སྦྱར་ལ་བསུས་པ་ལྒལ་པ་ལ་བསྒུམ་བྱས་ནས་དམིགས་པ་སྟེ་བའི་ཨ་ཤད་ནི། རྒྱ་གར་གྱི་ཡི་གེའི་ཤད་ལྟ་བུ་མོའི་རང་བཞིན་ཁབ་ཙམ་པ་ཅིག་ལ་གཏད། རླུང་ཐུབ་ཚད་མནན། མཐུབ་ཙ་ན་སྣ་བུག་གཉིས་ནས་དལ་གྱིས་བཏང་ངོ་། །དེ་ལྟར་ཡང་དང་ཡང་དུ་བསྒོམ་མོ། །འཕྲོ་གཅོད་པའི་དུས་སུ་རླུང་རང་སོར་འཇོག་པ་གོང་

(༡༤༢)དང་མཐུན་ནོ། །དེ་ལྟར་བསྒོམས་པས་འབྲས་བུ་ནི་ལུས་ལ་བདེ་དྲོད་ཤུགས་ཀྱིས་འབྱུང་། སེམས་ལ་འོད་གསལ་ངང་གིས་འཆར་ཞེས་པ་ལ་སོགས་པ་གཞུང་དང་མཐུན་པར་འཆར་རོ། སྤྱིར་གཏུམ་མོ་ལ་དམིགས་པ་བསམ་གྱིས་མི་ཁྱབ་ཀྱང་། ཨ་ལ་ལྔར་འདུས་པ་ཡིན་གསུངས་པས། ཨ་ཨ་ལེབ། ཨཾ་ཐིག་ལེ། ཨོཾ་ཟླ་ཚེས། ཨཾ་སྦ་བཀུག་པ་ལྟ་བུ། ཨ་ཤད་ལྟ་བུ་འདི་ཨ་ཤེད་ལ་དམིགས་པ་ཡིན་ནོ། །ཨ་ཐུང་དང་རྗེ་མི་ལའི་རྣལ་འབྱོར་བཞི་ལ། གཉིས་ལ་མར་མེ་དང་ཨ་ཤད་གཉིས་ལ་ཁྱད་མེད། བཤད་ཡཾས་ཉིས་མཛད་པར་འདུག་གོ། །གཏུམ་མོ་ཨ་ཐུང་གི་ཞལ་གྱི་གདམས་པ།། །།ན་མོ་གུ་རུ། གཏུམ་མོ་འབར་འཛག་ཉམས་སུ་ལེན་པ་ལ། ལུས་གནང་གཏུམ་མོ་ལྟར་བཅོས་ལ། ཁོང་པ་སྐྱལ་པ་ཕུས་བཏབ་པ་ལྟར་སྟོང་སང་ངེ་བསྒོམ་པ་ནས། དེའི་ནང་དུ་རྩ་དབུ་མ་ཡར་སྣ་སྤྱི་བོའི་ཧཾ་ལ་ཟུག་པ། མར་སྣ་གསང་གནས་སུ་ཟུག་པ། སྦོམ་འཕྲས་སྦ་འབེར་འབྲིང་པོ་ཙམ་དུ་བསམ། དེ་ནས་ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་བཅུ་རྩ་བཞི། །དེའི་ལྟེ་བ་ལ་ཡི་གེ་ཨ་དམར་པོ་ཅིག །རྩ་འདབ་གདུགས་བདལ་བ་བཞིན་དུ་བསམ།

(༡༤༣)དེ་བཞིན་དུ་སྙིང་ཁ་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག །སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་ལ་རྩ་འདབ་སུམ་བཅུ་རྩ་གཉིས་བསྒོམ། རྩ་རོ་མ་དང་རྐྱང་མ་གཉིས་སྣ་བུག་གཉིས་ནས་ཡར་ལ་སོང་སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་ལ་ཁྱུད། མར་ལ་སོང་མགྲིན་པའི་འཁོར་ལོ་ལ་འཁྱུད། མར་ལ་སོང་སྙིང་ཁའི་འཁོར་ལོ་ལ་འཁྱུད། མར་ལ་སོད་ལྟེ་བ་ལ་འཁྱུད། ལྟེ་བའི་འོག་ཏུ་དབུ་མ་དང་འབྲེལ་བ་སྦོམ་འཕྲ་མདའ་སྙུག་ཙམ་དུ་བསམ་མོ། །དེ་ནས་རླུང་མནན་པས་ལྟེ་བའི་ཨ་ལས་མེ་འབར། ཡར་ལ་སོང་སྤྱི་བོའི་ཧཾ་ལ་མེ་ལྕེ་ཕོག་པས། ཧཾ་ལས་བྱང་སེམས་བབས་སྤྱི་བོའི་འཁོར་ལོ་ཁེངས། དེ་བཞིན་དུ་རྩ་གསུམ་ན་མར་ལ་སོང་མགྲིན་པ་ཁེངས། མར་ལ་སོང་སྙིང་ཁ་ཁེངས། མར་ལ་སོང་ལྟེ་བ་ཁེངས། ཡང་མེ་འབར་བས་ཟང་སུ་འོ་མ་ཁོལ་བ་ལྟར། ལྟེ་བའི་འཁོར་ལོ་ཁེངས། དེ་བཞིན་དུ་སྙིང་ཁ་དང་། མགྲིན་པ་དང་། སྤྱི་བོ་གང་བར་བསམ་མོ། དེ་བཞིན་དུ་མར་འབབ་ཡར་བཟློག་བྱ་ཞིང་རླུང་མནན། མཐར་རྩ་ཡིད་ལ་མི་བྱེད་རླུང་ཡིད་ལ་མི་བྱེད། ཐིག་ལེ་ཡིད་ལ་མི་བྱེད་པར་ཕྱག་རྒྱ་ཆེན་པོ་མ་བཅོས་པའི་

(༡༤༤)ངང་ལ་བཞག་གོ། །དེ་ལྟར་བསྒོམས་པས་བདེ་བ་ཚན་ཆེན་པོ་སྐྱེ་བའི་དགོས་པ་ཡོད་པ་ཡིན། དེ་ཕྱག་རྒྱ་ཆེན་པོ་དང་བསྲེས་ཤིང་བསྒོམས་པས་གྲུབ་ཐོབ་འབྱུང་བ་ཡིན་གསུང་ངོ་། །གཏུམ་མོ་འབར་འཛག་ཞལ་གྱི་གདམས་པ།། །།ན་མོ་ར་དྣ་གུ་རུ། སྙིང་ཁ་ཆོས་ཀྱི་འཁོར་ལོ་ལ་བརྟེན་ནས་གཉིད་འོད་གསལ་དུ་འཇུག་པ་ནི། གཉིས་བྲོ་བ་དང་ལུས་ཀྱི་གཞོགས་གཡས་པ་འོག་ཏུ་བཅུག །སེང་གེའི་ཉལ་སྟབས་བྱས་ལ། རྨི་ལམ་མེ་རྨི་བར་བྱ། འོད་གསལ་ཟིན་པར་བྱ་སྙམ་དུ་བསམས་ལ། མདུན་གྱི་ནམ་མཁའ་ལ། བླ་མ་བྱོན་པར་བསམ། །མོས་གུས་བྱ་ཞིང་བླ་མ་རྗེ་བཙུན་རིན་པོ་ཆེ། བདག་གི་གཉིད་འོད་གསལ་དུ་ཚུད་པར་མཛད་དུ་གསོལ། །ཞེས་ལན་གསུམ་གསོལ་བ་གདབ། དེ་ནས་སྙིང་ཁ་ཆོས་ཀྱི་འཁོར་ལོ་རྩ་པདྨ་འདབ་མ་བཞི་དབུས་དང་ལྔ་ལ། དབུས་སུ་ཧཱུཾ། མདུན་གྱི་འདབ་མ་ལ་ཨ། གཡས་སུ་ནུ། རྒྱབ་ཏུ་ཏ། གཡོན་དུ་ར་བསམས་ལ། དང་པོ་མདུན་གྱི་ཨ་ལ་སེམས་བཟུང་། གཉིད་ཆེ་རུ་བྲོ་བ་ནས་གཡས་ཀྱི་ནུ་ནས་རྒྱབ་ཀྱི་ཏ་ལ། དེ་ནས་གཡོན་གྱི་ར་ལ། དེ་ནས་དབུས་ཀྱི་ཧཱུ་ལ་བཅུག་ནས་གཉིད་ལོག་པས་འོད་གསལ་ཟིན་ན་གཉིད་

(༡༤༥)ཉག་ཉོག་མཐུག་པོའམ་རྨི་ལམ་མང་པོ་རྨིའོ། །དེ་ནས་གཉིད་སད་པ་དང་ད་ཅི་ཡང་མ་ཟིན། ད་ཟིན་པར་བྱ། སྙམ་དུ་བསམས་ལ་གོང་བཞིན་དུ་བླ་མ་ལ་གསོལ་བ་བཏབ་ནས་སྙིང་ཁར་པད་འདབ་ལྟེ་བ་དང་ལྔ་ལ། ཡི་གེ་ལྔ་པོ་བཀོད་ལ་གོང་ལྟར་བསྒོམ་མོ། །འོད་གསལ་ཟིན་ན་ཧཱུཾ་དེ་མིག་གིས་མཐོང་བ་ལྟར་གསལ་བ་དང་། ཡང་ན་གཉིད་ཀྱི་རོ་བདེ་བར་ཤར་ནས། གཉིད་སད་ཙ་ན་རྩི་བའམ་འཕྲེང་སྙམ་མེ་བ་འོང་། །ཡང་ན་མི་རྟོག་བཞིན་དུ་ཟླ་ཉི་མོ་འམ། མར་མེ་ལ་ཉལ་བ་ལྟ་བུ་ཐམས་ཅད་མི་སྒྲིབ་པར་ས་ལེ་མཐོང་བ་ཡོང་ངོ་། །དོན་ལ་རྨི་ལམ་དུ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ཡིན། སློ་དཔོན་སྒོམ་པའི་ཞལ་ནས་གཉིད་འོད་གསལ་དུ་ལན་ཅིག་ཚུད་ཀྱང་འཆི་ཀར་མི་འོང་མི་སྲིད་གསུང་། །འོད་གསལ་ཞལ་གྱི་གདམས་པ།། །།གུ་རུ་ན་མོ། །རྨི་ལམ་ལ་དོན་བཞི་སྟེ། རྨི་ལམ་བཟུང་བ་དང་། སྦྱང་པ་དང་། སྒྱུ་མར་བྱིན་གྱིས་བརླབ་ཅིང་ཡང་བ་སྤང་བ་དང་། དེ་ཁོ་ན་ཉིད་བསྒོམ་པའོ། །དང་པོ་རྨི་ལམ་བཟུང་བ་ནི། དེ་རིང་ནས་མིག་གིས་གཟུགས་མཐོང་བ་དང་། རྣ་བས་སྒྲ་ཐོས་པ་ཡིད་ལ་དྲན་རྟོག་སྐྱེས་པ་ཐམས་ཅད་རྨི་ལམ་ཡིན་སྙམ་དུ་བསྒོམ་པ་ལ། དེ་ནས་ནུབ་གཉིད་བྲོ་བ་དང་གཞོགས་གཡས་པ་འོག་ཏུ་བཅུག་ལ།

(༡༤༦)རྔས་བཅུང་ཟད་མཐོ་ཙམ་དུ་བྱ། བདག་གིས་རྨི་ལམ་ཟིན་པར་བྱ། དེ་ཡང་རྨི་ལམ་ངོ་མཚར་ཅན་མང་པོ་རྒྱ་གར་གྱི་ཡུལ་ཐམས་ཅད་བལྟ་བ་དང་། སུམ་བཅུ་རྩ་གསུམ་ལྷའི་གནས་ཐམས་ཅད་བལྟ་བ་དང་། སེམས་ལ་ཇི་ལྟར་འདོད་པ་བཞིན་བྱ། རྨི་ལམ་ལམ་དུ་ངོ་ཤེས་པར་བྱ། སྙམ་པའི་མདུན་པ་དྲག་པོ་བཏང་ལ། ལྕེའི་རྩ་བ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ། །རྩ་འདི་འདབ་བཞི་དམར་པོ། ཡིག་འབྲུ་དཀར་པོ་ལ། རྩ་འདབ་དམར་པོ་མ་ལས་ཐོབ་པ་བྱང་སེམས་ཡིག་འབྲུ་དཀར་པོ་ཕ་ལས་ཐོབ་པའི་ངོ་བོ་ཡིན་གསུང་། དེ་ལ་དབུས་སུ་ཨོཾ། མདུན་དུ་ཨ། གཡས་སུ་ནུ། རྒྱབ་ཏུ་ཏ། གཡོན་དུ་ར། དང་པོ་མདུན་གྱི་ཨ་ལ་བཟུང་། དེ་ནས་གཉིད་ཆེར་བྲོ་བ་དང་། ཨ་དེ་ཁྱེར་ལ་ནུ་ལ་ཞུགས། དེ་བཞིན་དུ་ནུ་དེ་རྒྱབ་ཀྱི་ཏ་ལ། ཏ་དེ་གཡོན་གྱི་ར་ལ། ར་དེ་དབུས་ཀྱི་ཨོཾ་ལ་བཅུག་ནས་གཉིད་ལོག་པས། རྨི་ལམ་རྨིས་ཀྱང་རྨི་ལམ་དུ་མ་ཤེས་ན། མ་ཟིན་པ་ཡིན། དེ་ནས་གཉིད་སད་པ་དང་ད་ཅི་ཡང་མ་ཟིན། དེ་རེས་ཟིན་པར་བྱ། སྙམ་དུ་བསམས་ནས་ཡང་མགྲིན་པར་པད་འདབ་དང་། ལྟེ་བ་ལ་གོང་ལྟར་ཡིག་འབྲུ་བཀོད་ལ། གོང་བཞིན་བསྒོམ། ཡང་ན་དང་པོ་ནས་ཨོཾ་ཅིག་པོ་ལ་སེམས་འཛིན་པ་ལུགས་ཅིག་ཡིན་ནོ། །དེ་ཡང་རྨི་ལམ་ཟིན་ན་རྨི་ལམ་

(༡༤༧)ཅི་རྨིས་པ་དེ་རྨི་ལམ་ཡིན་འདུག་སྙམ་དུ་ཤེས་པ་འོང་ངོ་། །དེ་དག་ནི་རྨི་ལམ་བཟུང་བའོ། །དེ་ནས་གཉིས་པ་རྨི་ལམ་སྦྱང་བ་ནི། གཉིད་ཉལ་ཁར་རྨི་ལམ་ལ་རྨི་ལམ་དུ་ཤེས་པའི་ཚེ། རྨི་ལམ་སྦྱང་བར་བྱའ་སྙམ་དུ་བསམས་ལ་རྨི་ལམ་ལ་ཆུ་རྨིས་པ་འདི་རྨི་ལམ་གྱི་ཆུ་ཡིན་འཇིགས་སུ་ཅི་ཡོད་སྙམ་དུ་ཤེས་པར་བྱས་ནས་ཆུའི་སྟེང་ན་ཕར་འགྲོ། །ཆུའི་ནང་དུ་འཆོང་། གཡས་ལ་འཆོང་། ཁྱིས་རྨུག་ཏུ་བཞུག །དགྲས་རྡེག་ཏུ་གཞུག །ནམ་མཁའ་ལ་འཕུར་ནས་ལྷའི་ཡུལ་ཐམས་ཅད་བལྟ་བ་དང་། རྒྱ་གར་གྱི་ཡུལ་བལྟ་བ་ལ་སོགས་པ་སེམས་ལ་ཅི་སེམས་པ་ཐམས་ཅད་བྱའོ། །དེ་ལྟར་བྱུང་ན་རྨི་ལམ་སྦྱངས་པའོ། །དེ་ནས་གསུམ་པ་སྒྱུ་མར་བྱིན་གྱིས་བརླབ་ཅིང་ཡང་བ་སྤང་བ་ནི། རྨི་ལམ་དུ་ཆུར་འཆོང་ཁར་འཇིགས་པ་ཕྲ་མོ་འདུག་ན། འདི་ལ་འཇིགས་སུ་ཅི་ཡོད་རྨི་ལམ་ལ་ཡིན་སྒྱུ་མ་ཡིན་སྙམ་དུ་ངེས་པར་བྱས་ལ། འཇིགས་པ་ཕྲ་མ་དེ་བད་ཀྱིས་བཅད་ལ་འཆོང་། དེ་ལ་སོགས་པ་མེད་དང་། གཡང་དང་། དགྲ་དང་འདྲེ་ཐམས་ཅད་ལ་ཤེས་པར་བྱའོ། །དེ་ལྟར་ཐོགས་པ་མེད་པར་འོང་ན་སྒྱུ་མར་བྱིན་གྱིས་རློབས་པ་ཡིན་ནོ། །དེ་ནས་བཞི་ལ་རྨི་ལམ་གྱི་དེ་ཁོ་ན་ཉིད་བསྒོམ་པ་ཡིན། དེ་ལྟར་རྨི་ལམ་སྒྱུ་མར་ཤེས་པ་ཐམས་ཅད་རང་གི་སེམས་སྐྱེ་བ་མེད་པར་བསྒོམ་མོ། །ཉིན་མོ་ཕྱག་རྒྱ་ཆེན་པོའི་བསྒོམ་དེ་མེད་ན་མགྲིན་པའི་ཨོཾ་ལ་དམིགས་པ་བཟུང་། དེ་ལ་སེམས་རྩིར་ཟིན་པ། དེ་དང་ཨོཾ་ཡང་རང་བཞིན་མེད་པ། ཕྱག་རྒྱ་ཆེན་པོའི་ངང་ལ་བཞག་གོ། །དེ་ནི་རྨི་ལམ་གྱི་

(༡༤༨)དེ་ཁོ་ན་ཉིད་བསྒོམ་པའོ། །རྨི་ལམ་གྱི་སངས་རྒྱས་ཞལ་གྱི་གདམས་པའོ།། །།ན་མོ་གུ་རུ། དེ་ལ་སྒྱུ་ལུས་བསྒོམ་པར་འདོད་པའི་རྒང་ཟག་གིས་ལུས་གནད་བཅོས་ལ། རང་གི་མདུན་དུ་མེ་ལོང་ཅིག་རྩུགས་ལ། དེའི་ནང་དུ་ལུས་ཀྱི་དཀྱིལ་འཁོར་འདི་གསལ་བར་བྱས་ལ། དེ་ལ་རིགས་ངན་པ་ལ་སོགས་པ་རྔན་གྱི་བྱེ་བྲག་མང་པོ་བརྗོད་པའི་མི་དགའ་བ་འདུག་གམ་མིའི་འདུག་བལྟ། དེ་ལ་མི་དགའ་བ་མི་འོང་། ཡང་སྟོད་ར་མང་པོ་བརྗོད་པས་དགའ་བའི་རྣམ་པར་རྟོག་པ་འདུག་གམ་མི་འདུག་བལྟ། དེ་ལ་དགའ་བ་མི་འོང་། །མེ་ལོང་གི་གཟུགས་རྙན་དེ་རང་ལ་བཅུག་ལ་རང་ལ་རྔན་མང་པོ་བརྗོད་བས། མི་དགའ་བ་འདུག་གམ་མི་འདུག་བལྟ། །མི་དགའ་བ་འདུག་ན་ཡང་མ་འབྱོངས་པ་ཡིན། དེ་ལྟར་མེ་ལོ་ནང་གི་དང་གཉིས་ཕར་སྤྲས་ཚུར་བསྡུས་ཤིང་བསྒོམས་པས་རང་བཞིན་ཐམས་ཅད་སྒྱུ་མ་རྨི་ལམ་ལྟ་བུར་ཝལ་བ་འབྱུང་ངོ་། །དེ་ནས་ཡི་དམ་ལྷའི་སྒྱུ་ལུས་ལ་སླབ་པ་ནི། རང་གི་ཕྲག་གོང་དུ་ཡི་དམ་ལྷའི་ཐངས་སྐུ་ཅིག་བཞུགས། དེ་མེ་ལོང་ནང་དུ་འཆར་བར་བྱས་ལ། སྟོང་ར་དང་སྨན་ར་ལ་སོགས་བརྗོད་པས་དགའ་མི་དགའ་མི་འོང་། དེ་རང་ལུས་ལ་བཅུག་ལ་

(༡༤༩)དགའ་མི་དགའ་འདུག་གམ་མི་འདུག་བལྟ། འདུག་ན་ཡང་ཡང་སྐྱར་ཞིང་བསྒོམ། དེ་ལྟར་བསྒོམས་པས་རང་བཞན་ཐམས་ཅད་སྣང་ལ་རང་བཞིན་མེད་པ་ལྷའི་སྐུར་ཝལ་བ་འབྱུང་ངོ་། །དེ་ཙམ་ན་སྒྱུ་ལུས་འབྱོངས་པ་ཡིན། །ཚོགས་ཐམས་ཅད་རྫོགས་པ་ལ་ཚེགས་མེད། སྒྲིབ་པ་ཐམས་ཅད་ཀྱང་འདག་པ་ལ་ཚེགས་མེད་དོ། །དེ་ལྟར་ཡང་ལུང་ལས། སྒྱུ་མ་ལྟ་བུའི་སེམས་འདི་ཡིས། །སྒྱུ་མ་ལྟ་བུའི་ཆོས་རྣམས་ལ། །སྒྱུ་མ་ལྟ་བུར་བསྒོམས་བྱས་པས། །སྒྱུ་མ་ལྟ་བུར་སངས་ཡང་རྒྱ། །ཞེས་གསུངས་པའི་དོན་ཏོ། །སྒྱུ་ལུས་ཐུན་འཚམས་གྱི་ཆོས་ཡིན་གསུང་ངོ་། །སྒྱུ་ལུས་ཞལ་གྱི་གདམས་པ་རྫོགས་སོ།། །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྤྱིར་འཕོ་པ་ལ་གསུམ། རབ་འོད་གསལ་ནས་འཕོ། འབྲིང་སྒྱུ་ལུས་ནས་འཕོ། ཐ་མ་བསྐྱེད་པའི་རིམ་པའི་སྒོ་ནས་འཕོ་བའོ། །རབ་འོད་གསལ་གྱི་འཕོ་བ་ནི། ལུས་རྐང་པ་དཀྱིལ་དཀྲུངས་ལ་སོགས་པ་ལེགས་པར་བཅོས་ལ་བྱང་ཆུབ་ཏུ་སེམས་བསྐྱེད། རང་གི་སྙིང་ཁར་ཉི་མ་ལ་ཧཱུཾ་ཅིག་བསམས་ལ། དེ་ལས་འོད་འཕྲོས་པས་ཕྱི་ས་རྡོ་དང་རི་བྲག་ཐམས་ཅད་གཞལ་ཡས་ཁང་དུ་གྱུར། ནང་བཅུད་ཀྱི་སེམས་སལ་ཕོག་

(༡༥༠)པས་ཡི་དམ་ལྷར་གྱུར་པར་བསམ། དེ་ནས་ཕྱི་གཞལ་ཡལ་ཁང་འོད་དུ་ཞུབས་ལྷ་ཚོགས་ལ་ཐིམ། ལྷ་ཚོགས་འོད་དུ་ཞུ་ཚུར་རང་ལ་སྡུ། བདག་ཉིད་མའི་དཀྱིལ་འཁོར་ཧཱུཾ་དང་བཅས་པ་ལ་སྡུ། ཉི་མ་ཧཱུཾ་ལ། ཧཱུཾ་གི་ཞབས་ཀྱུ་ཧ་ལ་སྡུ། ཧ་མགོལ། མགོ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ། ཐིག་ལེ་ན་ད་དེ་སྟོང་པར་ཕྱམ་གྱིས་བཏང་ལ་ཕྱག་རྒྱ་ཆེན་པོའི་ངང་ལ་བཞག་གོ། །ཡང་དང་ཡང་དུ་དེ་ལྟར་བསྒོམ་པར་བྱའོ། །ཕྱག་རྒྱ་ཆེན་པོའི་བསྒོམ་མ་སྐྱེས་པ་རྣམས་ལ་ཡང་དེ་བཞིན་དུ་བསྒོམས་ན་སེམས་ཟིན་འོང་བ་ཡིན་གསུང་ངོ་། །དེ་ནས་འཆི་བའི་དུས་སུ་ལུས་གནད་ལ་གོང་བཞིན་དུ་བསྒོམ་སྟེ། ནང་སྟོང་པར་བཏང་ནས་དེ་ལ་བསྒོམས་པའི་འོད་གསལ་བྱས། དབུགས་སྦད་ཀྱིས་ཆད་པ་དང་། རང་བཞིན་བ་དང་རང་བཞིན་གྱི་འོད་གསལ་འཆར་བ་དང་འདྲེས་མངོན་པར་རྫོགས་པར་སངས་རྒྱས་འོ། །དེ་ལྟར་ཡང་འོད་གསལ་བ་ནི་རྒྱུན་པར་གནས། བར་དོའི་གྲོང་ཁྱེར་ངེས་མི་མཐོང་། །ཞེས་གསུངས་སོ། །རབ་འོད་གསལ་གྱི་འཕོ་བའོ།། །།གང་ཟག་དབང་པོ་འབྲིང་། སྒྱུ་ལུས་ཀྱི་འཕོ་བ་ལ་གཉིས་ཏེ། སྦྱང་པ་དང་། འཕོ་བ་དངོས་བསྟན་པའོ། །དང་པོ་སྦྱང་པ་ནི། གཉིད་ལོག་ཀར་སུམ་བཅུ་རྩ་གསུམ་

(༡༥༡)ཨར་མོ་ལིང་ཀའི་རྡོ་ལེབ་སྟེང་ན་འཕར་བ། མནན་ན་འབོལ་བ། རྡོ་རྗེ་འཆང་གི་བཞུགས་གནས་དེར་ཕྱིན་ལ། ཕྱག་རྒྱ་ཆེན་པོ་བསྒོ་པར་བྱའོ་སྙམ་དུ་མདུན་པ་བཏང་ལ། རྨི་ལམ་དུ་དེ་ཉིད་ཁོ་ན་ལྟར་ཡང་དང་ཡང་དུ་སྦྱངས་ལ། དེ་ནས་འཕོ་བ་དངོས་ནི། འཆི་བའི་ཚེ་འབྱུང་བ་རྣམས་རིམས་ཀྱིས་སྡུས་པའི་དུས་སུ། ཤེས་པ་ཨར་མོ་ལིང་ཀའི་སྟེང་དུ་འཕོས་ལ། དེ་རང་ཡི་དམ་གྱི་ལྷ་སྣང་ལ་རང་བཞིན་མེད་པ། མེ་ལོང་གི་གཟུགས་རྙན་ལྟ་བུ་བསྒོམས་ལ་དག་པའི་སྒྱུ་ལུས་ཀྱི་ངང་ནས་འོད་གསལ་བསྒོམས་པས་སངས་རྒྱས་འོ། །བར་དོ་ནས་འཕོ་བ་ཟབ་མོ་ཡོད་ཅེས་པ་ཡང་འདི་ལགས། བར་དོ་གཉིས་པར་ཟུང་འཇུག་ལ་གནས་མ་ནུས་ན། ཤེས་པ་ཡ་གིར་བཏང་བས་ངེས་པར་དེར་འགྲོ་སྟེ། དེར་ཕྱིན་ནས་ཕྱིར་ལ་མི་ལྡོག་དག་པས་ས་ལ་སླེབ་པ་ཞེས་བྱ་བ་ཡིན་གསུང་། རྨི་ལམ་དུས་སུམ་བཅུ་རྩ་གསུམ་གསལ་པོར་མི་མཐོང་བར་གདའ་བ་དེ་ཅི་ལགས་ཞུས་པས། བླ་མ་རིན་པོ་ཆེའི་ཞལ་ནས། ཉིན་པར་གྱི་གནས་འདི་ཉིད་ཨར་མོ་ལིང་ཀ་ཡིན་པར་ཡང་ཡང་ཡིད་ལ་གྱིས་དང་མཐོང་འོང་གི་གསུང་ངོ་།། །།གང་ཟག་དབང་པོ་ཐ་མ་བསྐྱེད་རིམས་ཀྱི་སྒོ་ནས་འཕོ་བ་ནི། རང་ལུས་ལྷ་སྐུ་སྒྱུ་མ་ལྟ་བུ་བསྒོམས་ལ། རང་གི་

(༡༥༢)ལྟེ་བར་ཨ། སྙིང་ཁར་ཧཱུཾ། སྦྱིག་ཙུག་ཏུ་ཀྵ་བསམས་ལ། རླུང་བུམ་པ་ཅན་དུ་བསྒོམས་ཏེ་ལྟེ་བའི་ཨ་སྙིང་ཁའི་ཧཱུཾ་ལ་ཐིམ། ཧཱུཾ་ཡར་ལ་སོང་པས་སྤྱི་བོའི་ཀྵ་ཕུལ་བ་བཞིན་བསམ་དེ་ནས་འཕྲོ་གཅོད་པའི་ཚེ་ཧཱུཾ་སྙྙིང་ཁར་དབབ། ཧཱུཾ་ལས་ཨ་ཕྱེ་ལ་ལྟེ་བར་བཞག་གོ། །དེ་ལྟར་ཡང་ཡང་སླབས་པས་འབྱོངས་པའི་ཚད་ནི། ལག་པ་པུས་མོ་ལ་མ་རེག་པར་ལན་གསུམ་བསྐོར་ཞིང་། སེ་གོལ་ལན་ཅིག་རྟོགས་ལ། དེ་ཅིག་ཏུ་རྩིས་པས་བརྒྱ་རྩ་བརྒྱད་ཐུབ་ན་རབ། བདུན་བཅུ་རྩ་གཉིས་ཐུབ་ན་འབྲིང་། སུམ་བཅུ་སོ་དྲུག་ཐུབ་ན་ཐ་མ་ཡིན་ནོ། །མངོན་སུམ་གྱི་རྟགས་སྦྱི་བོར་འོད་ངོ་། །དེ་ནས་འཆི་བའི་དུས་སུ་འཕོ་བ་ནི། ལུས་གནད་བཅོས་ལ་མདུན་གྱི་ནམ་མཁའ་ལ་ཡི་དམ་འམ་བླ་མ་བསམས་ཏེ། ཚངས་བུག་གི་ཀྵ་ཡིད་ཀྱིས་ཕྱུང་ལ་དཀར་ཧར་གྱིས་བཏང་སྟེ། ལྟ་བའི་ཨ་སྙིང་ཁའི་ཧཱུཾ་ལ་ཐིམ། ཧཱུཾ་ཚངས་བུག་ལ་སོང་བའི་བླ་མའི་ཐུགས་ཁར་ཐིམ་པར་བསམ། བླ་མ་ཡང་རང་བཞིན་མེད་པའི་ངང་ལ་བཞག །དབུགས་ཆད་པར་དང་རང་བཞིན་གྱི་འོད་གསལ་དང་འདྲེས་ནས་སངས་རྒྱས་པར་འགྱུར་རོ། །བསྐྱེད་པའི་རིམ་པའི་འཕོ་བཞལ་གྱི་གདམས།། །།ན་མོ་གུ་རུ། དེ་ལ་ཙ་ན་

(༡༥༣)ཐབས་ཀྱི་འཕོ་བ་ནི། རྐང་པ་གཡོན་པའི་ཕྱི་རྟིང་གིས་བ་ཤང་སྒོ་དགག །ལོང་པུ་གཉིས་གྱིས་ཆུས་སོ་མནན། །མིག་ལ་སོགས་པའི་བུག་རྣམས་སེང་གེ་རྣམས་གྲོལ་གྱི་ཕྱག་རྒྱས་དགག །གྲུ་མོ་གཉིས་ཀྱིས་འཆན་འོག་གི་རྩིབས་ལོགས་གཉིས་བསྡམ། སྐེད་པ་ཉག་ཉག་པོར་བྱ། རླུང་དྲག་པོར་གྱེན་དུ་དྲང་ཞིང་ཚངས་བུག་ལ་ཕུལ་བ་བཞིན་བྱའོ། །དེ་ནས་དམིགས་པ་ནི་སྒོ་དགུ་ལ་ཧཱུཾ་སྒྲིལ་མ་རེ་རེས་བཀག་པར་བསམ། བླ་མའམ་ཡི་དམ་གང་རུང་ཅིག་སྤྱི་བོར་བསམ། ཚངས་བུག་དཀར་ཧར་གྱིས་ཕྱེ་བར་བསམས་ལ། སེམས་འདི་སྙིང་གི་ནང་ནས་ཧཱུཾ་མཐིང་ནག་ཅིག་ཚངས་བུག་ལ་སོང་བས། བླ་མའི་ཐུགས་ཁར་ཐིམ་པར་མྱུར་དུ་སོང་བར་བསམས་ནས། རླུང་བསྡམས་ནས་རླུང་བསྡམས་པས་འཕོ་བར་བྱའོ། །དེ་ནས་བླ་མ་ཡང་རང་བཞིན་མེད་པའི་ངང་ལ་བཞག །དེ་ལ་བསྒོམས་པའི་འོད་གསལ་བྱས་ནས། དབུགས་ཆད་བའི་དུས་སུ་རང་བཞིན་གྱི་འོད་གསལ་སྟོང་པའི་ཆོས་སྐུ་འཆར་པ་བསྲེས་ནས་སངས་རྒྱས་པར་འགྱུར་རོ། །སངས་མ་རྒྱས་ཀྱང་ལྷ་མི་ལུས་ཐོབ་པར་ཐེ་ཚོམ་མེད་དོ། །འཕོ་བ་འདི་འཆི་འཕོའམ། ནད་དྲག་པོས་ཉེན་པའམ། སྡིག་པ་ཆེ་ཚོགས་མ་བསགས་

(༡༥༤)པས་བྱ་ཡིས་གཞན་གྱིས་ནམ་ཡིན་ནོ། །ཞེས་གསུངས་སོ། བཙན་ཐབས་ཀྱི་འཕོ་བ་ཞལ་གྱི་གདམས་པ།། །།གྲོང་འཇུག་གི་གདམས་པ་འདིར་མ་བསྟན་ནོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དེ་ཡང་ཞལ་སྔ་ནས་རིམས་ཀྱིས་འཇུག་པའི་གང་ཟག་གིས་ཤེས་པའི་སྐྱེ་ལུགས་འདི་ལྟ་སྟེ། སྣང་བ་ཐིམ་དང་རྟོག་པ་ཐིམ། །རགས་པ་ཐིམ་དང་ཕྲ་བ་ཐིམ། །ཐིམ་པའི་རྗེས་ལ་གོམས་པ་དང་། །རང་བཞིན་གྱིས་ནི་འོད་གསལ་འབྱུང་། །དེའི་རྗེས་ལ་ཟུང་འཇུག་གི་སྐུ་ནི་རྣམ་པ་གཉིས་འབྱུང་སྟེ། སློབ་པ་དང་ནི་མི་སློབ་གཉིས། །མི་སློབ་པར་དུ་གྱུར་ཙམ་ན། །འབྲས་བུ་ཐོབ་ཅེས་བསྟན་པ་ཡིན། །ཞེས་གསུངས་པས་དེའི་དོན་དོ་དམར་ཁྲུད་ལ་གསུམ་སྟེ། བར་དོ་དང་པོ་འོད་གསལ་ངོས་བཟུང་བ་དང་གཉིས་པ་སྒྱུ་ལུས་ངོས་བཟུང་བ་དང་། །གསུམ་པ་ལ་མངལ་གྱི་སྒོ་དགག་པའོ། །དང་པོ་ལ་གསུམ་སྟེ། ཡུལ་ལྔ་ཐིམ་པའི་རིམ་པ་ནི། དང་པོ་གཟུགས་སྒྲ་ལ་ཐིམ་པས་མིག་གིས་གཟུགས་མི་མཐོང་། །སྒྲ་དྲི་ལ་ཐིམ་

(༡༥༥)པས་རྣ་བས་སྒྲ་མི་ཐོས། །དྲི་རོ་ལ་ཐིམ་པས་སྣས་དྲི་མའི་ཚོར། །རོ་རེག་བྱ་ལ་ཐིམ་པས་ལྕེས་རོ་མི་ཚོར། རེག་བྱ་རྣམ་པར་ཤེས་པ་ལ་ཐིམ་པས་ལུས་ཀྱིས་རེག་བྱ་མི་ཚོར་རོ། །དེ་ནས་གཉིས་པ་འབྱུང་བ་བཞི་ཐིམ་པའི་རིམ་པ་ཞི། དང་པོ་ས་ཆུ་ལ་ཐིམ་པའི་དུས་སུ་ལུས་ཟུངས་མི་ཐུབ། བྱིང་བའི་སྣང་བ་ཡོང་གདོང་ལས་རྔུབ་ཆགས། སྣའི་བཤོག་དང་རྣ་བ་ཆག་ནས་འོང་ངོ་། །ཆུ་མེ་ལ་ཐིམ་པས་ཁ་ཆུ་སྣ་ཆུ་ལན་ཅིག་ཕྱིར་ལ་ཤར་གྱིས་བྱུང་ནས། དེ་ནས་ཁ་སྣ་སྐམས། ལྕེ་ཕུགས་སུ་འགྲོ། ནག་པོའི་ཐིག་ལེ་འོང་ངོ་། །མེ་རླུང་ལ་ཐིམ་པས་ཡན་ལག་གི་དྲོད་མཐའ་ནས་སྡུད། མིག་འབྲས་གྱེན་ལ་ལོག །རྐང་ལག་གཡོབ་ཤི་འཕྲས་བྱེད་དོ། །རླུང་རྣམ་པར་ཤེས་པ་ལ་ཐིམ་པས་དབུགས་རྔོག་ངོག་བྱེད། བཟང་དབུགས་མཆད། ནང་དབུགས་མ་ཆད། ནང་དབུགས་ཆད། རྩེའུ་ཆུང་སྦྲིག་པའི་དུས་སུ་དབུགས་རྐྱང་པ་གཉིས་འོང་ངོ་། །གསུམ་པ་སྣང་བ་ཐིམ་པའི་རིམ་པ་ནི། །དེ་ནས་རྣམ་པར་ཤེས་པ་སྣང་བ་ལ་ཐིམ་པའི་ཚེ། ཕྱི་རྟགས་ཟླ་བ་ཤར་བ་ལྟ་བུ། ནང་ཤེས་པའི་སྣང་བ་དུ་བ་ལྟ་བུ་ལང་ལོང་དུ་འཆར་རོ། །དེའི་དུས་སུ་ཞེ་སྡང་ལས་གྱུར་པའི་རྟོག་པ་སུམ་བཅུ་རྩ་གསུམ་འགག་གོ། །སྣང་བ་མཆེད་བ་ལ་ཐིམ་པའི་

(༡༥༦)ཚེ། ཕྱི་རྟགས་ཉི་མ་ཤར་བ་ལྟ་བུ། ནང་དུ་ཤེས་པ་ལ་སྲིན་བུ་མེ་ཁྱེར་ལྟ་བུ་དམར་སྐྱེམ་བ་ཅིག་འབྱུང་། དེའི་དུས་སུ་འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་འགག་གོ། །མཆེད་པ་ཐོབ་པ་ལ་ཐིམ་པའི་ཚེ། ཕྱི་རྟགས་མུན་པ་ལྟར་ནག་ཐིབ་པ་ཅིག་འབྱུང་། ནང་རྟགས་ཤེས་པ་མར་མེ་ལྟར་གསལ་ལྷག་པ་ཅིག་འབྱུང་སྟེ། དེའི་དུས་སུ་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་འགག་གོ། །དེ་ལྟར་ན་གཏི་མུག་གིས་བདུན། ཞེ་སྡང་གིས་སུམ་བཅུ་རྩ་གསུམ། འདོད་ཆགས་ཀྱི་བཞི་བཅུ་སྟེ། རང་བཞིན་རྒྱ་བཅུའི་རྟོག་པ་མ་ལུས་པར་འགག་པ་ཡིན་ནོ། དེ་ནས་ཐོབ་པ་འོད་གསལ་ལ་ཐིམ་པའི་ཚེ། དབུགས་ཁྲོག་གོས་སོང་བའི་དུས་སུ་སེམས་ཀུན་ལ་འོད་གསལ་སྟོང་པ་ཆོས་གྱི་སྐུ་ཇི་ལྟ་བ་ཅིག་འཆར་ཏེ། བསྒོམས་པའི་འོད་གསལ་དང་རང་བཞིན་གྱི་འོད་གསལ་གཉིས་ཆུ་དང་འོ་མ་འདྲེས་པ་ལྟ་བུའམ། བུམ་ནང་གི་ནམ་མཁའ་དང་། ཕྱི་རོལ་གྱི་ནམ་མཁའ་འདྲེས་པ་བཞིན་ཆོས་སྐུ་ཐོབ་པ་ཡིན་ཏེ། དེ་ལྟར་གདན་བཞིན་ལས། འོད་གསལ་བ་ནི་རྒྱུན་པར་གནས། བར་དོའི་གྲོང་ཁྱེར་དེས་མི་མཐོང་། །ཞེས་པ་དང་། མཚན་བརྗོད་ལས་ཀྱང་། །སྐད་ཅིག་གིས་རྫོགས་སངས་རྒྱས། །སྐད་ཅིག་གཅིག་གིས་བྱེ་

(༡༥༧)ཕྲག་ཕྱེད་གསུངས་པ་སྟེ། ཚེ་ཅིག་ལུས་ཅིག་ལ་སངས་རྒྱ་བ་ཡིན། གཟུགས་སྐུ་གཉིས་གཞན་སྣང་ལ་འཆར་རོ། །བར་དོ་དང་པོ་འོད་གསལ་ངོས་བཟུང་བའོ། །གཉིས་པ་སྒྱུ་ལུས་ངོས་བཟུང་བ་ལ་གཉིས་ཏེ། མ་དག་པའི་སྒྱུ་ལུས་དང་། དག་པའི་སྒྱུ་ལུས་སོ། །དེ་ལ་མ་དག་པའི་སྒྱུ་ལུས་ནི། འོད་གསལ་དེ་ལ་གནས་མ་ནུས་ན་བར་དོའི་སྣང་བ་འཆར་ཏེ། ཞག་ཕྱེད་དང་བཞི་ཚུན་ཆད་སྔར་མ་ཤི་བའི་ལུས་སུ་སྣང་སྟེ། དེས་གསོན་པོ་རྣམས་གྱི་ཐད་དུ་ཕྱིན་པས་གསོན་པས་མི་མཐོང་ཁོས་མཐོང་། ཁོས་གཏམ་སྨྲས་པ་གསོན་པོས་མི་ཐོས། ཁོང་གིས་སྨྲས་པ་ཁོས་ཐོས། གསོན་པོ་ཐམས་ཅད་ཁོ་ལ་འཁྲོས་པའི་སྣང་བ་འོང་། །རི་དང་རྩིག་པ་ལ་སོགས་པ་གང་ལ་ཡང་ཐོགས་པ་མེད། དྲན་ན་ལྷའི་འཇིག་རྟེན་གང་དུ་འང་དྲན་པས་ཆོག །ལྷའི་མིག་དང་བར་དོ་ནང་གིས་མཐོང་། །ལས་ཀྱི་རྫུ་འཕྲུལ་དང་ལུས་ལ་འོད་ཤུགས་ལ་ཡོང་། །ཡུད་ཙམ་ཡུད་ཙམ་གྱ་གྱུར་རྣམ་པ་ཤིན་དུ་མི་གཏན་པ་ཅིག་འབྱུང་བས་དེ་ལ་ང་ཤི་བ་ཡིན་འདུག །འདི་བར་དོ་ཡིན་པར་འདུག་སྙམ་དུ་ཤེས་པ་གལ་ཆེའོ། །དེ་ནས་ཞག་ཕྱེད་དང་བཞི་ཕན་ཆོད་ཕྱི་མ་གར་སྐྱེ་བའི་ལུས་ཀྱི་སྣང་བ་འཆར་བ་ཡིན་ནོ། །དེའི་མཚན་ཉིད་ནི་མངོན་པ་ལས།

(༡༥༨)མངོན་འབྱུང་སྲིད་པའི་ཤ་གཟུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་ལྡན། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །རིགས་མཐུན་ལྷ་མིག་དག་པས་མཐོང་། །སྲིད་པ་ཕྱི་མའི་ཤ་གཟུགས་ཅན། ཞེས་གསུངས་པའི་དོན་ཏོ། དེ་ནི་ཀུན་ལ་འབྱུང་སྟེ་མ་དག་པའི་སྒྱུ་ལུས་སོ། །གཉིས་པ་དག་པའི་སྒྱུ་ལུས་ནི། གོང་གི་མ་དག་པའི་སྒྱུ་ལུས་ངོ་ཤེས་པར་བྱས་ནས། སྔར་གོམས་པའི་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་བསྒོམ་པ་དང་། ཕྱག་རྒྱ་ཆེན་པོ་ལ་ཡང་དང་ཡིན་དུ་བསྒོམ་པ་ནི་སློབ་པའི་ཟུང་འཇུག་སྟེ། འོད་གསལ་གྱི་མེས་བག་ཆགས་ཐམས་ཅད་སྦྱོང་པ་ཡིན་ཏེ། ད་ལྟ་ལོ་རྒྱ་བསྒོམས་པ་བས། དེར་སྐད་ཅིག་མ་གཅིག་བསྒོམས་པ་ལ་མཆོད་འོལ་ཆེ་བ་ཡིན་གསུང་ངོ་། །དེ་ནས་རྣམ་རྟོག་ཐམས་ཅད་འོད་གསལ་གྱི་མེས་བསྲེགས་ནས་སྦྱང་བཞི་དང་སྦྱོང་བྱེད་མེད་པར་གོམས་པ་མཐར་ཕྱིན་ཏེ། ཆོས་སྐུ་གཉིས་སུ་མེད་པ་ཐོབ་ནས་གཟུགས་སྐུ་གཉིས་དུ་མ་ལ་ཁྱབ་པ་འབྱུང་བ་ནི་མི་སློབ་པའི་ཟུང་འཇུག་ཡིན་ཏེ། བར་དོ་གཉིས་པ་སྒྱུ་ལུས་ངོས་བཟུང་བའོ། །གསུམ་པ་མངལ་ལ་སྒོ་དགག་པ་ལ་གཉིས་ཏེ། མངལ་སྒོ་དགག་པ་དང་མངལ་གདམ་པའོ། །དང་པོ་ལ་ལྔ་སྟེ། དྲན་པ་དང་། །འདུན་པས་དགག་པ་དང་། བླ་མ་ཡབ་ཡུམ་གྱིས་དགག་པ། ཡི་དམ་གྱི་

(༡༥༩)ལྷ་ཡབ་ཡུམ་གྱིས་དགག་པ། སྒྱུ་མ་ལྟ་བུས་དགག་པ། །འོད་གསལ་གྱིས་དགག་པའོ། །དང་པོ་ནི། བར་དོ་གཉིས་པར་སངས་མ་རྒྱས་ནི། མངལ་གྱི་སྣང་བ་འོང་སྟེ། ཕོར་སྐྱེ་ན་ཕ་ལ་ཞེ་སྡང་། མ་ལ་འདོད་ཆགས། མོར་སྐྱེ་ན་མ་ལ་ཞེ་སྡང་ཕ་ལ་འདོད་ཆགས་སོ། །རྐྱེན་དེས་བྱས་ནས་ཕའི་གཤང་ལམ་ནས་ཞུགས་ཏེ། ཕའི་ཁུ་བ་དང་འགྲོགས་ནས་མངལ་དུ་འགྲོ་བར་འགྱུར་ཏེ། དེ་ལ་སྡར་ཡང་འདི་ལྟ་བུའི་ལས་བསགས་པས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་འཁྱམས་པ་ཡིན་དེ་ལས་བཟློག་པ་ཏིང་ངེ་འཛིན་ལ་གཞོག །དང་པོ་དེ་ཁེགས་ནས་ཕྱིས་སྣང་ཡང་ཁེགས་པ་ལ་ཚེགས་མེད་དོ། །དེས་མ་ཁེགས་ན་བླ་མ་ཡབ་ཡུམ་གྱིས་དགག་པ་ནི། ཕོ་དེ་བླ་མར་བསྒོམ། མོ་དེ་བླ་མའི་ཡུམ་དུ་བསྒོམ། བླ་མ་ཡབ་ཡུམ་ལ་ཆགས་སྡང་སྐྱེ་མི་རུང་སྙམ་དུ་བསམ་ལ་མོས་གུས་བྱའོ། །དེས་ཀྱང་མ་ཁེགས་ན་ཕོ་དེ་ཡི་དམ་གྱི་ལྷ་ཡབ་ཏུ་བསྒོམ། མོ་དེ་ཡུམ་དུ་བསྒོམ་མོ། །ཡི་དམ་གྱི་ལྷ་ཡབ་ཡུམ་ལ་ཆགས་སྡང་སྐྱེ་མི་རུང་སྙམ་དུ་བསམ་ཞིང་། ཆགས་སྡང་མི་བྱའོ། །དེས་ཀྱང་མ་ཁེགས་ན་སྒྱུ་མ་ལྟ་བུས་དགག་པ་ནི། སྒྱུ་མ་ལྟ་བུ། རྨི་ལམ་ལྟ་བུ། རང་སེམས་འཁྲུལ་པའི་སྣང་བ། བག་ཆགས་ཀྱི་གཟུགས་རྙན། ཆུ་ནང་གི་ཟླ་བ། མེ་

(༡༦༠)ལོང་ནང་གི་གཟུགས་རྙན་དང་ཁྱད་ཅི་ཡོད། སྙམ་དུ་བསམ་པ་ལ་ཆགས་སྡང་གི་བློ་བཟློག་ལ། རང་ལྷ་སྐུ་སྒྱུ་མ་ལྟ་བུ་ལ་རྟེན་བྱས་ལ་འོད་གསལ་བསྒོམ་མོ། །དེས་ཀྱང་མ་ཁེག་ན་སྟོང་པ་ཉིད་ཀྱིས་དགག་པ་ནི། འདི་ལྟར་སྣང་བ་ཐམས་ཅད་རང་གི་སེམས་ཡིན། སེམས་ནམ་མཁའི་དཀྱིལ་ལྟ་བུ་ཟུང་འཇུག་གཉིས་སུ་མེད་པའི་དོན་ལ་བཞག་གོ། །བདུན་ཕྲག་དང་པོའི་སྐྱེ་བ་དེས་ཁེགས་ནས། གཉིས་པ་ལ་སོགས་པ་ལ་ཚེགས་མེད་དོ། །དགེ་སྡིག་ཆ་སྙམ་པ་ཅིག་བར་དོར་ཞག་བཞི་བཅུ་རྩ་དགུར་གནས་པས་དེར་ལམ་སྦྱངས་ནས་སངས་རྒྱའོ། །རྫུས་སྐྱེས་དང་། དྲོད་བཤེར་ལས་སྐྱེ་བ་དང་། སྒོང་སྐྱེས་རྣམས་རང་ཉིད་ཡི་དམ་ལྷར་བསྒོམས་པས་ཁེགས་སོ། །གོང་གི་དེ་དག་གིས་མི་ཁེགས་པར་འདུག་ན། བར་དོའི་སེམས་ཅན་དེ་དག་ལ་དྲན་ན་གང་དྲན་པའི་སར་འགྲོ་བ་ལ་ཐོགས་པ་མེད་པས། སུམ་བཅུ་རྩ་གསུམ་ཨར་མོ་ལིང་གའི་རྡོ་ལེབ་ཏུ་རིག་པ་དེར་གཏད་པས། དེར་ཕྱིན་ནས་ལས་ཀྱི་ལྷག་མ་ལུས་པར་སྦྱངས་ནས་མར་མི་ལྡོག་པར་སངས་རྒྱས་བ་ཡིན་གསུང་ངོ་། །བར་དོ་ཡེ་ཤེས་ཀྱི་ལྡེ་མིག་དེ་ཡིན་ནོ། །གཉིས་པ་མངལ་གདམ་པ་ནི། །དེ་ལྟར་བསྒོམས་ཀྱང་མི་ཐུབ་པར་འདུག་ན་སྔར་གྱི་སྦྱངས་པ་ཆུངས་

(༡༦༡)པ་ཡིན་པས། ད་བྱང་ཆུབ་སེམས་དཔའ་ཤེས་བཞིན་དུ་འཇུག་པ་ཡིན་ཏེ། བར་དོའི་སེམས་ཅན་ལ་མངོན་ཤེས་ཡོད་པས་རྒྱལ་རིགས་སམ། རྗེའུ་རིགས་སམ། རིགས་བཟང་བ། འབྱོར་བ་ཆེ་བ། དང་བ་ཆེ་བ་ཆོས་ཡོང་བའི་ཕ་མའི་མངལ་དུ་ཞུགས་པར་བྱའོ། །གལ་ཏེ་བསོད་ནམས་ཆུང་བས་འཇུག་ཏུ་མ་འདོད་ན། མིའི་ས་བོན་ཡི་གེ་ཎྲི་ཅིག་ཏུ་བསམས་ལ་མའི་མངལ་དུ་འཕོ་བར་བྱའོ། །མངལ་འཕྲོག་པ་བསྲུང་བ་ནི། མངལ་གྱི་ཐ་མཚོན་ཆའི་འཁོར་ལོས་བསྐོར་བར་བསྒོམ་མོ། །དེ་ནས་ཟླ་བ་བཅུ་ན་སྐྱེ་སྟེ། ཆུང་ངུ་ནས་དད་པ་ཆེ་བ་ཤེས་རབ་ཆེ་བ། ཡི་གེ་དང་ཆོས་ལ་སོགས་མ་སླབས་པར་ཤེས་ཤིང་། བླ་མ་ཅིག་དང་མཇལ་བ་ཙམ་གྱིས་ཡོན་ཏན་སྐྱེས་ཏེ། ཚེ་དེ་ཉིད་ལ་སངས་རྒྱ་བར་འགྱུར་རོ། །དེ་ནི་སྐྱེ་བ་བརྒྱུད་ནས་སངས་རྒྱས་པ་ཡིན་ནོ། །བར་དོ་དམར་ཁྲིད་ཀྱི་ཞལ་གདམས་རྫོགས་སོ།། །།རྗེ་སྒམ་པོ་པའི་ཞལ་གྱི་གདམས་པ། རིན་པོ་ཆེ་བྱེ་དཀར་བ་ལས་བརྒྱུད་དེ་འོངས་བའོ།། །།རང་འདོད་མེད་པས་མཁའ་འགྲོ་མི་མཉེས་མེད་ཅིང་དགྱེས་པར་ཞུའོ།། །།བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །། དགེ་འོ།། ལེགས་སོ།། །།

(༡༦༢)

(༡༦༣)རྗེ་དྭགས་པོ་ལྷ་རྗེའི་གསུང་དམར་ཁྲིད་གསང་ཆེན་བར་དོའི་དམར་ཁྲིད་འཕོ་བའི་དམར་ཁྲིད་ཞལ་གདམས་དང་བཅས་པ་བཞུགས་སོ། །

(༡༦༤)ན་མོ་གུ་རུ། བླ་མ་དང་ནི་དགྱེས་རྡོར་ལ། ཀུན་ནས་དང་བས་ཕྱག་འཚལ་ལོ། རྒྱུ་དང་བླ་མའི་གདམས་པ་ཡིས། གདམས་ངག་བདག་གིས་བྲི་བར་བྱ། དེ་ལ་དགྱེས་པ་རྡོ་རྗེའི་རྒྱུད་ལ་གསུམ་སྟེ། རྒྱུའི་རྒྱུད་ལ་སྦྱང་གཞིར་བཞག་སྟེ། ཐབས་ཀྱི་རྒྱུད་ལ་སྨིན་གྲོལ་གཉིས་ཏེ་སྨིན་ལམ་བུམ་

(༡༦༥)པའི་དབང་ལ་སོགས་བཞིས་སྨིན་པར་བྱས་ནས། གྲོལ་ལམ་ལ་གསུམ་སྟེ། ལམ་རྣལ་འབྱོར། རྐྱེན་སྤྱོད་པ། གྲོགས་དམ་ཚིག་ལས། ལམ་རྣལ་འབྱོར་ལ་གཉིས་ཏེ། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་གཉིས་ལས། འདིར་རྫོགས་པའི་རིམ་པ་སྟོན་ཏེ། །དེ་ལ་བསྐྱེད་རིམས་བརྟན་རུང་མི་བརྟན་རུང་འདི་བསྒོམ་པའོ། །དེ་ལ་རྫོགས་རིམས་ལ། བླ་མ་ནཱ་རོ་ཆེན་

(༡༦༦)པོའི་དགོངས་པས། སྔོན་འགྲོ་དང་། དངོས་གཞི་གཉིས་སོ། སྔོན་འགྲོ་ལ་གསུམ་སྟེ། བསྲུང་བའི་འཁོར་ལོ། ཚོགས་བསག་པ། རྟེན་ལྷར་བསྐྱེད་པའོ། བསྲུང་བའི་འཁོར་ལོ་ནི། གནས་ཡིད་དུ་འོང་བར་དགེ་སྤྱོར་དུམ་རེ་བྱས་ཏེ། དེ་ནས་ནང་པར་ཐོ་རང་ཁྲུས་བྱས། འཛམ་བྷ་ལྷ་ལ་ཆུ་སྤྱིན། གདན་འབོལ་ཞིང་བདེ་བ་ལ། རྒྱབ་རྟེན་ཀྱང་འབོལ་ཅིག་བཅུག་སྟེ། འདུགས་ལུགས་ནི། མཁྲིས་པ་ཤས་ཆེ་ན། ལུས་གནད་རྡོ་རྗེ་སྐྱིལ་དཀྲུང་ལ་སོགས་པ་དྲུག་གིས་འདུག་གོ། །གྲང་ཤས་ཆེ་ན། ཅོག་པུར་འདུག་སྟེ། བྱིན་རླབས་རྗེ་ངར་ལ་གཏད། རྒྱུ་ཞགས་དང་བརླའི་བར་དུ་འབོལ་ཚངས་བཞུག །སྒལ་པ་གསེར་གྱི་དོང་རྩེ་རྩིགས་པ་བཞིན་བྱ། ལྐོག་མས་ཨོལ་མདུད་མནན། ལྕེ་རྩེ་ཀན་ལ་སྦྱར། མིག་སྣ་གོང་དུ་

(༡༦༧)དབབ་པའི་གནད་དྲུག་དང་ལྡན་པར་བྱས་ལ། འདི་ཡི་སྒོ་ནས་སངས་རྒྱས་པར་བྱས་ནས། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་བགོད་སྙམ་དུ་སེམས་བསྐྱེད་ལ། རང་ལྷར་མོས་པ་བྱས་པའི་སྣ་བུག་གཉིས་སུ། ཧཱུཾ་སྔྔོན་པོ་མགོ་ཕྱིར་བལྟ་བ་སོགས་ཚིག་ཙམ་གཉིས་བསམ་སྟེ། ཧཱུཾ་གཉིས་པོ་མགོ་སྟན། འཇུག་མ་ནང་དུ་བསྟན་པ་སྔོ་རྒྱངས་ཀྱིས་སྤྲོས་ཏེ། སྣང་བ་བདེ་བར་ཕྲིལ་གྱིས་བསྐྱེད་ནས། ཚུར་ལྡོག་དུས་འཇུག་མ་ཚུར་ལ་བལྟན་ནས་སྔོ་ཡེ་རེ་རེ་ལོག་སྟེ། སྣ་བུག་ཏུ་གནས་སོ། །དེ་ལྟར་ཕར་འཕྲས་ཚུར་འདུས་པ་ལ་གཅིག་ཏུ་བརྩིས་པའི། བརྒྱ་ཙམ་བསྒོམ། དཕྱིང་ན་ཤེས་པ་ལ་བསྒྲིམ། ནམ་ཚོང་འདེགས། མིག་ཀྱང་ཧ་རེ་བྱ། རྒོད་ན་ནམ་ཚོད་ཕབ་ལ། ལུས་སེམས་ཁོང་ལྷོད་གློད་པར་བྱའོ། །ཐུན་མཚམས་སུ་མདོ་འདོན་པ་དང་། ཕྱག་དང་། བཟླས་པ་ལ་སོགས་པ་བྱ་བ་ཤིན་ཏུ་གལ་ཆེ། ཞེས་བླ་མ་གསུང་ངོ་། །དེ་ནི་ཐོ་རངས་སོ། །དེ་ནས་ཉི་མ་དྲོས་ཆེན་ན། གདན་བདེ་བ་ལ་འདུག་སྟེ། ལུས་ཀྱི་གནད་དྲུག་དང་ལྡན་པར་བྱས་ལ། ཡང་ན་བུག་གི་ཧཱུཾ་གཉིས་པོ་སྤྲོ་བསྡུ་བརྒྱ་རྩ་བཞི་ཙམ་བྱའོ། །ཐུན་མཚམས་ནི་སྔར་ལྟར་བྱའོ། །ཡང་གྲོ་གུང་ཐོན་ནས་བག་ཙམ་

(༡༦༨)ཅིག་ལོན་ནས་བྱ། སྲོད་ལ་ཡང་དེ་བཞིན་བྱའོ། །ཐུན་གྲངས་སྔར་ལྟར་བྱའོ། །དེ་བརྟན་པའི་ཚད་ནི། ཧཱུཾ་ནི་ཤིན་དུ་སྔོ་ཡེ་རེ་གསལ་ན་བརྟན་པའོ། །ཉལ་བའི་དུས་སུ་དགེ་བའི་གཉིད་ལོག་པར་བྱ་གསུང་ངོ་། །དེས་མ་ཟིན་ན། ནང་པར་སྔ་མོ་ནས་ཐུན་སྔར་བསྒོམ། དེས་ཀྱང་མ་ཟིན་ན། ཡང་ནང་པར་སྔ་མོ་ནས་ཐུན་སྔར་བསྒོམ་སྟེ། ཐུན་བཅོ་ལྔ་ལ་གཞག་གསུམ་སྟེ། དེས་ཤེས་པ་བརྟན་དུ་འགྲོ་གསུང་ངོ་། །དེ་ལ་བརྟན་ནས། ཡང་ནང་པར་སྔ་བར་ལངས་ཏེ། ཁྲུས་ལ་སོགས་པ་གོང་ལྟར་བྱས་ལ། རང་ཡི་དམ་དུ་མོས་པ་བྱས་པའི་ལུས་ཀྱི་ནང་ཁོང་སྟོང་འོད་གསལ་བ་ལས་གྲུབ་པར་བསྒོམ་པའི་ལྟེ་བའི་ནང་དུ། འོད་དཀར་པོ་ཕུང་ངེ་ཅིག་གི་ནང་དུ། ཧཱུཾ་སྔྔོན་པོ་མགོ་གྱེན་ལ་བལྟ་བ་ཅིག་བསྒོམས་ལ། རླུང་ནད་ལན་གསུམ་ཕྱུང་སྟེ། དེ་ཡང་རྫོགས་པར་མ་ཕྱུང་ན་གཟེར་དུ་འོང་ཅེས་བླ་མ་དམ་པ་གསུང་ངོ་། །དེ་ནས་ལྟེ་བའི་ཧཱུཾ་སྔྔོན་པོ་ལ་འོད་འཕྲོས། འོད་ཀྱི་སྣ་ལ། ཁྲོ་ཆུང་ཞལ་ཅིག་ཕྱག་གཉིས་པ་མཐིང་ནག །རྡུལ་ཕྲ་རབས་ཀྱི་གྲངས་དང་མཉམ་པ་སྤྲོས་ཏེ། བགེགས་ཚར་བཅད་ནས། སླར་ཚུར་ལ་འུབ་ཀྱིས་བསྡུས་པས། སྤྱི་བོ་ནས། རྐང་མཐིལ་ཡལ་ཆད་དུ་ཞུགས་ཏེ། བ་སྤུའི་བུ་ག་ཐམས་ཅད་ནས་ཁྲོ་ཆུང་

(༡༦༩)ཞལ་ཕྱིར་གཟིགས་པས་གང་བར་བསམ་མོ། དེ་ལྟར་སྤྲོ་བསྡུ་གཉིས་ལ་ཅིག་ཏུ་བྱས་པའི་གྲངས་བརྒྱ་རྩ་རྒྱད་དམ། བརྒྱད་བཅུ་ཙམ་བྱ། ཐུན་མཚམས་སུ་མདོ་བཀླག་པ་ལ་སོགས་པ་བྱའོ། དེ་ནི་ཐོ་རངས་སོ། དེ་བཞིན་དུ་ཉི་མ་དྲོས་ཙམ་གྱིས་དུས་དང་། ཉི་མ་ཕྱེད་ཡོལ་དང་། ཉི་མ་ནུབ་ཀ་དང་། སྲོད་ཀྱི་དུས་རྣམས་ལ་ཡང་། ལུས་གནད་དྲུག་དང་ལྡན་པས་ཐུན་མཚམས་དང་ལྡན་པར་སྔར་བཞིན་དུ་བསྒོམ་མོ། དེ་ལྟར་བསྒོམས་པས་བརྟན་པའི་ཚད། ལྟེ་བའི་ཧཱུཾ་ལས་ཤེས་པ་ཟིན་ཏེ། ཁྲོ་ཆུང་རྣམས་ཤིན་དུ་གསལ་བ་འབྱུང་ངོ་། །དེའི་དགོས་པ་ནི་བར་ཆད་སེལ་ཏེ། བགེགས་ཀྱི་བལྟས་པས། ལུས་ཁྲོ་ཆུང་གིས་གང་བར་གསལ་བའོ། །ཡེ་ཤེས་ཁྲོ་ཆུང་བསྒོམས་པས། ཉོན་མོངས་པ་མགོ་ནོན་པ་དང་གཉིས་སོ། །དེ་ནི་བསྲུང་བའོ། གཉིས་པ་ཚོགས་བསག་པ་ནི། ནང་པར་སྔ་བར་ལངས་ཏེ། ཕྱི་རོལ་དུ་ཕྱིན་དྲི་མ་དོར། ནང་དུ་འོང་ཁྲུས་བྱ། ཛམྦྷ་ལྷ་ལ་ཆུ་སྦྱིན་བྱ། མཎྜལ་བཅོས། མཆོད་པ་བཤམས། །སྟན་བདེ་བ་ལ་འཁོད་དེ། །ལུས་གནད་དྲུག་དང་ལྡན་པར་བྱ་ལ། བསྲུང་བའི་དོན་དུ། སྔར་གྱི་

(༡༧༠)ལྟེ་བའི་ཧཱུཾ་ལས་འོད་འཕྲོས་པའི་འོད་ཀྱི་སྣ་ལ་ཁྲོ་ཆུང་སྤྲོས། བགེགས་ཚར་བཅད། ཚུར་འདུས་རང་ལ་ཐིམ་པས། སྤྱི་བོ་ནས་རྐང་བའི་མཐིལ་ཡན་ཆད་ཀྱི་བ་སྦུའི་བུ་ག་ཐམས་ཅད་ཁྲོ་ཆུང་ཞལ་ཕྱིར་གཟིགས་ཀྱིས་གང་བར་མོས་པའི་སྤྲོ་བསྡུ། གཉིས་ལ་ཅིག་ཏུ་བྱས་པའི་གྲངས་ཉི་ཤུ་རྩ་གཅིག་བྱའོ། །དེ་ནས་མདུན་གྱི་མཎྜལ་ཀྱི་དབུས་སུ། བཾ་ལས་པདྨའི་སྡོང་པོ་འདབ་མ་བརྒྱད་པའི་ཅིག་བསམ། དེའི་སྟེང་དུ་ཟླ་བ་བསམ། རང་གི་ལྟེ་བའི་ཧཱུཾ་འོད་དུ་ཞུ་བ་ལས། བླ་མ་རྡོ་རྗེ་སློ་དཔོན་ཁྱུད་གང་བའམ་ཅི་རིགས་པ། མི་སྐྱོད་པའི་ངོ་བོར་བསམ་སྟེ། དེ་ནས་རླུང་ཕྱིར་འགྲོ་བ་དང་བླ་མ་འགྲོགས་པ་ནི། རླུང་ཕྱིར་ཡེ་རེ་འགྲོ་ཙ་ན། བླ་མ་ཡང་སྤྱི་བོ་ཡར་བསྟན་པར་བྱ་སྟེ། སྣ་བུག་ནས་ཕྱིར་དོན་ནས། པད་ཟླའི་སྟེང་ན་ཞལ་ཚུར་གཟུགས་པ་སྐྱིལ་དཀྲུང་འཛུམ་བག་ཅན་དུ་བསམ། དེ་ལ་དད་པ་དང་གུས་པ་བྱས་ཏེ་བསྒོམ་མོ། ཡང་ཚུར་རླུང་དང་འགྲོགས་ཏེ་ཡེ་རེ་རེ་བྱོན། སྣ་བུག་ནས་ཞུགས་ལྟེ་བར་སྔར་བཞིན་འཛུམ་བག་ཅན་བཞུགས་པ་དེ་ལ་ཡང་། དད་པ་དང་གུས་པས་གསལ་བར་བསྒོམ་མོ། དེ་ཉིད་ལན་བརྒྱ་རྩ་བརྒྱད་ཙམ་བྱས་ཏེ། དེ་ཡང་ཐུན་སྔར་བཞིན་བསྒོམ་མོ་

(༡༧༡)དེ་བརྟན་པའི་ཚད་ནི། བླ་མ་ལ་ཆགས་པ་འོང་ངོ་། དེའི་དགོས་པ་ནི་ཚོགས་བསོག་པ་དང་། དམ་ཚིག་བསྐོངས་པ་གཉིས་སོ། དེ་ནི་ཚོགས་བསག་པའོ། གསུམ་པ་བརྟེན་ལྷར་བསྐྱེད་པ་ནི། དང་པོ་ཁྲུས་ལ་སོགས་པ་སྔོན་དུ་འགྲོ་བས་ཁྲོ་ཆུང་གི་སྤྲོ་བསྡུ་ཉི་ཤུ་རྩ་ཅིག་བྱས་ཏེ། བགེགས་བསལ་བ་ཡང་སྔར་བཞིན། བླ་མ་ལ་ཚོགས་བསགས་ཏེ་རང་གི་སྤྱི་བོ་ནས་ཡས་ཞུ། རྐང་ཐིལ་ནས་མས་ཞུ་སྟེ། ལྟེ་བར་ཞུགས་ནས་བཅོམ་ལྡན་འདས་ཀྱཻའི་རྡོ་རྗེ་ཞལ་བརྒྱད། ཕྱག་བཅུ་དྲུག་པ་ལ་སོགས་པ་གང་མོས་སུ་བསྐྱེད་པ་དེ་ཡང་གསལ་བ་འོད་ལྷག་ལྷག་པ་བསྒོམ་སྟེ། ཐུན་མཚམས་སུ་མདོ་གློག་པ་ལ་སོགས་པ་བྱ། ཡང་ཐུན་སྔར་བྱའོ། བརྟན་པའི་ཚད་ལྷ་དེ་ཤིན་དུ་གསལ་བའོ། དེ་ཡང་བྱིང་ན་ཤེས་པ་སྒྲིམ་པ་ལ་སོགས་བྱའོ། རྒོད་ན་ཤེས་པ་གློད་དོ། རྒོད་པ་ནི་རྟེན་གྲུབ་པའི་དགོས་པ་ཡོད་གསུང་ངོ་། དེ་གསུམ་སྔོན་འགྲོ་སྟེ། གཞན་ལུས་ཤེས་རབ་དང་། རང་ལུས་ཐབས་ལྔ་ནི། ཙནྜ་ལི་དང་། སྒྱུ་ལུས་དང་། འོད་གསལ་དང་། བསམ་གྱི་མི་ཁྱབ་པའི་ཕྱག་རྒྱ་ཆེན་པོ་སོགས་གང་བསྒོམ་ཡང་། དེ་རྣམས་སྔོན་དུ་འགྲོ་དགོས་ཤེས་བླ་མ་དམ་པ་གསུང་ངོ།། །།བླ་མ་

(༡༧༢)པ་རྣམས་ལ་ཕྱག་འཚལ་ལོ། བསྐྱེད་པའི་རིམ་པའི་མན་ངག་ནི། རྣམ་པ་ལ་བསླབ་པ། གོ་རིམས་ལ་བསླབ་པ། ཐུན་མཚམས་ལ་བསླབ་པ་གསུམ་སྟེ། རྣམ་པ་ལ་བསླབ་པ་ནི། རང་གི་སྒྲུབ་ཁང་ཚད་དང་ལྡན་པ་བརྩིགས་ཏེ། ནང་དུ་ཞལ་ཞལ་ཡིད་དང་མཐུན་པར་བྱས་ལ། ཤར་ཕྱོགས་སུ་སྐར་ཁུང་གཉིས། དེ་བཞིན་དུ་ནུབ་ཏུ་ཡང་གཉིས། སྟེང་གི་ངོས་ནས་དབུས་སུ་སྐར་ཁུང་ཅིག་ཡོད་པར་བྱས་སྟེ། དེའི་ནང་སྟེང་གི་སྐར་ཁུང་གི་ཐད་དུ། ཙོད་ཁུ་ཟངས་གང་དང་། ནམ་མཁར་རལ་གྲི་གཉིས་དང་། མེ་ལོང་གཉིས་བཏགས་ལ། ཐང་སྐུ་བཀྲམ་ནས། རང་ཉིད་སྟན་བདེ་བ་ལ་འདུག་སྟེ། ད་ནས་ནང་པར་ཉི་མ་ཤར་བས། ཤར་གྱི་སྐར་ཁུང་ནས་བྱུང་བའི་འོད་ཟེར་རལ་གྲི་དང་། མེ་ལོང་ལ་ཕོག །དེ་གཉིས་ཀྱི་འོད་ཙོད་ཁུ་ལ་ཕོག་པས། ཁྱིམ་གྱི་ཕྱོགས་གཅིག་ཏུ་འོང་ལྷག་གེ་བ་ཅིག་འོང་སྟེ། དེར་ཐང་སྐུ་བཀྲམ་ནས། དེའི་གཙོ་བོའི་ལྷ་དང་། འཁོར་གྱི་ལྷ་ལ་བསྐྱེད་པ་དང་། བཏུད་པས་བལྟ། དེ་ནས་གཙོ་བོའི་སྐུ་མདོག་དང་ཕྱག་མཚན་ལ་བལྟ་སྟེ། དེ་ནས་ཁྱིམ་གྱི་འོད་ཡལ་བ་དང་། ཐང་སྐུ་དྲིལ་ལ་བཞག་སྟེ་བསྒོམ་པར་མི་བྱའོ། ཡིད་ཀྱི་ཡུལ་དུ་ཐང་སྐུའི་ཞལ་བལྟ་ཞིང་བསྡད་དོ། དེ་ནས་ཉི་

(༡༧༣)མ་ཕྱེད་པ་དང་། སྟེང་གི་སྐར་ཁུང་གི་འོད་ཙོད་ཁུ་ལ་ཕོག །དེའི་འོད་མེ་ལོང་དང་། རལ་གྲི་ལ་ཕོག་པས། ཡང་ཁྱིམ་གྱི་ཕྱོགས་གཅིག་ཏུ་འོད་གསལ་པོ་འོང་སྟེ་དེར་ཐང་སྐུ་ཁྱེར་ལ་བལྟ་བར་བྱའོ། འོད་ཡལ་བ་དང་། ཡང་ཐང་སྐུ་དྲིལ་ཏེ་མི་བསྒོམ་པར་བཞག་ལ། ཞལ་ཕྱག་ལ་བསམ་མོ། དེ་ནས་ཉི་མ་དགོངས་མོ། ནུབ་ཀྱི་སྐར་ཁུང་ནས་འོད་འབྱུང་བ། མེ་ལོང་དང་རལ་གྲི་ལ་ཕོག་པས། ཡང་ཁྱིམ་གྱི་ཕྱོགས་གཅིག་ཏུ་འོད་འབྱུང་བས། དེར་ཡང་ཐང་སྐུ་སྔར་བཞིན་དུ་ལྟའོ། ཡང་ནང་པར་ཉི་མ་ཤར་བ་དང་སྔར་ལྟར་བལྟ་སྟེ། དེ་ནས་ཟན་ཁམ་གསུམ་ཟ་པའི་ཚོད་ཙམ་དུ་བསྒོམ་མོ། དེའི་ཉིན་མོ་བསྒོམ་འདོད་ཀྱང་མི་བསྒོམ་པར། སྔར་བཞིན་ཐང་སྐུ་ལ་བལྟའོ། དེའི་སང་ཡང་། ཐང་སྐུ་ལ་བལྟ་སྟེ་ཐུན་གཉིས་སུ་བསྒོམ་པ་ནི། ཟན་ཁམ་དྲུག་ཟ་བའི་ཚོད་ཙམ་པའི་ཐུན་གཉིས་སུ་གཙོ་བོའི་སྐུ་བསྒོམས་ལ། ཐང་སྐུ་ལ་སྔར་བཞིན་དུ་བལྟའོ། །དེ་ནས་དེའི་ནང་པར་ཡང་ཐང་སྐུ་ལ་སྔར་བཞིན་བལྟ་ཏེ། ཟན་ཁམ་བཅུ་གཉིས་ཟ་བའི་ཚོད་ཙམ་པའི་ཐུན་གསུམ་དུ་བསྒོམ་མོ། དེ་ནས་དེའི་ནང་པར་ཡང་། ཐུན་བཞིར་བསྒོམ་ཞིང་། ཟན་ཁམ་ཉི་ཤུ་རྩ་བཞི་ཟ་བའི་ཚོད་ཙམ་པ་ཐུན་བཞིར་བསྒོམ་མོ། དེ་ཡང་ནམ་མི་གསལ་བའི་དུས་སུ་འཕྲོ་བཅད་ལ་བཞག་གོ། །དེ་བཞིན་

(༡༧༤)དུ་ཡུན་ཇེ་རིང་དུ་བསྒོམ་མོ། དེ་ལྟར་བསྒོམས་པས། བསྒོམ་པའི་བབས་ལུགས་ནི་གསུམ་སྟེ། དབང་པོ་རབ་ལ། ཐང་སྐུ་བས་གསལ་བ་འབྱུང་ངོ་། འབྲིང་ལ་ཐང་སྐུ་དང་འགྲན་ཐུབ་པ་འབྱུང་། ཐ་མ་ལ། ཐང་སྐུ་ལས་ཅུང་ཞན་པ་འབྱུང་། དེ་ལྟར་མི་འོང་བར། ཇི་ལྟར་བསྒོམ་ཀྱང་། མོག་མོག་པོར་སོང་ཞིང་གསལ་ན། བག་ཆགས་སྟུག་པོ་སྒྲིབ་པ་ཡིན་པས། བཤགས་པ་བྱ། ཡི་གེ་བརྒྱ་པ་བཟླས། ཚོགས་འཁོར་དང་སྤྱིན་བསྲེག་བྱ། སླར་སྐྱར་ནས་བསྒོམས་པས། བསྒོམ་གསལ་བར་འགྱུར་རོ། གལ་ཏེ་ན་སྐུ་རྣམ་པར་ཡོངས་སུ་རྫོགས་པ་མི་གསལ་བར། ཕྱོགས་ཅིག་གམ། ཞལ་ཕྱག་ཙམ་བསལ་ན། གཞན་བཀབ་ལ་དེ་ལ་བསྒོམ་དེ་ལ་བསལ་ནས་རས་ཀྱིས་བཀབ་ལ། དེ་ཕར་ཕར་བཤུས། ལ་ཇེ་ཆེ་ཇེ་ཆེ་ལ་བསྒོམ་སྟེ། དེ་ནས་གཙོ་བོ་ལ་གསལ་བ་དང་། འཁོར་གྱི་ལྷ་རཻ་ལ་རིམ་པ་བཞིན་དུ་བསྒོམ་མོ། དེ་ནས་གསལ་བར་གྱུར་པ་དང་མཆོད་པའི་ལྷ་མོ་སྤྲོ་བསྡུ་ལ་བསླབ་སྟེ། དེ་ཉིད་གསལ་བར་ཐོལ་ཐོལ་འབྱུང་ཞིང་འདུག་ན། སྡིག་པ་བཤགས་པ་དང་། རྗེས་སུ་ཡིད་རང་བ་ལ་བསླབ་བོ། དེ་གསལ་བ་དང་། སྐྱབས་འགྲོ་སེམས་བསྐྱེད། དགེ་བའི་རྩ་བ་བསྔོ་བའི་བར་ལ་བསླབ་བོ། དེ་བརྟན་

(༡༧༥)པ་དང་། ཚད་མེད་པ་བཞི་ལ་རིམ་བཞིན་དུ་བསླབ་སྟེ། དེ་བརྟན་པ་དང་སྟོང་པ་ཉིད་ལ་བསླབ། དེ་བརྟན་པ་དང་། བསྲུང་འཁོར་ལ་བསླབ། དེ་བརྟན་པ་དང་། ཆོས་འབྱུང་ལ་བསླབ། དེ་ལ་བརྟན་པ་དང་། འབྱུང་བཞིའི་འཁོར་ལོ་ལ་བསླབ། དེ་ལ་བརྟན་པ་དང་། གཞལ་ཡས་ཁང་ལ་བསླབ། དེ་བརྟན་པ་དང་། གདན་དང་། གཙོ་བོ་བྱང་ཆུབ་པ་ལོངས་སྐུ་བསྐྱེད་པ་ལ་བསླབ། དེ་ལྟར་བརྟན་པ་དང་། ད་ནི་གོ་རིམས་ལ་བསླབ་སྟེ། སྟན་བདེ་བ་ལ་འདུག་ནས། མདུན་དུ་ཚོགས་ཀྱི་རྟེན་ལྷ་སྤྱན་དྲངས་ཏེ། ཚོགས་བསགས་ནས། ཐ་མ་བཟླས་པའི་བར་དུ་གོ་རིམས་བསྒྲིགས་ལ་བསྒོམ་མོ། དེ་ནས་ཐུན་མཚམས་ལ་བསླབ་པ་ནི། ཐུན་གསུམ་འམ། གཞི་ལ་སོགས་པ་གང་ཡང་རུང་བར་ཐུན་དུ་བཅད་དེ་བསྒོམ་མོ། །དེ་བཞིན་དུ་བསྒོམ་པས། བརྟན་པའི་ཚད་ནི། རྣམ་པ་གསལ་བ། ལྷ་རྣམས་འོད་ལྷག་ལྷག་པ་འབྱུང་། རྐྱེན་གཞན་གྱིས་མི་གནོད་པ། ཆུ་སྒྲ་ལ་སོགས་པ་འབྱུང་ཡང་གསལ་བའོ། །འདོད་པ་རབ་ཏུ་ཕྱེ་བ་ཞི་རྒྱས་ལ་སོགས་ལྷའི་ཁ་དད་གསུམ་འབྱུང་སྟེ། དེ་ཡང་དབང་པོ་རབ་ཀྱིས་ཟླ་བ་གཅིག་ན་འགྲུབ། འབྲིང་གིས་ཟླ་བ་དྲུག་ན། ཐ་མས་ཀྱང་ལོ་ཅིག་ན་བསྐྱེད་རིམས་མཐར། སྟགས་དང་། ཡེ་གེ་དང་།

(༡༧༦)དོག་ཞག་བདུན་ན། ཕྱིན་པར་འགྱུར་རོ། ནཱ་རོ་མེ་ཏྲིའི་གདམས་པའོ།། །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། སྒྱུ་མ་ཆེན་པོས་གཞན་གྱི་གྲོང་སོགས་བྱ་བ་དང་། ཞེས་པའི་དབང་པོ་གྲོང་འཇུག་བྱ་བ་ནི། འདི་ལྟར་བྱ་སྟེ། དང་པོ་རྣལ་འབྱོར་པས། ཆོས་ཐམས་ཅད་སྒྱུ་མ་ཡིན་སྙམ་པའི་དོན་ལ་མོས་པ་དྲག་ཏུ་བྱས་ཏེ། ལྷའི་ང་རྒྱལ་དང་ལྡན་པས། རླུང་འབྱོངས་པར་བསྒོམ། རླུང་ལ་སེམས་གར་འདོད་དུ་ཟིན་པའི་དུས་སུ། རང་གི་དགོན་པར་མཎྜལ་ལེགས་པར་བྱུག་པ་བྱས་ལ། ཐོད་པའཾ། གཡམ་པ་ལ་ཚོན་རྩི་ནག་པོ་བྱུགས། དེའི་དབུས་སུ་ཧཱུཾ་དཀར་པོ་ཅིག་གསལ་པོར་བྲིས་ཏེ། མཎྜལ་གྱི་སྟེང་གྱིས་དུ་བཞག་ལ། དེ་ནས་རང་གི་ཤེས་པ་སྙིང་ཀའི་ཧཱུཾ་ལ་བརྟད་དེ་གསལ་བར་བསྒོམ་མོ། དེར་རླུང་སེམས་གཉིས་ཀ་ཟིན་ནས། གར་བརྟད་ཡང་དབང་ཡོད་པའི་དུས་སུ། །མཎྜལ་གྱི་སྟོད་ཀྱི་ཐོད་པའི་ཧཱུཾ་ལ། སྙིང་ཀའི་ཧཱུཾ་སྟོན་ཏེ་བསྲེས་ནས། ཐོད་པའི་ཧཱུཾ་ལ་རླུང་སེམས་བརྟད་དེ། དེར་སེམས་ཟིན་པའི་རྟགས་ནི། ཐོད་པའི་ཧཱུཾ་གསལ་པས། ཐོད་པ་འཕར་པའམ། འགུལ་བ་འབྱུང་ངོ་། །དེ་ལ་གསལ་ནས། སྲོགས་ཆགས་ཆུང་ངུ་མ་སྙིང་དུ་སྡུག་པ་བློ་བུར་དུ་ཤི་བའོ་རོ། །རྨ་མེད་ཅིང་མ་

(༡༧༧)རུལ་པའི་གཟུགས་བླངས་ཏེ། མཎྜལ་གྱི་སྟེང་དུ་བཞག་ནས། དེའི་སྙིང་ཀར་ཧཱུཾ་བསྒོམ་ལ། དེ་ནས་ཡང་རང་གི་སྙིང་ཀའི་ཧཱུཾ་ལ། རང་གི་སྙིང་ཀའི་ཧཱུཾ་བཅུག་ནས། དེར་རླུང་སེམས་བསྡུས་ནས་བསྒོམས་ཏེ། དེ་གསལ་བ་དང་། མདུན་གྱི་སེམས་ཅན་གྱི་སྙིང་ཀའི་ཧཱུཾ་ལ། རང་གི་སྙིང་ཀའི་ཧཱུཾ་བཅུག་ནས། དེར་རླུང་སེམས་གསལ་བར་བསྒོམས་པས། སེམས་ཅན་དེ་འགུལ་ཞིང་འགྲོ་བ་འོང་། དེ་བརྟན་ནས་སླར་ཡང་ཧཱུཾ་རང་གི་སྙིང་ཀར་བསྡུ། དེ་ནས་རོལ་བསླབ་སྟེ། མི་ཤི་ནས་རིང་པོར་མ་ལོན་པའི་རོ། རྨ་མེད་ཅིང་མ་རུལ་བ་བླངས་ཏེ། དེ་ལ་ཁྲུས་བྱས། རྒྱན་བཏགས་ནས་ཡིད་འཇུག་པར་བྱ་སྟེ། མཎྜལ་གྱི་སྟེང་དུ་སྐྱིལ་དཀྲུངས་སུ་བཅིངས་ལ་བཞག །དེ་ནས་རོའི་སྙིང་ཀར་ཧཱུཾ་གནས་པར་བྱ་བ་དང་། རང་གི་སྙིང་ཀའི་ཧཱུཾ་བསྲེས་ཏེ། དེར་དབུགས་ཐུག་ཚང་བཟུང་ངོ་། དེ་ནས་དེར་ཤེས་པ་ཟིན་ནས་རོ་ལ་ཆགས་པ་སྐྱེ་ཞིང་། རང་ལ་ཞེན་པ་ལོག་ནས་འདུག་ཙམ་ན། རོ་ལངས་ནུས་པ་འོང་ངོ་། དེ་ལྟར་སྦྱངས་ནས། ད་ནི་པཎྜིིཏ་འམ། ཆོས་སྐྱོང་བའི་རྒྱལ་པོ་ལྟ་བུའི་ཆི་བ་འདུག་པའི་དུས་སུ་དེར་ཕྱིན་ནས། དེའི་ལུས་ལ་ཤེས་པ་ཐོན་མ་ཐག་ཏུ། དེ་ལ་རང་གི་ཤེས་པ་བཅུག་ལ། ཚུར་ལ་མི་དྲང་བར་རོ་དེ་ལངས་པས། རང་གི་ལུས་

(༡༧༨)འདོར་རོ། འདི་ནི་རླུང་བརྟན་པ་དང་། མོས་པ་དང་། དད་པ་དང་། རྩོལ་བ་དྲག་པོ་དང་། སྣང་སྲིད་སྒྱུ་མར་མོས་པས་འབྱུང་ངོ། གྲོང་འཇུག་གི་གདམས་པ།། །།བླ་མ་རྗེ་བཙུན་རྣམས་ལ་ཕྱག་འཚལ་ལོ། སྟེང་སྒོ་རྣམ་པར་གྲོལ་བའི་ལམ་ལ་གསུམ་སྟེ། བདེ་བ་བསྒོམ་པའི་མན་ངག་དང་། སྒྱུ་ལུས་བསྒོམ་པའི་མན་ངག་དང་། འོད་གསལ་བསྒོམ་པའི་མན་ངག་གོ། །དང་པོ་བདེ་བ་བསྒོམ་པའི་མན་ངག་ནི། དགྱེས་རྡོར་ལས། ལྟེ་བར་གཏུམ་མོ་སྦར་བ་ཡི། ཞེས་བྱ་བ་ནས། ཧཾ་བསྲེག་རི་བོང་རྒྱུན་ཡང་འབབ། ཅེས་བྱ་བའི་བར་གྱིས་བསྟན་སྟེ། དེ་ཡང་། དངོས་པོའི་གནས་ཐབས། ལམ་གྱི་གནས་ཐབས། འབྲས་བུའི་གནས་ཐབས་གསུམ་ལས། དང་པོར་དངོས་པོའི་གནས་ཐབས་ཤེས་དགོས་ཏེ། དེ་ལ་གཉིས་ལས། སེམས་དངོས་པོའི་གནས་ཐབས་ནི། ཚིག་ཚོགས་བཤད་དུ་གལ་ཆེ་བར་གསུངས་ཀྱང་། མན་ངག་ཏུ། ལུས་དངོས་པོའི་གནས་ཐབས་གལ་ཆེ་སྟེ། དང་པོར་ལུས་ཚོགས་བཤད་ལ། རྩ་ཨ་ཝ་དྷཱུ་ཏི་གལ་ཆེ་ཡང་། བསྒོམ་ན་གཉུག་མ་གལ་ཆེ་བར་བཞེད། དང་པོ་ལུས་གྲུབ་དུས་སུ་

(༡༧༩)ལྟེ་བར་རྩ་གྲུབ་པས་དྷཱུ་ཏི། དེ་ལས་རྩ་ཐམས་ཅད་སྲིད་པས་ན། རྩའི་གནད་ཤེས་དགོས་ཏེ། དེ་ཡང་རྩ་ཨ་ཝ་དྷཱུ་ཏི་ལ། བཤད་ཚོད་ཀྱི་དྷཱུ་ཏི་དང་། རང་བཞིན་གཉུག་མའི་དྷཱུ་ཏི་གཉིས་ལས། བཤད་ཚོད་ཀྱི་དྷཱུ་ཏི་ནི། སྒལ་འདབ་ཀྱི་སྲོག་པ་རྩའི་ནང་ན་ཡར་གནས་ཏེ། དེའི་ནང་ན་ཡར། གཉུག་མའི་དྷཱུ་ཏི་རྟ་རྔ་བརྒྱར་བཤགས་པའི་ཚད་ལས་ཀྱང་ཕྲ་བ། ཅིས་ཀྱང་མི་ཆོད་པ། དཀར་ཞིང་མཐས་པ་ཅིག་གནས་ཏེ། དེ་ཉིད་ལས། སེམས་ཉིད་གཉུག་མའི་དྷཱུ་ཏི་ཞེས་ཀྱང་བྱ། དངོས་པོའི་གནས་ལུགས་ཤེས་ཀྱང་བྱ་སྟེ། དེ་ནི་སྐྱེ་མེད་འོད་གསལ་གྱིས་ངོ་བོ་ཡིན་དེ་ཡང་བདག་མེད་ལུས་ཀྱི་ནང་ན་གནས། ཤེས་པས་བསྟན་ཏེ། རང་བཞིན་གྱི་གཉུག་མ་མེད་ལ་བདག་མེད་པ་ཞེས་ཀྱང་བྱའོ། དེ་ཉིད་དང་པོ་རྟོགས་པར་བྱ་བ་ནི། དངོས་པོའི་གནས་ལུགས་ཤེས་པའོ།། །།དེ་ནས་ལམ་གྱི་གནས་ཐབས་ལ། ལུས་ཀྱི་གནད། ཡུལ་གྱི་གནད། དུས་ཀྱི་གནད་དང་གསུམ་གྱིས། ཡེ་ཤེས་རང་ལུགས་སུ་འཆར་བར་བཞེད་དོ། དེ་ལ་ལུས་ཀྱི་གནད་ནི། ལུས་རྡོ་རྗེ་སྐྱིལ་དཀྲུང་དུ་བྱས་ལ། གསང་བའི་རྡོ་རྗེ་མགོ་ཐུར་དུ་དྲངས་པོར་བཞག་ལ། ལྟེ་བ་སྒལ་པ་ལ་སྤྱར་ནས། ལྟེ་བའི་འོག་སོར་བཞི་བཅལ་བར། ལག་པ་

(༡༨༠)རྡོ་རྗེ་བསྡམ་པ་ལས། དེ་ཉིད་ཀན་ལ། དེ་ལ་བཅར་ལ་བཞག །མགྲིན་པ་བཀུག་ལ། ལྟོང་ཏོང་སྦ། མིག་སྣར་རྩེར་ཕབ། ལྕེ་རྩ་རྐན་ལ་སྦྱར་ནས་བསྡད་པ་ནི། ལུས་བཅོས་པའི་གནོད། ཕུལ་གྱི་གནད་ནི། ལྟེ་བ་ན། ཨ་ཆེ་ཆུང་ཅི་རིགས་པར་གནས། ཨ་སྐྱེ་མེད་དུ་གནས་པ་དེ་ལས་སྟོང་ཉིད་ཀྱི་སྒྲ་བྱུང་སྟེ། མཉམ་བཞག་གི་ཕྱག་རྒྱ་བྱའོ། པ་ལ་སེམས་བཟུང་བའོ། དུས་ཀྱི་གནད་ནི། རླུང་གཡས་གཡོན་གཉིས་ནས་རྒྱུ་བའི་མཚམས་སུ། རླུང་དྷཱུ་ཏིར་ཚུད་པ་འོང་སྟེ། དེའི་དུས་སུ་སེམས་ཅན། ཙཎྜ་ལི་ཕེ༚་གིས་སྒྲའོ། ཐམས་ཅད་ལ་བདེ་བ་ལྷངས་པ་རེ་འོང་བས། དེའི་སྐབས་བཙལ་བས་ལ། དེར་ཡུན་སྲིངས་ཤིང་བསྒོམ། ཡུན་ཇེ་རིང་ཇེ་རིང་ལ་ཡེ་ཤེས་འཆར་བའོ། ཡང་ན་ཉི་མ་རེ་རེ་ལ་ཡང་ཡང་བསྒོམས་པས། རླུང་དྷཱུ་ཏིར་ཚུད་པ་དང་ཐུག་ཕྲད་འབྱུང་བས། དེར་ཡུན་སྲིངས་པས་འཆར་རོ། དེ་ནས་ལྟེ་བར་ཨ་ཅི་རིགས་པ་ལ། རེག་བྱ་ཚ་བ་ལ་སེམས་བརྟད་པས། དེ་ལས་མེ་འབར་ནས། བདེ་ཆེན་གྱི་ཧཾ་ལས་བྱང་སེམས་སྲན་མ་ཙམ་ཕྲལ་ཕྲལ་བ་བབས་པར་བསམ་ལ། སྤྱི་བོའི་བདེ་བ་དང་། ལྟེ་བའི་སྟོང་པ་ཉིད་འདྲེས་ནས། བདེ་སྟོང་དབྱེར་མེད་དུ་བསྒོམས་པས། ཡེ་ཤེས་དངོས་སུ་འཆར་ཞེས་སོ།

(༡༨༡)།ཐུགས་ཀྱི་ཉིང་ཁུ་ནི་འདི་ཡིན་ཏེ། སྔར་བཞིན་ལུས་བཅོས་ནས། རང་གི་སྨིན་མཚམས་ཀྱི་ཐོད་པའི་རུས་པ་གྲུ་གསུམ་པ་ལས། ནང་དུ་རླུང་སེམས་འདྲེས་པའི་ཐིག་ལེ་དཀར་ལ་འཚེར་བ། སྣམ་ལ་འགྲིལ་བ་ཅིག་བསམ་སྟེ། དེར་སེམས་བཟུང་བ་ནི། ཞག་དྲུག་བདུན་ལ་སོགས་པར་བདེ་བ་ཅི་སྐྱེས་བཟུང་ཞིང་བསྒོམ་མོ། བརྟན་པའི་ཚད་ནི་དབང་པོ་ཡུལ་དུ་བསྟན་དུ་རུང་བ་བཞིན་གསལ་ཙ་ན། ཐིག་ལེ་དེ་དབྲལ་བ་ན་ཡར་ལ་དཀར་རྒྱངས་ཀྱིས་སོང་ནས། ཚངས་པའི་བུ་གར་སོང་བ་དེ་ལ་སེམས་བཟུང་ངོ་། དེར་གསལ་ནས་བདེ་བར་གནས་པ་དང་། དེས་ནས་གཉུག་མའི་དྷཱུ་ཏི་ཁོང་སྟོང་། སྤྱི་བོ་ནས་རྡོ་རྗེ་ནོར་བུ་ཡན་ཆད་ལ་སྟོང་སང་ངེ་བསམས་ཏེ། ཐིག་ལེ་དེ། དྷུ་ཏིའི་ནང་ན་མར་དཀར་རྒྱངས་ཀྱིས་ཆགས་ཐོགས་མེད་པར་བྱུང་ནས། ཅོང་ཞེས་བྱ་བའི་སྒྲ་ཆེན་པོ་ཅིག་དང་ལྷན་པས། རྡོ་རྗེ་ནོར་བུའི་བུ་གར་དཀར་རྒྱངས་ཀྱིས་བསླེབ་ནས། ལུས་ཐམས་ཅད་བདེ་བས་ཕྲིལ་གྱིས་གང་ནས། དེ་ཡང་རླུང་རང་བཞིན་གྱིས་འགག་པར་འགྱུར་ལ། དྷཱུ་ཏིར་ཚུད་པའོ། དེ་བཞིན་བསྒོམ་ཀྱང་བདེ་བ་མ་བྱུང་ན། རྡོ་རྗེ་ནོར་བུའི་རྩེ་མོར་ཐིག་ལེ་ལ་སེམས་བཟུང་། དེར་བདེ་བ་ལྷང་ལྷང་ཅི་སྐྱེར་

