འཇམ་མགོན་བླ་མའི་གདུང་རྟེན་རྣམ་གཉིས་ཀྱི་དཀར་ཆག
༄༅། །འཇམ་མགོན་བླ་མའི་གདུང་རྟེན་རྣམ་གཉིས་ཀྱི་དཀར་ཆག་མདོར་བསྡུས་ངོ་མཚར་སྣང་བ་བཞུགས་སོ། །ༀ་སྭསྟི། ཡེ་ཤེས་ཡོན་ཏན་སྤོབས་པ་བསམ་མི་ཁྱབ། །མཚན་ཙམ་གྱིས་ཀྱང་སྲིད་ཞིའི་གདུང་བ་འཕྲོག །འཇམ་དཔལ་གཞོན་ནུ་མཚུངས་མེད་བླ་མ་རྗེས། །དོན་གཉིས་བསམ་ཀུན་འགྲུབ་པའི་བཀྲ་ཤིས་སྩོལ། །འདིར་གངས་ཅན་མཁས་གྲུབ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་གདུང་རྟེན་རྣམ་གཉིས་ཀྱི་ལོ་རྒྱུས་མདོར་བསྡུས་སུ་བརྗོད་པ་ལ་གསུམ། རྣམ་ཐར་ཡོན་ཏན་གྱི་ས་བོན། རྟེན་དངོས་ཀྱི་བཞུགས་བྱང་། དགོས་པ་ཕན་ཡོན་བཤད་པའོ། །དང་པོ་ནི། རྒྱལ་ཀུན་ཡབ་གྱུར་རྗེ་བཙུན་འཇམ་དཔལ་དབྱངས་ཉིད་གང་འདུལ་གདུལ་བྱའི་མོས་ངོར་དགེ་བའི་བཤེས་གཉེན་དུ་འཕྲུལ་བ་སྟེ། དེ་ཡང་རུས་ཆེན་དྲུག་གི་ཡ་གྱལ་འབྲི་ཆུ་ཁམས་པའི་རིགས་ཀྱི་བྱེ་བྲག་འཇུ་ཞེས་པའི་རིགས་སུ་རབ་ཡིད་ཟིལ་གནོན་མེ་རྟ་ལོར་སྐྱེ་བའི་