(༡༨༢)བསྒོམ་མོ། དེར་བདེ་བ་མ་བྱུང་ན་སྨིན་བར་དུ་བཟུང་ངོ་། དེ་ནས་ཡང་བསྐྱར་ཏེ། མས་ཡར་སྔར་བཞིན་བསྒོམས་ནས། བདེ་ཕྲིལ་ཕྲིལ་མ་བྱུང་བར་དུ། ལན་བདུན་གྱི་བར་བསྐྱར་ཏེ་བསྒོམ་མོ། གལ་ཏེ་དེས་ཀྱང་མ་བྱུང་ན། གཉུག་མའི་དྷུ་ཏི་སྟེ། ལུག་བརྫུད་ཀྱི་སྒྱུ་མ་ཕུས་བཏབ་པ་བཞིན་དུ་ཐིག་ལེ་དེ་ཞུགས་པས། ལྟ་ར་ར་སོང་ཞིང་། ཐིག་ལེ་དེ་ཡང་སྒྲ་དང་བཅས་ནས་ཡས་མར་སོང་བར་བསམ་མོ། རེས་འགའ་ནི་ཐིག་ལེ་མ་བཏང་བར། རླུང་གིས་སྒྱུ་མ་ཕུས་བཏབ་པ། བཞིན་དུ་སོང་བར་ཡང་བསྒོམ་གསུང་། དྷུ་ཏི་སྐྱེ་མེད་སྟོང་པའི་རྩ་ཡིན་པས། ཐིག་ལེ་ཆེ་ལ། རྩ་ཕྲ་ཡང་ཤོང་བར་བྱའོ། དེ་ལྟར་ཡང་ཡང་ཡང་ངར་དུ་བྱའོ། དེས་ངེས་པར་བདེ་ཕྲིལ་གྱིས་མི་འབྱུང་མི་སྲིད་དེ། རླུང་ཤུགས་ཀྱིས་འགག་གོ། །དེ་ནས་རྗེས་ཐོབ་ལ། གཟུགས་སྒྲ་ཐམས་ཅད་བདེ་བར་དྲན་པར་བྱ་ཞིང་བསླབ། སྣང་བ་བདེ་བར་མ་ཤར་ན། སྨིན་ཕྲག་ཏུ་བདེ་བ་བསྡུས་ལ་བསྒོམ། རླུང་སེམས་འདྲེས་པའི་ཐིག་ལེའམ་ཡང་ན་བདེ་བར་མོས་པ་བསྒོམ། དེའི་རྗེས་ཐོབ་ལ་ནི། མིག་གིས་གཟུགས་མཐོང་བ་ཐམས་ཅད་བདེ་བར་སྐྱེའོ། དེ་བཞིན་དུ་ལྷག་པར་བདེ་བ་བསྡུས་ནས་བསྒོམས་པས། རྣ་

(༡༨༣)བས་སྒྲོ་ཐོས་ཐམས་ཅད་བདེ་བར་སྐྱེའོ། སྣ་རྩེ་དང་། མགྲིན་པར་བསྒོམ་པས། སྣས་དྲི་དང་ལྕེས་རོ་མྱོང་བ་ཐམས་ཅད་བདེ་བར་སྐྱེའོ། །དེ་བཞིན་དུ་བྱུང་ནས་དྲོད་གཉུག་མའི་དྷཱུ་ཏིར་ཨ་ཆེ་ཆུང་ཅི་རིགས་པ་ལ་སེམས་བརྟད་ནས། བྱང་སེམས་རང་ཤུགས་ཀྱིས་འབབ་སྟེ། ཨ་རེག་བྱ་ཚ་ལ་རྣོ་ཞིང་གདུང་བ་དེས། སྤྱི་བོའི་བྱང་སེམས་དཀར་ལ་བསིལ་བ་དེ་ལས། སྲན་མ་ཙམ་ཁྲལ་ཁྲལ་ཕབས་པས། མེ་འབར་ནས་སྤྱི་བའི་བྱང་སེམས་བདེ་བ་དང་། ལྟེ་བའི་ཨ་སྟོང་པ་གཉིས་མེད་དུ་འདྲེས་ཏེ། བདེ་སྟོང་དབྱེར་མེད་དུ་བསྒོམ་པས། ལུས་ཐམས་ཅད་བདེ་བར་འབྱུང་ལ། དགའ་བ་བཞི་ཡང་འོད་ཞིང་རྟགས་ལྔ་དང་། ཕན་ཡོན་བརྒྱད་ལ་སོགས་པ་ཡང་འབྱུང་། ལུས་ལ་གོས་མི་དགོས་མཚོན་དང་། དུག་ལ་སོགས་པས་མི་ཚུགས་སོ། སྣང་བ་བདེ་བར་འཆར་ལ་དེས་མི་རྟོག་པ་ཤུགས་ལས་འབྱུང་ཞེས། འདི་ནི་ཙནྜ་ལི་བསྒོམ་པ་སྟེ། རྒན་མོ་འཛུག་ཚུགས་ཀྱི་གདམས་པའོ།། །།ཡང་ལུགས་ཅིག་ལ། རླུང་བཟུང་ལུགས་ཙཀྲ་ལྟར་བསྐྱེད་པ་དང་། ནམ་མཁའ་ལྟར་དཔང་བསྟོད་ནས། སྟེང་འོག་གཉིས་འགྲོ་ལྡོག་བྱ་སྟེ། རྒོད་ན་འོག་ཏུ་བལྟ་ཞིང་། བྱིང་ན་གྱེན་དུ་བལྟ་བས་སེལ་ཏེ། དེ་ལ་བརྟན་པ་དང་། རླུང་

(༡༨༤)འཁོར་ལོ་ལ་སྐྱིལ་བ་དང་། ལྕགས་ཀྱུ་ལྟར་དྲངས་ཏེ། དེ་ནས་ཙཎྜ་ལི་འབར་འཛག་སྔར་བཞིན་བྱའོ། །དེ་ཡང་ནཱ་རོ་ཆེན་པོ་ནི། རླུང་དྷཱུ་ཏིར་བཟུང་བ་དང་། རླུང་སེམས་སུ་བཟུང་བ་དང་། རླུང་འོད་གསལ་དུ་བཟུང་བ་གསུམ་ལས། རླུང་དྷཱུ་ཏིར་བཟུང་བ་ནི། བཤད་ཚོད་ཀྱི་དྷཱུ་ཏིའི་ནང་དུ། གཉུག་མའི་དྷཱུ་ཏི་བསྒོམ་སྟེ། གོང་ལྟར་རླུང་བཟུང་པའི་ཐབས་བྱས་ལ། ལུས་བདེ་བར་འཆར་རོ། །དེ་བསྒོམས་པས་རླུང་སེམས་སུ་བཟུང་བ་འོང་སྟེ། སྐུའི་སྒོ་དགུ་དགག་པ་དང་། གསུང་གི་སྒོ་བཞི་དགག་པ་དང་། ཐུགས་ཀྱི་སྒོ་གཉིས་བྱེ་བ་འོང་། སྐུའི་སྒོ་དགུ་དགགས་པ་ནི། བུ་ག་དགུ་ནས། ལུས་གཟུགས་བརྙན་ངག་བརྙན་སྒྲ་བརྙན་ཏེ། རླུང་མི་བརྒྱུ་སྟེ། ཐ་མལ་རང་རྒྱུད་པའི་གཟུགས་སྒྲ་ལ་སོགས་པ་ཐམས་ཅད་ནུབ། རླུང་བཞི། ནས། གཟུགས་མཐོང་སྙིང་ཁ་དང་སྨིན་མཚམས་སུ། །བ་དང་སྒྲ་ཐོས་པ་ཐམས་ཅད་བདེ་བར་ཕྲི་ཕྲིལ་འབྱུང་ངོ་། གསུང་གི་སྒོ་བཞི་དགག་པ་ནི། འབྱུང་བ་བཞིའི་རླུང་འགགས་ཏེ། དྷཱུ་ཏིར་རླུང་སེམས་གཉིས་འདྲེས་པའོ། །ཐུགས་ཀྱི་སྒོ་གཉིས་དབྱེ་བ་ནི། རྣམ་རྟོག་སྤངས་པའི་རྟགས་སུ་སྙིང་ཀའི་ཙཀྲ་དེ་ཁ་བྱེ་ནས་འོང་སྟེ། སྙིང་ཀ་ན་རྩ་ཐམས་ཅད་འདུས་པའོ། རྩ་སྣ་དེ་ཁ་བྱེ་ནས་འོང་པའོ། དེ་བཞིན་དུ་བསྒོམ་

(༡༨༥)པའི་ཤུགས་ཀྱི་རླུང་འོད་གསལ་དུ་ཚུད་འབྱུང་སྟེ། རང་དང་སྣང་བ་ཐམས་ཅད་གཉིས་མེད་བདེ་བར་འཆར་ལ། དེར་རྟགས་ལྔ་དང་། ཕན་ཡོན་བརྒྱད་དང་། རྨི་ལམ་ལྟ་བུ་ལ་སོགས་པའི་རྟགས་ཀྱང་འོད་སྟེ། དེ་ཡང་ཐུགས་ཀྱི་སྒོ་གཉིས་བྱེ་བའི་སྟོབས་ཡིན་ནོ། ཐུགས་ཀྱི་སྒོ་གཉིས་ནི། སྙིང་ཀའི་རྩ་ཁ་དང་། སྨིན་མཚམས་ཀྱི་རྩ་མདུད་གཉིས་ཁ་བྱེ་པའོ། དེ་ལྟར་སའི་རྟགས་ལུས་ཟུང་ཐུབ་པ། ཆུའི་རྟགས་བསྣུམ་པ། མེ་ཡི་དྲོད། རླུང་གིས་ཡངས་པ། ཟླ་བའི་དཀར་བ། ནམ་མཁའི་ཡོད་པ་མི་ཆོར་བ། ཉི་མའི་མི་མཐོང་བའོ། བྱུང་ནས་སྤྱོད་པ་བྱ་སྟེ། སྤྱོད་པས་ནི་བརྟན་པ་བོགས་དབྱུང་བའམ། དེ་ཡང་དངོས་གྲུབ་གཏན་ལ་དབབ་པ་ལས་འབྱུང་བ་བཞིན་བྱའོ། དེའི་དུས་སུ། སློབ་དཔོན་མི་དགོས་ཏེ། རང་ལ་ངེས་ཤེས་ཁོང་དུ་ཆུད་པ་འོང་གསུང་ངོ་། སྤྱོད་པ་ལས་ལོག་ནས་བདེ་བའི་སྤྲོ་བསྡུ་སྤྱད་སྟེ། ཞལ་གསུམ་འམ། ལྔའམ། བདུན་ལ་སོགས་པ་ནི་ཆོས་སྐུ་ཐོབ་པ། དེ་ལས་སྐུ་གཉིས་འབྱུང་ཞེས་སོ། དེ་ཐམས་ཅད་རྟག་པ་ཕྱི་མའི་དངོས་གྲུབ་གཏན་ལ་དབབ་པའི་ལེའུ་ལས་ཤེས་པར་བྱའོ། དེས་ནི་དབང་པོ་རབ་ཅིག་སངས་རྒྱ་བའི་ལམ་རྫོགས་པར་བསྟན་ཏོ།། །།བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྣམ་ཤེས་རླུང་ཞོན་ནི། ལུས་

(༡༨༦)ཁོང་སྟོང་བསམ་སྟེ། རླུང་དང་ཤེས་པ་ཕར་འགྲོ་བའི་ཚེ། འོག་རླུང་བསྡམས་ལ་སྟེང་རླུང་གློད། ཐུར་དུ་འགྲོ་བའི་ཚེ། སྟེང་རླུང་མནན་ལ་འོག་རླུང་གློད་དེ་བསླབ་བོ། མི་རྟོག་པ་ཆུང་ན། སྟེང་རླུང་མནན་འོག་རླུང་གློད། ཐུར་དུ་འགྲོ་བའི་ཚེ། འོག་རླུང་བསྡམས་སྟེང་རླུང་བློད་དེ་བསླབ་བོ། བདེ་བ་ཆུང་ན། འོག་རླུང་གྱེན་དུ་དྲངས་ཏེ། འོག་བསྡམས་སྟེང་སྒོ་གློད་དོ། འཁོར་ལོ་ལྟར་རྒྱ་བསྐྱེད་པ་ནི། ཁོང་སྟོང་ཆེ་བར་བསམ་མོ། ནམ་མཁའ་ལྟར་དབང་བསྟོད་པ་ནི། ས་ལ་མ་རེག་པར་བསམ་མོ། ཐོད་སྦྱོར་ནི། ལྟེ་བར་ཟླ་བའི་དཀྱིལ་འཁོར་དེ་ལ་ཨ་དཀར་པོ་ཅིག་བསམ་སྟེ། རླུང་རྡོ་རྗེ་རྩེ་ལྔ་པའི་རང་བཞིན་དྲག་ཏུ་རྡུབ་སྟེ་ཨ་ལ་ཕོག་པས། བྱང་སེམས་འཇག་པ་འདྲ་བར་སེམས་བརྟད་དོ། དེ་བ་ཆུང་ན། སྟོང་པའི་ནང་དུ་ཅི་ཡང་རུང་པའི་དངོས་པོ་བསམ་པ་དང་། མི་རྟོག་པ་ཤས་ཆུང་ན། སྟོང་པའི་ནང་དུ་ནམ་མཁའ་བསམ་མོ། ཐབས་ནི་ལུས་སྟོང་པའི་ནང་དུ། སེམས་ཙེན་ནེ་བཞག་གོ། །ཚད་ནི། སྣང་སེམས་འདྲེས་པ་སྙམ་བྱེད་པ་དང་། ལུས་སོ་སོ་འབྱེད་ནུས་པའོ། ཡི་གེ་འབྲུའམ་ཐིག་ལེ། ཅེས་གསུངས།། །བླ་མ་རྣམས་ལ་ཕྱག་འཚལ་ལོ། སྒྱུ་ལུས་ཀྱི་མན་ངག་ནི། དང་པོ་གཉིས་མི་འོང་བ། འོང་བར་བྱ་བ་དང་། རྨི་ལམ་གྱི་འདུ་ཤེས་

(༡༨༧)སྔོན་དུ་བཏང་བ་དང་། རྨི་ལམ་དེ་ལ་དེར་ངོ་ཤེས་པར་བྱ་བ་དང་། རྨི་ལམ་དེ་བོགས་དབྱུང་བ་དང་། རྨི་རྒྱུད་བརྟག་པ་གཉིས་པ་ལས། ཡེ་ཤེས་ཆེན་པོས་རོས་གང་བ་གཉིད་ནི་ཡང་པར་མི་བྱའོ། །ཅེས་པ་དང་། མ་ཧཱ་ཡ་ནས། རྡོ་རྗེ་གཉིད་དང་ཡང་དག་ལྡན། །ཞེས་གསུངས་སོ། ལམ་སྦྱང་བ་དང་ལྔའོ། ཡང་ན། རྨི་ལམ་དང་། གཉིད་གཉིས་ལམ་ཅིག་ཏུ་ཁྱེར་ན། བོགས་དབྱུང་བ་དེ་ལ་འོད་གསལ་དུ་ཞུག་པའོ། །དེ་ལ་འདིར་དང་པོ་རྨི་ལམ་བསྒོམ་པ་ནི། ལུས་བཅོས་པར་བྱ་བའི་གནད་ནི། ངལ་ཞིང་དུབ་པར་བྱ་བ་དང་གློ་གཡས་པ་ཕབ་སྟེ་ཅི་བདེར་ཉལ་ལོ། །དང་པོ་སྣང་བ་འདི་ཐམས་ཅད། སྒྱུ་མ་ལ་སོགས་པ་ཡིན་སྙམ་དུ་མདུན་པ་དྲག་ཏུ་བྱ། དེ་ནས་སྔོན་དུ་འགྲོ་བ་གསུམ་བྱས་ནས་བཟླས་པ་དང་གཏོར་མ། དེ་ནས་དངོས་གཞིག་ཅིག་པོ་བྱ། རྨི་ལམ་དུས་སུ་བཟླས་བསྒོམ་བྱའོ། །དེར་པདྨ་འདབ་མ་བཞི་ལ་མདུན་གྱི་ཨཱ གཡས་སུ་ནུ། རྒྱབ་ཏུ་ཏ། གཡོན་དུ་ར། དབུས་སུ་ཨོཾ་བསམ་སྟེ། དེ་ནས་དང་པོར་གཉིད་ཉལ་ནས། ཐ་མལ་ཤེས་པ་མདུན་དུ་ཨཱ ལ་སེམས་བཟུང་ངོ་། དེ་ནས་རྟོག་པ་རགས་པ་འགགས་དུས་སུ། ནུ་ལ་སེམས་བཟུང་ངོ་། དེ་ནས་རྟོག་པ་ཕྲ་བ་འགགས་དུས་སུ། ཏ་ལ་སེམས་

(༡༨༨)སེམས་བཟུང་ངོ་། དེའི་རྗེས་ལ་རྟོག་པར་ཕྲ་བར་འདུས་ནས། གཉིད་ལོག་ལ་ཁད་པ་ནས། ར་ལ་སེམས་བཟུང་ངོ་། །དེ་ནས་དབུས་ཀྱི་ཨོཾ་ལ་སེམས་ལྷན་བཟུང་ནས་གཉིད་ལོག་པར་བྱའོ། ཡང་ན་སྨིན་ཕྲག་ཏུ་ཐིག་ལེ་དཀར་ལ་ལེ་བ་ཅིག་བསམ་སྟེ། དེར་སེམས་བསྡུས་ལ་ཉལ་ལོ། དེ་ནི་གཉིད་མི་འོང་བ། འོང་བར་བྱའི་ཐབས་སོ། །དེ་ནས་རྨི་ལམ་གྱི་འདུ་ཤེས་སྔོན་དུ་བཏང་བ་ནི། དང་པོ་གཉིད་ལོག་དཀར་བདག་གི་རྨི་ལམ་རྨི་བར་བྱ། སྙམ་པའི་འདུན་པ་སྔོན་དུ་བཏང་སྟེ། དེ་ཡང་སངས་རྒྱས་ཐམས་ཅད་ཀྱི་ཞིང་ཁམས་མཐོང་བ་དང་། ནམ་མཁའ་ལ་འགྲོ་བ་དང་། ལུས་ལ་མེ་འབར་བ་ལ་སོགས་པའི་རྫུ་འཕྲུལ་དང་ལྡན་པའི་ངོ་མཚར་ཅན་གྱི་རྨི་ལམ་རྨི་བར་བྱ། སྙམ་པའི་འདུན་པ་དྲག་ཏུ་བྱའོ། དེ་ནས་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱ་བ་ནི། རྨི་ལམ་དེ་རྨི་ལམ་ཡིན་པར་ངོ་ཤེས་པར་བྱ། སྙམ་པའི་འདུན་པ་བཏང་ནས་གཉིད་ལོག་པ་དང་། སྔར་གྱི་འདུན་པའི་སྟོབས་ཀྱི་རྨི་ལམ་འབྱུང་ལ། དེ་བྱུང་མ་ཐག་ཏུ་རྨི་ལམ་དེ་ལ་ཡང་དག་ཏུ་འཛིན་པའི་ཤེས་པ་མི་འབྱུང་སྟེ། རྨི་ལམ་ཡིན་སྒྱུ་མ་ཡིན་སྙམ་པ་འོང་། །དེ་ཡང་རྨི་ལམ་དུ་བུད་མེད་དང་། ཁྱི་ལ་སོགས་པ་བྱུང་ཡང་དེ་ངོ་ཤེས་པར་བྱ་སྟེ། འདི་རྨི་ལམ་གྱི་བུད་མེད་

(༡༨༩)ངམ། ཁྱི་ཡིན་ཞེས་པ་འབྱུང་ལ། བསྒོམ་ཡང་བསྒོམ་མོ། དེ་ནས་བོགས་དབྱུང་བ་ནི། བུད་མེད་ངམ། ཁྱི་དེ་ཉིད་སྟོང་གསུམ་ཙམ་དུ་སྤྲོས་ཏེ་བསྒོམ་མོ། དེ་ནས་རྨི་ལམ་སྦྱང་པ་ནི། བུད་མེད་དམ། ཁྱི་དེ་རྣམས་བདག་མེད་པ་ལ་སོགས་པ། འཇིག་རྟེན་ལས་འདས་པའི་མཁའ་འགྲོ་མའི་ཚོགས་དཔག་ཏུ་མེད་པར་བསྒྱུར་ཏེ་བསྒོམས་པས། ཐམས་ཅད་རུས་པའི་རྒྱན་ཅན། ཕྱག་ཕྱག་ན་གྲི་གུག་དང་། ཐོད་པ་ཅན་དུ་བསྒོམ་མོ། དེ་ཐམས་ཅད་ཀྱང་སྒྱུ་མའམ། ཆུ་ཟླའམ། འཇའ་ཚོན་གྱི་ལུས་ལྟར་བསྒོམ་མོ། ཡང་ན་རང་གི་ཡི་དམ་གང་བྱེད་ཀྱི་ལྷ་ཚོགས། རྡུལ་གྱི་གྲངས་དང་མཉམ་པར་གོང་བཞིན་བསྒོམ་མོ། དེ་ལྟར་བསྒོམས་པས་ཆུ་ཟླ་ལྟ་བུའི་དེ་བཞིན་གཤེགས་པ་རྣམས་ཀྱི། ཞལ་མངོན་སུམ་དུ་མཐོང་ལ། དེ་རྣམས་ལ་དངོས་སུ་ཆོས་ཉན་ཅིང་གདམ་ངག་ཞུས་པས་ཆོག་སྟེ། དེའི་བྱིན་རླབས་ཀྱིས། རང་ལ་ཟག་མེད་ཀྱི་བདེ་བ་ཕྲིལ་ཕྲིལ་ངེས་པར་མི་འབྱུང་མི་སྲིད་དོ། དངོས་སུ་ཉམས་སུ་མྱོང་བ་དེ་འདྲ་བ་འབྱུང་གསུང་ངོ་། དེ་ནི་བདག་བྱིན་རླབས་པ་ཡིན་ཏེ། རྨི་ལམ་སྒྱུ་ལུས་ཀྱི་བསྒོམ་པའོ། དེ་ནས་གཉིད་སད་པའི་རྗེས་ཐོབ་ལ། བདག་བྱིན་གྱིས་བརླབས་ཏེ། སྣང་བ་ཐམས་ཅད་མཉམ་བཞག་རྨི་ལམ་གྱི་དུས་སུ་སྣང་བ་བཞིན་

(༡༩༠)ཐམས་ཅད་སྒྱུ་མའམ། ཆུ་ཟླ་ལྟ་བུར་བྱས་ཅིང་བསྒོམ་མོ། དེ་བཞིན་དུ་བསྒོམས་པས། ངེས་པར་ཡེ་ཤེས་འཆར་རོ། གཞན་ཡང་། གཉིད་སད་པའི་རྗེས་ཐོབ་ལ་འདི་ལྟར་བསྒོམ་སྟེ། རང་ཐ་མལ་པའི་ལུས་མེ་ལོང་ལ་གསལ་པོར་བརྟན་ལ། མེ་ལོང་ནང་དུ་གསལ་བ་དེ། མདུན་དུ་རང་ལ་བརྟན་ནས། ཡིད་ཡུལ་ཤིན་དུ་གསལ་ཞིང་བསྒོམ་མོ། དེ་ནས་རང་ལུས་མེ་ལོང་ལ་གསལ་བ་དེ་གསལ་པོར་བསྟན་ནས་དེ་ལ་ཡོན་ཏན་བགྲང་ཞིང་བསྟོད་པ་བྱས་པས། དེ་ལ་དགའ་བའི་སེམས་མི་འབྱུང་སྟེ། སྒྱུ་ལུས་ཡིན་པས། ཡང་དེ་ལ་ངན་གྱི་བྱེ་བྲག་མང་པོ་བགྲང་སྟེ། བགྲངས་ཀྱང་དེ་ལ་མི་དགའ་བ་མི་འོང་ངོ་། དེ་ལྟར་ལན་མང་དུ་བསྒོམས་ནས་ཤིན་དུ་བརྟན་པ་དང་། སླར་དེ་ཉིད་རང་གི་ལུས་ལ་ཞུགས་ཅིང་། རང་ཉིད་སྒྱུ་མའི་ལུས་ལ་བསྟོད་བར་དགའ་བ་མེད། སྨད་པས་མི་དགའ་བ་མེད་པའི་ལུས་སུ་བསྒོམ་མོ། དེ་གསལ་དུ་མ་འདོད་ན། མདུན་དུ་སྔར་ལྟར་བསྒོམ་ལ། ལུས་ལ་བཞུག་ཅིང་བསྒོམ། དེ་ནི་ངེས་པར་ལུས་སྒྱུ་མའམ། ཆུ་ཟླ་ལྟ་བུའི་ལུས་སུ་མཐོང་བ་འོང་པས། རང་ལུས་ཀྱི་མངོན་ཞེན་ལོག་ནས། སྣང་བ་ཐམས་ཅད་ཀྱི་ཞེན་པ་ལྡོག་ལ་ཚེག་མེད་དོ། །ཐམས་ཅད་ཀྱང་སྒྱུ་མའི་རྣམ་པར་ལོངས་སྤྱོད་པར་འགྱུར་ཏེ། ཐ་མལ་བའི་རྣམ་རྟོག་

(༡༩༡)ཡེ་མི་འབྱུང་ངོ་། དེ་ལྟར་བྱུང་དུས་ན་རང་དང་སྣང་བ་ཐམས་ཅད་སྒྱུ་མ་བཞིན་དུ། བདེན་པར་མ་གྲུབ་པ་ཡིན། དེ་ནི་ཇི་ལྟར་མྱུར་འདོད་དེ། གཉིད་ཀྱི་དུས་སུ་དང་། སད་པའི་དུས་དབྱེར་མེད་དུ་ཕྲིལ་ཕྲིལ་གནས་པ་ནི། གཉིད་ལོག་མ་ལོག་དབྱེར་མེད་ཅེས་བྱའོ། དེ་ཡང་དང་པོ་གཉིད་ཟིན་དུ་མ་བཏུབ་ན་རླུང་བསྒོམ་པར་བྱ་སྟེ། ཉལ་བའི་སྔོན་དུ་རླུང་སྦྱངས་ལ་དེ་ནས་རླུང་བུམ་པ་ཅན་དུ་བཅུག་སྟེ། དེའི་འཕྲོ་ལ་ཉལ་བས། རླུང་གི་ནང་གི་འབྱུང་བ་དཀྲུགས་ཏེ་རྨི་ལམ་འབྱུང་བར་འགྱུར་རོ། དེ་ནས་རྨི་ལམ་ཟིན་ལ། མཉམ་རྗེས་གཉིས་ལ་ཁྱད་པར་མེད་མེད་པར་སྒྱུ་མར་མཐོང་བ་འོང་། རྨི་ལམ་བསྒོམས་ནས། འབྲས་བུ་ཐོབ་པར་འདོད་པས་དེ་ལྟར་བསྒོམ་མོ། དེ་ནི་ངེས་པར་ཚེ་འདི་ལ་མཆོག་གི་དངོས་གྲུབ་ཐོབ་ནས། ལུས་ལེན་མི་སྲིད་གསུང་ངོ་། གལ་ཏེ་རྨི་ལམ་གྱི་དུས་དེ་ལྟར་སེམས་མ་ཟིན་ན་ཡང་། རྨི་ལམ་དེ་རྨི་ལམ་དུ་ངོ་ཤེས་པ་ཙམ་གྱིས། འཆི་ཁར་བར་དོ་ཟིན་པར་བྱ་སྙམ་པས། བར་དོར་སྒྱུ་ལུས་ཟིན་པར་འགྱུར་ལ། དེས་མཆོག་གི་དངོས་གྲུབ་ཐོབ་སྟེ། ལུས་ལེན་མི་སྲིད་གསུང་ངོ་། དེ་ནི་རྨི་ལམ་ཡིན་ནོ། གལ་ཏེ་རྨི་ལམ་དང་ཉིད་གཉིས་དྲིལ་བས་མལ་ཅིག་ཏུ་བྱེད་ན། དང་པོ་གཉིད་འོང་པར་

(༡༩༢)བྱ་བ་དང་། རྨི་ལམ་གྱི་དུ་ཤེས་སྔོན་དུ་བཏང་བ་དང་། དེ་སོགས་དབྱུང་བ་དང་། སྦྱངས་པ་དང་། སྤྱད་པར་བྱ་སྟེ། དེ་ནས་སྒྱུ་ལུས་བོགས་དབྱུང་། དེ་འོད་གསལ་དུ་འཕོར་བཞུག་པ་ནི། སེམས་རིམས་ཀྱི་ཧཱུཾ་་ཐིམ་པའི་དུས་སུ། བདེ་བའི་ངང་དུ་གཉིད་ཐུམ་གྱི་ལོག་པས། ཤེས་པ་འོད་གསལ་དུ་ཞུགས་ཏེ། བདེ་སྟོང་གཉིས་ཀྱི་ཉམས་འཆར་རོ། །དེའི་དུས་དྲུང་དུ་མི་གཅིག་གཞག་ལ། གཏི་མུག་གི་གཉིད་དུ་སོང་སྲིད་པས། ཡང་སྔར་བཞིན་ཉལ་ཏེ། འདིར་རྨི་ལམ་འགལ་རྐྱེན་ཡིན་པར་འདོད་དོ། །ཤེས་པ་བདེ་སྟོང་དང་དུ་ཉལ་ལོ། དེའི་ནུབ་ཐུན་གསུམ་འམ་བཞི་ལ་སོགས་པ་བྱའོ། དེ་ནས་གནས་སྐབས་སུ་གཉིད་གློད་དུ་བཅུག་ལ། ཐུན་ཅི་རིག་པར་སེམས་བཅོས་ཤིང་བདེ་སྟོང་དུ་ཉལ་ལོ། དེ་ནས་གཉིད་སྒྱུ་ལུས་འོད་གསལ་དུ་འཕོ་ཤེས་ནས། འཆི་ཁར་སྒྱུ་ལུས་འོད་གསལ་དུ་འཇུག་པ་ལ་ཚེགས་མེད་དོ། དེ་ཡང་ཇི་ལྟར་འཇུག་ན། འཆི་དུས་སུ་གློ་གཡས་པ་ཕབ་སྟེ། གོང་བཞིན་ཤེས་པ་བསྡུས་ནས་ཉལ་བས། དང་པོར་རྟོག་པ་རགས་པ་འགགས་ནས་སྣང་བར་ཞུགས་པ་འོང་སྟེ། དེ་ནས་རྟོགས་པ་ཕྲ་བ་འགགས་ནས། སྣང་བ་མཆེད་པར་ཞུགས་པ་འོང་། དེ་ནས་རྟོག་པ་ཤིན་དུ་ཕྲ་བ་འགགས་ནས། སྣང་བ་ཐོབ་པར་ཞུགས་པ་འོང་སྟེ། དེ་ཉིད་

(༡༩༣)སྟོང་གསུམ་གྱི་ངོ་བོར་གནས་ལ། དེ་ནས་རང་རིག་ལྷའི་སྐུ་སྒྱུ་མས་ལུས་ལེན་ནོ། དེ་ནས་འོད་གསལ་བདེ་སྟོང་དུ་གནས་ཏེ་ཆོས་སྐུ་ཐོབ་བོ། འཆི་ཁར་གལ་ཏེ་འོད་གསལ་དུ་འཕོ་མ་ནུས་ན་ཡང་། འཆི་ཁར་བར་དོ་ཟིན་པར་བྱ་སྙམ་པའི་མདུན་པ་སྔོན་དུ་བཏང་ནས། བར་དོ་ཡིན་པར་ངོ་ཤེས་པ་བདུན་ཚོགས་ཀྱིས་ཤིག་ཟི་ཏའི་ཁ་ཐེམ་བཞག་ན། བར་དོ་ཡིན་པར་ངོ་ཤེས་པར་འོང་ལ། བར་དོར་སྒྱུ་ལུས་ངོ་ཤེས་ནས། སྒྱུ་ལུས་དེ་ལ་ཆགས་སྡང་ཞེན་པ་ལོག་སྟེ། ཕ་མའི་ལུས་ལ་ཆགས་སྡང་མི་སྐྱེ་ཞིང་། མངལ་དུ་མི་འཇུག་གོ། དེས་མཐོ་རིས་སུ་སྐྱེ་བར་འགྱུར་རོ། ནཱ་རོ་ཆེན་པོའི་སྒྱུ་ལུས་བསྒོམ་པའི་མན་ངག་སྙིང་ཁུ་ཡིན་ནོ།། །།རིན་པོ་ཆེ་ཐུགས་དམ་ཡིན་ནོ། དེ་ཡང་ནཱ་རོ་པའི་བླ་མ། ཏཻ་ལོ་པས་ཡིན། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དངོས་སུ་གསན་ནོ། ཕྱག་ན་རྡོ་རྗེ་ནི། རྡོ་རྗེ་འཆང་གི་འཁོར་རོ། ནཱ་རོ་པའི་སྤྱན་སྔར། བླ་མ་ལྷོ་བྲག་བས། ལོ་མང་དུ་བཞུགས་ཏེ་ཞུས་པས། བླ་མ་ལྷོ་བྲག་པ་དང་། རྡོ་རྗེ་འཆང་གི་བར་ན་བརྒྱུད་པ་ནི། ཕྱག་ན་རྡོ་རྗེ་ ཏཻ་ལོ་པ། ནཱ་རོ་པ་གསུམ་ལས་མེད་དོ། སྐུ་དྲིན་ཁོར་མེད་བླ་མ་དེ་རྣམས་ཀྱིས། ཞལ་ནས་ཞལ་དུ་བརྒྱུད་པའི་གདམས་པ་འདི། བླ་མའི་དུས་མཐའ་བརྟེན་པ་འགའ་ཙམ་ལས། །གཞན་

(༡༩༤)གྱིས་ཐོས་པའི་སྐལ་པ་མི་ལྡན་ཏེ། དམ་ཚིག་ཉམས་ནས་དམྱལ་བར་ལྟུང་ཉེན་ཆེའོ།། །།ན་མོ་གུ་རུ། འོད་གསལ་གྱི་མན་ངག་ནི། དང་པོ་གཉིད་ཉལ་ཏེ། དེ་ཡང་དང་པོ་ཞག་གསུམ་ཙམ་ལུས་ཐང་ཆད་བཅུག་ལ། དེའི་དུས་སུ་ནུབ་མོ། གཉིད་བསུད་ལ་དགེ་སྦྱོར་ཅི་ནུས་བྱ། ལུས་སྦྱོང་ཀྱང་བྱ། དེ་ནས་ལུས་ལ་སྐུ་མཉེ་བྱ། ཁམས་ལྟས་སུ་བཅུག་ལ། ལུས་ཀྱི་གནད་ཅི་བདེར་ཉལ་ལོ། དུས་ནི་གཉིད། ཡུལ་ནི་སྙིང་ཀ་སྟེ། སྙིང་ཀའི་འཁོར་ལོ་འདབ་མ་བཞི་ལ། ཨ་ནུ་ཏ་ར་ཧཱུཾ། བསམ་སྟེ། ཐ་མལ་གྱི་དུས་སུ་མདུན་གྱི་ཨ་ལ་སེམས་བརྟད་དོ། དེ་ནས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་རགས་པ་འགགས་དུས། ནུ་ལ་སེམས་བརྟད་དེ། སྣང་བ་སྟོང་པ་ཞེས་བྱའོ། དེ་ནས་རྣམ་རྟོག་ཕྲ་བ་ནུབ་དུས་ཏ་ལ་སེམས་དམིགས་ཏེ། སྣང་བ་ཆེད་པ་སྟོང་པ་ཆེན་པོའོ། དེ་ནས་ཤིན་ཏུ་ཕྲ་བ་ནུབ་དུས་ན། གཉིད་བྱུང་དུས་སུ། ར་ལ་དམིགས་ཏེ། སྣང་བ་ཐོབ་ཞེས་བྱ་བ་ཤིན་དུ་སྟོང་པའོ། དེ་ནས་གཉིད་ལ་འགྲོ་དུས། ཤེས་པ་ཧཱུཾ་ལ་བསྡུས་ཏེ། དེར་བདེ་སྟོང་གི་ངོ་བོར་ལྷན་གྱིས་ཉལ་བས། གཉིད་ཀྱི་རོ་བདེ་སྟོང་འོད་གསལ་གྱི་ཉམས་མྱོང་ངོ་། །དེ་དུས་རྨི་ལམ་

(༡༩༥)ནི་བསྲུང་སྟེ་འདིར་འགལ་རྐྱེན་དུ་འདོད་དོ། དེ་ནས་གཉིད་ཐུན་ཅིག་ལོག་ནས་སློང་དུ་བཅུག་སྟེ། མ་རིག་པའི་གཉིད་དུ་མ་སོང་བ་ལྟ་བར་བྱ་ལ། ཡང་སྔར། གཉིད་ནི་ཐ་མལ་གྱི་གཉིད་ཀྱིས་འོད་གསལ་ཤིན་ཏུ་ཉེ་སྟེ། འདི་འོད་གསལ་རྟོགས་ལ་ཁད་པ་ཡིན། འདི་འདྲ་བའི་གནད་ཡོད་ན་འོད་གསལ་ལ་ཚེགས་མེད་དེ། གཉིད་ཐུན་ཅིག་ལ་འོད་གསལ་རྟོགས་པའོ། བཞིན་དུ་ཉལ་ལོ། དེའི་ནུབ་མོ་ཐུན་བཞིའམ་སྔ་སྤྱི་རིགས་པར་ཉལ་ལོ། དེ་ན་གསུམ་འམ་གཉིས་ལ་སོགས་པར་བྱས་ཤིང་ཉལ་ཏེ། སྔར་བཞིན་ཕུང་པོ་ལ་སོགས་པ་ནི་ཁམས་ཕྲ་བ་ལ་བཞག་གོ། །ཁམས་ནི་སེམས་ཕྲ་བ་ལ་བཞག་གོ། །སེམས་ནི་ཡང་སེམས་པ་ལ་བཞུག་གོ། །སེམས་དཔའ་ནི་མ་རིག་པ་ལ་བཞུག་སྟེ། དེ་ལྟར་གཉིད་ལོག་པས་མ་རིག་པ་ངང་གིས་འགག་སྟེ། རྣམ་རྟོགས་གིས་དྲན་པ་བརྗེད་དོ། དེའི་འབྲས་བུ་ནི་ཡེ་ཤེས་ཀྱི་རང་བཞིན་འོད་གསལ་བའོ། །ཤིན་དུ་ཕྲ་བ་ནུབ་ནས། སྣང་བ་ཐོབ་པར་ཞུགས་པའོ། དེ་ཉིད་རྟོག་པ་ཐམས་ཅད་འགགས་སྟེ་བདེ་སྟོང་གི་ངང་དུ་ལྷན་ནེ་ཉལ་ལོ། མ་རིག་པའི་གཉིད་ལྕགས་ཀྱུ་དང་འདྲ་བ་དེས་བཟུང་ནས། བདེ་སྟོང་གི་ངང་དུ་ཉལ་དུས། རྣམ་པར་ཤེས་པ་གང་ལ་ཡང་འཕྲོ་བར་མི་བྱེད་དོ། འོད་གསལ་མངོན་གསུམ་དུ་ཉམས་སུ་

(༡༩༦)མྱོང་བར་འགྱུར་རོ། དེ་ནས་གཉིད་སད་པའི་རྗེས་ཐོབ་འདི་ལྟར་བསྒོམ་སྟེ། མདུན་དུ་ཡི་དམ་གྱི་ཐང་སྐུ་བཀྲམ་ནས། དེ་ལ་སེམས་རྩེ་གཅིག་པར་བལྟས་ལ། དེ་རང་ཉིད་ལ་ཚུར་གསལ་བར་བསྒོམ་མོ། མི་གསལ་བར་འདུག་ན་མི་གསལ་བ་དེ་ཉིད་བདེ་སྟོང་གི་ངང་དུ་ལྷན་གྱིས་བསྒོམས་ལ། སླར་གསལ་བར་བྱས་ཏེ། ཐང་སྐུ་ལ་བལྟ། དེ་ལ་སེམས་རྩེ་གཅིག་པས། དེ་རང་ཉིད་ལ་ཚུར་གསལ་བར་བསྒོམ། མི་གསལ་བར་འདུག་ན། མི་གསལ་བ་དེ་ཉིད། བདེ་སྟོང་ངང་དུ་ལྷུན་གྱིས་བསྒོམས་ལ། སླར་གསལ་བར་བྱས་ཏེ་ཐང་སྐུ་ལ་བལྟ། དེ་ནས་ཡང་ཐང་སྐུ་དེ་ཁོ་ན་བཞིན་གསལ་བར་བསྒོམ། དེ་ཉིད་བདེ་སྟོང་ངང་དུ་ལྷན་གྱིས་བསྒོམ་སྟེ། དེ་ཡང་སྟོང་པའི་རོ་བདེ་བར་ཤར་བར་བསམས་ཏེ། ལྷ་དེ་རེས་སྐུར་བསྒོམ་རེས་བདེ་སྟོང་དུ་བསྒོམས་པས། གོམས་པའི་ཚད་ནི། རང་ཉིད་བདེ་སྟོང་སྐྱེ་མེད་དུ་གནས་ལ། རོ་བདེ་བར་ཤར་བའོ། དེའི་དུས་སུ་ནུབ་མོ་གཉིད་ལོག་ཙ་ན། ཉལ་ལ་སྔར་བཞིན་བསྒོམ། རྗེས་ཐོབ་ལ་དེ་ལྟར་བསྒོམས་པས། ལུས་ཡང་བ་དང་། བདེ་བ་ལ་སོགས་པ་དང་། སྣང་བ་ཐམས་ཅད་བདེ་སྟོང་ངང་དུ་ལྷང་ཤར་ནས་འོང་། དེ་ནས་ཚེ་འདི་ཉིད་ལ་འོད་གསལ་ལ་གནས་ཏེ། མཆག་

(༡༩༧)གི་དངོས་གྲུབ་ཐོབ་པར་འགྱུར་རོ། གལ་ཏེ་ཚེ་འདི་ཉིད་ལ་མ་ཐོབ་པར་ཀྱང་བར་དོར་ཤེས་པ་འོད་གསལ་དུ་ཟིན་འོང་། དེ་ནས་བར་དོར་སངས་རྒྱས་ཏེ། རང་དབང་མེད་པར་མངལ་དུ་འཇུག་པ་མི་སྲིད་དོ། གལ་ཏེ་མངལ་དུ་ཞུགས་ཏེ་ལུས་ལེན་ནའང་། རང་ལ་དབང་ཡོད་པས་གཞན་དོན་དུ་རང་གང་དགར་ཞུགས་ཏེ་ལུས་ལེན་པའོ། སྒྱུ་ལུས་བསྒོམ་པའི་གང་ཟག་དང་། འདི་གཉིས་ལ་སེམས་ཅན་གྱི་དོན་མ་ཡིན་ན། ལུས་མི་ལེན་གསུང་ངོ་། སློ་དཔོན་ལ་བ་པས། ལོ་བཅུ་གསུམ་དུ་གཉིད་ལོག་པས། མཆོག་ཐོབ་གསུང་ངོ་། ཀྱཻ་རྡོ་རྗེ་ལེའུ་དྲུག་པ་ནས། གཉིད་ནི་སྤང་བར་མི་བྱ་སྟེ། ཞེས་གསུངས་པ་དང་། སྒྱུ་མ་ཆེན་པོ་གསང་བ་ཡིད་བདེ་བའི་རྒྱུད་ལས་ཀྱང་བསྟན་པ། སེམས་འོད་གསལ་དུ་གནས་པའི་དུས་སུ། དངོས་པོ་ལ་སོགས་པ་ཐམས་ཅད་ཀྱི་ཡེ་ཤེས་རྡོ་རྗེ་ལྟར་མི་ཕྱེད་ཅེས་བརྟན་ཏོ།། །།བླ་མ་རིན་པོ་ཆེ་ཐུགས་དམ་གསང་བའི་མན་ངག་གོ། །རྡོ་རྗེ་འཆང་གིས། ཕྱག་ན་རྡོ་རྗེས། ངེས་ཏཻ་ལོ་པ་ལ། དེས་ནཱ་རོ་པ་ལ། ངེས་བོད་ཡུལ་ལྷོ་བྲག་གི་མར་པ་ལ་ལོ་ཙྪ་ལ། དེས་མང་ཡུལ་གུང་ཐང་གི་མི་ལ་རས་པ་ལ། ངེས་

(༡༩༨)ཆོས་ཀྱི་རྗེ་མཉམ་མེད་དགས་པོ་ཟླ་འོད་གཞོན་ནུ་ལ། དེས་ཐུ་སྲས་ངམ་པ། དགས་པོ་བསྒོམ་ཚུལ་ལ་གནང་བའོ། སྙན་ནས་སྙན་དུ་བརྒྱུད་མཛད་ཅིང་། ཞལ་ནས་ཞལ་དུ་བརྒྱུད་པ་དང་། ཐུགས་ནས་ཐུགས་སུ་བརྒྱུད་པ་ཡི། །མན་ངག་གསང་བའི་མཛོད་འདི་ནི། སྐལ་ལྡན་ལས་ཅན་མ་ཡིན་པ། གཞན་ལ་བྱིན་ན་དམ་ཚིག་ཉམས། ཉམས་སུ་བླངས་ན་དངོས་གྲུབ་འབྱུང་། མོས་གུས་བྱས་ན་བྱིན་རླབས་འབྱུང་། ཞལ་གྱི་འདུད་རྩི་དག་ལ་དྲིས། །མངྒ་ལཾ་བྷ་ཝནྟུ།། ༅། །དེ་ཡང་ཞལ་སྔ་ནས། རིམས་ཀྱིས་འཇུག་པའི་གང་ཟག་གི། །ཤེས་པའི་སྐྱེ་ལུགས་འདི་ལྟ་སྟེ། སྣང་བ་ཐིམ་དང་རྟོག་པ་ཐིམ། རགས་པ་ཐིམ་དང་ཕྲ་བ་ཐིམ། ཐིམ་པའི་རྗེས་ལ་གོས་པ་དང་། རང་བཞིན་གྱིས་ནི་འོད་གསལ་འབྱུང་། །དེའི་རྗེས་ལ་ཟུང་འཇུག་གི། སྐུ་ནི་རྣམ་པ་གཉིས་འབྱུང་སྟེ། སློབ་པ་དང་ནི་མི་སློབ་གཉིས། །མི་སློབ་པ་རུ་གྱུར་ཙམ་ན། འབྲས་བུ་ཐོབ་ཅེས་བསྟན་པ་ཡིན། །ཞེས་གསུངས་པ་དེའི་དོན། །བར་དོ་དམར་ཁྲིད་ལ་གསུམ་སྟེ། བར་དོ་དང་

(༡༩༩)པོ་འོད་གསལ་ལ་ངོས་བཟུང་བ་དང་། གཉིས་པ་སྒྱུ་ལུས་ངོས་བཟུང་བ་དང་། གསུམ་པ་མངལ་གྱི་སྒོ་དགག་པའོ། དང་པོ་ལ་གསུམ་སྟེ། ཡུལ་ལྔ་ཐིམ་པ་དང་འབྱུང་བ་བཞི་ཐིམ་པ་དང་། སྣང་བ་གསུམ་ཐིམ་པའོ། དེ་ལ་མི་ཅིག་འཆི་བའི་ལ་རྟགས་འདི་རྣམས་འབྱུང་སྟེ། ཡུལ་ལྔ་ཐིམ་པའི་རིམ་པ་ནི། དང་པོ་གཟུགས་སྒྲ་ལ་ཐིམ་པས་མིག་གིས་གཟུགས་མི་མཐོང་། སྒྲ་དྲི་ལ་ཐིམ་པས། རྣ་བས་སྒྲ་མི་ཐོས། དྲི་རོ་ལ་ཐིམ་པས། སྣ་ཡིས་དྲི་མི་ཚོར། རོ་རེག་བྱ་ལ་ཐིམ་པས། ལྕེ་རོ་མི་མྱོང་། རེག་བྱ་རྣམ་པར་ཤེས་པ་ལ་ཐིམ་པས། ལུས་ཀྱི་རེག་བྱ་མི་ཚོར་རོ། དེ་ནས་གཉིས་པ་འབྱུང་བ་བཞི་ཐིམ་པའི་རིམ་པ་ནི། དང་པོ་ས་ཆུ་ལ་ཐིམ་པའི་དུས་སུ། ལུས་ཟུངས་མི་ཐུབ་ཅིང་བྱེད་པའི་སྣང་བའོ། །གདོང་ལ་ས་རྡུལ་ཆགས། སྣའི་གཤོག་དང་། རྣ་བ་ཆག་ནས་འོང་ངོ་། །ཆུ་མེ་ལ་ཐིམ་པའི་དུས་སུ། ཁ་ཆུ་སྣ་ཆུ་ལན་ཅིག་ཕྱིར་ལ་ཤར་གྱིས་བྱང་ཆུབ་ནས། དེ་ན་ཁ་སྣ་སྐམ། ལྕེ་ཕུགས་སུ་འགྲོ། ནག་པོའི་ཐིག་ལེ་འོང་། མེ་རླུང་ལ་ཐིམ་པའི་དུས་སུ། ཡན་ལག་གི་དྲོད་མཐའ་ནས་བསྡུད། མིག་འབྲས་གྱེན་ལ་

(༢༠༠)ལོག །རྐང་ལག་གཡོ་བ་ཅིང་འཕྲ་ཤག་བྱེད་དོ། །རླུང་རྣམ་པར་ཤེས་པ་ལ་ཐིམ་པའི་དུས་སུ། དབུགས་དོག་དོག་བྱེད། བཟང་དབུགས་ཆད། ངན་དབུགས་མ་ཆད། རྩེ་ཆུང་པ་ཕྲི་ཕྲིག་པའི་དུས་སུ། དབུག་རྐྱང་པ་གཉིས་འོང་ངོ་། གསུམ་པ་སྣང་ཐིམ་པའི་རིམ་པ་ནི། དེ་ནས་རྣམ་པར་ཤེས་པ་རྣ་བ་ལ་ཐིམ་པའི་ཚེ། ཕྱི་རྟགས་ཟླ་ཤར་བ་ལྟ་བུ། ནང་ཤེས་པའི་སྣང་དུ་བ་ལྟ་བུ་སྣང་བ་ལང་ལོང་དུ་འཆར་རོ། །དེའི་དུས་སུ་ཞེ་སྡང་ལས་གྱུར་པའི་རྟོག་པ་སུམ་བཅུ་རྩ་གསུམ་འགག་གོ། སྣང་བ་མཆེད་པ་ལ་ཐིམ་པའི་ཚེ། ཕྱི་རྟགས་ཉི་མ་ཤར་བ་ལྟ་བུ། ནང་དུ་ཤེས་པ་ལ་སྲིན་བུ་མེ་ཁྱེར་ལྟ་བུ་དམར་སྐྱེམ་པ་ཅིག་འབྱུང་། དེའི་དུས་སུ། འདོད་ཆགས་ལས་གྱུར་པའི་རྟོགས་པ་བཞི་བཅུ་འགག་གོ། མཆེད་པ་ཐོབ་པ་ལ་ཐིམ་པའི་ཚེ། ཕྱི་རྟགས་མུན་པ་ལྟར་ནག་ཐིབས་པ་ཅིག་འབྱུང་། ནང་རྟགས་ཤེས་པ་མར་མེ་ལྟར་གསལ་ལྷག་པ་ཅིག་འབྱུང་སྟེ། དེའི་དུས་སུ་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་འགག་གོ། དེ་ལྟར་ན། གཏི་མུག་གི་བདུན། ཞེ་སྡང་གི་སུམ་བཅུ་རྩ་གསུམ། འདོད་ཆགས་ཀྱི་བཞི་བཅུ་སྟེ། རང་བཞིན་བརྒྱད་བཅུའི་

(༢༠༡)རྟོག་པ་མ་ལུས་པར་འགགས་པ་ཡིན་ནོ། དེ་ནས་ཐོབ་པ་འོད་གསལ་ལ་ཐིམ་པའི་ཚེ། ད་བུགས་ཁྲོག་སྟེ་སོང་བའི་དུས་སུ། སེམས་ཅན་ཀུན་ལ་འོད་གསལ་སྟོང་པ་ཆོས་ཀྱི་སྐུ་ཅི་ལྟ་བ་ཅིག་འཆར་ཏེ། བསྒོམ་པའི་འོད་གསལ་དང་། རང་བཞིན་གྱི་འོད་གསལ་གཉིས། ཆུ་དང་འོ་མ་འདྲེས་པའམ། བུམ་ནང་གི་ནམ་མཁའ་དང་། ཕྱི་རོལ་གྱི་ནམ་མཁའ་འདྲེས་པ་བཞིན། ཆོས་སྐུ་ཐོབ་པ་ཡིན་ཏེ། དེ་ཏར་གདན་གཞི་ལས། འོད་གསལ་བ་ནི་རྒྱུན་བར་གནས། བར་དོའི་གྲོང་ཁྱེར་དེས་མི་ཐོད། ཞེས་དང་མཚན་བརྗོད་ལས། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། སྐད་ཅིག་གཅིག་གིས་སངས་རྒྱས། ཤེས་གསུངས་ཏེ། ཚེ་གཅིག་ལུས་གཅིག་ལ་སངས་རྒྱ་བ་ཡིན། གཟུགས་སྐུ་གཉིས་གཞན་སྣང་ལ་འཆར་རོ། བར་དོ་དང་པོ་འོད་གསལ་ངོས་བཟུང་བའོ། གཉིས་པ་སྒྱུ་ལུས་ངོས་བཟུང་བ་ལ་གཉིས། མ་དག་པའི་པའི་སྒྱུ་ལུས་དང་། དག་པའི་སྒྱུ་ལུས་སྒྱུ་ལུས་སོ། །དེ་ལ་མ་དག་པའི་སྒྱུ་ལུས་ནི། འོད་གསལ་དེ་ལ་གནས་མ་ནུས་ན། བར་དོའི་སྣང་བ་འཆར་ཏེ། ཞག་ཕྱེད་དང་བཞི་ཚུན་ཆད་མ་ཤི་བའི་ལུས་སུ་སྣང་ཞིང་།

(༢༠༢)དེས་སོན་པོ་རྣམས་ཀྱི་ཐད་དུ་ཕྱིན་པས། བསོན་པོ་རྣམས་ཀྱིས་ཁོ་མི་མཐོང་། ཁོས་ཕར་ལ་མཐོང་། ཁོས་གཏམ་སྨྲས་པ་གསོན་པོས་མ་ཐོས། གསོན་པོ་རྣམས་ཀྱིས་སྨྲས་པ་ཁོས་ཐོས། གསོན་པོ་ཐམས་ཅད་ཁོ་ལ་ཁྲོས་པའི་སྣང་བ་འོང་། རི་དང་རྩིག་པ་ལ་སོགས་པ་གང་ལ་ཡང་ཐོགས་པ་མེད། དྲན་ན་ལྷའི་འཇིག་རྟེན་ནས། གང་དུའང་དྲན་པས་ཆོགལྷའི་མིག་དང་། བར་དོའི་ནང་གིས་མཐོང་། ལུས་ཀྱི་རྫུ་འཕྲུལ་དང་། འོང་ཤུགས་ལ་ཡོད། ཡུད་ཙམ་ཡུད་ཙམ་གྱ་གྱུའི་རྣམ་པ་ཤིན་ཏུ་མི་བརྟན་པ་འབྱུང་བས། དེ་དུས་ང་ཤི་བ་ཡིན་འདུག །འདི་བར་དོ་ཡིན་པར་འདུག་སྙམ་དུ་ཤེས་པ་གལ་ཆེའོ། དེ་ནས་ཞག་ཕྱེད་དང་བཞི་ཕན་ཆད་ནས། ཕྱི་མ་གར་སྐྱེ་བའི་ལུས་ཀྱི་སྣང་བ་འཆར་བ་ཡིན་ནོ། དེའི་མཚན་ཉིད་ནི། མངོན་པ་མཛོད་ལས། སྔོན་འབྱུང་སྲིད་པའི་ཤ་གཟུགས་ཅན། དབང་པོ་ཀུན་ཚད་ཐོགས་མེད་རྒྱུ། ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། རིགས་འཐུན་ལྷ་མིག་དག་པས་མཐོང་། སྲིད་པ་ཕྱི་མའི་ཤ་གཟུགས་ཅན། ཞེས་གསུངས་པའི་དོན་ཏོ། དེ་ནི་ཀུན་ལ་འབྱུང་སྟེ། མ་དག་པའི་སྒྱུ་ལུས་སོ། གཉིས་

(༢༠༣)པ་དག་པའི་སྒྱུ་ལུས་ནི། གོང་དུ་བཤད་པའི་མ་དག་པའི་སྒྱུ་ལུས་ངོ་ཤེས་པར་བྱས་ནས། སྔར་བསྒོམ་པའི་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་བསྒོམ་པ་དང་། ཕྱག་རྒྱ་ཆེན་པོ་ལ་ཡང་དང་ཡང་དུ་བསྒོམ་པ་ནི། སློབ་པའི་ཟུང་འཇུག་གོ། འོད་གསལ་གྱི་མས། བག་ཆགས་སྤྱོད་པ་ཡིན་ཏེ། ད་ལྟ་ལོ་བརྒྱ་བསྒོམ་པ་བས་དེར་སྐད་ཅིག་མ་གཅིག་བསྒོམ་པ་ལམ་ཆོད་འོལ་ཆེ་བ་ཡིན་གསུང་ངོ་། དེ་ནས་རྣམ་རྟོག་ཐམས་ཅད་འོད་གསལ་གྱི་མེས་བསྲེགས་ནས། སྦྱང་གཞི་སྤྱོད་བྱེད་མེད་པར་གོམས་པ་མཐར་ཕྱིན་ཏེ། ཆོས་སྐུ་གཉིས་སུ་མེད་པ་ཐོབ་ནས་གཟུགས་སྐུ་དུ་མ་ལ་ཁྱབ་པ་འབྱུང་བ་ནི། མི་སློབ་པའི་ཟུང་འཇུག་ཡིན་ཏེ། བར་དོ་གཉིས་པ་སྒྱུ་ལུས་ངོས་བཟུང་བའོ། གསུམ་པ་མངལ་སྒོ་དགག་པ་ལ་གཉིས་ཏེ། མངལ་སྒོ་དགག་པ་དང་། མངལ་གདམ་པའོ། དང་པོ་ལ་ལྔ་སྟེ། དྲན་པ་དང་འདུན་པས་དགག་པ་དང་། བླ་མ་ཡབ་ཡུམ་གྱིས་དགག་པ་དང་། ཡི་དམ་གྱི་ལྷ་ཡབ་ཡུམ་གྱིས་དགག་པ་དང་། སྒྱུ་མ་ལྟ་བུས་དགག་པ་དང་། འོད་གསལ་གྱིས་དགག་པའོ། དང་པོ་ནི་བར་དོ་

(༢༠༤)གཉིས་པར་སངས་མ་རྒྱས་ན། མངལ་གྱི་སྣང་བ་འོང་སྟེ། ཕོའི་ལུས་སུ་སྐྱེ་ན། ཕ་ལ་ཞེ་སྡང་ཞིང་མ་ལ་འདོད་ཆགས། མོའི་ལུས་སུ་སྐྱེ་ན། མ་ལ་ཞེ་སྡང་ཞིང་ཕ་ལ་འདོད་ཆགས་སོ། རྐྱེན་དེས་བྱས་ནྭ། ཕའི་གཤད་ལམ་ནས་ཞུགས་ནས། ཁུ་བ་དད་འགྲོགས་ཏེ། མའི་མངལ་དུ་འགྲོ་བར་འགྱུར་རོ། དེ་ལ་སྔར་ཡང་འདི་ལྟ་བུའི་ལས་བསགས་པས། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་འཁྱམས་པ་ཡིན། དེ་ལས་བཟློག་སྟེ་ཏིང་ངེ་འཛིན་ལ་བཞག་གོ། དང་པོ་དེས་ཁེགས་ནས་ཕྱིས་སྣང་བ་ཡང་ཁེགས་པ་ལ་ཚེགས་མེད་དོ། དེས་མ་ཁེགས་ན། གཉིས་པ་བླ་མ་ཡབ་ཡུམ་གྱིས་དགག་པ་ནི། ཕོ་དེ་བླ་མ་ཡབ་དང་། མོ་དེ་བླ་མའི་ཡུམ་དུ་བསྒོམས་ལ། བླ་མ་ཡབ་ཡུམ་ལ་ཆགས་སྡང་སྐྱེར་མི་རུང་སྙམ་དུ་བསམས་ལ། མོས་གས་རྩེ་གཅིག་ཏུ་བྱའོ། དེས་ཀྱང་མ་ཁེགས་ན། གསུམ་པ་ཡི་དམ་ཡབ་ཡུམ་གྱིས་དགག་པ་ནི། ཕོ་དེ་ལྷ་ཡབ་དང་། མོ་དེ་ལྷ་ཡུམ་དུ་བསྒོམས་ལ། ཡི་དམ་གྱི་ལྷ་ཡབ་ཡུམ་ལ་ཆགས་སྡང་སྐྱེར་མི་རུང་སྙམ་དུ་བསམ་ཞིང་། ཆགས་སྡང་མི་བྱའོ། དེས་ཀྱང་མ་ཁེགས་ན། བཞི་པ་སྒྱུ་མ་ལྟ་བུས་དགག་པ་

(༢༠༥)ནི། སྒྱུ་མ་ལྟ་བུ། རྨི་ལམ་ལྟ་བུ། རང་སེམས་འཁྲུལ་པའི་སྣང་བ། བག་ཆགས་ཀྱི་གཟུགས་བརྙན། ཆུ་ནང་གི་ཟླ་བའམ། མེ་ལོང་ནང་གི་གཟུགས་བརྙན་དང་ཁྱད་མེད་སྙམ་དུ་བསམ་ལ། ཆགས་སྡང་གི་བློ་བཟློག་རང་ལྷ་སྐུ་སྒྱུ་མ་ལྟ་བུ་ལ་རྟེན་བྱས་ལ་འོད་གསལ་བསྒོམ་མོ། །དེས་ཀྱང་མ་ཁེགས་ན། སྔ་པ་སྟོང་པ་ཉིད་ཀྱིས་དགག་པ་ནི་འདི་ལྟར་སྣང་བ་ཐམས་ཅད་རང་གི་སེམས་ཡིན། སེམས་ནམ་མཁའ་སྟོང་པའི་དཀྱིལ་ལྟ་བུ་ཟུང་འཇུག་གཉིས་སུ་མེད་པའི་དོན་ལ་བཞག་གོ། །བདུན་ཕྲག་དང་པོའི་སྐྱེ་བ་དེ་ཁེགས་ནས། གཉིས་པ་ལ་སོགས་པ་ལ་ཚེགས་མེད་དོ། དགེ་སྡིག་ཆ་མཉམ་པ་ཅིག་བར་དོར་ཞག་བཞི་བཅུ་རྩ་དགུ་གནས་པས། དེར་ལམ་སྦྱངས་ནས་སངས་རྒྱའོ། །བརྫུས་སྐྱེས་དང་། དྲོད་གཤེར་ལས་སྐྱེས་པ་དང་། སྒོང་སྐྱེས་རྣམས་རང་ཉིད་ཡི་དམ་ལྷར་བསྒོམས་པས་ཁེགས་སོ། །དེ་རྣམས་ཀྱིས་མངལ་སྒོ་དགག་པའོ། གཉིས་པ་མངལ་གདམ་པ་ནི། གོང་གི་དེ་དག་གིས་མི་ཁེགས་པར་འདུག་ན། བར་དོའི་སེམས་ཅན་དེས། དྲན་ན་གང་དྲན་པའི་སར་འགྲོ་བ་ལ་ཐོགས་པ་མེད་པས། སུམ་བཅུ་རྩ་གསུམ་ཨ་ར་མོ་ལིང་ཀའི་རྡོ་

(༢༠༦)ལེབ་ཏུ། རིག་པ་གཏད་པས་དེར་ཕྱིན་ནས། ལས་ཀྱི་ལྷག་མ་ལུས་པར་སྦྱངས་ནས། ཕྱིར་མི་ལྡོག་པར་སངས་རྒྱ་བ་ཡིན་གསུང་ངོ་། བར་དོ་ཡེ་ཤེས་ཀྱི་ལྡེ་དམིག་དེ་ཡིན་ནོ། དེ་ལྟར་བསྒོམ་ཀྱང་མི་ཐུབ་པར་འདུག་ན། སྔར་གྱིས་སྦྱངས་པ་ཆུང་བ་ཡིན་པས། ད་བྱང་ཆུབ་སེམས་དཔའ་ཤེས་བཞིན་དུ་འཇུག་པ་ཡིན་ཏེ། བར་དོའི་སེམས་ཅན་ལ་མངོན་ཤེས་ཡོད་པས། རྒྱལ་རིགས་སམ། རྗེ་རིགས་ལ་སོགས་པ། རིགས་བཟང་བ། འབྱོར་བ་ཆེ་བ། དད་པ་ཆེ་བ། ཆོས་འོང་པའི་ཕ་མའི་མངལ་དུ་འཇུག་པར་བྱའོ། གལ་ཏེ་བསོད་ནམས་ཆུང་བས། འཇུག་པར་མ་ནུས་ན། མིའི་ས་བོན་ཡི་གེ་ནི་གཅིག་བསམ་ལ། མའི་མངལ་དུ་འཕོ་བར་བྱའོ། མངལ་འཁྲོག་པ་བསྲུང་བ་ནི། མངལ་གྱི་མཐའ་མཚོན་ཆའི་འཁོར་ལོས་བསྐོར་བར་བསྒོམ་མོ། དེ་ནས་ཟླ་བ་བཅུ་ན་སྐྱེ་སྟེ། ཆུང་ངུ་ནས་དད་པ་དང་ཤེས་རབ་ཆེ་བ། ཡི་གེ་དང་ཆོས་ལ་སོགས་པ་མ་བསླབས་པར་ཤེས་ཤིང་། བླ་མ་གཅིག་དང་མཇལ་བ་ཙམ་གྱིས་ཡོན་ཏན་སྐྱེ་སྟེ། སྐྱེ་བ་དེ་ཉིད་ལ་སངས་རྒྱ་བར་འགྱུར་རོ། དེ་ནི་སྐྱེ་བ་བརྒྱུད་ནས་སངས་རྒྱ་བ་ཡིན་ནོ། བར་དོ་དམར་ཁྲིད་

(༢༠༧)ཀྱི་ཞལ་གདམས་སོ།། །།རྗེ་རིན་པོ་ཆེ་སྒམ་པོ་པའི་ཞལ་གྱི་གདམས་པ། རིན་པོ་ཆེ་བྱེ་དཀར་བ་ལས་རྒྱུད་དེ་འོངས་པའོ། ཡི་གེ་རིས་སུ་བཀོད་པ་ལ་རང་འདོད་མེད་པས། མཁའ་འགྲོ་མི་མཉེས་པ་མེད་ཅིང་དགྱེས་པར་ཞུའོ།། །།ཤེས་པ་འདི་ཉིད། རྗེ་ཉིད་ཀྱི་དཔོན་པོ། སྤྱན་སྔ་ཆོས་ཀྱི་རྗེ། བསོད་ནམས་ལྷུན་གྲུབ་ཟླ་འོད་རྒྱལ་མཚན་དཔལ་བཟང་པོས། རི་བོ་ཤནྟིར། བཀའ་བརྒྱུད་ཀྱི་བསྟན་པ་སྤེལ་བའི་བསླད་དུ་པར་དུ་བགྱིས་པའོ། །ཀྱང་ལུས་རྒས་ཏེ་མཆོག་མ་ཐོབ་པར་འཆི་བའམ། ཡང་ན་བསྐྱེད་རིམས་བསྒོམ་འཕྲོ་ལ་འཆི་རྟགས་བྱུང་ནས། སྒྲུབ་པའི་ལོང་མེད་དུས་སུ་འཕོ་བ་བྱ་བ་ནི། དགྱེས་པ་རྡོ་རྗེ་མཁའ་འགྲོ་མ་གུར་གྱི་ལེའུ་བཏེ་ལྔ་པའི་རྡོ་རྗེ་སློ་དཔོན་སྐུ་འགྱུར་པའི་སྐབས་དང་། དེའི་རྒྱས་པར་བཤད་པ་སམ་བླུ་ཏྲི་དང་། རྡོ་རྗེ་གདན་གཞི་དང་། རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་ནས་བཤད་པ་ནི། སྦྱངས་ཏེ་འཕོ་བའི་མཆོག་ཐོབ་པ་འདི་མཆོག་ཡིན་ཏེ། འདི་ལ་འབད་པས་འཕོ་བར་བྱའོ། དེའི་རིམ་པ་ཡང་། དང་པོ་འཆི་བ་སླུ་ཤེས་པའི་གང་ཟག་གིས། ཕྱི་

(༢༠༨)ནང་གི་འཆི་བལྟས་བརྟགས་ཏེ་འཆི་བར་ཤེས་ནས། འཕོ་བ་ལ་བསླབ་ཅིང་སྦྱངས་པས། འཆི་ཁར་ཚེགས་མེད་པར་འཕོ་བ་ཡིན་ཏེ། དེ་ལ་བསླབ་ཅིང་སྦྱངས་པའི་རིམ་པ་ནི། སཾ་བཱུ་ཏྲི་དང་། རྡོ་རྗེ་གདན་གཞི་ལ་སོགས་པ་ནས། འཕོ་བའི་སྒོ་རབ་འབྲིང་ཐ་མ་གསུམ་བཤད་དེ། དེ་གང་ཞེ་ན། ལྟེ་བ་འདོད་ཁམས་མཐོ་རིས་ཏེ། ཐིག་པའི་གཟུགས་ཀྱིས་ལུས་ཅན་ནོ། །གོང་མས་གོང་མའི་གནས་སུ་ནི། འགྲོ་བ་དེ་ནི་ཡོངས་སུ་བརྟས། སྣ་ནས་གནོད་སྤྱིན་གནས་སུ་སྟེ་རྣ་བ་གཉིས་ནས་གྲུབ་པའི་ལྷ། གལ་ཏེ་མིག་ནས་ཡེ་ཤེས་འགྲོ། །མི་རྣམས་ཀྱི་ནི་རྒྱལ་པོར་འགྲོ། སྲིད་པའི་སྒོ་ཡིས་ཡི་དགས་རྣམས་དེ་བཞིན་ཆུ་ཡིས་དུད་འགྲོར་གནས་ཆུ་མིན་རྣམ་ཤེས་མྱུར་དུ་འགྲོ། དམྱལ་བ་བརྒྱད་ཀྱི་དངོས་པོ་རྣམས། །གང་གི་སྒོ་ཡིས་བྱེ་བྲག་གིས། །འཁོར་བ་ལས་ནི་རྒལ་བར་འགྱུར། །དེས་ན་སྒོ་ཡིས་བྱེ་བྲག་གིས། །རྣལ་འབྱོར་པའི་ལམ་བཟང་པོ་འཆི་འཕོའི་མཚན་མ་བྱུང་བ་ཡིས། འཆི་བར་འགྱུར་པའི་དུས་བྱུང་ན། རིམས་ལ་སོགས་པས་མ་ཕོག་པར། །འཕོ་བའི་སྦྱོར་བ་མཆོག་ཡིན་ནོ། དབུགས་རྔུབ་རྔོན་

(༢༠༩)དུ་བརྩམ་ནས་ནི། ཐམས་ཅད་སྒོ་ནི་དགག་བར་བྱ། ཅེས་གསུངས་པ། དེའི་དོན་རིམ་པ་བཞིན་དུ་བཤད་ན། འཆི་བའི་དུས་སུ་ལྟེ་བ་ནས་འཕོ་ན་འདོད་ཁམས་ཀྱི་ལྷར་སྐྱེ། སྨིན་པར་གྱི་ཐིག་པ་ནས་འཕོས་ན། གཟུགས་ཁམས་ཀྱི་ལྷར་སྐྱེ། སྤྱི་གཙུག་ནས་འཕོས་ན། གཟུགས་མེད་ཀྱི་ལྷར་སྐྱེའོ། དེ་གསུམ་ནི་སྒོ་རབ་གསུམ་མོ། སྣ་ནས་འཕོས་ན་གནོད་སྤྱིན། རྣ་བ་གཉིས་ནས་འཕོས་ན་རིག་འཛིན་གྱི་ལྷ། མིག་གཉིས་ནས་འཕོས་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོར་སྐྱེ་སྟེ་བསྡུད་པ་ནས། གཟུགས་མེད་སྐྱེ་བ་དོན་དུ་གཉེར་མི་བྱེད། ཅེས་གསུངས་པས། འདིར་མ་སྐྱེས་པ་རུང་། ཅེས་གསུང་། དེ་གསུམ་ནི་སྒོ་འབྲིང་གསུམ་མོ། ཁ་ནས་འགྲོ་ན་ཡི་དགས། ཆུ་ལམ་ནས་འཕོས་ན་དུད་འགྲོ། བཤད་ལམ་ནས་ངེས་པར་དམྱལ་བར་སྐྱེ་སྟེ། དེ་གསུམ་ནི་སྒོ་ཐ་མ་གསུམ་མོ། དེ་ལྟར་སྒོ་རབ་འབྲིང་ཐ་མ་གསུམ་གྱི་སྐྱོན་ཡོན་ཤེས་པར་བྱས་ལ། དང་པོ་རླུང་ལ་སྦྱང་བ་ནི། འབྱུང་འཇུག་གཉིས་གཅིག་ཏུ་བགྲངས་པའི་སུམ་བཅུ་སོ་དྲུག་ཐ་མའོ། བདུན་བཅུ་རྩ་གཉིས་

(༢༡༠)འབྲིང་། །བརྒྱ་རྩ་བརྒྱད་ཐུབ་ན་རབ་ཀྱི་ཚད་ཡིན། དེ་ནས་རླུང་དེ་ལྟར་སྦྱངས་པ་དང་། དེ་ནས་རང་ཁམས་བདེ་བ་ལ་འཆི་བལྟས་བརྟག་སྟེ། ཕྱི་ནང་གི་འཆི་བལྟས་བྱུང་ནས་འཆི་བ་བསླུ་བའི་ཆོ་ག་བྱ། །དེས་ཀྱང་མི་ཐུབ་པ་འདྲ་ན། འཕོ་བའི་མན་ངག་ལ་འཇུག་པར་བྱ་སྟེ། དེ་ལ་སྦྱོར་དངོས་གཉིས་ལས། སྦྱོར་བ་ནི། རང་ཡི་དམ་ལྷར་བསྒོམས་ཏེ། ལུས་བདེ་བར་གནས་པས་དབང་པོའི་དགུ་དགག་པ་ནི། སྤྱི་བོ་ཚངས་བུག་ཏུ་ཀྵ། མིག་གཉིས་སུ། ཧཱུྃ་རེ་རེ། རྣ་བ་གཉིས་སུ་ཡུམ་རེ་རེ། སྣ་གཉིས་སུ་མུ་རེ་རེ། ལྕེ་ལ་སུམ་སྨིན་ངར་དུ་ཧཱུཾ་དྲི་ཆེན་དྲི་ཆུའི་བར་དུ་ཀྵ་རེ་རེ། ལྟེ་བར་ཧཱུཾ་ སྙིང་ཁར་ཧཱུཾ་རྣམས་ཀྱིས་བཀག་ལ། དངོས་པོ་ཐམས་ཅད་སྒྱུ་མ་ལྟ་བུར་མོས་པ་བྱ་ཏེ། རང་ལུས་སྔར་ལྷར་སྔོན་པོ། གསལ་བའི་སྔོན་པོ། ལུས་འཁྲུལ་སྔོན་པོ། དཀར་པོ། སྔོན་པོ། ཀྵ་ཡུམ་དུ་ཀློག་པའོ། སྔོན་པོ། སྔོན་པོ། འཁོར་བཅའ་བའོ། དེ་ནས་སྟེང་། རླུང་དྲངས་ལ་ཤེས་པ་ལྟེ་བའི་ཨལ་གཏད། སྒལ་ཚིགས་ཉི་ཤུ་རྩ་གཅིག་ནི། པདྨ་འདབ་མ་ཉི་ཤུ་རྩ་གཅིག་ཏུ་བསྒོམ། རླུང་དང་བཅས་པས། ཧིཀྐ་ཉི་ཤུ་

(༢༡༡)རྩ་གཅིག་གིས། ལྟེ་བའི་ཨདེ། པད་འདབ་རེ་རེ་ལ་ཡར་ཡར་སྤྱི་བོ་བདེ་བ་ཆེན་པོར་དྲངས་ཏེ། ཉི་ཤུ་རྩ་གཉིས་སུ་བྱས་ན། ཤེས་པ་འཚོར་བས་མི་བྱའོ། དེ་ནས་ཡང་། ཉི་ཤུ་རྩ་གཅིག་གིས་ཀ་ཧིག་ཀ་ཅེས་བརྗོད་ཅིང་མར་དྲང་ངོ་། དེ་ལྟར་ཉི་མ་རེ་རེ་འམ། ཐུན་བཞིར་ཡར་སྤྱོད་མར་སྤྱོད་པ་ནི། དཔེར་ན། རྟ་རྒྱུག་བྱེད་ན་སྔོན་ལ་ཡར་འགྲོ་མར་འགྲོ་བྱེད་ཅིང་། རྟ་ལ་དཀྱུས་ས་སྟོན་པ་ལྟར། རླུང་སེམས་སྔོན་ནས་ཡར་སྦྱོང་མར་སྤྱོད་བྱེད་པ་ནི་དང་པོ་སྦྱང་བའོ། དེ་ནས། འཆི་ངེས་ཏེ། རྟགས་རྫོགས་པར་གྱུར་ནས། འཕོ་བ་དངོས་གཞི་བྱ་བ་ནི། འབྱོར་བའི་རྫས་དང་ཡོ་བྱད་རྣམས་ཚོགས་གཏང་། འཁོར་གྱི་མྱ་ངན་དང་ངུ་འབོད་དང་། སྨྲེ་སྔགས་རྣམས་སྔ་ནས་སྤངས་ཏེ། མཚམས་བྱས་ལ། བར་དོ་ནས་སངས་རྒྱས་ཀྱིས་ས་ལ་འགྲོ་སྙམ་པའི་མདུན་པ་དྲག་པོ་སྔོན་དུ་བཏང་ལ། འཆི་དུས་སུ་གནས་ཁང་ཆག་བཏབ། རས་རིས་ལ་སོགས་པའི་རྟེན་བཀྲམ། མཆོད་པ་དང་། ཚོགས་ཀྱི་ཡོ་བྱད་རྣམས་བཤམས་ལ། རང་ལྷར་བསྒོམས་ཏེ། ཡི་དམ་གྱི་ལྷ་ཚོགས་རྣམས་སྤྱན་དྲངས་ལ།

(༢༡༢)མཆོད་པ་དང་ཚོགས་ཕུལ་ལ། རླུང་རོ་ལན་གསུམ་ཕྱུང་། གོང་བཞིན་དབང་པོའི་སྒོ་རྣམས་དགག །ཁྱད་པར་དུ་འཆར་ཁུང་གཉིས་སུ་རླུང་གི་ས་བོན་ཡཾ་རེ་རེ་བསྒོམ། སྐུ་གཉིས་སུ་ཨོཾ་རེ་རེ། རྐང་མཐིལ། །གཉིས་སུ་ཡཾ་རེ་རེ་བསྒོམ། སྙིང་ཀའི་ཧཱུཾ་ལ་ཡཾ་བཞིས་བསྐོར་བར་བྱ། དངོས་པོ་ཐམས་ཅད་ལ་སྒྱུ་མའི་བློ་བསྐྱེད་ནས། མི་དགའ་བར་མེད་པར། དགའ་སྤྲོ་དང་བཅས་པས། ཤེས་པ་ཡི་དམ་ལྷའི་ཐུགས་ཀར་འཕང་ངོ་། སྙམ་པའི་འདུན་པ་དྲག་པོ་བྱ་ལ། མདུན་གྱི་ནམ་མཁར་ཡི་དམ་གྱི་ལྷ་སྤྱན་དྲངས་ལ་དེ་དག་གསལ་བར་བསྒོམ། ཚངས་བུག་གི་ཀྵཕྱུང་ནས། སྤྱི་བོའི་སྒོ་ཧར་གྱིས་ཕྱེ་སྟེ་སྟེང་རླུང་མནན། འོག་རླུང་དྲངས་ལ། ལྟེ་བ་སྤྲུལ་པ་ནས། སྤྱི་གཙུག་བདེ་ཆེན་མན་ཆད། སྒལ་ཚིག་ཉི་ཤུ་རྩ་གཅིག་འོད་ཟེར་བསྡུས་ནས་གནས་པར་བསྒོམ། ཤེས་པ་ལྟེ་བའི་ཨལ་བཏད་པས། ཧི་ཀྐ་ཞེས་ལན་ཉི་ཤུ་རྩ་གཅིག་གིས་དྲག་ཏུ་དྲངས་ལ་ལྟེ་བ་སྤྲུལ་པའི་ས་སྤྱི་གཙུག་བདེ་ཆེན་མན་

(༢༡༣)ཆད་དུ། ཧིཀྐ་རེ་རེས། པད་འདབ་རེ་རེ་ལ། ཨཐུང་ངུ་རེ་རེ་དྲངས་ཏེ། ལྟེ་བའི་ཨདང་། སྙིང་ཀའི་ཧཱུཾ་གཉིས་འདྲེས་ནས་ཡར་ཡར་དྲངས་ཏེ། ཧཱུཾ་དེ་ཉིད་ཐ་མ་སྤྱི་བོ་ཚངས་པའི་བུ་གར་ཡེར་ཏེ་བྱུང་བ་དང་ཧིཀྐ་ཉི་ཤུ་རྩ་གཅིག་སོང་བའི་གཏིང་མ། ཉི་ཤུ་རྩ་གཉིས་པ་ལ། ཧཱུཾ་གི་འོད་ཟེར་གྱི་ཐག་པ་བཅད་ནས། ཚངས་བུག་ནས་ཡར་སེམས་ཉིད་ཡི་གེ་ཨར་གནས་པ་དེ་ཐལ་གྱིས་སོང་ནས། ཡི་དམ་ལྷའི་ཐུགས་ཁར་བཏང་སྟེ། འཕོས་ནས་ལུས་འདི་དོར་བར་བྱའོ། དེ་ཡང་ཅི་ཞེས་ན། རྡོ་རྗེ་གུར་གྱི་ལེའུ་བཅྭ་ལྔ་པའི་ཞབས། རྡོ་རྗེ་སློབ་དཔོན་འདས་པའི་སྐབས་ནས་སྟོན་ལ། དེ་ཉིད་རྒྱས་པར་ནི། སཾ་བཱུ་ཏྲི་དང་། གདན་གཞི་ལ་སོགས་པ་ནས་སྟོན་ནོ། དེས་ན་ཕྱི་ནང་གཉིས་ཀའི་འཆི་ལྟས་གཏན་ལ་ཕེབས་ནས། འཆི་ངེས་པའི་དུས་འཕོ་བའོ། ད་ལྟར་ཤེས་ན། མཚམས་མེད་ཀྱི་ལས་བྱས་པ་ཡང་། ངེས་པར་འཕོའོ། དེ་ལྟར་ཤེས་ན། མཚམས་མེད་ལྔ་བྱས་པ་ཡང་། ངེས་པར་མྱ་ངན་ལས་འདས་པའི་སར་འགྲོ་བར་རྒྱུད་ལས་

(༢༡༤)གསུངས་སོ། འཆི་བའི་དུས་སུ་ཡི་དམ་ལན་ཅིག་མི་འོང་མི་སྲིད་པས། དེའི་ཐུགས་ཀར་ཤེས་པ་འཕོའོ། དེ་ལྟ་བུ་དེ་སྦྱངས་ཏེ། འཕོ་བ་ཅེས་བྱ་བ། ནཱ་རོ་པ་ཆེན་པོའི་གདམས་པ། བླ་མ་ལྷོ་བྲག་པས་དངོས་སུ་འཕོ་བ་མཛད། བླ་མ་མེས་ཆེན་པོས་ཀྱང་དངོས་སུ་འཕོ་བ་མཛད་པའི་གདམས་ངག་ཐུན་མོང་མ་ཡིན་པའོ། །ན་མོ་གུ་རུ། ལུས་ཀྱི་འཁྲུལ་འཁོར་གྱི་འཕོ་བ་ནི། །ལུས་དྲང་པོར་སྲང་མ་ནུས་ན། སེང་གེའི་ཉལ་སྟབས་ཀྱིས་འཕོ་སྟེ། དབང་པོའི་སྒོ་དགག་པ་དང་། འཕོ་ཐབས་འདྲེའོ། བཙན་ཐབས་སུ་འཕོ་བ་ནི། ཡེ་ཤེས་སྐྱེ་བའི་ཐབས་བཙལ་ཏེ། སྐྱེ་བ་དང་། ཙིཏྟ་དང་། ཀྱི་ཉི་ན་བསྐྱེད། བྷ་སུ་ཀ་ར་དྲངས་ལ། ཙམ་པོ་ཀ་ལན་གསུམ་བསྐོར་རོ།། །།ན་མོ་གུ་རུ། གང་དུ་འཕོ་བའི་མན་ངག་ལ། འཆི་བལྟས་བརྟགས་ལ། ཞེས་པའི་དོན་གྱི་འཆི་བལྟས་བརྟག་པ་ནི། དང་པོ་རྣལ་འབྱོར་པ་བདག་ཉིད་ཀྱིས་ཚེའི་ཕྱག་རྒྱ་བཅིངས་ཏེ། ཨཡུ་དེ་བས་ར་ཧ་ཀ་རེ་ཤ་ཧཱུཾ་ཕགས དུས་ནི་རྣམ་པ་བཞི་དག་ཏུ། །ཚེའི་གྲིབ་མ་འོང་གྱུར་ཏེ། སྲོག་གི་བཟླ་གནས་རབ་བརྟག་ཞིབ་

(༢༡༥)ས་ཡི་དམིགས་ནི་རྒྱུན་མི་བཅད། ཚེའི་མགོ་བོ་ཆད་གྱུར་ན། དེ་ཚེ་ཟླ་བ་གཅིག་ན་འཆི། །ཚེ་གཟུགས་ཟླུམ་པོར་གྱུར་པ་ན། དེ་ཚེ་ཟླ་བ་གཉིས་ན་འཆི་ཚེ་གཟུགས་སྤྱིའུ་ཚུགས་གྱུར་པ་ན། དེ་ཚེ་བཞི་ན་འཆི། །ཚེ་གཟུགས་ཡན་ལག་མ་ཚད་ན། གཏོར་མ་བཞི་ཡིས་ཕྱག་བཞིར་མཆོང་། །ཚེ་གཟུགས་དམར་པོར་གྱུར་པའི་ཚེ། ནང་དང་རྨང་ངོ་ཡོད་པས་ན། འཇིག་རྟེན་གཏོར་མས་བཟློག་པར་འགྱུར། ཞེས་གསུངས་པ་དེ་ཉིད་རྒྱས་པར་བཤད་ན། ནམ་མཁའ་སྤྲིན་མེད་པའི་དུས་སུ་མི་མེད་པའི་དགོན་པར་ཕྱིན་ལ། དེར་མཎྜལ་བྱས་ལ་ཡི་དམ་ལ་མཆོད་བསྟོང་བྱས་ཏེ་དེ་ནས་ཚེའི་ཕྱག་རྒྱ་བཞི་བྱ་བ་ནི། ཉི་མ་ཤར་ཐོག་དང་། ཉི་མ་ནུབ་ལ་ཁད་པའི་དུས་སུ་དང་། ཟླ་བ་ཤར་མ་ཐོག་དང་། ནུབ་ལ་ཁད་དེ་པའི་དུས་ཏེ། དེ་བཞི་གང་རུང་ཅིག་ལ་བལྟ་བ་ནི། སྐྲ་སྤྱི་བོར་བཅིངས་ལུས་གཅེར་བུར་ཕྱུང་སྟེ། ལག་པ་གཉིས་བརྐྱངས། རྐང་པ་གཉིས་གཤིགས་ཏེ། ལངས་ནས། རང་གི་གྲིབ་མའི་སྙིང་ཀར་མིག་མི་འཛུམ་པར་ལྟ་སྟེ། དེ་ལ་ཡུན་རིང་བར་བལྟས་ལ། མིག་འགྲིབས་པ་དང་། འཐིབས་

(༢༡༦)པ་བྱུང་ན། མིག་ནམ་མཁའ་ལ་བལྟས། ནམ་མཁའ་ལ་གཟུགས་འོང་བརྟག་གོ། །དེ་ལ་མ་མཐོང་ན། ལུས་རྡོ་རྗེ་དཀྱིལ་དཀྲུང་། ལག་པ་མཉམ་བཞག་གི་ཕྱག་རྒྱ་བྱས་ལ་བརྟགས་གོ་དེ་ལ་གཟུགས་ཅི་ཡང་མ་བྱུང་ན་སྐྱོན་དུ་མི་བལྟ་ལྟེ། ནམ་མཁའི་ཕྱེ་རུང་གྱི་ངང་ནས་སྤྲིན་དང་། སེ་རུའི་ཞད་བྱུང་བ་ཡིན་པས། མི་འགལ་ལོ། དེ་ལ་གོང་དུ་བསྟན་པའི་ལུགས་ལྟར་ཟླ་བ་བཞི་ལྟ་བུའི་འཆི་བལྟས་བྱུང་ན། འཆི་བ་བསླུ་ཟླ་བ་གཅིག་བྱ་སྟེ། ཡང་སྔར་བཞིན་བལྟས་པས། ཡན་ལག་ཐམས་ཅད་རྫོགས་ན་འཆི་བ་བསླུས་སོ། །དེའི་དུས་སུ་ཚེ་གཟུགས་ཟླུམ་པོར་གྱུར་ནས། ཟླ་བ་གཅིག་ནས་འཆི་བ་བསླུ་པའི་དགེ་སྦྱོར་བྱའོ། འཆི་བའི་བལྟས་ལ་ཕྱི་ནང་གསང་གསུམ་མོ། དེ་ནས་ཡང་། ཟླ་བ་གཅིག་ལོན་ནས་བལྟས་པས། སྤྱིའུ་ཚུགས་སུ་གྱུར་པ་མཐོང་ན། ནང་གི་བྱུང་ན་རླུང་བསྒོམ་པ། གསང་བ་ནི་དོན་མེད་པར་བྱང་སེམས་འབབ་པ་མ་ཆོད་ན་འཆི། དེ་བཅད་པ་ནི། བྱང་སེམས་སྣ་བུག་གཡོན་པར་བླུག་ལ་བསྒོམ་མོ། །ཟླ་བ་གཅིག་ནས་འཆི་ངེས་ཏེ། ཚེའི་རྣམ་སྨིན་ཟད་པ་ཡིན་པས། དགེ་

(༢༡༧)སྦྱོར་ལ་ཞུགས་ཏེ་མི་དགའ་བ་མེད་པར། དངོས་པོ་ཐམས་ཅད་སྒྱུ་མ་ཡིན་སྙམ་པའི་འདུན་པ་དྲག་པོ་བྱའོ། དེ་ནས་ཡང་སྔར་ལྟར་ཞག་གྲངས་མ་ནོར་བར་འཆི་བའི་ཉིན་མོའི་དུས་དེར་གནས་ཐམས་ཅད་ཆག་ཆག་བཏབ་སྟེ། ཐང་ཀ་ལ་སོགས་པ་ཡང་བྲེས་ལ། རང་ཡི་དམ་གྱི་ལྷར་བསྐྱེད་པ་ནི་ལུས་ཀྱི་འཁྲུལ་འཁོར་བཅའ་བའོ། དེ་ནས་ལྷ་དང་སྣང་བ་ཐམས་ཅད་སྐྱེ་མེད་འོད་གསལ་གྱི་མོས་པ་བྱས་པས། ཐ་མལ་གྱི་ཞེན་པ་བཟློག་སྟེ། སེམས་ཀྱི་འཁྲུལ་འཁོར་བཅའ་བའོ། །དེ་ནས་འཕོ་བ་ནི་ལུགས་གཉིས་ཏེ། རང་གི་ཤེས་པ་བདེ་བ་ཅན་གྱི་ཞིང་ཁམས་སུ་འཕོ་བའམ། ཡང་ན་རང་གི་ཤེས་པ་སྙིང་ཀར་ཧཱུཾ་ལ་ལྷན་གྱིས་བསྡུས་ཏེ། མན་ངག་བཞིན་ཡི་དམ་མདུན་དུ་སྤྱན་དྲངས་ལ། དེའི་ཐུགས་ཀར་རང་གི་ཤེས་པ་དེ་རྒྱངས་ཀྱིས་བཏོང་ངོ་། ཨོཾ་ཨཱཧཱུཾ་གསུམ་བཟླས་པ་ནི་ངག་གི་འཁྲུལ་འཁོར་བཅའ་བའོ། དེའི་དུས་སུ་ལག་པ་གཉིས་ལྟག་པར་སྦྲེལ། པུས་མོ་གཉིས་གཙོག་བུར་བཤི་བས། རྒྱབ་དབྱུག་པ་ལ་རྟེན། སྙིང་གྱེན་ལ་ལོག་གིས་བཏང་ལ། ཁ་ནས་སྙིང་ཀའི་ཧཱུཾ་རྒྱངས་ཀྱིས་ཐོན་ནས་ཡི་དམ་གྱི་ཐུགས་ཁའམ། བདེ་བ་ཅན་དུ་བཏང་སྟེ། ཧིཀྐ་ཅེས་པས་

(༢༡༨)ཡུན་རིང་པོར་ཡང་དག་པར་དྲངས་ཏེ། དབུགས་ནང་དུ་མ་བཏང་བས་ངེས་པར་འཕོའོ། །སངས་རྒྱས་ཀྱི་བཀའ་ནས། ཁ་ནས་འཕོས་ན། ཡི་དྭགས་གནས་སུ་འགྲོ་བར་བཤད་དེ་དེ་ནི་འཕོ་བའི་མན་ངག་མི་ཤེས་པར་ཐ་མལ་དུ་འཆི་བ་ལ་དགོངས་པའོ། འདིར་ནི་ཡི་དམ་ལྷ་མདུན་དུ་བྱས་ཏེ་ངེས་པར་བདེ་བ་ཅན་དུ་བྱས་ཏེ་ངེས་པར་བདེ་བ་ཅན་དུ་སྐྱེའོ། ནང་གི་འཆི་བལྟས་བྱུང་ནས་འཕོ་བར་བྱའོ། འཆི་ཁར་ཡི་དམ་ལྷ་མི་འབྱོན་མི་སྲིད་དེ། རྡོ་རྗེ་གུར་ལས། སློ་དཔོན་གྱི་ནི་མཐར་དུས་སུ། འཆི་བ་འཇིག་རྟེན་མི་གནས་པས། སྐྱེ་བོ་འཇིག་རྟེན་རྨོངས་པ་གང་། དེ་འདིར་ཤི་ཞེས་སྨྲ་བར་བྱེད། འཆི་བ་ཅེས་པའི་རྣམ་རྟོག་གིས། དག་པའི་གནས་སུ་འཁྱེར་བར་བྱེད། ཡང་ན་བདེ་བ་ཅན་དུ་ངེས། འདོད་པའི་རིགས་སུ་སྐྱེ་བར་འགྱུར། །མེ་ཏོག་སྣ་ཚོགས་ལག་ཐོགས་ཤིང་། །རྒྱལ་མཚན་དབྱུག་པ་གླུ་སོགས་ཀྱིས། །ལུས་ལས་ལུས་གཞན་འགྲོ་བར་འགྱུར། ཞེས་གསུངས་སོ། ཙཀྲ་སམྦ་ར་ནས་ཀྱང་བཤད་དོ། ནཱ་རོ་ཆེན་པོའི་གདམ་ངག །སངས་རྒྱས་མངོན་གསུམ་དུ་འབྱུང་བའོ། །བླ་མ་གྲུབ་ཐོབ་རྣམས་ལ་ཕྱག་འཚལ་ལོ། བར་དོ་འཆི་

(༢༡༩)ཀ་མའི་མན་ངག་བྲི། དེ་ལ་ལམ་བློ་ཆོད་ལ་གཉིས་ཏེ། བར་དོ་དང་། འཆི་ཀ་མའི་མན་ངག་གོ། །བར་དོ་ལ་གཉིས། བསྲེ་བའི་མན་ངག་དང་། སྒྱུ་ལུས་ངོས་བཟུང་བའོ། །དེ་ལ་བསྲེ་བའི་མན་ངག་ནི། དང་པོ་སྐྱེ་ཤི་བར་དོར། མངོན་གསུམ་དུ་གང་བྱེད་ན་འོད་གསལ་བྱེད་དགོས་པ་ནི། ལམ་དང་རང་བཞིན་བསྲེ་བའོ། དེ་དུས་མཚམས་ཅེས་སྦྱོར་ན། དབང་གསུམ་པས་སྦྱོར་ཏེ་དེའི་དུས་སུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བའི་ཕྱིར་རོ། གཉིས་པ་རྨི་ལམ་བར་དོར། མངོན་སུམ་དུ་གང་བྱེད་ན། རྨི་ལམ་བྱེད། དགོས་པ་ནི། ཉིན་མཚན་བསྲེ་བའོ། དེ་དུས་མཚམས་ཅིས་སྦྱོར་ན། འདུ་འཛི་ཤིན་དུ་ཉུང་བ་དང་། ཤེས་པ་ཚར་གཅད་པར་བྱ་སྟེ། བྱ་བ་བཞན་བཏང་ནས་ཤེས་པ་དྲག་ཏུ་བཅུན་ཏེ། དེ་གཉིས་རྨི་ལམ་འབྱུང་བའི་ཕྱིར་རོ། གསུམ་པ་སྲིད་པ་བར་དོ། མངོན་གསུམ་དུ་གང་བྱེད་ན། བར་དོའི་སྒྱུ་ལུས་བྱེད། དགོས་པ་ནི་སངས་རྒྱ་བའོ། དེ་དུས་མཚམས་ཅིས་སྦྱོར་ན། ལས་ཀྱི་ཕྱག་རྒྱ་ལ་ཞེ་སྡང་མིག་སེར་མི་བྱ་བ་དང་། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པ་དང་། གང་ལ་ཡང་ཞེན་ཆགས་མི་བྱ་བ་སྟེ་

(༢༢༠)དབང་གཉིས་པའི་དུས་སུ། བླ་མ་ཡབ་ཡུམ་སྦྱོར་བ་བྱེད་པ་ལ་ཞེ་སྡང་མིག་སེར་མི་བྱའོ། དེ་ལྟར་རང་གི་ཕྱག་རྒྱ་ལ་གོམས་པར་བྱས་པ་དང་། མ་ལ་མི་ཆགས་པས། ཆོས་ཐམས་ཅད་སྒྱུ་མ་ལྟར་ཤེས་པ་དང་། ཞེན་ཆགས་མེད་པས་ལུས་མི་ལེན་པའི་ཕྱིར་རོ། བར་དོ་གསུམ་གང་དང་བསྲེ་ན། སྐྱེ་ཤི་བར་དོའི་ཤེས་པ་དེ་རྨི་ལམ་དང་བསྲེ་སྟེ། འདུན་པ་དྲག་པོ་བཏང་ལ། གཉིད་ལོག་ཁར་མགྲིན་པར་ཨཱལ་ཤེས་པ་བརྟད་པར་བྱའོ། དེར་གཉིད་ལོག་རྨི་ལམ་མ་བྱུང་བར་དེར་འོད་གསལ་ཆོས་སྐུ་འཆར་ཏེ། དེར་རྗེས་རྨི་ལམ་འབྱུང་། རྨི་ལམ་ལ་དེར་ངོ་ཤེས་པ་དང་། དེ་ནས་རྨི་ལམ་སྦྱང་བ་ནི་གོང་བཞིན་བྱའོ། དེ་ལ་འཇིགས་པ་དང་། བག་ཚ་བ་མེད་པར་སྒྱུ་མར་ཤེས་པར་བྱའོ། །དེར་རྗེས་རྨི་ལམ་གྱི་ཆོས་ཐམས་ཅད་དེ་ཁོ་ན་ཉིད་དུ་བསྒོམ། དེ་ནི་རྨི་ལམ་དང་རང་བཞིན་བསྲེ་བའོ། །དེར་རྗེས་མི་ལམ་ནི་འགགས་གཉིད་མ་སད་པའི་བར་དེར་འོད་གསལ་ཆོས་སྐུའོ། །དེ་ནས་གཉིད་སད་པས། གོང་གིས་རྨི་ལམ་ཐམས་ཅད་དྲན་ཏེ། དེ་ཡང་དེ་ཁོ་ན་ཉིད་དུ་བསྒོམ་མོ། དེའི་རྗེས་ཐོབ་ལ་ཆོས་ཐམས་ཅད་རྨི་ལམ། རྨི་ལམ་ཐམས་ཅད་སྒྱུ་མ་ཡིན་སྙམ་པའི་འདུན་པ་དྲག་པ་གྱའོ། དེ་ནས་ཉིན་པར་རྨི་ལམ་བཟུང་བ་དང་། རྨི་ལམ་དུ་ཤེས་པ་དང་། རྨི་ལཾ་སྦྱང་བ་དང་། སྒྱུ་མར་

(༢༢༡)ཤེས་པར་བྱ་བ་དང་། ལམ་དང་རང་བཞིན་བསྲེ་བར་ཤེས་བློ་དེ་ནས་སྣང་བ་ལ་བསྒོམ་སྟེ། རྨི་ལམ་བཟུང་བ་ནི། དངོས་པོ་ཅི་མཐོང་བའོ། །རྨི་ལམ་དུ་ཤེས་པ་ནི་སྒྱུ་མ་ཡིན་སྙམ་པའོ། །སྦྱང་བ་ནི་དེ་ཉིད་བརྒྱ་ལ་སོགས་པར་སྦྱང་བ་དང་། གཅིག་ཏུ་བསྡུ་བ་ལ་སོགས་པ་སྒྱུ་མར་ཤེས་པ་ནི། འཇིག་པ་དང་བག་ཚ་བ་མེད་པར་རྨི་ལམ་གྱི་ཆོས་ཐམས་ཅད་དེ་ཁོ་ན་ཉིད་དུ་བསྒོམ་སྟེ། རྨི་ལམ་དང་རང་བཞིན་བསྲེ་བའོ། དེ་ནས་ཉལ་ཁར་ཆོས་ཐམས་ཅད་སྒྱུ་མ་ཡིན། སྒྱུ་མ་ཐམས་ཅད་རྨི་ལམ་ཡིན་སྙམ་པའི་འདུན་པ་དྲག་པོ་བྱའོ། །དེ་ནས་རྨི་ལམ་བཟུང་བར་བྱའོ། །དེ་ནས་ཉིན་མཚན་བསྲེ་བའོ། །ཉིན་དང་མཚན་དུ་རྨི་ལམ་ལ། ཤེས་པའི་ཚར་ནི་གཅད་པར་ཉིན་མཚན་མཚམས་སྦྱར་བྱ། ཅེས་གསུངས་པས་ན། བར་དོའི་མཚམས་སྦྱོར་གསུམ་ཡང་། རང་ལ་མགྲིན་པར་ཨཱལ་ཤེས་པ་བརྟད་བསྒོམ་པར་བྱའོ། །དེ་ལྟར་འབྱོངས་པ་དང་། འཆི་བའི་དུས་སུ་འོད་གསལ་ཆོས་སྐུ་ཐོབ་པའོ། སྙམ་པའི་འདུན་པ་བཏང་བའམ། བསྒོམ་པར་བྱ་སྙམ་པའོ། དེའི་དུས། ས་ཆུ་ལ་ཐིམ། ཆུ་མེ་ལ། མེ་རླུང་ལ། རླུང་རྣམ་པར་ཤེས་པ་ལ་ཐིམ་ནས། འཕེན་པའམ། བསྒོམ་པའི་ངང་ལ་ཕྱི་དབུགས་ནི་ཆད། ནང་

(༢༢༢)དབུགས་ནི་མ་ཆད་པའི་བར་དུ་རྣམ་པར་ཤེས་པ་དེ་འོད་གསལ་དུ་ཞུགས་ཏེ། འོད་གསལ་ཆོས་སྐུ་ཤར་བ་ལ་ཚུད་པར་འགྱུར་ཏེ། དེའི་ངང་ལ་སངས་རྒྱས་པའོ། །དེ་ནི་ཡོན་ཏན་རྫོགས་པའི་བར་དོ་ཅེས་བྱའོ། །དག་པའི་སྒྱུ་ལུས་ཤེས་བྱ་སྟེ། གཏེ་མ་ཚུད་ན་དེའི་ནང་ལ་ལྷའི་སྐུ་སྒྱུ་མར་ལྡང་དེ་སྟེ། དེ་ནི་འཁོར་བ་ལུགས་སུ་འཇུག་པའི་བར་དོ་ཅེས་བྱ་བ། མ་དག་པའི་སྒྱུ་ལུས་ཤེས་ཀྱང་བྱའོ། །སྒྱུ་ལུས་ངེས་འོད་གསལ་གྱི་མེས་བསྲེགས་ནས་གཉིས་མེད་དུ། བསྒོམ་པ་ནི་སློབ་པའི་ཟུང་འཇུག་གོ། །སྒྱུ་ལུས་དེ་འོད་གསལ་གྱི་ངང་དུ་ཐིམ་ནས། བསྒོམ་དུ་མེད་པ་ནི། མི་སློབ་པའི་ཟུང་འཇུག་གོ། །གལ་ཏེ་བདེ་སྟོང་གཉིས་མེད་ཀྱི་ཉམས་ཁྱད་པར་ཅན་མ་སྐྱེས་ཏེ། བསྲེ་མ་ནུས་ན་སྒྱུ་མ་ལྟ་བུའི་ལོག་གནོན་བྱའོ། དེ་ཡང་སྒྱུ་མ་ཅི་ལྟར་རྨི་ལམ་དང་། རྨི་ལམ་ཅི་ལྟར་སྲིད་ཡིན་པ་དང་། རྟག་ཏུ་གོམས་པའི་སྦྱོར་བ་ལས། ཤེས་གསུངས་སོ། །སྒྱུ་ལུས་ངོས་བཟུང་བའི་མན་ངག་ནི་སྒྱུ་མ་ལ་བསླབ་སྟེ། དེ་ཡང་བར་དོ་ངོས་བཟུང་བར་འདོད་པས། སྒྱུ་མ་ལྟ་བུ་ལ་བསླབ་པར་བྱའོ། ཅེས་གསུངས་པའི་ཕྱིར་རོ། སྒྱུ་མ་ལ་ཇི་ལྟར་བསླབ་པར་བྱ་ཅེ་ན། དེ་ཡང་དབང་ནི་གསུམ་པའི་དུས་

(༢༢༣)དག་ཏུ། མེ་ལོང་དྲི་མ་མེད་པ་ལ། རྡོ་རྗེ་སེམས་དཔའ་ལེགས་བྲིས་ལ། །དེའི་གཟུགས་བརྙན་སྣང་དང་མཚུངས། ཤེས་གསུངས་པས། དང་པོ་གནས་ཡིད་དུ་འོང་བར་ཕྱག་དར་བྱ་སྟེ། རང་ཡི་དམ་ལྷའི་ཐང་སྐུ་ལེགས་པའི་གཟུགས་བརྙན་མེ་ལོང་དུ་འཆར་བར་བྱས་ལ། དེ་ལ་བལྟ་ཞིང་བསྒོམ་པར་བྱའོ། དེ་འབྱོངས་པའི་ཚད་ནི། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པ་དང་མི་འབྲལ་བའོ། དེ་ནས་འཆི་བའི་ཚེ་མདུན་དུ་སྒྱུ་མའི་སྐུ་བསྒོམས་ལ། དེའི་ངང་ལས་དབུགས་ཆད་པས། སྒྱུ་མའི་སྐུ་འབྱུང་ངོ་། དེ་ལ་སྦྱངས་པས་མི་སློབ་པའི་ཟུང་འཇུག་ཏུ་འགྱུར་རོ། གོང་དུ་རྨི་ལམ་སྦྱངས་ཡུན་བས། གལ་ཏེ་སྒྱུ་མའི་སྐུ་མ་འབྱོངས་ན་ལོག་གནོན་བྱ་སྟེ། དེ་ཡང་མེ་ལོང་གི་གཟུགས་བརྙན་ལ་ཟླ་བ་གཅིག་ཏུ་བལྟས་པས། རང་དབང་མེད་པར་གཏིང་ནས་སྒྱུ་མའི་རྟོགས་པ་འབྱོང་ངོ་། སྒྱུ་ལུས་དང་། མི་སློབ་པའི་ཟུང་འཇུག་ཡང་དེ་ལས་ཤེས་པར་བྱའོ། སྒྱུ་མ་ལ་མཉམ་རྗེས་མེད་པས། འཕེན་པ་བཏང་བས་ཆོག་གསུང་ངོ་། བར་དོའི་མན་ངག་གོ། །བླ་མ་བརྒྱུད་པའི་རིམ་པས་གྲུབ་པ་ཐོབ་པའི་མན་ངག་རིམ་པ་ནས་རིམ་པར་རྒྱུད་པའི་དམར་ཁྲིད་བརྗེད་བྱང་དུ་བྲིས་པའོ།། །།ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། བར་དོ་གསུམ་གྱི་གདམས་པ་ལགས། །

(༢༢༤)བླ་མ་གྲུབ་ཐོབ་རྣམས་ལ་ཕྱག་འཚལ་ལོ། མཁས་པ་ཆེན་པོ་ནཱ་རོ་པས། བཅུ་གཉིས་བར་དུ་བླ་མ་བརྟེན། ཞབས་དྲུང་གདམས་ངག་མ་ནོས་པ་ནི། སྐྱེ་ཤི་རྨི་ལམ་བར་དོ་དང་སྲིད་པ་བར་དོ་གསུམ་དུ་གནས། །ཞེས་བྱ་བའི་དོན་ནི་འདི་ལྟ་སྟེ། །སྐྱེ་ཤི་བར་དོ་རྣམ་པར་སྨིན་པའི་ལུས་སོ། །རྨི་ལམ་བར་དོ་བག་ཆགས་ཀྱི་ལུས་སོ། །སྲིད་པ་བར་དོ་ཡིད་ཀྱི་ལུས་སོ། །དེ་ལ་བསྲེ་བ་རྣམ་པ་གསུམ། །སྐྱེ་ཤི་བར་དོ་འདོད་ཆགས་དང་བསྲེ། །རྨི་ལམ་བར་དོ་གཏི་མུག་དང་བསྲེ། །སྲིད་པ་བར་དོ་ཞེ་སྡང་དང་བསྲེ། །སྔོན་ལས་མ་གྲུབ་པའི། གང་ཟག་དབང་པོ་རབ་ལུས་མ་བོར་ལུས་སེམས་སྦྱང་བའོ། །ལུས་མེད་པར་ཡོད་སྙམ་པའོ། བར་སངས་རྒྱ། །འབྲིང་ལུས་བོར་ནས་སངས་རྒྱ། ལམ་བསྐྱེད་རྫོགས་གཉིས། སྒྱུ་ལུས། ཐ་མ་བར་དོར་སངས་རྒྱའོ། འོད་གསལ་རང་གི་བརྒྱུད་ལ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་འདོད་ཆགས་ཀྱིས་ཡི་དྭགས་སུ་སྐྱེ། ཞེ་སྡང་གིས་དམྱལ་བར་སྐྱེ། །གཏི་མུག་གིས་བྱོལ་སོང་དུ་སྐྱེ། འཁོར་བ་མཐའ་མེད་དུག་གསུམ་གྱི་གཏན་ལ་འཁྱམས་པ་ལ། དཔལ་ནཱ་རོ་པ་ཆེན་པོའི་གདམ་ངག་གིས། དུག་གསུམ་ལམ་དུ་སློང་བས་སྐྱེ་མེད་འདོད་ཆགས་བདེ་བར་བསྒྱུར། ཞེ་སྡང་འོད་གསལ་དུ་བསྒྱུར། གཏི་མུག་མི་རྟོག་པར་བསྒྱུར། བདེ་གསལ་མི་རྟོག་པ་གསུམ་ལས། བདེ་བ་ལ་

(༢༢༥)ཆགས་པས། འདོད་ཁམས་ཀྱི་ལྷར་སྐྱེ། གསལ་བ་ལ་ཆགས་པས་གཟུགས་ཁམས་ཀྱི་ལྷར་སྐྱེ། མི་རྟོག་པ་ལ་ཆགས་པས། གཟུགས་མེད་ཀྱི་ལྷར་སྐྱེ། བླ་མས་ངོ་སྤྲད་པས་ཉམས་སུ་མྱོང་བའམ་རང་གི་སེམས་ཡིན། སེམས་སྐྱེ་མེད་དུ་ངོ་སྤྲད་པས། ཉམས་ལ་མ་ཞེན་པ་ཅིག་འོང་བ་ཡིན། བདེ་བ་གནས་གྱུར་པ་ལ། ལོངས་སྐུ། གསལ་བ་གནས་གྱུར་པ་སྤྲུལ་སྐུ། མི་རྟོག་པ་གནས་གྱུར་པ་ཆོས་སྐུ། །སྐུ་གསུམ་དབྱེར་མེད་པ་བདེ་བ་ཆེན་པོའི་སྐུའོ།། །།ཟུང་འཇུག་གིས་བཤད་པ་ལགས་སོ། །ན་མོ་གུ་རུ། ལམ་གྱི་དུས་སུ་སློབ་པའི་ཟུང་འཇུག །བག་ཆགས་ཐམས་ཅད་དག་ནས། མི་སློབ་པའི་ཟུང་འཇུག །མ་ཡེངས་པར་སྐྱོང་བའི་བར་དུ་སློབ་པའི་ཟུང་འཇུག །རྟོགས་པ་རྒྱུན་ཆད་ཙམ་ན། མི་སློབ་པའི་ཟུང་འཇུག་ཡིན། ཆོས་སྐུ་ཐམས་ཅད་ལ་ཁྱབ་པ་དང་། གཟུགས་སྐུའི་རྟེན་བྱེད་པས་ན་སྐུའོ། །ཟུང་འཇུག་ལ་གཉིས་ཡིན། ཉམས་སུ་མྱོང་བ་དང་། སྐྱེ་མེད་ཟུང་དུ་འཇུག་པ་བསྒྲུབ་བརྒྱུད་ཀྱི་ལུགས་ཡིན། ཆོས་སྐུ་དང་། གཟུགས་སྐུ་ཟུང་དུ་འཇུག་པ་བཤད་རྒྱུད་ཀྱི་ལུགས་ཡིན་ནོ། །ཆོས་རྗེའི་གསུང་སྒྲོས། གཏུམ་མོ་ལམ་རིམ་བཅུ་དྲུག་པ་རྔོག་དང་མི་ལའི་དགོངས་པ་ལགས་སོ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། ཡི་དམ་མཁའ་འགྲོ་རྣམས་ལ་ཕྱག་

(༢༢༦)འཚལ་ལོ། བླ་མ་ནཱ་རོ་པའི་གདམས་པ་ལ། གཏུམ་མོའི་ཆོས་དྲུག་ལ། དང་པོ་ཁོ་ན་སྦ་བ་བཞི། རྐྱེན་བཞི། ལས་སུ་རུང་བ་བཞི། དབང་བཞིའོ། དེ་ལ་སྦ་བ་བཞི་ནི། ལུས་ཡེ་ཤེས་ཀྱི་འཁོར་ལོར་སྦ་བ་རྩ་གསུམ་རི་རབ་ཀྱི་ལོགས་ལ་སྦ་བ། སེམས་གསང་བའི་གནས་སུ་སྦ་བ། རླུང་འཕྱེའོ་དཔག་བསམ་གྱི་ཤིང་ལ་སྦ་བའོ། དེ་ལ་ལུས་ཡེ་ཤེས་ཀྱི་འཁོར་ལོ་ལ་སྦ་བ་ནི། རང་ཡི་དམ་ལྷར་མོས་པ་བྱས་ལ། འཁོར་ལོ་རྩིབས་བརྒྱད་པ་དམར་པོ་འཁོར་ལོ་སྟེ་བསྲུང་བའི་འཁོར་ལོའོ། རྩ་རི་རབ་ཀྱི་ལོགས་ལ་སྦ་བ་ནི། རྩ་གསུམ་གསལ་གདབ་པ་ནི། རྩ་དབུ་མ་ཕྲ་ན་གཉུག་མ་ཙམ། སྦོམ་ན་གླིང་བུ་ཙམ་དུ་བསམ། དེ་ཆོས་བཞི་ལྡན་དུ་དམིགས་པར་བྱས་ལ། གཡས་གཡོན་གཉིས་ཕྲ་ཡང་བཏུབ་ལ། གཡས་དཀར་ཡང་བཏུབ་བོ། དེ་གཉིས་ཀྱི་ཡར་སྣ། སྣ་བུག་གཉིས་ལ་ཟུགས། མར་ན་རྩ་དབུ་མའི་ནང་དུ་ཡོད་པར་བསམ། དབུ་མའི་ཡར་སྣ་ཚངས་པའི་བུ་གར་ཐོན་ནས། ཨའི་དབྱིབས་སུ་ཡོད་པར་བསམ་མོ། །དེ་ནས་རྒྱུ་ཞབས་སྒལ་པ་ལ་བྱར་བས་འོག་རླུང་ཐམ་འགྲོའོ། སེམས་གསང་བའི་གས་སུ་སྦ་བ་ནི། །གསུམ་མདོ་བཞི་གསུམ་འདོམ་པའི་ས་ན་མེ་གསུམ་ཁ་ཊཱཾ་ག་བཞིན་དུ་གནས་པ་ལ་སེམས་གཏད་པའོ། །རླུང་འཕྱེ་བོ་དཔག་བསམ་གྱི་ཤིང་ལ་སྦ་བ་ནི། མགྲིན་པ་ལྕགས་ཀྱུ་ལྟར་བཀུག་ནས་རླུང་མནན་

(༢༢༧)པའོ། །རྐྱེན་བཞི་ནི། བདེ་བའི་རྐྱེན། ལས་དང་བྱ་བ་དོར་བའོ། །གསལ་བའི་རྐྱེན་དབང་པའི་སྒོ་མི་དགག་པའོ། །མི་རྟོག་པའི་རྐྱེན། ཞེན་ཆགས་དང་བྲལ་བའོ། །གཉིས་སུ་མེད་པའམ་ཐ་མི་དད་པའི་རྐྱེན། ལྷུག་པའམ་མ་བཅོས་པའི་ངང་ལ་བཞག་གོ། །ལས་སུ་རུང་བ་བཞི་ནི། རྩ་ལས་སུ་རུང་བས། གང་ཀྱི་ལྟོངས་སུ་བསྡད་ཀྱང་མཁའ་འགྲོ་དང་བུད་མེད་འདུའོ། རླུང་ལས་སུ་རུང་བས་པུ་གྲི་དང་། གསལ་ཤིང་རྩེ་ལ་བསྡད་ཀྱང་ལོ་ཟླ་དུ་མར་ཚུགས་པའོ། སེམས་ལས་སུ་རུང་བས་ཁ་ཟས་འཇུའོ། བྱང་སེམས་ལས་སུ་རུང་བས། བདེ་གསལ་ལ་ལོངས་སྤྱོད་པའོ། དབང་བཞི་ནི། ཕྲིན་ལས་ལ་དབང་བས། ཕྲིན་ལས་བཞི་རང་ཤུགས་ཀྱིས་འབྱུང་བའོ། སེམས་ལ་དབང་བས། རླུང་ཨ་བ་དྷཱུ་ཏིར་ཚུད་པས། སངས་རྒྱས་ཀྱི་དགོངས་པ་དང་མཉམ་པའོ། །ཡེ་ཤེས་ལ་དབང་ཐོབ་པའོ། མཉམ་རྗེས་མེད་པར་སངས་རྒྱས་ཀྱི་དགོངས་པ་དང་མཉམ་པའོ། རླུང་ལ་དབང་ཐོབ་པས། རླུང་འཇུག་འབྱུང་གཉིས་དང་བྲལ་བའོ། །བླཾ་མར་པའི་གཏུམ་མོའི་ཆོས་བཅུ་དྲུག་གི་མན་ངག །རྔོགས་གིས་གནང་བའི་དམར་ཁྲིད་དོ། བསྐྱེད་རིམས་གསུམ་གྱི་འབྲས་བུའོ། །ན་མོ་གུ་རུ་བསྐྱེད་རིམས་རབ་ཀྱིས་བདེན་པ་མཐོང་། འབྲིང་གིས་འཁོར་ལོ་བསྒྱུར་པའི་པའི་རྒྱལ་པོ་ཐོབ། ཐ་མས་ལྷ་མིའི་ལུས་ཐོབ། སྣང་བ་

(༢༢༨)གསུམ་པོ་ཐོབ་པ་དག །ས་བཅུ་ལ་ནི་རབ་ཏུ་གནས། །མངོན་པར་བྱང་ཆུབ་ལེགས་ཐོབ་ནས། གཙང་མའི་གནས་སུ་ངེས་པར་འགྲོ། སྒྱུ་ལུས་འབྱོངས་ནས་འོད་གསལ་གྱིས། སངས་རྒྱས་ཞིང་ནས་མི་ལྡོག་པས། །ཚེ་འདི་ཉིད་ལ་དེ་ཉིད་ཀྱིས། ཐམས་ཅད་མཁྱེན་པ་ཐོབ་པའོ།། །།བཀྲ་ཤིས་སོ། །

(༢༢༩)རྗེ་དྭགས་པོ་ལྷ་རྗེས་མཛད་པའི་ཕྱག་རྒྱ་ཆེན་པོ་རྡོ་རྗེ་ཡེ་ཤེས་དབང་དང་།། །།ཕག་མོའི་གཞུང་མདོ་དང་བཅས་པ་བཞུགས་སོ།། །། །།

(༢༣༠)དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །ཕྱག་རྒྱ་ཆེན་པོ་རྡོ་རྗེ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ། སིན་དྷཱུ་རའི་དབང་བསྐུར་བ་ནི། དང་པོ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་ལ། རང་གི་སྐུ་གསུང་ཐུགས་ལས་འོད་ཟེར་འཕྲོས་པས་དཀྱིལ་འཁོར་སྟོང་པར་བསྒོམ། དེའི་

(༢༣༡)ངང་ལས་རང་ཉིད་རྡོ་རྗེ་རྣལ་འབྱོར་མ་ཞལ་ཅིག་ཕྱག་གཉིས་སྤྱན་གསུམ་པ། གཅེར་བུ་སྐྲ་གྱེན་དུ་བརྫེས་པ་ མཆེ་བ་ཅུང་ཟད་གཙིགས་པ། ཕྱག་གཡས་ན་གྲི་ཁུག །གཡོན་ཐོད་པ་དང་ཁ་ཊཱཾ་ག་མཆན་ཁུང་ན་བཅུག་པ། ཞབས་གཡས་བསྐུམ་པ་གཡོན་བརྐྱང་བ། འཁོར་མཁའ་འགྲོ་མ་བཞིས་བསྐོར་བ། དེ་ཡང་མདུན་དུ་ཧ་འཁའ་འགྲོ་མ་ནག་མོ། གཡོན་དུ་ལ་མ་ལྗང་ཁུ། རྒྱབ་དུ་དུམ་སྐྱེས་མ་དམར་མོ། གཡས་གཟུགས་ཅན་

(༢༣༢)མ་སེར་མོ། །དེ་རྣམས་གཡས་གྲི་ཁུག །གཡོན་ཐོད་པ་བསྣམས་པ། ཨོཾ་ཊཱ་ཀི་ནཱི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ལ་མ་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོ་ཁཎྜ་རོ་ཧི་ནི་ཧཱུཾ་ཧཱུཾ་ཕཊ། །སྤྱན་གསུམ་པ་གཅེར་བུ་གཡོན་བརྐྱང་པའོ། །དེ་ནས་བསྙེན་པ་གྲུབ་ཚད་ཅིག་བསྐྱལ་ལ། དེ་ནས་མེ་ལོང་ལ་དྲི་འམ་ཆང་གིས་རླན་བཏབ་ལ། སིནྡྷུ་རི་ཙགས་ལ་གསེར་གྱི་སྙུ་གུས་ཆོས་འབྱུང་ཨོཾ་རུ་པཱི་ནི་ཧཱུཾ་ཧཱུཾ་ཕཊ། གྲུ་གསུམ་གཉིས་རྩེགས་བྲིས་པའི་ནང་དུ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནི་ཡེ། བཛྲ་ཝརྞ་ནི་ཡེ། བཛྲ་བཻ་རོ་ཙ་ནི་ཡེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་དགོད། ལོགས་རྣམས་སུ་གཡུང་དྲུང་རིས་རེ་རེ་དགོད། དེ་ནས་མཎྜལ་བྱས་ཏེ། བཙག་དམར་པོས་གྲུབ་གསུམ་གཉིས་རྩེགས་བྲི། ལོགས་རྣམས་སུ་གཡུང་དྲུང་རིས་རེ་རེ་དགོད། དེའི་དབུས་སུ་མ་ཛི་ལ་དར་དམར་པོའི་སྟེང་དུ་མེ་ལོང་གཞགམཆོད་རྫས་ཡང་མར་མེ་བདུན། ལྷ་བཤོས་བདུན། ཟན་ཏོག་བདུན། ཤ་ལྷུ་བདུན། མེ་ཏོག་ཕུང་པོ་

(༢༣༣)བདུན། དེའི་མཐའ་མ་མཆོད་པ་རྣམ་པ་ལྔས་བསྐོར། ཁྱད་པར་མེ་ཏོག་དམར་པོ་ལ་སོགས་པའི་རིགས་མང་པོ་དང་། ཨ་ཀ་རུ་དང་དུ་རུ་ཀ་ལ་སོགས་པའི་དྲི་མང་པོ་དང་། ཚོགས་ཀྱིས་མཆོད་པ་ནི་ཤའི་རིགས་མང་པོ་དང་། ཤིན་ཏུ་ཞིམ་པའི་ཆང་མང་པོ་དང་། འབྲས་ཆན་དང་ཁུར་བ་ལ་སོགས་པའི་ཟས་སྣ་མང་པོ་བསགས་ལ། དེ་ནས་ཐོད་པ་མཚན་དང་ལྡན་པར་ཆང་བླུག་ལ། དེའི་ནང་དུ་བདུད་རྩི་བླུག་ལ་བཞག་དེ་ནས་ཡང་སྐད་ཅིག་མས་ལྷར་བསྐྱེད་ལ། སྔགས་བརྒྱ་རྩ་བརྒྱད་ལ་སོགས་པ་གྲུབ་ཚད་བསྐྱལ། དེ་ནས་མེ་ལོང་གི་ཡིག་འབྲུ་ལ་སྐད་ཅིག་མས་རྣལ་འབྱོར་མ་བསྐྱེད། གཡུང་དྲུང་རིས་བཞི་ལ་མཁའ་འགྲོ་མ་བཞི་བསྐྱེད། རང་དང་རྡོ་རྗེ་རྣལ་འབྱོར་མ་གཉིས་ཀྱི་ཐུགས་ཀ་ནས་འོད་ཟེར་སྤྲོས་ཏེ། ཨུ་རྒྱན་ནས་རྣལ་འབྱོར་མ་འཁོར་བཅས་སྤྱན་དྲངས། མེ་ལོང་གི་ལྷ་ལ་སྡིམ་ལ་གཉིས་སུ་མེད་པར་བསམས་ཏེ། དེ་བརྟན་པར་བྱ་བའི་ཕྱིར་མེ་ལོང་རང་བསྒོམས་པ་དང་འདྲ། མདུན་ནས་གཡོན་བསྐོར་དུ། ལ་དམིགས་ལ་སྔགས་ཉི་ཤུ་རྩ་ཅིག་བཟླས། དེ་ནས་ལག་པ་གཡོན་པའི་འཐེབ་སྲིན་གྱིས་ཐོད་པའི་ཆང་ལ་གྲུ་གསུམ་གཉིས་རྩེགས་བྲི་བའི་ཚུལ་དུ་བྱ། དབུས་སུ་ཧྲཱིལས་ཕག་མོ་སེར་མོ་བསྐྱེད། དེ་ནས་ཐོད་པའི་ཆང་གིས་ལག་པའི་ཨོཾ་བཾ་ལས་ཕག་མོ་དམར་མོ། ཧཾ་ཡོམ་ལས་གཤིན་རྗེ་མ་སྔོན་མོ། ཧྲི༚་ཧྲི༚་ལས་བསྐྱེད་བྱེད་མ་སེར་མོ། ཧཱུཾ་ཧཱུཾ་ལས་སྲེག་བྱེད་མ་ལྗང་

(༢༣༤)ཁུ། ཕཊ་ཕཊ་ལས་ཙཎྜི་ཀ་སྔོ་སྐྱ་བསྐྱེད་ལ་མཆོད། ལྷ་མཆོད་དེ་ཞུ་བས་ཆང་དང་གཉིས་སུ་མེད་པར་བསམས་ཏེ། ལག་པ་ཐོད་ཆང་ཁར་ཁ་སྦུབ་སྟེ། དེས་ཕག་མོ་སེར་མོའི་སྤྱི་བོར་ཕུག་ལ་ཕག་མོ་ཞུ་སྟེ། ཆང་དང་རོ་གཅིག་ཏུ་སོང་བདུད་རྩིར་བར་བསམས་ཏེ། ཟླུམ་བསྐོར་བདེ་བའི་བརྡའ། གྲུ་གསུམ་སྟོང་པ་ཉིད་ཀྱི་བརྡའ། ཆང་དེས་རྫས་དང་ཚོགས་ལ་གཏོར་བས་ཚོགས་བྱིན་གྱིས་བརླབ་པ་ལ་སོགས་པ་གཞན་བྱ་མི་དགོས། །འདོད་ཡོན་ལྔ་ཟག་མེད་ཀྱི་བདུད་རྩིར་སོང་བར་བསམས་ཏེ། ཐམས་ཅད་རྣལ་འབྱོར་མའི་རང་བཞིན་དུ་སོང་བར་བསམ། དེ་ནས་ཉེ་བའི་སྙིང་པོ། ཨོཾ་ཧྲཱི་ཧྲཾ་བཛྲ་པུཥྤེ་ཨཱཧཱུཾ་སྭཱ་ཧཱ། ལ་སོགས་པས་མཆོད་པ་རྣམས་དབུལ་ལོ། །དེ་ནས་བསྟོད་པ་ནི། ཧཱུཾ་དག་པ་ཆེན་པོའི་གཞལ་ཡས་ནས། རྡོ་རྗེ་མཁའ་འགྲོ་གཤེགས་སུ་གསོལ། །མི་འགྱུར་གནས་པའི་གཞལ་ཡས་ནས། །སངས་རྒྱས་མཁའ་འགྲོ་གཤེགས་སུ་གསོལ། །གཏེར་འབྱུང་ཡིད་བཞིན་གཞལ་ཡས་ནས། །རིན་ཆེན་མཁའ་འགྲོ་གཤེགས་སུ་གསོལ། ཤེས་རབ་བཙུན་མོའི་བྷ་ག་ནས། །པདྨམཁའ་འགྲོ་གཤེགས་སུ་གསོལ། །དུ་ཁྲོད་ཆེན་པོའི་གནས་བརྒྱད་ནས། ལས་ཀྱི་མཁའ་འགྲོ་གཤེགས་སུ་གསོལ། །འཇིག་རྟེན་སྣ་ཚོགས་གཞལ་ཡས་ནས། སྣ་ཚོགས་མཁའ་འགྲོ་གཤེགས་སུ་གསོལ། །ནུབ་ཕྱོགས་ཨུ་རྒྱན་གཞལ་ཡས་ནས། །རྡོ་རྗེ་ཕག་མོ་གཤེགས་སུ་གསོལ། །རྡོ་རྗེ་ཕག་མོ་བདེ་

(༢༣༥)གཤེགས་ཡུམ་ནས་དོན་དེ་དི་རིང་གྲུབ་པར་མཛོད་ཀྱི་བར་བསྟོན་དོ།། །།དེ་ནས་གསོལ་བ་གདབ་བ་ནི་སིདྡྷི་ར་ལ་འཐོར་ཕྱག་འཚལ་དུ་བཅུག །བླ་མ་རྡོ་རྗེ་འཛིན་པ་ལ་སོགས་པ་བླ་མ་རྣམས་དང་། རྡོ་རྗེ་རྣ་འབྱོར་མ་རྣམས་དང་། དཔའ་བོ་དཔའ་མོ་དང་། མཁའ་འགྲོ་མ་རྣམས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། བདག་མིང་འདི་ཅེས་བགྱི་བ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་མིང་འདི་ཅེས་བགྱི་བ་ལ། དེ་བཞིན་ཉིད་ཀྱི་ཡེ་ཤེས་ནམ་མཁའ་ལྟ་བུས་གང་བར་མཛད་དུ་གསོལ། །སྨིན་པར་མཛད་དུ་གསོལ། །ཡོངས་སུ་སྨིན་པར་མཛད་དུ་གསོལ། ཤིན་ཏུ་སྨིན་པར་མཛད་དུ་གསོལ་བདུད་རྩི་ནོར་བུ་ཅེས་ལན་གསུམ་བརྗོད་དོ། །དེ་ནས་བླ་མ་ལ་ཕྱག་བྱས་ལ་མདུན་དུ་བཞག་ལ་བསྒོམ་དུ་བཞུགས་པ་འམ། །ཡང་ན་བྱིན་བརླབས་བྱ་སྟེ་བདུད་རྩི་ལྔས་བྱུགས་པའི་མཎྜལི་སྟེང་དུ་བཞག་ལ་རྐང་པ་གཉིས་བཤིབས་ལག་པ་གཉིས་རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་ཀྱང་། ལྟག་པ་བགྱེད་བྱས་ལ། འོག་རླུང་དྲངས་སྟེང་རླུང་མནན་ལ། རྣལ་འབྱོར་མ་དག་བླ་མ་ཐ་མི་དད་བར་སྤྱི་བོར་བསྒོམ་དུ་བཅུག་ལ། དཔྲལ་བའི་ལྟེ་བ་གང་བླ་མ་ལ་མཎྜལ་གླིང་བཞི་རི་རབ་དང་བཅས་པ་དབུལ་དུ་བཞུག །བླ་མ་དང་བུདྡྷ་ཐ་དད་མེད་པ་ལྟར་བཞུག །བླ་ན་མེད་པའི་

(༢༣༦)ཐེག་པ་ལ་དད་པ་བསྐྱེད། བར་དུ་མེ་ཏོག་ཐོགས། །རུང་དུ་མེ་ལོང་ཆོས་འབྱུང་བསམས་ལ། ཤེས་པ་གཏད་དུ་བཅུག །སྔགས་དང་སྒྲ་དང་ཏིང་ངེ་འཛིན་གྱིས་འབེབས་པར་བྱའོ། །དེས་མ་ཕེབས་ན་འགྱེད་དུ་བཅུག་ལ་དེ་ལྟར་བྱའོ། །ཐུགས་བབས་ན་སྤྲོས་བྲལ། གསུང་བབས་ན་ས་སྐྲྀ་ཏའི་སྐད་ལ་སོགས་པ་ཆོས་སྨྲ། སྐུ་བབས་ན་ལུས་འདར་བ་དང་། འཕར་བ་གར་བྱེད་པ་འབྱུང་ངོ་། །དེ་རྣམས་ནི་ཐུན་མོང་དུ་འགྲོ། དམིགས་པ་གཏོད་དུ་བཅུག་པ་རང་གི་ལྟེ་བའི་སྔགས་སློབ་མའི་ལྟེ་བར་བཅུག་སྟེ། ལྟེ་བ་དང་སྤྲལ་པ་གཉིས་ཀ་ནས་འོད་ཟེར་བྱུང་བར་བསམ། རང་རྡོ་རྗེ་རྣལ་འབྱོར་མའི་སྙིང་ཁ་ནས་འོད་ཟེར་སྤྲོས་པས་སློབ་མའི་སྙིང་ཁར་འབུགས་པར་བསམ། དེ་ནས་མེ་ལོང་གི་ལྷ་ལ་མེ་ཏོག་འཐོར་ཕྱག་བྱས་ལ། ཡང་རང་ལ་ཕྱག་འཚལ་དུ་བཅུག་པ་སྟེ། །མདུན་དུ་བཞག་ལ་མདའ་གཞུ་བསྟན། དེ་ནས་ཕག་མགོ་བསྟན། དེ་ནས་ཐོད་པ་བསྟན། དེ་ནས་རྡོ་རྗེ་རྒྱ་གྲམ་བསྟན། འོ་ཁྱོད་ལ་དང་པོ་མདའ་གཞུ་བསྟན་པ་ཐབས་ཤེས་རབ་ཡ་མ་བྲལ་བའི་བརྡའ་ཡིན། ལྷ་ཡབ་ཡུམ། དཀྱིལ་འཁོར་འདིར་ཞུགས་པས་བུམ་པའི་དབང་གི་དོད་ཡིན། །ཞལ་སྦྱོར་དུ་བསྒོམ་པར་དབང་བའི་བརྡའ་ཡིན། དེ་ནས་ཕག་མགོ་བསྟན་པ་དེ། རྟོག་མེད་ཀྱི་ཡེ་ཤེས་བསྒོམས་

(༢༣༧)ཅིག་པའི་བརྡའ་ཡིན། དེ་ནས་རྡོ་རྗེ་རྒྱ་གྲམ་བསྟན་པ་དེ་ཕྲིས་རྣམ་པ་བཞི་ལ་དབང་བའི་བརྡའ་ཡིན་པས། དེས་བུམ་པའི་དབང་ངོ་སྤྲད་པའོ།། །།དེ་ནས་ལྕེ་ཐོག་ཏུ་འོ་མ་ལ་སོགས་པ་མངར་བཞག་ལ། དེ་མིང་ལ་སྤྱི་གཙུག་ནས་རྐང་མཐིལ་ཡན་ཆད་དུ། བདེ་བ་ཕྲིལ་ཕྲིལ་བ་བསྒོམས་ཅིག་བྱས་ལ་ཨེན་ཅིག་བསྡད། །དེ་ནས་བདེ་བ་ལ་བརྟེན་པའི་མི་རྟོག་པ་སྒོམ་དུ་བཅུག་ལ། དེ་གསང་དབང་གི་དོད་ཡིན་པས་དེས་བདུད་རྩི་རིལ་བུ་ཆང་དང་སྦྱར་བ་སྲན་མ་ཙམ། དང་པོ་མགྲིན་པ་དང་། དེ་ནས་ལྟེ་བ་དང་། སྤྱི་བོ། དེ་ནས་ལུས་ཐམས་ཅད་བདེ་བས་གང་བར་སྒོམ། རྩ་རླུང་སྒོམ་པ་ལ་དབང་། དེ་ནས་བདེ་བ་ལ་བརྟེན་ནས་མི་རྟོག་པ་སྒོམ་དུ་བཅུག་པ་དེ་ཤེས་རབ་ཡེ་ཤེས་ཀྱི་དོད་ཡིན། དེས་རྟོག་མེད་ཀྱི་ཡེ་ཤེས་སྒོམ་པ་ལ་དབང་། དེ་ནས་ལག་མཐིལ་བསྟན་ལ་ཅི་བདུག་བྱ། དེ་ནས་རྡོ་རྗེ་ཅིག་བཞག་ལ་ཅི་འདུག་བྱ། འོ་ཁྱོད་ལ་ལག་པ་སྟོང་པ་བསྟན་པ་དེ། ཆོས་ཐམས་ཅད་སྐྱེ་བ་མེད་པའི་བརྡའ་ཡིན། ཡེ་ཤེས་བརྡས་མཚོན་པ། དེ་ནས་ལག་མཐིལ་བསྟན་ཐམས་ཅད་ཀྱང་བློ་བུར་བའི་བརྡའ་ཡིན། དེ་ནས་སེ་གོལ་གསུམ་རྟོག་པ་དེ། ཆོས་ཐམས་ ཅི་ཡང་མ་མཐོང་བ་དེ་ཆོས་ཐམས་ཅད་མ་སྐྱེས་པའི་བརྡའ། ངོ་བོ་ཉིད་ཀྱི་བརྡའ། ཅད་དུ་མ་རོ་གཅིག་པའི་བརྡའ་ཡིན། དེ་རྣམས་དབང་བཞི་བའི་དོད་

(༢༣༨)ཡིན། ཕྱག་རྒྱ་ཆེན་པོ་བརྡའི་སྒོ་ནས་ངོ་སྤྲད་པ་བྱ་བ་ཡིན། དེ་ནས་སེམས་ངོ་སྤྲོད་པ་ཡིན། ཕྱག་རྒྱ་ཆེན་པོའི་གནས་མཆོག་ན། །བྱང་ཆུབ་སེམས་དཔའ་སྤྱོད་པའི་བློ་གྲོས་བཞུགས། བྱ་བ་ཐངས་གསུམ་སྐྱར་ལ་ཕྱག་རྒྱ་ཆེན་པོ་བསམ་དུ་མེད་པའི་བརྡའོ། །དེ་ནས་སིདྡྷུརའི་ཡེ་ཤེས་སེམས་དཔའ་གཤེགས། དམ་ཚིག་སེམས་དཔའ་རང་དང་སློབ་མའི་སྙིང་ཁར་བསྡུའོ། །ཚོགས་བཟའ། ཤ་ཅིག་དང་། ཟན་ཅིག་ནང་པར་བུ་མོ་འདོད་པའི་མདས་མ་ཕོག་པ་ཅིག་ལ་བྱིན། ཐོད་པའི་ཆང་ལ་དང་པོ་ཟླུམ། དེ་ནས་རང་ཐམས་ཅད་ཕག་མོར་གནས་པ་ལ་ཚོགས་བསོག་ལ་ལོར། དེ་ནས་ད་ལའི་ལྷ་ལ་ཟས་ཕུད་གཏོར་དེ་ཐིམ་པར་བསམ། ཆོས་སྐྱོང་ལ་གཏོར་མ་འཕུལ། བསྐོར་ཅིག་བྱས་པ་ནི་བདེ་བའི་བརྡའ། གྲུ་གསུམ་དེ་སྟོང་བའི་བརྡའ། དབུས་ཀྱི་ཐིག་ལེ་རང་རིག་པའི་བརྡའ། དེའི་སྟེང་དུ་རོ་རྡོ་རྗེ་མ་བསྐྱེད། བླ་མ་སངས་རྒྱས་ཐ་དད་མེད་པར་སྒོམ་དུ་བཞུག་བླ་ན་མེད་པའི་ཐེག་པ་ལ་དད་པ་བསྐྱེད་ནས། འགྲུབ་པ་ནི་བྱིན་གྱིས་བརླབས་ནས་ཤེས་པར་བྱ་སྟེ། རྣལ་འབྱོར་བའི་བྱིན་བརླབས་བླ་མ་རིན་པོ་ཆེའི་ཐུགས་ནས་ཕྱུང་པ་རྫོགས་སོ།། །།༅། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །དང་པོ་བྱང་ཆུབ་ཀྱི་སེམས་སྔོན་དུ་སོང་བས། སྐད་ཅིག་གིས་རང་ཉིད་ལྷ་མོར་བསྒོམ་པའི་སྙིང་ཁར་པམ་ལས་པདྨའི་སྟེང་དུ་ཧྲཱི་བསམ། དེ་ལས་འོད་ཟེར་འཕྲོས་པས།

(༢༣༩)ཇོ་མོ་འཁོར་བཅས་མདུན་གྱི་ནམ་མཁར་སྤྱན་དྲངས་ལ། ཇོ་མོ་དང་བླ་མ་ཐ་མི་དད་དུ་བསམ་ལ་ཡན་ལག་བདུན་པ་བྱའོ། །དེ་ནས་ལྷ་གཤེགས་སུ་གསོལ། །བཛྲ་མུཞེས་ཡིད་ཀྱིས་བྱའོ། སྭ་བྷཱ་ཝས་སྟོང་པར་བསམ། སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས་རྣལ་འབྱོར་མར་བསྐྱེད་ལ། ལྟེ་བར་གྲུ་གསུམ་མེའི་དཀྱིལ་འཁོར། དེའི་དབུས་སུ་པདྨ་འདབ་བརྒྱད་ཀྱི་དབུས་ཧྲཱི དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ལ་ཕོག་པས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ཏེ། ཐམས་ཅད་ཕག་མོར་གྱུར་ནས། ཚུར་འདུས་ཧྲཱིལ་ཐིམ་ཡོངས་སུ་གྱུར་པ་ལས་ཕག་མོའོ། །རྡོ་རྗེ་ཕག་མོ་ལ་གཏོར་མ་འབུལ་བར་འདོད་པས། ཐོད་པ་དུམ་བུ་གཅིག་པ་ལ་སོགས་པར། ཤ་ཆང་བདུད་རྩི་ལ་སོགས་པའི་གཏོར་མ་དང་། མཆོད་པ་བཤམས། དེ་ནས་རང་ལྷར་བསམས་ནས། སྭ་བྷཱ་ཝའི་སྔགས་ཀྱི་སྟོང་པར་བྱས་པའི་གཏོར་མའི་འོག་ཏུ་ཡམ་ལས་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ལྟ་བུ་བ་དན་དང་ལྡན་པ། དེའི་སྟེང་དུ་རམ་ལས་མེའི་དཀྱིལ་འཁོར་ཟུར་གསུམ་པ་མེ་འོད་དང་ལྡན་པ། དེའི་སྟེང་དུ་ཀཾ་ལས་ཐོད་པའི་སྒྱེད་པ་གསུམ། དེའི་སྟེང་དུ་ཨཱལས་ཐོད་པ་རྒྱ་ཆེ་བའི་ནང་དུ་རྫས་རྣམས་སྒོམ། དེའི་དབུས་སུ་མུ་ལས་དྲི་ཆུ། བཻཌཱུརྱ་ལྟ་བུ་དང་། ཤར་དུ་བི་ལས་དྲི་ཆེན་ཤེལ་ལྟ་བུ།

(༢༤༠)ལྷོར་རལས་རཀྟ་གསེར་གཙོ་མ་ལྟ་བུ། ནུབ་ཏུ་ཤུ་ལས་བྱང་སེམས་དཀར་དམར་བྱི་རུ་ལྟ་བུ། བྱང་དུ་མ་ལས་གླད་པ་ཨནྟྲི་ནཱི་ལ་ལྟ་བུ་སྟེ་བདུད་རྩི་ལྔ་དང་། དེ་རྣམས་ཀྱི་སྟེང་གི་དབུས་སུ་ན་ལས་མི་ཡི་ཤ །ཤར་ལྷོར་གོ་ལས་རྟའི་ཤ །ལྷོ་ནུབ་ཏུ་ཀུ་ལས་ཁྱིའི་ཤ །ནུབ་བྱང་དུ་དྷ་ལས་བ་ལང་གི་ཤ །བྱང་ཤར་དུ་ཧ་ལས་གླང་པོ་ཆེའི་ཤ་རྣམས་བསམ། །དེ་ནས་རང་གི་སྣ་བུག་ནས་རླུང་བྱུང་བས་བ་དན་སྐྱོད། རླུང་གིས་མེ་སྦར། ཐོད་པ་དྲོས། རྫས་རྣམས་ཁོལ། སྔགས་རྣམས་ཞུ། མི་གཙང་བ་རྣམས་ཕྱིར་ལུད་དེ། དམར་སེར་སྦྲང་རྩི་ལྟ་བུའི་བདུད་རྩིར་གྱུར་པར་བསམ། དེའི་སྟེང་དུ་ཨོཾ། དེའི་སྟེང་དུ་ཧཱུཾ་བསམ་ཞིང་བརྗོད་པས། ཨོཾ་གྱི་མང་པོ་དང་། ཨཱཞེས་པས་ཟག་མེད་ཀྱི་བདུད་རྩི་དང་། ཧཱུཾ་གིས་རྡོ་རྗེའི་ལྟེ་བ་ཧཱུཾ་གིས་མཚན་པའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་བདུད་རྩི་བཀུག །རྡོ་རྗེའི་བུ་ག་ན་མར་བབས་པར་བསམ། དེ་ནས་རྡོ་རྗེས་དཀྲུགས་པས་འདྲེས་པར་བསམ། ཨོཾ་ཨེ་ཨ་རོ་ལི་ཧོ ཛ་ཧཱུཾ་བཾ་ཧོ བཛྲ་ཌཱ་ཀི་ནི་ཡེ་ས་མཱ་ཡ་ཊཱཾ་ཏྲི་ཤ་ཧོ ཞེས་ལས་གསུམ་བརྗོད་པས། ས་འོག་ས་སྟེང་ས་བླ་ན་གནས་པའི་འགྲོན་རྣམས་མདུན་དུ་བྱོན་བར་བསམ། དེ་ནས་རང་གི་སྙིང་ཁའི་པད་སྟེང་ཀྱི་ཧྲཱིལས་འོད་ཟེར་འཕྲོས་པས། དེ་དག་ལ་ཕོག་པས།

(༢༤༡)རྡོ་རྗེ་ཕག་མོ་ལྷ་ལྔའི་དཀྱིལ་འཁོར་དུ་ཁྲོད་དང་བཅས་པ་དུས་གཅིག་ལ་བསམ་མོ། །དེ་ནས་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་སྟེ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་བ་རྣ་ནཱི་ཡེ། ཨི་དམ་བ་ལིངྟ་ཁ་ཁ། ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་བརྗོད་པས། ལྗགས་རྡོ་རྗེའི་སྦུ་གུ་ན་ཡར་གསོལ་བར་བསམ། འདོད་པའི་དོན་ལ་གསོལ་བ་བཏབ་པོ།། །།རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །རྟེན་གྱི་གང་ཟག་དད་པ་དང་ལྡན་པས། དུ་ཁྲོད་ལ་སོགས་པ་དབེན་པའི་གནས་སུ་རས་རིས་དང་། ལུགས་མ་ལ་སོགས་བཀྲམ་ནས། སྟན་བདེ་བ་ལ་འདུག་སྟེ་བྱང་ཆུབ་ཀྱི་སེམས་སྔོན་དུ་སོང་ནས། རང་ཉིད་སྐད་ཅིག་གིས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མར་ཝལ་གྱིས་བསྒོམ། དེའང་རྒྱན་ཆ་ལུགས་དང་ལྡན་པ་སྟེ། པདྨ་ཉི་མ་རོའི་སྟེང་ན་བཞུགས་པ། གཡོན་བརྐྱང་གཡས་བསྐུམ་པ། སྐྱིལ་དཀྲུང་ཕྱེད་པའི་གར་གྱིས་བཞུགས་པ། སྐུ་མདོག་དམར་པའི་འོད་ཟེར་འབར་བ། གཅེར་བུ་སྤྱན་གསུམ་པ། སྐྲ་གྲོལ་བ། གཡས་གྲི་ཁུག་གཡོན་ཐོད་པ། ཁ་ཊྭཾ་ག་འཆན་ཁུང་གཡོན་ན་བསྣམས་པ། ཕྱག་རྒྱ་ལྔས་རབ་ཏུ་བརྒྱན་པ། མི་མགོ་རློན་པའི་དོ་ཤལ་བྱས་པ། སྙན་གོང་གཡས་ན་ཕག་ཞལ་དང་རབ་ཏུ་ལྡན་པ། དེ་ལྟ་བུའི་བརྒྱན་

(༢༤༢)ཆ་ལུགས་དང་ལྡན་པ་སྐད་ཅིག་བསྐྱེད་ལ། སྙིང་ཁར་པམ་ལས་པདྨ། རམ་ལས་ཉི་མའི་སྟེང་དུ་ཧྲཱི དེ་ལས་འོད་ཟེར་འཕྲོས་པས་ཕག་མོ་ལྷ་ལྔའི་དཀྱིལ་འཁོར་སྤྱན་དྲངས་ལ། ཡིད་ཀྱི་ཕྱག་དང་མཆོད་པ་སྡིག་པ་བཤགས་པ་ཡན་ཆད་བྱས་ལ། བཛྲ་མུ ཞེས་བརྗོད་པས། འོག་མིན་གྱི་གནས་སུ་གཤེགས་པར་བསམ་མོ། །དེ་ནས་ཚད་མེད་པ་བཞི་བསྒོམ་པ་ནི། བྱམས་པ། དགའ་བ། སྙིང་རྗེ། བཏང་སྙོམས་སོ། །དེ་ནས་སྭ་བྷཱ་ཝས་སྒྱུ་མ་ལྟ་བུར་བསམ། ཤུནྱཱ་ཏས་སྟོང་བར་བསམ། སྟོང་པའི་ངང་ལས་པམ་ལས་པདྨ། རམ་ལས་ཉི་མ་རོའི་གདན་སྟེང་སུ་ཧྲཱི དམར་པོ་ཅིག་བསམ། དེ་ཡོངས་སུ་གྱུར་པ་ལས། བདག་ཉིད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། རྒྱན་ཆ་ལུགས་དང་ལྡན་པར་ཝལ་གྱིས་བསམ། དེ་ཡང་ཤིན་ཏུ་ཆེ་བ་ལྟེ་བ་མན་ཆད་འདོད་ཁམས་སུ་འདུག །སྙིང་ཁ་མན་ཆད་གཟུགས་ཁམས་སུ་འདུག་པ། སྤྱི་བོ་མན་ཆད་གཟུགས་མེད་ཁམས་སུ་འདུག་པ། ཁམས་གསུམ་ལས་རྣམ་པར་རྒྱལ་མ་ཤིན་ཏུ་ཆེ་བ་ཅིག་བསམ། དེའི་ལྟེ་བར་གྲུ་གསུམ་མེའི་དཀྱིལ་འཁོར་ཅིག་བསམ། དེའི་སྟེང་དུ་པམ་ལས་པདྨ་རམ་ལས་ཉི་མ། རོའི་སྟེང་དུ་ཡི་གེ་ཧྲཱི དམར་པོ་ཅིག་བསམ། དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ལ་ཕོག་སྡིག་སྒྲིབ་སྦྱངས་ནས། ཇོ་མོ་རྣལ་འབྱོར་མར་བྱས། ཚུར་འདུས་ཧྲཱི

(༢༤༣)ལ་ཐིམ་པར་བསམ། ཧྲཱིདེ་སྐད་ཅིག་གིས་ཡོངས་སུ་གྱུར་པ་ལས། བདག་ཉིད་ཇོ་མོ་རྡོ་རྗེ་རྣལ་འབྱོར་མ། གཡས་གྲི་ཁུག །གཡོན་ཐོད་པ། ཁ་ཊྭཾ་ག་འཆན་ཁུང་གཡོན་དུ་བསྣམས་པ། ཕག་ཞལ་གཡས་སུ་བལྟ་བ། གཅེར་བུ་སྤྱན་གསུམ་པ། སྐལ་པ་འཇིག་དུས་ཀྱི་མེ་ལྟ་བུ། བརྒྱན་ཆ་ལུགས་དང་ལྡན་པར་སྐད་ཅིག་གིས་བསམ་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱ སྙིང་ཁར་ཧཱུཾ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་དཔའ་བོའི་གོ་ཆ་དགོད་པ་ནི། ལྟེ་བ་སྙིང་ཁ། མགྲིན་པ། དཔྲལ་བ། སྤྱི་བོ་དང་། ཡན་ལག་ཐམས་ཅད་ལ་རིམ་པ་བཞིན་དུ་ཤེས་པར་བྱའོ། །དེ་ནས་རང་གི་སྙིང་ཁར་པམ་ལས་པདྨ། རམ་ལས་ཉི་མའི་སྟེང་དུ་ཡི་གེ་ཧྲཱིིདམར་པོ་ཅིག་བསམ། དེ་ལས་འོད་ཟེར་འཕྲོས་ཏེ་འོག་མིན་ནས། རང་འདྲ་བའི་ཡེ་ཤེས་སེམས་དཔའ་དཔྱན་དྲངས་ཏེ། རང་དང་གཉིས་སུ་མེད་པར་ཡེ་གེ་བཞིས་བསྟིམ་མོ། །ཡང་སྙིང་ཁའི་ཧྲཱིལས་འོད་ཟེར་འཕྲོས་པས། འོག་མིན་གྱི་གནས་ནས་ཇོ་མོ་ལྷ་ལྔའི་དཀྱིལ་འཁོར་སྤྱན་དྲངས་ཏོ། མདུན་གྱི་ནམ་མཁར་བཞུགས་པ་ལ་ཡིད་ཀྱིས་ཕྱག་དང་མཆོད་པ་ནི། མཁའ་འགྲོ་མ། ཛཧཱུཾ་བཾ་ཧོ ལམ་དུ་མ་སྐྱེ་སམ། གཟུགས་ཅན་མ་བཞིས་ཐོད་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ཐོགས་ཏེ་མཆོད་པར་བསམ། མཁའ་འགྲོ་མ་

(༢༤༤)བཞི་གཙོ་མོ་ལ་ཐིམ་པས། གཙོ་མོ་བདེ་བའི་རང་བཞིན། །འཁོར་རྣམས་ཀྱང་བདེ་བའི་རང་བཞིན་ནོ། དེ་ནས་ཡང་མེ་ཏོག་མ། བདུག་སྤོས་མ། མར་མེ་མ། དྲི་ཆབ་མ། ཞལ་ཟས་མ་རྣམས་ཀྱིས་ཀྱང་མཆོད་པར་བསམ་མོ། །དེ་ནས་གསོལ་བ་ལན་མང་དུ་གདབ་པོ། །དེ་ནས་རྗེ་བཙུན་མའི་ཐུགས་ཁ་ནས། འདོད་པའི་ཡོན་ཏན་གྱི་ལྷ་མོ་ཕྱུང་སྟེ། ཕྱག་གཉིས་ཀྱིས་ཁྲུས་ཀྱི་བུམ་པ་དང་། མེ་ཏོག་སིལ་མ་ཐོགས་ནས། སྤྱི་བོའི་གཙུག་ཏུ་མེ་ཏོག་གཏོར་ཞིང་། ཁྲུས་ཀྱི་བུམ་པས་ཆུ་བླུག་ཏེ་དབང་བསྐུར་བར་བསམ་མོ། །ཆུ་ཞབས་གྱེན་ལ་འཁྱིལ་བས། རྒྱལ་བ་རིགས་ལྔས་དབུ་བརྒྱུན་པར་བསམ་མོ། །རྫོགས་པའི་རིམ་པ་ནི། ལྟེ་བའི་དཀྱིལ་དུ་གྲུ་གསུམ་ཉིས་བརྩེགས་གཡུང་དྲུང་རིས་དང་བཅས་པ། དབུས་སུ་སྔགས་ཚན་གསུམ་པོས་འཁོར་བ་བྲིས་ལ། དེ་འཁོར་བ་ལ་དུ་བ་ལ་སོགས་པའི་རྟགས་མ་བྱུང་གི་བར་དུ་བསྒོམ་པར་བྱའོ། ཨོཾ་ཨོཾ་ཨོཾ། སརྦ་བུདྡྷ་ཌཱ་ཀི་ནི་ཡེ། བཛྲ་ཝརྞ་ནི་ཡེ། བཛྲ་ཝ་བཻ་རོ་ཙ་ན་ན་ཡེ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ སྭཱ་ཧཱ། །ཅེས་རྟག་ཏུ་བཟླས་པར་བྱའོ། །དཔལ་རྣལ་འབྱོར་མའི་སྒྲུབ་ཐབས། བླ་མ་རིན་པོ་ཆེའི་ཞལ་ནས་གསུངས་པ། བདུད་རྩིའི་ཐིག་པ་འདི། བློ་དམན་རྣམས་ཀྱི་བརྗེད་བྱད་ཙམ་ཞིག་ཡི་གེར་བཀོད། རྗེ་བཙུན་མཁའ་འགྲོའི་ཚོགས་བཅས་བཟོད་པར་ དེ་ནས་ཕྱག་དང་མཆོད་པ་བྱས་ནས། བཛྲ་མུ ཞེས་བརྗོད་པས་འོག་མིན་གྱི་ཨོཾ་བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། ཇི་ལྟར་མཆོད་ཅིང་གསོལ་བ་ལྟར། བདག་ཀྱང་སྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་རྩོལ། །གནས་སུ་གཤེགས་པར་བསམ་མོ། །

(༢༤༥)གསོལ། །སྣང་སེམས་ཞེན་མེད་ཀྱི་ལྷ་སྐུ་ལ། སྒྱུ་མའི་ཡིད་དང་མི་འབྲལ་འཚལ། །སྐུ་གསུམ་ངོ་སྤྲོད་ཀྱི་རྗེ་བརྩུན་ལ། དད་གུས་ཀྱི་ཡིད་དང་མི་འབྲལ་འཚལ། །རང་བཞིན་སྐྱེ་མེད་འོད་གསལ་ལ། །གཅེར་མཐོང་གིས་ཡིད་དང་མི་འབྲལ་འཚལ། །སྤྱོད་པ་རང་འབྱུང་འགག་མེད་ལ། ཆོས་ཉིད་ཀྱི་ཉམས་དང་མི་འབྲལ་འཚལ། །འདིའི་ཡིག་སྣ། རྗེ་དྭགས་པོ་བསྒོམ་ཚུལ་གྱིས་མཛད་པ་ལགས།། །། ༈ །། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་རྣམས་ལ་ཕྱག་འཚལ་ལོ། །ཐུན་འཚམས་སུ་རྡོ་རྗེ་ཕག་མོ་ལ་གཏོར་མ་གཏོང་བར་འདོད་པས་འདི་ལྟར་བྱའོ། །བདག་ཉིད་ལྷའི་ང་རྒྱལ་དང་ལྡན་པས་གཏོར་མ་བཤམས་ལ། སྭ་བྷཱ་ཝ་ཤུདྡྷོ་སརྦ་དྷརྨཱ་སྭབྷཱ་ཝ་ཤུདྡྷོ་྅་ཧཾ། ཞེས་བྱ་བས་གཏོར་མ་དེ་སྟོང་པར་བྱའོ། སྟོང་པའི་ངང་ལས་ཀམ་སྐྱའོ་གསུམ་བསམ། དེ་ཞུ་བ་ལས་མི་མགོའི་སྒྱེད་པོ་གསུམ་གྱི་ཚུལ་དུ་བསམ་པར་བྱའོ། །དེ་གསུམ་གྱི་སྟེང་དུ་ཨཱདཀར་པོ་ཅིག་བསམ། དེ་ཞུ་བ་ལས་ཐོད་པ་ནང་དམར་བ་ཕྱི་སྐྱ་བ་ཅིག་བསམ། དེའི་ནང་དུ་རང་གི་ས་བོན་ལས། བདུད་རྩི་ལྔ་དང་ཤ་ལྔ་བསྐྱེད་པར་བྱ་སྟེ། དེ་ཡང་ཤར་དུ་བི་ལས་དྲི་ཆེན། ལྷོར་ར་ལས་རཀྟ། ནུབ་ཏུ་ཤུ་ལས་བྱང་སེམས་དཀར་པོ། །བྱང་དུ་མ་ལས་སྣ་ཚོགས་ཤ །དབུས་སུ་མུ་ལས་དྲི་ཆུ་བསྐྱེད། །དེའི་རྗེས་ལ། ཤར་དུ་དྲི་ཆེན་གྱི་སྟེང་དུ། ཀུ་ལས་ཁྱིའི་ཤ

(༢༤༦)ལྷོར་རཀྟའི་སྟེང་དུ། དྷ་ལས་གླང་པོ་ཆེའི་ཤ །ནུབ་ཏུ་བྱང་སེམས་དཀར་པོའི་སྟེང་དུ། ཧ་ལས་བ་ལང་གི་ཤ །བྱང་དུ་སྣ་ཚོགས་པའི་སྟེང་དུ། གྷོ་ལས་རྟའི་ཤ །དབུས་སུ་དྲི་ཆུའི་སྟེང་དུ། ན་ལས་མིའི་ཤ་བསམ། རྫས་དེ་རྣམས་ཀྱི་སྟེང་དུ་བདུད་རྩིའི་ངོ་བོ་ཨོཾ་དཀར་པོ་ཅིག་བསམ། ཡང་དེའི་སྟེང་དུ་ཨཱདཀར་པོ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་དཀར་པོ་ཅིག་བསམ། འོག་ཏུ་ཡམ་ལས་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ལྟ་བུ་བ་དན་གྱི་མཚན་པ། དེའི་སྟེང་དུ་རམ་ལས་མེའི་དཀྱིལ་འཁོར་དབྱིབས་གྲུབ་གསུམ་པ་རམ་གྱིས་མཚན་པའོ། །རླུང་གིས་ཐོད་པའི་མེ་སྦར་ཏེ། ཐོད་པ་དྲོས་པ་དང་། རྫས་རྣམས་ཞུ་བའི་བརླངས་པ་ཨོཾ་ལ་ཕོག་པས། །འོད་ཟེར་ཁ་དོག་ལྔའི་རང་བཞིན་འཕྲོས་ཏེ། དེ་བཞིན་གཤེགས་པ་རྣམས་པའི་ཐུགས་ཀ་ནས། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས། དམ་ཚིག་གི་བདུད་རྩི་ལ་བསྟིམ་སྟེ། ཟླ་བ་དང་ཨོཾ་ཞུ་ནས། རྡོ་རྗེས་དམ་ཚིག་གི་བདུད་རྩི་དང་། ཡེ་ཤེས་ཀྱི་བདུད་རྩི་གཉིས་སུ་མེད་པར་དཀྲུགས་ཏེ། རྡོ་རྗེ་ཡང་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་ཞུ་བར་བྱས་ནས། ཨོཾ་ཨཱཧཱུཾ། ཞེས་ལན་གསུམ་བརྗོད་དེ། ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབ་པ་ནི། གཏོར་མ་སྦྱང་བའོ། །དེའི་རྗེས་ལ་ཕྲེང་གི་སྒྲ་བརྗོད་ཅིང་དྲ་བའི་ཕྱག་རྒྱ་བྱས་ལ་བསྐོར་བ་དང་། བསྐོར་མིན་གྱི་ཚུལ་དུ་ལན་དྲུག་བསྐོར་ལ།

(༢༤༧)ལག་པ་གཉིས་བཤིབས་ཏེ་ཁ་ཕྱེ་ལ། ཐོད་པའི་ཕྱག་རྒྱ་བཅས་པ་དེ་བདུད་རྩི་རྣམས་ཀྱི་གང་བར་བསམ་ལ། ཨོཾ་ཨེ་ཨ་ར་ལི་ཧོ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་ཏྲི་ཤ་ཧོ ཅེས་ལན་གསུམ་བརྗོད་ལ། ད་ནི་ཡེ་ཤེས་ཀྱིས་བདུད་རྩི་རྣམས་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་རྣམས་ལ་སྙན་བསན་དབབ་ཅིང་། གཏོར་མ་འབུལ་ལོ། །བསྔོ་བའི་སྔགས་ནི། ཨོཾ་ཁ་ཁ། ཁཱ་ཧི་ཁཱ་ཧཱི། སརྦ་ཡཀྵ་རཀྵ་ས། སརྦ་བྷུ་ཏ། པྲེ་ཏ། པི་ཤ་ཙ། ཨུ་མན་ཊ། ཨ་བ་སྨ་ར། ཌ་ཀ་ཌཱ་ཀི་ནི་དྷེ་ན། ཨི་དཾ་བ་ལིང་གྲྀ་ཧ་ནནྟུ། ས་མ་ཡཱ་རཀྵནྟུ། མ་མ་སརྦ་སིདྡྷི་མྨེ་པྲ་ཡ་ཙྪན་ཏུ། ཡ་ཐེ་བཾ། ཡ་ཐེ་ཁཾ། བྷུ་ཛ་ཐཱ། ཛི་ཁ་ཐཱ། མཱ་ཏི་ཀྲ་མ་ཐཱ། མ་མ་ས་རྦ་ཀ་ར་ཏ་ཡ། སད་སུ་ཁཾ་བི་ཤུདྡྷེ་ས་ཧ་ཡིཀྐ་བྷ་ཝནྟུ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ སྭ་ཧཱ།། ཞེས་པས་བསྔོས་ལ། དེའི་རྗེས་ལ་འབྱུང་པོ་དང་། ཆོས་སྐྱོང་ལ་འང་བསྔོ་བར་བྱའོ། །བླ་མ་རིན་པོ་ཆེའི་ཞལ་གྱི་གདམ་ངག་ཡི་གེར་བཀོད་པའོ། །དེའི་རྗེས་ལ་བདེན་སྟོབས་བརྗོད་དོ། །བདག་གིས་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་བྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམ་པ་དང་། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག། ཅེས་པ་དང་། མཆོད་སྤྱིན་གཏོར་མ་འདི་བཞེས་ལ། །བདག་ཅག་འཁོར་

(༢༤༨)དང་བཅས་པ་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་། །ཞི་དང་རྒྱས་ལ་སོགས་པའི། །ལས་ཀྱི་དངོས་གྲུབ་བདག་ལ་བརྩོལ། །དམ་ཚིག་ཅན་གྱི་བདག་ལ་བསྲུངས། །དངོས་གྲུབ་ཀུན་གྱི་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་སོགས་ཞི་བ་དང་། །བཀྲ་ཤིས་ཕུན་སུམ་ཚོགས་པར་མཛོད། །ཚེ་རིང་ཚོགས་བསྐྱེད་བསམ་པ་ཡི། །ཡིད་བཞིན་ནོར་བུ་ལྟ་བུ་མཛོད། །ཅེས་པ་ཡང་བརྗོད་དོ། །དོའི་རྗེས་ལ་ལྷ་བཅུ་གསུམ་ནས་གསུངས་པའི། རྫོགས་སངས་རྒྱས་དང་ལྷ་རྣམས་དང་། །དེ་རྣམས་སྲས་དང་བཅས་པ་ཡི། །འཇིག་རྟེན་སྐྱོང་རྣམས་ཆོ་ག་འདིས། །མ་ཚང་བ་དག་བཟོད་པར་གསོལ། །ཞི་དང་བཀྲ་ཤིས་བདེ་ལེགས་དང་། །ཞེས་པ་ལ་སོགས་པས་བཟོད་པར་གསོལ་ལ། །བཛྲ་མུ ཞེས་པས་གཤེགས་སུ་གསོལ། །བླ་མའི་ཞལ་གྱི་དེ་ཉིད་ནི། །གཏོར་མའི་དེ་ཉིད་བསྡུས་པ་ཡིན། །རྡོ་རྗེ་ཕག་མོའི་གཏོར་མའི་ཆོ་ག་རྫོགས་སོ།། །།སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །ཁམས་གསུམ་པ་ཡི་ངོ་བོ་ཉིད། །སྐལ་པ་མེ་ལྟར་འབར་བའི་འོད། །རྡོ་རྗེ་རྣལ་འབྱོར་མ་ལ་འདུད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མའི་འཁོར་ལོས་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །

(༢༤༩)འགྲོ་བ་སྐྱོབ་ལ་ཕྱག་འཚལ་འདུད། །བདེ་བའི་རང་བཞིན་མ་སྐྱེས་པ། །ཇི་བཞིན་དུ་ནི་རྟོགས་གྱུར་པ། །གཞན་དོན་མཐར་ཕྱིར་མཛད་པ་ཡི། །རྣལ་འབྱོར་མ་ལ་ཕྱག་འཚལ་བདུད། །གཡོན་པ་ཆགས་སོགས་ཁྲོ་མོའི་ཞལ། །གཡས་པ་རྟོག་མེད་ཕག་གདོང་ཞལ། །བདག་མེད་སྐྱེ་མེད་ཆོས་ཀྱི་དབྱིངས། །རྣལ་འབྱོར་མ་ལ་ཕྱག་འཚལ་འདུད། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོགས་པའི་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་འདུད། །བདེ་གཤེགས་སྐུ་ལ་གཉིས་མེད་འཁྲིལ། །ཟག་མེད་བདེ་བས་སྐུ་ཉམས་ལྟར། །ལྟེ་བའི་དབུས་ནས་འབྱུང་བཞི་འཕྲོ། །ཆོས་དང་ལོངས་སྤྱོད་རྫོགས་པར་ལྡན། །མཁའ་འགྲོ་མ་རྣམས་འདུད་མཛད་མ། །ཕག་མོ་དེ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་པ་ཡང་བྱའོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །།

(༢༥༠)

(༢༥༡)རྗེ་དྭགས་པོ་ལྷ་རྗེའི་གསུང་སྒྲོས། སྙན་བརྒྱུད་གསལ་བའི་མེ་ལོང་བཞུགས་སོ།། །།

(༢༥༢)བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གདམ་ངག་ཉམས་སུ་ལེན་པའི་དུས་ན་འདི་ལྟར་ཤེས་པར་བྱ་སྟེ། དང་པོ་ལུས་ཀྱི་གནས་ལུགས་ཤེས་པར་བྱ་བ་ནི། རྐང་པ་རི་དམིག་ལྟར་བསྣོལ། སྒལ་པ་ཆུ་ཤིང་ལྟར་བསྲང་། ལྟེ་བའི་འོག་ཏུ་ལག་པ་མཉམ་དུ་བཞག་ལ། ལུས་གནས་སུ་བཞག་པའོ། དེ་ནས་ལུས་ལ་རྩ་གསུམ་གནས་ཏེ། རྩ་གསུམ་འདུས་པའི་མདོར་མཉམ་བཞག་བཅས་ནས། ལྟེ་བའི་ཐད་དུ་རྩ་དབུ་མའི་ནང་དུ། ཨཱདམར་པོ་ཤད་ལྟུ་

(༢༥༣)བུ་ཅིག་བསམ་པར་བྱའོ། །དེ་ནས་བརྩོན་འགྲུས་དྲག་ཏུ་བྱས་ཏེ། དེ་ལྟར་བླ་མའི་མན་ངག་འདི། ཉམས་སུ་ཡང་དང་ཡང་བླངས་བས། །ལུས་ལ་བདེ་དྲོད་ཤུགས་ཀྱིས་འབྱུང་། །སེམས་ལ་འོད་གསལ་ངང་གིས་འཆར། །བླ་མ་ནཱ་རོ་པ་ཆེན་པོ་ཡི། །ཐབས་ལམ་ཁྱད་དུ་འཕགས་པ་འདི། །སྐལ་ལྡན་ལས་ཅན་མ་ཡིན་པ། །གཞན་ལ་བྱིན་ན་དམ་ཚིག་ཉམས།། །།ན་མོ་གུ་རུ། བསྐྱེད་པའི་རིམས་པས་འཕོ་བ་ནི་

(༢༥༤)འདི་ལྟར་བྱ་སྟེ། སྟེང་རླུང་མནན། སྒལ་པ་ལ་འོག་རླུང་དྲངས་ནས། ལྟེ་བའི་ཨཱསྙིང་གའི་ཧཱུཾ་ལ་བསྟིམ། ཧཱུཾ་གིས་བསྲུབས་འབྱེད་པ་བཞིན་དུ་འདུག་པར་བསམ། དེ་ཅི་ཙམ་འཕྲོད་པར་སྤྱང་། ཧཱུཾ་ཕབ་ལ་སྙིང་ཀར། ཨཱཕབ་ལ་ལྟེ་བར་བཞག །དེ་ནས་འཕོ་བའི་དུས་སུ་མདུན་གྱི་ནམ་མཁར་ལ་ཡི་དམ་གྱི་ལྷ་བསམས་ལ། ཀྵ་ཡུམ་བསམ་ལ། བུ་ག་ཧ་རེ་བྱས་ལ། གྲུ་མོ་གཉིས་ཀྱི་རྩིབ་ལོགས་བག་ཅིག་མནན་ནས། སྟེང་རླུང་མནན། འོག་རླུང་དྲངས་ལ། ཨཱཧཱུཾ་ལ་བསྟིམ་ལ། ཨཱཧིག་མངས་དུ་བགྲངས་པས། ཧཱུཾ་བུ་ག་ན་ཡར་དྲངས་ཏེ། ཡི་དམ་ལྷ་ལ་བསྟིམ། གཏུམ་མོ་དང་། འཕོ་བའི་མན་ངག །བླ་མ་རིན་པོ་ཆེའི་ཐུགས་དམ། །བླ་མ་དམ་པའི་ཞབས་ལ་འདུད། །མི་ལུས་འདོམ་གང་པོ་འདི་ལ། །ལྟེ་བ་སྤྲུལ་པའི་འཁོར་ལོ་ན། །སྐྱེ་མེད་མཚོན་པའི་ཡི་གེ་ཨཱགནས། ཨཱལས་སྐྱེ་མེད་མཚོན་པའི་རྩ་ཨ་ཝ་དྷཱུ་ཏི་བྱུང་། དེ་ཡང་ཚངས་པའི་བུ་ག་ལ་ཟུག །མར་ལྟེ་བ་ནས་

(༢༥༥)སོར་བཞིའི་ས་ན་ཟུག །རྩ་གསུམ་གྱི་མཚན་ཉིད་ནི། རྐྱང་མ་གཡས་ཤེས་རབ་སྟེ། བཟུང་བ་དག་པ་ཡིན། རོ་མ་གཡོན་ཐབས་ཏེ། འཛིན་པ་དག་པ་ཡིན་གསུང་། ཀུན་དར་མ་ནི་བཟུང་འཛིན་གཉིས་ཀ་སྤངས་པ་ཡིན་གསུང་། གཏུམ་མོ་རྩོལ་སྒྲུབ་ལ་འོང་བར་ངེས། རྨི་ལམ་དང་བར་དོ་འདུན་པ་ལས་འོང་བར་ངེས། འཕོ་བ་དམིགས་པ་ལ་འོང་བར་ངེས། ལས་ཀྱི་ཕྱག་རྒྱ་དཔེའི་སྐྱེས་པ་ཡིན་པར་ངེས། ཞེས་པ་འདི། གདམས་ངག་གི་ཚིགས་སུ་ཆེ་གསུང་། ཡེ་ཤེས་སྐྱེ་བའི་དུས་ནི། ཕོ་མོ་སྙོམས་འཇུག་བྱེད་པ་ལས་སྐྱེ་བ། གཡས་གཡོན་འཕོ་འདུས་སུ་སྐྱེ་བ། ཤི་ནས་བར་དོའི་དུས་སུ་སྐྱེ་བ། ཞེ་སྡང་དྲག་པོའི་དུས་སུ་སྐྱེ་བ་སྟེ། འོད་གསལ་སྐྱེ་བའི་དུས་སུ་རྒྱུ་དྲུག་གསུང་ངོ་། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རྨི་ལམ་གྱི་མན་ངག་ལ་བཞི་སྟེ། རྨི་ལམ་བཟུང་བ་དང་རྨི་ལམ་སྒྱུ་མར་ཤེས་པར་བྱ་ལ། །རྨི་ལམ་ཡོངས་སུ་སྦྱང་བ་དང་། །རྨི་ལམ་གྱི་དེ་ཁོ་ན་

(༢༥༦)ཉིད་བསྒོམ་པའོ། དང་པོ་རྨི་ལམ་བཟུང་བ་ནི། གཉིད་ལོག་པའི་དུས་སུ་སྨིན་ཕྲག་ཏུ་ཐིག་ལེ་ཅིག་ལ་སེམས་གཏད་ལ་གཉིད་ལོག །དེ་ནས་སད་པའི་དུས་སུ། རྨི་ལམ་ལ་རྨི་ལམ་དུ་ཤེས་པར་བྱ་སྙམ་པས་གཉིད་ལོག་གོ། །རྨི་ལམ་ཟིན་དུ་འོང་བའི་དུས་སུ། རྨི་ལམ་མི་འཚམས་པ་སྣ་ཚོགས་འོང་ངོ་། །རྨི་ལམ་ཟིན་པ་ནི། རྨི་ལམ་གྱི་དུས་སུ། ཐམས་ཅད་རྨི་ལམ་དུ་ཤེས་པར་བྱའོ། རྨི་ལམ་མ་ཟིན་ཡང་། ད་རུང་ཞེན་བ་དང་བཅས་པ་སྟེ། གཡང་ལ་ལྷུང་བ་ལ་འཇིགས་པ་ལ་སོགས་པ་འབྱུང་། དེ་ནི་རྨི་ལམ་བཟུང་བའོ། །རྨི་ལམ་ཡེངས་སུ་སྦྱང་བ་ནི་ལུས་མེད་པས། སེམས་ཇི་ལྟར་ཡང་བཏུབ་པས། ལྷའི་ཡུལ་བལྟ་བ་དང་། རྡོ་རྗེ་གདན་བལྟ་བ་དང་། ཉི་ཟླ་ལག་པས་འཛིན་པ་དང་། གཡང་དང་། ཆུ་དང་། མེ་རྣམས་སུ་འཆོང་བ་དང་། རྒྱལ་ཁམས་གཞན་བལྟ་བ་དང་། ཐོགས་པ་མེད་པར་འཕྱོ་སྟེ། དེ་ནི་རྨི་ལམ་སྦྱང་བའོ། རྨི་ལམ་སྒྱུ་མར་ཤེས་པར་བྱ་བ་ནི།

(༢༥༧)རྨི་ལམ་གྱི་དུས་སུ་ཞེན་པ་དང་བཅས་པ་དེ་རྨི་ལམ་ཡིན་པ། དེ་ཡོད་པར་མ་གྲུབ་སྟེ། དངོས་མེད་ལ་འཇིགས་པ་ལ་སོགས་པ་ག་ལ་ཡོད། དེ་བས་ན་སྒྱུ་མ་ལ་སོགས་པ་ལ་ལུས་ག་ལ་ཡོད། ལུས་མེད་ན། འཇིགས་པ་ག་ལ་ཡོད། འཇིགས་པ་མེད་པས་སྒྱུ་མར་ཤེས་པའོ། རྨི་ལམ་གྱི་དེ་ཁོ་ན་ཉིད་བསྒོམ་པ་ནི། སྣང་སྟོང་ངམ། གསལ་སྟོང་ངམ། བདེ་སྟོང་གང་ཡིན་བསྒོམ་པར་བྱའོ། དེ་ལྟར་འོང་བ་ནི། ད་ལྟ་བསྒོམ་པ་བས། བདུན་འགྱུར་གྱིས་བསྒོམ་པ་བཟང་ངོ་། །དེ་ནི་རྨི་ལམ་གྱི་དེ་ཁོ་ན་ཉིད་བསྒོམ་པའོ། །དེ་ནས་འཆི་བའི་དུས་སུ་གང་བསྒོམ་ན། རྨི་ལམ་ན་བསྒོམ་པ་བཞིན་དུ། འཆི་བའི་དུས་སུ་ཡང་བསྒོམ། དེར་བར་དོ་འོད་གསལ་ལ་འཇུག་གོ། །དེ་ནས་ཕ་མ་ལ་ཆགས་སྡང་མི་སྐྱེ་བར་དེ་ཉིད་ཕྱག་རྒྱ་ཆེན་པོར་རྟོགས་ཏེ་འོང་། གལ་ཏེ་ལེན་འདོད་ན། བདེ་བ་ཅན་དུ་སེམས་ཀྱི་སྨོན་པ་དྲག་པོ་བཏང་ངོ་། རྨི་ལམ་གྱི་མན་ངག་རིན་པོ་ཆེའི་ཐུགས་

(༢༥༨)དམ། །དཔལ་བདེ་བའི་སྐུ་ལ་ཕྱག་འཚལ་ལོ། །གཉིས་སུ་མེད་པའི་ཡེ་ཤེས་བདེ་བ་ཆེན་པོའི་སྐུ་དང་། སེམས་ཅན་ཐམས་ཅད་ལ་རང་བཞིན་གྱིས་གནས་པ་དང་། མ་རྟོགས་པ་རྟོགས་པར་བྱེད་པའི་ཐབས་ལ་གསུམ་སྟེ། དངོས་པོའི་གནས་ལུགས་དང་། ལམ་གྱི་རིམ་པ་དང་། འབྲས་བུ་སྐྱེ་བའི་རིམ་པའོ། །དང་པོ་དངོས་པོའི་གནས་ལུགས་ལ་གཉིས། ལུས་དངོས་པོའི་གནས་ལུགས་དང་། སེམས་དངོས་པོའི་གནས་ལུགས་དང་། དེ་ལ་ལུས་དངོས་པོའི་གནས་ལུགས་མ་ཤེས་ན། རྩ་དང་། རླུང་དང་། བྱང་ཆུབ་ཀྱི་སེམས་ཀྱི་གནད་མི་ཤེས་པ་དང་། འོད་གསལ་དངོས་མི་ཟིན། འཕོ་བའི་གདམ་ངག་མི་ཐེབས་པའོ། །ལུས་ཀྱི་གནད་ནི་གདམ་ངག་སོ་སོའི་ཐད་དུ་ཤེས་པར་བྱའོ། སེམས་དངོས་པོའི་གནས་ལུགས་མ་ཤེས་ན། བསྒོམ་པ་གོལ་སར་འགྲོ་བའོ། དེ་བས་ན། ཤེས་དགོས་པས་ན། གསལ་བ། བདེ་བ། སྟོང་པའོ། གསལ་བ་ལ་གཉིས། རིག་པ་འོད་གསལ། རང་བཞིན་གྱིས་འོད་གསལ་བའོ། རིག་པ་འོད་

(༢༥༩)གསལ་ནི། སེམས་ཙམ་པའི་ཤེས་པ་རང་རིག་རང་གསལ་དོན་དམ་དུ་འདོད་པ་ལྟ་བུ་མ་ཡིན་ཏེ། བུམ་ནང་གི་མར་མེ་བཞིན། རང་བཞིན་གྱི་འོད་གསལ་བ་ཡིན་ཏེ་དེ་ཡང་གསལ་བྱེད་གཞན་ལ་མ་ལྟོས་པར་གསལ་བའོ། རང་བཞིན་གྱི་འོད་གསལ་བ་དེ་ཡང་བདེ་བ་སྟེ། །དེ་ཡང་ཐ་མལ་པའི་ཟག་པ་དང་བཅས་པའི་བདེ་བ་ལྟ་བུ་མ་ཡིན་ཏེ། བདེ་བ་ཆེན་པོའོ། ཉན་ཐོས་ལྟ་བུ་ཞི་བའི་བདེ་བ་མ་ཡིན་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདེ་བ་ཆེན་པོའོ། །དེ་ཉིད་སྟོང་པ་སྟེ། དེ་ཡང་སྔར་ནས་མེད་པའི་སྟོང་པ་འམ། ཞི་གནས་མེད་པའི་སྟོང་པ། གཏན་ནས་མེད་པའི་སྟོང་པ་ལྟ་བུ་མ་ཡིན་ཏེ། རང་བཞིན་ནམ། རང་གི་ངོ་བོས་སྟོང་པའོ། དེ་ནས། གསལ་བ། བདེ་བ། སྟོང་པ་གསུམ་མེ་དང་ཚ་བའི་རེག་བྱ་བཞིན་ཐ་མི་དད་པ་སྟེ། སྐུ་བཞི་རང་བཞིན་གྱིས་ལྷུན་གྱིས་གྲུབ་པའོ། ལམ་གྱི་དུས་སུ་རང་ལ་དེ་ལྟར་འཆར་ལ། འབྲས་བུའི་དུས་ཐ་སྙད་དམ། བརྗོད་པའི་མཐའ་འམ། སྒྲོ་འདོགས་ཐམས་ཅད་བྲལ་

(༢༦༠)བ་སྟེ། སེམས་ཅན་གྱི་དོན་དུ་སྐུ་གཉིས་ལྷུན་གྱིས་གྲུབ་པར་འབྱུང་བའོ། །ལམ་གྱི་རིམ་པ་ལ་གཉིས་ཏེ། སྨིན་བྱེད་གྱི་ལམ་དང་། གྲོལ་བྱེད་ཀྱི་ལམ་མོ །སྨིན་བྱེད་ཀྱི་ལམ་ལ་གཉིས་ཏེ། དབང་དང་དམ་ཚིག་གོ། །དབང་ལ་བཞི་སྟེ། བུམ་པའི་དབང་དྲུག་བསྐུར་བའི་གནས་ནི་ལུས། དྲི་མ་ནི་ལུས་ཀྱི་དྲི་མ་དག །ཉམས་མྱོང་ནི་ཆོས་ཐམས་ཅད་སེམས་སུ་རྟོགས་པ་འབྱུང་། གདམ་ངག་ནི། བསྐྱེད་པའི་རིམ་པ་སྒྱུ་མ་ལྟ་བུའི་གདམ་ངག་སྟོན། དགོས་པ་ནི། ཐ་མལ་པའི་ཞེན་པ་བཟློག་པའི་དགོས་པ་ཡོད། འབྲས་བུ་ནི། གཟུགས་སྐུ་གཉིས་ཐོབ་པའོ། གསང་བའི་དབང་བསྐུར་བའི་གནས་ནི་ངག་གི། དྲི་མ་ནི། ངག་གིས་དྲི་མ་དག །ཉམས་མྱོང་ནི། སེམས་རང་རིག་རང་གསལ་དུ་རྟོགས་པ་འབྱུང་། གདམ་ངག་ནི། རྩ་རླུང་གི་གདམ་ངག་བསྟན་དགོས་པ་ནི། བདེ་སྟོང་གཉིས་མེད་དུ་རྟོགས་པའི་དགོས་པ་ཡོད། འབྲས་བུ་ནི། ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་གནས་ནི་སེམས། དྲི་མ་ནི།

(༢༦༡)སེམས་ཀྱི་དྲི་མ་གསུམ་དག །ཉམས་མྱོང་ནི། བདེ་སྟོང་ངོས་བཟུང་མེད་པའི་རྟོགས་པ་འབྱུང་། གདམ་ངག་ནི། ཕྱག་རྒྱ་ཆེན་པོའི་གདམ་ངག་བསྟན། དགོས་པ་ནི། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའི་དགོས་པ་ཡོད། འབྲས་བུ་ནི། ཆོས་ཀྱི་སྐུ་ཐོབ་པའོ། །གོང་མའི་དོན་དེ་ཚིག་གིས་བཀྲོལ་ནས་སྟོན་པས་ཚིག་དབང་ངོ་། དོན་ཡེ་ཤེས་དང་དཔེ་རུ་འདོད་པ་ལས། དོན་གྱི་དཔེར་ན། རྒྱ་མཚོའི་ཆུ་ལ་ཁྱོར་གང་བླངས་པའི་དཔེ་འམ། སྤྲིན་པར་གྱི་ཉི་མ་ལྟ་བུའོ། །ཡེ་ཤེས་ཀྱི་གསང་རྡོར་ལ་སྦ་བར་བྱ་བ་ཡིན་གསུང་།། །།དམ་ཚིག་ལ་གཉིས་ལས། བསྲུང་བའི་དམ་ཚིག་དང་བཟའ་བའི་དམ་ཚིག་གོ། །བསྲུང་བའི་དམ་ཚིག་ནི། རྩ་བའི་ལྟུང་བ་བཅུ་བཞི་ཡན་ལག་དང་བཅས་པའོ། བཟའ་བའི་དམ་ཚིག་ནི། ཤ་ལྔ་དང་། བདུད་རྩི་ལྔའོ། གྲོལ་ལམ་ལ་གཉིས་བློ་འཆོས་པ་དང་། གཉུག་མའོ། །གཉུག་མ་ལ་གཉིས། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའོ། བསྐྱེད་རིམས་ལ་གཉིས། མང་ལྡན་དང་། ཉུང་ལྡན་

(༢༦༢)ནོ། མང་ལྡན་ལ་གཉིས། རིམས་ཀྱིས་པ་དང་། ཅིག་ཆར་བ་དང་། རིམས་ཀྱིས་པ་དང་། ཅིག་ཆར་བ་དང་། རིམས་ཀྱིས་པ་ལ་གཉིས། རྣམ་པ་ལ་བསླབ་པ་དང་། བསྐྱེད་པའི་རིམ་པ་སྒྱུ་མ་ལྟ་བུ་ལ་བསླབ་པའོ། དང་པོ་རྣམ་པ་ལ་བསླབ་པ་ནི། དང་པོར་བླ་མ་དཀོན་མཆོག་མཆོད་པ་སྟེ་ཞག་གསུམ་ཚོགས་བསགས། དེ་ནས་བྲིས་སྐུ་དང་། སྐར་ཁུང་ལ་སོགས་པ་བཞག་ལ། དང་པོར་བལྟ། དེ་ནས་བསྒོམ། མ་གསལ་ན་ལོག་གནོན་ཟླ་བ་ཕྱེད་དུ་བྱ། དེ་ནས་ཡོར་ཡོར་པོ། དེ་ནས་ཆ་ཤས། དེ་ནས་དུམ་བུའོ། །དེ་ནས་སྒྱུ་མ་ལྟ་བུ་ལ་བསླབ་པའོ། །རྫོགས་པའི་རིམ་པ་ལ་གཉིས། དང་པོ་གཞི་མཉམ་བཞག་དང་། རྗེས་ཐོབ་ལ་སྤྱོད་ལམ་དང་བསྲེ་བའོ། །ལམ་འཆོས་པ་ལ་གཉིས། བར་དོ་དང་འཆི་ཀ་མའོ། །བར་དོ་ལ་གཉིས། བསྲེ་བའི་མན་ངག་དང་། སྒྱུ་ལུས་ངོས་བཟུང་བའོ། །བསྲེ་བ་ལ། བར་དོ་རྣམ་པ་གསུམ་ལ། བཅུ་གཉིས་ཏེ། དང་པོ་སྐྱེ་ཤི་བར་དོ་ལ་གསུམ། མངོན་དུ་འོད་གསལ་བྱེད། དགོས་པ་ལམ་དང་རང་བཞིན་བསྲེ་བའི་དགོས་པ་ཡོད། འཚམས་གསུམ་པས་སྦྱོར།

(༢༦༣)རྨི་ལམ་བར་དོ་ལ་གསུམ། མངོན་དུ་རྨི་ལམ་བྱེད། འཚམས་འདུ་འཛི་ཤིན་ཏུ་ཉུང་བ་དང་། ཤེས་པ་ཚར་བཅད་པས་སྦྱོར། དགོས་པ་ཉིན་དང་མཚན་བསྲེ་བའི་དགོས་པ་ཡོད། སྲིད་པ་བར་དོ་ལ་གསུམ། མངོན་དུ་སྒྱུ་ལུས་བྱེད། དགོས་པ་བར་དོ་སངས་རྒྱས་པའི་དགོས་པ་ཡོད། །འཚམས་སྦྱོར་ནི། ལས་རྒྱ་ལ་ཞེ་སྡང་མིག་སེར་མི་བྱ་བ་དང་། ཆོས་ཐམས་ཅད་སྒྱུ་མར་མོས་པར་བྱ་བ་དང་། དངོས་པོ་གང་ལ་ཡང་ཞེན་ཆགས་མེད་པའོ། །དེ་ནས་སྐྱེ་ཤི་བར་དོ་རྨི་ལམ་ལ་ཚུར་བསྲེ་བ་དང་། རྨི་ལམ་བར་དོ་སྐྱེ་ཤི་ལ་ཕར་བསྲེ་བ་དང་། སྐྱེ་ཤི་བར་དོ་རྨི་ལམ་བར་དོ་གཉིས་སྲིད་པ་བར་དོ་ལ་བསྲེ་བ་དང་བཅུ་གཉིས་སོ། །དེ་ནས་འགོལ་སད་རྨི་ལམ་ལ་ཤེས་པ་དྲག་པོ་གཏད་ལ། དང་པོ་རྨི་ལམ་བར་དོ་ལ་ལྔ་སྟེ། སྐད་ཅིག་གིས་ལྷའི་སྐུ་སྒྱུ་མ་ལྟ་བུར་བསམས་ལ། སྙིང་ཁར་མེ་ཚ་ཞིང་རྣོ་བ་ལ་སེམས་གཏད། དེ་ནས་མགྲིན་པར་སེམས་གཏད་ལ། རྨི་ལམ་སེམས་ཀྱི་འདུན་པ་དྲག་ཏུ་བྱའོ། དེ་ནི་རྨི་ལམ་བཟུང་བའོ། དེ་

(༢༦༤)ནས་གཉིས་མཐུག་པོ་རྨི་ལམ་གྱི་འགྱུར་བའི་དུས་དེར་ཡེ་ཤེས་སྐྱེའོ། །དེ་ནས་རྨི་ལམ་བྱུང་དུས་རྨི་ལམ་ཡིན་སྙམ་བ་བྱ་བ་ནི་རྨི་ལམ་ཤེས་པའོ། །རྨི་ལམ་སྦྱང་བ་ནི། རྨི་ལམ་དེ་རྒྱ་སྟོང་དུ་སྤྲུལ། གཅིག་ཏུ་བསྡུ། སུམ་བཅུ་རྩ་གསུམ་དང་། དམྱལ་བ་ལ་སོགས་པར་ཕྱིན་པར་བསམ། རེས་འགའ་འོད་དུ་བསམ་རེས་འགའ་དུམ་བུར་བཏུབ་པ་ལ་སོགས་པ་བསམ་པའོ། །དེས་ནི་སྦྱང་བའོ། དེ་ནས་རྨི་ལམ་དེ་འོད་གསལ་དེ་ཁོ་ན་ཉིད་དུ་ལྟེངས་ཀྱིས་བསྒོམ་པར་བྱའོ། །དེ་ལྟར་ན་དོན་ལྔའོ། །དེ་ཡང་གཉིད་མཐུག་པོ་རྨི་ལམ་མེད་པའི་དུས་དང་ཡེ་ཤེས་ཆེ་བའོ། །དེ་ནས་རྨི་ལམ་འབྱུང་། དེ་ནས་གཉིད་སད་ངེད་ཅིའི་རྨི་ལམ་དྲན་ཙམ་ན། རྨི་ལམ་དེ་སྒྱུ་མ་ཡིན་པར་བསམ། དེ་ནས་ལམ་དང་རང་བཞིན་བསྲེ་བ་སྟེ། རྨི་ལམ་དེ་འོད་གསལ་དེ་ཁོ་ན་ཉིད་དུ་བསྒོམ། དེ་ནས་རྨི་ལམ་དང་ཉིན་པར་བསྲེ་བའི་འཚམས་སྦྱོར་ནི། རྨི་ལམ་ནི་སྒྱུ་མ་ཡིན་སྙམ་པའི་བསམ་པ་དྲག་ཏུ་བྱ། དེ་ནས་ཉིན་པ་བསྒོམ་སྟེ། དང་པོ་མགྲིན་པའི་ཨ་ཕྱེད་ཙམ་ལ་སེམས་གཏད་

(༢༦༥)ལ་རྨི་ལམ་བཟུང་། དེ་ནས་སྒྱུ་མ་ཡིན། རྨི་ལམ་ཡིན་སྙམ་དུ་ཤེས་པར་བྱ། དེ་ནས་བདག་གི་ལུས་བརྒྱ་དང་སྟོང་དུ་སྤྲུལ་བ་ལ་སོགས་པ་རྨི་ལམ་སྦྱང་། དེ་ནས་འཇིགས་པ་དང་། ཡང་བ་སྒྱུ་མར་ཤེས་པར་བྱ། དེ་ནས་ལམ་དང་རང་བཞིན་བསྲེ་བ་སྟེ། རྨི་ལམ་དེ་འོད་གསལ་སྟོང་ཉིད་དུ་བསྒོམ་པ་ནི་ཉིན་པར་དང་མཚན་མོའི་འཚམས་སྦྱོར་ནི། སྒྱུ་མ་འདི་རྨི་ལམ་སྙམ་པའི་འདུན་པ་དྲག་པོ་གཏང་། མཉམ་བཞག་འོད་གསལ། རྗེས་ཐོབ་ལ་རྨི་ལམ་དང་སྒྱུ་མའི་ཤེས་པའོ། །དེ་ནས་ཉིན་མོ་དང་མཚན་མོ་གཉིས་འདྲ་བའི་ཤེས་པ་བྱུང་ཙ་ན། འོད་གསལ་རྒྱུན་པ་ཞེས་བྱ་བ་སྟེ། རྣལ་འབྱོར་ཉིན་དང་མཚན་མོ་མེད། ཅེས་གསུངས་སོ། །ནམ་ཞིག་ཕྱི་ནང་གསང་བའི་འཆི་རྟགས་བྱུང་ཙ་ན། ས་ཆུ་ལ་ཐིམ། ཆུ་མེ་ལ་ཐིམ། མེ་རླུང་ལ་ཐིམ་པའི་དུས་སུ་འོག་ནས་འབྱུང་བ་ལྟར་བསྒོམ་པའོ། །དངོས་གཞི་མཉམ་བཞག་ལ་གཏུམ་མོ་བཞི་བཅུ་རྩ་གཉིས་བསྡུ་ན་ལྔ། རྣལ་འབྱོར་གྱི་གཏུམ་མོ་ཡེ་ཤེས་ཀྱི་གཏུམ་མོ་ལས་ཀྱི་གཏུམ་

(༢༦༦)མོ། ཕྱག་རྒྱ་ཆེན་པོའི་གཏུམ་མོ། གཏུམ་མོ་ཆེན་མོའོ། །དང་པོ་ལ་བཞི། ལུས་ཀྱི་གནད་དང་། རྩའི་གནད་དང་། རླུང་གིས་གནད་དང་། སེམས་ཀྱི་གནད་དང་། ཡེ་ཤེས་ཀྱི་གཏུམ་མོ་ནི། སྟེང་རླུང་མནན་པ་དང་། འོག་རླུང་བཏེག་པ་ལ་སོགས་པ་མཐུན། ཁྱད་པར་ནི། ཤེས་པ་སྣ་རྩེའི་བར་སྣང་གི་ནམ་མཁའ་སྟོང་པ་ལ་གཏད་པའོ། ལས་ཀྱི་གཏུམ་མོ་ནི། རང་ཡིད་དང་མཐུན་པའི་ལས་ཀྱི་མུ་དྲ་ལ་སེམས་གཏད་ལ། ཕྱག་རྒྱ་དང་ལྟེ་བའི་ཨ་གཉིས་ཐ་མི་དད་བར་བསམས་ཏེ། ལྟེ་བའི་ཨ་ལ་སེམས་གཏད་ལ་བསྒོམ་མོ། །ཕྱག་རྒྱ་ལ་དམིགས་པ་ནི་སེམས་བསྡུ་བའི་དོན་དུའོ། །ཕྱག་རྒྱ་ཆེན་པོའི་གཏུམ་མོ་ནི། སྟེང་འོག་གི་རླུང་མནན་ལ། སེམས་གང་ལ་ཡང་མི་གཏང་པར། གཉིས་སྣང་ཐམས་ཅད་གཉིས་མེད་དུ་ཤེས་པར་བྱས་ལྷུག་པར་བཞག་པའོ། །གཏུམ་མོ་ཆེན་མོ་ལ་ཆོས་བཅུ་དྲུག་སྟེ། སྦ་བ་བཞི་ནི། ལུས་ཡེ་ཤེས་ཀྱི་འཁོར་ལོ་ལ་སྦ་བ། རྩ་དཔག་བསམ་གྱི་ཤིང་ལ་སྦ་བ། རླུང་ཕྱེ་བོ་དཔག་བསམ་གྱི་ཤིང་རྩེ་ལ་སྦ་བ། སེམས་གསང་

(༢༦༧)བའི་འཁོར་ལོ་ལ་སྦ་བ་ལ་སོགས་པ། རྐྱེན་བཞི། རྟགས་བཞི། འབྲས་བུ་བཞི་སྟེ་བཅུ་དྲུག །རྒོད་ན། རྣམ་ཤེས་རླུང་དང་འགྲོགས་ལ་འོག་སྒོ་མར་ལ་དཀར་རྒྱངས་ཀྱིས་དབྱུང་ངོ་། རླུང་འཁྱིམ་ནས་ཤ་འཕྲིགས་པ་སོགས་བྱུང་ན། སེང་གེ་རྣམ་གྲོལ་གྱི་ཕྱག་རྒྱ་བཅས་པ་དབྱུང་། མི་རྟོག་པ་འབའ་ཞིག་ཏུ་སོང་ན། བདེ་བ་བཙན་ཐབས་སུ་དབབ་བའི་མན་ངག་བྱ་སྟེ། སྟེང་རླུང་ཅུང་ཟད་བཏེགས་ལ། ཨ་ལོང་འབྱེད་འཛུམ་བྱ། བཙུམ་ཙ་ན། མེ་ཡང་དམར་ཡལ་ཡལ་ཡར་ལ་ནར་གྱིས་སོང་བར་བསམ། བྱང་སེམས་པ་ཐག་ལྟ་བུ་མར་ལ་བབས་པས་མེ་དམར་ཡལ་གྱིས་སོང་བར་བསམ་ལ་འབྱེད་འཛུམ་བྱའོ། །འཐེ་བོ་དང་སྲིན་ལག་གི་སྦྱོར་བ་ཡང་བྱ། ལས་རྒྱལ་བསླབ་པ་ནི། ཞིང་སྐྱེས་མ་དང་། སྔགས་སྐྱེས་མ་ལ་སོགས་པ་བཙམ་གནས་དབྱེན་པར་བྱ། སེམས་ཀྱི་སྦྱོར་བ་བྱ་སྟེ། དཀར་གསུམ་བཟའ་བ་དང་། །སྐུ་བསྙེ་ལ་སོགས་པ་བྱས་ལ། དང་པོར་གཟུགས་ལ་བལྟས་པས་བདེ་བ་སྐྱེ་བ་སྟེ། དེ་བསྒོམ། དེ་ལ་མ་

(༢༦༨)སྐྱེས་ན། འདོད་ཆགས་ཀྱི་གཏམ་བྱ། སྒྲ་ལ་བརྟེན་ནས་བདེ་བ་བསྒོམ། དེ་ལ་མ་སྐྱེས་ན། ལུས་ལ་དྲི་བཟང་པོ་བྱུགས་ལ། དེ་ལ་བསྣམས་པས་བདེ་བ་སྐྱེ། །དེ་ལ་མ་སྐྱེས་ན། མཆུ་འཇིབ་པ་དང་། འོ་བྱ་བ་ལ་སོགས་པས་རོ་ལ་བརྟེན་ནས་བདེ་བ་བསྒོམ། དེ་ལ་བསླབ། དེ་ལ་མ་སྐྱེས་ན། རེག་བྱ་ལ་བརྟེན་ནས་བསླབ་པར་བྱ་སྟེ། འདུ་ཤེས་བཞི་དང་ལྡན་པས། རྡོ་རྗེ་པདྨ་བྱིན་གྱིས་བརླབས་ནས། དང་པོར་དབབ། བཟུང་། བསྐྱིལ། བཟློག །རྩ་རླུང་དྲག་པོ། །བདེ་བ་འབའ་ཞིག་ཏུ་སོང་ན། མི་རྟོགས་པ་བཙན་ཐབས་སུ་དབབ་པའི་དམིགས་པ་བྱ། སྟེང་འོག་གི་རླུང་མཐུན། མདུན་དུ་དངོས་པོ་གང་ཡང་རུང་བ་ཅིག་ལ་སེམས་གཏད་ལ་བསྒོམ། དེ་ནས་ནམ་མཁའ་ལ། བདེ་སྟོང་གཉིས་ག་མ་བྱུང་ན། བདེ་སྟོང་གཉིས་ཀ་བཙན་ཐབས་སུ་དབབ་པ་སྟེ། རི་མཐོན་པོའི་རྩེ་མོར་ཕྱིན་ལ། ཤེས་པ་བར་སྣང་ལ་གཏད་ལ། རླུང་བཏེག་པ་དང་མནན་པ་དང་བསྟུན་ལ་འབྱེད་འཛུམ་བྱའོ། དྲོད་འབའ་ཞིག་ཏུ་སོང་ནས། བདེ་བ་དང་མི་རྟོགས་པ་གཉིས་རེས་མོས་བྱ་ལ་

(༢༦༩)བསྒོམ། བསྐྱེད་རྫོགས་ཀྱང་དེ་བཞིན་ཡིན་ནོ། མཉམ་རྗེས་བསྲེ་བའི་མན་ངག་ནི། ཉིན་མོ་དང་མཚན་མོའོ། མཚན་ཉིད་དང་ལྡན་པའི་ལས་རྒྱ་དང་གཉིས། གནས་དབེན་པར་བྱང་སེམས་ཀྱི་རིམ་འགྲོ་བྱ་བ་དང་། དེ་ནས་ཡོལ་བས་བར་བཅད་ལ་གཉིས་ཀ་བདེ་བ་བསྒོམ། མི་གསལ་ན་ཡོལ་བ་བསམ་ལ། ཡང་ལྟ་བསྒོམ་བྱ་ཞིང་བསྒོམ། དེ་སྣང་བ་ལ་བསྒོམ། རང་ལ་བསྒོམ་ཡང་བ་ལྟ། སྣང་བ་ལ་སྦྱར་རོ། །མཚན་མོ་བསྲེ་བ་ནི། དང་པོ་རྨི་ལམ་བཟུང་བ་དང་། སྦྱང་བ་དང་། སྒྱུ་མ་ལྟ་བུར་ཤེས་པར་བྱ་བ་དང་། རྨི་ལམ་དེ་ཁོ་ན་ཉིད་དུ་བསྒོམ་པའོ། མ་བྱུང་ན་ཟླ་བ་ཕྱེད་དམ་ཟླ་བ་གཅིག་ཏུ་རྨི་ལམ་འབའ་ཞིག་ལ་འདུན་པ་བྱ། ཐུན་མོངས་ལ་སྟོན་ན། ཡེ་ཤེས་ཀྱི་གཏུམ་མོ་འམ། རླུང་བཅིང་བ་ཙམ་བྱའོ།། །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གནས་དང་རྟོག་པ་གཉིས་ལ། གནས་པ་གཙོ་བོར་མི་བྱ། གནས་པ་ནི། བརྒྱལ་བ་དང་། གཉིད་འཐུག་པོ་དང་། ར་རོ་བ་ལ་སོགས་པ་ལ་ཡང་ཡོད་དེ། རྟོག་པ་མེད་པའི་

(༢༧༠)ཕྱིར་རོ། །རྟོག་པ་གཙོ་བོར་བྱ་བ་ནི། སྣང་བ་ཅིར་སྣང་ཡང་སེམས་ཡིན་ཏེ། གསལ་བའི་ཕྱིར་རོ། །གསལ་བ་ཉམས་སུ་མྱོང་བ་དེ་ལ་སེམས་ཞེས་བྱ་སྟེ། རིག་པའི་ཕྱིར་རོ། །རིག་པ་ནི་རང་བཞིན་གྱིས་མ་གྲུབ་པ་སྟོང་པ་སྟེ། རྟོགས་པའོ། །དེ་རྒྱུན་བསྲིང་ཞིང་། དེའི་ཉམས་བརྟན་པ་ལ་བསྒོམ་པ་ཞེས་བྱའོ། །དེ་ཡང་རྟོགས་པར་བྱ་བའི་ཕྱིར་བསྒོམ་པ་དང་། རྟོགས་ནས་བསྒོམ་པའོ། དེ་ཡང་། མཚན་བཅས་ཀྱི་བསྒོམ་པ་མཐའ་དག་དང་། སྒྱུ་མ་ལྟ་བུ་མན་ཆད་རྟོགས་པར་བྱ་བའི་ཕྱིར་བསྒོམ་པའོ། །སྣང་བ་ཐམས་ཅད་སེམས་ལ། སེམས་སྤྲོས་བྲལ་ངོས་བཟུང་དང་བྲལ་བ། ནམ་མཁའི་དཀྱིལ་ལྟར་ཕྱམ་མེ་བའི་ཉམས་བརྟན་པ་ནི་རྟོགས་ནས་བསྒོམ་པའོ། །དེ་རྟོགས་ནས་མཚན་བཅས་བསྒོམ་པ་ནི། གླང་པོ་རྙེད་ནས་གླང་པོའི་རྗེས་ཚོལ་བ་བཞིན་ནོ། །དེ་ཁོ་ན་ལ་ཆགས་སྡང་གི་གཉེན་པོར་འགྲོ་དགོས་ཏེ། ཐམས་ཅད་ཀྱང་སེམས་སུ་ཤེས་པས། རང་གི་སེམས་ངོས་བཟུང་དང་བྲལ་བ་གཉེན་པོར་འགྲོ་བའོ། །རིག་པ་རང་རིག་སྟོང་

(༢༧༡)པར་མྱོང་བའི་ཚེ། ཡང་དག་པས་སྟོང་། དོན་དམ་པས་སྟོང་སྟེ། དེ་ནས་སྟོང་པ་དེ་བརྟན་པའོ། །བླ་མ་རིན་པོ་ཆེའི་མན་ངག་གོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བྱང་སེམས་བསྒོམ་ན། དང་པོ་ལས་ཀྱི་ཕྱག་རྒྱ་མ་ལོ་བརྒྱད་མའམ། བཅུ་གཉིས་མའམ། མཚན་ལྡན་བཙལ་ལ་བསླབ་སྦྱང་བྱ་སྟེ། གཉིས་ཀ་ལྷའི་ང་རྒྱལ་དུ་བྱས་ལ་བྱིན་གྱིས་བརླབ་པོ། རྡོ་རྗེ་པདྨ་ལས་རྒྱ་དང་བྱ་དགོད། རྡོ་རྗེ་ནོར་བུའི་སོར་གཅིག་གི་ལྟག་ཏུ་བཅོད་ཀྱི་ཐིག་ལེ་ཡུངས་དཀར་གྱི་ཚད་ཙམ་ཅིག་བསྒོམས་ལ། དེ་ནས་ཕྱག་རྒྱ་དང་སྙོམས་པར་ཞུགས་ནས་བསྲུབ་པའི་སྦྱོར་བ་མ་བྱས་པར། ཧཱུཾ་གི་སྒྲས་དབུགས་གྱེན་ལ་ཐེན་ལ་ཡང་ཡང་དྲང་ངོ་། །མུ་དྲ་ལ་བརྟེན་པའི་དབང་གི་བདེ་བ་གཡོ་བ་ནི་དགའ་བའོ། ཀུན་དུ་འཚོལ་བའི་བདེ་བ་ནི། མཆོག་དགའ་འོ། དེ་ཡང་རྟོག་མེད་ཀྱི་སྐད་ཅིག་ནི་དཔེའི་ལྷན་ཅིག་སྐྱེས་པའི་དགའོ། །དེ་ལ་སེམས་བཟུང་། དེ་ཡང་ཕྱག་རྒྱ་ནི་དམིགས་པར་བྱ་བའི་རྐྱེན་བྱས། རྫས་ཀྱི་ཐིག་ལེ་དཀར་པོ་བདག་པོའི་

(༢༧༢)རྐྱེན་བྱས་པ་ལས་བྱུང་བའི་བདེ་བའོ། །པདྨར་ལྷུང་བའི་བར་ནི་དགའ་བྲལ་ལོ། གྱེན་ལ་དྲངས་པའི་སྦྱོར་བ་ཡང་དང་ཡང་དུ་བྱས་པས་ལྷན་ཅིག་སྐྱེས་དགའ་ལ་རིམས་ཀྱིས་ཡུན་རིང་དུ་སེམས་ཟིན་ནོ། །དེ་ནས་རླུང་གྱེན་ལ་དྲངས་པའི་སྟོབས་ཀྱིས། གཏུམ་མོ་ཡུལ་ཐམས་ཅད་ལ་ཁྱབ་ནས། སྤྱི་བོའི་བར་དུ་འཕྲོས་པས། ལུས་ཀྱི་ཡང་དག་པའི་ཁམས་སྦྱོང་། དེ་ནི་རླུང་མེ་ལ་ཐིམ་པའི་དུས་ཏེ་རྟགས་དུ་བ་ལྟ་བུ་འབྱུང་། དེ་ནས་སྤྱི་བོ་ནས། བྱང་སེམས་རྡོ་རྗེ་ནོར་བུའི་བར་དུ་ཕབ་ལ། འཕོ་འགྱུར་མེད་པར་བསྒོམ་པ་ནི། ཆུ་མེ་ལ་ཐིམ་པའི་དུས་དེ། རྟགས་སྨིག་སྒྱུ་ལྟ་བུ་འབྱུང་། བྱང་སེམས་རྡོ་རྗེ་རྩེ་མོ་ནས་གྱེན་ལ་བཟློག་སྟེ་སྤྱི་བོར་ཕྱིན་པ་ནི། ཆུ་ས་ལ་ཐིམ་པའི་དུས་ཏེ། རྟགས་མར་མེ་ལྟ་བུ་འབྱུང་། དེ་ལ་ཤིན་ཏུ་བརྟན་པ་དང་སྲིན་བུ་མེ་ཁྱེར་བ་ལྟ་བུ་འབྱུང་བ་ནི་ཞི་གནས་མཐར་ཕྱིན་པ་ཡིན་ན། །དེ་བསམ་གཏན་དང་པོའི་ཏིང་ངེ་འཛིན་དང་ཆ་མཉམ་པའོ། །དེ་འཕྲོ་བཅད་དེ། ལྷག་མཐོང་ལ་བསླབ་པར་བྱ་སྟེ། སྙིང་ཀའི་འབྲས་

(༢༧༣)བུའི་ཐིག་ལེ་ལ་གསལ་བར་དམིགས་ལ། དེའི་དེ་བས། ལུས་སྟོད་སྨད་དུ་ཁྱབ་པས་ཐིག་ལེ་ལ་བསྡུ། ཐིག་ལེ་ཡང་ཕྱི་རོལ་ནས་ནང་དུ་བསྡུས་ལ། རྟ་རྔ་ཙམ་གྱི་དབྱིབས་ལ་ཁོང་སྟོང་དུ་བསྒོམ་མོ། །དེ་ཡང་ཇེ་ཕྲ་ལ་རིམས་ཀྱིས་འོད་གསལ་སྟོང་པ་ཉིད་དུ་བསྒོམ་མོ། །དེ་ཡང་རྣམ་རྟོག་ལྡང་ན། ཐིག་ལེ་དང་ལུས་ཀྱི་བར་དུ་སླར་དམིགས་ལ། ཡང་སྔ་མ་ལྟར་རིམས་གྱིས་སྟོང་པ་ཉིད་དུ་བསྒོམ་མོ། །དེ་ལྟར་བསྒོམ་པས་སྤྲིན་མེད་པའི་ནམ་མཁའ་ལྟ་བུའི་རྟགས་འབྱུང་སྟེ། ཆོས་ཐམས་བདག་མེད་ནམ་མཁའི་དཀྱིལ་ལྟ་བུར་རྟོགས་པའོ།། །།༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། གྲོལ་བའི་ལམ་དང་། ཆགས་པའི་ལམ་དང་། རང་ལྷག་པར་གནས་པ་དང་གསུམ་ལ་འདི་ཡིན་ཏེ། དེ་ཡང་དང་པོར་རླུང་སྦྱང་བ་ནི། གནས་ཉི་ཤུ་རྩ་བཞིའི་རླུང་དང་ཐིག་ལེའི་མན་ངག་གིས་བཟུང་བ་དང་། སྦྱང་བ་ལ་སོགས་པས། རླུང་གང་འདོད་པར་ཟིན་པའམ་ཐོན་པར་བྱ། དེ་ནས་ལྷན་ཅིག་སྐྱེས་པའི་འོད་གསལ་

(༢༧༤)ཉམས་སུ་མྱོང་བར་བྱ་བ་ནི། གྲོལ་ལམ་པ་དང་། ཕོ་ཉ་ལ་དགའ་བ་གཉིས་ཀ་ཡང་གནད་ཀྱི་མན་ངག་ལ་བརྟེན་ཏེ། སྟེང་རྩ་རླུང་གི་གནད་དང་། འོག་སྐྱེས་པའི་གནད་དང་། སྒྲུབ་ཚིག་གི་གནད་དང་བཞིར་འདུས་ཏེ། དེ་ཡང་རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་ཀྱི་རྩ་བ་དེ་ཡིན་ལ། དེ་རྣམས་ཀྱི་ནང་ན་རྒྱུ་བའི་རླུང་ཐམས་ཅད་དེར་མ་འདུས་པ་མེད་པས་ན། གནད་ཅེས་བྱའོ། གྲོལ་ལམ་ནི། ཐབས་ལྷའི་འཁོར་ལོ་སྔོན་དུ་བསྒོམ་སྟེ། དེ་ནས་ཆོས་ཐམས་ཅད་རྟེན་འབྲེལ་དུ་ཤེས་པའོ། །མ་སྐྱེས་སྐྱེ་བ་མེད་པའི་དོན་དེ་ཁོང་དུ་ཆུད་པར་བྱ་སྟེ། སྟེང་གི་རྩ་རླུང་འདུས་པའི་རྩད་བཅད་དེ་བསྒོམ་པས། རྟགས་ལྔ་རིམས་ཀྱིས་འབྱུང་སྟེ། ཚེ་ཅིག་ལུས་ཅིག་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པོ་གསུང་། དེ་ནས་ཕོ་ཉ་ལ་བརྟེན་པར་འདོད་ན། དབང་དམ་ཚིག་དང་སྡོམ་པས་ལེགས་པར་སྦྱངས་པའི་རིག་མ་མཚན་ལྡན་དབེན་པའི་ས་ཕྱོགས་སུ་ཁྲིད་ནས། ལུས་སེམས་སྦྱོང་བ་ཡིན་ཏེ། ཇི་ལྟར་འདུག་ཀྱང་བསམ་པ་ཐམས་ཅད་མཁྱེན་པའི་བསམ་པས། ཚོར་བ་དང་སྲེད་བ་

(༢༧༥)

(༢༧༦)

(༢༧༧)སྒྱུ་མ་ཡིན། ཤེས་རབ་ཀྱི་འདུས་ཏེ་རེག་པ་ལས་བྱུང་བས་ཉོན་མོངས་པ་མེད། ཐབས་དང་ལྡན་པས་ཉེས་པ་མེད། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བས་ཉེས་པ་མེད། གཉིས་ཀ་ཡང་། ལུས་ལྷའི་འདུ་ཤེས། ངག་སྔགས་ཀྱི་འདུ་ཤེས། སེམས་ཆོས་ཀྱི་འདུ་ཤེས་གསུམ་དང་ལྡན་པས་སོ། །དུས་རྟག་ཏུ་ཤེས་རབ་དང་ལྡན་ཏེ་མི་འབྲལ་བས་ཉེས་པ་མེད། སྦྱང་བར་བྱ་བ་ནི། རེག་པ་བདེ་བར་འདོད་པའི་སེམས་དང་། བདེ་བ་ལ་འཛིན་པའི་སེམས་དང་། རེག་པ་བདེ་བ་ཉམས་སུ་མྱོང་བའི་ཐབས་དང་། བདེ་བ་ཡོངས་སུ་འཛིན་པའི་བདེ་བ་ལ་འཛིན་པའི་སེམས་དང་། དེ་བཞིན་གཏན་ལ་ཕབ་ལ་ཁྱེར་རོ། །དེ་ལ་བདེ་བ་བསྐྱེད་པའི་གནད་དང་། སྒྲུབ་ཆོད་ཀྱི་གནད་ངོ་ཤེས་པར་བྱ་ལ། གནད་ཐོག་ཏུ་འབེབས་པའི་དུས་སུ། །སྟེང་རྩ་རླུང་གི་གནད་བཅས་པས། ཕྱག་རྒྱའི་བདེ་བ་ཡང་རང་ལ་བསྡུ་ནུས་གསུང་

(༢༧༨)སྟེ། བྱང་སེམས་མི་འཆོར་ཏེ། དམ་ཚིག་དང་ལྡན་པའོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ལམ་ལ་འཇུག་པར་འདོད་པའི་རྟེན་གྱི་གང་ཟག་གིས། །དང་པོ་སེམས་འཁྱོག་བསྲང་བ་སྟེ། འཇིག་རྟེན་འདི་ཡི་རྣམ་རྟོག་སྤང་། །དེ་ནས་སེམས་ཞུན་ཐར་བཅད་པ་སྟེ། །ནང་ལ་བརྟེན་པའི་རྟོགས་པས་ཐོག་མཐའ་བཅད་པ་དང་། ཕྱི་ལ་བརྟེན་པའི་རྟོགས་པས་ཐོག་མཐའ་བཅད་པ་གཉིས་ལས། ཕྱི་ལ་བརྟེན་པའི་རྟོགས་པའི་ཐོག་མཐའ་བཅད་པའི་དབང་དུ་བྱས་ནས་སེམས་སྦྱང་། འཆི་བ་དོན་དམ་པ་འོད་གསལ་ལ་བརྟེན་ཏེ། མངོན་བྱང་ལྔ་ལས་རང་བཞིན་གནས་པའི་ལྷའི་སྐུར་སྦྱངས། ངག་ཐུགས་བསྐུལ་བའི་བཟླས་པས། དེ་ཝ་པི་ཙུ་བཟླས་པས་ངག་སྦྱང་། སྒྱུ་མ་རང་གི་སེམས་ཉིད་གཉིས་སུ་མེད་པ་སྒྲོ་བཀུར་དང་བྲལ་བ་ལས་སྒྱུ་མའི་ཚོགས་བསགས། སྡིག་པ་སྦྱང་། མཐོང་བ་རྒྱ་ཆེན་པོ་ལ་བསླབ་ཅིང་། སེམས་ཀྱི་རྒྱུད་ཡོངས་སུ་སྨིན་པར་བྱ། མང་པོར་སྤྲུལ་ཅིང་གཅིག་ཏུ་བསྡུ་བ་ལ་

(༢༧༩)སོགས་པ་སྒྱུ་མ་སྦྱང་བའོ། །དེ་ཉིད་རྨི་ལམ་དུ་ཤེས་པར་བྱ་བ་དང་། གཉིད་མི་འོང་བ་འོང་བར་བྱ་བ་དང་། རྨི་ལམ་ལ་རྨི་ལམ་དུ་ཤེས་པར་བྱ་བ་དང་། རྨི་ལམ་སྤེལ་བ་དང་། རྨི་ལམ་སྦྱང་བའོ། །སྒྱུ་མ་ལ་རྨི་ལམ་བསྲེ་བ་དང་། བར་དོ་དང་འོད་གསལ་བསྲེ་བའོ། །སྐྱེ་ནས་འཆི་བའི་བར་དོ་དང་། རྨི་ལམ་གྱི་བར་དོ་དང་སྲིད་པ་བར་དོ་དང་། དེ་ཉིད་ལམ་དུ་ཁྱེར་བ་བསམ་གཏན་གྱི་བར་དོའོ། །ནང་ལ་བརྟེན་པ་སེམས་ཀྱི་ངོ་བོ་དེ་རང་། ཕྱི་འབྱུང་བ་བཞི་ལས་མ་བྱུང་། ནམ་མཁའ་སྟོང་པ་ལས་མ་འབྱུང་། ནང་བཅུད་འགྲོ་དྲུག་གི་སེམས་ལས་མ་འབྱུང་། ཕུང་པོ་ཁམས་དང་སྐྱེ་མཆེད་ལས་མ་བྱུང་། དབང་པོ་དོན་སྣོད་ལྔ་ལས་མ་བྱུང་སྟེ། མེད་པར་བསྒོམ་ཀྱང་དགག་ཏུ་མེད་ལ། ཡོད་པར་བསྒོམ་ཀྱང་སྣང་རུང་མེད་པ་དེ་ཉིད། མེད་པར་བསྒོམས་ཀྱང་འགག་རྒྱུ་མེད། སྒྲོ་འདོགས་ཀྱི་མཐའ་དང་བྲལ། མེད་པར་བསྒོམས་པས་འགག་རྒྱུ་མེད་བ་དེ། ཡོད་པར་བསྒོམས་ཀྱང་སྣང་རྒྱུ་མེད་པས། བཀུར་འདེབས་ཀྱི་མཐའ་སྤངས་པའོ། མཐའ་གཉིས་དང་བྲལ་སེམས་ཉིད་འོད་གསལ་

(༢༨༠)རྟོགས་པ་དེ་ལྟ་བུའི་ཡེ་ཤེས་ཟབ་པའོ། །ཕྱི་ལ་བརྟེན་པའི་ངོ་བོ་དེ་ཡང་། ཆུའི་ཆུ་སྦུར་གྱི་དཔེ་དང་། སྦྲ་བ་དང་མེའི་དཔེ་དང་། ཆུ་ལ་ཆུ་བཞག་པའི་དཔེ་དང་། ནམ་མཁའ་ཡེ་དག་པའི་དཔེའོ། དེས་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་དེ་རྒྱ་ཆེ་བའོ། །དེ་ཡང་། སྒྱུ་མ་བསྒོམ་པའི་སྔོན་རོལ་ཏུ་རང་སེམས་ཆུ་ཟླ་བཞིན་དུ་སྦྱངས། ཅེས་གསུངས་སོ། །སྐུ་དང་ཡེ་ཤེས་རྟོགས་པའི་རྣལ་འབྱོར་ལ། ཤིང་ཕུང་ཆེ་ན་མེ་ཕུང་ཆེ། དུག་ལྔ་རྒྱས་ན་ཡེ་ཤེས་རྒྱས། དུག་ལྔའི་འཛིན་པ་ཁོ་ལ་མེད། སྔར་འདས་པའི་རྗེས་མི་བཅད། མ་འོང་པ་སྔུན་མི་བསུ། །ད་ལྟར་ཤུགས་འབྱུང་དུ་བཞག་གོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བར་དོ་དང་པོ་འོད་གསལ་ངོས་བཟུང་བ་དང་། གཉིས་པ་སྒྱུ་ལུས་ངོས་བཟུང་བ་དང་། གསུམ་པ་མངལ་སྒོ་འགེག་པ་དང་གསུམ་ཡིན་གསུང་། ས་ཆུ་ལ་ཐིམ་པའི་དུས་སུ་ལུ་ཟུང་མི་ཐུབ། ཆུ་མེ་ལ་ཐིམ་པའི་དུས་སུ་ཁ་སྣ་སྐམས། མེ་རླུང་ལ་ཐིམ་པའི་དུས་སུ་དྲོད་ཆད། རླུང་རྣམ་པར་ཤེས་པ་ལ་ཐིམ་པའི་དུས་སུ་དབུགས་རྒྱངས་པ་གཉིས་འབྱུང་། དེ་ནས་ཕྱི་དབུགས་ནི་

(༢༨༡)ཆད། ནང་དབུགས་ནི་མ་ཆད། །རྩེ་ཆུང་འཕྲིག་ཕྲིག་ཙ་ན། ཡུལ་གྱིས་རྣམ་པ་རྟོགས་པ་རགས་པ་འགགས་དུས་སུ། ཕྱི་རྟགས་ཟླ་བ་ཤར་བ་ལྟ་བུ། ནང་རྟགས་དུ་བ་ལྟ་བུ། སྐད་ཅིག་མ་གཉིས་པ་ལ་ཕྱི་རྟགས་ཉི་མ་ཤར་བ་ལྟ་བུ། ནང་རྟགས་སྲིན་བུ་མེ་ཁྱེར་ལྟ་བུ། སྐད་ཅིག་ དཀར་སྙམ་པ་དམར་སོར་རེ་བ། མ་གསུམ་པ་ལ། ཕྱི་རྟགས་མུན་པ་ལྟ་བུ། ནང་རྟགས་མར་མེ་ལྟ་བུ་སྐད་ཅིག་མ་བཞི་པ་ རྣམ་པར་རྟོགས་པ་རགས་པ་འགགས་དུས་སུ་མཆེད་པ་ ལ། ཕྱི་རྟགས་སྐྱ་རེང་ཤར་བ་ལྟ་བུ། ནང་རྟགས་སྤྲིན་མེད་པའི་ནམ་མཁའ་ལྟ་བུའོ། །རང་གི་ཤེས་པ་སྣང་བ་ནི་བཞི་སྟེ། སྣང་བ་དང་། སྣང་བ་མཆེད་པ་དང་། མཆེད་པ་ཐོབ་པ་ནི། དབང་ཐོབ་པ་ཐམས་ཅད་དང་། ཐོབ་པ་ཆེན་པོ་ནི། དེ་ཙ་ན་གཉིས་སུ་བཤད་ཀྱང་གཉིས་མེད་བསམ་གཏན་གྱི་འོད་གསལ་དང་། རང་བཞིན་གྱི་འོད་གསལ་གཉིས་བསྲེ་བར་བཤད་ཀྱང་བསྲེ་རྒྱུ་མེད་ངོ་བོ་གསལ་ལ་རྟོག་པ་མེད་པ་ཡིན། རང་བཞིན་གྱིས་འོད་གསལ་བ་ནི། བར་དོ་དང་པོ་འོད་གསལ་ངོས་བཟུང་བའོ། །དེ་ལ་

(༢༨༢)མ་ཟིན་ན་དྲན་པ་དང་འདུན་པས་སྔར་ཡང་མ་ཟིན། ད་ནི་ཡི་དམ་ལྷའི་སྐུ་སྒྱུ་མ་ལྟ་བུ་ལ་ཡིད་ཀྱི་རྟེན་བྱས་ལ་འོད་གསལ་བསྒོམ་མོ། །མི་འོང་མི་སྲིད་དོ་གསུང་། དེས་བདུན་ཕྲག་དང་པོ་ཁེགས་ནས་དེ་ཁོ་ན་བཞིན་བསྒོམ་པས་གསོལ་འབའ་ཞག་ཏུ་འཆར་ཏེ། འོད་གསལ་གྱི་མེས། སྔར་ལུས་ཀྱི་བག་ཆགས་ཐམས་ཅད་བསྲེགས་ནས་ཆོས་ཀྱི་སྐུ་ཐོབ་པ་ཡིན་ནོ། བར་དོ་གཉིས་པའོ། །དེ་ཀྱང་མ་ཟིན་ན། མངལ་གྱི་གྲོང་ཁྱེར་འགེགས་ཏེ། སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུར་བསྒོམ། དེ་མ་ཁེགས་ན། ཕ་མ་ཞེ་མི་སྡང་། མ་ལ་འདོད་མི་ཆགས། རང་ཡི་དམ་ལྷའི་སྐུ་སྒྱུ་མ་ལྟ་བུ་ལ་ཡིད་ཀྱི་རྟེན་བྱས་ལ་བསྒོམ། དེས་མ་ཁེགས་ན། སྐྱེས་པ་ཐམས་ཅད་བླ་མར་བསམ། བུད་མེད་ཐམས་ཅད་བླ་མའི་ཡུམ་དུ་བསམ་ལ། བླ་མ་ལ་ཞེ་མི་སྡང་། བླ་མའི་ཡུམ་ལ་འདོད་མི་ཆགས་པར་བྱས་ལ། དབང་དང་བྱིན་བརླབས་ཞུ་པར་བསམ་པས་ཆགས་སྣང་མི་སྐྱེའོ། དེས་མ་ཁེགས་ན། སྐྱེས་པ་ཐམས་ཅད་ཧེ་རུ་ཀ་ར་བསམ། བུ་མེད་ཐམས་ཅད་རྡོ་རྗེ་ཕགས་མོ་བསམ། རང་ཡི་དམ་གྱི་ལྷ་འཇའ་མཚོན་

(༢༨༣)ལྟ་བུ་ལ་ཡིད་ཀྱི་རྟེན་བྱས་ལ་འོད་གསལ་བསྒོམ། དེས་མ་ཁེགས་ན་འཁོར་བའི་སྒོ་ལ་ཆགས་སྡང་མི་བྱའོ། །ཆགས་སྡང་མི་སྐྱེ་བ་ལ་འདོད་ཆགས་ཞེ་སྡང་བསྲེ་ཞེས་བྱའོ། །དེས་ཀྱང་མ་ཁེགས་ན། འགྲོ་དྲུག་ཐམས་ཅད་སེམས་ལ་ཝལ་གྱིས་འཆར་བས། དབང་ཡོད་པའི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་འམ། བརྒྱ་བྱིན་ལྟ་བུའི་ལུས་བླངས་ལ་སེམས་ཅན་གྱི་དོན་བྱའོ། བར་དོ་ཐ་མའོ། ད་རུང་སྐྱེ་བ་ལེན་པ་སྙམ་བྱེད་ཅིང་། སྐྱེ་བའི་སྒོ་མཆོད་པར་འདུག་ན། ཡང་སངས་རྒྱས་ཀྱི་ཞིང་ཁམས་ཁྱད་ཅན་ལ་མོས་པ་ཆེན་པོ་བྱ་སྟེ། དེ་ཉིད་དུ་འགྲོ་ཞིང་། ཤེས་བཞིན་དུ་སྐྱེ་བ་བླངས་ཏེ། དེ་ནས་བར་དོར་འཕོ་བའོ། །བདུན་ཕྲག་དང་པོ་ཁེགས་ནས་ཚེགས་མེད་དེ། གདམས་ངག་ཐམས་ཅད་དྲན་ནས་ཤེས་པ་བརྒྱ་འགྱུར་གྱིས་གསལ། འོད་གསལ་འབའ་ཞིག་ཏུ་འགྲོ་སྟེ་ཆོས་སྐུ་འཐོབ་པོ། །སྔོན་བྱུང་སྲིད་པའི་ཤ་གཟུགས་ཅན། དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། ཅེས་གསུངས་པས། ཡིད་དབང་པོས་འགྲོ་དྲུག་ཐམས་ཅད་མཐོང་། འགྲོ་དྲུག་གི་གནས་སྐད་ཅིག་

(༢༨༤)གཅིག་ལ་བསྐོར་ནུས་པས་ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། བར་དོ་དེའི་མིག་སྔ་རུ་ཕོ་མོ་སྦྱོར་བ་བྱེད་པ་ལ་ཆགས་སྡང་མིག་གསེར་མི་སྐྱེ། ཞེས་པས་སེམས་ཅན་ཐམས་ཅད་ལ་བདུན་ཕྲག་དང་པོའི་ཞག་ཕྱེད་དང་བཞི་སྔར་གྱི་ལུས་སུ་སྣང་། ཕྱེད་དང་བཞི་ཕྱི་མ་གར་ལེན་དུ་སྣང་སྟེ། རྣལ་འབྱོར་པ་གདམས་ངག་ཡོད་པས་དེ་ལྟ་བུ་ལ་མི་གཏོང་བར། དྲན་པ་དང་འདུན་པས་བར་དོ་དང་པོ་ལ་བཟུང་། དེར་མ་ཟིན་ན་གཉིས་པ་ལ་བཟུང་། དེར་མ་ཟིན་ན་ཐ་མལ་ལ་བྱའོ། །བར་དོ་ལ་བར་དོར་ཤེས་པར་བྱ་བ་ནི། འགྲོ་དྲུག་གིས་སྣང་བ་སེམས་ལ་འཆར་བས། གནད་ཀ་དེས་བར་དོར་ཤེས་པར་བྱའོ། །ཤི་བ་ལ་ཤི་བར་ཤེས་པ་འབྱུང་ངོ་། །ཐོག་ལྟ་བུ་བློ་བུར་དུ་ཤི་བ་ལ་ཡང་རྟགས་གོང་མ་རྣམས་འབྱུང་། དྲན་པ་དང་འདུན་པ་གོང་མ་ལྟར་བྱའོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ས་ཆུ་ལ་ཐིམ་པས། དུ་བ་ལྟ་བུ་དང་། ཟླ་བ་ཤར་བ་ལ་སོགས་པ་བསྒོམ་མི་དགོས། སྣང་བ་གསལ་ལ་མཆེད་པ་ཐོབ་པ་

(༢༨༥)ངོ་བོ་རང་ཡིན། རྟོགས་པ་ཐམས་ཅད་འུབ་ཀྱིས་འདུས་པ་ཡིན། དྲན་རིག་རྒྱུན་ཆད་ནས་འགྲོ་བ་ཡིན། བར་དོར། རབ་འོད་གསལ་གྱི་སངས་རྒྱ་བ་ཡིན། འབྲིང་སྒྱུ་ལུས་ཀྱི་སངས་རྒྱ་བ་ཡིན། ཐ་མ་མངལ་སྒོ་དགག་ནས་སངས་རྒྱ་བ་ཡིན་ནོ། དགག་པ་ལ་ཐབས་མང་ཡང་བསྡུ་ན་བསྐྱེད་རྫོགས་གཉིས་ཡིན། ཡང་ན། དག་པའི་སྒྱུ་ལུས་དང་། མ་དག་པའི་སྒྱུ་ལུས་ཀྱི་སྒོ་ནས་བར་དོ་ངོས་བཟུང་། མངལ་སྐྱེས། བརྫུས་སྐྱེས། སྒོང་སྐྱེས། དྲོད་དང་གཤེར་ལས་སྐྱེས་པ་རྣམས་བསྐྱེད་རིམས་ཀྱི་དགག་པ་རྣམས་ནི། ལྷ་བསྒོམ་པས་ལུས་གཞན་མི་ལེན་ནོ། །འོད་གསལ་ཆོས་སྐུ་སེམས་ཅན་ལ་འཆི་བའི་དུས་ན་ཡང་ཡོད་དེ། ངོ་མ་ཤེས་ན། འཁོར་བ་ལུགས་དང་མཐུན་པར་འབྱུང་ངོ་། །འོད་གསལ་ལ་སྣང་བ། སྣང་བ་ཆོས་སྐུ་ལ་མཆེད་པ། མཆེད་པ་ལ་རྣམ་རྟོག་སྤྲ་ཡས་འབྱུང་། དེ་ལ་འཁོར་བཞེས་བྱའོ། །རིགས་དྲུག་ཏུ་མི་འཁོར་བའི་ཐབས་ནི། བདག་འཆི་བ་ཡིན་བས། འོད་གསལ་ཆོས་སྐུ་ལ་ངོ་མ་ཤེས་བར་དུ་བསྒོམ། དེ་ངོ་ཤེས་ནས་འཁོར་བར་མི་འཇུག །གཉིས་མེད་ཀྱི་ངང་ལས་མ་ཡེངས་པས། བར་དོར་ལུས་གསུམ་དག་ནས། འོད་གསལ་འབའ་ཞིག་ཏུ་འགྲོ་བ་ཡིན། འཁོར་བ་ལ་སྲེད་པ་མེད་པས། ལེན་པ་མེད་དོ། །འཁོར་བ་ལུགས་ཀྱི་བར་དོ། །སྐྱེ་ཤི་བར་དོ། །འདོད་ཆགས་འཁོར་

(༢༨༦)བ་ཡིན་པས། བདེ་བ་དང་བསྲེ། རྨི་ལམ་བར་དོ་གཏི་མུག་འཁོར་བ་ཡིན་པས། རྨི་ལམ་དང་བསྲེ། སྲིད་པ་བར་དོར། ཕ་མ་ཡབ་ཡུམ་འཁོར་བ་ཡིན་པས། བླ་མ་ཡབ་ཡུམ་དུ་བསྒྱུར། ཡོན་ཏན་རྫོགས་པའི་བར་དོ་མ་དང་བུ་བསྲེ་བ། ནམ་མཁའ་དང་སེམས་སུ་བསྲེ་བ། སེམས་ཉིད་དང་ཆོས་ཉིད་དུ་བསྲེ་བ་འདི་ལམ་ཡིན། འབྲས་བུ་ལ། བསྲེ་བྱ། བསྲེ་བྱེད་དང་བྲལ་བ་དེ་ཡིན་གསུང་། དུས་ཅི་ཙམ་ནས་འཕོ་བ་དང་གཅིག །ལུས་གནས་ཇི་ལྟར་བྱ་བ་དང་གཉིས། དམིགས་པ་གང་ལྟར་བྱ་བ་དང་གསུམ། སངས་གང་གིས་རྒྱ་ ཕྱི་ནང་གསུམ་གྱི་འཆི་རྟགས་རྣམས་ཚད་ན་འཕོ་བའོ། མྱ་ངན་ལས་འདས་པ་ལྟར། སེང་གེའི་ཉལ་སྟབས་བཞིན་བྱའོ། །ལྟེ་བར་པད་འདབ་བཞི་ལ་ཨཱན་ནུ་ཏ་ར། དབུས་ཧཱུཾ་ལ་གཏད་དེ། ཧཱུཾ་འོད་དུ་ཞུ་བས་སྟོང་ཉིད་ཀྱི་ངང་དུ་སངས་རྒྱས་བ་ཡིན་གསུང་། །བ་དང་བཞིའོ། །འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོར་ཐོབ་པར་གྱུར་ཅིག །བཀྲ་ཤིས་དཔལ་འབར་འཛམ་གླིང་བརྒྱན་དུ་ཤོག །། །།

(༢༨༧)རྗེ་དྭགས་པོ་ལྷ་རྗེའི་གསུང་། སྙན་བརྒྱུད་བརྗེད་བྱང་མ་ཞེས་བྱ་བ་བཞུགས་སོ།།

(༢༨༨)ན་མོ་གུ་རུ། བཀའ་བརྒྱུད་བླ་མ་རྣམས་དང་ཡི་དམ་ལྷ། རྡོ་རྗེ་མཁའ་འགྲོ་རྣམས་ལ་ཕྱག་འཚལ་ལོ། བླ་མའི་གསུང་སྒྲོས་རྒྱ་མཚོ་ལྟ་བུ་ལ། བདག་བློའི་ནུས་པས་ཆུ་ཐིགས་ཙམ་པ་སྟེ། །བརྗེད་ཀྱི་previous hit དོགས་ནས་དྲན་ next hit་གསོ་ཕྱིར་བྲིས། །བླ་མ་རིན་པོ་ཆེའི་ཞལ་ནས། དཔལ་ནཱ་རོ་པ་ཆེན་པོའི་གདམས་པ། རྗེ་བཙུན་ལ་ཞུས་པའི་དུས་སུ། བླ་མ་རྗེ་བཙུན་གྱི་ཞལ་ནས། བླ་མ་ཆེན་པོ་ནཱ་རོ་པས། གསང་སྔགས་རྒྱལ་པོ་ཡི་གེ་བདུན། །འབུམ་ཕྲག་ཅིག་ཏུ་བཟླས་པ་ཡིས། །ས་རྣམས་གཡོས་ཤིང་ལུང་བསྟན་ཐོབ། །ཤར་

(༢༨༩)ཕྱོགས་ངོས་ཀྱི་ཏཻ་ལོ་པའི། ཞལ་སྔར་གདམས་ངག་མནོས་པ་ནི། །དངོས་པོའི་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །ཅེས་གསུངས་པ་དེ་ལ་གནད་རྣམ་པ་གསུམ། ལུས་ཀྱི་གནད། ཡུལ་གྱི་གནད་དང་། དུས་ཀྱི་གནད་དོ། དེ་ལ་ལུས་ཀྱི་གནད་བཤད་པ། རྐང་པར་རེ་དམིག་ལྟར་བསྣོལ། །སྒལ་པ་ཆུ་ཤིང་སྙིང་པོ་ལྟར་དྲང་བ། མགྲིན་པ་ལྕགས་ཀྱུ་ལྟར་དགུག་པ། །མཉམ་བཞག་གི་ཕྱག་རྒྱ་ལྟེ་བའི་འོག་ཏུ་ཤིན་ཏུ་བཅིར་བ། དཔུང་པ་མཁའ་ལྟར་ཡངས་པའོ། །ཡུལ་གྱི་གནད་

(༢༩༠)ནི། སྤྱིར་མང་ཡང་། འཁོར་ལོ་བཞི་ལ་གཏད་པའམ། ཆགས་ཅན་ཡིན་ན། ལས་ཀྱི་ཕྱག་རྒྱ་ལ། གཏད་པ་ཡང་ལུགས་ཅིག་ཡིན། བླ་མ་ནི། ལྟེ་བའི་འོག་སོར་བཞི་མར་འཇལ་བའི་སར། རྩ་གསུམ་འདུས་པའི་མདོར་གཏུམ་མོ་ཁབ་ཙམ་ལ་ཤེས་པ་གཏད་པའམ། ཡང་ན་ཤེས་པ་ཕྱག་རྒྱ་ཆེན་པོ་ལ་གཏད་ནས། རླུང་སྒོམ་པ་ཡིན་གསུང་། དུས་ཀྱི་གནད་ནི། ཐ་མལ་གྱི་དུས་ལྟེ་བར་ཤེས་པ་གཏད། གཉིད་ཀྱི་དུས་སྙིང་ཁར་གཏད། རྨི་ལམ་གྱི་དུས་སུ་མགྲིན་པར་གཏད། སྙོམས་འཇུག་གྱི་དུས་སྤྱི་བོར་ཤེས་པ་གཏད། ཐ་མལ་གཏུམ་མོ་བསྒོམ་པའི་དུས་སུ། ལུས་གནད་བཅས་ནས། རྔུབ་དང་དགང་དང་བཞིལ་བ་དང་། མདའ་ལྟར་འཕང་དང་རྣམས་པ་བཞི། དེ་ལ་རྔུབ་པ་ནི། སྣ་བུག་གཉིས་རླུང་གིས་ནོན་པ་ཡིན། དགང་བ་ནི། རྩ་གཡས་གཡོན་ཉིས་དགང་བ་ཡིན། གཞིལ་བ་ནི། རྩ་གཡས་གཡོན་གཉིས་ཀྱི་རླུང་ལྟེ་བའི་འོག་སོར་བཞི་འཇལ་བའི་ས་ན་ཡར་སོང་བར་བསམས་ནས་ཐུབ་ཚང་མནོན་ནོ། །མི་ཐུབ་ན། སེ་གོལ་ཏོག་པ་ཙམ་ ཡང་ན་གཞིལ་བ་ནི། ཚན་བྱུང་ན་ཉི་མ་གཉིས་གིས་ཙམ་གློད་པ་ཡིན་གསུང་། རེ་གཏོང་བ་ཡིན། དེ་ནས་རླུང་མི་མངའ་ལྟར་

(༢༩༡)འཕང་བ་ནི། དྷཱུ་ཏི་ནས་ཚངས་བུག་ན་ཡར་རྒྱངས་ཀྱིས་སོང་བར་སེམས་པ་ཡིན། ཡང་ན་ལྕགས་ཀྱུ་ལྟར་དགུག་པར་བྱ་བ་རྩ་གཉིས་ཀྱི། ཡང་གཞིལ་བ་ནི་ཆན་བྱུང་ན་ཉི་མ་གཉིས་གཉིས་ཙམ་གློད་པ་ཡིན་གསུང་། རླུང་ཕྱིར་གྱིས་མནན་ནས། རྩ་གསུམ་འདུས་པའི་རྩར་སོང་ནས་དྷཱུ་ཏིའི་ནང་ན་ཡར་སོང་བར་བསམས་ནས་གནོན་པ་ཡིན། ཡང་ན་མཐུན་བསྟོད་ལ་མེ་ལ་དམིགས་པ་གཏད་ནས། ཐུན་སྨད་ལ་ཕྱག་རྒྱ་ཆེན་པོ་ལ་གཏོང་བ་ཡིན་གསུང་། དེ་ལ་བུམ་པ་རབ་འབྲིང་ཐ་མ་གསུམ། རབ་ཀྱི་མགྲིན་པ་མན་ཆད་ནོན་པ་ཡིན། །འབྲིང་སྙིང་ཁ་མན་ཆད། ཐ་མ་ལྟེ་བ་མན་ཆད་ནན་པ་ཡིན། ཐིག་ལེ་འཆོར་ན་འོག་སྒོ་འཐེན་པ་ཡིན། བདེ་བ་ཤས་ཆེ་བར་འདོད་ན་ཡང་འོག་སྒོ་འཐེན་པ་ཡིན། རླུང་བསྒོམས་པས་མགོ་བོ་ལ་སོགས་པ་ན་ན། ལྟེ་བ་མན་ཆད་སྟོང་སང་ངེ་བཞག་ནས། དེ་མན་ཆད་གནོན་པ་ཡིན། རླུང་བྱང་ནས། རེས་སྟེང་རླུང་གནོན། རེས་འོག་རླུང་ཐེན་ནས། བདེ་བ་དང་མི་རྟོག་པ་ཤས་ཆེ་བ་ཡིན། དེ་ལྟར་བསྒོམས་པས་རྟགས་ལྔ། ཕན་ཡོན་བརྒྱད། ཡེ་ཤེས་གསུམ་ལ་སོགས་པ་འབྱུང་

(༢༩༢)སྟེ། བྱུང་ཡང་སེམས་ཉིད་མ་བཅོས་པ་ལ་ངེས་ཤེས་སྐྱེས་ན། དེ་རྣམས་ཀྱིས་མི་ཕན་ཏེ། སོ་སོར་རྟགས་མིན་གི་འགོག་པ་གར་སྐྱེ་ཆ་མེད་པ་ཡིན། བླ་མ་རྗེ་བཙུན་གྱི་ཞལ་ནས། སྡོང་པོ་ཡིན་ཏེ་འབྲས་བུ་མིན། ཡོན་ཏན་ཡིན་ཏེ་རྟོགས་མེད་མིན། གསུང་། འོད་གསལ་ལ་ངེས་ནས་གཏུམ་མོ་ཡང་ཕྱག་རྒྱ་ཆེན་པོ་དང་མ་བྲལ་བར་བསྒོམས་སྟེ། ལུས་གནད་བཅས་ནས། ཤེས་པ་མ་བཅོས་པར་བཞག་སྟེ་རླུང་བསྒོམ་པ་ཡིན། གཏུམ་མོ་ཞལ་གྱི་གདམས་པ་ལས། གཞན་ཕན་བསམ་པས་བརྗེད་བྱང་འབྲིས་བླ་མ་མཁའ་འགྲོས་བཟོད་པར་གསོལ། དགེ་རྩ་བགྱིས་པ་འདི་དག་གིས། འགྲོ་བའི་དོན་རྣམས་འགྲུབ་པར་ཤོག། །།ན་མོ་གུ་རུ། རྗེ་རིན་པོ་ཆེའི་ཞལ་ནས། རྨི་ལམ་ལ་དོན་བཞི་ཡིན། རྨི་ལམ་བཟུང་བ་དང་། སྦྱང་བ་དང་། སྒྱུ་མར་བྱིན་གྱིས་བརླབས་པ་དང་། དེ་ཁོ་ན་ཉིད་བསྒོམ་པའོ། དེ་ལ་བཟུང་བ་ནི། དོ་ནུབ་རྨི་ལམ་ལ་རྨི་ལམ་དུ་ཤེས་པར་བྱ་སྟེ། དེ་ཡང་ངོ་ཚར་ཅན་གྱི་རྨི་ལམ་རྨི་བར་བྱ། ཡི་དམ་གྱི་ཞལ་མཐོང་བའམ། སངས་རྒྱས་ཀྱི་ཞིང་ཁམས་མཐོང་བའམ། སུམ་

(༢༩༣)བཅུ་རྩ་གསུམ་དུ་འགྲོ་བའམ། ཡེ་ཤེས་ཀྱི་མཁའ་འགྲོ་མ་རུས་པའི་རྒྱན་ཆ་ལྔས་བརྒྱན་པ་ལ་སོགས་པ་ངོ་མཚར་ཅན་གྱི་རྨི་ལམ་རྨི་བར་བྱའོ། །སྙམ་པའི་འདུན་པ་དྲག་པོ་བཏང་ལ། དེ་ནས་མགྲིན་པར་པདྨ་འདབ་མ་བཞི་པ་ཅིག་གི་དབུས་སུ། ཨོཾ་བསམ་ལ། དེ་ལ་ཤེས་པ་མ་ཡེངས་པར་གཏད་ལ་གཉིད་ལོག །ཡང་ན་སྨིན་ཕྲག་ཏུ་ཐིག་ལེ་ལ་ཤེས་པ་གཏད་ལ་གཉིད་ལོག །དེ་ནས་གཉིད་སད་པ་དང་། ད་ཅི་བར་ཡང་རྨི་ལམ་ལ་རྨི་ལམ་དུ་ངོ་མ་ཤེས། ད་རེས་ནི་ཅིས་ཀྱང་ངོ་ཤེས་པར་བྱ་སྙམ་དུ་བསམ་ལ་གཉིད་ལོག་གོ། ཉིན་མོ་བསྒོམ་པའི་དུས་ན་ཡང་། རྨི་ལམ་ན་བསྒོམ་པ་ཡིན་སྙམ་དུ་རྨི་ལམ་དུ་སེམས་ཤིང་། མིག་གིས་གཟུགས་མཐོང་བ་ལ་སོགས་པ། སྣང་སྲིད་འདི་རྣམས་རྨི་ལམ་ཡིན་སྙམ་པའི་འདུན་པ་དྲག་པོ་བཏང་ནས་བསྒོམས་པས། མཚན་མོ་རྨི་ལམ་ཟིན་པའི་རྟགས་སུ་ཆུ་ཆེན་པོ་ལ་འཆིང་བ་དང་། གཡང་ལ་འགྲོ་བ་དང་། ཁྱིས་དེད་པ་དང་། རང་གི་ལུས་ལ་འོད་འབྱུང་བ་ལ་སོགས་པའི་རྨི་ལམ་འབྱུང་ངོ་། དེ་ལྟར་བྱུང་ནས་རྨི་ལམ་ཟིན་ནས། འདུན་པ་མ་བཏང་བར་ཐམས་

(༢༩༤)ཅད་རྨི་ལམ་དུ་ཤེས་པ་འབྱུང་བ་ནི་རྨི་ལམ་ཟིན་པའོ། །དེ་ནས་རྨི་ལམ་སྦྱང་བ་ནི། རྨི་ལམ་དུ་ཆུ་ཆེན་པོ་ལ་སོགས་པ་མི་འཚམ་པ་སྣ་ཚོགས་འབྱུང་སྟེ། ཆུ་ལ་རྒལ་བ་དང་། མེར་འཆོང་པ་དང་། རི་ལ་སོགས་པ་ལ་ཐོགས་པ་མེད་པར་འགྲོ་བ་དང་། སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་བལྟ་བ་དང་། སུམ་བཅུ་རྩ་གསུམ་དུ་ཕྱིན་ནས་དེར་བསྒོམ་པ་དང་། མགོན་པོ་བྱམས་པའི་ཞལ་བལྟ་བ་དང་། རྒྱ་གར་ཐམས་ཅད་བལྟ་བ་དང་། ཉི་ཟླ་རྡོགས་པས་གནོན་པ་ལ་སོགས་པ་རང་གི་སེམས་ལ་ཅི་བསམ་པ་ཐམས་ཅད་བྱའོ། །དེ་ལྟར་ཆུར་འཆོང་བ་ལ་སོགས་པ་ལ་ཉམ་ང་བག་ཚ་བྱུང་ན། རྨི་ལམ་ཡིན། སྒྱུ་མ་ཡིན། མི་བདེན་པས་ཅི་ལྟར་བྱས་པས་གཏུབ་པ་ཡི་སྙམ་པས། སེམས་ཀྱི་ཅི་བསམ་པ་ཐམས་ཅད་བྱའོ། །དེ་ལྟར་རྨི་ལམ་ཡིན་པས། རྣམ་པར་རྟོག་པ་ཡིན་སྙམས་དུ་བསམས་ནས། སེམས་བསྐྱེད་བསྒོམ་མོ། །དེ་ཡང་རྟོག་པ་མེད་པའི་གང་ཟག་གིས་ཀྱང་། མོས་པ་བྱེད་པ་ཡིན་ནོ། དེ་ལྟར་རྨི་ལམ་སྦྱངས་པས། གང་ཟག་གཅིག་རྨི་ལམ་གྱི་སྒོ་ནས་སངས་རྒྱ་བ་དེ་ལམ་ཅིག་ཡིན་ནོ། །རྨི་ལམ་ལམ་དུ་འཁྱེར་བའི་གདམ་

(༢༩༥)ངག་གོ། །བླ་མ་དང་མཁའ་འགྲོ་རྣམས་ལ་གུས་པར་སྤྱི་བོས་ཕྱག་འཚལ་ལོ། །བར་དོ་རྣམ་པ་གསུམ་ལ་སྐྱེ་ཤི་བར་དོ་ནི། སྐྱེས་ནས་མ་ཤི་བར་དེ་ཡིན། རྨི་ལམ་བར་དོ་ནི། རྨི་ལམ་རྨིས་ནས་མ་སད་ཀྱི་བར་དེ་ཡིན། སྲིད་པ་བར་དོ་ནི། ཤི་ནས་མ་སྐྱེས་ཀྱི་བར་དེ་ཡིན། སྐྱེ་ཤི་བར་དོར་བསྐྱེད་རྫོགས་གཉིས་གོམས་པར་བྱས་པས། རྨི་ལམ་བར་དོར་བརྟན་ནས་འོང་། དེ་ནས་སྲིད་པ་བར་དོ་ནི། བར་དོ་དང་པོར་འོད་གསལ་ངོས་བཟུང་བ་དང་། གཉིས་པ་སྒྱུ་ལུས་སྦྱངས་པ་དང་། གསུམ་པ་མངལ་སྒོ་འགེགས་པའོ། །དེ་ལ་དང་པོ་འོད་གསལ་ངོས་བཟུང་བ་ནི། དང་པོ་འབྱུང་བ་བཞི་ལས་བསྐྱེད་པའི་ལུས་འདི་འཇིགས་པའི་དུས་སུ་འབྱུང་བ་རིམས་ཀྱིས་བསྡུས་ཏེ། འོད་གསལ་ལ་གོམས་པ་ཅིག་གིས། དེའི་དུས་འོད་གསལ་ལ་མ་ཡེངས་པར་བྱས་ལ། ཐམས་ཅད་སེམས་སུ་ཤེས་པར་བྱ། དང་པོ་ས་ཆུ་ལ་ཐིམ་པའི་རྟགས་སུ་ལུས་ཀྱི་ཟུངས་མི་ཐུབ། ཆུ་མེ་ལ་ཐིམ་པའི་དུས་སུ་ཁ་སྣ་སྐམ། མེ་རླུང་ལ་ཐིམ་པའི་དུས་སུ་ལུས་ཀྱི་ཡན་ལག་ན་ཚུར་དྲོད་འཆོར། རླུང་རྣམ་པར་ཤེས་པ་ལ་ཐིམ་པའི་དུས་སུ། ནང་དབུགས་འཆད། དེ་ཙ་ན་སྣང་

(༢༩༦)བ་མཆེད་པ། སྣང་བ་ཐོབ་པ་འོད་གསལ་ཏེ། དེ་ལ་སྣང་བའི་རྟགས་སུ། ཕྱི་རྟགས་ཟླ་བ་ཤར་བ་ལྟ་བུ། ནང་རྟགས་དུ་བ་བལྟ་བུའོ། །སྣང་བ་མཆེད་པའི་རྟགས་སུ། ཕྱི་རྟགས་ཉི་མ་ཤར་བ་ལྟ་བུ། ནང་རྟགས་སྲིན་བུ་མེ་ཁྱེར་ལྟ་བུའོ། །སྣང་བ་ཐོབ་པའི་རྟགས་སུ། ཕྱི་རྟགས་མུན་འཐིབས་ལྟ་བུ། ནང་རྟགས་མར་མེ་ལྟ་བུའོ། །སྣང་བ་ཉེ་བར་ཐོབ་པའི་རྟགས་སུ། ཕྱི་རྟགས་སྐྱ་རེངས་ཤར་བ་ལྟ་བུ། །ནང་རྟགས་སྤྲིན་མེད་པའི་ནམ་མཁའ་སྟོང་པ་ལྟ་བུའོ། །དེ་འོད་གསལ་བའོ། དེ་ལྟར་འོད་གསལ་གཉིས་འདྲེས་པས། གང་ཟག་དབང་པོ་རབ་ཚེ་ཅིག་ལུས་གཅིག་གིས་སངས་རྒྱ་བའོ། །དེ་ལྟར་ཡིན་པར། འོད་གསལ་བ་ནི་རྒྱུན་པར་གནས། བར་དོའི་གྲོང་ཁྱེར་ངེས་མི་མཐོང་། །ཞེས་གསུངས་སོ། བར་དོ་གཉིས་པ་སྒྱུ་ལུས་ལ་གཉིས། དག་པའི་སྒྱུ་ལུས་དང་། མ་དག་པའི་སྒྱུ་ལུས་སོ།། །།ཤི་ནས་ཞག་ཕྱེད་དང་བཞི་ཚུན་ཆད། དང་པོའི་ལུས་དེ་ཉིད་ཀྱི་མདུན་པ་དང་། མ་བྲལ་བས། དེ་ལ་བརྟེན་ནས་འོད་གསལ་བསྒོམ་པ་ནི། མ་དག་པའི་སྒྱུ་ལུས་སོ། །དེ་གཉིས་ཀ་ཡང་སྦྱོང་བྱེད་འོད་གསལ་ཀྱི་ཡེ་ཤེས་ཀྱིས། སྦྱང་

(༢༩༧)གཞི་བག་ཆགས་སྦྱོང་བའི་འདུན་པ་དང་བཅས་པ་དེ་སློབ་པའོ། དེའི་དུས་སུ་བག་ཆགས་སྦྱོང་བའི་འདུན་པ་མེད་པར་འོད་གསལ་ཀྱི་ངང་དུ་སོང་བ་དེ་ནི་མི་སློབ་པའོ། །དེ་གཉིས་ཀ་ཞག་བཞིའམ་བདུན་ཚུན་ཆད་དུ་དཀའ་བ་ཡིན་གསུང་། ལར་ཞག་བཞི་བཅུ་རྩ་དགུ་ཚུན་ཆད་འོད་གསལ་དེ་ལྟར་བསྒོམ། ཞག་བདུན་བདུན་ན་རྣམ་རྟོག་རེ་རེ་ལྡང་བས་དེའི་དུས་སུ་འདུན་པ་དྲག་པོ་བསྒོམ། །དེ་བཞིན་དུ་བྱས་པས་སངས་རྒྱའོ།། །།གསུམ་པ་མངལ་གྱི་གྲོང་ཁྱེར་དགག་པ་ནི། དེར་རྣམ་པར་རྟོག་བྱུང་ནས་ལུས་ལེན་པའི་དུས་སུ། ཕ་མ་གཉིས་ལ་ཆགས་སྣང་གཉིས་ཀྱི་ལུས་ལེན་པས། ཕ་དེང་ལྟའི་རྡོ་རྗེ་སློབ་དཔོན་དུ་བསྒོམ། མ་དེ་རྡོ་རྗེ་སློབ་དཔོན་གྱི་ཇོ་མོར་བསྒོམ། རང་དེའི་དུས་སུ། ཡི་དམ་གྱི་ལྷར་བསྒོམ་ལ་འོད་གསལ་གྱི་ངང་ལ་བཞག་གོ། །དེས་ཀྱང་མི་ཁེགས་པ་འདྲ་ན་རྨི་ལམ་ཡིན། སྒྱུ་མ་ཡིན་ཆགས་སུ་ཅི་ཡོད་སྙམ་དུ་བསྒོམ་མོ། དེས་འབྲིང་བར་དོར་སངས་རྒྱ་བའོ།། །།དེ་ལ་བླ་མའི་ཞལ་ནས། བཞི་བཅུ་རྩ་དགུ་ཁེགས་པ་ན། འཁོར་བའི་སྲིད་པ་ ཁེགས་པ་ཡིན། ཞེས་གསུངས། །དེས་ཀྱང་མི་ཁེགས་ན། ད་ཅིས་ཀྱང་ལུས་

(༢༩༨)ལེན་པར་འདུག་ན། དེའི་དུས་སུ་སེམས་ལ་དབང་ཐོབ་པ་ལྟ་བུ་འོང་བ་ཡིན་པས། ལུས་གདམས་སྟེ། པཎྜི་ཏ་དང་འཁོར་ལོ་བསྒྱུར་རྒྱལ་ལ་སོགས་པ། སེམས་ཅན་གྱི་དོན་ནུས་པ་ཅིག་གིས་ལུས་བླངས་ལ་སྔར་གྱི་འོད་གསལ་བསྒོམ་མོ། །དེ་ནི་སྐྱེ་བ་བརྒྱུད་པས་སངས་རྒྱ་བའི་དབང་དུ་བྱ་བའོ།། །།བླ་མ་རྣམས་ལ་ཕྱག་འཚལ་ལོ། འཕོ་བ་ལ་གསུམ། རབ་འོད་གསལ། འབྲིང་སྒྱུ་ལུས། ཐ་མ་བསྐྱེད་རིམས་ཀྱིས་འཕོ་བའོ། དེ་ལ་འོད་གསལ་གྱི་འཕོ་བ་ནི། རང་ལ་འོད་གསལ་གྱི་རྟོགས་པ་ཡོད་པ་ཅིག་འཆི་བའི་དུས་སུ། རང་གིས་བསྒོམས་པའི་འོད་གསལ་ལ་མ་ཡེངས་པར་བྱས་ནས་འཆི་བ་ཡིན་ཏེ། དེ་ལ་འཕོ་རྒྱུ་མེད་ཀྱང་འཕོ་བར་མིང་བཏགས་པ་ཡིན། འབྲིང་སྒྱུ་ལུས་ཀྱིས་འཕོ་བ་ནི། དེ་ལྟར་བསྒོམ་པའི་དུས་སུ་རང་གི་གནས་འདི་སུམ་བཅུ་རྩ་གསུམ་ཨར་མོ་མོ་ལིང་ཀའི་རྡོ་ལེབ་ཀྱི་སྟེང་ཡིན་པར་བསམ་ལ། དེ་ནས་བསྒོམ་པར་བྱའོ་གཉིད་ཀྱི་དུས་སུ་ཡང་། སུམ་བཅུ་རྩ་གསུམ་དུ་ཕྱིན་ལ་དེར་བསྒོམ་པའི་འདུན་པ་བྱའོ། །དེ་ལྟར་བྱས་པས། རྨི་ལམ་དུ་སུམ་བཅུ་རྩ་གསུམ་དུ་བསྒོམ་པ་རྨི། མངོན་པར་

(༢༩༩)དགའ་བའི་འཕོ་བ་བྱ་བ་ཡིན་པས། དེ་འཆི་བའི་དུས་སུ། སུམ་བཅུ་རྩ་གསུམ་གྱི་གནས་ཨར་མོ་ལི་ཀའི་རྡོ་ལེབ་ཞེས་བྱ་བ། མནན་ན་ནེམ་བྱེད་པ་བཏེག་ན་ཕར་ཕྱེད་པ། བཅོམ་ལྡན་འདས་ཀྱི་ཞབས་ཀྱི་བཅགས་པ། བྱིན་གྱིས་བརླབས་པའི་གནས་དེར་ཕྱིན་ལ། དེར་ཕྱག་རྒྱ་ཆེན་པོ་བསྒོམ་སྙམ་པའི་འདུན་པ་དྲག་པོ་བཏང་བས། ཤེས་པ་སུམ་བཅུ་རྩ་གསུམ་དུ་འཕོས་ནས། དབུགས་འགགས་ལུས་བཞག་པའོ། དེར་བསྒོམས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའོ། ཐ་མ་བསྐྱེད་རིམ་གྱིས་འཕ་བ་ནི། རང་ཡི་དམ་ལྷར་བསམས་ལ། ལྟེ་བར་ཨཱསྙིང་ཁར་ཧཱུཾ་ཚངས་བུག་ཏུ་ཀྵ་ཡུཾ་བསམས་ལ། དེ་ནས་རླུང་བུམ་པ་ཅན་དུ་བྱས་སྟེ། ཨཱདེ་ཡར་སོང་ཧཱུཾ་ལ་བསྟིམ། ཧཱུཾ་ཡར་སོང་བས། ཀྵ་ཡུཾ་དེ་འབུར་འབུར་འཕུལ་བར་བསམ། དེ་ནས་ཡང་མར་ལ་ཕབ་ལ་སོ་སོར་བཞག །དེ་ལྟར་བྱང་བར་བྱས་ལ། ནམ་འཆི་རྟགས་བྱུང་བ་དང་། དེར་འཕོ་བའི་དུས་སུ་མདུན་གྱི་ནམ་མཁའ་ལ་ཡི་དམ་ལྷ་བསམས་ལ། ཨཱཡར་ཧཱུྃ་ལ་བསྟིམ་ལ། སྤྱི་བོའི་ཀྵ་ཡུཾ་གསལ་ལ་ཚངས་བུག་ཧར་གྱིས་སོང་བར་བསམ་ལ། ངག་ཏུ་ཨཱཧིག་ཏུ་

(༣༠༠)བརྗོད་ལ། ཧཱུྃ་དེ་ཡར་ལ་ཚེགས་མེད་དུ་སྟོན་ལ། ཡི་དམ་ལྷའི་ཐུགས་ཀར་ཐིམ་པར་བསམ། དེ་ལྟར་ཡང་ཡང་བྱས་པས་ངེས་པར་འཕོ་བའོ། དེ་ནི་རབ་འོད་གསལ། འབྲིང་སྒྱུ་ལུས། ཐ་མ་བསྐྱེད་རིམས་ཀྱིས་འཕོ་བ་གསུམ་མོ། །ད་ནི་བཙན་ཐབས་ཀྱིས་འཕོ་བ་ལ། པུས་མོ་གཉིས་ས་ལ་གཙུགས་ལག་པ་གཉིས་ལྟག་ཁུང་དུ་སྤྲེལ། རྐེད་པ་དབྱུག་པ་ལ་བཀལ་ལ། སྙིང་གྱེན་ལ་ལོག་གིས་ལོག་པར་བསམ་ལ། ངག་ཏུ་ཧི་ཀྐ་དྲག་ཏུ་བརྗོད་པས། ངེས་པར་བདེ་བ་ཅན་དུ་འཕོ་གསུང་། ཡང་གཉིད་མ་ཟློག་པར་སྙིང་ཀར་ཧཱུཾ་ཅིག་བསམས་ལ། ཚངས་བུག་གོང་བཞིན་བསམ་ལ། དེ་ནས་ཧཱུཾ་དེ་ལྗུར་ཏེ་ཐོན་ནས། ཡི་དམ་ལྷའི་ཐུགས་ཀར་ཐིམ་པར་བསམ་པའམ། ཡང་ན་བདེ་བ་ཅན་དུ་སོང་བར་བསམས་ནས། ངག་ཏུ་ཧིཀྐ་དྲག་ཏུ་བརྗོད་ལས་འཕོ་གསུང་ངོ་། །རླུང་སྦྱང་བའི་ཐབས་ནི། སྟན་བདེ་བ་ལ་སེམས་དཔའི་སྐྱིལ་དཀྲུང་བཅྭའ། སྒལ་པ་བསྲང་ཨོ་སྐོ་བཀུག །ལག་པ་མཉམ་བཞག་གི་ཕྱག་རྒྱ་ལྟེ་བའི་འོག་ཏུ་བཞག་སྟེ། དང་པོ་ཕྱིར་འགྲོ་ནང་འགྲོ་ཁ་ཅིག་བྱས་ནས། རླུང་གནས་སུ་བཞག་སྟེ། དེ་ནས་རླུང་ནང་དུ་

(༣༠༡)རྫོགས་པར་བླངས་ལ་ཐུབ་ཚད་བཟུང་ངོ་། དེ་བཞག་བཅྭ་ལྔ་ཉི་ཤུའི་བར་དུ་བསྒོམས་པས། རླུང་ནང་དུ་ཡུང་རིང་དུ་ཐུབ་པ་སྙམ་བྱེད་ན། རང་གིས་རླུང་བཟུང་སྟེ། གྲོགས་ཅིག་ཅར་བཞག་ལ། ཕྲེང་བ་ལ་ཁོའི་རླུང་བགྲང་དུ་བཅུག་སྟེ། དེ་ནས་རང་གི་རླུང་མ་ཐུབ་ན། བཏང་བ་དང་མཉམ་དུ། གྲོགས་ཀྱིས་ཀྱང་ཕྲེང་བ་བཞག་སྟེ། ཕྲེང་བ་དེ་ལ་བཅུ་རྩ་དྲུག་ཐེམ་འདུག་ན་དེས་ཆོག །ལྷག་ན་སྐྱོན་མེད། ཆད་ན་ཞག་གཅིག་པ་ཅིག་བསྒོམ། དེ་ལྟར་རླུང་སུམ་བཅུ་རྩ་དྲུག་ཁེགས་པ་དང་འཕོ་བ་སྦྱང་། དེས་ནི་རླུང་སྦྱང་བའི་མན་ངག་རྫོགས་སོ།། །།དེ་ནས་རླུང་འབྱོངས་ནས། ཡང་ལུས་བཅོས་རང་ལྷ་སྐུར་གསལ་བའི་སྤྱི་བོ་ཚང་བུག་ཏུ་།།།། མིག་གཉིས་སུ་ཧཱུཾ། སྨིན་འཚམས་སུ་ཧཱུཾ། རྣ་བ་གཉིས་དང་། སྣ་བུག་གཉིས་སུ་ཡམ་རེ་རེ། ཁར་སུམ། ལྟེ་བར་ཧཱུཾ། གཤང་བཅིའི་ལམ་དུ་།།།། ཡི་གེ་རྣམས་ཁ་དོག་དཀར་པོར་བསམ་སྟེ། དེ་ལྟར་སྒོ་དགུ་ཡི་གེ་དགུས་བཀག་ནས་རླུང་ནང་དུ་བསྟིམ་སྟེ། ལྟེ་བ་ན་སེམས་ཀྱི་རྒྱལ་པོ་ཨར་གནས་ཏེ། ཧིཀྐ་ཉི་ཤུ་རྩ་གཅིག་བརྗོད་པས། ཧིཀྐ་རེ་རེ་ལ་དེ་ཡར་བྱུང་བས། གླད་པའི་སྟེང་། ཐོད་པའི་འོག་

(༣༠༢)ཏུ་ཡར་དྲང་ངོ་། དེ་ཡང་འཕྲེང་རྟོག་ཉི་ཤུ་རྩ་ཅིག་ལ་བགྲང་། དེ་ལ་ཐ་མ་མི་འཆོས་དེ་ནས་ཡང་རླུང་བསྟིམ་སྟེ། ཕྲེང་བ་ལ་ཧི་ཀྐ་ཉི་ཤུ་རྩ་གཅིག་བརྗོད་པས། ལྟེ་བར་ཨཱདེ་མར་བབས་སོ། །དེ་ནས་ཡང་རླུང་བཏང་སྟེ་ངལ་ཨེན་ཅིག་བསོའོ། །དེ་ཀ་བཞིན་ཡར་འདྲེན་པ་ལྷག་ལ་ཡང་ཡང་བསྒོམ་མོ། །ཐུན་འཇོག་ན། སྤྱི་བོར་མི་བཞག་པར་ལྟེ་བར་ཕབ་ལ། དེ་ནས་ཐུན་མཚམས་བྱའོ། དེ་འདྲ་ཞག་བདུན་བསྒོམས་པས། འཕོ་བ་འབྱོངས་ཏེ། འབྱོངས་པའི་རྟགས་ལྔ་ནི། ལྟོ་ཆེ་བ། དབྲལ་བ་ན་ཕར་ཚྭ་འམ། རྔུལ་ཚ་བ་འཆར་བ་འབྱུང་ངོ་། འཚོགས་མ་ཏོག་སྟེ་འགྲོ་བ་ལྟ་བུ་བྱུང་ན་འབྱོངས་པ་ཡིན། ཞེས་བླ་མ་གསུང་སྟེ། དེ་མི་དགོས་པར། རླུང་བསྟིམ་ལ་བདེ་མོར་ཡར་འགྲོ་མར་འགྲོ་འོང་ནས་འབྱོངས་པ་ཡིན། དེ་ལྟར་འབྱོངས་པ་དེ་ལོ་ཉི་ཤུ་ཙམ་བྱས་ནས། དེ་ནས་བཞག་སྟེ། ལོ་ལྔ་བཅུ་དྲུག་བཅུ་ཙམ་ན་འཆི་བའི་དུས་འཕོས་པས་ཆོག་གསུང་། དེ་ལྟར་གདན་བཞི་ལ། རྔུབ་པ་སྔོན་དུ་བརྩམས་ནས་ནི། །ཐམས་ཅད་དུ་ནི་དགག་པར་བྱ། ཅེས་པ་ནས། ཉི་ཤུ་རྩ་གཅིག་དབུགས་

(༣༠༣)དག་གིས། །གནས་ནས་དྲག་ཏུ་དྲངས་ནས་སུ། །ཚིགས་གཅིག་ནས་ནི་ཚིགས་གཅིག་གོ། །ཚིགས་དགུ་གོང་མའི་བར་དུའོ། །ཡར་ལྡོག་མར་ལྡོག་ས་བོན་གྱིས། །སྦྱང་བྱའི་ཡི་གེ་ཕྱེད་དང་གཉིས། །ང་རོ་དྲག་ཏུ་བརྗོད་པ་ཡིས། །ཤེས་གསུངས་པའི་དོན་ཡིན་ནོ། །འཕོ་བ་འབྱོངས་ནས། ཕྱིས་འཆི་བའི་དུས་སུ། འཕོ་བ་བྱ་སྟེ། དེ་ཡང་གདན་གཞི་ལས། འཆི་བའི་མཚན་མ་མཐོང་ནས་ནི། །འཆི་བར་གྱུར་པའི་དུས་བྱུང་ནས། །རིམས་ལ་སོགས་པ་མ་ཕོག་པར། །འཕོ་བ་སྦྱོང་བ་མཆོག་ཡིན་ནོ། ཅེས་གསུངས་པའི་དོན། གནས་ཁང་ཡིད་མཐུན་པར། ཡི་དམ་ལྷའི་སྐུ། ལུགས་མའམ། རས་བྲིས་བཞུགས་སུ་བཞུགས། མེ་ཏོག་ལ་སོགས་པ་ཅི་འབྱོར་བ་དང་གཏོར་མ་བཤམས་ལ། ཏིང་ངེ་འཛིན་གྱིས་ཀྱང་། ཡི་དམ་ལྷ་དང་། ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་སྤྱན་དྲངས་ལ། དེ་རྣམས་ལ་མཆོད་པ་དང་། གཏོར་མ་ཅི་འབྱོར་བ་འཕུལ། དེ་ནས་རང་སྟན་བདེ་བ་ལ་དཀྱིལ་དཀྲུངས་བཅས་ལ། །སྒལ་པ་བསྲང་། ལག་པ་མཉམ་བཞག་གི་ཕྱག་རྒྱ་བྱ་སྟེ། ལྷའི་སྐུར་

(༣༠༤)བསྒོམ། སྒོ་དགུ་ཡི་གེ་དགུས་དགག །དེར་རླུང་བསྟིམ་མི་དགོས། ལྟེ་བའི་ཨདེ་གོང་བཞིན། ཧིཀྐ་ཉི་ཤུ་རྩ་གཅིག་གིས་ཡར་དྲངས། དེ་ནས་ཡང་མར་ལྟེ་བར་དབབ། དེ་ནི་ཉམས་སད་པའོ། །དེ་ནས་སྤྱི་བོའི་།།།། དེ་གསལ་ཏེ། སྤྱི་བོར་ཧར་གྱིས་སོང་བསམས་ལ། དེ་ནས་རྐང་མཐིལ་གཉིས་སུ་ཡཾ་ཡིག་རེ་རེ་བསམ། དེ་སྐུ་གཡས་གཡོན་གཉིས་དང་། མཆན་ཁུང་གཉིས་ཡཾ་རེ་རེ། སྙིང་ཀར་ཡང་ཡམ་བཞིས། བསྐོར་བར་བསམ། དེ་ནས་ཡཾ་དེ་རྣམས་ལས་རླུང་གི་དཀྱིལ་འཁོར་བཅུ་གཞུའི་དབྱིབས་སུ་འདུག་པ། འུར་སྒྲ་དང་བཅས་པས། སེམས་ཀྱི་རྒྱལ་པོ་ཨསྟེག་སྟེ་འདུག་པར་བསམས་ལ། ཧིཀྐ་ཉི་ཤུ་རྩ་གཅིག་གིས་ཤིན་དུ་དྲག་པར་དྲངས་ཏེ། སྤྱི་བོ་ནས་ཨདེ་རྒྱངས་ཀྱིས་སོང་བར་བསམས་ལ། ཡི་དམ་ལྷའི་ཐུགས་ཀར་ཤེས་པ་གཏད། ངོས་མི་ཤེས་ན། ཧིཀྐ་ཉི་ཤུ་རྩ་གསུམ་རྩ་བཞི་ལྔ་བརྗོད་པས་མི་འཕོ་མི་སྲིད་དོ། །དེ་ཡང་གདན་བཞི་ལས། ལུས་ལ་རླུང་གི་ཁ་དོག་དང་། ཧཱུཾ་གི་ས་བོན་དྲུག་པ་རུ། །རླུང་གིས་མཐའི་རྩ་བར་ནི། །ས་བོན་སེམས་ཀྱིས་དྲང་བར་བྱ། །ཅེས་གསུངས་པ་དང་། བཤད་རྒྱུད་ལས་ཀྱང་། ཧཱུཾ་

(༣༠༥)གི་ང་རོ་དྲག་པོ་ཡིས། །ལུས་ཅན་རྣམས་ནི་བཀོལ་བར་བྱ། ཅེས་གསུངས་སོ། །དེ་ལྟར་འཕོས་པས། རླུང་སེམས་ཚངས་པའི་བུ་ག་ནས། ཕྱུར་རུ་རུ་འབྱུང་གསུངས་སོ། །དེས་ནི་བར་དོར་སངས་རྒྱའོ། །དེ་ཡང་གདན་བཞི་ལས། དེ་བཞིན་འདས་པའི་ལུས་དག་ལས། ཡེ་ཤེས་ལྔ་ནི་རང་དགར་འབྱུང་། །ཞེས་གསུངས་སོ། །སྤྱངས་ནས་འཕོས་པའི་མན་ངག་གོ།། །།ན་མོ་གུ་རུ། གཉིད་འོད་གསལ་དུ་ཞུགས་པ་ནི། དོ་ནུབ་རྨི་ལམ་མི་རྨི་བར། གཉིད་ཀྱི་དུས་སུ་འོད་གསལ་བསྒོམ་དགོས་སྙམ་ནས། རང་གི་སྙིང་ཀར་པདྨ་འདབ་མ་བཞི་པའི་ལྟེ་བར་ཧཱུཾ་བསམས་ནས། དེ་ལ་ཤེས་པ་གཏད་ནས་གཉིད་ལོག་གོ། །གཉིད་སད་པ་དང་། ད་ཅི་ཡང་གཉིད་འོད་གསལ་དུ་བསྒོམ་དགོས་སྙམ་ནས། གཉིད་ལོག་པས་གཉིད་དུས་སུ་འོད་གསལ་ངོས་ཟིན་ནས། གཉིད་ལོག་མ་ལོག་མེད་པར་འོད་གསལ་དུ་འབྱུང་ངོ་། །དེ་ཡང་བླ་མའི་ཞལ་ནས། ཡང་ན་འོད་གསལ་བ་ལ་བཞག །བྱ་བ་གཉིད་མི་ལོག་པའི་དུས་རང་ནས་འོད་གསལ་ལ་བཞག་ནས་བསྒོམ་པ་ལུགས་ཅིག་ཡིན་ནོ། །དེ་ནས་

(༣༠༦)གཉིད་ལོག་མ་ལོག་མེད་པར་འོད་གསལ་དུ་འབྱུང་བ་ཡིན་ཏེ། གང་ཟག་གཅིག་གཞན་གང་ལ་ཡང་མི་རྟེན་པར་གཉིད་ཀྱི་སྒོ་ནས་སངས་རྒྱ་བའོ། གཉིད་འོད་གསལ་དུ་གཞུག་པའི་མན་ངག་གོ། །།མངལ་དུ་སེམས་ཅན་ཆགས་པ་ནི། ཕ་མ་གཉིས་ཀྱིས་སྔར་དེ་ཆགས་པའི་ལས་བསགས་པའི་ལམ་དེ་དུས་དང་ལྡན་ཞིང་། ཟླ་མཚན་དང་ལྡན་པ་དང་། ཕ་མ་གཉིས་འདོད་ཆགས་ལངས་ནས་ཕྲད་པ་དང་། དྲི་ཟ་ཉེ་བར་འཁོར་བ་ལས། མངལ་ཆགས་པར་ཆོས་མངོན་པ་ནས་བཤད་དོ། །སྔོན་བྱུང་སྲིད་པའི་ཤ་གཟུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། །རིགས་མཐུན་ལྷ་མིག་དག་པས་མཐོང་། །ཟས་སུ་དེ་ནི་དྲི་ཟའོ། །བློ་ནི་ཕྱིན་ཅི་ལོག་གྱུར་པས། རྩེ་དགའ་འགྲོ་བའི་ཡུལ་དུ་འགྲོ་ ཕྱི་མའི་ལུས་གྱི་སྣང་བ། བསམ་པ་ཐམས་ཅད་ཚང་བ། མངའ་དང་། རྡོ་རྗེ་གདན་གཉིས་མ་གཏོགས་གཞན་གང་ལ་མི་ཐོགས། བར་དོ་རང་ན་ཕན་ཚུན་ངང་ལྷའི་མིག་གིས་མཐོང་བར་བཤད། མི་ལྡོག་དེ་ནི་དྲི་ཟའོ། སྔོན་ཕྱིན་ཅི་ལོག་ལ་གོམས་པས། སྐྱེ་བ་ལེན་པ་ལ་པདྨའི་མཚོ་ལ་ངང་མོ་བརྩེ་བ་ལྟར་བའོ། ཡུལ་དུ་འགྲོ། །ཅེས་

(༣༠༧)སློ་དཔོན་དབྱིག་གཉེན་གྱིས་གསུངས་སོ།། །།ན་མོ་གུ་རུ། སྒྱུ་ལུས་སྦྱང་པ་འདི་ལྟར་བྱ་སྟེ། གཉིད་སད་པའི་དུས་སུ་རྗེས་ཐོབ་ལ་བདག་བྱིན་གྱིས་བརླབ་པ་ནི། རང་དང་སྣང་བ་ཐམས་ཅད། མཉམ་བཞག་རྨི་ལམ་གྱི་དུས་སུ་སྣང་བ་བཞིན། ཐམས་ཅད་སྒྱུ་མའམ། ཆུ་ཟླ་ལྟ་བུར་བྱས་ཤིང་བསྒོམ། དེ་ལ་དེ་བཞིན་བསྒོམས་པས་ཡེ་ཤེས་འཆར་རོ། །ཡང་གཉིད་སད་ནས་རྗེས་ཐོབ་ལ་འདི་ལྟར་བསྒོམ་ཏེ། རང་ཐ་མལ་གྱི་ལུས་མེ་ལོང་ལ་གསལ་བ་ལྟར་བལྟས་ལ། མེ་ལོང་འདུན་དུ་རང་ལ་བསྟན་ནས་ཡིད་ཡུལ་དུ་བལྟ་ཞིང་གསལ་བར་བསྒོམ་མོ། །དེ་གསལ་པོར་བསྟན་ནས། དེ་ལ་ཡོན་ཏན་མང་དུ་བརྗོད་དེ་བསྟོང་པས། དེ་ལ་དགའ་བའི་སེམས་མི་འབྱུང་སྟེ། སྒྱུ་ལུས་ཡིན་པས་སོ། །ཡང་སྐབས་སུ་དེ་ལ་ངན་གྱི་བྱེ་བྲག་མང་དུ་བརྗོད་དེ་སྨད་པས། དེ་ལ་མི་དགའ་བའི་སེམས་མི་འབྱུང་ངོ་། །དེ་ལྟར་ལན་མང་དུ་བསྒོམ་ཞིང་ཤིན་དུ་བསྟན་ནས་ཡང་དེ་རང་གི་ལུས་ལ་བཞུག་ཅིང་། རང་ཉིད་སྒྱུ་མའི་ལུས་ལ་བསྟོད་པས་དགའ་བ་མེད། སྨད་པས་མི་དགའ་བ་མེད་པའི་ལུས་སུ་བསྒོམ། དེ་ལ་གསལ་དུ་མ་འདོད་ན་

(༣༠༨)མདུན་དུ་ཡང་བསྒོམ་ལ། ཡང་ལུས་ལ་བཞུག་ཅིང་བསྒོམ་མོ། །རང་ཡི་དམ་གྱི་ལྷར་བྱས་ལ་བསྟོད་ར་མང་དུ་བཏང་ངོ་། །དེ་ལ་དགའ་བ་མི་སྐྱེ་ན། རང་གི་ལུས་ལ་བཞུག་གོ། །དེས་ནི་ངེས་པར་སྒྱུ་མའམ། ཆུ་ཟླ་ལ་སོགས་པའི་ལུས་སུ་མཐོང་བ་འོང་ལ། རང་གི་མངོན་ཞེན་ལོག་ནས། སྣང་བ་ཐམས་ཅད་ཀྱི་ཞེན་པ་ལྡོག་པ་ལ་ཚེགས་མེད་ཅིང་། སྣང་བ་ཐམས་ཅད་ཀྱང་སྒྱུ་མའི་རྣམ་པར་ལོང་ལོང་མཐོང་བར་འགྱུར་ཏེ། ཐ་མལ་གྱི་སྣང་བ་རྣམས་ཐམས་ཅད་མི་འབྱུང་ངོ་། །དེ་དུས་རང་དང་སྣང་བ་ཐམས་ཅད་སྒྱུ་མར་གྲུབ་པས། ཇི་ལྟར་ཡང་བསྒྱུར་དུ་འདོད་དེ། གཉིད་ཀྱི་དུས་སུ། སད་པའི་དུས་ཉིད་དང་། དབྱེར་མེད་དུ་ཕྲལ་ལེ་གནས་པ་ནི། གཉིད་ལོག་མ་ལོག་དབྱེར་མེད་པ། ཞེས་བྱའོ། །སྒྱུ་ལུས་ཀྱི་མན་ངག །བཀྲ་ཤིས་སོ། །ན་མོ་གུ་རུ། གྲོང་འཇུག་འཕོ་བའི་མན་ངག་ལ། གནས་དབྱེན་པར་མཎྜལ་ལ་སོགས་པར་བྱས་ལ། ཐོད་པ་ཅིག་ལ་གནག་ཚ་ལ་སོགས་པའི་རྩི་ནག་པོ་ཅིག་ལེགས་པར་བྱུགས་ལ། དེ་ལ་ཧཱུཾ་དཀར་པོ་གཅིག་བྲིས་པ་རལ་བལ་གྱི་གཡོགས་པ་མཎྜལ་གྱི་ཁར་བཞག །དེ་ནས་རང་གི་སྙིང་ཀར་ཧཱུཾ་ཅིག་བསམས་ལ། དེ་བརྟན་པ་དང་།

(༣༠༩)ཧཱུཾ་དེ་ཕར་འཕོས་ཐོད་པའི་ཧཱུཾ་ལ་བསྟིམ་ལ། དེ་ལ་ཤེས་པ་གཏད་ལ་བསྒོམ། དེ་ལྟར་བསྒོམས་པས་ཐོད་པའི་ཧཱུཾ་ལ་ཤེས་པ་ཟིན་པའི་རྟགས། ཐོད་པ་འགྲོ་བའམ། འགུལ་བའམ། འཚེག་པའམ། རལ་བལ་འགུལ་བ་ལ་སོགས་པ་འབྱུང་ངོ་། །དེ་ལྟར་བྱུང་ནས། སྲོག་ཆགས་ཕྲ་མོ་རེའུ་ལུག་གུའམ། བྱ་ལ་སོགས་པའི་རོ་རྨ་མེད་པ། མ་རུལ་པ་ཅིག་བླངས་ལ། དེའི་སྙིང་ཀར་ཧཱུཾ་བསམས་ལ། དེ་ལ་ཤེས་པ་གཏད་ལ་བསྒོམ། །དེ་ལྟར་བསྒོམས་པས། རོ་དེ་འགུལ་བ་དང་། ལྡང་ནུས་པ་བྱུང་ན། གྲོང་འཇུག་ནུས་པ་ཡིན་པས། ཡུལ་ཁམས་གཞན་ཅིག་ཏུ་ཕྱིན་ལ། རྒྱལ་པོའི་བུའམ། གཞོན་ནུ་མ་དར་ཆས་པ་ཅིག་གི་རོ། །རུལ་སུངས་དང་། རྨ་མེད་པ། འཁྲུགས་པས་ཤི་བ་མ་ཡིན་པ། སྐྱགས་ནས་ཤི་བ་མ་ཡིན་པ། རིམས་ལ་སོགས་པས་ཤི་བ་མ་ཡིན་པའི་རོ་བླངས་ལ། ཁྲུས་ལེགས་པར་བྱས་ལ། ཙནྡན་ལ་སོགས་པའི་དྲི་བཟང་པོས་བྱུགས། རས་ལ་སོགས་པའི་གོས་བཟང་པོ་བཀོན། གསེར་གཡུ་ལ་སོགས་པའི་རྒྱན་བཟང་པོས་རྒྱན་ལ། ཡིད་འཇུག་པར་བྱས་ལ། །མཎྜལ་གྱི་དབུས་སུ་བཞག་ནས། རང་དང་ཁ་སྤྲད་

(༣༡༠)དེ། རོའི་སྣ་བུག་གཡས་པ་དང་། རང་གི་སྣ་བུག་གཡོན་པ་གཉིས་སྤྲད་ལ། རོའི་སྙིང་ཀར་ཧཱུཾ་བསམས་ལ། དེ་ལ་ཤེས་པ་གཏད་ལ་བསྒོམ། རང་གི་ལུས་རྒས་པ་དེ་ལ་མི་བསམ། ཡང་ཡང་རོ་ལ་ཤེས་པ་མ་ཡེངས་པར་བསྒོམ། དེ་ལྟར་ཡུན་རིང་དུ་བྱས་པས། རོ་ལ་ཤེས་པ་ཆགས་ནས་ལངས་ནས་སྔར་གྱི་ལུས་རྒས་པ་ལ་སོགས་པ་དེ་བསྡུ་བ་སོགས་བྱས་ནས། དེ་ནས་སེམས་ཅན་གྱི་དོན་བྱ་བ་ཡིན་གསུང་ངོ་། །ན་མོ་གུ་རུ། སྤྱིར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བ་ལ། དང་པོ་རྨི་ལམ་ཡོངས་སུ་བཟུང་བ་དང་། རྨི་ལམ་སྤེལ་བ་དང་། རྨི་ལམ་གྱི་གྱི་དེ་ཁོ་ན་ཉིད་བསྒོམ་པ། ཐམས་ཅད་ལ་ཡ་ང་བ་སྤངས་ཏེ། རྟོགས་པ་ཕུལ་དུ་དབྱུང་བའོ། །དེ་ལ་སྐྱོན་བཞི་འབྱུང་སྟེ། འབྱམས་པ་གོལ་བའི་ཚད། ཉོན་མོངས་ལྡང་བའི་རོ་ཡེ་ཤེས་སུ་སླེབ་པའི་ཚད་འཁོར་བར་ལྡོག་པའི་དུས་སོ། །མགྲིན་པར། དེ་ལ་དང་པོ་ནི། ཞག་གྲངས་ཅི་རིགས་པར་བྱ་བ་ཐམས་ཅད་བཏང་། ངལ་དུབ་སྤང་། ཁ་ཟས་ཆ་མཉམ་པར་བྱ། ཉིན་པར་བསྒོམ་ཞིང་། བདག་གིས་ངོ་ནུབ་རྨི་ལམ་ལ། རྨི་ལམ་དུ་ཤེས་

(༣༡༡)པར་བྱ་སྙམ་པའི་འདུན་པ་དྲག་ཏུ་བྱ། ཉལ་ཁར་མི་བཏང་བར། པདྨ་འདབ་མ་བཞི་པའི་ལྟེ་བར་ཨཱདམར་པོ། འདབ་མ་རྣམས་ལ། ཨ་ནུ་ཏ་ར། ཞེས་པའི་ཡིག་འབྲུ་དཀར་པོ་གཡོན་བསྐོར་དུ་བཀོད་ནས། ཅུང་ཟད་ཅིག་ཡི་གེ་ལྔ་ལ་ཤེས་པ་གཏང་། མཐར་ཨོཾ་ལ་གཏད། དེ་ནས་གཉིད་ལོག །དེ་བཞིན་དུ་ཞག་གྲངས་ཅི་རིགས་པར་བྱའོ། །གཡང་དང་ཆུ་ལ་སོགས་པའི་འཇིགས་པ་དང་། དགྲས་དེད་པ་རྨི་ན་ཟིན་འདོད་པའི་རྟགས་སོ། །གནད་ཟིན་ནས། གཡང་ལ་སོགས་པ་རྨི་བ་ན། འདི་རྨི་ལམ་ཡིན་སྙམ་དུ་ངོ་ཤེས་པ་འབྱུང་སྟེ། དེ་ནི་རྨི་ལམ་ཟིན་པ་ཡིན་ནོ། །དེ་ནས་ཆེར་ཟིན་ནས། སེམས་ལ་དགའ་བ། ལུས་ལ་བདེ་བ་རྒྱས་པ་འོང་ཏེ། རྨི་ལམ་ལྟ་བུ་ཞག་འགའ་འབྱུང་བ་ཡང་ཡོད་དོ། གནད་དང་པོ་དེ་རུ་མ་ཟིན་ན། འབྱམས་པ་གོལ་བ་བྱ་ཡིན་པས། སྔོན་འགྲོ་རྣམས་འདྲ་བར་བྱས་ལ་མགྲིན་པར་མི་བཟུང་བར། མཛོད་བུར་ཐིག་ལེ་དཀར་པོ་ཅིག་ལ་ཉལ་ཁར་ཤེས་པ་གཏད། དེས་མ་ཟིན་ན། ཐིག་ལེ་ནག་པོར་བསྒྱུར་ཏེ་དེ་ལ་གཏད་ནས་བཟུང་། དེས་མ་ཟིན་ན། ཆེར་འབྱམས་

(༣༡༢)པ་བྱ་བ་ཡིན་པས། གཉིད་ཆེ་ན། ཟས་ཅུང་ཟད་དབྲི། གོས་བསྲ་བ། རྨི་ལམ་འོང་ཡང་མི་ཟིན་ན། ཉིན་བར་ལུང་སྟོང་ཉམས་དགའ་བ། མི་མེད་པའི་སར་ཕྱིན་ལ། གཅེར་བུར་རྒྱུག་ཅིང་སྐད་ཆེན་པོ་འབོད། དེ་ལྟར་ཉིན་རེ་ལན་གསུམ་བཞི་བྱ། དེ་ནས་གཡང་ཡོད་པའི་སར་འཇིགས་སུ་བཞུག །དེ་ནས་མཚན་མོ་རང་གི་གནས་སུ་འདུག་སྟེ། ཉལ་ཁར་ལུས་འདི་ཕྱིན་ཅི་ལོག་ཏུ་འདུག་སྟེ། ཉལ་ཁར་མཛོད་བུར་ཐིག་ལེ་ནག་པོ་བསྒོམས་ལ། དེ་ལ་ཤེས་པ་གཏད། ནུབ་དང་པོ་ཉིད་ནས་ཟིན། ཤིན་དུ་སྦྱང་དཀའ་ན་ཡང་། ནུབ་གསུམ་ནས་ཟིན་ནོ། །དེ་ནས་ཞགས་གྲངས་ཅི་རིགས་པར་སྦྱང་། དེ་རང་ངོ་ཤེས་ཤིང་མི་འཚམས་པ་སྣ་ཚོགས་བྱུང་ན། སྤེལ་ཏེ། ཁྱི་ལྟ་བུ་རྨི་ན། ཁྱི་བརྒྱ་ཕྲག་གམ། ཁྱི་རེ་རེ་ལ་ཡང་དཔག་ཏུ་མེད་པར་བསམས་ལ། །བདག་གི་ལུས་ཀྱང་མང་པོར་བྱ་སྟེ། རེས་དགའ་ཉི་ཟླ་རྡོག་པས་མནན་ཅིང་། རྒྱ་མཚོའི་གཏིང་དུ་འགྲོ་བ་དང་། རི་རབ་ཀྱི་རྩེ་མནན་པ་སོགས་དུ་མ་བྱའོ། །དེ་ནི་རྨི་ལམ་སྤེལ་ཏེ་ཏིང་ངེ་འཛིན་དེས། ཆོས་ཐམས་ཅད་སེམས་སུ་རྟོགས་པ་དང་། སེམས་ཉིད་

(༣༡༣)ཀྱང་རྨི་ལམ་སྒྱུ་མ་ལྟ་བུར་རྟོགས་པ་འབྱུང་ངོ་། །དེ་ལྟར་ཡིན་ཀྱང་བདེ་སྟོང་གི་ཉམས་ཆུང་ན། སྲིད་པ་ལས་མི་གྲོལ་ཞིང་དེ་ཉིད་ལས་ཞེན་པ་སྐྱེ་བས་རྨི་ལམ་གྱི་རྒྱས་བཏབ་སྟེ། ཉལ་ཁར་མཛོད་པར་ཐིག་ལེ་དཀར་ལ་གསལ་བ། བདེ་བའི་ཉམས་དང་ལྡན་པ་ཅིག་བསྒོམས་ལ། དེ་རྩ་དབུ་མ་ཁ་དོག་དམར་པོའི་ནང་དུ་བསྒྱུར་བར་བྱའོ། །སྐབས་སུ་དབང་གསུམ་པའི་ཉམས་མྱོང་ཡང་དྲན་པར་བྱའོ། །དེས་བདེ་བ་ཤུགས་ཆེར་འབར་ཞིང་། ཏིང་ངེ་འཛིན་གྱིས་བརྒྱལ་བ་འབྱུང་བས། འདི་ཉིད་བསམ་གཏན་རོ་ལ་ཡོན་ཏན་ལྡན། ཞེས་ཀྱང་བྱའོ། །དེ་ལ་ཆགས་ན། ཉོན་མོངས་པ་གཞན་ཡང་སྐྱེ་ལ། ལས་ཀྱང་བསགས་ནས་འཁོར་བར་སྐྱེ་བས། ཉོན་མོངས་པ་ལྡང་བའི་རོ་ཡིན་ནོ། དེ་ཡང་ཁང་པ་ཅུང་ཟད་ཡངས་པ་ནག་བར། རང་གི་སྙིང་ཀར་ཁུ་ཚུར་གཉིས་བཅིངས་ཏེ། མིག་འབྲས་གྱེན་ལ་བཟློག །ཤེས་པ་ལྟར་པར་བཞག་ལ། བདེ་བ་ལ་སྟོང་པས་རྒྱས་ཐེབས་ན་ཕྱག་རྒྱ་ཆེན་པོ་མཆོག་རྟོགས་སོ། །སྐབས་སུ་ཚངས་པའི་སྒོ་ཡི་བུ་ག་ཤིན་དུ་ཕྲ་བར་ཅུང་ཟད་ཙམ་རེ་གཏད་དེ་

(༣༡༤)མིག་ཀྱང་ནང་དུ་བཟློག །དེས་ཀྱང་བདེ་སྟོང་མཆོག་སྐྱེའོ། འདི་ནི་ཡེ་ཤེས་སློབ་པའི་ཚད་ཅེས་བྱ་བ་ཡིན་ནོ། དེ་ཙ་ན་ཕྱག་རྒྱ་ཆེན་པོ་ཆོས་ཐམས་ཅད་སེམས་སུ་ཤེས་ཤིང་། དེ་ཡང་སྒྱུ་མའམ །རྨི་ལམ་ལྟ་བུར་ཤེས་ལ། དེ་ཡང་བདེ་སྟོང་མཆོག་ལ་རྟོག་པ་ད་རུང་ཡང་འཁོར་བར་སྐྱེས་ཀྱིས་previous hit དོགས་ཏེ་ཡ་ང་བ་དང་། ཐར་ next hit་མ་ཐོབ་ཀྱི་previous hit དོགས next hit་དང་བྲལ་བས། དེའི་ཡ་ང་བ་སྤང་ཞིང་། རྟོགས་པ་མཆོག་ཏུ་བྱ་བ་ནི། སྤྱོད་ལམ་དང་བསྲེ་བ་ཡིན་ཏེ། གཟུགས་ལ་སོགས་པ་གང་མཐོང་བ་ཐམས་ཅད་ལ། བདག་ཉིད་ཀྱི་ཉམས་དེ་དྲན་པར་བྱ་སྟེ། ཡུལ་སྣ་ཚོགས་པ་ལ་གཡེང་ཞིང་གོམས་པར་བྱའོ། །མཐར་མཉམ་རྗེས་མེད་པར། མཉམ་བཞག་གི་ཉམས་དང་རྟོགས་པ་ཕུལ་དུ་ཕྱིན་པ་འབྱུང་ངོ་། །དེ་ལྟ་བུའི་ཏིང་ངེ་འཛིན་བརྟན་ཡང་། འཆི་བའི་རྐྱེན་བྱས་ནས་བར་དོར་ལུས་ལེན་སྲིད་དེ། གལ་ཏེ་ལུས་བླངས་ན་ནི། འཁོར་བར་ལྡོག་པའི་དུས་ཤེས་བྱ་བ་ཡིན། འདི་ཡི་གནད་ནི། དང་པོ་འཕང་ཞིང་འདུ་ཤེས་བཏང་། ཞེས་པ་ཡིན་ཏེ། བར་དོར་སྒྱུ་ལུས་ལ་སྒྱུ་ལུས་ངོ་ཤེས་པར་བྱ་སྙམ་པའི་འདུན་པ་སྐབས་སུ་བཏང་ཞིང་། རྨི་ལམ་ཉིད་

(༣༡༥)དོན་དུ་གཉེར་ཏེ། རྨི་ལམ་སྤེལ་བ་སོགས་ཇི་ལྟར་འདོད་པ་བཞིན་འོང་ལ། དེ་མཉམ་རྗེས་མེད་ན། བར་དོ་སྒྱུ་ལུས་ཐེབས་ཏེ། བར་དོ་ཉིད་མཆོག་གི་ལུས་ཏེ། སྐུ་འགྲུབ་པར་བཞེད་དོ། །འདི་ཉིད་ལ། སློ་དཔོན་ཀླུ་གྲུབ་ཀྱི་སྒྱུ་ལུས་ལ་བསྟོད་པ། ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། །ཅེས་སོགས་ཆེ་བའི་ཡོན་ཏན་གྱི་བཤད་པ་ཡང་མཛད་དེ་ལྟར་རྨི་ལམ། སྒྱུ་ལུས་མན་ངག་གིས་བསྡུས་པ་ཡིན་ནོ། །ཡིག་ཐོ་ལས་ནི། གནད་མ་འཁྲུལ་པ་བྱ་ཙམ་ལས་མ་གསུངས་སོ། །ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོལ་དུ། བདག་སོགས་སེམས་ཅན་ཐམས་ཅད་ཀྱིས། །དུས་གསུམ་བསགས་དང་རྟོགས་པ་ཡིས། །འགྲོ་དྲུག་སེམས་ཅན་མ་ལུས་པ། །སྐུ་ལྔ་ཡོངས་རྫོགས་སངས་རྒྱས་མྱུར་གྲུབ་ཤོག། །།བཀྲ་ཤིས་དཔལ་འབར་འཛམ་གླིང་བརྒྱན་དུ་ཤོག། །།མངྒ་ལཾ་བྷ་ཝནྟུ།།

(༣༡༦)

(༣༡༧)རྗེ་དྭགས་པོ་ལྷ་རྗེའི་གསུང་ཞལ་གྱི་བདུད་རྩི་ཐུན་མོངས་མ་ཡིན་པ་གཞུགས་སོ།། །།

(༣༡༨)བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རིན་པོ་ཆེའི་ཞལ་ནས་ཆོས་ཀྱི་རྩ་བའམ་གཞི་མ་ལྟ་བུ་འཆི་བ་མི་རྟག་པ་བསམ་པ་གལ་ཆེ། དེ་ནས་རྒྱུ་འབྲས་དང་འཁོར་བའི་ཉེས་དམིགས་སེམས་པ་གལ་ཆེ། དེ་ནས་རྒྱུ་འབྲས་དང་འཁོར་བའི་ཉེས་དམིགས་སེམས་པ་གལ་ཆེ། དེ་རྣམས་བློ་ལ་མ་ངེས་ན་ཆོས་པ་བཞིན་དུ་འདུག་ཀྱང་མི་འོང་། དེ་རྣམས་བློ་ལ་སྐྱེས་ན་ཚེ་འདིའི་བྱ་བ་རྣམས་ལིངས་ཀྱིས་བོར་ནས་ཆོས་བྱེད་པ་ཅིག་འོང་པ་ཡིན། དེ་ན་བླ་མ་དམ་པ་ཅིག་གིས་འཁྲིད་པ་གལ་ཆེ། དེ་ཡང་བྱམས་སྙིང་རྗེ་བྱང་

(༣༡༩)ཆུབ་སེམས་ལ་སློབ་པ་ཡིན། དེ་བློ་ལ་སྐྱེས་ན་ཅི་བྱེད་སེམས་ཅན་གྱི་དོན་བྱེད་པ་ཅིག་འོང་། །དེ་མེད་ན་གཟུགས་སྐུ་གཉིས་མི་འབྱུང་། དེ་མེད་ན་ཆོས་སྐུ་མི་འབྱུང་། དེ་གཉིས་ཕན་ཚུན་ལྟོས་པའི་ཆོས་ཡིན། ཆོས་སྐུ་མ་རྟོགས་ན་འཁོར་བ་ལས་མི་ཐར་། དཔེར་ན་ནམ་མཁའ་ལ་འཇིགས་པ་དང་འདྲ། གར་སྐྱེས་ཀྱང་འཁོར་བ་ལས་མེད། ཆོས་སྐུ་རྟོགས་ན་ཐར་པ་ཡིན་ཏེ། དེ་ཡང་ཚས་ནས་རང་གི་དད་པ་ཉིད་ཀྱིས་རྟོགས་ཀྱིས་གཞན་གྱིས་མ་ནི་བྱ་བ་གསུངས། དེ་བས་ན་བླ་མ་རྟོགས་

(༣༢༠)ལྡན་གྱི་རྒྱུད་ལ་ཆོས་སྐྱེས་ཀྱང་ཅིག་ལ་དད་གུས་ཚུལ་བཞིན་དུ་བྱས་ནས། རྟོགས་སེ་ཏེ་འོང་བ་ཡིན། བླ་མ་ལ་རྟོགས་པ་མེད་ན་སློབ་མས་དད་གུས་བྱས་ཀྱང་མི་ཕན། དཔེར་ན་སྐོས་ཕོར་ལ་རི་མོ་མེད་ན། ཚ་ཚ་ལ་རི་མོ་མི་འབྱུང་བ་དང་འདྲ། བླ་མ་རང་གི་རྒྱུད་ལ་ཡོན་ཏན་སྐྱེས་པ་ཅིག་གིས་སློབ་མ་འདྲེན་ནུ་པ་ཡིན་པས། དང་པོ་བླ་མ་གདམ་དགོས། དེ་བས་ན་ཇོ་བོ་ཀུན་ཡིད་ཆེས་པ་གལ་ཆེ། ཡིད་མ་ཆེས་ན་བླ་མའི་བྱིན་བརླབས་མི་འབྱུང་། ཡིད་ཆེས་པ་ཅིག་ལ་ཆས་མང་པོ་མི་དགོས། ཆིག་ཁ་ཡར་ལ་བརྟེན་ནས་བསྒོམ་པ་ཡིན། ལྷན་ཅིག་སྐྱེས་སྦྱོར་གྱི་ལུགས་ཀྱིས་གོ་ཆ་རྣམ་པ་གཉིས་ཀྱིས་ལམ་དུ་འཁྱེར་ཏེ། ལྟ་བའི་གོ་ཆ་ནི་ཕྱི་སྡིག་པ་མི་དགེ་བ་སྤོང་བ་དང་། ནང་དཀར་པོའི་ཆོས་སྤྱོད་རྒྱུན་མི་གཅེད་པ་ལྟ་བའི་གོ་ཆ། ལྟ་བ་བྱས་པས་སྟོང་སྟོང་བོ་ཅིག་ལ་མི་ཟེར། ཕྱི་ལུས་ཀྱི་ན་ཚ་མི་སྤོང་། ནང་སེམས་ཀྱི་རྣམ་རྟོག་མི་སྤོང་། ཤེས་རབ་ཀྱི་གོ་ཆ། དེ་ལ་དང་པོ་ལུས་ཀྱི་སྐྱིལ་མོ་དཀྲུང་ལ་སོགས་པ་

(༣༢༡)བྱས་ལ། ཤེས་རབ་ཀྱིས་སེམས་ཀྱི་མཚན་ཉིད་ལ་བལྟས་ནས། གང་དུ་སྐྱེ་བ་མེད་པ་འགག་པ་མེད་པ། དངོས་པོ་མེད་པ་བྱ་བ་ལན་གསུམ་བརྗོད་པས་ཐོས་པའི་ཤེས་རབ། དེ་ལ་བརྟེན་པ་དེའི་དོན་སེམས་ཏེ། སྐྱེ་བ་མེད་དེ་གདོད་མ་ནས་སྐྱེ་མ་མྱོང་། འགག་པ་མེད་དེ་སྐྱེ་བ་མེད་པས་འགག་པའི་རྒྱུ་མེད། དངོས་པོ་མེད་ཁ་དོག་དང་དབྱིབས་ལ་སོགས་པ་གང་དུ་ཡང་མ་གྲུབ་པ་ཅིག་ཏུ་གོ་བ་དེ་བསམ་པའི་ཤེས་རབ། དེ་ལྟར་རྟོགས་པ་དོན་གྱི་ངོ་བོར་ཤེས་པ་བསྒོམ་པའི་ཤེས་རབ། དེ་ལྟར་རྟོག་པ་དོན་དུ་ཤེས་པས། ད་འཁོར་བ་ལ་previous hit དོགས next hit་མེད་དེ། འཁོར་བ་རྣམ་པར་རྟོག་པ་ཡིན། རྟོག་པ་སེམས་ཡིན། སེམས་སྐྱེ་བ་མེད་པ་ཆོས་སྐུར་ཤེས་པས། འཁོར་བ་ལ་previous hit དོགས next hit་མི་སྐྱེ། སངས་རྒྱས་ལ་རེ་བ་མེད་དེ་ཆོས་སྐུར་རྟོགས་པ་ལས། སངས་རྒྱས་སྒྲུབ་དུ་མེད་བར་གོ། །དེས་ན་རྣམ་པར་རྟོག་པ་དེ་དགོས་པ་སྐུ་དྲིན་ཅན། མེད་དུ་མི་རུང་བ་ཡིན་ཏེ། དགོས་ཏེ་ཁོ་ལ་བརྟེན་ནས་ཆོས་སྐུ་རྟོགས་པར་བྱེད། སྐུ་དྲིན་ཆེ་སྟེ་ཁོ་ལ་བརྟེན་ནས་ལམ་

(༣༢༢)གྱི་གྲོགས་སུ་ཤར། མེད་དུ་མི་རུང་སྟེ་ཁོ་མེད་ན་ཆོས་སྐུ་རྟོགས་པའི་ཐབས་མེད་པ་ཡིན། དེ་ལྟར་བྱས་ན་སེམས་ཆོས་སྐུའི་ངང་ལས་མ་ཡེངས་པར་བསྒོམ། དེའི་ངང་ལས་རྣམ་རྟོག་བྱུང་བ་དེ་སེམས་ལས་བྱུང་སེམས་སུ་ཐིམ། སེམས་དང་དབྱེར་མེད་དུ་འཁྱེར་བ་བྱ་བ་ཡིན། ལྷན་ཅིག་སྐྱེས་སྦྱོར་དུ་འཁྱེར་བ་བྱ་བ་ཡང་ཡིན། ཆོས་ཀྱི་ཕྱག་རྒྱར་འཁྱེར་བ་བྱ་བ་ཡང་ཡིན་གསུང་། ཕྱག་རྒྱ་ཆེན་པོའི་དབང་དུ་བྱས་ན། རང་གི་སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་སྐུ། སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོང་ལ། དེ་ཡང་ན་ང་འཛིན་པའི་སེམས་དེ་ཆོས་ཀྱི་སྐུ་ལ། ཕྱི་བཟུང་བའི་ཡུལ་དེ་འོང་ཡིན་ཏེ། དཔེར་ན་ཉི་མ་དང་ཉི་མའི་འོད་ལྟ་བུའམ། ཙན་དན་དང་ཙན་གྱི་དྲི་ལྟ་བུ་སྟེ། ཐ་དང་མེད་པ་ཅིག་ཡིན། དེ་ཡང་ཇི་ལྟར་གནས་ཤེས་ན། སེམས་དང་སྣང་བ་ཐ་དད་དུ་ཞེན་པའི་རྣམ་རྟོག་མེད་པ་གཉུག་མའི་དོན་དེ་ཁོ་ན་ཉིད། མ་བཅོས་པ་ལ་གནས་པར་བྱས་ཏེ། འབྲས་བུ་ལ་རེ་བ་དང་། འཁོར་བ་ལ་previous hit དོགས next hit་དང་། ཉིད་ཀྱི་སེམས་དོན་ལ་རྩོལ་བར་

(༣༢༣)བྱ་བའི་སེམས་དེ་དག་མཐོང་ལ། ཅི་ཡང་མ་ཡིན་པའི་སེམས་རང་དགའ། རྣལ་མ་འདི་ཉིད་ནི་དོན་དམ་པའོ། །རང་གི་སེམས་མ་བཅོས་པ་དི་ཉིད་རྟོགས་ན། སྣང་གྲགས་ཀྱི་ཆོས་ཐམས་ཅད་དེའི་ངོ་བོ་ལས་མ་འདས་པའོ། །དེ་རྟོགས་ནས་དེ་ལས་གཞན་པའི་ཆོས་སྐུ་ཅིག་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་རྒྱུད་རྣམས་སུ། བླ་མ་རྗེ་བཙུན་གྲུབ་པ་ཐོབ་པ་རྣམས་ཀྱིས་ཀྱང་། དེ་ལས་མ་གཟིགས་པ་ཡིན། དེ་བས་ན་རང་གི་སེམས་མ་བཅོས་པ་གཉུག་མའི་ངོ་བོར་རྟོགས་པས། ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཤུགས་ཀྱིས་འཆར་བ་ཡིན་ནོ་གསུང་ངོ་། སློ་དཔོན་ཀླུ་གྲུབ་ཀྱི་ལུགས་ཀྱིས་ཕྱག་རྒྱ་བཞི་འདོད། །ལས་ཀྱི་ཕྱག་རྒྱ། ཆོས་ཀྱི་ཕྱག་རྒྱ། དམ་ཚིག་གི་ཕྱག་རྒྱ། ཕྱག་རྒྱ་ཆེན་པོ་དང་བཞིའོ། །དེ་ལ་དབང་པོ་ཐ་མ་ཆགས་པ་ཅན། ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བསྒོམ་པ་ཡིན། འབྲིང་ཆགས་བྲལ་དམ་ཚིག་གི་ཕྱག་རྒྱ་བསྐྱེད་པའི་རིམས་པ་ལ་བརྟེན་ནས་མཚན་བཅས་བསྒོམ་པ་ཡིན། ཆོས་ཀྱི་ཕྱག་རྒྱ་རྣམ་རྟོག་ཆོས་སྐུར་རྟོགས་

(༣༢༤)པར་བྱེད་པ་ཡིན། དབང་པོ་རབ་ཕྱག་རྒྱ་ཆེན་པོའི་སེམས་ཉིད་མ་བཅོས་པའི་ངོ་བོར་ཤེས་པར་བྱེད་པ་ཡིན་ཏེ། དེ་ཡང་རྣམ་པར་རྟོག་པ་རྣམས་སྤངས་ཤིང་། །བཟུང་བ་དང་འཛིན་པ་རྣམས་དང་བྲལ་བའི་ཡེ་ཤེས། འདུས་མ་བྱས་པ་སྟེ་རྒྱུ་དང་རྐྱེན་གྱིས་མ་བསྐྱེད་བའི་སེམས་ཀྱི་ངོ་བོ་རྟོགས་པ་ཡིན་ནོ། །ཡང་ན་སེམས་ཀྱི་རང་བཞིན་སེམས་ཀྱི་ངོ་བོ། སེམས་ཀྱི་མཚན་ཉིད་བྱ་བ་གསུམ་དུ་བཤད། དེ་ལ་སེམས་ཀྱི་རང་བཞིན་བྱ་བ་རང་བཞིན་གྱིས་དག་པ། འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཁྱབ་པའི་འདུས་མ་བྱས་འདི་ཡིན། སེམས་ཀྱི་ངོ་བོ་རབ་རིག་བསྐྱེ་འགག་མེད་པའི་ང་ཡིན། སེམས་ཀྱི་མཚན་ཉིད་བག་ཆགས་ཀྱི་གཟུགས་སྣ་ཚོགས་སུ་སྣང་བ་འདི་ཡིན་ཏེ། འོ་ན་གང་བསྒོམ་ན་སེམས་ཀྱི་སྣང་བ་རྒྱལ་བ་ཡིན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐུགས། ས་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཐུགས། སྲིད་པ་དྲུག་གི་སེམས་ཅན་གྱི་སྣང་བ་སེམས། རང་གི་རིག་པའི་ངོ་བོ་གསལ་ལ་གོ་མ་འགགས་པ་འདི་བསྒོམ་པ་ཡིན་ཏེ། དཀའ་

(༣༢༥)སྟ་སྒྲིབ་པ་མ་ཟང་བས། རྟག་ཏུ་འགྲོགས་ཀྱང་ཞལ་མ་མཐོང་། ཡང་ན་སླབ་པ་ཡིན་ཏེ་གཞན་ནས་བཙལ་མ་དགོས་པར་རང་ལ་ཡོད་དེ། ངའི་སེམས་ངའི་སེམས་ཟེར་བ་འདི་ཡིན། མཚན་ཉིད་སྣ་ཚོགས་སུ་འཆར་བ་ཡིན། ངོ་བོ་མ་བཅོས་པ་རང་གསལ་དུ་སང་དེ་ཡེ་རེ་བ་འདི་རང་ཡིན། ལར་ཇོ་བོ་བ་འདི་ངོ་མ་ཤེས་ཀྱི་བར་དུ། ཕྱོགས་མཐའ་དག་ནས་འབུང་དགོས། ད་ལན་མ་ཐར་ན་ཕྱིས་མི་ལུས་ལ་ཕྱི་ཕྱག་འཚལ་ནས་ཡེའུ་ཟེར་ནས། ངན་སོང་དུ་ཁ་བལྟས་ནས་འགྲོ་བའི་ཉེན་ཡོད་པས། སྙིང་ཐག་པ་ནས་ཆོས་གྱིས། ངའི་འདི་སྙིང་ཕྱུང་ཡང་དམར་པོ་ལྟར་ལྟར་པོ་ཅིག་ལས་མེད་བྱ་བ་སྤྱན་སྔ་པ་གསུང་བ་དང་འདྲ་བ་ཡིན་ནོ། སྙིང་ནས་ཚེ་འདིའི་བྱ་བ་ཐམས་ཅད་བཞག་ནས། བསྒྲུབ་པ་ཅིག་བྱེད་དགོས་པ་ཡིན། ང་ལ་རྣམ་ལ་འབྱོར་པ་ཟེར་ཏེ་ད་ནི་ལས་འབྲས་ལ་ཤིན་དུ་འཛེམ་པ་ཡིན། ངའི་བླ་མ་རྣམས་ཀྱི་མན་ངག་ཡིན། ལས་འབྲས་ལ་ཡར་ལེ་ཕྱེད་དེ་འདུག་ན་ཆོས་གནད་དུ་མ་ཕོག་པ་ཡིན། ལྟ་བ་མཐོ་བ་སྐད་ཟེར་ཡང་

(༣༢༦)མི་ཕན་པས། བུ་རང་མི་ལ་སྡིག་མི་བསག །ཆོས་ཀྱི་ཞལ་ཆེ་མི་བཅད། འདི་གཉིས་ཉེན་ཆེ་བ་ཡིན། མ་མཐོང་བའི་གཡངས་ས་ཡིན། དགེ་བའི་རྩ་བ་མ་ལུས་པར་མཛད་པ་ཡིན། དེ་བས་ན་དཔག་ཏུ་སྡོང་ལས་སྒྲུབས་ཤིག །ཚེ་ལ་ལོང་མེད་ལོ་འགའ་ཟླ་བ་འགའི་བར་འདིར། དོན་ཅིག་ཅི་གྲུབ་བྱེད་དགོས་པ་ཡིན། སྙིང་ནས་སྒྲུབས་ན་སངས་རྒྱ་བ་ལ་དུས་ཡུན་རིང་པོ་མེད། གསང་སྔགས་ནས་བླ་མ་རྟོགས་ལྡན་དང་། སློབ་མ་སྣོད་ལྡན་ཕྲད་ནས་བསྒྲུབས་པ་ཚུལ་བཞིན་བྱས་ནས། ཚེ་ཅིག་ལུས་གཅིག་གིས་སངས་རྒྱས་པར་བཤད་པ་ཡིན་ནོ་གསུང་། །ན་མོ་གུ་རུ། རང་རིག་པའི་ངོ་བོ་དེ་ཅི་ཡང་མ་ཡིན་པ་ལ། ངོར་སྐྱེ་འཇིག་ཐམས་ཅད་དང་བླ་ལ་བར་རྟོགས་ན། ཕྱག་རྒྱ་ཆེན་པོའི་ནང་ནས་བསམ་གཏན་མེད་ཅིང་། རྟོགས་པས་སངས་རྒྱས་པའི་ཕྱིར་རོ་ཞེས་གསུང་བས། གནས་པ་ཡུན་ཐུང་ཡང་མི་ལྟོ། སྐད་ཅིག་གཉིས་པའམ་མི་གཅིག་ཟན་ཟ་ལས་མ་གནས་ཀྱང་། བསྒོམ་པ་གལ་ཆེ། །ཡུན་རིང་བར་གནས་པར་འདོད་པ་སྐྱོན་ཅན་ཡིན། རྟོག་པ་ཕྲ་ཕྲོས་

(༣༢༧)མི་ལྟོ། དེ་རང་གི་ངོ་བོ་ཡིན་སྤང་མི་དགོས། གར་འཕྲོས་པའི་སར་ལྟོས་དང་ཚུར་ལོག་ནས་འོང་གིས། སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཕྱི་ནང་གཉིས་སུ་བརྟགས་ཏེ། ཇི་ལྟར་བརྟགས་ན་ཅི་ཡང་མ་ཡིན་པའི་དོན་སྐྱེ་འཇིག་ཐམས་ཅད་དང་བྲལ་བ་དེ་ལས། བཟང་བ་ལོགས་ན་འདུག་གམ་མི་འདུག་བལྟ་སྟེ། སྐྱེ་མཆེད་མུ་བཞི་རྟོག་མེད་ཀྱི་ཏིང་ངེ་འཛིན་དྲན་པ་མེད་པར་ཕྱལ་གྱིས་སོང་བར་བསམས་ལ། དེ་དང་རིག་པ་གང་དགའ་བལྟས་པས། རྟོག་མེད་དེ་ལུང་མ་གཏན་དུ་འདུག་པས། དེས་ཀྱང་དོན་མི་འགྲུབ། དེ་བས་ཐ་མལ་གྱི་ཤེས་པ་དགའ། ནམ་མཁའི་ཁམས་ཐམས་ཅད་ལྷ་དང་ལྷ་མོས་གང་བར་བསམས་ལ། དེ་རྣམས་ཀྱིས་བདག་ཡར་དྲངས་པས། བདག་དང་དེ་རྣམས་ཐ་མི་དད་དུ་བསམས་ལ་གང་དགའ་ལྟས་པས་དེ་རྣམས་དེ་ལྟར་སྣང་ཡང་སེམས་ཀྱི་རྣམ་འཕྲུལ་ཡིན། དེ་ཡང་འགྱུར་བ་ཅན་ཡིན་པས། དེ་བས་ཐ་མལ་གྱིས་ཤེས་པ་དགའ། དེ་བས་ཀྱང་རང་སངས་རྒྱས་སུ་བྱས་ལ་སྐུ་མདོག་དང་ཕྱག་མཚན་དང་། རྒྱན་དང་

(༣༢༨)ཆ་ལུགས་ཇི་ལྟ་བས་རྒྱན་ལ། དེ་ཡང་སྒྱུ་མའམ་འཇའ་ཚོན་ལྟ་བུར་བྱས་ལ། །གང་དགའ་བལྟས་པས་དེ་ཡང་བསྐྱེད་རིམས་ཡིན། བློས་བྱས་ཡིན་པས་ངོས་བཟུང་དུ་སོང་། དེ་བས་ཐ་མལ་གྱི་ཤེས་པ་དགའ། མཚན་ཉིད་པའམ་བཀའ་གདམས་པ་བཞིན་དུ་བཟུང་བ་དང་འཛིན་པ་གཉིས་ཀ་གཞི་རྩ་མ་གྲུབ་པ། སྐྱེ་མེད་དུ་བྱས་ནས་སྣ་ཚོགས་དཀར་དམར་སྣང་བ་འདི། ཐམས་ཅད་ཡིད་ཀྱིས་དག་པ་ཨ་ཅང་ཡང་ཆེ་སྟེ། མིག་གིས་ཀྱང་མ་མཐོང་བར་བྱས་ལ། ཆོས་ཐམས་ཅད་ནམ་མཁའ་རྣམ་པར་དག་པའི་དཀྱིལ་ལྟ་བུ། བློས་བྱས་ལ་དེ་དང་གང་དགའ་ལྟ། དེ་ཡང་བློས་བྱས་ཀྱི་སྟོང་པ་ཡིན། དེ་བས་ཐ་མལ་གྱི་ཤེས་པ་དགའ། འོ་ན་ཡང་རང་ལ་མངོན་པར་ཤེས་པ་ཡོད་པར་བྱས་ལ། དེ་དང་གང་དགའ་བལྟས་པས་མངོན་ཤེས་ལྷ་ལ་ཡང་ཡོད། ལྷ་ལ་ཨ་ཅང་ཡང་ཆེས་ཏེ་མོ་མ་ལ་ཡང་ཡོད་དེ་ཚེ་འདི་པ་ཡིན། འདྲེ་ལ་ཡང་ཡོད་དེ་གོ་མ་ཆོད། དེ་བས་ཐ་མལ་གྱི་ཤེས་པ་དགའ། ཐ་མལ་གྱི་ཤེས་པ་དེ་ལ་བརྟག་པ་གཉིས་པ་ནས། གཞན་གྱིས་

(༣༢༩)བརྗོད་མིན་ལྷན་ཅིག་སྐྱེས། །གང་གིས་ཀྱས་ནི་མི་རྙེད་དེ། །བླ་མའི་དུས་མཐའ་རྟེན་པ་དང་། །བདག་གིས་བསོད་ནམས་ལས་ཤེས་བྱ། །ཅེས་གསུངས་སོ།། །།བདག་གི་བླ་མ་རིན་པོ་ཆེའི་ཞལ་ནས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། ད་ལྟར་གྱི་ཐ་མལ་གྱི་ཤེས་པ་ཡེ་ནས་ཡོད་པ་འདི་ཉིད་ཡིན་གསུང་། དེ་ངོ་ཤེས་པར་བྱེད་པའི་ཐབས་ལ། བླ་མ་དམ་པའི་གདམས་ངག་ཅིག་ལ་བརྟེན་ནས། ཐ་མལ་གྱི་ཤེས་པ་འདི་ཉིད་མ་བཅོས་པར་གཞག །མ་སླད་པར་གཞག །རང་སོར་རང་དགར་གཞག །དེ་ལྟར་གཞག་པས་རང་གི་སེམས་ཉིད་སྐྱེ་བ་མེད་པར་རྟོགས། འགག་པ་མེད་པར་རྟོགས། གནས་པ་མེད་པར་རྟོགས། དངོས་པོ་མེད་པར་རྟོགས། ཡང་དག་པར་རྟོགས་པས། སྣང་གྲགས་འདི་ཡང་དེ་དང་འདྲ་བར་རྟོགས་པ་ལྟ་བ་ཡིན་གསུང་། དེ་ལྟར་བློ་མ་བཅོས་པར་ཡེངས་པ་མེད་པ་ལ། དུས་ཐམས་ཅད་གནས་པ་བསྒོམ་པ་ཡིན་གསུང་། དེ་ལྟར་སེམས་ཉིད་སྐྱེ་བ་མེད་པ་དང་། སྣང་གྲགས་འདི་གཉིས་ཆུ་དང་ཆུའི་

(༣༣༠)རླབས་ལྟ་བུར་གཉིས་མེད་དུ་བྱས་ཏེ། ལས་འབྲས་ལ་སྤྱོད་པ་འདི་སྤྱོད་པ་ཡིན་གསུང་། ཡང་དོན་སྤྱི་ཡིད་ལ་བྱེད་པ་དང་དོན་དངོས་ཡིད་ལ་བྱེད་པ་གཉིས་ལས། དབུ་མ་བས་ཀུན་རྫོབ་ཏུ་ཡོད་པའི་མཐའ་དང་། མེད་པའི་མཐའ་དང་། གཉིས་ཀ་དང་གཉིས་ཀ་མ་ཡིན་པའི་མཐའ་བཞི་བཀག་ནས། དོན་དམ་པར་ཁས་ལེན་པ་ཐམས་ཅད་དང་བྲལ་བའི་སྤྲོས་བྲལ་དུ་བཞེད། ཕ་རོལ་དུ་ཕྱིན་པ་ཀུན་རྫོབ་ཏུ་གཟུགས་སྟོང་པ། སྟོང་པ་ཉིད་གཟུགས། གཉིས་མེད་དུ་བཞེད། དོན་དམ་པར་ཆོས་ཐམས་ཅད་མི་དམིགས་པར་བཞེད། དོན་དངོས་ཡིད་ལ་བྱེད་པ་ནི་གསང་སྔགས་པ་སྟེ། དེ་ཡང་ཏཻ་ལོ་པའི་ཞལ་ནས། ཀྱཻ་ཧོ་རང་གི་རིག་པ་ནི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཏེ། ང་ལ་བསྟན་དུ་ཅི་ཡང་མེད། ཅེས་ཟེར་བ་ལྟ་བུ་སྟེ། ལྟ་བ་གཉིས་སུ་མེད་པ། ཉམས་མྱོང་རྒྱུན་ཆད་མེད་པ། བསྒོམ་པ་ཕྱོགས་སུ་མ་ལྷུང་པ་སྤྱོད་previous hit ་དགག་བསྒྲུབ་དང་བྲལ་བ་ཡིན། འབྲས་བུ་རི་དོགས next hit་བྲལ་བ་ཡིན་གསུང་། གསང་སྔགས་ཀྱི་ལྟ་བ་ནི་གཉིས་ཏེ། འོད་གསལ་དང་ཟུང་འཇུག་

(༣༣༡)གོ། །ཟུང་འཇུག་ནི་དང་པོ་བླ་མ་ལ་གདམས་ངག་ཅིག་ཞུས་ནས། ཉམས་སུ་བླངས་པའི་དུས་སུ། ཉམས་སུ་བླངས་པའི་དུས་སུ། ཉམས་ཀྱི་འཆར་ལུགས་ནི། སེམས་གཞི་མེད་པར་བཞག །རང་བཞིན་གྱིས་རྣམ་པར་དག་པར་བཞག །རང་བཞིན་གྱིས་འོད་གསལ་པར་བཞག་དེ་ལྟར་བཞག་པས་གསལ་བ་མར་མེའི་རྩེ་མོ་ལྟ་བུའི་ཉམས་འབྱུང་། གཙང་བ་རིན་པོ་ཆེའི་སྣོད་ལྟ་བུའི་ཉམས་འབྱུང་། སྐྱོན་མེད་པ་སྤྲིན་མེད་པའི་ནམ་མཁའ་ལྟ་བུའི་ཉམས་འབྱུང་། ཐམས་ཅད་ལ་སྐོམ་པས་གདུངས་པ་ཆུ་རྙེད་པ་ལྟ་བུའི་ཉམས་འབྱུང་སྟེ། དེ་ཙ་ན་ལྟ་བའི་རྟོགས་ལུགས་གཉིས་ཏེ། དཔེར་ན་མཁས་པས་བ་གླང་སྐྱོང་བ་ནི། བ་གླང་ཕྱོགས་ཐམས་ཅད་དུ་ཡན་ཡང་། མ་ཡེངས་པར་མིག་གིས་ནོན་པ་བཞིན་དུ། རང་གི་སེམས་རྣལ་མར་བཞག་པའི་དུས་སུ། རྣམ་རྟོག་ཅི་བྱུང་ཀྱང་རང་གི་སེམས་ལས་མ་ཡེངས་པར་བལྟའོ། །སེམས་ལས་ལོགས་ན་རྟོག་པ་མེད་པར་བལྟའོ། །དཔེར་ན་ནགས་ལ་མེ་ཤོར་ན་རྩྭ་ལ་སོགས་པ་ཐམས་ཅད་གྲོགས་སུ་འགྲོ་བ་བཞིན་དུ། རང་

(༣༣༢)གི་སེམས་རྟོགས་ན་སྣང་བ་ཐམས་ཅད་གྲོགས་སུ་འགྲོ། །དེས་ན་ལྟ་བ་བཟུང་དུ་འཇུག་པ། ཉམས་མྱོང་རྒྱུན་ཆད་མེད་པ། སྤྱོད་པ་ལྔ་ཕྱི་མེད་པ། དགག་བསྒྲུབ་ཐམས་ཅད་དང་བྲལ་བ། སྣང་གྲགས་ཐམས་ཅད་དང་བྲལ་བའི་ཉམས་དང་མི་འབྲལ་བར་བྱ་གསུང་ངོ།། །ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པས་འདོད་ཁམས་མན་ཆོད་ཀྱི་ལྷ་མིར་སྐྱེ། ལྷག་པ་སེམས་ཀྱི་བསླབ་པའི་ཏིང་ངེ་འཛིན་གྱིས། གཟུགས་ཁམས་མན་ཆོད་ཀྱི་ལྷར་སྐྱེ། ཐེག་པ་ཆེན་པོ་གསང་སྔགས་པ་ནི་དེ་ལྟ་ཉིད་ནས་སྐུ་གསུམ་དུ་འབྱེར། འོད་གསལ་བསྒོམ་པ་ཆོས་ཀྱི་སྐུ། ལྷས་སྐུ་སྒྱུ་མ་ཙམ་དུ་བསྒོམ་པ་ལོངས་སྤྱོད་རྫོགས་པའི་སྐུ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་དང་། ལུས་ངག་ཡིད་གྱིས་གཞན་དོན་བྱེད་པ་ནི་སྤྲུལ་པའི་སྐུ་ཡིན། སེམས་མ་བཅོས་པའི་ངང་ལ་སེམས་ཀྱིས་ཁ་ལྟས་པས། ཤེས་པ་སྲབ་སེང་བའི་དམིགས་པ་གཏད་པས་མི་འཚོར་བར་འདུག་ན་རྩེ་གཅིག་གི་བསྒོམ་པ་ཡིན། མཐའ་བཞི་དང་བྲལ་བ་སྤྱོད་ལམ་ཐམས་ཅད་དུ་

(༣༣༣)བསྒོམ་པ་ནི་སྤྲོས་བྲལ་གྱི་བསྒོམ་པ་ཡིན། རྟག་ཏུ་བསྒོམ་ན་ཐུན་དང་མི་བྲལ་བའི་བསྒོམ་པ་ཡིན། སྣ་ཚོགས་སུ་སྣང་ཡང་ངོ་བོ་གཅིག་ཏུ་ཤེས་པ་ནི་དུ་མ་རོ་གཅིག་གི་རྣལ་འབྱོར་རོ། །མཉམ་གཞག་ཆེན་པོའི་རྣལ་འབྱོར་ནི་རྒྱུན་ཆད་མེད་པ་ཡིན་གསུང་ངོ་།། །།ཡང་རིན་པོ་ཆེའི་ཞལ་ནས། འཆི་བ་མི་རྟགས་པ། ལས་རྒྱུ་འབྲས། འཁོར་བ་ཉེས་དམིགས་བསྒོམ་པ་གལ་ཆེ་གསུང་། དེ་མེད་ན་སྔགས་པ་འབེན་པོ་དང་ཁྱད་མེད། ཞག་གཅིག་མ་བསྒོམས་ནའང་ཐ་མལ་དུ་ཁྲེས་ཀྱི་འགྲོ་བ་ཡིན། བྱམས་པ་དང་སྙིང་རྗེས་ཀུན་ནས་བསླངས་ནས་དགེ་བ་ཅི་བྱེད་ཐམས་ཅད་འགྲོ་བ་མར་རྒན་རྣམས་ཀྱི་དོན་དུ་ཅི་འགྲོ་བྱེད་དགོས་པ་ཡིན་གསུང་། དེ་ལྟ་བུར་བློ་སྦྱོང་བ་ཅིག་གིས། སེམས་ཀྱི་རང་བཞིན་འོད་གསལ་བ་བྱ་བ་བསྒོམ་པ་ཡིན་ཏེ། སེམས་ཅི་ཡང་མ་ཡིན་པ་ལ་དཔྱད་ཅིང་བལྟས་པས། གསལ་སིང་ངེ་བའམ། དངས་སིང་ངེ་འམ། འདི་ཕྲིལ་ལེ་བ་འབྱུང་སྟེ། འདི་རང་ཡིན་སྙམ་པའི་དང་བ་འདྲེན་ནུས་པ་འོང་། རེས་

(༣༣༤)འགའ་ཉམས་མེད་པ་ལྟ་བུ་འོང་ཞིང་ཉམས་ཅི་ཡང་འཆར་བ་ཡིན། ཉམས་དེ་དང་ལྷན་ཅིག་སྐྱེས་སྦྱོར་སྡེབས་ཤིང་བསྒོམ་པས། འགྱུར་བ་མེད་པ་སྐྱེ་འཇིག་དང་བྲལ་བ། རྒྱུན་ཆད་མེད་པ། དུས་ཐམས་ཅད་པ་བྱ་བ་འབྱུང་བ་ཡིན། དེ་ཙ་ན་ཉམས་ལ་འདོད་པ་མེད་པ་དང་། ཞེན་པ་གཏིང་ནས་མེད་པ་འབྱུང་བའོ། རྟོགས་པ་ཅི་སྐྱེས་ཀྱང་རང་གར་མི་འགྲོ་བཟུང་འཛིན་གཉིས་མེད་དུ་འཆར་ཏེ། སེམས་ཀྱི་རང་བཞིན་གདོད་མ་ནས་རྣམ་པར་དག་པ་ཡིན། འཁོར་བར་འཁོར་བ་ཡང་ས་ཕྱོགས་སམ་གནམ་ཕྱོགས་ལྟ་བུར་འཁོར་བ་མ་ཡིན་ཏེ། སེམས་འཁྲུལ་པས་འཁོར་བར་སྣང་བ་ཡིན་ཏེ། སྣང་བས་གནོད་ཡང་མ་སྐྱལ་ཕན་ཡང་མ་བཏགས། མར་དམྱལ་བར་སོང་ཡང་སེམས་རང་འཁྲུལ་བ་ཡིན། སྣང་བ་བྱུང་ཚད་རང་སྣང་ཡིན་ལོག་ན་གྲུབ་པ་ཡེ་རང་མེད། ཡང་སངས་རྒྱས་པའི་དུས་ན་ཡང་སེམས་ཁོ་རང་རྣམ་པར་དག་པ་ཡིན། གཟུགས་སྐུ་བྱུང་ཚད་གཞན་སྣང་ཡིན། དོན་དམ་རྟོག་བྲལ་འབའ་ཞིག་ཡིན། དེ་ལྟ་བུའི་དོན་གོ་བར་བྱེད་པ་ལ་ལྟོས་ཐག་མ་ཆོད་ན་མི་འོང་། ལར་ཚེ་འདིའི་ལྟོས་ཐག་

(༣༣༥)ཆོས་པ་ལ་ཅི་ལ་ཡང་མི་ཆགས་པ་ཅིག་དགོས། འཁོར་བ་ལ་ཕྱི་མིག་མི་ལྟ་བ་ཅིག་དགོས། གཟོད་ཕུགས་བྱེད་དགོས་པ་ཡིན། གཟོད་ཕུགས་བྱེད་ན་ཚེ་འདི་གཅིག་པུས་དོན་འགྲུབ་འོང་བར་འདུག །ང་བསྒོམ་ཡུན་རིང་བ་ཡིན། ང་ལ་ཆ་རྒྱུས་ཡོང་། དགེ་ཤེས་དགོན་པ་པའི་ཞལ་ནས། གླུ་ཆུང་སོ་ཡི་བར་ནས་ལེན། ཁ་འུག་པོ་ལ་ཅི་ཆ་ཡོད། ཅེས་གསུང་བ་དེ་དང་འདྲ། ང་བསྒོམས་པ་ལ་ཆ་ཡོད་པ་ཡིན། སྟོན་པ་རྣམས་ཀྱི་ལྟ་བ་དེ་ལ་ལྟ་བ་བཏུབ་མི་བཏུབ་ཆ་མེད། ལྟ་བ་ང་ལ་ཆ་ཡོད་པ་ཡིན། ང་ལ་ནི་ཕྱིར་མི་ལྡོག་སྙམ་པ་ལས་ལྡོག་སྙམ་པ་སྐད་ཅིག་ཀྱང་མེད་གསུང་། ངོ་བོ་རྦད་ཀྱི་ཆོད་པ་ཅིག་ལ་གཉིད་གྲོགས་ཡིན་ནམ། གེགས་ཡིན་ཞུས་པས། ངོ་བོ་ལ་གང་གིས་ཀྱང་གེགས་བྱ་བར་མི་ནུས་པ་ཡིན། གཉིད་ཐུམ་གྱིས་སོང་བ་དེ་ཆོས་སྐུ་ཡིན། རྨི་ལམ་གྱི་རྟོག་པ་བྱུང་བ་དེ་རྗེས་ཀྱི་ཤེས་པས་ཚུལ་བཞིན་དུ་ཆོད་པས་གྲོགས་སུ་འཆར་བ་ཡིན། །ངོ་བོ་ལ་རྒྱུན་ཆད་མེད་པས་ཐམས་ཅད་ལ་དགག་སྒྲུབ་མེད་པ་ཡིན་གསུང་། ཟུང་འཇུག་དང་གཅིག་

(༣༣༦)ཆོད་ལ་ཁྱད་ཅི་ཡོད་ཞུས་པས། ཟུང་འཇུག་ཏུ་ཐམས་ཅད་འཁྱེར་ཞིང་འདུག་སྟེ། ངོ་བོ་མ་ཤར་བ་རྣམས་པར་ལ་སྣང་བའི་ཕྱི་འབྲངས་ཞིང་སོང་། ངོ་བོ་ཤར་བ་ཅིག་ལ་ཐམས་ཅད་སྐྱེ་མེད་དུ་ཤེས་པས་ཟུང་འཇུག་ཀྱང་ཡིན། རེ་དོགས་དགག་སྒྲུབ་ཐམས་ཅད་དང་བྲལ་བས་ཅིག་ཆོད་ཀྱང་ཡིན། ཕྱིའི་ཡུལ་ཐམས་ཅད་མེད་པར་ཤེས་པས་ཐམས་ཅད་ཡེ་ཤེས་རང་འབར་དུ་ཤར་བ། རེ་previous hit དོགས་དགག་སྒྲུབ་ཐམས་ཅད་དང་བྲལ་བ་ཅིག་ལ་ཤི་མ་ཤི་ཡང་མེད། ལུས་བོར་མ་བོར་ཡང་མེད་ next hit་ཡིན། འོ་ན་ཀྱང་རྣམ་སྨིན་གྱི་ལུས་འདི་ཡོད་རིང་ལ་ལྷ་སྐུ་སྒྱུ་མ་ཙམ་ལ་བརྟེན་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་འདུས་བྱས་ཀྱི་དགེ་བ་ཐམས་ཅད་མི་གཞག་པ་ཅི་གྲུབ་བྱ། ཐམས་འདི་རྣམས་ཡོན་ཏན་ཆེ་བར་བྱུང་གསུང་ངོ།། །།ཡང་རིན་པོ་ཆེའི་ཞལ་ནས། ང་ལ་ཆོས་ཅིག་ལས་མེད་གཅིག་པོ་དེ་རིག་པའི་ལྡེ་མིག་ཡིན། དེ་ངོ་ཤེས་ན་དེ་ལས་ལྷག་པའི་ཆོས་ཅིག་ཡེ་རང་མེད། རང་གི་མཚན་ཉིད་རང་གི་མཚོན་དེ་ཤེས་པར་བྱས་སོ། །གསུང་པ་དེ་ཡིན། གོ་ན་

(༣༣༧)སངས་རྒྱས་ལག་པའི་ལྟོ་རྒྱབ་བྱ་བའམ། རང་འགྲིལ་གང་བྱ་བ་དེ་ཡིན་ཏེ། མ་གོ་ན་རི་བོ་ཙམ་བསམ་ཀྱང་དཀའ་བར་ཡོད། ཁ་ཅིག་གིས་མཐའ་ཐམས་ཅད་བཀག་ནས་ཅི་ཡང་མ་ཡིན་པར་བློས་བྱས་ཅིང་གཞག་སྟེ། གཤིས་འབའ་ཞིག་ཡིན། ཅིག་དང་དུ་བྲལ་གྱིས་སྟོང་པར་བྱས་ཅིང་བསྒོམས་ཏེ་ཁ་འབྱམས་ཅིང་སོང་། བཟུང་འཛིན་ལ་སོགས་སྐྱེ་མེད་དུ་བྱས་ཅིང་བསྒོམས་ཏེ་གོ་ཡུལ་ཡིན། ནང་དུ་བློ་མ་ངེས་པས་གྱེས་ཅིང་སོང་། ལ་ལས་ནི་རྟོག་པ་བྱུང་ཚད་བཀག་ནས་རྟོགས་མེད་ལ་བློ་དྲིལ་འཇོག་པ་ལ་ཡོན་ཏན་དུ་བལྟ་སྟེ། དེས་ལམ་གཅོད་མི་ནུས་ཡེ་ཤེས་ཕྱེའོ་བྱ་བ་ཡིན། ལ་ལས་ནི་ཐབས་ཉི་ཚེ་བསྒོམ་པས་བདེ་གསལ་མི་རྟོགས་པའི་ཉམས་འབྱུང་སྟེ། བདེ་བས་ནི། ལུས་སེམས་ཐམས་ཅད་བདེ་བས་གང་བ་སོར་ཆིག་ཡན་ཆོད་བདེ་བས་རྒྱས་བ་འོང་། །ལུས་ཡོད་པར་མི་ཚོར་བ་དང་། ལུས་ནམ་མཁའི་དཀྱིལ་ནས་འལ་འོལ་བྱེད་དབུགས་འབྱུང་འཇུག་མི་ཚོར་བ་དེ་ལྟ་བུའི་བདེ་བ་འབྱུང་ངོ་། །གསལ་བ་ནི།

(༣༣༨)བསལ་སིང་ལ་བ་དབབ་འདྲེན་ནུས་པ་འོང་། མི་རྟོགས་པ་ནི། འདི་ལས་མི་རྟོགས་པ་ཅི་འདོད་སྙམ་པ་འོང་། །དེ་ལྟ་བུའི་ཉམས་བྱུང་ཡང་མཆོག་ཏུ་མི་བཟུང་། ཞན་ན་ལམ་འགག་པ་ཡིན། ཉམས་མྱོང་གི་རྩི་ལ་འབྱར་བ་བྱ་ཡིན། ཉམས་ལ་འཛིན་པ་མེད་པ་ཞེན་པ་མེད་པ་ཅིག་དགོས་པ་ཡིན། རྟོག་པ་བཀག་ཅིང་རྟོག་མེད་བསྒོམ་པ་རྣམས་ཀྱིས་གར་ཡང་མི་ཕྱིན། འོ་ན་ཀྱང་བྱས་པས་རྟོག་པ་ལ་ལམ་བྱེད་པ་ཡིན། རྟོག་པ་མེད་དུ་མི་རུང་བ་བལྟ་བ་ཡིན། དགོས་པར་བལྟ། སྙིང་དུ་སྡུག་པར་བལྟ། སྐུ་དྲིན་ཅན་དུ་བལྟ། རྟོག་པའི་རྩ་བ་སེམས་ཡིན་པས་རྟོག་པ་དེ་ངོ་བོ་ཉིད་ཀྱི་རྟོགས་པ་ཡིན། དེ་ལྟར་ཡིན་པས་བླ་མའི་ཞལ་ནས། མི་རྟོགས་ཆོས་སྐུ་ལགས་པར་གདའ། གསུང་། ངོ་བོ་མ་མཐོང་ན་སྟོང་པ་མ་འདའ་ལོག་དགོས་པ་ཡིན། ངོ་བོ་མཐོང་ནས་རང་ཤུགས་ཀྱིས་སྐྱེ་མེད་དུ་འཆར་བ་ཡིན། རྟོག་པ་ལ་དགག་སྒྲུབ་མེད་པས་རང་གྲོལ་དུ་འགྲོ་བ་ཡིན། རྟེན་རྣམ་སྨིན་གྱིས་ལུས་ཡོང་རིང་ལ་རྟོག་པ་སྐད་ཅིག་མ་འོང་བ་

(༣༣༩)ཡིན། དགའ་མི་དགའ་ལ་སོགས་པ་འཛིན་པའི་སྐད་ཅིག་མ་འོང་བ་ཡིན། དེས་གནོད་མི་ནུས་དམ་ཐག་འོད་གསལ་དུ་འཆར། རྟོག་པ་འོད་ཆད་པ་བཞིན་དུ་འགྲོ་བ་ཡིན། ལར་ཚིག་ཙམ་བརྗོད་ཀྱང་འདྲ་འདྲའི་རིལ་པོ་ཅིག་ཏུ་འགྲོ། ནང་དུ་ངེས་པའི་ཤེས་པ་གལ་ཆེ་བ་ཡིན། ངེས་ཤེས་བཤའ་མ་ཅིག་ཡོང་ན་བསྒོམ་མཁན་དེ་ཉིད་མ་བཅོས་པར་འཇོག་ཤེས་པ་ཅིག་འོང་། ངེད་ལ་མི་བསྒོམ་པའི་ཤེས་པ་ཅིག་ཡོད་གསུང་། སྡེ་སྣོད་ཀྱི་ཆོས་ཐམས་ཅད་སེམས་ཐོག་ཏུ་འབེབས་ཤེས་པ་ཅིག་དགོས་པ་ཡིན། རྩེ་ཅིག་ལ་སོགས་པའི་རྣལ་འབྱོར་བཞི་ཡང་གཅིག་ཏུ་འཆར་བ་ཡིན། ཆོས་ཐམས་ཅད་རིག་པའི་ཐོག་ནས་ཤན་འབྱེད་པ་ཅིག་འོང་བ་ཡིན། དེ་བཙུག་འདུག་ན་སེམས་ཙམ་པ་དང་། དབུ་མ་པ་དང་། ཕ་རོལ་ཏུ་ཕྱིན་པ་ལ་སོགས་གང་བསྒོམ་ཀྱང་ངོ་བོའི་ཐོག་ཏུ་འོང་བ་ཡིན། དེ་ཨང་ཅང་ཆེ་སྟེ་ཉན་ཐོས་དང་མུ་སྟེགས་རྟག་ཆད་ལ་སོགས་པ་གང་བསྒོམ་ཀྱང་། ངོ་བོ་འབའ་ཞིག་གི་སྟེང་དུ་འགྲོ་བ་ཡིན། མ་ངེས་ན་གཉུག་མ་མ་བཅོས་པ་ལ་སོགས་པ་

(༣༤༠)ལ་སོགས་པ་ཚིག་ཏུ་ཇི་སྐད་བརྗོད་ཀྱང་། ཁོང་སྐྲན་ཡོད་པའི་སྐྱོན་ཡིན། དེས་ན་ལམ་དེས་གཅོད་པ་ཡིན། བླ་མ་ཏཻ་ལོ་པའི་ཞལ་ནས། ང་ལ་བལྟ་རྒྱུ་ཅིག་ལས་མེད། རང་གི་རིག་པ་ལྷན་ཅིག་སྐྱེས་པའི་པའི་འོད་གསལ་ཅིག་པུ་ལས་མེད་དེ་ལས་ལོག་པའི་ཆོས་ཅིག་མེད། དེ་མེད་ཙ་ན། ཚེ་འདི་ལྟོས་ཐག་བཅད་ནས། བཏུབ་ཚད་ལྕོགས་ཚད་ཀྱིས་ལྟག་ཞ་ཕུང་ནས་ཚེ་འདི་ཅིག་པུ་ལ་དོན་ཅི་འགྲུབ་བྱ་དགོས། ངོ་བོ་ཀློང་དུ་གྱུར་པ་རྣམས་འོད་གསལ་འབའ་ཞིག་ལ་འགྲོ་བ་ཡིན། བར་དོའི་སྣང་བ་མི་མཐོང་བ་ཡིན། བླ་མ་མི་ལའི་ཞལ་ནས། འོད་གསལ་བ་ནི་རྒྱུན་པར་གནས། བར་དོའི་གྲོང་ཁྱེར་དེས་མི་མཐོང་། ཞེས་གསུངས་སོ། །བླ་མའི་ཞལ་ནས། སྣང་བ་རིམས་ཀྱིས་ཐིམ་ནས་རྣམ་པར་ཤེས་པ་འོད་གསལ་ལ་ཐིམ་པ་དང་། ལྕགས་རི་བ། ས་བཅུ་རྒྱུན་གྱི་ཐ་མལ་སྐད་ཅིག་མ་གཉིས་པ་ལ་སྲིད་པའི་ས་བོན་རྣམ་པར་ཤེས་པ་འགགས་ནས་ཆོས་སྐུ་བདེ་བ་ཆེན་པོ་མངོན་དུ་གྱུར་གསུང་པ་དང་། བྱ་ཡུལ་བ། རྟོག་པ་གར་འགགས་ཙ་ན་སངས་རྒྱས་པ་

(༣༤༡)ཡིན་གསུང་། དེ་གསུམ་ལ་ཁྱད་ཅི་ཡོད་ཞུས་པས། ཁྱད་མེད་གསུང་། རྗེ་རིན་པོ་ཆེའི་ཞལ་ནས། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་མེད་ན་སངས་མི་རྒྱ་བ་ཡིན་གསུང་བ། ཀུན་རྫོབ་བྱང་ཆུབ་སེམས་སྐྱེ་བའི་རྒྱུ་ཚང་བར་བྱས་ནས་སྨོན་འཇུག་གི་དམ་བཅའ་བྱ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྤྱངས་ན་ད་ལྟ་མི་སྐྱེ་བ་སྙམ་བྱེད་ཀྱང་། རྣམ་སྨིན་གྱི་ལུས་དང་བྲལ་ཙ་ན་སྙིང་རྗེ་རང་ཆས་སུ་འོང་བ་ཡིན། དོན་དམ་ལྷན་ཅིག་སྐྱེས་པའི་གཉུག་མ་ཡིན་ནོ་གསུང་།། །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཡུན་རིངས་མི་བསྡོད་འཆི་བར་ངེས་པས་ཐར་པ་མྱུར་དུ་བསྒྲུབས། ཉི་མ་ནུབ་པའི་གྲིབ་སོ་བཞིན་དུ་མི་རྟག་ཕ་རོལ་འགྲོ་བར་ངེས། ལེ་ལོ་སྙོམས་ལས་མ་བྱེད་བརྩོན་འགྲུས་མེ་བཞིན་སྤོར། །ཚེ་ལ་བློ་གཏད་མེད་པར་ངེས་པས་རྒྱུན་ཆད་མེད་པར་ཉམས་སུ་ལོངས། ཉམས་སུ་བླངས་ན་བློ་དང་བྲལ་བའི་ཉམས་རྟོགས་དུས་ཅིག་འཆར། །རྒྱུ་ལས་འབྲས་བུ་འབྱུང་བར་ངེས་པས་ལས་འབྲས་ཁྱད་མི་བསང་། །ངན་སོང་སྡུག་བསྔལ་དྲན་པར་གྱིས་ལ་གཉེན་

(༣༤༢)པོ་དྲག་ཏུ་བརྟེན། །གཅིག་པུར་ཐར་བར་འདོད་ན་ཐེག་དམན་ཉམ་ཐོས་རང་རྒྱལ་གོལ། །མའི་དྲིན་ལན་དྲན་པར་གྱིས་ལ་བྱམས་དང་སྙིང་རྗེ་རྒྱུན་དུ་བསྒོམས། །བྱང་ཆུབ་སེམས་ཀྱི་སེམས་ཅན་བསྒྲལ་པའི་སྨོན་ལམ་རྟག་ཏུ་བསྒོམས། །གོམས་པར་བྱས་ན་རང་ལ་ལྟོས་མེད་གཞན་དོན་ཤུགས་ཀྱིས་འབྱུང་། །རང་རྒྱུད་ཏིང་འཛིན་འབྱོངས་ཤིང་སྒྲིབ་པ་གཉིས་པོ་ཤུགས་ཀྱིས་འདག །ཆོས་རྣམས་གཟུགས་བརྙན་རྨི་ལམ་སྒྱུ་མ་ལྟ་བུར་ནི། །གོ་བར་གྱིས་ལ་ཚེ་འདིའི་འདོད་དང་ཞེན་པ་ཟིལ་གྱིས་ནོན། །དེ་ལྟར་གོམས་ན་རང་བློ་གཏིང་ནས་ལྡོག །བློ་མ་ལོག་པའི་གང་ཟག་གིས། །ཉོན་མོངས་ཐར་པ་ཐོབ་མི་འགྱུར། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །སེམས་ཅན་ཐམས་ཅད་ཀུན་ལ་ཡང་། །དེ་ཉིད་ཡོད་དེ་རྟོགས་པ་མེད། །དཔེར་ན་གྱད་གྱིས་ནོར་བུ་བཞིན། །རྟག་ཏུ་འགྲོགས་ཀྱང་ཞལ་མ་མཐོང་། ཡང་ཡང་ཕྲད་ཀྱང་ངོ་མ་ཤེས། །བླ་མའི་དྲིན་གྱིས་ད་རེས་མཐོང་། །མུན་པའི་དཀྱིལ་དུ་ཟླ་ཤར་བཞིན། །རང་བློའི་གཏིང་ནས་ཡེ་ཤེས་ཤར། །ཉམ་སུ་མྱོང་

(༣༤༣)བས་རང་རྒྱུད་ཚིམ། །བྱིན་བརླབས་སྟོབས་ཀྱིས་ངེས་ཤེས་སྐྱེས། །བརྗོད་བྲལ་ཉམས་མྱོང་བློ་དང་བྲལ། །རང་རིག་ངོ་བོ་ཉམས་སུ་ཤར། །དོན་དང་བློ་ཕྲད་ངོ་མཚར་ཆེ། །མ་བསམ་ལྷུན་གྱིས་གྲུབ་བམ་བསམ། །བསམ་གྱིས་མི་ཁྱབ་ཡེ་ཤེས་ལ། །རྟག་ཏུ་ལོངས་སྤྱོད་ངོ་མཚར་ཆེ། །འོད་གསལ་ངོས་བཟུང་མེད་པ་ལ། །ཉམས་ལེན་བྱེད་པ་རྨད་ཀྱི་ཆོས། །རང་ཉིད་ཆོས་སྐུར་རྟོགས་པ་ངོ་མཚར་ཆེ། །སྣང་གྲགས་སེམས་སུ་རྟོགས་པ་ཞེ་འདོད་བྲལ། །དགའ་དང་སྤྲོ་བ་རྒྱུན་ཆད་མེད་པ་བྱུང་། །བདེ་བ་ཆེན་པོའི་ཉམས་ཅིག་སྐྱེས་པ་འདྲ། །སེང་གེ་ལྟ་བུ་འཇིགས་དང་ཉམ་ང་བྲལ། སྐྱེ་ཤི་འཁོར་བའི་ཆོས་དང་བྲལ་བ་འདྲ། །ཡིད་བཞིན་ནོར་ལྟར་དོན་ཀུན་གྲུབ། །རང་གི་ཡེ་ཤེས་རྟོགས་འདོད་ན། །རལ་འང་བ་བཞིན་གློང་ལ་ཞོག །བྱ་བ་ཐོང་ལ་སེམས་ལ་རྟེན་མ་འཆའ། །ཤེས་པ་མ་འགུགས་གང་དགའ་ཉིད་ལ་ཐོང་། །བྱིང་རྒོད་བྱུང་ན་དེ་ཉིད་རང་ལ་ལྟོས། སེམས་ལ་གནོད་པའི་ལས་རྣམས་ཁད་ཀྱིས་སྤོངས། །ཞེ་འདོད་བྱུང་ན་བདུད་དུ་ཤེས་པར་གྱིས། །

(༣༤༤)མ་བཅོས་བཞག་པའི་སེམས་ནི་སངས་རྒྱས་ཡིན། །འགྲོ་འཆག་ཉལ་འདུག་ཀུན་དུ་ལྷུག་པར་ཞོག །དེ་ལྟར་བཞག་པའི་སེམས་ཉིད་ནི། །བཟུང་བ་མེད་པས་ནམ་མཁའ་འདྲ། །ཕྱོགས་སུམ་ལྷུང་ལྟ་བ་ཡིན། །ཉམ་ང་མེད་པ་ཤུགས་ཀྱིས་འབྱུང་། །དག་ཅིང་དྲི་མེད་ཤེལ་སྒོང་འདྲ། །གསལ་ལ་མ་ཡེངས་བསྒོམ་པ་ཡིང་། །རྒྱུན་ཆད་མེད་པ་ཤུགས་ཀྱིས་འབྱུང་། །རང་བྱུང་ཞེན་མེད་བུ་ཆུང་འདྲ། །གཟའ་གཏང་མེད་པ་སྤྱོད་པ་ཡིན། །དགག་བསྒྲུབ་མེད་པ་ཤུགས་ཀྱིས་འབྱུང་། རྒྱུ་འབྲས་དུས་མཚུངས་ཨ་རྨྲི་ཏ། །རེ་previous hit དོགས་མེད་ next hit་འབྲས་བུ་ཡིན། །བྱ་བ་ལྷུན་གྲུབ་ཤུགས་ཀྱིས་འབྱུང་། །དེ་ལྟར་བཞག་ན་སངས་རྒྱས་ཐོབ། །སངས་རྒྱས་ལོགས་ནས་ཐོབ་ཏུ་མེད། །ཕྱོགས་བཅུ་དུས་གསུམ་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྟོགས་ན་སངས་རྒྱས་ཡིན། །ཕྱོགས་རིས་མེད་ཅིང་མཐའ་དང་བྲལ། །ནམ་མཁའ་ལྟ་བུར་ངོས་བཟུང་མེད། །སེམས་ཉིད་དེ་ལྟར་རྟོགས་ན་ལྟ་བ་ཡིན། །སྣང་སེམས་གཉིས་

(༣༤༥)མེད་ཆུ་དང་ཆབ་རོམ་བཞིན། །དེ་དོན་ཅིག་ཏུ་གོ་ན་རྟོགས་པ་ཡིན། །དེ་དོན་ཉམས་སུ་ཤར་ན་ཉམས་མྱོང་ཡིན། །དེ་ལ་རྩེ་གཅིག་འཇོགས་པ་བསྒོམ་པ་ཡིན། །དེ་ལ་མ་ཡེངས་ལོངས་སྤྱོད་སྤྱོད་པ་ཡིན། །རང་སེམས་རྟོགས་ན་ཆོས་སྐུ་མཐོང་བ་སྟེ། །རྒྱུའི་དུས་ན་འབྲས་བུ་འབྱུང་བ་ཡིན། །དེ་ཉིད་རྟོགས་ན་གཟུགས་སྐུ་འབྱུང་བ་ཡིན། །ཨེ་མ་ཧོ། ཆོས་རྣམས་མཉམ་པ་ཉིད་ཡིན་ཡང་། མ་རྟོགས་པ་ཡིས་གོ་བ་མིན། །རྟགས་ཆད་གཉིས་པོ་དག་པའི་ཕྱིར། །ཐབས་དང་ཤེས་རབ་གསུངས་པ་ཡིན། །ཐ་མལ་ཞེན་པ་བཟློག་པ་དང་། །ཟུང་འཇུག་རྟོགས་པ་བསྒྲུབ་པའི་ཕྱིར། །བསྐྱེད་པའི་རིམ་པ་གསུངས་པ་ཡིན། །རླུང་སེམས་དྷཱུ་ཏི་རབ་ཞུགས་པ་དང་། །རྒྱུད་ལ་འོད་གསལ་བསྐྱེད་པའི་ཕྱིར། །རྫོགས་པའི་རིམ་པ་བཤད་པ་ཡིན། །རང་རིག་ཡེ་ཤེས་འོད་གསལ་འདི། །སྔར་མ་སྐྱེས་པས་ང་མི་འགག །ཡོད་མེད་མཐའ་ལས་འདས་པ་ཅིག །རྟག་ཆད་གཉིས་དང་བྲལ་བ་ཅིག །ངོས་བཟུང་

(༣༤༦)མེད་པར་གསལ་པ་ཅིག །ཡེ་ཤེས་ཡིན་ཕྱིར་སྐྱེ་འཇིག་བྲལ། །སྤྲོས་བྲལ་བདེ་བའི་ངོ་བོ་ཅན། །དམིགས་པའི་ཡུལ་མེད་ངོ་བོ་གསལ། །བདེ་བ་ངོས་བཟུང་མེད་པ་གནས་པའི་ཉམས། །སྟོང་པ་ཡེ་ཤེས་གསལ་བ་གྲུབ་པའི་ཉམས། །མཁྱེན་previous hit ་ངོ་བོར་གསལ་བ་སྟོང་པའི་ཉམས། །འབད་རྩོལ་མི་དགོས་ཡེ་ནས་གནས་པའི་ཉམས། །རེ་དོགས next hit་མེད་པའི་འབྲས་བུ་ཐོབ་པའི་ཉམས། །འདུ་འབྲལ་མེད་པས་གཉིས་སུ་མེད་པའི་ཉམས། །དགག་སྒྲུབ་མེད་པས་འདོད་དང་བྲལ་བའི་ཉམས། །དོན་དང་བློ་ཕྲད་ཤིན་དུ་ངོ་མཚར་ཆེ། །ངེས་ཤེས་གཏིང་ནས་སྐྱེས་པས་འགྱུར་བའི་previous hit དོགས next hit་མེད། །ཐམས་ཅད་བརྫུན་དུ་ཤེས་པས་ཞེན་པའི་འཇིགས་པ་མེད། །རྣམ་རྟོག་སེམས་སུ་ཤེས་པས་སྤང་བླང་གཉིས་དང་བྲལ། །ཉོན་མོངས་ཡེ་ཤེས་ཡིན་པས་གཉེན་པོ་རྟེན་མི་དགོས། །རང་སེམས་དེ་ལྟར་རྟོགས་ན་ཆོས་སྐུ་ལྷུན་གྱིས་གྲུབ། །ཐབས་མང་པོ་བཤད་ཀྱང་། །གང་ལ་དམིགས་པ་དེ་ལ་མ་ཡེངས་ན་དོན་འགྲུབ་པས་ཐབས་ཀྱི་མཆོག་ནི་མ་ཡེངས་པའོ།། །།

(༣༤༧)ཡང་རིན་པོ་ཆེའི་ཞལ་ནས། ཤེས་པ་བཀོལ་དུ་འདོད་པ་དང་མི་འདོད་པ་གཉིས་ཡོད་དེ། འདོད་པ་ནི་དང་པོ་ནས་འདོད་འཇུག་ཉུང་། རྩེ་གཅིག་རྒྱུད་ལ་སྐྱེས་པའི་དུས་སིང་ངེ་ཡེ་རེ་བའི་ཉམས་འཆར་ཏེ་ནང་ནས་དང་བ་འདྲེན་ནུས། རྟོགས་པ་མེད་པས་ཐེ་ཚོམ་འབྱུང་། །ཉམས་ཀྱང་རེས་ཕྱལ་ལེ་ལོང་ངེ་བ་འབྱུང་། རེ་འགའ་ནི་ཤེས་པ་རླན་དང་བྲལ་ནས་བསྒོམ་ཡེ་མེད་དམ་སྙམ་པ་འབྱུང་། རེས་འགའ་ནི་རྣམ་རྟོག་ལུང་མ་བསྟན་རབ་རིབ་ཅིག་གིས་གནོད་པ་ཡང་འབྱུང་། །དེ་ལྟ་བུའི་ཉམས་བཟང་ངན་ཅི་བྱུང་ཡང་རྩེ་བ་སེམས་ངོས་ཟིན་པར་བྱས་ལ། མ་བཅོས་པར་གོམས་སུ་བཅུག་པས་སྤྲོས་བྲལ་དུ་འཆར་ཏེ། སྔར་བཤད་པའི་ཉམས་བཟང་ངན་བག་རེ་འོང་སྟེ། རུས་ཐམས་ཅད་པ་རྒྱུན་ཆད་མེད་པར་རྟོགས་པ་ཁོང་དུ་ཆུད་པ་བ་ཤིན་དུ་ཟབ་ཅིང་ཕྲ་བ། བློ་ལ་ངེས་པ་ཡིན་པས་ཐེ་ཚོམ་དང་ཉམས་ང་འབྱུང་ངོ་། ཤེས་པའི་ཉམས་བཟང་ངན་ཅི་བྱུང་ཡང་རང་གི་ཤེས་པ་རྣལ་མ་མ་སྤངས་པར་བསྐྱངས་ན། རང་གི་མ་ཚོར་བར་

(༣༤༨)ཏིང་ངེ་འཛིན་ལྷུན་གྱིས་གྲུབ་སྟེ། དེ་ཙ་ན་གསལ་ལ་མ་ཆགས་ཤིང་ཞེན་པ་མེད་པའི་ཉམས་འབྱུང་། རོ་གཅིག་གིས་ཉམས་ཀྱང་དེ་རང་ཡིན། ཕྱི་ཡི་ཡུལ་གཉིས་མེད་དུ་རྟོགས་པའི། །རང་སེམས་ཆོས་སྐུར་ལྷན་གྱིས་རྟོགས་ན་བསྒོམ་དུ་མེད་པའོ། །གཅིག་ཆར་བའི་རྟེན་གྱི་གང་ཟག་ནི་བླ་མས་ངོ་སྤྲད་པ་ཙམ་གྱིས་སྤྲོས་བྲལ་འཆར་རོ། །རིམས་ཀྱིས་པ་ལ་ནི་གོམས་པ་ལས་འཆར་རོ། །ཐམས་ཅད་ཀྱང་བརྩོན་འགྲུས་ཀྱི་སྟེང་ན་གདའ། དད་ལྡན་གཡོ་མེད་གང་ཟག་གིས། །སྒྲུབ་ལ་ནན་ཏན་གཙོར་བྱས་ན། །དེའི་ལག་ན་བྱང་ཆུབ་འདུག །ཅེས་གསུངས་སོ། །བག་ཆགས་ཀྱི་དྲི་མ་རྣམ་པར་སྤྱོད་བ་ཅེས་བྱ་བ། རིན་པོ་ཆེ་པས་བྱར་མོ་སྦས་སྟོན་ཕུག་ཏུ་མཛད་བརྫོགས་སོ།། །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བླ་མའི་མཚན་ཉིད་ཇི་ལྟ་བུ་ཡིན་ཞེ་ན། ཆོས་དྲུག་དང་ལྡན་ན་ཡིན་ཏེ། གང་ཞེ་ན། དམ་ཚིག་དང་ལྡན་པ་ཉམས་པ་མེད་པའི་གཞི་སློབ་པའི་དམ་ཚིག་དང་། མི་སློབ་པའི་དམ་ཚིག་

(༣༤༩)གོ། །ཐོས་པ་དང་ལྡན་པ་པྲཛྙཱའི་གཞི། ༈ །ཕན་སེམས་དང་ལྡན་པ་ཐེག་པ་ཆེན་པོའི་གཞི། རྟོགས་པ་དང་ལྡན་པ་དོན་གྱི་གཞི། །བཟོད་པ་དང་ལྡན་པ་འཁྲུག་མེད་པའི་གཞི། བརྒྱུད་པ་ཐོས་པའི་ཤེས་རབ་ཀྱིས་དམ་ཚིག་བསྐྱེད་ནུས་པ། བསམ་པའི་ཤེས་རབ་ཀྱིས་དོན་བསྐྱེད་ནུས་པ། བསྒོམ་པའི་ཤེས་རབ་ཀྱིས་སློབ་མ་དེའི་རྒྱུད་ལ་དམིགས་པ་ཉེ་བར་འཛིན་ནུས་པའོ། །དེའི་རྒྱུད་ལ་སྐྱེ་བའི་གཉུག་མའི་གནས་ལུགས། །འགྲོ་བའི་དོན་ལ་སྐྱོ་དུ་བ་མེད་བ། །དང་ལྡན་པ་བྱིན་བརླབས་ཀྱིས་གཞི། དེ་ཡང་བརྒྱུད་པ་ལ་བཞི་ཡིན་གསུང་། སྨིན་པར་བྱེད་པའི་ཕན་སེམས། གྲོལ་བར་བྱེད་པའི་ཕན་སེམས་སོ། །བརྒྱུད་ པ་དང་བརྒྱུད་པར་འབྲེལ་བ། སྒྲ་དང་ལུང་དུ་འབྲེལ་བ། ཞལ་ནས་ཞལ། སྙན་ནས་སྙན། ཐུགས་ནས་ཐུགས་སུ་བརྒྱུད་པ། ལུང་དང་བྱིན་བརླབས་སུ་འབྲེལ་བའོ། །བཟོད་པ་དང་ལྡན་པ་འཁྲུག་པ་མེད་པའི་གཞི་ལ་གཉིས། རྡོ་རྗེ་འཆང་ནས་བརྒྱུད་པ་མ་ཆད་པ། སེལ་མ་ཞུགས་པ། གོང་མ་རྣམས་ཀྱིས་འོག་མ་རྣམས་སྙན་ནས་སྙན། །ཇི་ལྟར་བཤད་པའི་ཚིག་ལ་ལྷད་མ་ཞུགས་ཞིང་། ཚིག་གི་དོན་རྒྱུད་དང་སྦྱོར་ཤེས་པ། །གོང་མ་

(༣༥༠)གོང་མས་འོག་མ་འོག་མ་བྱིན་གྱིས་བརློབ་ནུས་པའོ། །གཞི་མི་འཁྲུག་པ་དང་། སྦྱོར་བ་མི་འཁྲུག་པའོ། །དང་པོ་གཞི་མི་འཁྲུག་པ་ནི། ཁྲོ་བ་དང་འཁོན་དུ་མི་འཛིན་པའོ། སྦྱོར་བ་མི་འཁྲུག་པ་ནི། བསྒོམ་པའི་དུས་སམ། བྱ་བ་གཞན་གྱིས་ཐུགས་བྲེལ་བའི་དུས་སུ་ཆོས་ཞུ་བ་མ་ཡིན་པ་ལ། དེ་ལྟ་བུའི་དུས་སུ་ཆོས་ཞུས་པ་ལ་སོགས་པ་ལ་མི་ཁྲོ་བའོ། །དེ་ལྟ་བུའི་བླ་མ་ལ་སློབ་མ་ཇི་ལྟ་བུ་རྟེན་ཞེ་ན། ཆོས་གསུམ་དང་ལྡན་པ་ཅིག་དགོས་གསུང་། བླ་མའི་ལས་དང་བྱ་བ་ལ་སོགས་པ་བླ་མ་ཇི་ལྟར་བཞེད་པ་བཞིན་བསྒྲུབ་པ་དང་། བླ་མ་དེ་ལ་མིག་འབྲས་བཞིན་གཅེས་པར་བལྟ་བ་དང་། བླ་མ་ཇི་ལྟར་གསུངས་པ་བཞིན་ཉན་ལ། ཐ་ན་བརྫུན་ཅིག་གསུང་ཀྱང་བདེན་པར་འཛིན་པའོ། །དེ་ལྟ་བུའི་བླ་མས་ཆོས་ཇི་ལྟ་བུ་ཅིག་གསུང་ཞེ་ན། བྱིན་བརླབས་རྣམ་པ་གསུམ་བྱ་གསུངས་ཏེ། སྣང་བ་བྱིན་གྱིས་བརླབས་པ་ནི། ཕྱི་བཟུང་བའི་ཡུལ་འཆང་། སེམས་བྱིན་གྱིས་བརླབས་པ་ནི་ནང་འཛིན་པའི་སེམས་

(༣༥༡)དོན་འཆད། བདག་བྱིན་གྱིས་བརླབས་པའོ། །སྣང་བ་བྱིན་གྱིས་བརླབས་པ་ལ་གསུམ། སྣང་བ་རྒྱས་གདབ་པ། སྣང་བ་དབང་དུ་བསྡུ་བ། སྣང་བ་བཙད་ནས་བཅད་པའོ། །དང་པོ་སྣང་བ་རྒྱས་གདབ་པ་ལ་གསུམ་དབང་པོ་རབ་ལ་གཉིས་མེད་ཐུགས་ཕྲད་དུ་བྱ་བ་དང་། དུ་མ་རོ་གཅིག་ཏུ་བྱ་བ་དང་། སྣ་ཚོགས་དོན་མཐུན་དུ་བྱ་ གཞི་ཅི་ཡང་མ་ཡིན་པ་ལ་ཅིར་ཡང་སྣང་བ་ལ་རིས་སུ་མ་བཅད་པར་ཤེས་ན་འོ། གཉིས་སུ་མེད་ཅིང་ཡིད་ལ་མི་བྱེད་པ་ཆུ་དང་ཆབ་རོམ་ལྟ་བའོ། །སེམས་སྣ་ཚོགས་སུ་དཀར་དམར་དུ་སྣང་ཡང་དུ་མ་རོ་གཅིག་ཏུའོ། བྱ་བའོ། །སེམས་བྱིན་གྱིས་བརླབས་པ་ལ་ལྔ། སེམས་ལ་མཐོ་དམའ་མེད་པ། །ཡངས་དོག་མེད་པ། ཐོག་མཐའ་མེད་པ། ཐམས་ཅད་ལ་ཁྱབ་པ། ཕྱོགས་སུ་མ་ལྷུང་པའོ། །དང་པོ་ལ་དབུ་མའི་ལྟ་བ་སེམས་དང་པོ་གང་ནས་བྱུང་། ཐ་མ་གར་འགགས་བཙད་བཅད་པ་སྟེ། འདིར་དེ་གཉིས་དང་བྲལ་བའོ། །ཡངས་པ་སྐྱེ་མཆེད་མུ་བཞི་ནས་དོག་པ་རྩ་རླུང་བསྒོམ་པ་སྟེ། འདིར་དི་གཉིས་དང་བྲལ་བའོ། །དེ་ཙམ་གྱིས་ཀྱང་མི་འོང་། ཇི་སྲིད་དུ་གཉིས་འཛིན་དང་མ་བྲལ་བར་དུ་ཚོགས་སོགས་

(༣༥༢)པ་ལ་བརྟེན་དགོས། དེ་ཡང་ཏཻ་ལོ་པས་གསུངས་པ་དེ་ཡིན། སྣང་བ་རྟེན་ཅིང་འབྲེལ་འབྱུང་འདི། །སྐྱེ་བ་མེད་པར་མ་རྟོགས་པས། །ཚོགས་གཉིས་ཤིང་རྟའི་འཁོར་ལོ་དང་། འབྲལ་བར་མ་བྱེད་ནཱ་རོ་པ། །ཅེས་ཟབ་ཐག་མ་གསུངས་པ་དེ་ཡིན། རྗེན་པ་དེ་ལས་བྱུང་ཐབས་མེད་གསུང་ངོ་། །སེམས་ཀྱི་དོན་ཇི་ལྟར་ཚོལ་ཞེ་ན། དེ་དབྱིབས་དང་ཁ་previous hit དོགས་ལ་སོགས་ next hit་ཡང་མ་མཐོང་པའོ། །འོ་ན་ཇི་ལྟར་མཐོང་ཞེ་ན། ཅི་ཡང་མ་མཐོང་སྟེ་མ་མཐོང་བ་དེ་ཉིད་མཐོང་བའི་མཆོག་གོ། །དེ་མཐོང་ན་ཇི་ལྟར་བཞག་ཅེ་ན། །སྤྲིན་མེད་པའི་ནམ་མཁའ་ལྟར་གཞག །བརླབས་དང་བྲལ་བའི་རྒྱ་མཚོ་ལྟར་གཞག །རླུང་དང་བྲལ་བའི་མར་མེ་ལྟར་བཞག །དེ་ལྟར་རྟོགས་ན་འབྲས་བུ་ལ་རེ་བ་མི་འོང་། འཁོར་བ་ལ་previous hit དོགས next hit་མི་སྐྱེ། མཉམ་པ་ཉིད་ལ་རྩོལ་བ་མི་བྱའོ། །དེ་ཅི་སྟེ་བྱས་པ་ལ་འབྲས་བུ་ལ་རེ་བ་མེད་དེ་སེམས་ཉིད་དེ་ལྟར་རྟོགས་པ་དེ་ཉིད་ཆོས་སྐུ་ཡིན་པས། དེ་ལས་གཞན་འདོད་རྒྱུ་མེད་གསུང་ངོ་། །འཁོར་བ་ལ་previous hit དོགས next hit་མེད་དེ་ཆོས་སྐུ་རང་

(༣༥༣)དང་འཁོར་བ་གཉིས་མེད་དུ་ཤེས་པས་ན་previous hit དོགས next hit་མེད་དོ། །མཉམ་པ་ཉིད་ལ་རྩོལ་བ་མེད་སྟེ། ཆོས་སྐུ་རྟོགས་ནས་གཞན་འདོད་རྒྱུ་མེད་གསུང་ངོ། །དེ་ནི་བླ་མ་མི་ལའི་གདམ་ངག་ཡིན་ཏེ། སངས་རྒྱས་བྱོན་ཡང་དེ་ལས་ལྷག་པ་མི་འོང་གསུང་ངོ། །ཡང་ན་བླ་མ་དེ་ཆོས་བཞི་དང་ལྡན་པ་ཅིག་དགོས་ཏེ་གང་ཞེ་ན། དཀོན་མཆོག་གསུམ་ལ་དད་པའི་བདག་ཐོབ་པ། སེམས་ཅན་རྣམས་ལ་སྙིང་རྗེའི་བདག་ཐོབ་པ། ཟབ་མོའི་ཆོས་ལ་ངེས་པའི་བདག་ཐོབ་པ། ཟང་ཟིང་མེད་པར་འགྲོ་ལ་ཆོས་སྟོན་ནུས་པའོ། །ཡང་ན་བཀའ་གདམས་པའི་དགེ་བཤེས་རྣམས་ཀྱི་ལུགས་ལྟར། རང་ཡང་སྡིག་པ་མི་དགེ་བ་ལས་ལོག་ནས་གཞན་ཡང་སྡིག་པ་མི་དགེ་བ་སྤོང་དུ་འཇུག །རང་ཡང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་ལ་གཞན་ཡང་དེ་བསྒོམ་དུ་འཇུག་པ་དེ་དགེ་བའི་བཤེས་གཉེན་ཡིན་གསུང་། །དེ་ལས་ལོག་པ་ནི་མི་དགེ་བའི་བཤེས་གཉེན་ཡིན་གསུང་ངོ་།། །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཐོབ་པར་འདོད་

(༣༥༤)པས་དལ་འབྱོར་རྙེད་དཀའ་བ་ཡང་ནས་ཡང་དུ་བསམས་ལ་བློ་ངེས་བཞུག །དེ་ནས་འཁོར་བའི་ཉེས་དམིགས་དང་། །བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱངས། དེ་རྣམས་ལ་བློ་ངེས་ན་གོང་མ་སྐྱེ་ལ་མ་ངེས་ན་མི་སྐྱེ་གསུང་། །དེ་རྣམས་ལ་བློ་ངེས་པ་ཅིག་ལ་སངས་རྒྱས་ཀྱི་ལམ་རྫོགས་པར་བསྟན་དགོས། ལྕགས་རིབ་ལ་བྱམས་པ་ལ་སོགས་པའི་ཆོས་གསུམ་པོ་དེ་མཆིས་ན་སྟོང་ཉིད་རྣལ་མ་ཅིག་རྒྱུད་ལ་སྐྱེ་འམ་ཞུས་པས། དེ་གསུམ་ཡོད་ན་ཤེས་པ་རྣལ་མ་མ་བཅོས་པ་ཅིག་སྐྱེ་གསུང་། དེ་ཡོད་པ་ལ་ཆོས་གསུམ་པོ་སྐྱེ་གསུང་། དེ་ཉིས་འབྲས་མ་མྱོང་བ་ཡིན་ཕན་ཚུན་ལྟོས་པའི་ཆོས་ཅན་ཡིན་གསུང་། །གཞན་དོན་དུ་གཟུགས་སྐུ་གཉིས་འབྱུང་། ཆོས་སྐུ་ལས་མ་གཡོས་བཞིན་དུ་ལམ་སྨོན་ལམ་གྱི་གྲོགས་ཡིན། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དངོས་པོ་དང་མཚན་མ་མ་ཡིན། ལམ་དངོས་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཡིན་གསུང་། དེ་རྟོགས་དགོས་གསུང་ངོ་། །དེ་ཡང་དབང་པོ་རབ་ཅིག་ལ་བསྟན་པས། རྒྱ་མཚོ་ལྟར་

(༣༥༥)ཟབ་པའི་མན་ངག །ཤིང་རྟ་ལྟར་གར་ཡང་བསྒྱུར་དུ་བཏུབ་པའི་མན་ངག །ནམ་མཁའ་ལྟར་ཡངས་ཤིང་རྒྱ་ཆེ་བའི་མན་ངག །རིན་པོ་ཆེ་ལྟར་འདོད་པའི་དོན་གྲུབ་པའི་མན་ངག །རལ་གྲི་ལྟར་རྣོ་ཞིང་གཅོད་པའི་མན་ངག་སྟོན་དགོས་གསུང་། དང་པོ་ནི། ཅིག་ཆར་བ་དང་རིམས་ཀྱིས་པའོ། །ཅིག་ཆར་བ་ལ་ཕྱག་རྒྱ་ཆེན་པོའི་དོན་ཅིག་ཆོད་དུ་སྟོན་ཏེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཉུག་མའི་དོན་དེ་འདི་ལྟ་བུ་ཅིག་ཡིན་ཞེས་ཚིག་ཉུང་ངུས་སྟོན་གསུང་། །རིམས་ཀྱིས་པ་ལ་ནི་རིན་པོ་ཆེའི་ཡན་ལག་དང་ལོ་མའི་སྒོ་ནས་སྟོན། །ཐ་སྙད་ཀྱི་སྒོ་ནས་བགྱིས་ཏེ་དཔེར་ན་ནམ་མཁའི་ལྟ་བུ་དང་། གྱད་གྱིས་ནོར་བུ་དང་རིགས་དང་ལྡན་པའི་དུག་ལ་སོགས་པའི་སྒོ་ནས་གོ་བར་བྱེད་གསུང་ངོ་། །ལྟ་བ་འདོད་པ་གཉིས་དང་བྲལ་བ། བསྒོམ་པ་གོལ་ས་གཉིས་དང་བྲལ་བ། སྤྱོད་པ་སྔ་ཕྱི་གཉིས་དང་བྲལ་བ་བསྟན་གསུང་། །གཉིས་པ་ནི། སྣང་བ་དང་སེམས་ཐ་མི་དད་པར་མང་པོའི་སྒོ་ནས་སྟོན། གསུམ་པ་ནི། ཕྱག་རྒྱ་བཞི་ཕྱག་རྒྱ་ཆེན་

(༣༥༦)པོར་རྟོགས་པའི་མན་ངག་བསྟན་གསུང་། བཞི་པ་ནི། འགྲོ་བ་དང་ནི་ཆེས་འགྲོ་བ། བླ་ན་མེད་པར་འགྲོ་བ་གསུམ། །བླ་མ་དབང་དང་བྱིན་བརླབས་གསུམ། བསྒོམ་པ་ཉམས་མྱོང་རྟོགས་པ་གསུམ། ཅི་ཡང་མ་ཡིན་ཅིར་ཡང་སྣང་། །སྣང་ཡང་མ་གྲུབ་ངོ་བོ་ཉིད། བསྐྱེད་རྫོགས་གཉིས་ཀྱི་སྒོ་ནས་སོ། །ལྔ་པ་ནི། གཅིག་ཆོད་དུ་སྟོན་པའི་མན་ངག་ཡིན་ཏེ། མ་སྐྱེས་པ་མ་འགགས་པ་ཉིད་དོ། །ཉམ་ང་མེད་པའི་རྟོགས་པ་ཕྱོགས་ཆ་མེད་པའི་བསྒོམ་པ། བློ་ལས་འདས་པའི་སྤྱོད་པ་ཅན་ནོ། །དེ་ཐམས་ཅད་ལ་སྙིང་རྗེ་གལ་ཆེ་བས་སྙིང་རྗེ་དང་མ་བྲལ་བར་བྱ་གསུང་ངོ་།། །།བླ་མ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། ལྟ་བསྒོམ་སྤྱོད་གསུམ་ནི། ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཏནྟྲ་ནས། ཚེ་ཅིག་ལུས་ཅིག་གིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བཤད་པ་བདེན་ནམ་ཞུས་པས། དེ་དགོངས་པ་ཡིན་གསུང་། གང་ལ་ཆོས་གསུམ་དང་ལྡན་པ་ཅིག་ལ་དགོངས་པ་ཡིན་ཏེ། དེ་ཡང་སྐྱེ་བ་བདུན་པ་ཡིན་པ། འདོད་

(༣༥༧)པའི་ལྷ་ཞལ་མཐོང་བ། སྨན་བཅུད་ལེན་གྲུབ་པའོ། །དེ་ནི་བླ་མ་མར་ཡུལ་བས་གསུང་སྐད། བླ་མ་མི་ལ་ལ་ཞུས་པས། རྒྱུད་ནས་བཤད་པ་དེ་བདེ་ན་གསུང་ནས། བླ་མ་མཚན་ཉིད་དང་ལྡན་པ་ཅིག་དང་། སློབ་མ་མཚན་ཉིད་ལྡན་པ་ཅིག་དང་ཕྲད་ནས། བརྩོན་འགྲུས་འབར་བའི་སྟོབས་དང་ལྡན་པས་བསྒྲུབས་ན་ཐོབ་གསུངས་སོ། །ཡང་ལྕགས་རི་བ་ལ་ཇོ་བོ་གང་ལྟར་བཞེད་ཞུས་པས། ཇོ་བོ་བླ་མ་རྗེ་བཙུན་དང་འཐུན་པར་བཞེད་གསུངས། རབ་སྐྱེ་བ་འདི་ལ་སངས་རྒྱ། འབྲིང་བར་དོ། ཐ་མ་སྐྱེ་བ་ཕྱི་མ་ལ་སངས་རྒྱ། དེ་ལ་སངས་མ་རྒྱས་ན་དམ་ཚིག་གི་སེལ་ཞུགས་པས་ཅིས་ཀྱང་དམྱལ་བར་འཁོར་ཅིག་སྐྱེ། དེ་ཡང་གསང་སྔགས་དྲོད་པ་ཁ་བསྡུས་པ་འདྲ་བ་ཡིན་གསུང་ནས། ཚོགས་ལམ་ནས་ས་དང་པོ་བསྡུས་པ་ཡིན་སྐད། དེ་ཉིད་བཀྲོལ་ན་གྲུབ་པ་གནས་པའི་དོན་ནམ་མཁའ་ལྟ་བུ། ངེས་པ་གྲུབ་པའི་ཐབས་ཡིད་བཞིན་གྱི་ནོར་བུ་ལྟ་བུ། གྲུབ་པའི་ཡན་ལག་བརྒྱད་དང་ལྡན་པ་རྒྱལ་པོ་ཆེན་པོ་ལྟ་བུ། གྲུབ་པའི་འབྲས་

(༣༥༨)བུ་དང་ལྡན་པ་མཁའ་འགྲོ་མའི་དམོད་སྔགས་ལྟ་བུའོ། །ལྟ་བའི་དཔེ་ནམ་མཁའ་ལྟར་ཕྱོགས་གཅིག་པ་ཡིན། དོན་གསང་སྔགས་ཀྱི་ལྟ་བ་སེམས། བསྒོམ་པའི་དཔེ་རིན་པོ་ཆེ་ལ་དགོས་འདོད་ཐམས་ཅད་འབྱུང་བ་ལྟར། བསྒོམ་པའི་ཡོན་ཏན་ཡང་དེ་བཞིན་ནོ། །ནམ་མཁའ་ཅིར་ཡང་མ་གྲུབ་པ་ལྟར་སེམས་ཀྱང་ཅིར་ཡང་མ་གྲུབ་པར་བསྒོམས་པས་ཐམས་ཅད་འབྱུང་། དེ་བཞིན་དུ་བསྐྱེད་རྫོགས་གཉིས་བསྒོམས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་ལེགས་ཐམས་ཅད་འབྱུང་ངོ་། །སྤྱོད་པའི་དཔེ་རྒྱལ་པོ་ཡིན་ཏེ། དེ་ལ་བཀའ་རྟགས་ཀྱི་ཕྱག་རྒྱ་ཡོད་པས། དེ་བསྐུར་ན་ཛ་རཱ་པ་ལ་སོགས་པ་མི་འཇིགས་ཀྱི་སྟེང་དུ་གཞན་གྱི་འཇིག་པ་ཡང་བསྲུང་བར་བྱེད་དོ། །དེ་བཞིན་དུ་ཉོན་མོངས་པ་མང་པོ་ཡོད་ཀྱང་། གསང་སྔགས་ཀྱི་ཐབས་ཀྱི་ཉོན་མོངས་པ་རེ་རེ་ལ་གཉེན་པོ་རེ་རེ་བསྒོམས་པས་དེ་ཉིད་ཤེས་རབ་ཏུ་འཆར་གསུང་ངོ་། །མི་གནོད་ཀྱི་སྟེང་དུ་ལམ་དུ་ཁྱེར་བས་དེ་ཉིད་ཤེས་རབ་སྟེ་ཡེ་ཤེས་སུ་འཆར། །འབྲས་

(༣༥༩)བུའི་དཔེ་དམོད་སྔགས་ཀྱི་དོན་ཚེ་གཅིག་གི་ཕྱག་རྒྱ་ཆེན་པོ་ཐོབ་གསུང་ངོ་། །དམོད་སྔགས་ལ་བསྙེན་པ་མི་དགོས་པར་གྲུབ་པ་ལྟར། འབྲས་བུ་ཚེ་ཅིག་ལུས་གཅིག་གིས་འགྲུབ་གསུང་ངོ་། །སྐལ་བ་གྲངས་མེད་པར་བརྒྱུད་མི་དགོས་གསུང་ངོ་། །དེ་རྟོགས་པའི་བསྒོམ་ཆེན་པ་ནི་ཆོས་གསུམ་དང་ལྡན་པ་ཅིག་དགོས་གསུང་ངོ་། །གང་ཞེ་ན། ཉམས་ང་མེད་པའི་རྟོགས་པ། ཕྱོགས་ཆ་མེད་པའི་བསྒོམ་པ། བློ་དང་བྲལ་བའི་སྤྱོད་པའོ། །ཞེས་གསུང་ངོ་།། །།དགེ་ཤེས་བྱ་ཡུལ་བ་ལ། སྒྱུ་མ་ལྟ་བུ་ས་མ་ཟིན་པའི་སྐྱབས་འགྲོ་ལ་སོགས་པ་གྲུབ་ཚད་བྱས་ན་གར་ཕྱིན་ཏེ་མཆི་ཞེས་ཞུས་པས། ངེད་ལ་ལོ་གཤེས་སུ་བྱེད་གསུང་། རྟག་ཏུ་ཡིད་ལ་བྱ་བའི་ཆོས་བཞི་ཡིན་གསུང་། གང་ཞེ་ན། རྟག་ཏུ་བླ་མ་ཡིད་ལ་བྱས་པས་བྱིན་བརླབས་འབྱུང་བ་ཡིན། རྟག་ཏུ་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་ཆོས་སྐུར་རྟོགས་པར་བྱས་ནས་མི་རྟོག་པ་བསྒོམ། རྟག་ཏུ་

(༣༦༠)རང་སེམས་བླ་མར་ཤེས་པར་བྱས་ནས་སེམས་ཅན་ལ་གནོད་པའི་ལས་སྤང་། རྟག་ཏུ་བདག་དང་ཁམས་སུམ་གྱི་སེམས་ཅན་ཐམས་ཅད་སེམས་ཉིད་ངོ་བོ་གཅིག་ཏུ་བྱས་ཏེ། བརྒྱ་འམ་སྟོང་དུ་བྱེད་པའི་སྐྱེ་འཆིའི་རེ་མོས་འདིས་ཀྱང་ཅི་བྱེད་གསུང་ངོ་། །བདེ་གསལ་མི་རྟོག་པ་གསུམ་སེམས་ཀྱི་ངོ་བོ་ཡིན་པས། སྤྱོད་ལམ་རྣམ་བཞིར་རྣལ་མར་མ་ཡེངས་བར་བསྒོམ་གསུང་། དེ་གསུམ་ངོ་བོ་གཅིག་ཏུ་བྱ་གསུང་། ཞི་གནས་དང་ལྷག་མཐོང་རྟོགས་པར་འདོད་ནི། བཀའ་གདམས་པ་ལྟར་ལྷན་ཅིག་ཏུ་སྤུངས་པས་ཀྱང་མི་འོང་གསུང་། རྣལ་འབྱོར་པ་བཞིན་གྲོང་ཁྲོད་འགྲིམས་པས་ཀྱང་མི་འོང་། འོ་ན་བྱས་པས་རི་ཁྲོད་དང་ནགས་ཁྲོད་འགྲིམས་པ་ལ་སྐྱེ་གསུང་ངོ་། །སཾ་བཱུ་ཏྲི་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ཁྲིད་བྱེད་ཡིན། །རྟོག་མེད་ཏིང་འཛིན་ལ་གནས་ན། །ནམ་མཁའ་བཞིན་དུ་རྟོག་མེད་གསལ། །ཞེས་གསུངས་སོ།། །།བླ་མའི་

(༣༦༡)ཞབས་ལ་གུས་པས་འདུད། །ཞལ་ནས། སེམས་ཉིད་རྟོགས་པའི་དུས་སུ་ཆོས་སྐུ་མངོན་དུ་གྲུབ། དེ་ལས་གཟུགས་སྐུ་གཉིད་འབྱུང་བ་དེ་རྒྱུ་ཅི་ལས་བྱུང་། ཡིན་པ་གང་ཡིན་ཞེ་ན། རྒྱུ་ཚོགས་དཔག་ཏུ་མེད་པ་བསགས་ནས་སྲིད་པ་མཐའ་མ་པའི་བྱང་ཆུབ་སེམས་དཔའི་དུས་སུ་སེམས་ཅན་གྱི་དོན་དུ་སྨོན་ལམ་བཏབ་པས། འབྲས་བུ་གཟུགས་སྐུ་གཉིས་འབྱུང་། གང་ཡིན་ན་སེམས་ཀྱི་སྣང་བ་ཡིན། གཟུགས་སྐུ་ལོགས་ནས་མ་བྱུང་། དེ་ཡང་སེམས་ཅན་བསོད་ནམས་བསགས་པ་སྣང་བ་དག་པས་གཟུགས་སྐུ་དེ་མཐོང་གིས་བསོད་ནམས་བསགས་པས་ནི་མི་མཐོང་། འོ་ན་གཟུགས་སྐུ་ལོགས་ནས་མ་བྱུང་བར་སེམས་ཅན་གྱི་སྣང་བ་ཡིན་ན། སངས་རྒྱས་ཀྱི་བྱིན་བརླབས་སམ་ཡོན་ཏན་མི་དགོས་པར་ཐར་ཟེར་ན། དེ་འདོད་ཐོག་ཡིན། སངས་རྒྱས་ཀྱི་བྱིན་བརླབས་ཀྱང་མི་འདོད། སངས་རྒྱས་ཀྱང་གཞན་ནས་མི་འདོད་དེ། སངས་རྒྱས་ཉིད་ང་རང་ཡིན་པའི་ཕྱིར་རོ། །ཡང་གཟུགས་སྐུ་གཉིས་སངས་རྒྱས་

(༣༦༢)ཀྱི་བྱིན་བརླབས་ཡིན་ན། འོ་ན་སེམས་ཅན་སྣང་བ་མ་དག་པས་ཀྱང་མཐོང་བར་ཐལ། ཅི་སྟེ་ན། སངས་རྒྱས་ལ་ཉེ་རིང་མེད་པའི་ཕྱིར་རོ། །ཇི་ལྟར་ཡིན་ན་རང་གི་བསོད་ནམས་བསགས་པ་ལས། སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་དེས་སྨོན་ལམ་བཏབ་པས་མཐོང་ཡིན་གྱིས་མ་བཏབ་ན་མི་མཐོང་། འོ་ན་གཟུགས། གཉིས་པོ་དེ་མྱང་འདས་ཡིན་ནམ་འཁོར་བ་ཡིན་ཞེ་ན། ས་དང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་སེམས་ཅན་སྣང་བ་དག་པས་མྱང་འདས་སུ་མཐོང་། སྣང་བ་མ་དག་པ་རྣམས་ཀྱིས་འཁོར་བར་མཐོང་། འོ་ན་གཟུགས་སྐུ་གཉིས་པོ་དེ་དོན་དམ་ནམ་ཀུན་རྫོབ་ཡིན་ཞེ་ན། དོན་དམ་ནི་འགྱུར་བ་མེད་པ་ཡིན། གཟུགས་སྐུ་གཉིས་ནི་འགྱུར་བའི་ཕྱིར་ཀུན་རྫོབ་ཡིན་ནོ། །ཆོས་སྐུ་སྟོང་པ་ལ་སྐུ་རུ་འབོད་པ་ཅི་སྟེ་ཞེ་ན། ཡེ་ཤེས་རྒྱུན་ཆད་མེད་པས་ན་སྐུའོ། །གཟུགས་སྐུ་གཉིས་ལ་སྐུ་རུ་འབོད་པ་ཅི་སྟེ་ཞེན། སྤྱིར་ཚུངས་མར་གྱུར་པ་ཐམས་ཅད་གཟུགས་ཡིན་ཏེ། གཟུགས་

(༣༦༣)སྐུ་གཉིས་ནི་སངས་རྒྱས་ཁྱད་པར་ཅན་གྱི་སྐུར་གྱུར་པས་ན་སྐུ་ཞེས་བྱའོ། །ས་དང་པོའི་བྱང་ཆུབ་སེམས་དཔའ་ཡན་ཆད་ཀྱི་གཟུང་འཛིན་གཉིས་མེད་དུ་རྟོགས་ཏེ། ས་དང་པོའི་བྱང་ཆུབ་སེམས་དཔའ་ཅིག་གིས་སྐད་ཅིག་ལ་སེམས་ཅན་རྒྱའི་དོན་བྱེད་ནུས་སངས་རྒྱས་བརྒྱ་ལ་ཆོས་ཉན། སྤྲུལ་པ་བརྒྱ་འགྱེད། ཞིང་ཁམས་བརྒྱ་གཡོ། ས་གཉིས་པ་ཡན་ཆད་གཉིས་འགྱུར་གྱི་ཆེ། སེམས་ཅན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་སེམས་ཅན་རྒྱུད་དག་པ་ལ་དེ་ལྟར་སྣང་གི། །བྱང་ཆུབ་སེམས་དཔའ་ས་བྱས་པ་མེད་དེ། ས་བཅུ་མན་ཆད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཕྱོགས་ཅིག་ཏུ་བཞག་པའི་ནུས་པ་ལས། སངས་རྒྱས་ཀྱི་བ་སྦུའི་བུ་ག་གཅིག་གི་ནུས་པ་ཚེ། འོ་ན་སངས་རྒྱས་ཀྱི་ནུས་པ་ཅི་ཙམ་ཞེ་ན། དེ་ནི་བསམ་གྱིས་མི་ཁྱབ་སྟེ། སེམས་ཅན་གཅིག་གིས་ཚེ་ཐོག་མེད་ནས་ཐ་མ་དི་རིང་ཡན་ཆད་དུ་ལུས་ཅི་ལྟར་བླངས་པ་དང་། ལས་དགེ་སྡིག་ཅི་བསགས་མཁྱེན་པ་བཞིན། སེམས་ཅན་ཐམས་ཅད་ཀྱིས་ཅི་བསམ་པ་སྐད་ཅིག་ལ་གཅིག་ལ་མཁྱེན་

(༣༦༤)ནོ། །ཡང་སེམས་ཅན་རེ་རེའི་མདུན་དུ་སྤྲུལ་པ་རེ་རེ་སྤྲུལ་པ་དང་། སྟོང་གསུམ་ཉུང་འབྲུ་ཅིག་ཏུ་བཅུག་ཀྱང་སྟོང་གསུམ་ཆུད་དུ་མ་སོང་ཡུང་འབྲུ་ཆེར་མ་སོང་བ་མཁྱེན་པ་ལ་སོགས་པ་བསམ་གྱིས་མི་ཁྱབ་པོ། །སངས་རྒྱས་ལ་རྣམ་རྟོག་མི་མངའ་བར་དེ་ལྟ་བུ་འབྱུང་བ་ཅི་སྟེ་ཞེ་ན་སྔོན་གྱི་སྟོབས་ཀྱིས་སེམས་ཅན་རྒྱུད་དག་པ་ལ་དེ་ལྟར་སྣང་གིས། སངས་རྒྱས་ཀྱིས་བྱས་པ་ནི་མེད་དོ། །སྐྱེ་བ་མེད་པའི་རིག་པ། འགག་པ་མེད་པའི་ལམ། གནས་པ་མེད་ཤེས་རབ། ཐོབ་པ་མེད་པའི་འབྲས་བུའོ། །སྐྱེ་བ་མེད་པའི་རིག་པ་ནི། ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་ཤིང་སྐྱེ་བ་མེད་པར་ཐག་ཆོད། །སྐྱེ་མེད་གཅིག་པུར་བྱས་ན་ཆད་ལྟར་འགྲོ་སྟེ། སྐྱེ་མེད་ལ་རིག་པ་ཁོང་སྐྱལ་དུ་གནས་པ་ནི། དཔེ་འོ་མ་ལ་མར་ཡོད་པ་དང་འདྲའོ། །འགགས་པ་མེད་པའི་ལམ་ནི། གསལ་བའམ་ཉམས་སུ་མྱོང་རྒྱུ་ཅིག་མེད་ན་ལམ་དུ་མི་འགྲོ་སྟེ། རིག་པའི་ངོ་བོ་ནི་གསལ་ལ་མ་འགགས་པ། དེ་གོམས་པར་བྱས་ན་ལམ་མོ། །གནས་པ་མེད་པའི་ཤེས་རབ་ནི།

(༣༦༥)མི་མཐུན་པའི་ཕྱོགས་ཐམས་ཅད་ཆད་པས་ན་ཤེས་རབ་ཅེས་བྱ་སྟེ། མི་མཐུན་པ་ནི་དངོས་པོ་དང་མཚན་མ་ལ་སོགས་པ་ཡིན་ལ། ཤེས་རབ་ཀྱིས་དེ་རྣམས་འཇོམས་པར་བྱེད་དེ། རིག་པའི་ངོ་བོ་རྟོགས་ན་མི་མཐུན་ཕྱོགས་རྣམས་ཤུགས་ཀྱི་འཆད། །དཔེར་ན་མར་མེ་བྱུང་ན་མུན་པ་འབྲོས་པ་བཞིན་ནོ། །ཐོབ་པ་མེད་པའི་འབྲས་བུ་ནི། མི་མཐུན་པ་རྣམས་ཆད་པར་གྱུར་བའི་ངོ་བོ་དེ་ལ་ཆོས་སྐུ་འབྱུང་། དེ་ལས་གཟུགས་སྐུ་གཉིས་འབྱུང་བ་ནི་ཐོབ་པ་མེད་པའི་འབྲས་བུའོ། །དང་པོ་དབང་གི་དུས་སུ། དགའ་བ། མཆོག་དགའ། ལྷན་ཅིག་སྐྱེས་པའི་དགའ་བ། དགའ་བྲལ་དང་བཞི་ཡོད་པ་ལས། དང་པོ་དགའ་བའི་དུས་སུ་ཤེས་པ་མི་འཕྲོ་བར་འདུས་པ་དེ་ལམ་མ་ཡིན་ཉོན་མོངས་པ་ཡིན། གཉིས་པ་མཆོག་དགའི་དུས་སུ་བདེ་བ་རྒྱས་པ་དེ་ཡང་ལམ་མ་ཡིན་ཉོན་མོངས་པ་ཡིན། ལྷན་ཅིག་སྐྱེས་དགའི་དུས་སུ་ཐིག་ལེ་གཉིས་ཙམ་པ་དམར་ཤོར། །ཅིག་ཙམ་རྡོ་རྗེ་ནོར་བུའི་ནང་དུ་ལུས་པའི་སྐད་ཅིག་མའི་རྟོག་

(༣༦༦)མེད་ཀྱི་ཤེས་པ་དེ་ལ་ཡེ་ཤེས་ཤེས་བྱའོ། །ཐིག་ལེ་ཤོར་ནས་དགའ་བྲལ་ཞེས་བྱ་སྟེ། གཉིས་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ལ། རྒྱུད་ནས། མཆོག་གི་མཐའ་སྟེ་བྲལ་བའི་མདུན། མུན་པ་ལ་ནི་མར་མེ་བཞིན། །དེ་བཞིན་བུས་ཀྱང་ཡིད་ཆེས་ཀྱིས། ཤེས་གསུངས་སོ། །དེའི་སྐད་ཅིག་མའི་ཤེས་པ་དེ་དང་། གཏུམ་མོ་བསྒོམས་པའི་ཤེས་པ་བདེ་གསལ་མི་རྟོག་པ། གང་ལ་ཡང་མ་ཡེངས་པའི་ཤེས་པ་སིང་ངེ་བ་དེ་དང་། ཐ་མལ་གྱི་ཤེས་པ་བསྒོམ་པ་མ་ཡིན་པའི་མ་ཡེངས་པ་རང་དགའི་ཤེས་པ་དེ་གསུམ་ལ་ཁྱད་ཅི་ཡོན་དེ་གསུམ་ལམ་དུ་འགྲོ་འམ་ཞེ་ན། རྟོགས་པའི་གང་ཟག་ཅིག་ལ་དེ་གསུམ་ཁྱད་མེད་གསུམ་ཀ་ལམ་ཡིན། ཅི་ལྟར་ཁྱད་མེད་ན། རྟོགས་ལྡན་གྱི་གང་ཟག་དེ་ལ། ཐིག་ལེ་གཉིས་པ་ཡེ་ཤེས་ཀྱི་དུས་ན། འདི་ནི་ང་རང་གི་སྔར་གྱི་ཤེས་པ་དེ་དང་ཡིན་པ་འདུག་ན་སྙམ། གཏུམ་མོའི་ཡོན་ཏན་བྱུང་དུས་སུ་ཡང་ང་རང་གི་སྔར་གྱི་ཤེས་པ་དེ་རང་དུ་འདུག་སྙམ། དེ་ལས་ལོགས་ནས་མ་བྱུང་བར་ཤེས་

(༣༦༧)པས་ན་ཁྱད་མེད་དོ། །ལམ་ཇི་ལྟར་ཡིན་ན། བདེ་གསལ་མི་རྟོག་པ་ནི་བསྒོམ་པའི་མཐར་ཐུག་ཡིན། གང་ཟག་མ་རྟོགས་པས་ནི། གཉིས་པོ་ཉམས་སུ་བླངས་པས་ཉམས་མྱོང་ནི་བྱུང་། དག་ཏུ་བརྗོད་དུ་ནི་མ་འདོད། ལུས་སེམས་བདེ་བས་རྒྱས། དེ་ལ་ཆགས་སྡང་གི་ཞེན་པ་བྱུང་། དེ་ལམ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེ་གཉིས་ཀ་རྐྱེན་ལས་བྱུང་བ་ཡིན། རྒྱུ་ལས་འབྲས་བུ་བྱུང་བའི་ཚུལ་ཡིན་པས་འཇིག །དེ་རྟོགས་ལྡན་ཀྱི་བླ་མ་གཅིག་གིས་ཁྲིད་ནས་ངོ་སྤྲད་ན། གོང་གི་ཡོན་ཏན་ཅན་གཉིས་པོ་མར་ཁྱེར་ནས་ཐ་མལ་གྱི་ཤེས་པའི་ཐོག་ཏུ་དབབ། ཐ་མལ་གྱི་ཤེས་པ་དེ་ལ་ཉམས་སུ་མྱོང་རྒྱུ་ཅིག་ཡོད་དམ་ཞེན་མེད། མྱོང་རྒྱུ་ཅིག་བྱུང་ན་དེ་དངོས་འཛིན་ཡིན། འོ་ན་དེའི་ཉམས་དེ་དགག་པར་ནུས་སམ་ཞེ་ན། དེ་ནི་དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་དགག་པར་མི་ནུས། དེ་ལྟ་བུའི་ཤེས་པ་དེ་ལ་གཉིས་མེད་རྟོགས་པའི་ཞལ་ནས། ཁྱོད་རང་གི་དང་པོའི་ཤེས་པ་དེ་ཁྱེར་ལ་ཤོག །ཅེས་གསུང་། རྟོག་ཙེ་པའི་

(༣༦༨)ཞལ་ནས། བསྒོམ་དུ་མེད་པ་གཉུག་མའི་ངང་ལ་གཞོག །ཅེས་གསུང་། གཾ་གདྷ་རའི་ཞལ་ནས། སེམས་ནི་གང་དགའ་ཉིད་དུ་ཐོང་ལ་ཐོང་། ཞེས་གསུང་། བླ་མ་མི་ལའི་ཞལ་ནས། འབད་རྩོལ་བྲལ་ན་བསྒོམ་པའི་མཆོག །ཅེས་གསུང་། ཐ་མ་གྱི་ཤེས་པ་ངོ་སྤྲད་པའོ། །སེམས་ཉིད་འགྱུར་བ་མེད་པ། རྒྱུན་ཆད་མེད་པ། དུས་ཐམས་ཅད་པ་ཞེས་བྱ་སྟེ། འགྱུར་བ་མེད་པ་ནི། དབྱིབས་དང་ཁ་དོག་ཏུ་མ་གྲུབ་པས་ན་འགྱུར་བ་མེད་པའོ། །རྒྱུན་ཆད་མེད་པ་ནི། རིག་པ་རྒྱུན་ཆད་མེད་པའོ། །དུས་ཐམས་ཅད་པ་ནི། དུས་འདི་ནས་ཡོད་དང་འདི་ནས་མེད་བྱ་བ་མ་ཡིན་ཏེ། མ་སྐྱེས་ཤིང་མི་འགག་པས་ན་དུས་ཐམས་ཅད་པའོ། །སེམས་ཅན་གྲུབ་མཐས་བློ་མ་བསྒྱུར་བ་རྣམས་ལ་རྟོག་པ། གྲུབ་མཐས་བློ་བསྒྱུར་བ་རྣམས་ལ་རིག་པ་རྟོགས་པའི་དུས་སུ་ཡེ་ཤེས་སོ། །ན་མོ་རདྣ་ག་ར། རིན་པོ་ཆེའི་ཞལ་ནས། ཐེག་ཆེན་གསང་སྔགས་ལུས་ཀྱིས་འབྲས་བུ་ལམ་དུ་བྱེད་པ་ཡིན། དེ་ལ་འབྲས་བུ་རང་གང་ཡིན་ན། ཕྱག་

(༣༦༩)རྒྱ་ཆེན་པོའམ་ཆོས་སྐུ་ཡིན། དེ་ཉིད་གང་ཡིན་ན། དངོས་པོ་གཤིས་ཀྱི་གནས་ལུགས་གཞི་མ་བཅོས་པ་འདི་ཡིན་ཏེ། དེ་ལྟར་ཡང་། དངོས་པོའི་གནས་ལུགས་མ་བཅོས་པ། རྟོགས་ན་ཕྱག་རྒྱ་ཆེན་པོ་ཡིན། ཅེས་གསུངས་སོ། །གཞི་མ་བཅོས་པ་དེ་ལམ་མ་ཡེངས་པ་ཅིག་གིས་ཉམས་སུ་ལེན་པ་ཡིན་ཏེ་དེ་ལྟར་ཡང་། མ་ཡེངས་པ་ནི་སངས་རྒྱས་ཀུན་གྱི་ལམ། ཅེས་གསུངས་སོ། །གཞི་མ་བཅོས་པ་དེ་ལམ་མ་ཡེངས་previous hit ་ཅིག་གིས་ཉམས་སུ་བླངས་པས། འབྲས་བུ་རེ་དོགས next hit་དང་བྲལ་བ་ཅིག་འཆར་བ་ཡིན་གསུང་། དེ་ལྟར་ཡང་། དགག་སྒྲུབ་བྲལ་ནས་སྐུ་བཞི་དབྱེར་མེད་རྟོགས། ཞེས་གསུངས་སོ། །དེ་ལྟར་གཞི་ལམ་འབྲས་གསུམ་རང་གི་སེམས་ཐོག་ན་ཉམས་ལེན་དུ་འཁོར་གྱི་ས་བསྐོར་ན། སེམས་ཀྱི་ངོ་བོ། རང་བཞིན། མཚན་ཉིད་གསུམ། དེ་ཡང་སེམས་ཀྱི་ངོ་བོ་ནི། དཔེར་ན་སྟོན་ཟླ་འབྲིང་པོ་ཉའི་ཉིན་དང་། ནམ་མཁའི་སྤྲིན་མེད་པ་དགུན་གྱི་ཚུབ་མ་ནི་མ་ལངས་པ། དབྱར་གྱི་ན་བུན་དང་སྤྲིན་

(༣༧༠)ཡལ་བ་ལ་བལྟས་པའི་དུས་སུ་སལ་ལེ་སིང་ངེ་བ་ཅིག་འོང་། དེ་བཞིན་དུ་རང་གི་ཤེས་པ་རྣམས་པར་རྟོག་པ་སྔ་མ་ནི་འགགས། ཕྱི་མ་ནི་མ་སྐྱེས་པའི་དུས་དེར་སལ་ལེ་སིང་ངེ་བ་དེ་ཡིན་ནོ། །སེམས་ཀྱི་མཚན་ཉིད་ནི། དེའི་ངང་ལ་མི་གནས་པར་དགའ་མི་དགའ་དང་ཡིན་མིན་ལ་སོགས་པའི་རྣམ་རྟོག་སྣ་ཚོགས་སུ་འཕྲོ་བ་དེ་ཡིན་ནོ། སེམས་ཀྱི་རང་བཞིན་ནི། དང་པོ་སྐྱེ་མ་མྱོང་། བར་དུ་གནས་མ་མྱོང་། ཐ་མར་འགག་མ་མྱོང་སྟེ། སྐྱེ་འགག་གནས་གསུམ་དང་བྲལ་བ་དེ་ཡིན་གསུང་། དེ་ལྟར་ངོ་བོ་རང་བཞིན་མཚན་ཉིད་གསུམ་པོ་དེ་ཡང་རང་གི་སེམས་ཐ་དད་གསུམ་དུ་གནས་པ་མ་ཡིན་ཏེ། སེམས་ལྷན་ཅིག་སྐྱེས་པ་སྤྲོས་པ་མེད་པ་དེ་ཉིད་སྣང་ཚུལ་དེ་ལྟར་སྣང་བ་ཡིན་གསུང་། རང་བཞིན་སྐྱེ་མེད་རྟོགས་པར་བྱེད་པ་ལ་ངོ་བོ་བསྒོམ་དགོས། །ངོ་བོ་མ་བསྒོམ་པར་རང་བཞིན་བསྒོམ་མི་ཤེས་གསུང་། དེ་ཇི་ལྟར་བསྒོམ་ན། གདན་བདེ་བ་ལ་སྐྱིལ་དཀྲུང་བཅྭ་བ་ལ་སོགས་པ་རྣམ་པར་སྣང་མཛད་ཀྱི་ཆོས་

(༣༧༡)དྲུག་དང་ལྡན་པར་བྱས། རང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱག་རྒྱ་ཆེན་པོ་བསྒོམ་སྙམ་དུ་སེམས་བསྐྱེད། དེའི་རྗེས་ལ་སྣང་སྲིད་ཆོས་ཐམས་ཅད་རང་གི་སེམས་ཡིན། སེམས་སྐྱེ་བ་མེད་པ་ཡིན་སྙམ་དུ་ཐག་བཅད་དེ། རྩིས་གདབ་མེད་བ་རང་གི་ངང་ལ་ལྷན་གྱིས་བཞག་སོ་མ་བཅོས་ལྷུག་པ་གསུམ་ལ་ཙོན་གྱིས་བཞག །དེ་ལྟར་དམིགས་གཏང་དང་བྲལ་ཞིང་ལྷུག་པར་བཞག་པས་ནི་ཤེས་པའི་ངོ་བོ་ལ་གསལ་གོ་མ་འགག་པས་སལ་ལེ། སོ་མ་ནི། ཡིན་མིན་གྱི་རྩིས་གདབ་མེད་པར་འཇོག་སྟེ། བྱ་ཐི་བ་ཚང་དུ་འཇུག་པ་དང་འདྲ་སྟེ་ཚམ་ཚོམ་མེད་པད་པར་བཞག་གོ། །མ་བཅོས་པ་ནི་དགག་སྒྲུབ་དང་བྲལ་བར་འཇིག་སྟེ། ཁྱུང་ནམ་མཁའ་ལ་ལྡིང་བ་དང་འདྲའོ། །ལྷུག་པ་ནི། འབད་རྩོལ་དང་བྲལ་བར་འཇོག་སྟེ། སྐྱེས་བུ་བྱ་བ་བཏང་བ་ལྟ་བུ་བློ་བདེ་འབོལ་ཏེ་འཇོག་པ་ཡིན་ནོ། །བཞག་པ་ནི་སྐྱོན་ཡོན་དགག་སྒྲུབ་མི་བྱ་བར་བཞག་གོ། །སིང་ངེ་བ་དེའི་ངང་ལ་ལྷོད་གློད་ཅིང་བསྒོམས། གློད་པ་རབ་ལ་

(༣༧༢)བསྒོམ་པ་རབ། གློད་པ་འབྲིང་ལ་བསྒོམ་པ་འབྲིང་། གློད་པ་ཐ་མལ་སྒོམ་པ་ཐ་མ་ཅིག་ལས་མི་འོང་མི་སྲིད་གསུང་། དེ་ལྟར་གནས་པའི་ངང་ལ་རྣམ་རྟོག་འཕྲོ་བ་ཞི་བར་བྱ་བ་ནི། དཔེ་ནམ་མཁའ་རང་བཞིན་གྱིས་རྣམ་པར་དག་པ་ལ། སྤྲིན་བློ་བུར་བ་བྱུང་ཡང་ནམ་མཁའ་རང་ལ་བྱུང་། ཐ་མ་ཐིམ་ཡང་ནམ་མཁའི་རང་ལ་ཐིམ་ཞིང་ནམ་མཁའ་རང་བཞིན་ཡིན་པ་ལྟར། རྣམ་རྟོག་བློ་བུ་བ་དེ་དང་པོ་བྱུང་ཡང་སེམས་ཉིད་ལྷན་ཅིག་སྐྱེས་པ་རང་ལས་བྱུང་། བར་དུ་གནས་པ་ཡང་སེམས་ཉིད་ལྷན་ཅིག་སྐྱེས་པ་རང་ལ་གནས། ཐ་མ་ཐིམ་པ་ཡང་སེམས་ཉིད་ལྷན་ཅིག་སྐྱེས་པ་རང་ལ་ཐིམ་ཞིང་། སེམས་ཉིད་ལྷན་ཅིག་སྐྱེས་པའི་རང་བཞིན་ལས་མ་འདས་པར་ཤེས་པར་བྱ་ཞིང་བསྒོམ་པས། རྣལ་འབྱོར་རྣམ་པ་བཞིའི་ཉམས་རིམས་ཀྱིས་འཆར་ཏེ། སེམས་ཀྱི་ངོ་བོ་གསལ་ལ་གོ་མ་འགགས་པས་ལ་ལེ་སིང་ངེ་མི་འཕྲོ་བར་གནས་པ་དེ་ལ་རྩེ་གཅིག་གི་རྣལ་འབྱོར་ཟེར་བ་ཡིན། དེ་རྒྱུད་ལ་སྐྱེས་པའི་རྟགས་

(༣༧༣)སུ་འཇིག་རྟེན་གྱི་ཆོས་ལ་ཞེན་པ་ཆུང་ངུ་འགྲོ། ཉམས་ཀྱི་མཐོ་དམའ་ཤིན་དུ་ཆེ། རེས་བསྒོམ་འདི་ལས་ལྷག་པ་མེད་སྙམ་པ་འོང་། རེས་ཤེས་པ་རླན་དང་བྲལ་ནས་ང་ལ་བསྒོམ་ཡེ་མེད་པར་འདུག་སྙམ་པ་འོང་སྟེ། དེ་ནི་སྣང་བ་ལ་མ་ངེས་པའི་བསམ་གཏན་བྱ་བ་ཡིན་གསུང་། དེ་ལ་མ་ཞེན་པར་གོམས་པར་བྱས་པས་ཤེས་པའི་ངོ་བོ་གསལ་ལ་རྟོག་པ་མེད་པ་དེ། ཡོད་མེད་རྟག་ཆད་ལ་སོགས་པའི་མཐའ་དང་བྲལ་བ། སེམས་ཀྱི་ངོ་བོ་སྐྱེ་འགགས་མེད་པ་ཆོས་ཀྱི་སྐུ་རུ་རྟོགས་པ་དེ་སྤྲོས་བྲལ་གྱི་རྣལ་འབྱོར་བྱ་བ་ཡིན། དེ་བརྒྱུད་ལ་སྐྱེས་པའི་དུས་སུ་སྔར་གྱི་ཆོས་ཐམས་ཅད་བྱི་ཤུན་དུ་འགྲོ། ཐ་སྙད་ཀྱི་སྤྲོས་པ་ཆོད་ནས་འོང་། དབུལ་པོས་ནོར་བུ་རྙེད་པ་ལྟ་བུ་ཡིན་གསུང་། དེ་ཡང་མ་ཡེངས་པར་གོམས་པར་བྱས་པས་དཀར་དམར་ལ་སོགས་པའི་ཡུལ་གྱི་དངོས་པོ་སྣང་བ་ཐམས་ཅད་རང་གི་སེམས་སྐྱེ་མེད་ཀྱི་རང་བཞིན་ལྷན་གྱིས་རྟོགས་པ་དེ་དུ་མ་རོ་གཅིག་རྣལ་འབྱོར་བྱ་བ་ཡིན། །

(༣༧༤)དེ་རྒྱུད་ལ་སྐྱེས་པའི་རྟགས་ནི་བཟུང་འཛིན་གྱི་རྣམ་རྟོག་ངང་གིས་ཞི་ནས་འོང་སྟེ། སྣ་ཚོགས་སུ་སྣང་ཡང་སེམས་ལྷན་ཅིག་སྐྱེས་པ་ཅིག་གིས་ངོ་བོ་ཤེས་པ་ལས་བྱུང་བ་ཡིན་གསུང་། ངང་གི་གོམས་པས་སྒོམ་བྱ་སྒོམ་བྱེད་དང་བྲལ་ཏེ། ཤེས་པའི་ངོ་བོ་ཡང་སྐྱེ་མེད་དུ་རོ་གཅིག །ཡུལ་གྱི་དངོས་པོར་སྣང་བ་ཐམས་ཅད་སྐྱེ་མེད་དུ་རོ་གཅིག་ཏུ་རྟོགས་ཏེ། ཉམས་བཞག་རྗེས་ཐོབ་རྒྱུན་ཆད་མེད་པ་ནི་བསྒོམ་མེད་ཀྱི་རྣལ་འབྱོར་བྱ་བ་ཡིན་གསུང་། དེ་ཡང་དུས་བཞི་དང་སྦྱར་ན་རྩེ་གཅིག་གི་དུས་སུ་ལྷུན་གྱིས་གྲུབ་པའི་དུས་ཟེར་བ་ཡིན་གསུང་། སྤྲོས་བྲལ་རྒྱུད་ལ་སྐྱེས་པའི་དུས་སུ་གཉིས་སུ་མེད་པའི་དུས་སུ་བྱ་བ་ཡིན་གསུང་། དེའི་རྟགས་ཡིན། རང་སེམས་སངས་རྒྱས་སུ་ལྷུན་གྱིས་གོ་སྣང་བའི་མེད་དཔལ་རྩད་ནས་ཞི། ཡོན་ཏན་ཤུགས་ཀྱིས་སྐྱེ་བ་ཡིན། །དུ་མ་རོ་གཅིག་རྒྱུད་ལ་སྐྱེས་ཙ་ན་བསམ་གྱིས་མི་ཁྱབ་པའི་དུས་བྱ་བ་ཡིན་གསུང་། སྒོམ་མེད་རྣལ་འབྱོར་རྒྱུད་ལ་སྐྱེས་ཙ་ན་རྣམ་པར་དག་པའི་དུས་བྱ་བ་ཡིན་གསུང་། རང་།

(༣༧༥)གི་སེམས་ཀྱི་ངོ་བོ། རང་བཞིན། མཚན་ཉིད་གསུམ་ལ། ངོ་བོ་གསལ་ལ་རྟོག་པ་མེད་པ། རང་བཞིན་སྐྱེ་འགག་གནས་གསུམ་དང་བྲལ་བ། མཚན་ཉིད་འཁོར་འདས་གཉིས་ཀ་སྣང་བ། དེ་གསུམ་ཡང་རྩེ་གཅིག་གི་དུས་སུ་ངོ་བོ་རྟོགས། སྤྲོས་བྲལ་གྱི་དུས་སུ་རང་བཞིན་རྟོགས། རོ་གཅིག་གི་དུས་སུ་མཚན་ཉིད་རྟོགས་པ་ཡིན་གསུང་། དེ་ཡང་རྣལ་འབྱོར་རྣམ་པ་བཞིའི་རིམས་ཀྱིས་རང་གི་སེམས་ལྷན་ཅིག་སྐྱེས་པའི་ཆོས་སྐུར་རྟོགས་ཀྱང་། ན་ཚ་དང་སྡུག་བསྔལ་འོང་བ་ནི་ཐ་མལ་པའི་ལུས་རྒྱ་དང་མ་བྲལ་བས་ལན་པ་ཡིན་ཏེ། སེང་གེ་དང་ཁྱུང་གིས་ཕྲུ་གུ་ལྟ་བུ། སེང་གེ་ལུས་ལ་རྩལ་གསུམ་རྫོགས་ཀྱང་མངལ་རྒྱས་འཐུམ་པ་དང་འདྲ་གསུང་། ཁྱུང་ཕྲུ་གུ་གཤོག་ཕྲུགས་རྒྱས་ཀྱང་སྒོང་ལྤགས་ཀྱི་འཐུམས་པ་དང་འདྲ་སྟེ། ནང་དུ་སེམས་ཆོས་སྐུར་རྟོགས་ཀྱང་སྔར་གྱི་ལས་ཀྱིས་བསྐྱེད་པའི་ལུས་རྒྱ་དང་མ་བྲལ་བས། བདེ་སྡུག་དང་མི་འདོད་པའི་རྐྱེན་བྱུང་བ་ལ་འགལ་བ་མེད་པ་ཡིན་གསུང་། རྣལ་འབྱོར་པས་དེ་ལྟར་རྣལ་འབྱོར་

(༣༧༦)བཞིའི་སྒོ་ནས་ཉམས་སུ་བླང་སྟེ། འཆི་བའི་དུས་འབྱུང་བ་བཞི་རིམས་ཀྱིས་ཐིམ་ནས་རླུང་སེམས་རྩ་དབུ་མར་འདུས་པའི་དུས་སུ་ཆོས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་བཞིན་གྱི་རྒྱུད་ལ་སྐྱེ་བ་དེ་སེམས་ཅན་ཐམས་ཅད་ཀྱི། སྔར་བསྒོམ་པའི་སྟོབས་ཀྱིས་ངོ་ཤེས་ཏེ་དྭ་ཕྲུག་མ་དང་ཕྲད་པ་འམ། སྔར་སྔགས་གྲིས་ཀྱི་མི་དང་ཕྲད་པ་ལྟར་ངོ་ཤེས་ཏེ། འོད་གསལ་གཉིས་མེད་དུ་གྱུར་བ་དེ་ལ་གསང་སྔགས་ཀྱི་ལུགས་ཀྱི་ལུགས་ཀྱི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཚེ་གཅིག་ལུས་གཅིག་གིས་སངས་རྒྱ་བ་དེ་ལ་ཟེར་བ་ཡིན། བྱེ་བྲག་ཅན་མ་ཡིན་བསྒོམ་པའི་དུས་ཀྱི་འོད་གསལ་དང་། འཆི་བའི་དུས་ཀྱི་འོད་གསལ། ད་ལྟ་མ་བསྒོམས་ན་དེ་ངོ་མི་ཤེས་པས་ལུས་བྱེ་བྲག་པ་ཅན་ལ་སྲེད་པ་དང་། མ་ཡིན་པ་ལ་སྲེད་པ་ལ་སོགས་པའི་སྟོབས་ཀྱིས། ཡང་དང་ཡང་དུ་ལུས་ལེན་པ་འཁོར་བར་འཁྱམ་པ་ཡིན་གསུང་། ཁྱི་ཕག་ལ་སོགས་པ་ དེ་ལྟར་སེམས་ཉིད་ཕྱག་རྒྱ་ཆེན་པོ་སྤྲོས་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས། དམིགས་གཏད་དང་བྲལ་ཞིང་ རྒྱལ་བོའི་བུ་ལ་སོགས་

(༣༧༧)ལྷུག་པར་འཇོག་པའི་དུས་སུ་མཚན་བཅས་ཀྱི་དགེ་བ་བཞག་སྙམ་ན། རྗེས་ཀྱི་དུས་སུ་བསོད་ནམས་ཀྱི་ཚོགས་བསགས་པས་ནང་གི་རྟོགས་པ་བོགས་འདོན་པས་གལ་ཤིན་དུ་ཆེ་གསུང་། ནང་དུ་མཉམ་བཞག་སྒལ་བར་གྱུར་པས། རྗེས་ཀྱི་དུས་སུ་བསོད་ནམས་ཀྱི་ཚོགས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པས་སྟོབས་དང་ལྡན་པར་གྱུར་ཏེ། རྟོགས་པ་སྐྱེ་བ་གྱུར་བ་ཡིན་གསུང་། བཤེས་གཉེན་དམ་པས་གསུངས་པ་རྣམས། གུས་པའི་ཡིད་ཀྱི་ཡི་གེར་བཀོད། །སྒྲོ་བཀུར་དྲིན་དུ་མི་བཟོ་ལ། ཡི་གེ་སྤེལ་བར་མི་བྱ་གསུང་།། །།བླ་མ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །ཕྱག་རྒྱ་ཆེན་པོའི་ལམ་ཉམས་སུ་ལེན་པ་ལ། དང་པོ་ངོ་བོ་འམ་བཞག་ཐབས་གསུམ་ལས། སོ་མར་བཞག །རང་གར་བཞག །ལྷུག་པར་བཞག་པའོ། །དེ་བརྟེན་པར་བྱེད་པའི་གྲོགས་གསུམ་ནི། བ་ནི་ཐ་མལ་གྱི་ཤེས་པ་གང་གིས་ཀྱང་མ་སླད་པར་འཇོག་པའོ། །པ་ནི་དེ་ཡང་འཇོག་ཤེས་རབ་འབྲིང་གསུམ་ནི་ངོ་བོ་བཟང་ངན་དུ་མི་འཛིན་པའོ། །ངོ་བོ་ལ་ཉོན་མོངས་པ་དང་རྣམ་པར་རྟོག་པས་མི་གནོད་

(༣༧༨)འབད་རྩོལ་མེད་པས་སོམ་བརྟན་པར་བྱེད། རྟེན་གང་ལ་ཡང་མི་གནས་པར་རང་གར་བརྟེན་པར་བྱེད། ཉམས་སུ་མྱོང་བ་ལ་ལ་མྱོང་བར་མི་འཛིན་པར་ལྷུག་པར་བརྟེན་པར་བྱེད་དོ། །དེའི་ཁྱད་པར་གསུམ་ནི། སོམ་བརྟེན་པས་རྒྱུ་འབྲས་དུས་མཚུངས་པའི་ཁྱད་པར་རང་གར་བརྟེན་པས་མཚན་མ་རང་སར་དེ་ལྟ་བུ་མ་མྱོང་བ་མེད་པས་གྲོལ་བའི་ཁྱད་པར། ལྷུག་པ་བརྟེན་པས་སྤྱོད་ལམ་རྣམ་བཞི་ལ་ཁྱད་པར་མེད་པའི་ཁྱད་པར་རོ། །ན་མོ་རདྣ་བྷྱ ཕྱག་རྒྱ་ཆེན་པོ་ལ་དུས་གསུམ་ཡོད་དེ། ལྷུན་གྱིས་གྲུབ་པའི་དུས་ནི། སེམས་ཀྱི་ངོ་བོ་ལ་བརྟན་ཞིང་དབང་ཐོབ་བསྙམ་བྱེད་ཙ་ན། སངས་རྒྱས་ཀྱི་རྟེན་སྐྱེས་པ་ཡིན་ཏེ། ལྷུན་གྱིས་གྲུབ་པའོ། །བསམ་གྱིས་མི་ཁྱབ་པའི་དུས་ནི། བཟུང་འཛིན་གཉིས་མེད་དུ་རྟོགས་པ་ལ་བྱ་སྟེ་བདེན་པ་མཐོང་བའོ། །བདེ་བ་ཆེན་པོའི་དུས་ནི། སྲིད་པའི་ས་བོན་རྣམ་པར་ཤེས་པ་འགགས་ནས་ཆོས་སྐུ་ཕྱག་རྒྱ་ཆེན་པོ་མངོན་དུ་བྱས་པའོ། །སྤྱིར་གྱིས། དངོས་པོའི་གནས་ལུགས་རྟོགས་ན་ལྟ་བ། དེའི་ངང་ལས་

(༣༧༩)མ་ཡེངས་previous hit ་བསྒོམ་པ། དེ་དང་མི་འབྲལ་བ་སྤྱོད་པ། དེ་རེ་དོགས next hit་དང་བྲལ་བ་འབྲས་བུའོ། །ལར་དེས་ཤེས་སྐྱེས་ན་ལྟ་བ་ཡིན། སེམས་ཉིད་རྟོགས་ན་རྟོགས་པ་ཡིན། བྱ་བ་བཏང་ན་བསྒོམ་ཆེན་ཡིན། ཅེས་གསུངས་སོ། །འོད་གསལ་གཏེར་བ་བཙལ་བ་ནི། ཆོས་ཟབ་མོ་བལྟས་པ་འམ། སྒྲའི་བྱེ་བྲག་ལ་བརྟད་པ་འམ། ཆོས་དང་འཐུན་པའི་གླེང་སླངས་བྱས་བརྙེད་གསུང་། །སྐྱེ་བའི་རྒྱུ་ནི་འདི་ལྟ་སྟེ། རང་ཉིད་ལས་འཕྲོར་ལྡན་པ་དང་། །བླ་མའི་བྱིན་བརླབས་ལྡན་པ་ལ། །དད་གུས་བྱ་ཞིང་གསོལ་འདེབས་དང་། ཐབས་ལམ་གཏུམ་མོ་བསྒོམས་པར་གྱུར་པ་དང་། །མ་བཅོས་དེའི་སྟེང་དུ་གཉུག་མའི་གདམ་ངག་དང་། ཕྱིའི་བསགས་སྦྱང་འབད་པའོ། །ཁ་ཅིག་ཀུན་རྫོབ་བྱང་ཆུབ་སེམས། བཀའ་གདམས་པ་ལ་སོགས་འོད་གསལ། སྤྱོད་པ་ཡང་ནི་རྒྱུ་རུ་འདོད། འཕེལ་བའི་རྒྱུ་ཡང་བསགས་སྦྱང་དང་། །བླ་མ་གསོལ་བ་གདབ་པ་དང་། དབེན་པར་ནན་ཏན་གྱིས་བསྒོམ་དང་། ཐབས་ལམ་བཙུན་པར་བྱ་བའོ། །

(༣༨༠)ཐབས་ཀྱི་ཆ་ཡི་ཁྱེར་ལུགས་ལ་ནི། བླ་མའི་ཞལ་ནས། ང་ལ་མི་དགོས་སྙམ་ཙ་ན་དགོས་བསྔོ་བ་ཡིན། ཤིན་ཏུ་ཡང་སྒོ་མཐའ་ཡས་ནས་ཚོགས་བསགས། ཁྱད་པར་དུ་ཡང་བསྐྱེད་རིམས་སྒོམ་པ་དང་། སྙིང་རྗེ་ཆེན་པོ་བསྒོམ་པ་གལ་ཆེ་གསུང་། ལུས་ངག་གི་སྤྱོད་པ་རང་འགགས་སུ་སོང་། ཙ་ན་མི་དགོས་པ་དེ་རང་ཡིན། དེ་ཡང་ལག་ཏུ་ལེན་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་སྔོན་དུ་བཏང་ལ། དེ་ནས་བསྐྱེད་རིམས་ཅི་རིགས་སུ་བསྒོམ། དེ་ནས་འོད་གསལ་བ་བསྒོམ་གསུང་། སྤྱན་སྔ་བའི་ཞལ་ནས། སྐད་ཅིག་དྲན་རྫོགས་སམ་ཡོངས་སུ་རྫོགས་པ་ལ་སོགས། །རྫོགས་རིམས་ ཐབས་ལ་ཅི་ཙམ་དུ་ཤད་ཆེར་སྤྱད་ན་ནང་གི་རྟོགས་པ་འཕེལ་སྟོབས་ཆེ་བས་བསྒོམ། གསལ་བསྡོ་ཙ་ན་འཕྲོ་བཅད་ལ། དཀོན་མཆོག་མཆོད་ཅིང་གསོལ་བ་གདབ་གསུང་། །བླ་མ་ཉིད་ཀྱི་ཉམས་མྱོང་ལ་ལུས་ངག་ལ་འབད་

(༣༨༡)པ་གྲགས་ན་ནང་གི་ཉམས་མྱོང་འགྲིབས་འོང་གསུང་། གང་ཟག་ལ་རིགས་འོང་གསུང་ངོ་། །ཞི་གནས་རྩེ་གཅིག་པ་དེ་ཉིད་བདེ་བའི་ཤས་ཆེ་ཞིང་དེ་ལ་ཞེན་ན་འདོད་ཁམས་པ་ཉེ་བར་ལེན་པའི་རྒྱུ། གསལ་བ་ཤས་ཆེན་གཟུགས་ཁམས་ཉེ་བར་ལེན་པའི་རྒྱུ། མི་རྟོགས་པ་ཤས་ཆེ་ན་གཟུགས་མེད་ཁམས་ཉེ་བར་ལེན་པའི་རྒྱུ། སྟོང་པ་ཤས་ཆེ་སྟེ་ལས་འབྲས་ཁྱད་དུ་གསོད་ན་ངན་འགྲོ་ཉེ་བར་ལེན་པའི་རྒྱུ། དེ་ཁྱད་དུ་མི་བསོད་ཀྱང་སྙིང་རྗེ་ལ་སོགས་པ་ཤས་ཆུང་ན་ཐེག་པ་དམན་པའི་རྒྱུར་ཡང་འགྲོ་སྲིད་དོ། །ཞི་གནས་རྩེ་གཅིག་པ་དེ་ཉིད་བྱམས་པ་དང་སྙིང་རྗེ་ལ་སོགས་པའི་ཐབས་ཀྱིས་ཅིང་། བདག་མེད་པའི་རྣམ་པ་འམ། འོད་གསལ་གྱི་རོ་དང་ལྡན་ན་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་དུ་འགྱུར་བར་རིག་པར་བྱའོ། །དགེ་བའི་བཤེས་གཉེན་སྟོན་པའི་ཞལ་ནས། བླ་མ་ལྔ་བཅུ་ལྔ་ལ་གདམས་པ་དང་། རྗེས་སུ་བསྟན་པ་གཉིས་གཉིས་ཞུས་པས། རྩ་བཅུ་མཐུན་ཏེ། དེ་གཉིས་ཀྱི་ཁྱད་

(༣༨༢)པར་ནི། སློབ་མ་ལམ་དུ་འཇུག་པའི་ཆོས་སྟོན་པ་གདམས་པ་ཞེས་བྱ་ལ། ལམ་ལས་འཁྱོག་ཏུ་མི་སྟེར་བའི་ཆོས་སྟོན་པ་ལ་རྗེས་སུ་སྟོན་པ་ཞེས་བྱའོ། ཁོ་བོས་དཔྱད་ན། ལམ་གྱི་ཆོས་སྟོན་པ་ནི་གདམ་ངག །དེའི་འགའ་རྐྱེན་སྤོང་ཞིང་མཐུན་རྐྱེན་བསྒྲུབ་པའི་ཆོས་སྟོན་པ་ནི་རྗེས་སུ་བསྟན་པའོ། །ཡང་ཐུན་མོང་གི་ཆོས་བཞི་ནི། ཐམས་ཅད་ཕྱག་རྒྱ་ཆེན་པོར་རྟོགས་ཀྱང་། བླ་མ་སྤྱི་བོར་བསྒོམ་ཞིང་འདུས་བྱས་ཀྱི་དགེ་བ་ལ་འབད། ཅི་བྱེད་ཆོས་སུ་འགྲོ་ཡང་སྡིག་པ་འཕྲབ་ལ་འཛེམ། དབེན་པ་དང་གྲོང་ལ་ཁྱད་མེད་ཀྱང་དབེན་པ་བརྟེན་ལ་བསྒོམ། ཅོག་བུ་དང་ཉལ་བ་ཁྱད་མེད་ཀྱང་ཅོག་བུ་བྱས་ལ་བསྒོམ། ཐུན་མོང་གི་ཆོས་བཞིའོ།། །།ཡང་རྟག་ཏུ་ཡིད་ལ་བྱ་བའི་ཆོས་བཞི་ནི། བྱམས་པ་དང་སྙིང་རྗེ། དགའ་བ་དང་བཏང་སྙོམས། འཆི་བ་མི་རྟག་པ། ལས་རྒྱུ་འབྲས་འཁོར་བའི་སྡུག་བསྔལ་རྣམས་དྲན་པར་བྱ་བ་དང་གཅིག །རང་ལྷར་བསྒོམ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་

(༣༨༣)ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་མཆོད་བསྟོད་ཡིད་ལ་བྱ་བ་དང་གཉིས། སྤྱོད་ལམ་ཐམས་ཅད་དུ་བླ་མའི་རྣལ་འབྱོར་བསྒོམ་ཞིང་སེམས་མ་བཅོས་པར་བཞག་པ་དང་གསུམ། སྐབས་སྐབས་སུ་བསྔོ་བ་བྱ་ཞིང་སྨོན་ལམ་གདབ་པ་དང་བཞིའོ། །ཡིད་ལ་བྱ་བའི་ཆོས་བཞི་རིན་པོ་ཆེས་དམ་པ་སྐྱེས་པོ་ལ་གདམས་པའོ།། །།ན་མོ་རདྣ་གུ་རུ། ཡང་འཇུག་ལྗོག་གི་བྱེ་བྲག་ནི། འཇུག་པའི་ཉམས་གསུམ། ལྡོག་པའི་ཉམས་གསུམ་མོ། །དང་པོ་འཇུག་པའི་ཉམས་གསུམ་ནི། རིན་པོ་ཆེན་གསེར་ མྱང་ངན་ལས་འདས་པའི་ཆོས། འཁོར་བའི་ཆོས་ལ། གླིང་དུ་ཕྱིན་བ་ལྟ་བུའི་ཉམས། སྨན་གྱི་རོ་བྲོ་བ་ཤེས་པ་ལྟ་བུའི་ཉམས་དང་། རིན་པོ་ཆེའི་སྣ་དང་ཕྲད་པ་ལྟ་བུའི་ཉམས་ཏེ་དེ་གསུམ། ཅི་སང་ཕྱག་རྒྱ་ཆེན་པོར་ཤེར་བ། ཞེན་པ་ལ་དོན་ཉམས་སུ་མྱོང་བ། མེད་པའི་ཚུལ་གྱིས་བསྐྱང་ངོ་། །གཉིས་པོ་ལྡོག་པའི་ཉམས་ནི། འགྲོན་པོ་ལམ་དེས་ནས་ཕ་ཡུལ་དྲན་བ་ལྟ་བུའི་ཉམས་དང་།

(༣༨༤)སྐྱེས་བུ་དུས་ཡོལ་བ་ལྟ་བུའི་ཉམས་དང་། སྟོང་ཉིད་བསྒོམས་པས་རྟགས་དང་མཚན་མ་ལ་སོགས་པ་མ་བྱུང་ནས་ཡིན་ཆད་པའོ། །བརྟེན་ཉེན་བདུད་དུ་ལངས་པ་ལྟ་བུའི་ཉམས་ཏེ། དེ་རྣམས་བྱུང་བའི་དུས་སུ། གཉེན་པོ་སྟོབས་ཅན་གྱི་བསྒོམ་གྱིས་བཟློག་པར་བྱའོ། གཞན་དག་གིས་བསྐྱེད་རིམས་བསྒོམ་པར་འཇོག །འཇིག་རྟེན་ལྷ་འདྲེ་བསྒྲུབ་ནས་ནུས་པ་འབྱུང་བ་ལ། གོང་གི་ལྟར་བདག་གིས་མ་བྱུང་སྙམ་ནས་ལོག་པོའོ། གང་དུ་སློབ་གཉེར་དང་དབང་བསྐུར་དང་། བླ་མ་ལ་བསྙེན་བཀུར་དང་། ཉམས་ལེན་ལ་སོགས་ལ་དེས་རྗེས་ལ་ཚོར་བའི་ཕྱགས་ལ་སོགས་པ་དྲན་ནས་ཉམས་ལེན་ལ་སོགས་པའོ། །གཉེན་པོ་སྟོབས་ཅན་གྱི་བསྒོམ་ནི། མི་ལུས་ཐོབ་ཀྱང་ཡུན་ཐུང་བ་དང་། སྐྱེ་རྒས་ན་འཆི་དང་། རིགས་དྲུག་གི་སྡུག་བསྔལ་དང་། ཁྱད་པར་དུ་ངན་སོང་གསུམ་གྱི་སྡུག་བསྔལ་ཆེ་བ་དང་། དེ་རྣམས་ཀྱི་གཉེན་པོ། །བླ་མ་དམ་པའི་གདམས་ངག་རྟག་ཏུ་དྲན་ཅིང་མ་བརྗེད་པ་མ་ཡེངས་པ་གལ་ཆེའོ། །

(༣༨༥)འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག། །།བཀྲ་ཤིས།།

(༣༨༦)

(༣༨༧)ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། ཕྱག་རྒྱ་ཆེན་པོ་གསལ་བྱེད་ཀྱི་མན་ངག་བཞུགས།

(༣༨༨)རྒྱ་གར་སྐད་དུ། པྲ་ཀ་ར་ས་མ་ཨུ་པ་དེ་ཤ་མ་ཧཱ་མུ་དྲ། བོད་སྐད་དུ། ཕྱག་རྒྱ་ཆེན་པོ་རབ་ཏུ་གསལ་ བར་བྱ་བའི་མན་ངག །སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །ཉོན་མོངས་པ་དང་ཤེས་བྱའི་སྒོ་ནས་ལྷན་སྐྱེས། གཞི་མ་བཅོས་པ། ཕྱི་དང་ནང་ཀུན་ཕྱག་རྒྱ་ཆེ། །ཕྱག་རྒྱ་ཆེན་པོའི་ངང་ཉིད་ལ། །སེམས་ཉིད་བཅོས་པ་ག་ལ་ཡོད། །སྣང་སྲིད་ཐམས་ ས་གསུམ་པ། །དང་པོ་རྣོན་པོ། ཐབས་ལམ་བློས་མ་དཔྱད་པ། ལྷན་སྐྱེས་ཁམས་སུ་ མཚན་མ་མེད་པ་ ཅད་ཆོས་ཀྱི་རང་བཞིན་མེད་པར་

(༣༨༩)སྐུ། ཕྱག་རྒྱ་ ལྷན་སྐྱེས་ལ་གོམས་པ། ཆེན་པོའི་ངང་ཉིད་ལ། །སྣང་བ་མེད་པ་ཕྱག་རྒྱ་ཆེ། །མ་བཅོས་བཞག་ན་སྒོམ་པ་ཡིན། །བསམ་དུ་མེད་པ་ཆོས་ཀྱི་སྐུ། །མ་བཅོས་བཞག་ན་བསྒོམ་པ་ཡིན། །ཅེར་རེ་བལྟས་པའི་དུས་ཉིད་དུ། །གཉིས་སུ་མེད་པར་ཤེས་ རིག་པ་གིག་པུ་པར་བྱ། །འདི་ལྟར་སྣང་བའི་དངོས་པོ་དང་། དབང་པོའི་སྤྱོད་ཡུལ་དུ། སྟོང་པ་ཉིད་ རྣམ་པར་རྟོག་པ། དུ་རྟོགས་པ་ནི། ངོ་བོ་ཐ་དད་མེད། དུས་ ལྷན་སྐྱེས་ལ་གོམས་པས། མཉམ་ སྔ་ཕྱི་དག་ཏུ་མེད་པར། དག་ཏུ་འདོད་པ་ཡིན། །དཔེར་ན། སྔར་

(༣༩༠)འདྲིས་པའི་མི། །མཐོང་མ་ཐག་ཏུ་ངོ་ཤེས་བཞིན། །སེམས་ཀྱི་སྣང་བ་སྣ་ཚོགས་ཀུན། །མང་པོ་དག་ཏུ་འཆར་བ་ཡིད། །སྟོང་པ་ཉིད་དུ་རྟོགས་པ་ནི། །དཔེར་ན་རྒྱ་མཚོར་ མཐོང་བས་འགྱུར་མེད་དུ་ཤེས་པར་བྱ། རྟོགས་ལ་ལ། ཁ་བ་ནི། །བབས་ཚད་ཆུ་རུ་འགྲོ་བ་ རྟོགས་པས་ཆོས་སྐུར་ བཞིན། དབྱེར་མེད་པར། །དེ་བཞིན་སྣང་བ་ཐམས་ཅད་ནི། །སྐྱེ་བ་མེད་པར་རྟོགས་པར་བྱ། །རིག་པའི་དངོས་པོ་སྣང་བ་ཉིད། རང་བཞིན་མེད་པར་སྐྱེ་མེད་ལྷན་སྐྱེས་ཀྱི་ཁོངས་སུ་འཁོར་འདས་ཀྱི་ཆོས་ཐམས་ཅད་དུ་མ་རོ་གཅིག་ཏུ་རྟོགས་དགོས། །ཕྱི་རོལ་ཚོགས་དྲུག་གི་ཡུལ་དུ། དཔེར་ན་སྒྱུ་མ་ལྟར་ཤེས་པར་བྱ། རྒྱུན་དུ་གོམས་པ་བསྲིངས་པ་ལ་བརྟེན་ནས། ངོ་བོ་སྟོང་པ་ཉིད་ཡིན་ཏེ། །རྒྱ་མཚོར་ཟླ་བའི་གཟུགས་བརྙན་བཞིན། །སེམས་ཀྱི་རང་བཞིན་སྐྱེ་མེད་དུ། །གོམས་པར་བྱས་ནས་བསྒོམ་པ་ཡིན། །སྒོམ་པ་ཞེས་པ་ཐ་སྙད་དེ། ཐ་སྙད་རང་བཞིན་སྐྱེ་མེད་དོ། །ཅིར་སྣང་ཐམས་ཅད་རང་བཞིན་མེད་པ་ ཉམས་སུ་མྱོང་བ་སྟེ། བློས་མ་བཅོས་པར་བྱ། དུས་མེད་པར་བྱ། ཆེད་དུ་གཏང་ལ་སྒོམ་རྒྱུ་མེད། སེམས་འཛིན་པ་ལ་སོགས་པར་

(༣༩༡)ཐུན་དུ་ཅད་ལ་སྒོམ་རྒྱུ་མེད། །གང་ལྟར་སྣང་བ་བསྒོམ་པ་ཡིན། །ལོགས་སུ་བཀར་བ་སྒོམ་རྒྱུ་མེད། །རྒྱུན་མི་ཆད་དུ་སྒོམ་པ་ཡིན། །སེམས་ཀྱི་མཚན་ཉིད་རྟོགས་པ་ལས། །སངས་རྒྱས་བཞན་ནས་བཙལ་དུ་མེད། །དེ་ལ་རྨོངས་རྣམས་ རང་རིག་དང་གསལ་ལས། འདི་ལྟར་འདོད། །ཆོས་སྐུ་དེ་ཉིད་སྒོམ་པ་ལ། །མཉམ་བཞག་རྗེས་ཐོབ་དག་ཏུ་འདོད། །འཁོར་བའི་རང་བཞིན་ སྐལ་པ་དང་ལས་འཕྲོ་མེད་པའི་གང་ཟག་རྣམས་ རྟོགས་པ་ལས། །མྱ་ངན་འདས་པ་ལོག་ མཉམ་བཞག་རྗེས་ཐོབ་མེད་ཀྱང་། བྱིས་པའི་སྐྱེ་བོ་འཁྲུལ་པའི་རང་བཞིན་ཅན་འགའ་ཞིག པ་ནི་ནོར་བའོ། སྐྱེ་བ་མེད་པར་གཞན་དུ་ཐར་པ་དང་ཐམས་ཅད་མཁྱེན་པ་སྟེ། བཙལ་དུ། ལོགས་ན་མེད། །གང་ལྟར་སྣང་བ་དེ་ཆོས་ཡིན། །གང་ལྟར་གསལ་བ་ཆོས་ཉིད་ཡིན། །དབང་པོ་ལྔའི་སྤྱོད་ཡུལ་དུ། །སྣང་བ་ཐམས་ཅད་གཉིས་སུ་མེད། །ཁམས་ བདེ་སྡུག་ལ་སོགས། དེ་ཉིད་རྣག་རྟོགས་ན་ཀྱི་དབྱིངས། སུམ་ཡེ་ནས་སངས་རྒྱས་ཡིན། །འཁོར་བ་ཡེ་ནས་མྱ་འདས་ཡིན། །སེམས་ཅན་ཡེ་ནས་སངས་རྒྱས་ཡིན།

(༣༩༢)ཉོན་མོངས་ཡེ་ནས་བྱང་ཆུབ་ཡིན། །འོན་ཀྱང་ཡེ་ནས་མི་རྟོགས་པས། །ཁམས་གསུམ་པ་ནི་འཁོར་བ་ཡིན། །འཁོར་བ་ལས་ནི་བཟློག་པ་ནི། །བླ་མ་དམ་པའི་གདམ་ངག་དགོས། །བླ་མས་མ་བསྟན་བར་དུ་ནི། །དབུལ་པོའི་གཏེར་ནི་ཇི་བཞིན་དུ། །རང་ལ་ཡོད་ཀྱང་ཕན་མ་ཐོགས། །དེ་བས་བླ་མའི་གདམ་ངག་གཅེས། །འདི་དག་རྟོགས་ནས་ཉམས་སུ་ལོང་། །ཀུན་རྫོབ་དོན་དམ་གཉིས་མེད་དེ། །ཆོས་ཀྱི་སྐུའི་མཚན་ཉིད་དོ། །སངས་རྒྱས་དགོངས་པ་མཐར་ཐུག་ཡིན། །ཕྱག་རྒྱ་ཆེན་པོ་མཐར་ཐུག་པ་མདོར་བསྡུས་པའོ།། །།བླ་མའི་ཞལ་ནས། འདི་ལྟར་མ་རྟོགས་ན་འཁོར་བ་ལས་གྲོལ་ཐབས་མེད་གསུང་། འདི་ལྟར་རྟོགས་པར་ཤེས་པས་ངོས་བཟུང་ནས་གོམས་པར་ཉམས་སུ་བླངས། །ལྟ་བས་ཐག་བཅད་པ་གལ་ཆེ་གསུང་། ན་མོ་གུ་རུ། རང་རིག་རང་གསལ་རང་ལ་གནས། །བུམ་པ་ནང་གི་མར་མེ་བཞིན། །ཤེས་པ་རང་གསལ་ཙམ་དུ་གནས། །ཐ་སྙད་ཚིག་ཏུ་བརྗོད་

(༣༩༣)ཙམ་ན། འོད་གསལ་བྱ་བ་མིང་དུ་བཏགས། །བདེ་སྟོང་བྱ་བར་མིང་དུ་བཏགས། །རིག་སྟོང་བྱ་བར་མིང་དུ་བཏགས། །སྣང་སྟོང་བྱ་བར་མིང་དུ་བཏགས། །བཏགས་པ་ཙམ་ལས་མིང་དུ་བས། ཅེས་གསུངས་སོ།། །།རྟོགས་ལྡན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཕྱག་རྒྱ་ཆེན་པོ་རྟོགས་པར་འདོད་པ་རྣམས་ཀྱིས། །གང་གིས་མི་སྐྱོང་རྒྱ་མཚོ་ལྟ་བུར་གཞག །ཉོན་མོངས་པ་ལ་ཐོག་རྡུགས་མེད་པས་ཀྱི་སེར་ལྟ་བུར་གཞག །འཁོར་འདས་དབྱེར་མེད་ཡིན་པས་ཆོས་ཉིད་ངང་དུ་གཞག །དུག་གསུམ་རང་བཞིན་ཆོས་ཀྱི་སྐུ་ཡིན་ཏེ། །སེམས་ཉིད་ལྷན་ཅིག་སྐྱེས་པར་མཁྱེན་པར་མཛོད། །སྣང་གྲགས་ཐམས་ཅད་གཉུག་མའི་ངང་ཡིན་ཏེ། གདོད་ནས་རྩོལ་སྒྲུབ་བྲལ་བར་མཁྱེན་པར་མཛོད། །རྣམ་རྟོག་མ་སླད་ཆོས་ཉིད་རང་བཞིན་ཏེ། །མ་བཅོས་རང་སར་གྲོལ་བར་མཁྱེན་པར་མཛོད། །དེ་ལྟར་རྟོགས་ན་སྐུ་གསུམ་རང་བཞིན་ཏེ། །འབྲས་བུ་བསྒྲུབ་ཏུ་མེད་པར་མཁྱེན་པར་མཛོད། ཨེ་མ་ཧོ་ཆོས་རྣམས་

(༣༩༤)ལྷན་ཅིག་སྐྱེས་པའི་ས། །རང་བཞིན་མི་དམིགས་བསྒོམ་དུ་མེད་པའི་ངང་། །རྣམ་རྟོག་རང་བཞིན་སྐྱེ་མེད་ཆོས་སྐུའི་ངང་། །མཁས་མ་ལྷུན་གྱིས་གྲུབ་པ་ཆོས་ཀྱི་སྐུ། །དུས་གསུམ་མཉམ་པར་སྣང་བས་གཉུག་མའི་ལམ། །རང་བཞིན་སྤྲོས་དང་བྲལ་བ་རྣལ་འབྱོར་སེམས། །སྐུ་གསུམ་རང་ལ་ཤར་བ་སྐྱེ་མེད་ཐུགས། །འཁོར་འདས་ཐམས་ཅད་གཉུག་མའི་ཀློང་དུ་ཐིམ། །བཟུང་འཛིན་ཐམས་ཅད་སྐྱེ་མེད་དབྱིངས་སུ་ཡལ། རྩལ་བསྒྲུབ་ཐམས་ཅད་མ་བཅོས་ལམ་དུ་སློངས། །འབྲས་བུ་ཐམས་ཅད་ཐོབ་དུ་མེད་པར་ཤར། །ཕྱག་རྒྱ་ཆེན་པོ་བརྗོད་དུ་མེད་པའི་དོན། །ཅེས་བྱ་སློབ་དཔོན་བསྒོམ་ཚུལ་གྱིས་མཛད་པའོ།། །།ན་མོ་གུ་རུ། །བླ་མའི་ཞལ་ནས། ཆོས་རྣམས་ཐམས་ཅད་མ་ལུས་པ། །རྒྱུ་རྐྱེན་ཚོགས་པ་ལས་བྱུང་ཡིན། །མི་དགེ་མ་ལུས་མཐའ་དག་སྤངས། །དགེ་བ་མ་ལུས་ཉམས་སུ་ལེན། །དེ་ནི་བཀྲ་ཤིས་ཕུན་ཚོགས་ཡིན། །བླ་ན་མེད་པའི་བྱང་ཆུབ་མ་ཐོབ་ཀྱི་

(༣༩༥)བར་དུ་དེ་དང་མི་འབྲལ་བར་བགྱིའོ། །ཅེས་གསུང་ངོ་། །ཡང་ཞལ་ནས། བླ་མ་དམ་པའི་གསུང་ཐོས་ནས། །ཚེ་འདི་བློ་ཡིས་བཏང་ནས་ཀྱང་། །འཇིག་རྟེན་ཆོས་བརྒྱད་རྒྱབ་ཏུ་པོར། །ཆགས་ཞེན་མེད་པའི་བསྒོམ་ཆེན་བདེ། །སེམས་ཉིད་ལྷན་ཅིག་སྐྱེས་པ་འདི། །སྐྱེ་བ་མེད་པ་ཆོས་ཀྱི་སྐུ། །གསལ་ལ་མ་འགགས་ཉམས་སུ་མྱོང་། །སྣ་ཚོགས་སྣང་བའི་མཚན་ཉིད་ཡིན། །དེ་ཡང་བག་ཆགས་གཟུགས་བརྙན་ལགས། །འོད་གསལ་དང་ཟུང་འཇུག་རྟོགས་པ་ཡིས། །དྲན་མེད་ཀྱིས་ལྟ་བས་མ་སླུས་ཅིང་། །ཞན་མེད་ཀྱི་བདེ་སྟོང་ཉམས་སུ་ཤར། །རྟོགས་མེད་ཀྱི་ལྡེང་པོས་མ་སླུས་ཅིང་། །ཡོད་མེད་གཉིས་ལས་འདས་པ་བདེ། །ཡིན་མིན་རྩིས་དང་བྲལ་བས་བདེ། །རྟག་ཆད་ཡུལ་དང་བྲལ་བས་བདེ། །བློ་ལས་འདས་པའི་ཆོས་ཉིད་དེ། །རང་ལ་ཤར་བས་ངོ་མཚར་ཆེ། །ཕྱོགས་སུ་བྱེད་པའི་ལྟ་བ་དང་། ཞེན་དང་མ་བྲལ་སྒོམ་པ་དང་། །

(༣༩༦)གཉིས་སུ་འཛིན་པའི་སྤྱོད་པ་གསུམ། །འཇིག་རྟེན་པའི་ལྟ་སྤྱོད་ལགས། །ཅེས་གསུང་ངོ་། །ཡང་ཞལ་ནས། རང་སེམས་རྟོགས་ནས་དེ་ལས་གཞན་མེད་གོ་བའི་སྒོམ་ཆེན་བདེ། །བསྒོམ་རྒྱུ་མེད་པར་རང་སེམས་རྣལ་མར་བཞག་པས་ཆོག་པའི་བསྒྲུབ་པ་པོ་བདེ། །ངོ་བོ་རྣལ་མར་ཤེས་པས་ངེས་ཤེས་སྐྱེས། །སྐྱེ་འཇིག་བྲལ་བར་གོ་བའི་རྣལ་འབྱོར་བདེ། །རང་སེམས་སྐྱེ་བ་མེད་པར་ལྟ་བར་མཐོང་། །སྐྱེ་མེད་དོན་ལ་རྩེ་གཅིག་བསྒོམ་པར་གོ། །རང་གི་སེམས་ཉིད་བསྒོམ་པ་གཅིག་པུས་ཚོག །བསམ་དུ་མེད་པའི་བསམ་གཏན། །བསྒོམ་དུ་མེད་པའི་བསྒོམ་པ། །གཟའ་གཏད་མེད་པ་ངོ་བོ་གསལ། །དུས་གསུམ་རྒྱུན་དུ་ལྷང་ངེ་གནས། །ཤེས་གསུངས་པས། །བླ་མའི་ཞལ་ནས། ཁྱོད་ཀྱི་དེ་ཡང་ཡིན་ཏེ། དོན་རྣལ་མར་སོད་ན་འདི་ལྟ་བུ་ཅིག་དགོས་གསུང་། །ཨེ་མ་ཧོ། ཤེས་བྱ་བཟུང་འཛིན་གྱི་སྟོང་པ་དེ། །ཞེན་པ་བྲལ་ཡང་དོན་མ་

(༣༩༧)མཐོང་། །གཉིས་འཛིན་མ་བྲལ་སྒོམ་པ་སྟེ། ཉམས་སུ་མྱོང་ཡང་དོན་མ་མཐོང་། །རྟོགས་པ་མེད་པའི་ལྟ་བ་དེ། །མཐའ་བྲལ་ཟེར་ཡང་བློས་བྱས་ཡིན། །ལྟོས་ཐག་མ་ཆོད་སྒོམ་ཆེན་དེ། །ཏིང་འཛིན་བཟད་ཡང་འཁོར་བའི་རྒྱུ། །སྙིང་རྗེ་མེད་པའི་ཆོས་པ་དེ། །འབད་རྩོལ་བྱས་ཀྱང་ཉན་ཐོས་འམ། །ཨ་ཀྱང་ཀུ་རེ་བགྱི་པ་ལགས། །ཤེས་གསུང་ངོ། །བླ་མའི་ཞལ་ནས། རང་གི་སེམས་ལ་ལྟ་བ་གོམས་སུ་གྱིས། །རང་གི་སེམས་ལ་ལྟ་བ་གོམས་རྩ་ན། །ཡུལ་སེམས་གཉིས་སུ་མ་བཟུང་བས། །གཉིས་མེད་ཡེ་ཤེས་ཉམས་སུ་མྱོང་། །ཐབས་ཀྱི་ཁྱད་པར་བསྟན་པ་ཡིན། །ཐོབ་པའི་དུས་ཉིད་བསྟན་པ་ཡིན། །ཞེས་གསུང་ངོ་། །ཕྱག་རྒྱ་ཆེན་པོ་གསལ་བྱེད་ཀྱི་མན་ངག་ཅེས་བྱ་བའོ། །རྗེ་ཟླ་འོད་གཞོན་ནུས་མཛད་པའོ། །ཕྱག་རྒྱ་ཆེན་པོ་གསལ་བྱེད་ཀྱི་མན་ངག་འདི་ལ་ཆོས་ཚན་བརྒྱད་ཡོད། །ན་མོ་གུ་རུ། རྗེ་དྭགས་པོ་ལྷ་རྗེའི་གསུང་སྒྲོས་ཐོར་བུ་ལགས། རིན་པོ་ཆེའི་

(༣༩༨)ཞལ་ནས། སྤྱིར་ཡང་སྒོམ་ཆེན་ལ་གོལ་ས་མང་། དེ་ཡང་ཉམས་མྱོང་རྟོགས་པར་ཤོར་བ་དང་། རྟོགས་པ་ཉམས་མྱོང་དུ་ཤོར་བ་བྱ་བ་གཉིས་སོ། །ཉམས་མྱོང་རྟོགས་པར་ཤོར་བ་ནི། ཐབས་ཁྱད་པར་ཅན་ལ་བརྟེན་ནས་བསྒོམས་པས། རང་ལ་ཏིང་ངེ་འཛིན་ཁྱད་པར་ཅན་བྱུང་སྟེ། །ངའི་ཤེས་པ་འདི་ལ་མི་རྟོག་པ་དང་། བདེ་བ་དང་། འདི་ལས་ལྷག་པ་དུས་གསུམ་གྱི་སངས་རྒྱས་ལ་ཡང་ཡོད་མི་འོང་གི་སྙམ་པ་ཅིག་བྱུང་བ། །དེ་ལ་ཡིད་ཆེས་ཤིང་མཆོག་ཏུ་བཟུང་ནས་སྒོམ་པ་དེ་ནི། ཉམས་མྱོང་རྟོགས་པར་ཤོར་བ་བྱ་བ་ཡིན། དེས་ཀྱང་དོན་མི་འགྲུབ་པོ། །རྟོགས་པ་ཉམས་མྱོང་དུ་ཤོར་བ་བྱ་བ་ནི། བླ་མའི་བྱིན་བརླབས་ཀྱི་རང་གི་སེམས་ཀྱི་ངོ་བོ་གཅིག་རྟོགས་པ་དེ་ལ། ཉམས་བདེ་བ་དང་གསལ་བ་ལྟ་བུ་ཅིག་ནང་ནས་རང་ཤར་དུ་འབྱུང་། དེ་ལས་མ་ཡེངས་པར་བསྒོམ་དེ་རེས་འགའ་མ་བྱུང་བས་མི་དགའ། བྱུང་ན་རུང་པ་ལ་སྙམ། ཡང་དེ་ཤེས་

(༣༩༩)པ་འབད་ནས་ཚོལ་ཏེ་བྱུང་བ་དེ་ལ་བློ་གཞག་ནས་སྒོམ་པ་དེ། རྟོགས་པ་ཉམས་མྱོང་དུ་ཤོར་བ་བྱ་བ་ཡིན་ཏེ། དེས་ཀྱང་བག་མི་འོང་། བྱུང་མ་བྱུང་ཁྱད་མེད་པ་ཅིག་དགོས། ལར་བསྒོམས་དང་ད་གཟོད་ཅིག་བསལ་བར་འོང་གིས་གསུང་། །སྤྱིར་ཁམས་གསུམ་དང་། བསམ་གཏན་བཞི་དང་། སྐྱེ་མཆེད་བཞིར་གོལ་བར་བཤད་པ་དེ་འཛིན་པ་བག་ཙམ་ལ་བརྟེན་ནས་གོལ་བ་ཡིན། ཉན་ཐོས་སུ་གོལ་བ་ནི། དེ་སྤྱད་པའི་སྟོང་པ་ལ་གོལ་བ་ཡིན། དེ་སྤྱད་པའི་སྟོང་པ་ལ་གོལ་བ་ཡིན། ངོ་བོ་འཛིན་མེད་དུ་གནས་པས་གོལ་བ་མེད་བ་ཡིན་གསུང་ངོ་།། །།ཡང་རིན་པོ་ཆེའི་ཞལ་ནས། བསྐྱེད་རྫོགས་གཉིས་ལ། ངོ་བོ། ངེས་ཚིག །དབྱེ་བ་དང་གསུམ། །དེ་ལ་བསྐྱེད་རིམས་ཀྱི་ངོ་བོ་ནི། ཟུང་འཇུག་ལྷའི་སྐུ། ངེས་ཚིག་ནི། རིམས་ཀྱིས་བསྐྱེད་བས་ན་བསྐྱེད་རིམས། དབྱེ་བ་ནི་བསྐྱེད་ཚུལ་ལ་རྣམ་པ་བཞི་སྟེ། །སྦྱང་གཞི་བྱ་བའི་རྐྱེན་ཅན་སྐྱེ་བ་རྣམ་

(༤༠༠)བཞི་ལ། སྤྱོད་བྱེད་བྱེད་པའི་རྐྱེན་ཅན་བསྐྱེད་ཚུལ་རྣམ་བཞིར་འབྱུང་བ་ཡིན། །བསྐྱེད་རིམས་ཀྱི་དགོས་པ་ནི། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཁྱད་པར་དུ་འཕགས་པ་དང་། །ཐ་མལ་གྱི་ལུས་པོ་ཁམས་དང་སྐྱེ་མཆེད་ཀྱི་རྟོག་པ་ལས་བཟློག་པ་དང་། །བར་དུ་ཟུང་འཇུག་གི་རྟོགས་པ་བསྒྲུབ་པ་དང་། ཐ་མར་སྐུ་གཉིས་བཞན་དོན་དུ་འབྱུང་བ་ཡིན། རྫོགས་རིམས་ཀྱི་ངོ་བོ་སྤྲོས་བྲལ། ངེས་ཚིག་ནི། རྫོགས་པས་ན་རྫོགས་རིམས། དབྱེ་བ་ནི། མཚན་བཅས་དང་། མཚན་མེད་གཉིས། རྫོགས་རིམས་ཀྱི་དགོས་པ་ནི། བསྐྱེད་རིམས་ལས་ཁྱད་པར་དུ་བྱས་ཏེ། ཡེ་ཤེས་མངོན་དུ་སྟོན་པར་བྱེད་པ་དང་། །མཐར་ཆོས་སྐུ་ཐོབ་པར་བྱེད་པ་ཡིན་ཏེ། བླ་མ་རྗེ་བཙུན་གྱི་ཞལ་ནས། རབ་སྐད་ཅིགས་དྲན་རྫོགས། འབྲིང་དང་ཐ་མ་ཆོ་ག་རིམས་ཀྱིས་སྒོམ་པ་ཡིན། དེ་འཇའ་ཚོན་ལྟ་བུར་སྒོམ། །དངོས་པོ་ཨ་ཐང་ཆད་པར་སྒོམ་དུ་མི་རུང་པ་ཡིན་གསུང་། །ཡང་རིན་

(༤༠༡)པོ་ཆེའི་ཞལ་ནས། དད་པ་གལ་ཆེ་གསུང་། དགེ་བའི་ཤེས་གཉེན་ཚོལ་བ་ཡང་དད་པ་ཡིན་ཏེ། དད་པ་ལ་གསུམ་རབ་ཀྱི་ཡིད་ཆེས་པའི་དད་བསྒོམ། ཐ་མས་དད་པའི་དད་པའི་དད་པ་སྒོམ་གསུང་། །ཡིད་ཆེས་པའི་དད་པ་ནི་རྒྱུ་འབྲས་ལ་ཡིད་ཆེས་པས་སྐྱེའོ། །འདོད་པའི་དད་པ་ནི་བདེན་བཞི་ལ་བརྟེན་ནས་སྐྱེའོ། །དད་པའི་དད་པ་ནི་ཡུལ་ཁྱད་པར་ཅན་ལ་བརྟེན་ནས་སྐྱེའོ། །དད་པ་དེ་བརྟན་པར་བྱེད་པ་ལ་ཡང་དགེ་བའི་བཤེས་གཉེན་ཡིན། །དགེ་བའི་བཤེས་གཉེན་མེད་ན། དད་པས་སྡིག་པའི་གྲོགས་དང་ཕྲད་པ་ཡིན་གསུང་། །དེ་བས་དགེ་བའི་བཤེས་གཉེན་གལ་ཚེ་ཚུལ་དུ་འདུག །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི། རྒྱུད་དཀྲུགས། ལུང་བཅུས། མན་ངག་ག་བ། རྒྱུད་ཀྱི་ནང་ན་མར་དང་པོ་བརྫོད་བྱ་བསྟན་ནས། །དེ་ནས་རྫོགས་རིམས་འཆད། དེ་ནས་བསྐྱེད་རིམས་འཆད། །དེ་ནས་ཡང་ལག་བདུན་པ་འཆད་དེ། རྒྱུད་

(༤༠༢)དཀྲུགས་པ་བྱ་བ་ཡིན་གསུང་། སློབ་དཔོན་མཁས་པ་ཆེན་པོ་རྣམས་ཀྱིས་ལུང་བསྡུ་པའི་བསྟན་བཅོས་དང་། ལུང་བ་ཀྲོལ་བའི་བསྟན་བཅོས་བྱ་བ་གསུངས་ཏེ། །ལུང་བཀྲོལ་བའི་བསྟན་བཅོས་ནི་འགྲེལ་བ་དང་ཊི་ཀ་ལ་སོགས་པ་ཡིན་གསུང་། །ལུང་བསྡུ་བའི་བསྟན་བཅོས་ནི་བསྒྲུབ་ཐབས་ཡིན་ཏེ། དེ་ནི་མན་ངག་གབ་པ་ཡིན་གསུང་། །སངས་རྒྱས་ཀྱི་ཇི་སྐད་གསུངས་པ་བཞིན་ཉམས་སུ་བླངས་ཀྱང་བླ་མ་མེད་ན་བྱིན་བརླབས་མི་འབྱུང་གསུང་། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །བླ་མ་ལ་ནི་ཕྱག་འཚལ་ལོ། །ཤེས་གསུངས་པས། ཕྱག་ཀྱང་སྔོན་དུ་བླ་མ་ལ་འབུལ། བླ་མ་དང་སངས་རྒྱས་ཐ་དད་མེད་པ་ཡིན་ཏེ། བླ་མ་དང་ནི་རྡོ་རྗེ་འཛིན། །ཐ་དང་པར་ནི་མི་བརྟག་གོ། །ཅེས་གསུངས་སོ།། །།ཡང་། རིན་པོ་ཆེའི་ཞལ་ནས། སེམས་རང་བཞིན། ངོ་བོ། མཚན་ཉིད་གསུམ་ཡིན། སེམས་ཀྱི་རང་བཞིན་བྱ་བ། རང་བཞིན་གྱིས་དག་པ། འཁོར་

(༤༠༣)འདས་ཐམས་ཅད་ལ་ཁྱབ་པའི་འདུས་མ་བྱས་དེ་ཡིན་ནོ། །སེམས་ཀྱི་ངོ་བོ་བྱ་བ། རིག་པ་སྐྱེ་འགག་མེད་པ་དེ་ཡིན་ནོ། །སེམས་ཀྱི་མཚན་ཉིད་བྱ་བ། བག་ཆགས་ཀྱི་གཟུགས་བརྙན་སྣ་ཚོགས་སུ་སྣང་བ་འདི་ཡིན་ནོ། །འོ་ན་གང་བསྒོམ་ན་སེམས་ཀྱི་ངོ་བོ་སྒོམ་པ་བྱ་བ་ཡིན། དེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐུགས། །བྱང་ཆུབ་སེམས་དཔའི་ཐུགས། སྲིད་པ་དྲུག་གི་སེམས་ཅན་གྱི་རང་གི་རིག་པའི་ངོ་བོ་གསལ་ལ་གོ་མ་འགགས་པ་འདི་སྒོམ་པ་ཡིན་ཏེ། སྒྲིབ་པ་མ་ཟང་པས་རྒྱུན་དུ་འགྲོགས་ཀྱང་ཞལ་མ་མཐོང་། །ཡང་ན་སླ་བ་ཡིན་ཏེ་གཞན་ནས་བཙལ་མ་དགོས། རང་ལ་ཡོད་དེ་ངའི་སེམས་ངའི་སེམས་ཟེར་བ་འདི་ཡིན། མཚན་ཉིད་སྣ་ཚོགས་ལ་ལྟ་བ་མིན། ངོ་བོ་མ་བཅོས་པ་རང་གསལ་ཙམ་དུ་སིང་ངེ་ཡེ་རེ་བ་འདི་རང་ཡིན། ལར་ཇོ་བོ་བ་རྣམས་འདི་ངོ་མ་ཤེས་ཀྱི་བར་དུ་ཕྱོགས་མཐའ་དག་ནས་འབུང་དགོས། ད་རེས་ཅིག་མ་

(༤༠༤)ཐར་ན། ཕྱིས་དལ་འབྱོར་ལ་ཕྱི་ཕྱག་འཚལ་ནས། ཡེའུ་ཟེར་ནས་ངན་སོང་འབའ་ཞིག་ཏུ་ཁ་བལྟས་ནས་འགྲོ་ཉེན་ཡོད་པས། སྙིང་ཐག་པ་ནས་ཆོས་ཀྱིས། ངའི་སྙིང་འདི་བྱུང་ཡང་དམར་པོ་ལྟར་ལྟར་པོ་གཅིག་ལས་མེད་གསུང་བ་དང་འདྲ་བ་ཡིན་ནོ། །སྙིང་ནས་ཚེ་འདིའི་བྱ་བ་ཐམས་ཅད་བཞག་ནས་བསྒྲུབ་པ་ཅིག་བྱེད་དགོས་པ་ཡིན། །ལས་འབྲས་ལ་ཤིན་དུ་འཛེམ་པ་ཅིག་དགོས། དེ་ལ་རྣལ་འབྱོར་པ་ཟེར་ཏེ། ང་ནི་ལས་འབྲས་ལ་ཤིན་དུ་འཛེམ་པ་ཡིན། ངའི་བླ་མ་རྣམས་ཀྱི་མན་ངག་ཡིན། །ལས་འབྲས་ལ་ཡེལ་ལེ་ཕྱོད་དེ་འདུག་ན་ཆོས་གནད་དུ་མ་ཕོག་བ་ཡིན། ལྟ་བ་མཐོ་བ་སྐད་ཟེར་ཡང་མི་ཕན་པས། འོ་ཅག་རང་མི་ལ་སྡིག་མི་བསག །ཆོས་ཀྱི་ཞལ་ཆེ་མི་དཔྱད། འདི་གཉིས་ཉེན་ཆེ། མ་མཐོང་བའི་གཡང་སར་བཤད། དགེ་བའི་རྩ་བ་མ་ལུས་པར་ཟད་པའི་རྒྱུ་ཡིན། །དགེ་བའི་བཤེས་གཉེན་སྤྱན་མངའ་བ་

(༤༠༥)དེ་བས་ཚེ་ལ་ལོང་མེད། །ལོ་འགའ། ཟླ་བ་འགའ། ཞག་འགའི་བར་འདི་ལ་དོན་ཅི་གྲུབ་བྱེད་དགོས་པ་ཡིན་ནོ། །སྙིང་ནས་བསྒྲབ་པ་བྱེད་པ་ལ། སངས་རྒྱ་བ་དུས་ཡུན་རིང་པོ་མི་དགོས་གསུང་ངོ་།

(༤༠༦)

(༤༠༧)ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། ཕྱག་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་སྒོམ་རིམས་བཞུགས་སོ། །

(༤༠༨)རྗེ་གྲུབ་ཐོབ་རྣམས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས། ཕྱི་ནང་གི་ཆོས་ཐམས་ཅད་རང་བཞིན་བསམ་གྱིས་མི་ཁྱབ་པ་དང་། ཐབས་བསམ་གྱིས་མི་ཁྱབ་པ་དང་། སྤྱོད་ལམ་བསམ་གྱིས་མི་ཁྱབ་པ་དང་། ཆོས་ཐམས་ཅད་འདུས་པའི་ཚུལ་བསམ་གྱིས་མི་ཁྱབ་པ་དང་། ས་ནོན་པའི་རིམ་པ་ལམ་འབྲས་བུ་དང་བཅས་པ་བསམ་གྱིས་མི་ཁྱབ་པའོ། །རང་བཞིན་བསམ་གྱིས་མི་ཁྱབ་པ་ལ་གསུམ་སྟེ། ངོ་བོ་དང་། །དབྱེ་བ་དང་། ཁྱད་པར་རྟེན་དུ་སྣང་བའོ། །ངོ་བོ་ནི་བདེ་བ། གསལ་བ་སྟོང་པ་དབྱེར་མེད་པའོ། །དེ་ལ་སློབ་

(༤༠༩)དཔོན་བཞི་སྟེ། བདེ་བའི་སློབ་དཔོན་ནི། སྣང་བ་དཀར་དམར་ཡིན་པས་མི་དགག །གསལ་བའི་སློབ་དཔོན་ནི། ཚོགས་དྲུག་ལྷུག་པ་ཡིན་པས་དུས་རྟག་ཏུ་ཚོགས་དྲུག་ལྷུག་པར་བཞག །སྟོང་པའི་སློབ་དཔོན་ནི། རང་བཞིན་མེད་པའི་རང་བཞིན་གྱིས། །ཤེས་རབ་འཆར་བ་ཡང་དག་གནས། །ཐབས་ཀྱི་ཆར་ནི་བསྐྱེད་པ་པོ། །བཟང་པོ་ཞབས་ཀྱི་ལུགས་ཡིན་ནོ། །སྣང་བ་ཐུག་ཕྲད་ཡིན་པས་སྤྱོད་ལམ་རྣམ་བཞི་ཐུགས་ཕྲད་དུ་བྱ། །དབྱེར་མེད་ཀྱི་སློབ་དཔོན་ནི། སྣང་བ་ཐུག་ཕྲད་ཡིན་པས་ཤེས་པ་གཉུག་མ་མ་བཅོས་པར་བཞག་གོ། །གཉིས་པ་དབྱེ་བ་

(༤༡༠)ལ། མ་དག་པའི་བསྐྱེད་རྫོགས་གཉིས་སོ། །དག་པ་བདེ་བ་སྟོང་པ་ཉིད་ཀྱིས་མིན། །གཉིས་སུ་མེད་པ་དེ་བརྗོད་པ་དང་། ཁྱད་པར་རྟེན་དུ་སྣང་བ་ནི། མ་སྐྱེས་པ་དང་མ་འགགས་པ། །འགྱུར་བ་མེད་པ། ཕྱག་རྒྱ་ཆེན་པོ་ཁྱད་པར་གནས། །ཐབས་བསམ་གྱིས་མི་ཁྱབ་པ་ནི། །ཅུང་ཟད་ཀྱང་ནི་སྒོམ་མི་བྱ། །གང་ཕྱིར་བསམ་མེད་ཆོས་འདི་ནི། །ཤིན་དུ་ཆེས་དག་དྲི་མ་མེད། །རྟོགས་པས་བསགས་པའི་བག་ཆགས་ནི། །གཉིས་མེད་མཆོག་ནི་སྒོམ་མ་བྱ། །བག་ཆགས་ཟད་པར་བྱ་བ་སྟེ། །བདེ་བ་ཆེན་པོ་རྟག་ཏུ་ཤར། །གཞན་དུ་ངག་གི་ལམ་འདས་ཕྱིར། །སྨྲ་བ་ཉིད་དུ་སུས་མ་ནུས། །བག་ཆགས་ཟད་པར་གྱུར་པ་ན། །གཉིས་སུ་མེད་པའི་སངས་རྒྱས་བརྗོད། །བག་ཆགས་ཟད་པའི་གནས་སྐབས་ན། སྐྱེས་བུ་ཐ་མ་འབྲིང་པོ་དག །གང་ཕྱོགས་འདི་ཡོད་མིན་པ་དེ། །གཉིས་མེད་ཅེས་བྱ་མིང་ཙམ་སྟེ། །དེ་ལ་

(༤༡༡)མིང་ནི་ཡོད་མ་ཡིན། །སྟོན་པས་ངག་གི་སྦྱོར་བ་ཡིས། །སངས་རྒྱས་དང་ནི་གཉིས་མེད་བརྟགས། །དེ་ནི་སངས་རྒྱས་བརྗོད་པར་བྱ། །དུག་ལྔ་རོ་སྙོམས་སུ་འགྱུར་བའི་ཐབས། །ཞེ་སྡང་ལ་སོགས་པ་སྐྱེས་པའི་དུས་སུ་དེ་རང་ལ་བལྟའོ། །སྣང་བ་གྲོགས་སུ་འགྱུར་བའི་ཐབས་ནི། །གང་སྣང་གི་ངོ་བོ་ལ་བལྟའོ། །ཤེས་པ་རྩལ་སྤྱོད་བའི་དུས་སུ་སྣང་བ་སྐྱེ་མེད་ཀྱིས་རྒྱས་གདབ་པ་དང་། འབད་པ་མེད་པ་སྐུ་ལྔ་རང་རྫོགས་སུ་འགྱུར་བའི་ཐབས་ནི། ལུས་མ་བཅོས་པ། ངག་ཡན་བ། སེམས་རྟེན་མི་བཅའ་བ་ཤེས་པ་གཉུག་མར་བཞག་གོ། །སྤྱོད་ལམ་བསམ་གྱིས་མི་ཁྱབ་པ་ནི། སྣང་བ་ཡེ་ཤེས་ཉམས་སུ་མྱོང་བའི་དུས་སུ་ཡིད་ལ་མ་བྱས་པས་སྟོང་པར་རོ་མཉམ། སྟོང་པ་ཡིད་མ་བྱས་པས་སྟོང་པར་རོ་མཉམ། སྟོང་པ་ཡེ་ཤེས་ཉམས་སུ་མྱོང་བའི་དུས་ཡིད་ལ་མ་བྱས་པས་ལྷན་ཅིག་སྐྱེས་པར་རོ་མཉམ་སྣང་གྲགས་པས་

(༤༡༢)བསམ་གྱིས་མི་ཁྱབ་པར་ཉམས་སུ་མྱོང་བའི་དུས་སུ་ཡིད་ལ་མ་བྱས་པས་དགག་བསྒྲུབ་མེད་པར་རོ་མཉམ། རྟེན་ཉམས་ན། རྟེན་པ་ཉམས་པས་འཛིན་པ་དང་ཞིན་པར་ཡིད་ལ་མི་བྱའོ། །འདོད་ཆགས་སྐྱེས་པའི་དུས་སུ་རོ་གཅིག་པའི་ཕྱིར་བདེ་བར་རོ་མཉམ། ཞེ་སྡང་སྐྱེས་པའི་དུས་སུ་སྟོང་བར་རོ་མཉམ། བཏང་སྙོམས་སྐྱེས་པའི་དུས་སུ་གཉིས་མེད་དུ་རོ་མཉམ་མོ། །ཆོས་ཐམས་ཅད་འདུས་པའི་ཚུལ་བསམ་གྱིས་མི་ཁྱབ་པ་ནི། སྣང་བ་ལ་ཞེན་པ་མེད་པ། གསལ་ལ་རྟོག་པ་མེད་པ། སྣ་ཚོགས་སྟོང་པར་རྟོགས་པ་བདེ་བ་ཡིད་ལ་མི་བྱེད་པའོ། །ས་ནོན་པའི་རིམས་པ་ནི། དབང་གི་སྒོ་ནས་སྟོན་ཏེ། བུམ་པས། ཀུན་བརྟགས་ཕུང་པོ་ལྔ་ལ་གཞན་དབང་རིགས་ལྔས་རྒྱས་གདབ་པས། །ཕྱི་བཟུང་བའི་རྟོག་པ་འགགས་ཏེ། ཚོགས་ལམ་བརྒྱད་པའོ། །གསང་བས། ཅིར་སྣང་སེམས་སུ་གོ་བས་ནང་

(༤༡༣)འཛིན་པའི་རྟོགས་པ་འགགས་ཏེ་སྦྱོར་ལམ་ས་བཅུ་གསུམ་པའོ། སྟོང་བས་རྒྱས་བཏབ་པས་བཟུང་འཛིན་གཉིས་ཀས་སྟོང་པས་མཐོང་ལམ་ས་བཅུ་བཞི་པའོ། །བདེ་བ་ཆེན་པོའི་རྒྱས་བཏབ་པས་ས་བཅུ་གཉིས་པ། བདེ་བ་ཆེན་པོ་བཅུ་གསུམ། དབྱེར་མེད་པ་ས་བཅུ་བཞི་པ་མཐར་ཕྱིར་པའི་ལམ་མོ། །བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ། ཆོས་ཀྱི་དཔལ་གདམས་སོ། །སློབ་དཔོན་ཆོས་ཀྱི་བས་ཉམས་སུ་བླངས་པའི་དུས་སུ་རྟོགས་པ་འདི་ལྟར་སྐྱེས་ཏེ། རང་བཞིན་བསམ་གྱིས་མི་ཁྱབ་པ་ལ་གསུམ་སྟེ། ངོ་བོ། དབྱེ་བ། ཁྱད་པར་རྟེན་དུ་སྣང་བའོ། །ངོ་བོ་ནི། ཆོས་དབྱིངས་སྤྲོས་པ་དང་བྲལ་བ། རྐྱེན་གྱི་མ་སླད་པ། ཤེས་པ་གཉུག་མ་བསམ་དུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་འབད་པ་མེད་པ། སྐུ་ལྔ་ལྷུན་གྱིས་གྲུབ་པ། མཚན་ཉིད་རབ་ཏུ་མི་གནས་པ། རིག་པའི་ཡེ་ཤེས་ཀྱིས་རྟོགས་པས། ཞེ་འདོང་སྒྲོ་

(༤༡༤)སྐུར་དང་བྲལ་བའོ། །དབྱེ་བ་ལ་གཉིས་ཏེ། དག་པའི་དེ་བཞིན་ཉིད་དང་། མ་དག་པའི་དེ་བཞིན་ཉིད་དོ། །སྣང་གྲགས་སྣ་ཚོགས་སུ་ཤར་བ་ནི། འཁོར་བའི་ཕྱོག་ནས་མ་དག་པའི་དེ་བཞིན་ཉིད་དོ། །དེ་ཉིད་རང་སྐྱེ་མེད་དུ་རྟོགས་པ་ནི་དག་པའི་དེ་བཞིན་ཉིད་དོ། །དེ་གཉིས་ཐ་མི་དད་པར་རྟོགས་པ་ནི་མི་གནས་པའི་དེ་བཞིན་ཉིད་དོ། །ཁྱད་པར་རྟེན་དུ་སྣང་བ་ལ་ལྔ་སྟེ། སྣང་གྲགས་སྣ་ཚོགས་ལ་ཁྱབ་པར་གནས་པ། སེམས་ཅན་ཐམས་ཅད་ལ་རང་ཆས་སུ་སྒྲིབས་ནས་གནས་པ། སྐྱེས་པ་དང་བུད་མེད་ལ་ཁྱད་པར་དུ་གནས་པ། རིན་པོ་ཆེ་ལྟ་བུའི་གང་ཟག་ལ་ནུས་པ་ཐོགས་པ་མེད་པར་གནས་པ། །བླ་མའི་མན་ངག་གིས་ཟིན་པའི་གང་ཟག་ལ། རྟོགས་པ་ཁྱད་པར་ཅན་དུ་གནས་པའོ། །ཐབས་བསམ་གྱིས་མི་ཁྱབ་པ་ལ་གསུམ་སྟེ། ཉི་མ་དང་ཟླ་བ་བརྩོན་དུ་བཟུང་ལ། སོ་མ། རང་ཐད། ལྷུག་པའོ། །སོ་མ་ལ་གསུམ་སྟེ།

(༤༡༥)ལུས་སེམས་ཁོང་གློད་པ་དང་། ངག་རླུང་མི་བཅིང་བར་རང་དགར་བཞག་པ་དང་། ཤེས་པ་རྟེན་མི་བཅའ་བའོ། །རང་ཐང་ལ་ཡང་གསུམ་སྟེ། །ཤེས་པ་རང་དགར་བཏང་ཡང་ཞེན་པ་མེད་པ། སྤྲོས་པའི་ཡུལ་མཚན་མར་སྣང་ཡང་ཡིད་ལ་མ་བྱས་པས་ཆོས་ཀྱི་སྐུར་ཤེས་པར་བྱས་ལ། དེ་ལ་མ་ཡེངས་པའོ། །ལྷུགས་པ་ལ་ཡང་གསུམ་སྟེ། སྤྱོད་ལམ་གསུམ་ལ་རེ་previous hit དོགས་མེད་ next hit་ཚོགས་དྲུག་ལྷུག་པར་བཞག་པ། ཤེས་པ་ཉམས་དང་མི་འབྲལ་བའོ། །དེ་གསེང་བའི་ཐབས་གསུམ། །རོལ་མོས་གསེང་བ་ནི་གླུ་དང་གར་ལ་སོགས་པ་རང་གིས་ཀྱང་བྱ། གཞན་བྱེད་པ་ལ་ཡང་བལྟའོ། །སྤྱོད་ལམ་གྱིས་གསེང་བ་ནི། འབྱུང་བ་རོ་མཉམ། བརྒྱག་པ་དང་། འཆོད་པ་དང་། རྩེ་བ་ལ་སོགས་པ་ཅི་བདེ་བྱའོ། །ཤེས་པ་གསེང་པ་ནི་གཟུགས་སྒྲ་ལ་བྲོས་ཤིང་སྔར་གྱི་ཉམས་དང་མི་འབྲལ་བར་བྱའོ། །སྤྱོད་ལམ་བསམ་གྱིས་

(༤༡༦)མི་ཁྱབ་པ་ལ་བཞི་སྟེ། སྒོམ་པའི་དུས་སུ་ནང་པ་གནད་དུ་ཕོག་པ་ལྟ་བུ་བྱ། །སྤྱོད་པ་ལ་བརྩོན་པའི་དུས་སུ་པདྨ་ལ་ཉི་མའི་འོད་ཟེར་ཕོག་པ་ལྟ་བུ་བྱ། །བསོད་སྙོམས་ལ་རྒྱུ་བའི་དུས་སུ་དཔའ་པོ་ལྟ་བུའི་སྤྱོད་པ་བྱ། སྨྱོན་པ་བརྟུལ་ཤུགས་དུས་སུ་སེང་གེ་ལྟ་བུའི་སྤྱོད་པ་བྱའོ། །ཆོས་ཐམས་ཅད་འདུས་པའི་ཚུལ་བསམ་གྱིས་མི་ཁྱབ་པ་ལ་ལྔ་སྟེ། འདོད་ཡོན་ལོངས་སྤྱོད་དུ་འདུ་བ། མངོན་དུ་གྱུར་པ་གྲོགས་སུ་འདུ་བ། མངོན་དུ་མ་གྱུར་པ་ཡོན་ཏན་དུ་འདུ་བ། ལུང་རིག་ལ་སོགས་པ་བླ་མའི་མན་ངག་ཏུ་འདུ་བ། སྐུ་ལྔ་རང་ལ་རྫོགས་པར་འདུ་བའོ། །ས་ནོན་པའི་རིམ་པ་ལམ་འབྲས་བུ་དང་། བཅས་པ་བསམ་གྱིས་མི་ཁྱབ་པ་ནི། མི་རྟོག་བསམ་གྱིས་མི་ཁྱབ་པས། རྡོ་རྗེ་ཅན་དེ་ཐོབ་པར་འགྱུར། ཞེས་གསུངས་སོ། །སློབ་དཔོན་བཟང་པོས་བསམ་གྱིས་མི་ཁྱབ་པའི་རྟོག་པ་རྟོག་པ་ཀུན་ཀུན་དུ་བཟང་མོ་ཞེས་གྲགས་པ་གཉིས་མེད་ཡིད་བཞིན་ནོར་བུའོ།

(༤༡༧)ཉམས་སུ་བླངས་པས་རྟོགས་པ་འདི་ལྟར་སྐྱེ་སྟེ། རང་བཞིན་ལ་གསུམ། ངོ་བོ་དང་། དབྱེ་བ་དང་། ཁྱད་པར་རྟེན་དུ་སྣང་བའོ། །ངོ་བོ་ནི་སྤྲོས་པ་དང་བྲལ་བ་རང་བཞིན་གྱི་ལྟ་བ་ལ་སྐུར་བ་མི་འདེབས་པས། རང་བཞིན་གྱི་ལྟ་བ་ལ་སྒྲོ་མི་འདོགས་པ། དེ་ཡིད་སྨོན་གྱི་ཡུལ་མ་ཡིན་པ། སྒྲོ་སྐུར་དང་བྲལ་བའི་སྟོང་བའོ། །དབྱེ་བ་ལ་གཉིས་ཏེ། མ་དག་པའི་དེ་བཞིན་ཉིད་དང་། དག་པའི་དེ་བཞིན་ཉིད་དོ། །མ་དག་པའི་དེ་བཞིན་ཉིད་ནི། ལས་ཀྱི་ཕྱག་རྒྱ་དཔེའི་ཡེ་ཤེས་དེ་མིའི་བུ་མོ་ལས་འབྱུང་བས་དེ་ཡོད་ན་དཔེའི་ཡེ་ཤེས་ཉམས་སུ་མྱོང་བ་ལ། །དེ་མེད་ན་མི་མྱོང་བས་ན་མ་དག་པའོ། །དོན་གྱི་ཡེ་ཤེས་མཚོན་དུ་ནུས་པས་དེ་བཞིན་ཉིད་དོ། །དག་པའི་དེ་བཞིན་ཉིད་ནི། ཆོས་ཀྱི་ཕྱག་རྒྱ་ཕྱག་རྒྱ་ཆེན་པོ་སྟེ། ཆོས་ཀྱི་ཕྱག་རྒྱ་བླ་མའི་གདམས་ངག་ལས་འབྱུང་བ་སྟེ། བླ་མའི་གདམས་པས་སྣང་པ་སྟོང་པར་རྟོགས་ཏེ་

(༤༡༨)སྐྱེ་མེད་གནས་པས་དག་པའི་དེ་བཞིན་ཉིད་དོ། །མཐའ་གཉིས་དང་དགའ་བ་བཞི་དྲི་མ་མེད་པས་ཕྱག་རྒྱ་ཆེན་པོའི་དེ་བཞིན་ཉིད་དོ། །ཁྱད་པར་དུ་རྟེན་དུ་སྣང་བ་ལ་གསུམ་སྟེ། ལས་ཀྱི་ཕྱག་རྒྱའི་རྟེན་དཔེ་དང་རིག་མ་མཚན་ལྡན་ལས་བྱུང་སྟེ། མེད་ན་མི་འབྱུང་ངོ་། །ཆོས་ཀྱི་ཕྱག་རྒྱའི་རྟེན་གང་ཟག་ཡིན་ཏེ། ལུས་ཀྱི་འབད་པ་ཅི་བྱས་ཀྱང་བླ་མའི་གདམ་ངག་མེད་པར་མི་རྟོགས་ཏེ། ཆོས་ཀྱི་ཕྱག་རྒྱ་སྐྱེ་བའི་རྟེན་མ་ཡིན་ནོ། །ཕྱག་རྒྱ་ཆེན་པོ་ཡིད་ཀྱི་ལས་ཏེ། ལུས་ངག་གི་འབད་པ་ཅི་བྱས་ཀྱང་། ཡིད་གཉུག་མ་ལ་མ་གནས་ན་ཕྱག་རྒྱ་ཆེན་པོ་མི་རྟོགས་པས། ཕྱག་རྒྱ་ཆེན་པོའི་རྟེན་མ་ཡིན་ནོ། །ཐབས་བསམ་གྱིས་མི་ཁྱབ་པ་ལ་བཞི་སྟེ། ལུས་ལྷར་སྦྱང་བ་ནི། ཡི་དམ་ལྷར་སྒོམ་པའོ། །རྩ་རྡོ་རྗེའི་དྲ་བ་བྱ་བ་ནི། རང་ལ་ཡོད་པ་སྦྱང་སྟེ། སྒལ་པའི་ནང་མཚན་ན། ལ་ལན་གཡས་པ་ཐུང་བའི་རླུང་རྒྱུ་བ་ཁ་དོག་

(༤༡༩)སྔོན་པོ། རས་ན་ནི་གཡོན་འཛིན་པའི་རླུང་རྒྱུ་བ་ཁ་དོག་དམར་པོ། ཨ་ཝ་དྷཱུ་ཏཱི་དབུས་བཟུང་འཛིན་སྤངས་པའི་རླུང་རྒྱུ་བ་དཀར་པོ། རྩ་གསུམ་པོ་དེ་དབུས་ཀྱི་སྤྱི་གཙུག་གིས་ཧཾ་ལས་ཕྲད་པས་རྩ་གཉིས་མར་སྣ་སྤུ་ནག་མཚམས། ཡར་སྣ་བུག་གཉིས་ལ་སླེབ་པར། གཤུག་གུ་སྟོང་བ་ལྟར་སྒོམ་པ་ནི་རྩ་རྡོ་རྗེའི་དྲ་བའོ། །རླུང་ཟུང་འཇུག་གི་སྟེང་འོག་གི་རླུང་བསྡམ་པའོ། །ཐིག་ལེ་སྐོར་ལྡོག་ནི་མར་ཧཾ་ལས་ཕབ་ཀྱིན་ཡར་རྩ་གསུམ་གསལ་བར་བྱས་ལ། གསང་བའི་རྡོ་རྗེ་ནས་སྙིང་ཀར་དྲང་། དེ་ནས་ཧཾ་ལས་བསྐྱལ་བ་ནི་ཐིག་ལེ་སྐོར་ལྡོག་གོ། །དེ་ལ་རྟགས་ལྔ་ནི། དུ་བ་ཆུ་རླུང་ཟིན་པའི་རྟགས། །སྲིན་བུ་མེའི་རླུང་ཟིན་པའི་རྟགས། སྨིགས་སྒྱུ་སའི་རླུང་ཟིན་པའི་རྟགས། མར་མེ་རླུང་གི་རླུང་ཟིན་པའི་རྟགས། སྟོང་པ་ནམ་མཁའི་རླུང་ཟིན་པའི་རྟགས་སོ། །སྤྱོད་ལམ་ལ་བཞི་སྟེ་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཟིན་པའི་

(༤༢༠)དུས་སུ་ཤེས་པ་གར་གཏང་པར་མི་བཟོད་པ་དང་། ལུས་ཐམས་ཅད་བདེ་བས་གང་བ་དང་། སྣང་བ་ཡང་བདེ་བར་ཤར་བ་དང་། བདེ་བས་ཉོན་མོངས་པ་མགོ་ནོན་ནས་གསང་སྤྱོད་བྱ་སྟེ། དུ་ཁྲོད་དམ་དབེན་པར་མཚན་ལྡན་རིག་མ་ཅིག་བརྟེན་ལ་ཐིག་ལེ་རྩལ་སྦྱོང་ལ་སོགས་བྱའོ། །དེ་ལ་བརྟེན་ནས་སྟོང་པ་རྟོགས་པས་སྣང་བ་བན་བུན་ནམ། རབ་ལ། ཀྱི་བུང་བ་འམ། འཇའ་ཚོན་ལྟར་རྟོགས་ནས་སྟོང་པ་ལྷན་ཅིག་སྐྱེས་པ་གོམས་ནས། མངོན་ཤེས་དང་ནུས་པ་སྐྱེས་ནས་རིག་མ་མང་དུ་བརྟེན་ལ། རིགས་མ་བརྟུལ་ཞུགས་ཀྱི་སྤྱོད་པ་དེས་དབང་པོ་རང་ཐོག་ཏུ་འགྱུར་ནས། སྐྱེ་མེད་ལྷན་ཅིག་སྐྱེས་པ་ལ་བརྟེན་པ་མཉམ་རྗེས་མེད་པར་རྟོགས་ནས་ཚོགས་སྤྱོད་བྱ་སྟེ། ཁྲོམ་ཆེན་དང་གདོལ་བ་དང་། རིགས་ངན་གྱིས་མ་ཁྱིམ་དུ་ཕྱིན་ཏེ། གླུ་གར་ལ་སོགས་པས་སེམས་གཟེངས་སྟོད། །རྒྱུན་དུ་ཧབ་བརྟན་པར་བྱའོ། །

(༤༢༡)དེས་མ་ཧཱ་མུ་དྲ་ཇི་ལྟར་བ་རྟོགས་པའི་དུས་སུ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་བྱ་སྟེ། ནམ་མཁའ་སྐམ་ཤེར་དང་བྲལ་བ་བཞིན་དུ་སེམས་དགེ་སྡིག་དང་བྲལ་བ་སྟེ། རང་འབྱུང་མཚམས་མེད་པས་མི་དགོས་སོ། །ཆོས་ཐམས་ཅད་འདུས་པའི་ཚུལ་ལ་གཉིས་ཏེ། འཁོར་བའི་ཆོས་ཐམས་ཅད་ལུས་ངག་ལ་བསྡུས་ཏེ། མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་དབྱེར་མེད་པར་ཤེས་པ་གཉུག་མར་བསྡུའོ། །ས་ནོན་པ་ལ་གསུམ་སྟེ། ལས་རྒྱ་མཐར་ཕྱིན་པས་སྣང་གྲགས་ཐམས་ཅད་བདེ་བར་འཆར། །ཆབ་རོམ་ཆུར་མཐོང་བ་དང་འདྲ་སྟེ། ཚོགས་ལམ། སྦྱོར་ལམ་ས་བཅུ་ནོན། ཆོས་ཀྱི་ཕྱག་རྒྱ་མཐར་ཕྱིན་ནས་སྣ་གྲགས་སེམས་སྐྱེ་མེད་ཀྱི་ཉམས་དང་མི་འབྲལ་བ། ཆབ་རོམ་ཆུར་ཞུ་བ་ལྟ་བུ་སྟེ། ས་བཅུ་གཅིག་ནོན། མ་ཧཱ་མུ་དྲ་མཐར་ཕྱིན་ནས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ། སྤྲོས་པ་ཐམས་ཅད་

(༤༢༢)དང་བྲལ་བར་རྟོགས་པས། ཆབ་རོམ་ཆུ་རུ་ཞུ་བ་ལྟ་བུ་སྟེ། ས་བཅུ་གཉིས་ནོན་ནོ། །བཟང་པོ་ཞབས་ཀྱི། རྟོག་རྩེ་བ་ལ་གདམས་སོ། །ཏོག་རྩེ་བས་ཉམས་སུ་བླངས་པས་རྟོགས་པ་འདི་ལྟར་སྐྱེ་སྟེ། རང་བཞིན་ལ་གསུམ་སྟེ། ངོ་བོ་དང་དབྱེ་བ་དང་། ཁྱད་པར་རྟེན་དུ་སྣང་བའོ། །ངོ་བོ་ནི། ཤེས་པ་གཉུག་མའི་ངོ་བོ་ཉིད། །སྤྱད་པའི་ཡུལ་ལས་འདས་པ་སྟེ། །རང་བཞིན་གྱིས་ནི་འོད་གསལ་བའི། གཉུག་མ་ཉིད་དུ་གནས་པ་ཡིན། །བརྟན་དང་གཡོ་བའི་དངོས་པོ་ཀུན། །གཉིས་སུ་མེད་པར་རྣམ་པར་གནས། །རང་བཞིན་གྱིས་ནི་གདོད་ནས་དག །མཁའ་ལྟར་དྲི་མེད་ས་གཞི་ལ། །རང་བྱུང་རྦ་རླབས་མེད་པ་ནི། །རྟོགས་པ་ཐམས་ཅད་རྣམ་པར་སྤངས། །དངོས་དང་དངོས་མེད་རང་བཞིན་གྱིས། །གཉིས་ཀྱི་བག་ཆགས་འཆིད་བ་ཉིད། །རྟོགས་པའི་དྲི་མ་དྲང་བ་ཡིས། །རིན་ཆེན་སེམས་ཅན་དྲིན་ཅན་འགྱུར། །རྣམ་

(༤༢༣)བར་མི་རྟོག་རང་བཞིན་གྱིས། །དྲི་མ་བྲལ་ཕྱིར་སངས་རྒྱས་ཉིད། །གཉིས་སུ་མེད་པའི་ཡེ་ཤེས་བརྗོད། །ཐམས་ཅད་མི་རྟོག་བདག་ཉིད་དུ། །རྣལ་འབྱོར་པའི་རྟག་ཏུ་བལྟ། །སྐྱེས་པ་རྣམས་ནི་རྒྱུ་ཡིན་ཏེ། །མ་སྐྱེས་པ་ཡང་དེ་བཞིན་ནོ། །གཉིས་ཀྱི་རྣམ་པ་དང་བྲལ་བས། །སྒོམ་བྱ་བསྒོམ་བྱེད་སྤངས་པའོ། །བག་ཆགས་སྤངས་པའི་ཡེ་ཤེས་ནི། །བཟང་པོ་ཞབས་ཀྱི་རིང་འོངས་པ། །ཞེས་གསུང་ངོ་། །དབྱེ་བ་ལ་ཡང་གཉིས་ཏེ། དག་པའི་དེ་བཞིན་ཉིད་དེ། །སྐུ་གསུམ་གྱིས་སྤྲུལ་པར་སྣང་། །མ་དག་པ་རྣམས་ལ་སེམས་ཅན་གྱིས་སྤྲུལ་བར་སྣང་ངོ་། །ཁྱད་པར་རྟེན་དུ་སྣང་བ་ལ་གཉིས་སྟེ། རིན་པོ་ཆེ་ལྟ་བུའི་གང་ཟག་ལ་འཁོར་འདས་ཐམས་ཅད་མཉམ་པར་རྟོགས། །ཐུན་མོངས་པས་སོ་སོར་མཐོང་བ་ལ་གསུམ་སྟེ། ཕྱིའི་ཉིན་ཟླ་གཟས་ཟིན། ནང་གི་ཉི་ཟླ་གཟས་ཟིན། གསང་བའི་ཉི་ཟླ་གཟས་ཟིན་ནོ། །

(༤༢༤)ཕྱིའི་ཉི་ཟླ་གཟས་ཟིན་ནི། ལས་རྒྱའི་དུས་སུ་ཡིད་བཟོད་ཅིང་རླུང་དག །ནང་གི་ཉི་ཟླ་གཟས་ཟིན་ནོ། ཚོགས་དྲུག་ལྷུག་པར་བཞག་པས་སེམས་གཡོ་བ་མེད། །གསང་བའི་ཉི་ཟླག་ཟས་ཟིན་ནོ། །རླུང་རྒྱུ་བ་མེད་པའི་དུས་སུ་ཆོས་ཀྱི་ཕྱག་རྒྱ་རྒྱས་གང་བཅིང་སྒོམ། །སྤྱོད་ལམ་ལ་གསུམ་སྟེ། ཚོགས་དྲུག་ཅིར་སྣང་ཐམས་ཅད་དགག་སྒྲུབ་མེད་པར་སྤྱོད་དོ། །དབང་བའི་པད་མ་ཉམས་སུ་མྱོང་བས་ཡེ་ཤེས་ངོས་བཟུང་། །སྙིང་ཀའི་པད་མ་ཉམས་སུ་མྱོང་བས་གཉིད་དང་སྲེ། །ནམ་མཁའི་པད་མ་ཉམས་སུ་མྱོང་བས་ཤེས་པ་རང་གར་འདོད་ཀྱི་གནས་སུ་བསྐྱལ། དེ་ལ་དབང་པོ་དམན་པ་ནི། མིག་གི་གཟུགས་ཆེར་མཐོང་བའི་དུས་སུ་ཤེས་པ་སྔ་མ་ནི་འགགས། ཕྱི་མ་མ་སྐྱེས་པའི་བར་ན། ཤེས་པ་བྱ་ལམ་རྗེས་མེད་བཞིན། །རྒྱུ་བ་ཡང་མེད། སྤྲོས་པ་ཡང་མེད། མཉམ་ཉིད་དུ་གནས་པའི་དུས་སུ། རོ་རྐྱང་ནས་རླུང་ལོ་གནས་

(༤༢༥)གནས། །རླུང་ཞུགས་པའི་རྟགས་ཚོགས་དྲུག་འདྲའོ། །ཆོས་ཐམས་ཅད་འདུས་པའི་ཚུལ་ལ་གཉིས་ཏེ། དག་པ་ས་གསུམ་འཁོར་འདས་ལྷན་ཅིག་སྐྱེས་པ་མྱ་ངན་ལས་འདས་པར་འདུས་སོ། །ས་ནོན་པའི་རིམ་པ་ནི། ཚོགས་ལམ་ས་བརྒྱད། སྦྱོར་ལམ་ས་དགུ་སྒོམ་ལམ་ས་བཅུ། མི་སློབ་ལམ་ས་བཅུ་བཞིའོ། །ཏོག་རྩེ་པས། ལ་བ་པ་ལ་གདམས་སོ།། །།ལ་བ་བས་ཉམས་སུ་བླངས་པས། རྟོགས་པ་འདི་ལྟར་སྐྱེས་ཏེ། རང་བཞིན་ལ་གསུམ། ངོ་བོ་དབྱེ་བ། ཁྱད་པར་རྟེན་དུ་སྣང་བའོ། །ངོ་བོ་ནི། གསུམ་པའི་དུས་ཀྱི་དེའོ། །དབྱེ་བ་ལ་གཉིས་ལས། མ་དག་པའི་དེ་བཞིན་ཉིད་ནི། མི་རྟོག་པ་དང་བྲལ་ནས་སྒྲིབ་པ་ནི་སྲིད་པ་བར་དོར་རྒྱལ་ནས་གནས་སོ། །དག་པའི་དེ་བཞིན་ཉིད་ནི། བླ་མའི་གདམ་ངག་ལ་བརྟེན་ནས་རང་བཞིན་འོད་གསལ་ངོ་ཤེས་ཏེ་བར་དོར་སངས་རྒྱའོ། །ཁྱད་པར་རྟེན་དུ་སྣང་བ་ནི། གསུམ་

(༤༢༦)པའི་དབང་ཐོབ་པའི་ཁྱད་པར་རོ། །ཐབས་ནི། ལུས་སེམས་མ་བཅོས་ཞི་བའི་རླུང་དེ་ལ། ཉམས་ལ་རྙོག་པ་མ་ལངས་བར་དུ་གསུམ་པའི་ཉམས་ལས་མ་ཡེངས་པར་བྱའོ། །སྤྱོད་ལམ་ནི། ཕྱི་ནང་གི་ཆོས་ལ་ཕྱོགས་རིས་སུ་མི་འཛིན་པའི་ཉམས། ཆོས་ཐམས་ཅད་ཁོང་ཡངས་ཤིང་སྤོང་ལེན་མི་བྱེད་པ་ནི་གོམས་པའི་ཉམས། །གོང་ལ་ཡང་སྐྱོན་དུ་མི་ལྟ་དངོས་པོར་མི་འཛིན་པ་ནི་ཤེས་རབ་ཀྱི་ཉམས་སོ། །སྐྱོན་གང་ལ་ཡང་རྟོགས་པ་མེད། ཡོན་ཏན་གང་ལ་ཡང་ཆགས་པ་མེད་པ་ནི་བསྒོམ་པའི་ཉམས། འཁོར་བའི་ཆོས་མི་སྤོང་། མྱ་ངན་ལས་འདས་པའི་ཆོས་མི་སྒྲུབ་པ་ནི་ཉམས་སུ་ལེན་པའི་ཉམས། བདེ་བ་ལ་འདོད་པ་མི་སྐྱེ། སྡུག་བསྔལ་ལ་སྐྱོན་དུ་མི་ལྟ་བ་ནི་གྲུབ་པའི་ཉམས། སྤྱོད་ལམ་རྣམ་བཞི་ལ་ཡང་ཡེངས་པ་མེད་ལ་སྔ་ཕྱི་ལ་འགྱུར་བ་མེད་པ་ནི་གློང་དུ་གྱུར་པའི་ཉམས། ལྷན་ནེ་ལྷང་ངེ་ས་ལེ་སིང་ངེ་རྒྱུན་དུ་གནས་པ་ནི་མཐར་ཕྱིན་པའི་ཉམས་སོ། །

(༤༢༧)ཆོས་ཐམས་ཅད་འདུས་པའི་ཚུལ་ནི། དོན་དམ་པ་ཡིད་ལ་མི་བྱེད་པའོ། །དེའི་དམ་ཚིག་ཕྱི་རོལ་གྱི་སྦྱིན་སྲེག་ལ་སོགས་པའོ། །ས་ནོན་པ་ནི། འཆི་ཀའི་དུས་དབུགས་ཉལ་གྱིས་འཆད་དེ་ཙ་ན། རོ་རྐྱང་ནས་རླུང་ལོག་ནས་ཀུན་འདར་དུ་ཞུགས་པས། ཞེན་པ་མེད་པར་བདེ་བ། ཡེ་ཤེས་ཕྱིའི་མི་རྟོགས་པ་ཅིག་འོང་སྟེ། །དེ་ནི་འཆི་བའི་དོན་དམ་པ་ཆོས་སྐུ་ཅེས་བྱ། དེ་ལ་མ་རིག་པ་ངོ་ཤེས་པས་རང་བཞིན་གྱི་འོད་གསལ་དང་སྲེ་ཤེས་ན་ས་བཅུ་བཞི་ནོན་ནས་བར་དོར་སངས་རྒྱའོ། །ལབ་བས། ཏཻ་ལོ་པ་ལའོ། །ཏཻ་ལོ་པས་ཉམས་སུ་བླངས་པས་རྟོགས་པ་འདི་ལྟར་སྐྱེ་སྟེ། རང་བཞིན་ལ་གསུམ། ངོ་བོ། དབྱེ་བ། ཁྱད་པར་རྟེན་དུ་སྣང་བའོ། །ངོ་བོ་ནི་མི་མནོ། མི་བསམ། མི་སྒོམ། མི་སེམས། མི་དཔྱད། རྣམ་པར་དག་པའི་རང་བཞིན་དེ། །གང་གིས་སྤྱོད་ཡུལ་ལམ་ལས་འདས་གདོད་ནས་

(༤༢༨)གཉིས་མེད་གནས་པ་ཉིད། །འགྱུར་བ་མེད་པ་འདུས་མ་བྱས། །དུས་གསུམ་སངས་རྒྱས་ཀུན་གྱི་གནས། །དབྱེ་བ་ལ་གཉིས་ཏེ། དག་པའི་དེ་བཞིན་ཉིད་ལ་ནི་འཁོར་འདས་གཉིས་མེད་བསྐྱེད་པའོ། །མ་དག་པའི་དེ་བཞིན་ཉིད་ནི། དངོས་པོ་མི་བདེན་བརྫུན་པ་ལ། མཚན་མར་འཛིན་པ། ཡན་དག་ཏུ་འཛིན་པས་ཁམས་གསུམ་དུ་འཁོར་བར་འཁྱམས་སོ། ཁྱད་པར་རྟེན་དུ་སྣང་བ་ལ་དྲུག་སྟེ། དབང་བཞིས་དུག་ལྔ་ལམ་དུ་འཁྱེར་བའི་ཁྱད་པར། བསྐྱེད་རྫོགས་ཐ་མི་དད་དུ་སྒོམས་པས་སྐུ་གསུམ་རྒྱུན་མི་འཆད་པའི་ཐབས་སྣ་ཚོགས་ཀྱི་ཁྱད་པར། ཤེས་རབ་ཙམ་བསྒོམ་པས་འཁོར་འདས་གག་སྒྲུབ་མེད་པའི་ཁྱད་པར། དབང་གསུམ་པས་དོན་གྱི་ཡེ་ཤེས་ངོས་ཟིན་པའི་ཁྱད་པར། ཐ་མལ་གྱི་གཉིད་འོད་གསལ་དུ་ལོག་པའི་ཁྱད་པར། འཆི་ཀའི་གདམས་པས་ཤེས་པར་རང་གར་འདོད་དུ་བསྐྱལ་བའི་ཁྱད་པར་རོ། །

(༤༢༩)ཐབས་ལ་གསུམ་སྟེ། ལུས་སེམས་རྣལ་དུ་ཕབ་ལ་ཤེས་པ་ནམ་མཁའི་མཚན་ཉིད་ལྟ་བུར་རང་ནུས་པ་བསྐྱེད། རྐྱེན་གྱིས་མི་འཇིགས་པའི་བདེ་གསལ་མི་རྟོགས་པས་ཁྱབ་པ། འདི་ཡིན་མེད་པའི་ངང་ལ་འོག་སྒོ་གཞུ་བརྡུངས་པ་ལྟ་བུ་བསྡམས་པས་བདེ་བ་སྐྱེ། འོག་སྒོ་འབྱེད་འཛུམ་བྱས་པས་སྲེ། སྲོག་པ་རྩ་ནས་ཡར་ཙནྜ་ལི་ཏྲེ་ཤུ་ལ་རྩེ་གསུམ་བ་ལྟར་བསྒོམས་པས་བདེ་བ་བསྐྱེད། །སྤྱོ་ལམ་ནི། ཡེངས་པ་མེད་པའི་བདག་ཉིད་ཀྱིས། །འདོད་ཡོན་ལྔ་ལ་ལོངས་སྤྱོད་པས། །མེ་ལོང་ལྟ་བུའི་གཟུགས་བརྙན་ལ། །ཐབས་ནི་ཇི་ལྟར་སྣང་བ་ལྟར། །མིག་སོགས་ཡིད་ཀྱི་རྣམ་ཤེས་ལ། །དཔེའི་དངོས་པོ་རྣམ་པར་སྤང་། །ཅིག་ཉིད་ཐོག་མ་མེད་པ་ཉིད། །མཐའ་མེད་པ་ཡང་རྣམ་པར་གནས། །མཆོག་ཅིག་གིས་ནི་ཤེས་པར་འགྱུར། །གང་ལའང་ལྕ་ཡིས་མི་འགྱུར་བའི། །དེ་རིང་ནཱ་རོའི་གདམས་

(༤༣༠)པ་ཡིས། །རོ་དྲུག་གཅིག་གི་དངོས་པོ་ལ། །གཉིས་མེད་མཆོག་གིས་རྟོགས་པར་བྱ་མིག་གི་རྣམ་ཤེས་རྟོགས་པ་ན། །གཉིས་མེད་ཡེ་ཤེས་ངོ་མཚར་ཆེ། །སྤྲོས་པ་ཐམས་ཅད་རྣམ་བྲལ་ཞིང་། །ནམ་མཁའ་ལྟ་བུར་དྲི་མ་མེད། །རྟོག་པའི་དྲི་མ་རྣམ་བཅད་པའི། །ཕྱག་རྒྱ་ཆེན་པོ་ཡིན་པར་བསྟན། །སེམས་ཅན་ཀུན་གྱི་བསམ་པ་ནི། །ཤེས་རབ་མ་ལ་རྣམ་པར་གནས། །སྙིང་རྗེ་པད་མའི་མངའ་ཡིས་ནི། བདེ་བ་ཆེན་པོའི་འབེན་ལ་འབིགས། །རྟོག་པ་ཀུན་ལ་ངེས་པར་གྲོལ། །གཉིས་སུ་མེད་ཅིང་མཆོག་ཏུ་ཞི། །མཁའ་མཉམ་རྣམ་རྟོག་ལས་གྲོལ་བ། །གཉིས་སུ་མེད་པར་བདེ་བར་སྤྱོད། །གཉིས་མེད་བཅུད་ཀྱི་སྡུས་པ་ཡི། །རྡོ་དང་ཤིང་དང་དེའི་ས། །ལྷའི་རྣམ་བར་འགྱུར་བ་ནི། །བཟང་པོའི་ཞལ་སྔ་ནས་ཀྱི་བསྟན། །བསམ་བྱ་གཉིས་མེད་ངོ་མཚར་ཆེ། །ཆོས་ཐམས་ཅད་འདུས་པའི་ཚུལ་

(༤༣༡)ལ་གཉིས་ཏེ། །ཚོགས་དྲུག་འཁོར་བར་འདུས། །དྲུག་མྱ་ངན་ལས་འདས་པར་འདུས་པའོ། །ས་ནོན་པའི་རིམ་པ་ནི། འཆི་ཀའི་གདམས་པས་ཤེས་པ་འོད་གསལ་དུ་བསྐྱལ་བས་ས་བཅུ་བཞི་ནོན་ནོ། །ཏཻ་ལོ་བས། ནཱ་རོ་པ་ལ་གདམས་པའོ། །ནཱ་རོ་པས་ཉམས་སུ་བླངས་པས་རྟོགས་པ་འདི་ལྟར་སྐྱེ་སྟེ། རང་བཞིན་ལ་གསུམ། ངོ་བོ་དང་། དབྱེ་བ་དང་། ཁྱད་པར་རྟེན་དུ་སྣང་བའོ། །ངོ་བོ་ནི། བར་དོར་འོད་གསལ་ཆོས་སྐུ་སངས་རྒྱས་ཉག་གཅིག་གི་སྤྱོད་ཡུལ་ལོ། །སྲིད་པ་བར་དོ་ཡིད་ཀྱི་ལུས། །སྤྲུལ་པའི་སྐུ་འཇིག་རྟེན་གྱི་ཁམས། རིགས་མཐུན་ལྷ་མིག་དག་པའི་སྤྱོད་ཡུལ་ལོ། །དེ་ཉིད་ལ་གནས་མེད་ཅིང་ཐམས་ཅད་གསལ་ལ་ཅིར་ཡང་འཆར་ཏེ། ལུས་མེད་དབང་པོ་ཕུགས་ན་གནས་རིང་དུ་རྒྱུ་ཞིང་གཅིག་པུར་གནས། །འདུལ་དཀའ་བའི་སེམས་འདུལ་བྱེད། །དེ་ནི་བྲམ་ཟེངས་བཤད་དོ། །ཅེས་

(༤༣༢)གསུངས་སོ། །དབྱེ་བ་ལ་གཉིས། མ་དག་པའི་དེ་བཞིན་ཉིད་ནི། འཁོར་འདས་ཐམས་ཅད་བཅོས་མའི་རང་བཞིན་ཡིན་པས་སྒྱུ་མ། རྣམ་པར་ཤེས་པའི་རང་བཞིན་ཡིན་པས་རྨི་ལམ། རང་བཞིན་མ་གྲུབ་པས་སྨིགས་སྒྱུ། མ་རྟོགས་པའི་སྒོ་ནས་ཆུ་བུར་རམ་ན་བུན་ནོ། །དག་པའི་དེ་བཞིན་ཉིད་ནི། ཆོས་ཐམས་ཅད་ནམ་མཁའི་དབྱིངས་ལྟར་མཐོང་བའོ། །ཁྱད་པར་རྟེན་དུ་སྣང་བ་ནི། སྦྱོར་བའི་རྣལ་འབྱོར་པས། སྣང་བའི་རྣམ་པ་དྲི་མེད་ཉིད། །ཡེ་ཤེས་རང་ལ་སྐྱེ་བར་འགྱུར། །བསམ་གྱིས་མི་ཁྱབ་མི་རྟོགས་པའི། །སངས་རྒྱས་ཉིད་ནི་ངེས་པར་ཐོབ། །ཐབས་ནི། སྒྱུ་ལུས་ཆུ་ཟླ་བཞིན་དུ་བལྟ། དྲན་རིག་ན་བུན་བཞིན་དུ་བསླབ། །སྐྱེས་པ་བུད་མེད་ལ་རྟེན་ནས། །གཟུགས་ལ་བལྟས་པས་བདེ་བ་སྐྱེ། །ཆགས་པའི་མིག་གིས་བལྟ་བྱ་ཞིང་། །སེམས་ནི་གཟུགས་སྒྲ་ལ་བལྟས་པས། །

(༤༣༣)ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེ། །དེ་ཉིད་རྒྱུན་དུ་འཆར་ལ་བསླབ། །ཧཾ་ལས་རིམས་ཀྱིས་སྐྲ་མཚམས་ནས། །དབབ་བཟློག་དབབ་པའི་རིམ་པ་བཞིན། །གྲངས་ཁ་བཅུ་སོགས་ཀྱིས་བཟློག་ཅིང་། །གཤེགས་པས་རླུང་གིས་ཁུ་བ་སོགས། །རྩ་སྦུབས་ཀུན་དུ་ངེས་པར་བསམ། །སྤྱོད་ལམ་ནི། འཁོར་བ་ཅེས་བྱ་བ་ནི་འཛིན་པའི་སེམས་སོ། །མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་དངོས་པོ་ལ་སེམས་མངོན་པར་མི་ཞེན་པའོ། །སློབ་དཔོན་མ་བྲལ་ཞེས་བྱ་བ་ནི་སེམས་ཀྱི་ངོ་བོ་ཉིད་ཤེས་པའོ། །དད་པ་ཅན་ཞེས་བྱ་བ་ནི་དེ་དང་མ་བྲལ་བའོ། །སངས་རྒྱས་དང་མཉམ་ཞེས་བྱ་བ་ནི་འཁོར་འདས་མཉམ་པའི་དོན་རྟོགས་པའོ། །ཐམས་ཅད་འདུས་པའི་ཚུལ་ནི། འོད་གསལ་བའི་ཡེ་ཤེས་ཆོས་སྐུ་མྱ་ངན་ལས་འདས་པ། སྐུ་གཉིས་འཁོར་བར་འདུས་པའོ། ས་ནོན་པ་ནི། འཆི་ཀ་མའི་དབང་བྱས་ན། འབྱུང་

(༤༣༤)བ་རིམས་ཀྱིས་འགགས་པ་ནི། །ཀུན་རྫོབ་སྤྲུལ་སྐུའི་རྒྱུ། །ཧཾ་གིས་ཐིག་ལེ་མི་ཤིགས་པ་དང་དོན་དམ་པ་འབྲས་བུ་ལོངས་སྐུ། །བར་དོ་འོད་གསལ་ཆོས་སྐུ་ད་ལྟ་བས་སྟོང་འགྱུར་གྱིས་གསལ་བ་འབྱུང་། ཟུང་འཇུག་གི་སྐུ། སྐུ་བཞི་རྒྱུན་མི་འཆད་དུ་སྲེ་ཤེས་ན་ས་བཅུ་བཞི་ནོན། སློབ་དཔོན་ཆེན་པོ་ནཱ་རོ་པས། མར་པ་ལ་གདམས་སོ། །མར་པས་མི་ལ་ལ་གདམས་སོ། །བླ་མ་མི་ལས་ཉམས་སུ་བླངས་དུས་སུ་ཅིག་ཅར་དུ་འཇུག་པ་ལ་བསམ་གྱིས་མི་ཁྱབ་ལྔར་རྟོགས་ཏེ། རང་བཞིན་བསམ་གྱིས་མི་ཁྱབ་པ་གསུམ་སྟེ། །ངོ་བོ་དང་། དབྱེ་བ་དང་། ཁྱད་པར་རྟེན་དུ་སྣང་བའོ། །ངོ་བོ་ནི། དང་པོ་གཞི་མ་རིག་པ་རྩ་བ་དང་བྲལ་བའི་སྟོང་བ་སྟེ། ཡེ་ནས་རྒྱུ་དྲི་མ་མེད་པར་གནས། །ལམ་དྲི་མ་མེད་པར་རྟོགས། འབྲས་བུ་དྲི་མ་མེད་པར་འཆར་བས་གཉུག་མ་མ་བཅོས་པའི་ཡེ་ཤེས་དེ། སངས་རྒྱས་དང་སེམས་ཅན་རྒྱུ་

(༤༣༥)ཅིག་ཏུ་རྟོགས་པས་འཁོར་འདས་དབྱེར་མེད་པར་བསྟན་ནོ། །དཔེར་ན་ཏིལ་དང་ཏིལ་མར་རམ། ཆུ་དང་ཆབ་བཞིན་ནོ། །དབྱེ་བ་ལ་གཉིས་ཏེ། རེ་བ་དང་previous hit དོགས་པ། དེ་གཉིས་བྱུང་ན་ལྟ་བ་མ་རྟོགས་པའི་སྐྱོན་ཡིན་པས་ཐོས་ next hit་ལ་ནན་ཏན་བསྐྱེད། སྒོམ་བྱ་དང་། སྒོམ་བྱེད་གཉིས་བྱུང་ན་སེམས་རྩེ་གཅིག་ཏུ་མ་བྱས་པའི་སྐྱོན་ཡིན་པས། སྒོམ་ཡུན་བསྲིང་ཞིང་ཞེན་མེད་ལ་ནན་ཏན་བསྐྱེད། བླངས་བྱ་དང་ངོར་བྱ་གཉིས་བྱུང་ན་འཁོར་བ་ཉིད་ཞི་བར་མ་རྟོགས་པའི་སྐྱོན་ཡིན་པས། རྟོགས་པ་བསྐྱེད་པ་ལ་གཉིས་མེ་ལ་ནན་ཏན་བསྐྱེད། ཉེ་དུ་ལ་ཆགས་ན་འདོད་ཡོན་ལམ་དུ་འཁྱེར་མ་ཤེས་པའི་སྐྱོན་ཡིན་པས། ཐབས་ཀྱིས་གྲོགས་ལ་ཞེ་མི་སྡང་པར་བྱ། །ཁྱད་པར་དུ་རྟེན་སྣང་བ་ལ་འཇིག་རྟེན་ཆོས་བརྒྱད་ལས་བཟློག་ལ་དངོས་པོ་ལ་ཡང་བདག་ཏུ་འཛིན་པར་མི་བྱ་བར། །སྐུ་གསུམ་དང་

(༤༣༦)རྒྱུན་མི་འཆད་དུ་མ་བྲལ་བར་བྱའོ། །ཐབས་བསམ་གྱིས་མི་ཁྱབ་པ་ལ་གཉིས་ཏེ། ཡིད་ལ་གང་ཡང་མ་བྱས་པས་བཞག་སར་མ་ལྟངས་བ། བཏང་སར་མ་འབྱམས་པ་བཏང་སྙོམས་ཀྱི་རྟོག་པ་ལས་ལོག་ནས། སྒོམ་པ་གཡེར་ཐོན་པ་མི་རྟོག་པའི་བཟུང་འཛིན་དང་བྲལ་བའི་བསྒོམ་པ་སྟེ། རྒྱུན་ཆད་མེད་པར་འགྲོ་འཆག་ཉལ་དུག་སྤྱོད་ལམ་རྣམ་བཞི་ཡེངས་པ་མེད་པར་ནང་ནས་འཆར་ཏེ། །དངོས་པོ་བསྒོམ་དུ་མེད་ཀྱང་དོན་ལ་ཡེངས་སུ་སྐད་ཅིག་ཀྱང་མེད་དོ། །ཤེས་པ་ཕྱིར་མི་སྤྲོ་ནང་དུ་མི་བསྡུ་བར་རང་དངས་གཏད་མེད་དུ་རང་ལུགས་བཅས་བཅོས་མི་བྱ་བར་རང་ཐད་དུ་བཞག་གོ། །དེ་ལ་ཉམས་རྣམ་པ་བཞི་འབྱུང་སྟེ། སྣང་བ་ནི་ཡོད་ལ་དངོས་པོར་རྟོགས་པ་མེད་པའི་ཉམས་དང་། ཏིང་ངེ་འཛིན་གསལ་བ་ནི་ཡོད་ལ་བཟུང་འཛིན་གཉིས་མེད་པའི་ཉམས་དང་། སྒོམ་ལྔ་བློ་བུར་དུ་ཤེས་པ་

(༤༣༧)ཡོད་ལ་གསལ་ལ་ཞིན་པ་མེད་པས། ཡིད་གཉིས་ཀྱང་མི་འགྱུར་བའི་ཉམས་དང་། རིག་པ་ནི་གསལ་ལ་འཕོ་འགྱུར་མེད་པས་འགྲོ་འོང་མེད་པའི་ཉམས་སྒོས་ན་རང་ཤུགས་ཀྱི་འབྱུང་ངོ་། །སྤྱོད་ལམ་བསམ་གྱིས་མི་ཁྱབ་པ་ནི། ཉོན་མོངས་པ་ཐོགས་རྫིས་ཞེན་མེད་དུ་བྱ་བ་ལ་བདུན་ཏེ། རང་སེམས་སངས་རྒྱས་སུ་རྟོགས་ཀྱང་རྡོ་རྗེ་སློབ་དཔོན་མི་སྤངས། སྣང་བ་སེམས་སུ་རྟོགས་ཀྱང་འདུས་བྱས་ཀྱི་དགེ་བའི་རྩ་བ་རྒྱུན་མི་གཅོད། འཁོར་བ་ལ་previous hit དོགས next hit་མེད་ཀྱང་སྡིག་པ་ཕྲ་མོ་ཙམ་ལ་ཡང་འཛེམ་པར་བྱ། །འབྲས་བུ་ཆོས་སྐུ་ལ་རེ་བ་མེད་ཀྱང་སེམས་ཅན་ལ་མོས་པ་ཐ་དད་པས་ཆོས་གང་ལ་ཡང་སྒྲོ་སྐུར་མི་གང་བ། །རང་ལ་ཏིང་ངེ་འཛིན་འབྱུང་བ་བཞིས་མི་གནོད་པ་ཡོད་ཀྱང་། །ཆེ་བའི་ང་རྒྱལ་མི་བྱ། འཁོར་འདས་དབྱེར་མེད་དུ་རྟོགས་ཀྱང་། རི་ཁྲོད་དགོན་པ་མི་སྤང་། རང་གཞན་

(༤༣༨)ཐ་མི་དད་དུ་རྟོགས་ཀྱང་། དམིགས་པའི་སྙིང་རྗེ་རྒྱུན་མི་གཅོད་པ་དང་། ཞེན་ཆགས་མཁའ་ལྟར་དག་པའི་སྤྱོད་ལམ་མོ། །ཆོས་ཐམས་ཅད་འདུས་པའི་ཚུལ་ལ་གཉིས་ཏེ། སངས་རྒྱས་ལ་རེ། འཁོར་བ་ལ་དོགས། སྣང་བ་ལ་ཆགས། རེ་previous hit དོགས་བཟུང་འཛིན་གཉིས་ཀྱིས་བཅིངས་པས་བཟུང་འཛིན་དུ་འདུས་སོ། །ས་ནོན་པའི་ལམ་འབྲས་བུ་དང་བཅས་ next hit་ལ། སེམས་ཀྱི་ངོ་བོ་གདོད་ནས་དྲི་མེད་གནས་པ་ལ། །སྐྱེ་བ་མེད་པར་རྟོགས་པས་ལམ་དུ་ཤར་བ་ཡིན། དེ་རྟོགས་པ་བརྟན་པས་ཡིད་ཀྱི་གཡོ་བ་ཐ་དད་འདུ་ཤེས་རྡུལ་ཙམ་ཡང་མེད་བ་སྐྱེ་ན། འབྲས་བུ་དྲི་མ་མེད་པ་འཆར་བས་ན། སྐུ་གསུམ་རང་ཆགས་གདོད་མ་ཡེ་ནས་གནས་པ་ཡིན། །ཉི་མའི་འོད་ཀྱི་ཚུལ་བཞིན་ལོགས་ན་མེད། དཔེར་ན། སྣང་བ་ཤར་བས། མུན་པ་འབྲོས་པ་བཞིན་གཉིས་མེད་རྟོགས་པས། འཛིན་རྟོགས་ལོག་པ་དང་། གཅིག་ཏུ་རྟོགས་པས། རེ་previous hit དོགས་ལོག་

(༤༣༩) next hit་དང་། མཉམ་ཉིད་དུ་རྟོགས་པས། དགག་སྒྲུབ་ལོག་བ་དང་། དེ་དང་གཞན་ནས་སྤང་ཐོབ་ཅི་ཡང་མེད། །སེམས་ཀྱི་རང་བཞིན་ཡེ་ནས་དེ་ལྟར་གན། །ག་ལྟེ་དེ་ལྟར་རྟོགས་པའི་རྒྱུ་ཉིད་ཀྱིས། །བར་དོ་ལ་ནི་བར་དོར་ཤེས་པར་འགྱུར། །དེ་ཉིད་བར་དོར་ཤེས་པ་བྱུང་ཙ་ན། །སྔར་གྱིས་དགོངས་པ་ནམ་མཁའི་ལྟ་བུར་དྲན། །དྲན་ནས་ནམ་མཁའི་ངང་དུ་གནས་ཙ་ན། །དུས་གསུམ་རྒྱལ་བའི་དགོངས་པ་དང་ཕྲད་པ་ཡིན་རང་གྱི་ཤེས་རབ་ཀྱིས་རྩལ་གྱིས་མ་ཆོད་ན། །མང་དུ་སྨྲས་པས་སླར་ཡང་ཚིག་གིས་བསྒྲིབས། །ཤེས་གསུངས་སོ། །ཕྱག་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་བསྒོམ་རིམས་ཤེས་བྱ་བ་ཤིན་དུ་ཟབ་བོ།། །།ཞེས་པ་འདི་ནི། རྗེ་ཉིད་ཀྱི་དབོན་པོ་སྤྱན་སྔ་ཆོས་ཀྱི་རྗེ། བསོད་ནམས་ལྷུན་གྲུབ་པ་ཟླ་འོད་རྒྱལ་མཚན་དཔལ་བཟང་པོས། རི་པོ་ཤན་ཏིར། །བཀའ་བརྒྱུད་ཀྱིས་བསྟན་པ་སྤེལ་བའི་བསླད་དུ་པར་དུ་བགྱིས་པའོ། །

(༤༤༠)

(༤༤༡)ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། སྙིང་པོ་དོན་གྱི་གདམ་པ་ཕྱག་རྒྱ་ཆེན་པོའི་འབུམ་ཏིག་བཞུགས་སོ། །

(༤༤༢)ན་མོ་གུ་རུ། །རྗེ་འགྲོ་བའི་མགོན་པོ་ཐུགས་རྗེ་ཅན། ཆོས་ཕྱག་རྒྱ་ཆེ་ལ་མངའ་བརྙེས་པ། །འོད་གསལ་གྱི་ངང་ལ་རྒྱུན་ཆད་མེད། རྗེ་སྙི་བསྒོམ་དེ་ལ་ཕྱག་འཚལ་ལོ། །བླ་མ་ཆོས་སྐུ་རྡོ་རྗེའི་ཐུགས། །འོད་གསལ་གཉུག་མ་དེ་ལ་འདུད། །སྐལ་ལྡན་ཕྱི་རབ་དོན་ཆེད་དུ། །རང་སེམས་རྩ་བའི་མན་ངག་བྲི། །རང་སེམས་གཉུག་མ་ངོ་སྤྲོད་ཅིང་། །རིག་པ་ངོས་འཛིན་མན་ངག་འདི། །སྐལ་

(༤༤༣)ལྡན་ཤེས་རབ་བྱང་ཆུབ་ལ། །རྟོགས་ལྡན་བླ་མ་སྙི་བསྒོམས་གསུངས། །དེ་ནས་བརྒྱུད་ནས་བདག་དང་འཕྲད། །མན་ངག་བླ་མའི་གསུང་བཞིན་དུ། །སློབ་མའི་སེམས་ཀྱི་གནས་བཙལ་བ། །རིག་པ་གནད་དུ་གདབ་པར་བྱ། །མ་ཐོབས་བར་དུ་སྐྱར་གྱིན་གདབ།། །།ད་ལྟ་ངའི་ཁ་ལ་ཆོས་ཉན་པའི་ཤེས་པ། མ་ཡེངས་པར་སིང་ངེ་བ་རིག་པ་གསལ་ལ་མ་འགགས་པ་འདི་ཆོས་སྐུ་ཡིན། འདི་ནས་

(༤༤༤)ལངས་ནས་འགྲོ་བའི་དུས་དང་། དེ་ནས་མ་ཚང་དུ་ངལ་སོ་བའི་དུས་དང་། དེ་ནས་ཕུག་པར་མལ་དུ་འདུག་ཙ་ན་ཡང་དེ་རང་ཡིན་ནོ་གསུང་། །ང་ཁྱོད་འཆི་ཡང་འདི་དང་མི་འབྲལ་ལ། །ན་ཡང་འདི་དང་མི་འབྲལ། གཉིད་ལོག་ཀྱང་འདི་དང་མི་འབྲལ་ལོ་གསུང་། །གཉུག་མའི་འཛུག་བཙུགས་སུ་བསྟན་ཅིང་ངོ་སྤྲོད་པ་དང་། རིག་པ་ངོས་འཛིན་པའི་མན་ངག །རང་སེམས་ཕྱག་རྒྱ་ཆེན་པོ་རང་ཆས་སུ་འཆར་བའི་གདམས་པ། བླ་མ་ལྷ་རྗེ་སྙི་བསྒོམ་གྱི་མན་ངག་གོ།། །།རིག་པ་ངོས་འཛིན་ངོ་སྤྲོད་ཕྱག་ཆེན་ཡིན། རྟོགས་པ་ངོས་འཛིན་ངོ་སྤྲོད་སྐྱེས་སྦྱོར་ཡིན། །ཞི་གནས་ངོས་འཛིན་ངོ་སྤྲོད་ཐབས་ལམ་ཡིན། །ཞི་གནས་བཟང་ཡང་འཆི་ཁར་འབྲལ། །བར་

(༤༤༥)ཆད་བྱུང་ན་སྒོམ་པ་འབྲལ། །དེ་ལ་ངོ་སྤྲོད་ལོགས་ནས་སྟོན། །ངོ་བོ་མཐོང་བའི་སྒོམ་ལ་འཆོར་འབྲལ་མེད། །ངོ་བོ་མཐོང་ནས་ཐར་པ་ཐོབ། །ཞི་གནས་རྐྱང་བ་འཁོར་བའི་རྒྱུ། །སྒོམ་ཇི་ལྟར་བཟང་ཡང་རུང་། ཅི་ཙམ་བསྒོམས་ཀྱང་རུང་སྟེ། ངོ་བོ་མ་མཐོང་ན། སྒོམ་ཚད་གོལ་སར་འགྲོ་བ་ལས། ཐར་པ་ཐོབ་མི་སྲིད་པ་ཡིན་གསུང་ངོ། །གཉུག་མའི་ངོ་སྤྲོད་ཀྱི་གདམ་ངག་བླ་མའི་ཞལ་ནས་གདམས་སོ།། །།ལྷན་ཅིག་སྐྱེས་པ་ནི་ཐ་མལ་གྱི་ཤེས་པ་ཡིན། །དེ་མ་བཅོས་པ་ཡིན། དེ་གཉུག་མ་ཡིན། དེ་ཆོས་སྐུ་ཡིན། དེ་སངས་རྒྱས་ཡིན། དེ་ངོ་ཤེས་པར་བྱེད་པ་ཡིན། །ཐ་མལ་གྱི་ཤེས་པ་རང་གར་བཞག་པས། ཕྱི་ནང་གི་གཡེང་བས་མི་གནོད་པ་ཡིན་ནོ། །ཞེས་གསུངས་སྷོ།། །། ༅ །ན་མོ་གུ་རུ། །ཆོས་ཀུན་རྩ་བ་རང་སེམས་གཉུག་མ་སྟེ། །རང་འབྱུང་ལྷན་གཅིག་སྐྱེས་པ་དེ་ལ་འདུད། །ཐུན་མོངས་མ་ཡིན་ཕྱག་རྒྱ་ཆེན་པོའི་དོན། །སྐལ་ལྡན་ཐར་པའི་འབྲས་

(༤༤༦)བུ་སྒྲུབ་ཕྱིར་བྲི།། །།དང་པོ་རང་སེམས་གཉུག་མ་གཏན་ལ་དབབ། །བར་དུ་རང་སེམས་གཉུག་མ་ངོས་བཟུང་ཞིང་། །ཐ་མ་རང་སེམས་གཉུག་མར་ཐག་བཅད་དོ། །རང་སེམས་ལྷན་ཅིག་སྐྱེས་པ་ཆོས་སྐུ་དངོས། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །རྣམ་རྟོག་ལྷན་ཅིག་སྐྱེས་པ་ཆོས་སྐུའི་རླབས། དབྱེར་མེད་ལྷན་ཅིག་སྐྱེས་པ་ཆོས་སྐུའི་དོན། །བླ་མའི་གདམས་པས་རིག་པ་ངོས་བཟུང་ཞིང་། །དུས་གསུམ་དག་ཏུ་འགྱུར་བ་མེད་པར་པར་བསྟན། །གནས་སྐབས་གསུམ་དུ་འཚོར་འབྲལ་མེད་པར་བསྟན། །རྩེ་གཅིག་རྣལ་འབྱོར་རྒྱུན་དུ་གོམས་བྱས་ན། །རྣལ་འབྱོར་རྣམ་བཞི་རིམས་ཀྱིས་རྫོགས་པར་འགྱུར། །དྲན་རྟོག་མྱོང་ཚོར་མ་ལུས་ཐམས་ཅད་ཀུན། །ཆོས་སྐུ་སེམས་ལས་མ་གཏོགས་གཞན་མེད་པས། །གང་ལྟར་སོད་ཡང་རང་སེམས་ཆོས་སྐུའི་དང་། །དེ་ལྟར་ལྟ་བ་ཐག་ཆོད་རྣལ་འབྱོར་ཡིན། །རང་སེམས་གཏན་ལ་ཕབ་ཅིང་ངོས་བཟུང་ཐག་གཅོད་པའི།

(༤༤༧)ངེས་དོན་འབྲས་བུ་ཕྱག་རྒྱ་ཆེན་པོའི་བསྐོར། །རང་སེམས་གཉུག་མའི་དོན་འདི་ངེས་པར་རྟོགས་གྱུར་ན། །གྲོལ་བའི་འབྲས་བུ་འདི་ལས་ཡོད་མ་ཡིན། །ཕྱག་རྒྱ་ཆེན་པོའི་དོན་གྱི་ཕྱི་མོ། །བནྡེ་པྲ་ཛྙ་བོ་དྷི་ཡིས། །ཉམས་དང་རྟོགས་པའི་བློ་ཡིས་བྲིས། །འགལ་འཁྲུལ་དམ་པས་བཟོད་པར་གསོལ།། །།ན་མོ་གུ་རུ། །ཆོས་སྐུའི་རང་བཞིན་འོད་གསལ་རིན་པོ་ཆེ། །རང་འབྱུང་གཉུག་མའི་ལྟ་བསྒོམ་དེ་ལ་འདུད། །སེམས་ཅན་མ་རིག་མུན་པས་བཅིངས་པ་ལས། །གྲོལ་བྱེད་རིན་ཆེན་བདུད་རྩིའི་མན་ངག་བྲི། །སྤྱིར་ན་འཁོར་བའི་སེམས་ཅན་ཐམས་ཅད་ལ། །སངས་རྒྱས་ཡེ་ནས་རང་ཆས་སུ་ཡོད་ཀྱང་། །མཚོན་བྱེད་བླ་མའི་མན་ངག་བདུད་རྩི་ཡིས། །མ་མཚོན་བར་དུ་རྟོགས་ཤིང་གྲོལ་མི་སྲིད། །བརྡ་གཅིག །དོན་གཅིག །ཚིག་གཅིག །གྲོལ་དུས་གཅིག །འབྲས་བུའི་དུས་གཅིག་གོ། །ཡིན་ལུགས། འཆར་ལུགས། རྟོགས་ལུགས་སོ། །ཡིན་པ་ཆུ་

(༤༤༨)འཆར་བརླབས། རྟོགས་པ་ཡེ་ཤེས་སོ། །ཡུལ་སྣང་སྟོང་། ལུས་བདེ་སྟོང་། སེམས་གསལ་སྟོང་ངོ་། །སྣང་བ་རང་གྲོལ། ཤེས་པ་རང་གྲོལ། །གཉིས་མེད་རང་གྲོལ་ལོ།། །།བརྡ་གཅིག་དེ་ནི་གང་ཞེ་ན།། །རང་གི་མིང་ནས་འབོད་པ་ཐོས་ན་བརྡའོ། །དོན་ཅིག་དེ་ནི་གང་ཞེ་ན། ཕྱི་མ་འབོད་དུ་རེ་བ་ལ་སེམས་མ་ཡེངས་པར། །རང་སེམས་ཆོས་སྐུར་སིང་གིས་རྟོགས་ནས་གྲོལ་བའོ། །དེ་ཡང་། རབ་ཚེ་འདི་ལ་གྲོལ་ཏེ། ཚེ་གཅིག་ལུས་གཅིག་པའོ། །འབྲིང་བར་དོར་གྲོལ། །མཐ་མའང་སྐྱེ་བ་ཕྱི་མ་ལ་གྲོལ་ཞེས་གསུང་ངོ་། །འབྲས་བུའི་དུས་གཅིག་གང་ཞེ་ན། །རང་སེམས་ཆོས་སྐུར་སིང་གིས་རྟོགས་ནས། བསྒོམ་པའི་རྩོལ་བ་ཅུང་ཟད་ཙམ་ཡང་བྱ་མི་དགོས་པར། བསྒོམ་དུ་མེད་པ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ་གྱུར་པའོ། །ཇི་སྲིད་བསྒོམ་པའི་རྩོལ་བ་བྱར་ཡོད་ཀྱི་བར་དང་། མ་ཡེངས་

(༤༤༩)པར་བསྒོམ་དུ་ཡོད་ཀྱི་བར་དུ་ལམ་ཡིན་ནོ། །སངས་རྒྱས་སྙིང་པོ་རང་གིས་སེམས་ཉིད་ལ། །ཆོས་ཀྱི་སྙིང་པོ་བླ་མའི་མན་ངག་གཅེས། །དེ་ཕྱིར་བླ་མའི་མན་ངག་བདུད་རྩི་འདི། །རབ་ཏུ་གུས་པས་སེམས་ལ་བཅད་བར་བྱ། །ངེས་དོན་སྙིང་པོ་མན་ངག་གསང་བ་འདི། །སྐལ་ལྡན་སྦྱངས་པ་ཅན་གྱི་དཔལ་དུ་ཤོག །ཕྱག་རྒྱ་ཆེན་པོའི་གདམས་པ་རྩ་བའི་དོན་མན་ངག་ཐབས་ཀྱི་རྒྱལ་པོ་དམ་པའོ། །རྗེ་མར་པ་ནས་བརྒྱུད་པའོ།། །།ན་མོ་གུ་རུ། །རང་སེམས་རིག་པ་ཆོས་ཀྱི་སྐུ། །རང་འབྱུང་གཉུག་མ་དེ་ལ་འདུད། །ཕྱག་རྒྱ་ཆེན་པོའི་གདམས་པའི་དོན། །སྐལ་ལྡན་རྣམས་ཀྱི་དོན་དུ་བྲི། །མཚོན་བྱེད་བརྡའི་ཆོས་དང་། མཚོན་བྱ་དོན་གྱི་ཆོས་དང་། །བརྗོད་བྱེད་ཚིག་གིས་ཆོས་དང་། །གྲོལ་བ་ཉམས་ཀྱི་ཆོས་དང་། །སྔར་འབོད་པ་ཐོས་པ་དག །ཕྱི་མ་འབོད་པ་ཉན་པ་དོན། །མི་བསྒོམ་པར་རང་གར་སིང་ངེ་བཞག །བཅིངས་གྲོལ་མེད་པར་ཤེས་པ་ཉམས་སོ། །

(༤༥༠)རྟོགས་པ་འབྲས་བུའི་ཆོས་སོ། །ཡིན་པ་ཆུའི་དཔེ་དང་། འཆར་པ་རླབས་ཀྱི་དཔེ་དང་། །རྟོག་པ་ཡེ་ཤེས་ཀྱི་དཔེའོ། །ཡུལ་སྣང་སྟོང་གི་ཉམས། ལུས་བདེ་སྟོང་གི་ཉམས། །སེམས་གསལ་སྟོང་གི་ཉམས་སོ། །སྣང་བ་རང་གྲོལ་གྱི་རྟོགས་པ་དང་། །ཤེས་པ་རང་གྲོལ་གྱི་རྟོགས་པ་དང་། །གཉིས་སུ་མེད་པ་རང་གྲོལ་གྱི་རྟོགས་པའོ། །ཆོས་ལྔ། དཔེ་གསུམ། ཉམས་གསུམ། རྟོགས་པ་གསུམ། རང་སེམས་ཕྱག་རྒྱ་ཆེན་པོའི་ཆོས་སྐོར། །ངེས་དོན་འབྲས་བུའི་ཆོས་ལ། འདི་རྣམས་ལས་ལྷག་པའི་ཆོས་གཞན་རྙེད་རེ་སྐན་ཕྱག་རྒྱ་ཆེན་པོའི་དོན་གྱི་ཕྱི་མའོ། །ཐམས་ཅད་ཆོས་སྐུར་རྟོགས་པ་དོན་ནོ། །རང་སེམས་ཆོས་སྐུ་རྟོགས་པའི་དོན་ནོ། །རྣམ་རྟོག་ཆོས་སྐུ་ཡིན་པའི་དོན་ནོ། །སྣང་བ་ཐམས་ཅད་ཆོས་སྐུར་རྟོགས་པའི་དོན་ནོ། །འདི་ལ་ཕྱིའི་ཉམས་ཤེས་བྱའོ། །འདི་ལ་ནང་གིས་ཉམས་ཤེས་བྱའོ། །འདི་ལ་གསང་བའི་ཉམས་ཤེས་བྱའོ། །དེ་ནི་ཕྱིའི་རྟོགས་པ། །འདི་ནི་ནང་གི་རྟོགས་པ། །འདི་ནི་གསང་བའི་རྟོགས་པའོ། །

(༤༥༡)ན་མོ་གུ་རུ། །སེམས་རང་དུ་ངོས་བཟུང་། སེམས་རང་དུ་ངོས་ཟིན། སེམས་རང་དུ་ངོ་སྤྲད། སེམས་རང་དུ་མཐོང་། སེམས་རང་དུ་མྱོང་། སེམས་རང་དུ་ཚོར། སེམས་རང་དུ་ངེས། སེམས་རང་དུ་གྲོལ་ལོ།། །།དང་པའི་ཤེས་པ་དེ་དང་གཅིག །ཐ་མལ་གྱི་ཤེས་པ་དེ་དང་གཉིས། །ཡུལ་ཅན་གྱི་ཤེས་པ་དེ་དང་གསུམ། །གང་གིས་དེ་གསུམ་ངོ་ཤེས་ན། །རང་སེམས་རང་གིས་མངོན་སུམ་དུ། །ངོས་ཟིན་མཐོང་བ་ཡེ་ཤེས་སོ། །སེམས་ཉིད་མ་བཅོས་གཉུག་མ་ཡིས། །ངོ་བོ་རྣལ་མར་མཐོང་བ་ཡིན། །རྟོགས་པ་དང་བཅས་པ་འདི་དང་། །བཀྲ་ནི་ས་ལེར་མཐོང་བ་ཡིན། །མདོར་ན་ཆོས་ཡེ་ཆ་མེད་པའི། །མི་ནག་གི་ཤེས་པ་དེ་རང་ཡིན། །མཁས་པ་རྣམས་ཀྱིས་རྟོག་དཔྱོད་དང་། །བཅོས་མའི་བློས་བཞིག་ཐམས་ཅད་བོར། །རིག་པ་གསལ་བའི་ངོ་བོ་དེ། །འབྲལ་མེད་ཡེངས་མེད་རྒྱུན་ཆད་མེད། །དེ་ཡི་སེམས་སྐོར་དགུ་པ་ཞེས་བྱའོ། །

(༤༥༢)ངང་ལ་དྲན་རྟོག་ནི། །སྣ་ཚོགས་གང་དང་གང་བྱུང་བ། །ཐམས་ཅད་དེའི་ངོ་བོ་ཡིན། །ཐ་མལ་ཤེས་པ་མ་ཡེངས་ན། །དྲན་རྟོགས་ཐམས་ཅད་རིག་པ་ཡིན། །དེ་ལ་སྐྱོན་དུ་བལྟ་མི་དགོས། །ཡེངས་པའི་དུས་རྟོག་པ་ཡིན་ཏེ། །དེ་ཉིད་རང་ལ་བལྟས་པས་སུ། །རྟོགས་པ་གཅིག་བྱུང་གཉིས་བྱུང་རྣམས། །ཐམས་ཅད་སེམས་སུ་ཤེས་པ་ནི། །ཆུ་དང་ཆུའི་བརླབས་ལྟར་འགྱུར། །དང་པོ་རིག་པ་དེས་པ་དང་། །དེ་ནས་སྣང་བ་ངེས་པ་དང་། །དེ་ནས་རྣམ་རྟོག་དེ་ཙ་ན། །ཚེ་འདི་རང་ལ་གྲོལ་བ་ཡིན། །སེམས་ཉིད་འོད་གསལ་ནམ་མཁའ་ལ། །རིག་པ་ཆོས་སྐུའི་ཉི་མ་ཤར། །སེམས་ཉིད་ཁོ་རང་ཅིག་པུ་ལས། །གཞན་ནི་གང་ཡང་མ་ཐོང་ན། །དེའི་སེམས་ཀྱི་སངས་རྒྱས་མ་ཐོབ།། །།ན་མོ་གུ་རུ། །རང་སེམས་ཕྱག་རྒྱ་ཆེན་པོ་དེ། །རང་བཞིན་ཡེ་ནས་ཆོས་སྐུ་ཡིན། །མཚན་ཉིད་སྣ་ཚོགས་

(༤༥༣)སྣང་བའི་ཡིན། །ངོ་བོ་སྐྱེ་འགག་མེད་པ་ཡིན། །ཆོས་ཉིད་འོད་གསལ་སྟོང་བ་ཡིན། །ཉམས་མྱོང་རྒྱུད་ཆད་མེད་པ་ཡིན། །འབྲས་བུ་རེ་previous hit དོགས་མེད་ next hit་ཡིན། །རྗེ་བཙུན་བླ་མ་སྙི་བསྒོམ་གྱི། །གསུང་གི་བདུད་རྩིའི་ཐིགས་པ་ཡིན།། །།ན་མོ་གུ་རུ། །རྗེ་བཙུན་བླ་མ་རིན་པོ་ཆེ། །སྐུ་གསུམ་ཐུགས་ལ་གུས་པས་འདུད། །ཕྱག་རྒྱ་ཆེན་པོ་གདམས་པའི་གླུ། །ཉམས་དང་རྟོགས་པའི་ཚུལ་དུ་བྲི། །བལྟ་བྱ་རང་གི་སེམས་ཉིད་ལ། །བལྟ་བྱེད་རང་གིས་སེམས་ཉིད་དེས། །བལྟས་པས་རང་གི་སེམས་ཉིད་དེ། །ཐ་མལ་ཤེས་པ་ཉིད་དུ་མཐོང་། །སེམས་ཉིད་རང་གི་རང་བཞིན་མཐོང་། །ཡུལ་ཅན་ཤེས་པས་ཡུལ་ཅན་མཐོང་། །རིག་པ་གསལ་བའི་ངོ་བོ་མཐོང་། །འོད་གསལ་ཆོས་སྐུའི་ངོ་བོ་མཐོང་། །ཆོས་སྐུའི་རང་བཞིན་ངོ་བོར་མཐོང་། །མཐོང་བ་བྱ་བྱེད་མེད་པར་མཐོང་། །འདོད་ནས་དག་པའི་ངོ་བོ་དེ། །འཕོ་འགྱུར་མེད་པའི་ངོ་བོར་མཐོང་། །གསལ་འགྲིབ་མེད་པའི་ངོ་བོར་མཐོང་། །རྒྱུད་ཆད་མེད་པའི་ངོ་བོར་མཐོང་། །རེ་དོག་

(༤༥༤)མེད་པའི་ངོ་བོར་མཐོང་། །རང་སེམས་ལྷན་ཅིག་སྐྱེས་པར་མཐོང་། །གཉུག་མ་ཕྱག་རྒྱ་ཆེན་པོར་མཐོང་། །མཐོང་གསུམ་གྱི་ཤེས་པ་མངོན་སུམ་མཐོང་། །ཤེས་རབ་ཀྱི་མིག་གིས་རང་སེམས་མཐོང་། །བལྟ་བྱ་བལྟ་བྱེད་མེད་པར་མཐོང་། །རང་གི་སེམས་ལ་བལྟ་བ་ནི། །ཡང་དག་ཉིད་ལ་ཡང་དག་བལྟ། །རང་སེམས་རང་གིས་མཐོང་བ་ནི། །ཡང་དག་མཐོང་ནས་རྣམ་པར་གྲོལ། །བྱ་རྩོལ་མེད་པར་གློད་ན་བདེ། །དམིགས་གཏད་མེད་པར་གཞག་ན་གསལ། །བླང་དོར་མེད་པར་སྤྱད་ན་བདེ། །ཡང་ཐོབ་མེད་པར་རྟོགས་ན་གྲོལ། །རྗེ་བཙུན་བླ་མ་རིན་པོ་ཆེས། །ཕྱག་རྒྱ་ཆེན་པོ་མགུར་དུ་གཞེངས། །ན་མོ་གུ་རུ་བླ་མ་སྙི་སྒོམ་གྱི་གསུང་སྒྲོས། རང་སེམས་རིག་པའི་ངོ་བོ་དེ། །གསལ་ལ་མ་འགག་འོད་གསལ་ཆོས་སྐུའི་ངོ་བོར་རྟོགས་ཤིང་མ་ཡེངས་བསྒོམ་པ་ཡིན། །ཆོས་སྐུ་རྒྱུན་མི་འཆད་པ་རྣལ་འབྱོར་ཆུ་བོའི་རྒྱུན་བཞིན་ངེས་ཤེས་སྐྱེས་ན་རྟག་ཏུ་འབྲལ་མི་འགྱུར། །སྤྱོད་ལམ་རྣམ་བཞི་དེ་དང་མ་བྲལ་གྱུར་པ་ན། །

(༤༥༥)རྨི་ལམ་བར་དོ་ཀུན་དུ་མ་བྲལ་དྲན་གྱུར་པས། །ལས་རྣམས་བརྟགས་མིན་འགོག་པར་འགྱུར་བར་ཐེ་ཚོམ་མེད། །ཅེས་གསུང་ངོ། །བླ་མའི་བཀའ་དྲིན་གྱིས། །བྱིན་བརླབས་སེམས་དང་འདྲེས་སམ་སྙམ་དེ་ཡང་བླ་མ། །ཚེ་གཅིག་ལུས་གཅིག་པ་ཞེས་གསུངས་ཏེ། །སེམས་དང་ཡིད་ལ་བྱས་པའི་སྒོམ་ནི་འཚོར་འབྲལ་བྱེད། །ངོ་བོ་ཁོ་རང་བསྒོམ་པའི་སྒོམ་ལ་འཚོར་འབྲལ་མེད། །དང་པོ་ཡེངས་ཤིང་མི་དྲན་བརྗེད་པ་ཆེར་གྱུར་ཡང་། །ཕྱིས་ནས་མ་ཡེངས་མི་བརྗེད་དྲན་པ་ཇེ་གསལ་འགྱུར། །རང་སེམས་སོ་སོར་རྟོགས་པའི་ཤེས་རབ་སྒྲོན་མེད་དེས། །ཤེས་བྱའི་མུན་པ་བསལ་ནས་ཕྱིའི་སྒྲོ་འདོགས་བཅད། །སྣང་སྲིད་བལ་ལྡུང་བཞིན་དུ་གཡེང་ནས་ངེས་པ་བཙལ། །བསྒོམ་པ་བྱུང་ཞིང་ཤོར་བས་མ་ངེས་ཡིད་མ་ཆེས། །རང་སེམས་མ་བདེ་ཆེས་ནས་རང་ལ་རང་བསམས་པས། རང་གི་སེམས་ལ་ཕན་འདོགས་ནུས་པ་འདི་ཡིན་སྙམ། །རྗེ་བཙུན་བླ་མ་སྙི་བསྒོམ་དྲན་ནས་སྤྱན་སྔར་ཕྱིན། ཁོང་གི་བཀའ་དྲིན་ཐུགས་

(༤༥༦)རྗེ་ཆེན་པོ་ཡིས། །ལྷན་ཅིག་སྐྱེས་པའི་འགྲོ་བའི་ཀུན་གྱི་སྙིང་པོ་མཆོག །ཕྱག་རྒྱ་ཆེན་པོ་དཀར་པོ་གཅིག །ཐུབ་མན་ངག་གནང་། །ཐུགས་ལ་བཏགས་ཏེ། ཤིན་དུ་སྤྲོ་བ་སྐྱེས་ནས་བྲིས། །སྒམ་པོའི་རི་ལ་བླ་མའི་སྤྱན་སྔ་རུ། ཉམས་དང་རྟོགས་པའི་སྙིང་ཚིག་སྨྲས་པ་ལགས། །འགྲོ་བ་ཀུན་ལ་བསྙད་པར་མི་བྱ་སྟེ། །དེའི་མི་རྟོགས་ལོག་རྟོགས་སྐྱེ་ཕྱིར་རོ། །པྲཛྙཱ་བོདྷིས་ཞུས་པ། །རྗེ་བཙུན་རིན་པོ་ཆེས་གསུངས་སོ།། །།ན་མོ་གུ་རུ། ཞི་གནས་སྐྱེ་བའི་རྒྱུ་ནི་བཞི་སྟེ། བླ་མའི་བྱིན་བརླབས་ཀྱིས་སྐྱེ་བ་དང་། རྟེན་འབྲེལ་ལས་སྐྱེ་བ་དང་། ཚོགས་བསགས་པ་ལས་སྐྱེ་བ་དང་། སྡིགས་པ་སྤྱངས་བ་ལས་སྐྱེ་བ་དང་བཞི་ཡིན་གསུང་། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཐ་མལ་གྱི་ཤེས་པ་ཡེ་ནས་ཡོད་པ་འདི་ཉིད་ཡིན། དེ་ངོ་ཤེས་པར་བྱེད་པ་ནི། མ་བཅོས་པར་བཞག །མ་བསླད་པར་བཞག །རང་སོར་བཞག །རང་གར་བཞག །རང་གི་སེམས་ཉིད་སྐྱེ་བ་མེད་པ། །འགག་པ་མེད། གནས་པ་མེད། དངོས་

(༤༥༧)མེད་དུ་རྟོགས་པས། སྣང་གྲགས་ཀྱི་ཆོས་ཐམས་ཅད་དེ་དང་འདྲ་བར་རྟོགས་པ་ལྟ་བ་ཡིན། །དེ་ལྟར་སེམས་ཀྱི་དོན་དེ་ལ་ཡེངས་པ་མེད་པར་གནས་པ་དེ་བསྒོམ་པ་ཡིན། །སེམས་ཉིད་སྐྱེ་མེད་དང་། སྣང་གྲགས་འདི་ཆུ་དང་རླབས་ལྟར་སྤྱོད་པ་ནི་སྤྱོད་པ་ཡིན་ནོ། །རབ་རང་སེམས་སངས་རྒྱས་སུ་མཐོང་། འབྲིང་རིག་པའི་ངོ་བོ་སྐྱེ་མེད་དུ་མཐོང་། །ཐམ་སྤྲོས་པ་སྤྱད་པ་ལ་བརྟེན་ནས་རྩེ་གཅིག་སྦྱོང་། །རབ་ཀྱིས་སེམས་ཀྱི་ངོ་བོ་ཇི་བཞིན་པར་རྟོགས། །འབྲིང་གིས་དབུགས་འགྲོ་འོང་མི་ཚོར་བར་རྟོགས། །ཐ་མས་ལུས་མེད་དམ་སྙམ་པར་རྟོགས་སོ། །སེམས་ལ་བལྟས་པས་ཅི་ཡང་མ་ཡིན་པའི་དོན་དེ་ལ་རིག་པ་ཞིས་བྱ། །སེམས་ཉིད་ངོ་བོ་མ་བཅོས་མ་བསླད་པ་དེ་རྣལ་མ། །གསལ་བ། ཡང་དག་པ། དུས་ཐམས་ཅད་དུ་རྒྱུད་ཆད་མེད་པ་ཡིན་ཏེ། དེ་ལ་གཉིས། སྣང་ལ་མ་ངེས་པ་དང་། སྣང་ལ་རེས་པའོ། །སྟོན་ཀའི་ནམ་མཁའི་དཀྱིལ་ལྟ་བུ་དང་། སེམས་ཉིད་གཉིས་སུ་

(༤༥༨)མེད་པར་རྟོགས་པ་དེ་སྣང་ལ་མ་ངེས་པའོ། །ཡར་ལ་མི་རེ། མར་ལ་མི་དོགས། །གཞན་གྱིས་བསྒྱུར་ཡང་མི་འགྱུར་བ་དེ་སྣང་ལ་ངེས་པའོ། །མ་ངེས་པ་ལ་ཡང་ཞི་གནས་ཀྱི་བདེ་བ་དང་མི་རྟོག་པ་འོང་སྟེ། ཉམས་ལ་རེས་ཡིན་ནམ་སྙམ། རེས་མིན་ནམ་སྙམ་པ་དེ། མི་རྟོག་པས་རྒྱུ་བྱས་ནས་མར་ལྡོག་ཉེན་ཡོད་དོ། །དང་པོ་སློབ་པའི་དུས་རིག་པ་གསལ་སིང་ངེ་བ་དེ་ལ་བསླབ། །དེ་ཡང་། ཤེས་པ་མ་ཡེངས་པ་ལ་བསླབ། དེ་ཡང་། རིག་པའི་ངོ་བོ་མ་ཡེངས་པ་ལ་བསླབ། །དེ་གོམས་ཙ་ན། རང་ལ་ངེས་ཤེས་སྐྱེ་བ་ཡིན་གསུང་། །སེམས་ཉིད་ཀྱི་ངོ་བོ་མ་ཤོར་བར་བྱས་ན། རྣམ་རྟོག་ཅི་བྱུང་ཡང་ཆོས་སྐུ་ཡིན། ནམ་མཁའ་ལ་སྤྲིན་དང་། ཁུག་རྣ་ལ་སོགས་པ་ཅི་ཙམ་བྱུང་ཡང་། ནམ་མཁའ་རང་ལ་དེངས་ནས་འགྲོ་བ་ཡིན། རྣམ་རྟོག་འཕྲོར་མ་བཏུབ་ན་སླར་ཐུབ་ཡིན་གསུང་། ཡི་དམ་ལྷར་བསྐྱེད་ནས་འོད་གསལ་འབའ་ཞིག་བསྒོམ། གསལ་སིང་ངེ་བ་དེ་ཉམས་མྱོང་ཡིན། །

(༤༥༩)དེ་ལ་མ་ཡེངས་པ་དེ་གནས་པ་ཡིན། ཤེས་རབ་ཀྱི་ཅིའི་ངོ་བོར་ཡང་མ་མཐོང་བདེ་རྟོགས་པ་ཡིན། གསལ་ལ་མ་འགགས་པ་སྐད་ཅིག་མའི་ཤེས་པ་དེ་རྩེ་གཅིག་གི་རྣལ་འབྱོར་ཡིན། །རིག་པའི་ངོ་བོ་སྐྱེ་མེད། ཡོད་མེད་ལས་འདས་པར་རྟོགས་པ་དེ་སྤྲོས་བྲལ་གྱི་རྣལ་འབྱོར་ཡིན། །སྣ་ཚོགས་སུ་སྣང་ཡང་རང་བཞིན་ཅིག་ཏུ་རྟོགས་པ་དེ་དུ་མ་རོ་གཅིག་གིས་རྣལ་འབྱོར་ཡིན་སྣང་སྟོང་དབྱེར་མེད་དུ་རྒྱུན་ཆད་མེད་པར་རྟོགས་པ་དེ་མཉམ་བཞག་ཆེན་པོ་ཡིན་ནོ། །སེམས་ཀྱི་ངོ་བོ་ནི་སྟོན་ཀའི་ནམ་མཁའི་དཀྱིལ་ལྟ་བུ། རེ་previous hit དོགས་མེད་པ། མི་འགྱུར་པ། དུས་ཐམས་ཅད་དུ་རྒྱུན་ཆད་མེད་ next hit་དེ་ཡིན། །དེ་ལ་སློབ་པའི་དུས་སུ། །རིགས་པ་གསལ་ལ་མ་ཡེངས་པར་བསླབ། དེ་ལ་གོམས་ཙ་ན། རང་ལ་ངེས་ཤེས་སྐྱེ་བ་ཡིན། སེམས་ཀྱི་ངོ་བོ་དེ་མ་ཤོར་བར་བྱས་ནས། རྣམ་རྟོག་སྤྲོས་པ་ཐམས་ཅད་སེམས་སུ་ཤེས་པར་བྱའོ། །ཞི་གནས་ཀྱི་ནང་རྟོགས་

(༤༦༠)སུ་དུ་བ་ལྟ་བུ། སྨིག་སྒྱུ་ལྟ་བུ། སྲིན་བུ་མེ་ཁྱེར་ལྟ་བུ། །མར་མེད་ལྟ་བུ། སྤྲིན་མེད་པའི་ནམ་མཁའ་ལྟ་བུ་འོང་སྟེ། །དུ་བ་སྨིག་སྒྱུ་བྱུང་ཙ་ན་ཅུང་ཟད་ཡེ་ཤེས་ལ་དབང་བ་ཡིན། ཞི་གནས་མཐར་ཕྱིན་པའི་དུས་སུ། ནང་རྟགས་མར་མེ་ལྟ་བུ་འོང་སྟེ། དེ་ཡེ་ཤེས་ལ་དབང་བ་ཡིན། །སྤྲིན་མེད་པའི་ནམ་མཁའ་ལྟ་བུ་བྱུང་ཙ་ན། ལྷག་མཐོང་གི་ཤེས་རབ་ཅེས་བྱ་སྟེ། ཡང་དག་པའི་ཡེ་ཤེས་ལ་དབང་བ་ཡིན། །སྣང་ལ་ངེས་པ་དང་། མ་ངེས་པ་གཉིས། སྣང་བ་ནི་བདེ་གསལ་མི་རྟོགས་ནི་སེམས་ཀྱི་ངོ་བོར་རྒྱུན་ཆད་མེད་པར་ཤེས་པ་ནི་སྣང་ལ་ངེས་པའོ། །བདེ་གསལ་མི་རྟོག་པར་སྣང་ཡང་སེམས་ངོ་མ་ཤེས་པ་ནི། སྣང་ལ་མ་ངེས་པའོ། །མ་ངེས་པ་ནི་འཇིག་རྟེན་པའི་ལྟ་བ་མཐར་ཐུག་ཡིན། དེ་ལ་མཆོག་འཛིན་དུ་བྱས་ན། ཁམས་གསུམ་དུ་གོལ། ཏིང་ངེ་འཛིན་གྱི་རྩལ་སྦྱོང་བ་ནི། དེ་ལ་མ་ཞེན་པར། རྣམ་རྟོག་དེ་ཉིད་རིག་པར་འཁྱེར། རིག་པ་ཡེ་ཤེས་སུ་འཁྱེར་བ་ནི། ཏིང་ངེ་འཛིན་གྱི་

(༤༦༡""རྩལ་སྦྱོང་བའོ། །ཅེས་གསུང་ངོ་།། །།གསང་སྔགས་པ་ནི། དོན་དངོས་ལམ་དུ་བྱེད་དེ། ཐབས་ལ་དྲག་ཏུ་བཅུན་པས། རླུང་ཨ་ཝ་དྷཱུ་ཏིར་་ཆུད་དེ། དེ་རླུང་སེམས་གཉིས་སུ་མེད་པའི་གནད་ཀས། ཤེས་པ་བདེ་གསལ་མི་རྟོག་པ་འབྱུང་། །དེ་དུས་བླ་མ་གཅིག་གིས་ཁྲིད་ནས། ཁྱོད་ཀྱི་བདེ་གསལ་བ་ནི་རྡོ་རྗེ་ལ། དེ་ལ་མ་ཡེངས་པ་ནི་ཏིང་ངེ་འཛིན་ཏེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མཐར་ཕྱིན་པ་ནི་ཏིང་ངེ་འཛིན་ཏོ། །དེ་ནི་ཆོས་ཀྱི་སྐུའོ། །ཅེས་གསུང་ངོ་། །གནས་པ་དང་རྟོགས་པ་གཉིས་ལས། གནས་པ་གཙོ་ཆེར་མི་བྱ། རྟོགས་པ་གཙོ་ཆེར་བྱ་སྟེ། གནས་པ་ནི། བརྒྱལ་དང་ར་རོ་བ་དང་། གཉིས་མཐུག་པོ་ལ་ཡང་འོང་སྟེ། རྟོགས་པ་མིན་པའི་ཕྱིར་རོ། །རྟོགས་པ་གཙོ་ཆེར་བྱ་བ་ནི། སྣང་བ་ཅིར་སྣང་ཡང་སེམས་ཡིན་ཏེ། གསལ་བའི་ཕྱིར་རོ། །གསལ་བར་ཉམས་

(༤༦༢)སུ་མྱོང་བས་སེམས་ཤེས་བྱ་སྟེ། རིག་པ་ཡིན་པའི་ཕྱིར་རོ། །རིག་པ་རང་བཞིན་གྱིས་གྲུབ་པ་སྟོང་པ་སྟེ། རྟོགས་པའོ། །དེ་རྒྱུན་བསྲིང་ཞིང་དེའི་ཉམས་བརྟན་པ་ལ་བསྒོམ་པ་ཞེས་བྱའོ། །དེ་ཡང་། རྟོགས་པར་བྱ་བའི་ཕྱིར་བསྒོམ་པ་དང་། རྟོགས་ནས་བསྒོམ་པའོ། །དེ་ལ་ཡང་། མཚན་བཅས་ཀྱི་བསྒོམ་པ་མཐའ་དང་། སྒྱུ་མ་ལྟ་བུའི་མན་ཆད་རྟོགས་པར་བྱ་བའི་ཕྱིར་བསྒོམ་པའོ། །སྣང་བ་ཐམས་ཅད་ལ། སེམས་སྤྲོས་བྲལ་ངེས་བཟུང་དང་བྲལ་བ། ནམ་མཁའི་དཀྱིལ་ལྟར་སྟོང་སང་ངེ་བའི་རྟེན་མེད་པ་ནི་རྟོགས་ནས་བསྒོམ་པ་ཡིན་ནོ། །དེ་རྟོགས་ནས་མཚན་བཅས་བསྒོམ་པ་ནི། གླང་པོ་རྙེད་ནས་གླང་པོའི་རྗེས་ནི་ཚོལ་བ་བཞིན་ནོ། །དེ་གོ་ན་ཆགས་སྡང་གི་གཉེན་པོར་འགྲོ་སྟེ། ཐམས་ཅད་སེམས་སུ་ཤེས་པས། རང་གི་སེམས་ངོས་བཟུང་དང་བྲལ་བས་གཉེན་པོར་འགྲོ་བ་ཡིན་ནོ། །རིག་པ་རང་རིག་སྟོང་བར་མྱོང་བའི་ཚེ། ཡང་དག་པས་སྟོང་། དེ་ཁོ་ནས་སྟོང་པས་

(༤༦༣)བསྟན་པའོ། །ཞེས་གསུང་ངོ་།། །།འཆི་བའི་ཚེ། །དངོས་པོ་ཐམས་ཅད་སྒྱུ་མ་ལྟ་བུའི་འདུན་པ་དྲག་པོ་བྱ། འཆི་བའི་ཞག་གྲངས་མ་ནོར་བར་བྱས་ནས། མཆོད་པ་ལ་སོགས་པ་བཤམས་ལ། རང་ཡི་དམ་ལྷར་བསྐྱེད་པས་ལུས་ཀྱི་འཁྲུལ་འཁོར་བཅའ། དེ་ནས་རང་ལྷ་དང་སྣང་བ་ཐམས་ཅད་སྐྱེ་མེད་འོད་གསལ་གྱིས་མོས་པ་བྱས་ལ། སེམས་ཀྱི་འཁྲུལ་འཁོར་བཅའ། །དེའི་རྗེས་ལ། འཕོ་བའི་ལུགས་གཉིས་ཏེ། །རང་གི་ཤེས་པ་སངས་རྒྱས་ཀྱི་ཞིང་ཁམས་བདེ་བ་ཅན་དུ་གཏང་དེ་འཕོ་འམ། རང་གི་ཤེས་པ་སྙིང་ཀར་ཧཱུྃ་དུ་བསྡུས་ལ། མན་ངག་བཞིན་ཡི་དམ་ལྷའི་ཐུགས་ཀར། རང་གི་ཤེས་པ་དེ་རྒྱངས་ཀྱིས་བཏད་པ། དེ་ནི་མན་ངག་གི་འཁྲུལ་འཁོར་བཅའ་བའོ། །དེ་ཡང་། །ལག་པ་གཉིས་ལྟག་པར་སྦྲེལ། བུས་མོ་གཉིས་ཅོག་པུར་བཤིབས། རྒྱབ་དབྱུག་པ་ལ་བཀན་ཏེ། སྙིང་ཀ་གྱེན་ལ་བཟློག་ལ། ཁ་ནས། སྙིང་ཀའི་ཧཱུཾ་དེ་རྒྱངས་ཀྱིས་ཐེན་ནས། །ཡི་དམ་

(༤༦༤)ཡི་དམ་ལྷའི་ཐུགས་ཀ་འམ། བདེ་བ་ཅན་དུ་བཏང་སྟེ། ཧི་ཀ་ཅེས་ཡར་རིང་པོར་དྲག་ཏུ་དྲངས་ཏེ། དབུགས་ནང་དུ་མ་བཏང་བར་ངེས་པར་འཕོའོ། ཁ་ནས་འཕོས་ན་ཡི་དགས་སུ་སྐྱེ་བར་བཤད་པ་དེ་འཕོ་བ་མི་ཤེས་པ་ལ་གོངས་ཕའོ། །མི་འཆི་བར་འཕོ་བ་བྱས་ན། ལུས་ཀྱི་ལྷ་བསད་པའི་ཉེས་པ། མཚམས་མེད་པའི་རྩ་ལྟུང་འཕོག་གོ། ཕན་ཡོན་ནི། །མཚམས་མེད་པ་བྱས་པ་ཡང་བདེ་འགྲོར་སྐྱེ་བར་བཤད་དོ།། །།ལམ་རྣམ་པ་གསུམ་ལས། རྗེས་དཔག་ལམ་དུ་བྱེད་པ་ནི། ཆོས་ཐམས་ཅད་ཅིག་དང་དུ་བྲལ་ལ་སོགས་པས་གཞིགས་ནས། འདི་ལས་འགྲོས་མེད་ཟེར་ནས། སྟོང་པར་བྱས་ནས་བློ་འཇོག་པའོ།། །།བྱིན་བརླབས་ལམ་དུ་བྱེད་པ་ནི། བསྐྱེད་པའི་རིམ་པ་ལྷ་སྐུ་ལ་བརྟེན་ནས། རྩ་རླུང་སྒོམ་པ་ལ་སོགས་པ་དང་། གསང་སྔགས་ཀྱི་ཟླས་པ་ལ་སོགས་པ་བྱེད་པའོ།། །།མངོན་སུམ་ལམ་དུ་བྱེད་པ་ནི། གཉུག་མའོ། །ཚེ་ལ་ལོང་མེད་མྱུར་དུ་འཆི་བས། འཇིག་

(༤༦༥)རྟེན་གྱི་ཆོས་ཐམས་ཅད་ལ་མ་ཆགས་པ་ཅིག་དགོས། ཆོས་ཐམས་ཅད་ཀྱི་རྩ་བ་སྙིང་རྗེ་ཡིན་པས། སེམས་ཅན་བློས་མི་འདོར་བ་ཅིག་དགོས། ཆོས་ཐམས་ཅད་སྐྱེ་མེད་ཡིན་པས། གང་ལ་ཡང་དངོས་པོ་དང་མཚན་མར་མི་འཛིན་པ་ཅིག་དགོས། ཆོས་ཐམས་ཅད་རྒྱུད་ལ་སྐྱེ་བ་ལ། བླ་མ་དཀོན་མཆོག་ལ་དད་གུས་རྒྱུན་མི་ཆད་པ་ཅིག་དགོས། སྒོམ་ཆེན་པ་རྣམས་ལ་ཞུ་བ། གནས་པའི་དུས་སུ་རྟོག་མེད་རྒྱུན་བསྲིང་བ་ཡིན་ཏེ། ངོ་བོ་ལ་རྟོག་མེད་རྒྱུན་བསྲིངས་ན། ཆོས་ཀྱི་གནས་ལུགས་མ་གོ་བ་ཡིན། ཆོས་མ་ཆོད་པ་ཡིན། གདོད་མ་ནས་རྒྱུན་ཆད་མེད་པའི་གནད་ཀས། །ཤེས་གསུང་ངོ་།། །།རླུང་དྷཱུ་ཏཱིར་ཚུད་པས་རྟགས་ལྔ། ཡོན་ཏན་བརྒྱད་ལ་སོགས་པ་འབྱུང་སྟེ། འོན་ཀྱང་། རྟགས་དེ་རྣམས་ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བ་ལས་འོང་། གནས་པ་སྲང་སྲེད་ཙམ་ལས་མི་འོང་གསུང་། །ལུས་སེམས་བདེ་བ་ཅི་བྱུང་ཡང་ཞི་གནས་ཡིན་གསུང་། །རྩ་རླུང་ཆུན་

(༤༦༦)ནས་སེམས་ཆུན་པས། ཉོན་མོངས་མི་གོས། རྩེ་གཅིག་ལ་དབང་ཐོབ་པ་ཡང་མཆི། སངས་རྒྱས་བྱོན་ཡང་། འདི་ལས་ལྷག་པ་མེད་དམ་སྙམ་པའི་ཡིད་ཆེས་ནང་ནས་སྐྱེ། །ལུས་བདེ་བ་འབྱུང་བ་རོ་སྙོམས་འབྱུང་། རྩེ་གཅིག་ཏུ་གནས་པས། སེམས་ལ་དབང་ཐོབ་པ་ལྟ་བུ་ཡང་འོང་། །བཏང་ན་བཏང་དབང་ཡོད་པ། མི་བཏང་ན་མི་བཏང་བའི་དབང་ཡོད་པ་ཡང་འོང་། །ཆོས་ཐམས་ཅད་གཏིང་ནས་གོ་བ་ལྟ་བུ་ཡང་འོང་། །ང་ཡོད་འདི་ལས་ལྷག་པ་ཅིག་ཀྱང་མེད་དམ་སྙམ་པ་ཡང་འོང་། ཆོས་སྐྱོང་དང་མཁའ་འགྲོས་ཀྱང་གྲོགས་བྱེད་གཞན་ཐམས་ཅད་ཀྱིས་ཀྱང་སྒོམ་ན་དུང་སྙམ་པ་འབྱུང་། །བླ་མ་ལ་དད་གུས་ཆེར་སྐྱེ། ཐེག་ཆེན་གྱི་ཆོས་ལ་དད་གུས་ཆེར་སྐྱེ་བ་ཡིན་ནོ། །ཞེས་གསུང་སོ།། །།ལྷན་ཅིག་སྐྱེས་པའི་རང་བཞིན་དེ་ཉིད་ནི། །དངོས་དང་དངོས་པོ་མེད་པ་མ་ཡིན་ཏེ། མདའ་བསྣུན་འོ་དོད་རྟག་ཏུ་འབོད་པར་བྱོད། །འོ་དོད་རྣམ་པ་གསུམ་ལས་སྙན་པའི་འོ་དོད་ནི། ལྷན་ཅིག་སྐྱེས་པའི་ཡེ་ཤེས་

(༤༦༧)འགྲོ་བ་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་གཉུག་མ་དེ། བདག་རང་ལ་ཡོད། གཞན་ནས་བཙལ་མི་དགོས། ཤེས་པའོ།། །།བདེ་བའི་འོ་དོད་ནི། སྡུགས་སྔལ་ཐམས་ཅད་སྤངས་པའི་བདེ་བ། ཆོས་སྐུ་དེ། རང་གི་སེམས་རིག་པའི་ཁོ་ན་ཡིན། ལོགས་ནས་བཙལ་དུ་མེད། ཤེས་པའོ། །གྲགས་པའི་འོ་དོད་ནི། སྣང་གྲགས་ཀྱི་ཆོས་ཐམས་ཅད་རང་གི་སེམས་ཡིན། ལོགས་ནས་མ་བྱུང་། ཁྱེད་དེ་ལས་འཇིགས་མི་དགོས། ཤེས་པའོ།། །།ཤེས་པ་སྒོམ་དུ་འདོད་པ་དང་། མི་འདོད་པ་གཉིས་ཡོད་དེ། འདོད་པ་ནི། དང་པོ་ནས་ལྡང་འཇུག་ཉུང་ངོ་། །རྩེ་གཅིག་རྒྱུད་ལ་སྐྱེས་པའི་དུས་སུ། སིང་ངེ་ཡེ་རེ་བའི་ཉམས་འཆར་ཏེ། ནང་ནས་དང་བ་འདྲེན་ནུས་ཀྱང་། རྟོགས་པ་མེད་པས་ཐེ་ཚོམ་འབྱུང་། །ཉམས་ཀྱང་རེས་ཕྱལ་ལེ་བ་ལོང་ངེ་བ་འོང་། །རེས་ཤེས་པ་རླབ་དང་བྲལ་ནས། སྒོམ་ཡེ་མེད་དམ་སྙམ་པ་ཡང་འོང་། །རེས་རྣམ་རྟོག་ལུང་མ་བསྟན་རབ་རིབ་ཀྱིས་གནོད་པའང་འབྱུང་ངོ་། །དེ་ལྟ་བུའི་ཉམས་པ་ཟང་ངན་མང་

(༤༦༨)དུ་བྱུང་ཡང་། རྩ་བ་སེམས་ངོས་ཟིན་བར་བྱས་ལ། མ་བཅོས་པ་གོམས་སུ་བཅུག་པས། སྤྲོས་བྲལ་འཆར་ཏེ། གོང་དུ་བཤད་པའི་ཉམས་བཟང་ངན་བག་རེ་མི་འོང་སྟེ། བྱུང་ཡང་དུས་ཐམས་ཅད་དུ་རྒྱུན་ཆད་མེད་པར་རྟོགས་པ་གོམས་པས། ཤིན་དུ་ཟབ་ཅིང་ཕྲ་བའི་དོན་ཁོང་དུ་ཆུད་ནས། བློ་ལ་ངེས་པ་ཡིན་པས། ཐེ་ཚོམ་དང་ཉམ་ང་མི་འབྱུང་ངོ་། །ཤེས་པའི་ཉམས་བཟང་ན། ཅི་ལྟར་བྱུང་ཡང་། རང་གི་ཤེས་པ་རྣལ་མ། མ་ཡེངས་པར་བསྐྱངས་ན། རང་གིས་མཚོར་བ་ཏིང་ངེ་འཛིན་ རིག་པ་ངེས་པས། གང་ལ་ཡང་མ་ཆགས་ཤིང་། དེ་བསྐྱོན་ཡོན་དུ་མི་བལྟ་བར། །ཞེན་པ་མེད་པའི་ཉམས་འབྱུང་ངོ་། །རོ་གཅིག་གིས་ཉམས་ཀྱང་དེ་རང་ཡིན་ཏེ། ཕྱིའི་ཡུལ་གཉིས་མེད་དུ་རྟོགས་པའོ། །རང་སེམས་ཆོས་སྐུར་ལྷན་གྱིས་རྟོགས་ན་སྒོམ་དུ་མེད་པའོ། །ཅིག་ཅར་བའི་གང་ཟག་ལ་ནི། བླ་མས་ངོ་སྤྲད་པ་དང་སྤྲོས་བྲལ་ཐ་མལ་ཤེས་པ། རང་ལུགས་སུ་འཇོག་པ་རིག་པ་སྐྱེ་འགག་ཐམས་ཅད་དང་བྲལ་བར་རྟོགས། རིག་པ་ངེས་པས།

(༤༦༩)འཆར་རོ། །རིམས་ཀྱིས་པ་ནི། གོམས་པ་ལས་འཆར་རོ། །ཞེས་གསུང་ངོ།། །།གསང་སྔགས་པ་ནི། ཚེ་གཅིག་ལུས་གཅིག་པར་འགྲོ་སྟེ། དེ་ཡང་བྱིན་བརླབ་ཀྱིས་སྟོབས་ཀྱིས་འགྲོ་བ་ཡིན། བླ་མ་རྟོགས་ལྡན་གཅིག་དང་། སློབ་མ་སྐལ་ལྡན་གཅིག་ཕྲད་ནས་ངོ་སྤྲོད་པ་དེ་ཡིན་ཏེ། དེ་ཡང་ཏཻ་པོ་པས། ནཱ་རོ་པ་ལ་ངོ་སྤྲད་པ་དེ་ཡིན། །རང་གི་རིག་པའི་དེ་ཁོ་ན། ཏེཻ་ལོ་པའི་ས་བསྟན་དུ་མེད། །ཅེས་གསུངས་སོ། །ཡང་རིག་པ་ངོ་ཤེས་པར་རྟོགས་པས། ཉམས་སུ་མྱོང་བ་གལ་ཆེ་གསུང་། །ངོ་ཤེས་པ་ལ་ནི། རིག་པ་ངོས་བཟུང་མེད་པ། སྤྲོས་པ་དང་བྲལ་བ། མི་འགྱུར་བ་དེ་ཡིན་ནོ། །ཉམས་སུ་མྱོང་བ་ནི། ཟག་མེད་ཀྱི་བདེ་བ་ལྷན་གཅིག་སྐྱེས་པ་འོད་གསལ་བ་དེ་ཡིན་ནོ། །རྟོགས་པ་ནི། མ་རིག་པ་དེ་ཡང་། དེ་རིག་པ་ཡིན་པར་ཡིད་ཆེས་ནས་ཐེ་ཚོམ་མེད་པར་རྟོགས་པ་དེ་ཡིན་ནོ། །འཁོར་འདས་གཉིས་བཙད་གར་གཅོད་ན། རྗེ་མི་ལའི་

(༤༧༠)ཞལ་ནས། རིག་མ་རིག་གཉིས་སུ་གཅོད་གསུང་། །སྤྱིར་མི་རིག་པའི་འཁོར་དུག་ལྔ་ཡིན་ཏེ། དེ་ལྟ་བུའི་གང་ཟག་དེ་ལ། དུག་ལྔ་ཡེ་ཤེས་ལྔར་འཆར་བ་སྟེ། །དེ་སུས་ཀྱང་མི་ཁེགས་པ་ཡིན་པས་དེ་ལྟ་བུའི་གང་ཟག་དེ་ནི་དོན་གྲུབ་པའོ། །ཅེས་གསུངས། ཨི་ཐི། གཉུག་མ་རབ་རིབ་ཅིག་སྐྱེས་ཀྱང་། ཡུལ་ལ་སོགས་པ་ལ་ཆགས་ན། གཉུག་མ་དེས་མི་ཕན། མར་འགྲོ་བ་ལས། ཡར་མི་འགྲོ། །ཚེ་འདི་ལ་ཆགས་པར་མ་བྱེད། །སྣང་གྲགས་ཀྱི་ཆོས་འདི་སྒྱུ་མ་རྨི་ལམ་བཞིན་དུ་ངེས་སུ་ཆུག །བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྦྱོངས། །དེ་ལྟར་ངེས་ན། གཉུག་མ་མེད་ཀྱང་སླ། ཁོང་ཡང་འགྲོ་བ་ལས། མར་མ་འགྲོ་འགྲོ་གསུང་། གཉུག་མ་རྣལ་མ་ཅིག་རྒྱུད་ལ་སྐྱེས་ན། ངོ་བོ། རྒྱུ། འབྲས་བུ་གསུམ་ཡིན། ངོ་བོ་ནི་མེད་པ་མ་ཡིན་པའི་དོན་སྐྱེ་འགག་ཅིའི་ཕྱིར་མ་རིག་པ་ཞེན། མདོ་ལས། རིག་པ་མི་ཤེས་པའི་ཕྱིར་ན་མ་རིག་པ་ཞེས་བྱ། ཅེས་གསུངས་སོ། །

(༤༧༡)ཐམས་ཅད་དང་བྲལ་བ་དེ་ཡིན། །འབྲས་བུ་ཆོས་སྐུ་ཡིན། །དེའི་བྱིན་བརླབས་དང་། ཚོགས་གཉིས་བསགས་པ་ལས་གཟུགས་སྐུ་གཉིས་འབྱུང་བ་དེ་ཡིན། །བདེ་གསལ་མི་རྟོགས་ཉམས་མྱོང་ལས། །སྐུ་གསུམ་འབྲས་བུ་འབྱུང་བ་ཡིན། །གསུམ་པོ་དེ་གནུག་མོ་ལས་འབྱུང་བས་གཉུག་མའི་བརྒྱུད་པའི་རྒྱུ་ནི་གཏུམ་མོ་ཡིན། གཉུག་མ་སྐྱེས་ཀྱང་། སྒྱུ་མ་རྨི་ལམ་ཙམ་དུ་ཚོགས་གཉིས་རྫོགས་པར་བྱེད་པ་ཡིན། གཏུམ་མོ་མེད་ན། ཤེས་རབ་རྐྱང་པ་ཡིན། ཡོད་ན་ཐབས་ཤེས་ཡ་མ་བྲལ་བ་ཡིན། བླ་མའི་ཞལ་ནས། སྒོམ་པ་ལས་མ་བྱུང་བའི་སྟོབ་དཀལ། ཞེས་གསུང་། རིག་པའི་ངོ་བོ་སྐྱེ་འཇིག་ཐམས་ཅད་དང་བྲལ་བར་རྟོགས་ན། བསམ་གཏན་མེད་ཅིག་རྟོགས་པས་སངས་རྒྱས་གསུང་། །གནས་པ་ཡུན་ཐུང་ཡང་མི་ལྟོ། །ཡུན་རིང་བར་འདོད་པ་སྐྱོན་ཅན་ཡིན། རྟོག་པ་ཕྲ་མོས་མི་ལྟོ། རང་གི་ངོ་བོ་ཡིན། གར་འཕྲོས་པའི་ས་རང་དུ་ལྟོས་དང་། ཚུར་ལོག་འོང་

(༤༧༢)གི་གསུང་། གཉིས་མེད་ཆུ་དང་འོ་མ་འདྲེས་པ་འདྲ། །དོན་ནི་གླང་པོ་ལྟ་བུ་རབ་ཏུ་བརྟན། །ཉམས་ནི་བཅོ་མའི་གསེར་བཞིན་གང་ཡང་འགྱུར། །རྟོགས་པ་ནམ་མཁའི་ཁམས་སུ་ཁྱེར་བར་བྱ། །ཅེས་གསུང་ངོ་། །ཨི་ཐི། །བླ་མ་སྟོང་ཉིད་མངོན་དུ་བྱས་པ་ཅིག་གིས། སྐྱེ་མེད་ངེས་སུ་འཇུག་དགོས། །མ་ངེས་ན། སྣང་ལ་མ་ངེས་པ་སོ་སོར་བརྟག་མིན་གྱི་འགོག་པ་བྱ་བ་ཡིན་ཏེ། གར་སྐྱེ་ཆ་མེད་པ་ཡིན། སྐྱེ་མེད་ཀྱི་ངོ་བོ་མ་ངེས་ན། དེ་ཉིད་ཡིན་ཏེ་དེ་ཉིད་མིན། །སྡོང་པོ་ཡིན་ཏེ་འབྲས་བུ་མིན། །ཡོན་ཏན་ཡིན་ཏེ་རྟོགས་མེད་མིན། །སེམས་ཀྱི་རང་བཞིན་རྟོགས་ན། ཆོས་ཐམས་ཅད་ཀྱི་རང་བཞིན་རྟོགས་པ་ཡིན་ཏེ། །སེམས་ཀྱི་ཏིང་ངེ་འཛིན་གཉིས་དང་བྲལ་བའི་ངོ་བོ་དེ། སངས་རྒྱས་བྱོན་རུང་མ་བྱོན་རུང་འགྱུར་བ་མེད་པ་ཡིན། སྐྱེ་མེད་གཅིག་པུར་ཡུལ་དང་སེམས་གཉིས། སྐྱེ་རིག་པ་ཆོས་སྐུ། སྣ་ཚོགས་པ་འཆར་ཞིང་། ནུབ་ནས་འགྲོ། །ཐམས་ཅད་ངོ་བོར་འཆར་བས། དེ་རང་གིས་མཚན་ཉིད་

(༤༧༣)བྱས་ན་ཆད་ལྟར་འགྲོ། །སྐྱེ་མེད་ལ་རིག་པ་ཁོང་རྐྱལ་དུ་གནས་པ། སྐྱེ་དཔེའོ་མ་ལ་མར་གྱིས་ཁྱབ་པ་དང་འདྲ། །རིག་པའི་ངོ་བོ་གསལ་ལ་མ་འགགས་པ་ལ་གོམས་པར་བྱས་ན་ལམ་མོ། །གསལ་བའི་ཉམས་སུ་མྱོང་རྒྱུ་ཅིག་མེད་ན། ལམ་དུ་མི་འགྲོའོ། །མིག་ནད་ཅན་ལ་སྐྲ་ཤད་སྣང་བ་སྟེ། ནད་བསལ་ཙ་ན། སྐྲ་ཤད་ནམ་མཁར་ལ་ཕར་མདེངས། ཚུར་མིག་ལ་ཡང་མ་ཐིམ་སྟེ། དང་པོ་ཉིད་ནས་མ་གྲུབ་པ་ཡིན་ནོ། །ང་ནི་མེད་པ་ལ་ཡོད་པར་མཐོང་བའོ། །ལུས་ལྷའི་ང་རྒྱལ་དང་ལྡན་པས་སྒྲིབ་པ་གསུམ་ཀ་བྱད་སྟེ། ཁྱད་པར་ལུས་ཀྱི་སྒྲིབ་པ་བྱང་ངོ་། །ངག་སྔགས་ཀྱི་ང་རྒྱལ་དང་ལྡན་པས་སྔགས་བཟླས་པས། ངག་གི་སྨྲ་བའི་བདེན་པ་འགྲུབ་སྟེ། ཚེ་འདིར་སྨྲ་བ་སྙམ་པ་དང་། དགྲ་བགེགས་ལ་སོགས་པས་མི་ཚུགས་པ་དང་། ཕྱིས་བཟླས་པ་མ་བྱས་ཀྱང་། ངག་ནུས་པ་དང་ལྡན་པར་འགྱུར་རོ། །སྒྲིབ་པ་གསུམ་ཀ་བྱང་སྟེ། ཁྱད་པར་ངག་གི་སྒྲིབ་པ་བྱང་ངོ་། །ཡིད་ཆོས་ཉིད་ཀྱི་ང་རྒྱལ་དང་ལྡན་པས་ནི་གཉུག་

(༤༧༤)མ་དེ་སྟོགས་ན། དཀར་པོ་ཅིག་ཐུབ་ཅེས་བྱ་སྟེ། སྒྲིབ་པ་ནི་གསུམ་ཀ་བྱང་། དགོས་པ་ནི་དབང་པོ་འབྲིང་དང་། ཐ་མལ་གྱི་ཞེན་པ་ཟློག །རབ་ཟུང་འཇུག་རྟོགས་པས་བདེན་པ་མཐོང་བར་བཤད། ཐ་མལ་གྱི་ཞེན་པ་ནི། འཇིག་རྟེན་པའི་མིང་དང་རུས་སྤངས་ཏེ། རིགས་ནི་རྡོ་རྗེའི་རིགས། མིང་ནི་ཧེ་རུ་ཀའོ། །ཟུང་འཇུག་གི་རྟོགས་པ་ནི། རེས་འཇོག་ཡིད་ཀྱི་ཡུལ་དུ་སྒྱུ་མ་ལྟ་བུར་བརྟགས་པ་ཙམ་དུ་སྣང་བ་ལས། དོན་ལ་གཉིས་སུ་མེད་པས་ནའོ། །འབྲིང་ནི་འཁོར་ལོས་སྒྱུར་བའི་རྒྱལ་བོ་ཐོབ་པོ། །རྒྱུད་ནས། རྡོ་རྗེ་འཛིན་པའམ། ཡང་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཐོབ། །ཅེས་གསུངས་སོ། །ཐ་མ་ནི་ལྷ་མི་ཁྱད་པར་ཅན་དུ་སྐྱེའོ། །རབ་ཀྱིས་བདེན་པ་མཐོང་བའི་རྒྱུ་མཚན་ནི། ལྷ་སྐུ་བཟུང་བའི་ཡུལ་ཡིན། དེ་བསྐྱེད་པར་བྱེད་པ་ནི་འཛིན་པའི་སེམས་ཡིན། །བཟུང་འཛིན་གཉིས་མེད་དུ་ཤེས་པས་ཆོས་ཐམས་ཅད་ཀྱི་རང་བཞིན་རྟོགས་པས་བདེན་པ་ཐོབ་པའོ། །བརྟན་པའི་ཚིད་ནི། རབ་བདེན་པ་ཐོབ།

(༤༧༥)འབྲིང་སྒྱུ་མར་ངེས། ཐམས་མས་པ་བྱེད། ངོ་བོ་ལྷ་ངེས་ཚིག་རིམས་ཀྱིས་བསྐྱེད་པའོ། །དབྱེ་བ་ཐ་དད་པས་སོ། །ཤེས་གསུངས་སོ། །ཨི་ཐི།། །།ན་མོ་གུ་རུ། ནད་ཞི་བར་བྱས་པ་ལ་གསུམ་ལས། དང་པོ་ནད་སྨ་དབབ་པ་ནི། ནད་སྔ་མའི་སྟེང་དུ། དེ་བས་ཀྱང་ཚེ་བ་ཅིག་བསམ་པས་ཞི་སྟེང་འོང་། །ནད་ཚར་གཅད་པ་ནི། དང་པོ་ནད་དེ་གང་ནས་བྱུང་། བར་དུ་གང་ན་གནས། ཐ་མ་གར་སོང་དང་། ཁ་དོག་དང་དབྱིབས་ལ་བརྟགས་པས་ཞི་སྟེ་འོང་། །ནད་ལམ་དུ་ཁྱེར་བ་ནི། ནད་དུ་འཛིན་པ་ཡང་སེམས། ན་བར་བྱེད་པ་ཡང་སེམས་སུ་ཤེས་པར་བྱ། སེམས་སྐྱེ་བ་མེད་པར་ཤེས་པར་བྱ། སྣང་ཞིང་སྲིད་པའི་ཐམས་ཅད་སེམས་ལས་ཕྱི་རོལ་ཏུ་གྱུར་པ་མེད་དེ། སེམས་སྐྱེ་བ་མེད་པར་གོ་ན་ལྟ་བ། དེ་ལྟ་བུའི་དོན་དེ། ནང་དུ་སེམས་ལ་ཤར་ན་རྟོགས་པ། རྟོགས་པའི་དོན་དེ་ལ། སེམས་རྩེ་གཅིག་ཏུ་འཛིན་པ་བསྒོམ་པ། དེ་ལ་མ་ཡེངས་པར་སྤྱོད་པ་ཡིན་གསུང་། །དེ་ཉམས་སུ་ལེན་པའི་

(༤༧༦)དུས་སུ། དོན་སྤྱིའི་ཚུལ་དུ་སྒོམ་པ་དང་། དོན་དངོས་སྒོམ་པའོ། དང་པོ་ནི། ཆོས་ཐམས་ཅད་སྟོང་ཉིད་སྐྱེ་བ་མེད་པ། ཅི་ཡང་མ་ཡིན་པ་ལ་བློ་འཇོག་པ་ཡིན་ཏེ། དེ་བློས་བྱས་པ་ཡིན། དོན་དངོས་ནི། སེམས་ལྷན་ཅིག་སྐྱེས་པ། འོད་གསལ་བ་རིག་པའི་ངོ་བོ་དེ། ཆོས་སྐུ་ཡིན་ཏེ། དེ་ཉིད་མ་བཅོས་པ་གསལ་བའི་ངོ་བོ་དེ། དོན་དངོས་སོ། །དེ་ལྟ་བུའི་དོན་དེ། ཕྱོགས་སུ་མ་ལྷུང་བ། དཔེས་མཚོན་དུ་མེད་པ། བརྗོད་པའི་ཚིག་གང་གིས་ཀྱང་ཐོག་ཏུ་མེ་ཕེབས་པ། རྟོག་གེ་བའི་སྤྱོད་ཡུལ་མ་ཡིན་པ་སྟེ། གང་གིས་ཀྱང་ན་དེ་མི་ཤེས། །བླ་མའི་བྱིན་བརླབས་སྒོམ་པ་ཡིན། །ཤེས་རབ་མིག་གིས་དེ་མཐོང་འགྱུར། །ཁྱེད་དང་མཐུན་ན་ལེགས། མི་ཁོ་བོའི་འདོད་པ་དེ་ལགས། ཤེས་གསུང་ངོ་།། །།རྟོག་པར་བྱ་བའི་ཆོས་གསུམ་ནི། ཅི་ཡང་མ་ཡིན་པ་ལས། སྣ་ཚོགས་སུ་ཤར་བ་རྟོགས་པར་བྱ། སྣ་ཚོགས་སུ་ཤར་ཡང་། དོན་ཅི་ཡང་མ་ཡིན་པར་རྟོགས་པར་བྱ།

(༤༧༧)གཉིས་མེད་སྨྲ་བར་བཏུབ་པར་རྟོགས་པར་བྱའོ། །ཉམས་སུ་བླངས་པའི་ཆོས་གསུམ་ནི། དང་པོ་རྩོལ་བསྒྲུབ་དང་བྲལ་བས་ལུས་སེམས་ཁོང་གློད། བར་དུ་ཐེ་ཚོམ་མེད་པར་སོ་མར་གཞག །ཐ་མར་བྱུང་ཚོར་ཐམས་ཅད་སྐྱེ་མེད་དུ་ཤེས་པར་བྱའོ། །ལྟ་སྒོམ་སྤྱོད་གསུམ་ནི། །ལྟ་བ་མ་བཅོས་གཉུག་མའི་ཤེས་པ། སྒོམ་པ་མི་རྟོག་པ་ཐ་མལ་གྱིས་ཤེས་པ། སྤྱོད་པ་མ་ཞེན་པ་ཚོགས་དྲུག་ལྷུག་པ་ཐབས་མ་ཡེངས་པ་དྲན་པ་རྒྱུན་ཆགས་སོ། །སངས་རྒྱས་དང་སེམས་ཅན་རྒྱུ་གཅིག །སྣང་བ་དང་སེམས་ཐ་མི་དད། གཉུག་མའི་དེ་ཁོ་ན་ཉིད་དེ། བྱིས་པས་མི་རས་ཏིལ་དང་ཏིལ་མར་བཞིན། དེས་ཆུ་དང་ཆབ་རོམ་བཞིན། ཤེས་སྙིང་པོའི་དོན་ལ་འཁྲུལ། ཞེས་རྗེ་སྙིང་སྒོམ་གྱིས་ཤེས་རབ་བྱང་ཆུབ་ལ། སྒམ་པོ་དཔལ་གྱི་རི་ལ་གསུངས་པའོ།། །།ན་མོ་གུ་རུ། གྲུབ་ཐོབ་བླ་མ་རྣམས་ལ་ནི། རྒྱུན་རེས་ཏིལ་དང་ཏིལ་མར་བཞིན། འདི་རས་ཆུ་དང་ཆབ་རོམ་བཞིན།

(༤༧༨)ཆད་མེད་པར་གསོལ་བ་འདེབས། །རང་སེམས་མ་བཅོས་ལྷུག་པར་ཞོག །མཆོག་འཛིན་བྱུང་ན་གོལ་པ་ཡིན། ཆུ་བའི་རྒྱུན་བཞིན་མ་བསྒོམས་ན། རྣམ་རྟོག་དབང་གིས་འཆིང་ཉེན་ཡོད། རྒྱུན་ཆད་མེད་པར་སྒོམ་པ་གཅེས། །རང་སེམས་གཉུག་མ་བལྟ་འདོད་ན། །རྩོལ་སྒྲུབ་སྤོངས་ལ་རྩ་རླུང་སྒོམ། །རང་རང་སེམས་གློད་ལ་སེམས་ལ་ལྟོས། །ངོས་བཟུང་མེད་པར་གསལ་ན་ཡིན། །བལྟས་ན་མཐོང་ལ་བཞག་ན་བདེ། །གསལ་ལ་ངོས་བཟུང་མེད་པའི་ངང་། །ནམ་མཁའ་ལྟ་བུའི་རང་བཞིན་ལ། །དྲན་པའི་ཡིད་ཀྱིས་བཟུང་བར་བྱ། །སྣང་བ་རིག་པའི་དབྱིངས་སུ་ཐིམ། །འགྱུར་མེད་རང་གསལ་ངང་ལ་གནས། །འདི་རས་པའི་གསུང་ཡིན་ནོ།། །།ཞེས་པ་འདི་ནི། རྗེ་ཉིད་ཀྱི་

(༤༧༩)དབོན་པོ་སྤྱན་སྔ་ཆོས་ཀྱི་རྗེ། བསོད་ནམས་ལྷུན་གྲུབ་ཟླ་འོད་རྒྱལ་མཚན་དཔལ་བཟང་པོས། རི་བོ་ཤན་ཏིར། བཀའ་བརྒྱུད་ཀྱི་བསྟན་པ་སྤེལ་བའི་སླད་དུ་པར་དུ་བགྱིས་པའོ། །ཡི་གེ་པ་ནི་ཤེས་རབ་ཀུན་དགའ་ཡིན།། །།

(༤༨༠)

(༤༨༡)ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། ཕྱག་རྒྱ་ཆེན་པོའི་རྩ་བ་ལ་ངོ་སྤྲོད་པ་ཞེས་ཀྱང་བྱ་སྣང་བ་ལམ་འཁྱེར་གྱི། །རྟོག་པ་ཅིག་ཆོག་ཅེས་ཀྱང་བྱ་ཕྱག་རྒྱ་ཆེན་པོ་གཉུག་མ་མི་འགྱུར་བ་ཅེས་ཀྱང་བྱ་བ་བཞུགས་སོ། །

(༤༨༢)ན་མོ་རདྣ་གུ་རུ། རྗེ་བཙུན་དྭགས་པོ་སྙི་སྒོམ་གྱིས་ཕྱག་རྒྱ་ཆེན་པོའི་གདམ་ངག །འཁོར་བ་དང་སྐྱེ་ཤིས་འཇིགས་པའི་དོན་དུ། བླ་མའི་གསུང་དང་རང་གི་ཉམས་མྱོང་ཡི་གེར་བྲིས་པ། སྤྱིར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལྟ་སྤྱོད་གཉིས་སུ་འདུས། །སྤྱོད་པ་ལ་འཆི་བ་དང་ལས་འབྲས་ལ་ཡིད་ཆེས་ནས་དད་པ་དང་སྙིང་རྗེ་ཆེ་བ། སྡིག་པ་ལ་འཛིམ་པ་དགེ་བ་ལ་བརྩོན་པ་གཅིག་དགོས། འཁོར་བ་འདི་ད་རེས་མ་ལྡོག་ན་འཁོར་བར་གཏན་འཁྱམས་ལ་འགྲོ་བས།

(༤༨༣)འཁོར་བ་ལ་ཡིད་ཕྱུང་ནས་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ཅི་ལྡན་དུ་བྱའོ། །ལྟ་བ་ལ་སྤྱིར་ཐེག་ཆེན་དང་ཐེག་དམན་གཉིས། ཐེག་ཆེན་ལ་ཡང་ཕ་རོལ་ཏུ་ཕྱིན་པ་དང་། གསང་སྔགས་གཉིས་ལས། ཕ་རོལ་ཏུ་ཕྱིན་པ་ནི་རྟེན་འབྲེལ་ལ་སོགས་པའི་ལུང་རིགས་སྒོ་ནས་སྣང་བ་རང་བཞིན་མེད་པར་གཏན་ལ་ཕབ་ནས། མོས་པའི་སྟོང་ཉིད་དུ་སྒོམ་པ་ཡིན་ཏེ། དེ་ནས་དབུ་མའི་སྒོམ་ལུགས་སོ། །དེ་རང་ཡང་སྒོམ་བྱ་བསྒོམ་བྱེད་དང་བཅས་པའི་གཉིས་འཛིན་གྱི་བློར་འདུག །དེས་ལྟ་བ་མ་རྟོགས། དངོས་པོ་ལ་གནོད་པ་ཅུང་ཟད་བསྐྱལ་བས་སྒྲིབ་པ་དཔག་ཏུ་མེད་པ་འཛད་དེ།

(༤༨༤)སངས་རྒྱ་མི་ནུས་གསུང་། དཀའ་གདམས་པ་དང་མཚན་ཉིད་པ་ཐམས་ཅད་དེ་བསྒོམ་པ་ཡིན་གསུང་། །བླ་མ་མི་ལ་རས་པའི་ལུགས་ཀྱི་གསང་སྔགས་ལ་ཕྱག་རྒྱ་ཆེན་པོའི་བཞེད་ཀྱིས་འདི་སྐད་གསུང་། མི་དགེ་བ་བཅུ་གོམ་པས་ངན་སོང་གསུམ་དུ་འཁྱམས་པ་ནི་སྐྱོན་དུ་བལྟ་ན་དེ་ཡང་གཉིས་འཛིན་གྱི་སྐྱོན་དགེ་བ་བཅུ་གོམ་པས་ལྷ་མིར་འཁྱམ། ཏིང་ངེ་འཛིན་གྱི་རོ་ལ་ཆགས་ནས་བསྒོམས་པས་ལྷ་ཚེ་རིང་པོར་སྐྱེ། དྲན་པས་ཟིན་པའི་རྣམ་རྟོག་ནི་ཡོན་ཏན། མ་ཟིན་པུ་ནི། རྟོག་མིང་ལ་སོགས་པའི་ཡོན་ཏན་ཐམས་ཅད་བསྒྲུབ་པར་འདོད། རྣམ་རྟོག་ལ་སོགས་པའི་སྐྱོན་ཐམས་ཅད་སྤོངས་བར་འདོད་ན། དེ་ཡང་གཉིས་འཛིན་གྱི་བློ། སྟོང་པ་སྒོམ་ཀྱང་བློ། ཡོད་མེད་དུ་བསྒོམ་ཀྱང་བློ། མདོར་ན་སྒོམ་ཚད་བློ་དང་གཉིས་འཛིན་ལས་གྲོལ་བ་མེད་གསུང་། དེ་ལ་ཕྱག་རྒྱ་ཆེན་པོ་ནི། མི་རྟོག་པའམ་སྟོང་ཉིད་སྒོམ་པ་ལ་སོགས་པའི་ཡོན་ཏན་གང་ཡང་མི་སྒོམ། རྣམ་རྟོག་ལ་སོགས་པའི་སྐྱོན་གང་ཡང་མི་སྤང་བ་ནི་ཡིད་ལ་

(༤༨༥)ཅི་ཡང་མི་བྱེད་པ། གཉིས་འཛིན་གྱི་བློ་ལས་རང་གྲོལ་བ་དེ་ནི་ཕྱག་རྒྱ་ཆེན་པོ་ཡིན་ནོ། སེམས་ཁོ་རང་རྟོག་མེད་ལ་སོགས་པའི་ཡོན་ཏན་ལྡན་པར་འཆར་རུང་སྐྱོན་ཐམས་ཅད་སྤངས་བར་འཆར་རུང་། སེམས་མི་གྱུ་དགུ་གྱུ། མི་དྲན་དགུ་དྲན། རྣ་བར་མ་ཐོས་དགུ་ཐོས། མིག་གིས་མ་མཐོང་དགུ་མཐོང་ཡང་དེ་ལ་དགག་སྒྲུབ་མ་བྱས་ན། རེ་དོགས་གཉིས་འཛིན་དང་བྲལ་ནས་གཉིས་མེད་ཡེ་ཤེས་རང་བཞིན་དུ་འཆར་རོ། །རྗེ་སྙི་སྒོམ་པས་ཡོད་པར་ཡང་མི་སྒོམ་མེད་པར་ཡང་མི་སྒོམ་པར་དེ་ཙུག་ཏུ་འཇོག་པ་མ་ལགས་ཞུས་པའི། ཡོད་མེད་ཀྱི་བཅས་བཅོས་མང་པོ་མི་བྱ། སེམས་མ་བཅོས་པ་ཇི་ལྟར་འདུག་པ་དེ་ལྟར་བཞག་གསུང་། རྣམ་རྟོག་བྱང་ཆུབ་ནི་ཇི་ལྟར་བགྱི་ཞུས་པས། དེ་ཀ་ཙུག་ཏུ་བཞག་པས་ཆོག །ཁོ་རང་ཡལ་ལ་འགྲོ་སྤངས་མི་དགོས་གསུང་། གྲྭ་པ་བཅུ་ཙམ་ཚོགས་དུས་སུ་ཕ་རོལ་ཏུ་ཕྱིན་པ་ནི་སྤོང་བའི་ལམ་ཡིན་པས། མི་སྡུག་པ་ལ་སོགས་

(༤༨༦)པ་གཉེན་པོས་ཉོན་མོངས་པོ་མགོ་ཐོག་ཏུ་སྤོང་བ་ཡིན་གསུང་། གསང་སྔགས་ནི་གཞི་སྒྱུ་མའི་ལམ་ཡིན་པས། དུག་ལྔ་དང་རྣམ་རྟོག་ཐམས་ཅད་ལམ་དུ་ཁྱེར་བ་ཡིན། དུག་ལྔ་དང་རྣམ་རྟོག་ལ་དགག་སྒྲུབ་གང་ཡང་མ་བྱས་པར་དེ་ཀ་ཙོག་སྐྱེར་བཅུག་པས་རང་ཞི་རང་གྲོལ་ནས་འགྲོ་ཡིས་གསུང་ངོ་། །སྒམ་པོ་ནས་དྭགས་པོ་སྟོད་དུ་དགོངས་མི་ཅིག་བྱོན་དུས་གྲྭ་པ་ཐམས་ཅད་ཚོགས་ཙ་ན། སྒོམ་ཆེན་པ་ནི་རྣམ་རྟོག་མེད་པ་ཅིག་འདོད། རྣམ་རྟོག་ནི་འགག་ཏུ་མི་བཏུབ་པར་འདོད། སྒོམ་ཆེན་པ་འོ་རྒྱལ་ཏེ་འགྲོ་གསུང་སྐད། འོ་ནའང་ཤིང་ཇི་ལྟར་མང་བ་ལྟར་མེ་ཆེ་བ་ཡིན། རྣམ་རྟོག་ཇི་ལྟར་མང་བ་ལྟར་གཉིས་མེད་ཀྱི་ཡེ་ཤེས་རྒྱས་པ་ཡིན་པས། དུག་ལྔ་དང་རྣམ་རྟོག་དེ་ཀ་ལྟར་སྐྱེར་ཅུག་པས་མཆོག་གསུང་། དགག་སྒྲུབ་མེད་པར་མ་བཅོས་པ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་འདི་རང་ཡིན་ནོ། རང་

(༤༨༧)ཅག་གིས་སངས་རྒྱས་ངོ་ཤེས་པ་དང་མ་ཤེས་པ་འདི་ཀ་རང་ཡིན་ནོ། །སངས་རྒྱས་ལ་ཡང་འདི་ཀ་ལས་མེད་གསུང་། ཚེས་གཅིག་གི་ཟླ་བ་དང་ཉའི་ཟླ་བ་ལ་ཟླ་བ་ཙམ་དུ་ཁྱད་པར་མེད། །དེ་བཞིན་དུ་མ་བཅོས་པར་བཞག་པས་གཉིས་མེད་ཀྱི་ཡེ་ཤེས་དེ་རིང་རྟོགས་པ་དང་། སངས་རྒྱས་ཀྱི་ཐུགས་ཡེ་ཤེས་གྱི་གཉིས་ལ་གཉིས་མེད་ཙམ་དུ་ཁྱད་པར་མེད། གཉིས་འཛིན་གྱི་རྣམ་པར་རྟོག་པ་རྦད་ཀྱིས་བཅད་ཙ་ན་སངས་རྒྱས་ཡིན་ཏེ། དེ་ཐོབ་པར་བྱེད་པ་ལ། འཇིག་རྟེན་གྱིས་བྱ་བ་བོར་གཅིག་པུར་རེ་ཁྲོད་བརྟེན་ནས། གཉིས་མེད་ཀྱི་ཡེ་ཤེས་རང་ཤུགས་སུ་བསྒོམས་ན། རིང་པོར་མི་ཐོགས་པར་སངས་རྒྱས་ཐོབ་གསུང་། བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་པས་སངས་རྒྱས་བར་འདོད་པ་ནི། ཕ་རོལ་ཏུ་ཕྱིན་པ་ལམ་རིང་བ་ལ་དགོངས་པ་ཡིན། གསང་སྔགས་ཐབས་ཆེ་བ་ཡི་པས། འདི་དང་བར་དོ་དང་ཕྱི་མ་གང་རུང་བ་གཅིག་ལ་སངས་རྒྱ་གསུང་། གསུམ་པ་གཞན་གྱི་དྲུང་ན་མ་

(༤༨༨)བཅོས་པ་ལ་ལོ་གཅིག་སྒོམ་པ་རང་གིས་མངོན་པར་ཤེས་པ་འོང་སྟེ་གསུང་སྐད། གཞན་དག་མི་རྟོག་པ་དུས་གཅིག་ལ་མཉམ་བཞག་བྱས་ནས་རྗེས་མི་ལམ་སྒྱུ་མ་ལྟ་བུར་སྒོམ་པ་ཡིན་གསུང་། རྗེ་བཙུན་གྱི་ལུགས་ཀྱིས་དུག་ལྔ་དང་རྣམ་རྟོག་གཉིས་མེད་ཀྱི་ཡེ་ཤེས་སུ་ཁྱེར་ནས། ཤིན་དུ་གོམས་ཙ་ན། ཐུན་མཚམས་མེད་པར་སྤྱོད་ལམ་རྣམ་བཞི་ཐམས་ཅད་དུ་མཉམ་བཞག་འབའ་ཞིག་ཏུ་འཁྱེར་བ་ཡིན་གསུང་ངོ་། །ལྷོ་ཕྱོགས་དཔལ་གྱི་རི་རྩེ་ལ་ཏཻ་ལོ་པས། དཔལ་ཕྱག་ན་རྡོ་རྗེ་ལ་ཞུས་པས། མ་བཅོས་པར་ཞོག་གསུང་། དེར་མར་བྱོན་པས་མ་བཅོས་པའི་དོན་མ་གོ་ནས། ཡར་ལ་ལོག་ནས་ཞུ་སྙམ་ཙ་ན། མཁའ་འགྲོ་མ་ཤྲི་དྷ་ར་དང་ཕྲད་ནས། རང་གི་སེམས་ལ་མ་ལྟ་མ་སྒོམ་ཐ་མལ་པར་ཞོག་མ་བཅོས་པ་འདི་རང་ཡིན་གསུང་སྐད། བུད་མེད་ངན་པའི་ལྟོ་བ་ན་འཁོར་ལོ་སྒྱུར་རྒྱལ་ཡོད་བ་དང་། དབུལ་པོའི་ཁྱིམ་ན་གཏེར་ཡོད་ཀྱང་། བུད་མེད་ཀྱི་སྐྱོན་དང་། གཏེར་ས་རྡུལ་གྱིས་གཡོགས་པའི་སྐྱོན་གྱིས་དགོས་པ་སྒྲུབ་མ་

(༤༨༩)ནུས་པ་དང་འདྲ་བར། འཁོར་བ་ཐོག་མེད་ནས་ད་ལྟ་ཡན་ཆད་དུ། གཉུག་མ་མ་བཅོས་པའི་དོན་གཉིས་མེད། ཉིན་ཞག་ཕྲུགས་རེའི་ནང་དུ་ཡང་ནས་དུ་སྐྱེ་ཡང་ངོ་མ་ཤེས་པས་ལུང་མ་བསྟན་དུ་སོང་ནས། རང་བཞན་གྱི་དགོས་པ་པ་གྲུབ་གསུང་། དངོས་གཞི་དགག་སྒྲུབ་མེད་པའི་མ་བཅོས་པ་འདི་རང་ཡིན་གསུང་། རྗེ་བཙུན་ཁྱི་ཐུལ་ཅན་གྱི་ཞལ་ནས། ཆོས་ཉིད་མ་བཅོས་པ་ལ་སོགས་པ་ཅིག་ཏུ་དྲན་པས་ཆོག་རྟག་ཏུ་ངུར་རེ་བྱ་མི་དགོས། དྲན་པ་དེ་བོར་ཡང་བོར་དུ་མི་བཏུབ་པར་འོད་གིས་གསུང་། དེ་ནས་གཉིད་མ་ལོག །ཆང་གིས་བག་མེད་དུ་མ་གཟི། ངག་གི་སྨྲ་བ་མང་པོ་མི་བྱ། ལུས་ཀྱི་བྲེལ་པ་མང་པོ་མ་བྱེད་ཀྱི་བར་དུ། རྟོག་མེད་དུ་འདུག་ཀྱང་རུང་། རྣམ་རྟོག་འབའ་ཞིག་ཏུ་འདུག་ཀྱང་རུང་། འཇིག་རྟེན་པའི་རྣམ་རྟོག་མིན། སྟོང་ཉིད་འབའ་ཞིག་ཡིན་གསུང་ངོ་། ཁོང་བཀའ་དྲིན་ཆེ་ཁོང་དང་མ་ཕྲད་ཙ་ན། མ་བཅོས་པ་རང་སྒོམ་པ་ཡིན། དེ་རང་དུ་

(༤༩༠)ཤེས་པ་ཐུམ་ནས་རྟོག་མེད་ར་རི་ལས་མ་བྱུང་། དེ་བས་འཇིག་རྟེན་པའི་རང་བཞིན་རང་ཀ་མར་སོང་། ཁོང་གི་དེས་དགག་སྒྲུབ་མེད་པའི་མ་བཅོས་པ་དེ་གཉིས་མེད་རང་གྲོལ་གྱི་དེར་གོ་དེ་ནས། རྗེ་བཙུན་སྙི་སྒོམ་ལ། སེམས་རང་བཞིན་མེད་པར་སྒོམ་པ་དེ་རང་བློ་མི་འགྲོ་འམ་ཞུས་པས། སེམས་རང་བཞིན་མེད་དོ། ཆུ་ལ་ཆུ་ཐིམ་མོ་རྟག་ཏུ་སྒོམ་མི་དགོས་གསུང་། དོན་གྱི་བླ་མ་ཁྱི་ཐུལ་ཅན་གྱིས་གསུང་ན་འདུག་གོ། །འོ་ན་འཇིག་རྟེན་པ་རྣམས་ཀྱང་རྣམ་རྟོག་རང་གར་འདུག །རྣལ་འབྱོར་པ་ཡང་རང་ག་ཐ་མལ་གྱི་ཤེས་པར་འདུག་པ་ལ་དེ་གཉིས་ལ་ཁྱད་པར་ཅི་ཡོད་ཁྱད་པར་མེད་ན་འཇིག་རྟེན་པ་ལ་ཡང་རང་གྲོལ་དུ་མི་འགྲོ་འམ་སྙམ་ན། འཇིག་རྟེན་པ་ལ་རྣལ་འབྱོར་པའི་གདམ་ངག་མེད་པའི་གཉིས་མེད་ངོ་མ་ཤེས་ཏེ། དགག་སྒྲུབ་གཉིས་འཛིན་འབའ་ཞིག་བྱུང་ངོ་། གཉིས་མེད་ཀྱི་ཡེ་ཤེས་ངེས་མེད་སྣ་ཚོགས་སུ་འཆར་བ་ལ་ཡིད་མི་

(༤༩༡)ཆེས་པས། གཉིས་འཛིན་གྱི་རྣམ་རྟོག་ལས་གྲོལ་ས་མེད་པར་སྐྱེས་སོ། །ཆོས་པ་རྣམས་ཀྱང་། ཐོས་བསམ་སྒོམ་གསུམ་གྱི་གཉིས་འཛིན་གྱི་སྡུག་བསྔལ་གྱིས་སྦྱངས་སོ། །རྣལ་འབྱོར་པ་ནི། དགག་སྒྲུབ་ཀྱི་རྒྱུ་དང་བྲལ་ནས། གཉིས་མེད་ཀྱི་ཡེ་ཤེས་ངེས་མེད་ཀྱི་རྣམ་རྟོག་བདེ་བ་ཆེན་པོ་སྣ་ཚོགས་སུ་འཆར་རོ། དེ་གཉིས་ཀྱི་ཁྱད་པར་ནི་གནད་ཀ་དེ་ལས་བྱུང་ངོ་། །རྣལ་འབྱོར་པ་འགའ་ཞིག་ལ་དེ་གཉིས་ཀྱི་ཁྱད་པར་དྲིས་ཙ་ན། རྣལ་འབྱོར་པས་ངོ་ཤེས་པ་ཡིན། འཇིག་རྟེན་པས་ངོ་མ་ཤེས་པ་ཡིན་ཟེར། བསྒོམས་ནས་ངོ་ཤེས་སམ། མ་བསྒོམས་ནས་ངོ་ཤེས། བསྒོམས་ནས་ངོ་ཤེས་ན་རྣམ་རྟོག་ཏུ་འགྲོ། མ་བསྒོམས་པར་ཤེས་ན་རང་གྲོལ་དུ་མི་འགྲོ་འམ་བྱས་ན་རྡུགས་ནས་འགྲོ་བར་འདུག་གོ། །འགའ་ཞིག་ན་རེ། དྲན་པས་ཟིན་ན་མི་སྟོང་བསད་ཀྱང་ངན་སོང་དུ་མི་འགྲོ་ཟེར་རོ། །འོ་ན་བསྒོམས་པས་དྲན་པས་ཟིན་ནམ་མ་བསྒོམས་པས་དྲན་པས་ཟིན་བྱས་

(༤༩༢)པས། བསྒོམས་ན་བློར་འགྲོ་མ་བསྒོམས་ན་རང་གྲོལ་ལམ་བྱས་ན་ཡང་རྡུགས་ནས་འགྲོ་བར་འདུག །འོ་ན་ཇི་ལྟར་ཡིན་ན། དགག་སྒྲུབ་གང་ཡང་མི་སྒོམ་པའི་དྲན་པས་ཟིན་ན་རྣམ་རྟོག་ཐམས་ཅད་གཉིས་མེད་ཀྱི་ཡེ་ཤེས་སུ་འཆར་རོ། །དགག་སྒྲུབ་ཀྱི་རྒྱུ་མེད་པ་ལ་མི་གསོད་པ་ལ་སོགས་པ་སྡིག་པས་ལས་བྱ་བའི་དོན་མེད་དོ། བཅོམ་ལྡན་འདས་ཀྱི་ལུང་དང་འགལ་བས་དེ་སྐད་དུ་སྨྲ་བ་ཐམས་ཅད་ཆོས་ལོག་ཏུ་ཤེས་པར་བྱའོ། །དྲན་པས་ཟིན་པ་དང་མ་ཟིན་པ་དང་། རྣམ་རྟོག་འཕྲོས་པ་ལ་ཉམ་དེ་རྩིས་གདབ་བྱས་ན། གཉིས་མེད་ཀྱི་ཡེ་ཤེས་ལ་ཕར་ཐེན་ཚུར་ཐེན་བྱས་པས། སེམས་ཁ་དྲག་དུ་སོང་ནས་ཁམས་མི་བདེ། སྙིང་རླུང་འཇུག །སྨྱོན་པར་འགྲོ་ཉེན་ཡོད་པས། རེ་previous hit དོགས་ཀྱི་རྩིས་གདབ་ཡེ་མི་བྱ། རྗེ་བཙུན་སྙི་སྒོམ་གྱི་ཞལ་ནས་ཀྱང་། ཡོད་ next hit་དང་མེད་པའི་བཅས་བཅོས་མི་བྱ་གསུང་བའི་དགོངས་པ་ཡང་དེ་ཡིན་ནོ། །དེ་ཡང་མ་བཅོས་པར་བཞག་པས་སྣང་བ་དང་སྟོང་པ་

(༤༩༣)གཉིས་མེད། ནང་ན་སྣང་བ་དང་སྟོང་པ་གཉིས་ཀྱི་སེམས་ཁ་དྲག་ཏུ་སོང་བ་མ་ཚོར་བར། གཉིས་འཛིན་དུ་སོང་ནས་ཁམས་མི་བདེ་སྙིང་རླུང་འཇུག་ཐ་མལ་གྱིས་ཤེས་པ་གཉིས་འཛིན་དུ་འཆོར། ཡང་ཞལ་ནས། སྒོམ་སེམས་ཐོག་ཏུ་གོ་དགོས་གསུང་། བོད་ཀྱི་ཆོས་པ་ལྟ་བ་མཐོ་བ་ཆོས་མཁས་པ་རྣམས་ཀྱང་། ཞེ་སྡང་ཕྲག་དོག་འབད་རྩོལ་ལ་སོགས་པ་གཉིས་འཛིན་འབའ་ཞིག་ཏུ་ཤོར་རོ། །རང་སེམས་ལ་གང་ཤར་གྱི་ངོ་བོ་ལ་བལྟ། ཉ་ར་མི་བྱ་བར་གང་དགར་བཞག་པར་བྱའོ། །གང་དགར་འཇོག་པའི་དྲན་པ་ལ་གཉིས་མེད་ཀྱི་རྣམ་རྟོག་ཙབ་ཙུབ་མང་པོ་སེམས་ལ་ཟུག་ན་ཁམས་མི་བདེན། རྣམ་རྟོག་ཐམས་ཅད་སེམས་སུ་འདུས་པ་ལས་འོང་བ་ཡིན་པས། །ཚུར་མི་བསྡུ་བར་གར་ཡེངས་ཡེངས་སུ་ལྷོད་དེ་བཞག་པས། མི་རྟོག་པ་དུ་མ་ཅིག་སྐྱེ། དེས་ཁམས་བདེ་སྟེ་འོང་། ལ་ལ་གོམས་ནས་རང་ཤུགས་སུ་མི་རྟོག་

(༤༩༤)པ་ཡུན་རིང་དུ་སྐྱེའོ། གློད་ནས་འཇོག་པ་དེ་བོགས་ཅིག་དྲན་པས་ཆོག །དེ་ནས་རང་ཤུགས་སུ་ཚུར་མི་བསྡུ་བ་ལྷོད་དེ་བཞག །རང་ཤུགས་ཀྱི་རྟོག་མེད་དེ་སེམས་གནས་པ་གཤའ་མ་ཡིན། རྩ་རླུང་ལ་སོགས་པའི་རྟགས་མེད་སྣང་དུ་མ་རེ་བ་དེ་སེམས་བཙན་བཟུང་སེམས་འཛིན་བྱ་བ་ཡིན་གྱི། སེམས་བཤའ་མ་ཡིན་ནོ། སེམས་ཁོ་རང་རྟོག་མེད་དུ་བདེ་འམ། མིག་བཙུམ་པ་བདེ་འམ། ཕྱེ་བ་བདེ་འམ། ཉལ་བ་ལ་སོགས་པའི་སྤྱོད་ལམ་གར་བདེར་བཞག་གོ། །དགག་སྒྲུབ་ཀྱི་རྩོལ་བ་མི་བྱ་བར་མི་རྟོག་པར་འདུག་ཀྱང་རུང་། རྣམ་རྟོག་སྣ་ཚོགས་སུ་འཆར་ཀྱིན་འདུག་ཀྱང་རུང་། མ་བཅོས་པར་བཞག་པས་རང་གིས་གཉིས་འཛིན་དང་བྲལ། གཉིས་མེད་ཀྱི་ཡེ་ཤེས་རང་ཤར་དུ་འདུག་ཨང་སྙམ་པའི་གོ་བ་བྱུང་ཙ་ན། སེམས་ཁོ་རང་གི་ངོ་བོ་འམ། གཤིས་སམ། འདུག་ཚུལ་ངོ་ཤེས་པ་ཡིན་ནོ། །དེ་ལྟར་གོ་ན་སྒོམ་བྱ་མི་དགོས་བོར་བ་འམ། གཞག་ཏུ་མི་

(༤༩༥)བཏུབ་པར་སྒོམ་དབང་མེད་དུ་སྐྱེ་བ་ཡིན་ནོ། །རྣམ་རྟོག་སྣ་ཚོགས་དགག་ཏུ་མི་བཏུབ་པར་འཆར་བར་འདུག་ཙ་ན། གཉིས་མེད་ཀྱི་ཡེ་ཤེས་ཀྱང་དགག་ཏུ་མི་བཏུབ་པར་འཆར་རོ། ཡང་རིན་པོ་ཆེ་ལ། རང་གི་སེམས་ཀྱི་ངོ་བོ་ཤེས་པ་ཇི་ལྟ་བུ་ལགས་ཞུས་པས། མ་བཅོས་པ་ལ་མ་བཅོས་པར་ཤིས་པ་དེ་ཡིན་གསུང་ངོ་། །སེམས་ཉིད་ཁོ་རང་སྤང་བྱ་དང་གཉེན་པོ་ཐམས་ཅད་དང་བྲལ་བར་འདུག་པ་དེ་ཡིན། ངེད་ཀྱིས་ཀྱང་མ་བཅོས་པར་བཞག །མ་བཅོས་པར་བཞག་པས། །དགག་སྒྲུབ་ཀྱི་བྱ་རྒྱུ་དང་བྲལ་ནས་གཉིས་མེད་ཀྱི་ཡེ་ཤེས་རང་འཆར་ཏེ། དེ་ནི་མི་རྟོག་པ་ཡིན། ལྐུག་པས་བུ་རུམ་མུར་པའམ། གཞོན་ནུ་མའི་འདོད་ཆགས་ཀྱི་བདེ་བ་མྱོང་བ་ལྟ་བུའི་རྒྱུ་མེད་པར། གཉིས་མེད་ཀྱི་ཡེ་ཤེས་གསལ་བ་དེ་ནི་གསལ་བ་ཡིན། མི་རྟོག་པ་དང་གསལ་བ་བྱུང་ཙ་ན། གཉིས་འཛིན་གྱིས་བྱ་རྒྱུ་ཐམས་ཅད་རང་ཤུགས་ཀྱིས་འགགས་ནས་འགྲོ། །དེ་ཙ་ན་སེམས་བདེ། སེམས་བདེ་བས་

(༤༩༦)ལུས་བདེ་བ་ལྟར། བདེ་གསལ་མི་རྟོག་པ་གསུམ་གྱི་ཕན་ཡོན་མཐོང་ཆོས་ཀྱི་ལས་ཚེ་འདི་ལ་འབྱུང་ངོ་། །གཉིས་མེད་མི་གསལ་བ་དེ་ལ་ཤིན་ཏུ་གསལ་བ་སྟེ། སྣ་ཚོགས་སུ་འཆར་བ་འདི་བྱིང་བ་དང་བྲལ་ན་གཉིས་མེད་དུ་འཆར་རོ། གཉིས་འཛིན་ལས་འཕྲོས་པ་ལ་རྒོད་པ་ཟེར་བ་ཡིན་ཏེ། མ་བཅོས་པར་རང་དགར་བཞག་པས་གཉིས་འཛིན་ལས་བྲལ་ཞིང་། བྱིང་རྒོད་གྱི་བདུད་དང་བྲལ་ནས་འགྲོའོ། །རྗེ་བཙུན་གྱི་ཞལ་ནས། འཇིག་རྟེན་གྱིས་བྱ་བ་བོར་ནས། གཉིས་མེད་ཀྱི་ཡེ་ཤེས་སྒོམ་ན། གཉིས་འཛིན་སྦད་ཀྱིས་ཆོད་ནས། དབང་པོ་རབ་ཚེ་འདི་ཉིད་ལ་སངས་རྒྱ། དྲན་པ་ཅིག་པོ་ལས་མེད་ཅིང་། དྲན་པ་ཅིག་པོ་གཉིས་མེད་ཀྱི་ངང་ལ་གནས། ཙ་ན། སྲིད་པ་བར་མ་དོ། །ཤི་ནས་ཞག་ཕྱེད་དང་བཞིའི་ནང་དུ་རྣལ་འབྱོར་པ་དོན་མ་གྲུབ་ན། ལས་དགེ་སྡིག་གར་གོམས་སུ་གསལ། དེས་རྐྱེན་བྱས། འབྲས་བུ་བདེ་སྡུག་གི་ལུས་འཛིན་པས་ཕྱག་རྒྱ་ཆེན་པོ་སྒོམས་པ་ཡིན་ན། དེ་གསལ་ནས་

(༤༩༧)ལུས་མི་ལེན་པར་སངས་རྒྱའོ། །སྐྱེ་བ་འདི་དང་བར་དོ་ལ་སངས་མ་རྒྱས་ན། ཕྱི་མ་ལ་མི་ལུས་བླངས་ནས་སངས་རྒྱའོ། །ཅེས་བླ་མ་མི་ལ་གསུང་སྐད། བྱང་ཆུབ་སེམས་དཔའི་ཞལ་ནས། དེ་ལ་སངས་མ་རྒྱས་ན་ཡང་ཕྱི་མ་ལ་སངས་རྒྱའོ། །དེ་ལ་སངས་མ་རྒྱས་ན། དམ་ཚིག་གི་སྐྱོན་བྱུང་བ་ཡིན་པས། དམྱལ་བར་ཐེང་ཅིག་འགྲོ་དགོས་གསུང་སྐད། རྒྱུད་སྡེ་ཁམ་ཅིག་ནས། སྐྱེ་བ་བདུན་དུ་མི་ལུས་བླངས་ནས་ཕྱག་རྒྱ་ཆེན་པོ་བསྒོམས་ན་སངས་རྒྱ་བར་གསུངས་ནས་ཀྱང་ཡོད། འོ་ན་ཚེ་འདི་ལ་ཡང་གཉིས་འཛིན་གྱི་རྣམ་པར་རྟོག་previous hit ་ཅན་ལ་ཕྱི་རོལ་གྱི་བདུད་འོང་བ་ལ། རེ་དོགས ་མེད་པར་གཉིས་མེད་ཀྱི་ཡེ་ཤེས་སྒོམ་ཞིང་། བླ་མ་རྣམས་ལ་དད་གུས་བྱས་ན། ཕྱི་རོལ་གྱི་བདུད་ཀྱི་ཚུགས་པའི་གནས་མེད་དོ། །རང་གི་ཉམས་མྱོང་བྲིས་པའི་ལྡེ་མིག་ཅེས་བྱ་བའོ།། །།ན་མོ་ཌཱ་ཀི་ནི་ཡེ། རང་གི་སེམས་ལ་མ་བལྟ། ཞེས་པ་ནི། སྟོང་ཉིད་དང་མི་རྟོག་པ་དང་། ཡེངས་པ་དང་། ཕར་འཕྲོས་པ་དང་། ཚུར་འདུས་པ་དང་། དྲན་པས་ཟིན་པ་དང་མ་ཟིན་པ་དང་། སྒོམ་

(༤༩༨)སྙམ་པའི་རྩིས་གདབ་ཅན་གྱིས་སེམས་ཀྱིས་སེམས་ལ་མི་ལྟའོ། དེས་ན། རང་སེམས་གར་འཆར་དུ་བཞག །མ་སྒོམ་ཞེས་པ་ནི། སྒོམ་པ་ཐམས་ཅད་བློ་ཡིན་གསུང་བས། གཉིས་མེད་ཀྱི་ཡེ་ཤེས་སྒོམ་མི་དགོས་པར་རང་ལ་རང་ཆོས་སུ་ཡོད་ལ་ངོ་ཤེས་པས་ཆོག །སྟོང་ཉིད་ལ་སོགས་པ་ཅི་ཡང་མི་སྒོམ་མོ། །འཇིག་རྟེན་གྱི་བྱ་བ་བོར་ནས་དབེན་བ་ཅིག་བུར་བསྡད་ན། སྒོམ་མི་དགོས་པར་གཉིས་མེད་ཀྱི་ཡེ་ཤེས་ཀྱི་དྲན་པ་བོར་དུ་མི་བཏུབ་པར་རང་ཤུགས་སུ་འཆར་རོ། །རྣམ་པར་རྟོག་པ་ལ་སྐྱོན་དུ་བལྟ་ཞིང་ཉམས་བྱས་ན། དེ་རང་ཡང་གཉིས་འཛིན་ཡིན། གསེར་ཞོ་གཅིག་གི་དངོས་པོ་ལ་བརྟེན་ནས། གཉིས་འཛིན་གྱི་རྣམ་རྟོག་རྒྱས་ནས་འགྲོའོ། དེ་ནི་རྣམ་རྟོག་ཡོད་མེད་ལ་སྐྱོན་ཡོན་དུ་བསྒོམས་པ་ལས་བྱུང་བ་ཡིན་ནོ། །དེས་ན། བློས་བྱས་པའི་ཆོས་མི་སྒོམ་པར་ཐ་མལ་པར་བཞག །ཅེ་ནི་མི་རྟོག་པ་འཆར་དུ་རེ་བ་ལ་སོགས་པ་རྣམ་རྟོག་སྣ་ཚོགས་སུ་འཆར་བའི་ཐ་མལ་གྱི་ཤེས་པ་འདི་ཉིད་དང་། གཉིས་མེད་ཀྱི་ཡེ་ཤེས་དོན་དམ་པ་སྟོང་ཉིད་

(༤༩༩)སངས་རྒྱས་ཀྱི་ཐུགས་ཀྱི་དགོངས་པ་ཡིན་གྱི། ལོགས་ན་མི་རྟོག་པ་ལ་སོགས་པའི་ཡོན་ཏན་ཅི་ཡང་སྒོམ་དུ་མེད་གསུང་། དེས་ན། ཐ་མལ་པར་ཞོག །མ་བཅོས་པ་དེ་ཡིན། ཞེས་པ་ནི། གོང་གི་རང་སེམས་ལ་མ་བལྟ་ཅེས་པ་ལ་སོགས་པ་གསུམ་པ་དེ་ཀ་རང་མ་བཅོས་པ་ཡིན། མདོར་ན། ཡོད་པ་དང་མེད་པ། སྟོང་པ་དང་མི་སྟོང་པ། རྟོག་པ་དང་མི་རྟོག་པ། བཟང་བ་དང་ངན་པ། ལེགས་པ་དང་མི་ལེགས་པ་ལ་སོགས་པའི་དགག་སྒྲུབ་དང་། བཅས་བཅོས་གང་ཡང་མི་བྱ་བར་ཅི་ལྟར་འཆར་འཆར་དུ་འཇོག་པའི་ཐ་མལ་པའི་ཤེས་པ་འདི་ཉིད་ཁོ་ན་མ་བཅོས་པ་ཡིན་གསུང་ངོ་། ཕྱག་རྒྱ་ཆེན་པོ་སྐྱེས་དང་ཀྱི་རྩ་བ། རྗེ་བཙུན་དྭགས་པོ་རིན་པོ་ཆེ་སྙི་སྒོམ་གྱི་ཞལ་གདམས་སོ།། །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བཏུམ་མོ་ཉམས་སུ་ལེན་པ་ལ་གསུམ་སྟེ། དངོས་པོའི་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བས་རིམ་པའོ། །ཞེས་གསུངས་སོ། །དེ་ལ། དངོས་པོའི་གནས་ལུགས་དང་། ལམ་གཉིས་ལས། ལུས་དངོས་པོའི་གནས་ལུགས་ནི་རྒྱས་

(༥༠༠)པར་བཤད་ན། ལུས་ནི་བྱང་ཆུབ་རྣམ་ལྔ་དང་། ཞེས་པ་སྟེ། རེ་ཡང་མའི་མངལ་སྟོང་པ་ནི། གནས་སྟོང་པ་ལ་བྱང་ཆུབ་པ། ཕ་མ་གཉིས་ཀྱི་ཐིག་ལེ་དཀར་ལུས་དངོས་པོའི་གནས་ལུགས་མ་ཤེས་ན། ཅོའི་གནས་ལུགས་མི་ཤེས། དེ་མ་ཤེས་ན་སེམས་ཀྱི་གནས་ལུགས་མི་ཤེས། དེས་མ་ཤེས་ན་སྒོམ་པའི་གནད་མི་ཤེས་གསུང་། དམར་ནི། གདན་ཉི་ཟླ་ལ་བྱང་ཆུབ་པ། ཨ་ཧཾ་དང་། ཨ་ལའི་རྣམ་པ་ཅན་རླུང་ཞུགས་པ་ནི། གསུང་ཡིག་འབྲུ་ལ་བྱང་ཆུབ་པ། མངལ་གྱི་གནས་སྐབས་རྣམ་པ་བཞིའི་དུས་སུ། རང་ཕོ་ཡིན་ན་རྡོ་རྗེའི་མཚན་མ་དོད། མོ་ཡིན་ན་པདྨའི་རྣམ་པ་དོད་པ་ནི། ཐུགས་ཕྱག་མཚན་ལ་བྱང་ཆུབ་པ། དེ་ནས་ཟླ་བ་བཅུ་སྟེ་རིལ་པོ་དགུ་དང་ཞག་བཅུ་ན། རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས་ནས་སྐྱེ་བ་དེ་སྐུ་ཡོངས་སུ་རྫོགས་པ་ལ་བྱང་ཆུབ་པའོ། །ལུས་དེ་ལ་བརྟེན་པའི་རྩ་ནི། རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་ཡོད་ཀྱང་། རྩ་གསུམ་འཁོར་ལོ་བཞིར་འདུས་ཏེ། དེ་ལ་རྩ་གསུམ་ནི་རོ་མ་དང་། རྐྱང་མ་དང་། ཀུན་དྷར་མའོ། འཁོར་ལོ་བཞི་ནི། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་མ་གསུམ་བཅུ་སོ་གཉིས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་མ་བཅུ་དྲུག །སྙིང་ཀ་ཆོས་ཀྱི་འཁོར་

(༥༠༡)ལོ་རྩ་འདབ་མ་བརྒྱད། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་མ་དྲུག་བཅུ་རྩ་བཞི། དེ་ཡང་གདུགས་དང་གདུགས་ཀྱི་ཡུ་བའི་ཚུལ་ལོ། ཨ་ཝ་དྷཱུ་ཏཱི་ལུས་ཀྱི་དཀྱིལ་ན་ཐིག་བཏབ་པ་བཞིན་དུ་གནས་ཏེ། ཡར་སྣ་ཚངས་བུག །མར་སྣ་གཉེར་པོ་ཆེར་ཟུག་པའོ། །རོ་རྐྱང་གཉིས་ཡར་སྣ་བུག་གཉིས་ལ་ཟུག །མར་སྣ་ལྟེ་འོག་སོར་བཞི་ན་དབུ་མའི་སྣ་ཉ་མོ་ཁ་གདངས་པ་ལྟ་བུའི་ནང་དུ་རྩ་སྣ་གཉིས་པོ་ཚུད་པའོ། །རྩ་དེ་ལ་བརྟེན་པའི་རླུང་ནི། རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་གནས་ཀྱང་། རྩ་བའི་རླུང་ལྔ་དང་། ཡན་ལག་གི་རླུང་ལྔར་འདུས་པའོ། །དེ་ཡང་། རྩ་དང་བྱང་ཆུབ་སེམས་དང་ནི། །མི་གཙང་རྫས་དང་རྣམ་རྟོག་གིས། །ལུས་ཀྱི་ཆོས་ནི་གནས་པ་ཡིན། །ཞེས་པ་སྟེ། དེ་རྣམས་ལ་བརྟེན་ནས་ལུས་གྲུབ་པ་ནི། དཔེར་ན་གྲུ་རྫིངས་སམ་ཁང་པ་དང་འདྲའོ། སེམས་དངོས་པོའི་གནས་ཐབས་ནི། རིག་པ་དང་སྟོང་པ་དབྱེར་མེད་དུ་གནས་པ་སྟེ། དེ་ཡང་རྒྱུད་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོགས་ཐམས་ཅད་ཡང་དག་པ། །དངོས་པོ་

(༥༠༢)ཀུན་ལ་ཁྱབ་པ་སྟེ། །ལུས་གནས་ལུས་ལམ་སྐྱེས་པའོ། །ཞེས་གསུངས་སོ། །ཏཻ་ལོ་པའི་ཞལ་ནས། ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །ཏེཻ་ལོ་ངས་ནི་ཅི་ཡང་བསྟན་དུ་མེད། །ཅེས་གསུངས་སོ།། །།ལམ་གྱི་རིམ་པ་ལ་གཉིས་ཏེ། སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་ལམ་མོ། གྲོལ་བྱེད་ཀྱི་ལམ་ལ་གཉིས། སྟེང་སྒོ་རྣམ་པར་གྲོལ་བའི་ལམ་དང་། འོག་སྒོ་བདེ་བ་ཆེན་པོའི་ལམ་སྟེ། འདི་སྟེང་འོག་གོ། །དེ་ཡང་ཉམས་སུ་ལེན་པའི་དུས་སུ། ཇོ་བོ་ནཱ་རོ་པའི་བཞེད་པས། གནད་རྣམ་པ་གསུམ་ལ་བརྟེན་ནས་བསྒོམས་ན། །ཉོན་མོངས་པ་ངང་གིས་འདག །ཡེ་ཤེས་ཤུགས་ཀྱིས་འཆར། ལྟ་བ་རང་ཤུགས་ཀྱི་རྟོགས་གསུང་། དེས་ན་འདི་ལ་གནད་རྣམ་པ་གསུམ་སྟེ། ལུས་ཀྱི་གནད་དང་། ཡུལ་གྱི་གནད་དང་། དུས་ཀྱི་གནད་དོ། །ལུས་གནད་ལ་ལུས་གནད་དངོས་དང་། དེ་ལ་བརྟེན་པ་རླུང་གི་སྦྱོར་བའོ། །ལུས་གནད་དངོས་ལ་དྲུག་སྟེ། རིན་ཆེན་རྩར་ལ་བརྒྱུས་པ་ལྟར། །ཤིན་ཏུ་དྲང་ལ་སྒུག་

(༥༠༣)པར་བྱ། །རྒྱབ་མདུད་ལྟ་བུའི་ཚུལ་དུ་གནས། །ཕེལ་ཀ་ཤིན་ཏུ་བསྐྱེད་པར་བྱ། །མཉམ་བཞག་རྒྱ་ཡིས་བརྩིར་བར་བྱ། །རེའུ་དམིགས་ལྟར་སྣོལ་བར་བྱ། །ཅེས་གསུངས་སོ། །དེ་ཡང་རྡོ་རྗེ་གུར་ལས། ལུས་སེམས་སྲོག་གིས་དབྱུག་པ་ལ། །སྦྱོར་བ་དྲུག་གི་གདམ་ངག་གནས། །ཐབས་དང་བཅས་ན་འབར་བར་འགྱུར། །ཞེས་གསུངས་སོ། །དེ་ལ་བརྟེན་པ་རླུང་གི་སྦྱོར་བ་ནི། །ལུས་གནད་དྲུག་པོ་ལེགས་བཅས་ལ། །རྡུབ་དང་དགང་དང་གཞིལ་བ་དང་། །མདའ་ལྟར་འཕང་དང་རྣམ་བཞིའོ། །ཅེས་པ་སྟེ། རྡུབ་པ་ནི། འཇམ་ལ་རིང་བར་རྡུབས་ལ་མནན་ནོ། །དགང་བ་ནི། ཡར་སྣ་གཉིས་སྣ་བུག་གཉིས་ལ་ཟུག་པའི་ནང་དུ་སོང་ནས། རྩ་གཉིས་པོ་ལྟ་རར་སོང་བའོ། །མར་སྣ་གཉིས་དྷཱུ་ཏཱིའི་ནང་དུ་ཚུད་པས་བདེ་ཕྲི་ལི་ལི་སོང་བའོ། །གཞིལ་བ་ནི། ལུས་ཐམས་ཅད་ལ་ཁྱབ་པར་བཀྲམ་བས། རྩ་ཐམས་ཅད་ཁེངས་པའོ། མདའ་ལྟར་འཕང་བ་ནི། མི་ཐུབ་ནས་གཏོང་

(༥༠༤)པའི་དུས་སུ་སུམ་ཆ་ཙམ་བཏང་ཞིང་། དམིགས་པའི་དབུ་མའི་ནང་ན་ཡར་རྒྱངས་ཀྱིས་སོང་བར་སྒོམ། ཡུལ་གྱི་གནད་ལ་རྣམ་གཉིས་ཏེ། ཕྱི་ནང་གཉིས་སུ་ཤེས་པར་བྱ། །ཕྱི་ནི་དཀར་དམར་རྣམ་པ་ཅན། །ནང་དུ་འཁོར་ལོ་རྣམ་པ་བཞི། །དེ་ལས་ཐབས་ལམ་བགྲང་མི་ལང་། །ཞེས་གསུངས་པ་སྟེ། དམིགས་པ་ནི། ལྟེ་བའི་ཨ་ལས་མེ་བྱུང་བས་འཁོར་ལོ་བཞི་རིམས་ཀྱིས་བསྲེགས་ཏེ། སྤྱི་བོའི་ཧཾ་ལ་མེ་རེག་པས། ཧཾ་ལས་བྱང་སེམས་བབས་པས་ལྟེ་བའི་མེ་བསོས་པར་སྒོམ། ཡང་ན་ལྟེ་འོག་སོར་བཞི་ན་ཡེ་ཤེས་ཀྱི་མེ་མོ་ཁབ་ཙམ་གཅིག་ལ་གཏད། ཡང་ན་ཕྱག་རྒྱ་ཆེན་པ་ལ་གཏད། དེ་ཡང་སེམས་མ་ཡེངས་པར་བྱེད་པས་ན་ཡུལ་གྱིས་གནད་དེ། ཤེས་པ་ཡུལ་མ་འཕྲོས་པའོ། དུས་ཀྱི་གནད་ནི། ནས་དུས་ཀྱི་གནད་བསྟན་པ། །གཡས་གཡོན་འཕོ་དུས་ཟེར་བ་ཡོད། །གཉིད་དང་རྨི་ལམ་སྙོམས་འཇུག་དང་། ཐ་མལ་དུས་དང་རྣམ་པ་བཞི། །དེ་ལ་དུས་བཞིའི་ལག་ལེན་ནི། །བླ་མའི་ཞལ་ལས་

(༥༠༥)ཤེས་པར་བྱ། ཅེས་གསུངས་པ་སྟེ། གཉིད་ཀྱི་དུས་སུ་སྙིང་ག་ཆོས་ཀྱི་འཁོར་ལོ་ན་སེམས་ཀྱི་ངོ་བོ་གནས་པས་སྙིང་ཀ་ན་གནད་ཡིན། དེ་བཞིན་དུ། རྨི་ལམ་གྱི་དུས་སུ་མགྲིན་པ། སྙོམས་འཇུག་གིས་དུས་སུ་སྤྱི་བོ། ཐ་མལ་རྣམ་རྟོག་མི་དྲན་དགུ་དྲན་གྱི་དུས་དང་། གཏུམ་མོ་སྒོམ་པའི་དུས་སུ་ལྟེ་བ་གནད་ཡིན་གསུང་། དེ་ལྟར་གནད་བཞི་ལ་བརྟེན་ནས། བརྩོན་འགྲུས་ཀྱིས་ཡུན་རིང་བར་བསྒོམས་པས། དང་པོ་སྡུག་བསྔལ་གྱི་དུས། དེ་ནས་བདེ་བའི་དུས། དེ་ནས་ཡོན་ཏན་གྱི་དུས་སུ་འབྲས་བུ་སྐྱེ་བའི་རིམ་པ་སྟེ། དང་པོ་དྲོད་འབྱུང་། དེ་ནས་བདེ་བ། དེ་ནས་གསལ་བ། དེ་ནས་མི་རྟོག་པ་འབྱུང་སྟེ། དེ་དུས་ནང་དུ་རྟགས་རྣམ་པ་ལྔ་འབྱུང་ལ། ཕྱི་རུ་ཕན་ཡོན་བརྒྱད་འབྱུང་སྟེ། དེ་ཡང་རླུང་དྷཱུ་ཏཱིར་ཚུད་པས་ས་རླུང་ཟིན་པའི་དུས་སུ་དུ་བ་ལྟ་བུ་འབྱུང་། ཆུ་རླུང་ཟིན་པའི་དུས་སུ་སྨིགས་སྒྱུ་ལྟ་བུ་འབྱུང་། མེ་རླུང་ཟིན་པའི་དུས་སུ་སྲིན་བུ་མེ་ཁྱེར་ལྟ་བུ་འབྱུང་སྟེ། ཡེ་ཤེས་ཅུང་ཟད་ལ་དབང་པ་ཡིན།

(༥༠༦)རླུང་སེམས་སུ་ཚུད་པས་རླུང་གི་རླུང་ཟིན་པའི་དུས་སུ་མར་མེ་ལྟ་བུ་འབྱུང་སྟེ། ཡེ་ཤེས་ལ་དབང་བ་ཡིན། རླུང་འོད་གསལ་ལ་ཚུད་པས། སྤྲིན་མེད་པའི་ནམ་མཁའ་ལྟ་བུ་འབྱུང་སྟེ། ཡང་དག་པའི་སེམས་ལ་དབང་བ་ཡིན་གསུང་། ཕྱིའི་ཕན་ཡོན་ནི། ས་དབང་དུ་འདུས་ན། སའི་ཡོན་ཏན་ལུས་སྲ་བ་དང་། འཁྲེགས་པ་དང་། ཟུངས་ཐུབ་པ་འབྱུང་། ཆུའི་ཡོན་ཏན་བསྣམ་པ་དང་། མེའི་ཡོན་ཏན་དྲོད་ཆེ་བ་དང་། མདངས་དང་། ཤ་བཀྲག་བཟང་བ་དང་། ཅི་ཟོས་ཀྱང་འཇུ་བ་འབྱུང་། རླུང་གི་ཡོན་ཏན་ལུས་ཡང་བ་དང་། འགྱོགས་པ་དང་། རྦབས་ལ་སོང་ཡང་མི་གནོད་པ་འབྱུང་། ནམ་མཁའི་ཡོན་ཏན་ནི། ཐམས་ཅད་ནམ་མཁའ་ལྟ་བུ་ཉིན་མཚན་མེད་པ་དང་། ཆོས་ཉིད་མཐོང་བ་འབྱུང་། ཉི་མའི་ཡོན་ཏན་རང་ལུས་གཞན་གྱིས་མི་མཐོང་བ་འབྱུང་། ཟླ་བའི་ཡོན་ཏན་དཀར་བ་དང་། ལུས་ལ་དྲི་མ་མི་འབྱུང་བ་དང་། ཐམས་ཅད་ཀུན་དུ་སོང་བའི་ཕན་ཡོན་ནི། ལུས་ས་ཆུ་ཅི་ལ་ཡང་ཐོགས་པ་མེད་པ་དང་། སེམས་བདེ་བ་ཆེན་པོ་སྤྲོས་བྲལ་དུ་འཆར་ཡིན་

(༥༠༧)ཏེ། ཐུན་མོང་གི་རིམ་པའོ། །མཆོག་ནི། རང་དོན་ཆོས་སྐུ་སྤྲོས་བྲལ། གཞན་དོན་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་གཉིས་གཞན་སྣང་ལ་འབྱུང་བའོ། །འབྲས་བུ་སྐྱེ་བ་མེད་པའི་རིམ་པ་ནི། ཡང་ན་བདེ་བ་ལས་སྤྲུལ་སྐུ། གསལ་བ་ལས་ལོངས་སྐུ། མི་རྟོག་པ་ལས་ཆོས་སྐུ། གཏུམ་མོ་སྒོམ་པའི་དག་ཚིག་ནི། ཀློག་མི་འདོན། ཀུས་མི་འདེབས། གན་གྱལ་དུ་མི་ཉལ། གད་རྒོད་དྲག་པ་མི་བྱ། ཉམས་མྱོང་མི་ལ་མི་བཤད། དུང་མི་འབུད་པ་དང་དྲུག་གོ། །ན་མོ་གུ་རུ། བླ་མ་རིན་པོ་ཆེས། འབྱུང་བ་བཞི་བསྡུད་ཀྱི་གདམ་ངག་ལ། གཟུགས་སྒྲ་ལ་ཐིམ། མིག་གིས་གཟུགས་མི་མཐོང་། སྒྲ་དྲི་ལ་ཐིམ། རྣ་སྒྲ་མི་ཐོས། དྲི་རོ་ལ་ཐིམ། སྣའི་དྲི་མི་ཚོར། རོ་རེག་བྱ་ལ་ཐིམ། ལྕེས་རོ་མི་མྱོང་། རེག་བྱ་ས་ལ་ཐིམ། ལུས་ཀྱི་རེག་བྱ་མི་ཚོར། ས་ཆུ་ལ་ཐིམ་པའི་དུས་སུ། ལུས་ཀྱི་ཟུང་མི་ཐུབ། རྒྱལ་ཏེ་འགྲོ། །ཆུ་མེ་ལ་ཐིམ་པའི་དུས་སུ། ཁ་སྣ་སྐམ་ཧར་གྱིས་འགྲོ། །མེ་རླུང་ལ་ཐིམ་པའི་དུས་སུ། ཡན་ལག་གི་

(༥༠༨)རྩ་མཐའ་ནས་བདུད། རྐང་ཐིལ་ནས་དྲོད་འཆོར། རླུང་རྣམ་པར་ཤེས་པ་ལ་ཐིམ་པའི་དུས་སུ། ཕྱི་དབུགས་ཆད། དེས་དུས་སུ་ནང་རྟགས་དུ་བ་ལྟ་བུ་འབྱུང་། ཕྱི་རྟགས་ཟླ་བ་ཤར་བ་ལྟ་བུ་འབྱུང་། སྣང་བ་འཆེད་པའི་དུས་སུ། ནང་རྟགས་སྲིན་བུ་མེ་ཁྱེར་ལྟ་བུ་འབྱུང་། ཕྱི་རྟགས་ཉི་མ་ཤར་བ་ལྟ་བུ་འབྱུང་། སྣང་བ་ཐོབ་པའི་དུས་སུ། ནང་རྟོགས་མར་མེ་ལྟ་བུ་འབྱུང་། ཕྱི་རྟགས་མུན་པ་ལྟ་བུ་འབྱུང་། ཐོབ་པ་འོད་གསལ་གྱི་དུས་ན། ནང་རྟགས་སྤྲིན་མེད་པའི་ནམ་མཁའ་ལྟ་བུ་འབྱུང་། ཕྱི་རྟགས་ཐོ་རངས་ཀྱི་རེང་ཤར་བ་ལྟ་བུ་འབྱུང་བའོ། །དེ་དུས་སུ་ས་དང་པོའི་བདེན་པ་མཐོང་བ་དང་ངོ་བོ་ཉམས། དེ་ལ་ཕྱག་རྒྱ་ཆེན་པའི་དངོས་གྲུབ་ཐོབ་པ་ཞེས་བྱའོ། །དེ་ལ་གནས་མ་ནུས་ན། གཉིས་པ་སྒྱུ་ལུས་དངོས་བཟུང་བ་ནི། མ་དག་པའི་སྒྱུ་ལུས་དང་། ཟུང་འཇུག་གི་སྐུའོ། །དེ་ལ་ལོངས་སྤྱོད་རྫོགས་པའི་སྐུར་འཆར། ཟུང་འཇུག་ལྷའི་སྐུར་འཆར། ཟུང་འཇུག་ལྷའི་སྐུ་དེ་ངོས་བཟུང་ནས། འོད་གསལ་འབའ་

(༥༠༩)ཞིག་ཏུ་བསྒོམས་པས། འོད་གསལ་གྱི་མེས་བག་ཆགས་ཀྱི་ས་བོན་ཐམས་ཅད་སྦྱང་ས་ནས་སངས་རྒྱས་ཀྱང་སྲིད་དེ། དེ་མ་ནུས་ན། གསུམ་པ་མངལ་སྒོ་དགག་པ་ནི། དྲན་མ་དུན་གྱིས་ཕ་མ་ཡབ་ཡུམ་སྦྱོར་བ། །སྒྱུ་མ་འོད་གསལ་གྱི་འདུན་པས་བདུན་ཕྲག་དང་པོའི་སྐྱེ་བ་ཁེགས་ཏེ། གཉིས་པ་ན་ཕར་ཚེགས་མེད་དེ་སློབ་པའི་ཟུང་འཇུག་ལ་བརྟེན་ནས་འོད་གསལ་བསྒོམས་པས། གོམས་པ་མཐར་ཕྱིན་རྩ་ན་མི་སློབ་པའི་ཟུང་འཇུག་ཅེས་བྱ་སྟེ། དེ་ན་ཆོས་སྐུ་ཐོབ་པའོ། །རྗེ་དྭགས་པོ་རིན་པོ་ཆེའི་བར་དོའི་གདམ་ངག་མ་སླད་པ། སློབ་དཔོན་དྭགས་པོ་སྒོམ་ཆུང་གིས། སློབ་དཔོན་སྟོང་ལུངས་པ་ལ་གདམས་པའོ།། །།ཞེས་པ་འདི་ནི། རྗེ་ཉིད་ཀྱི་དཔོན་པོ་སྤྱན་སྔ་ཆོས་ཀྱི་རྗེ།། བསོད་ནམས་ལྷུན་གྲུབ་ཟླ་འོད་རྒྱལ་མཚན་དཔལ་བཟང་པོས། རི་བོ་ཤན་ཏིར། བཀའ་བརྒྱུད་ཀྱི་བསྟན་པ་སྤེལ་བའི་བསླད་དུ་པར་དུ་བསྐྲུས་པའོ།། །། །།

(༥༡༠)མ་དཔེ་བཞིན་སོར་བཞག་ཞུས་སོ།། །།


no previousno next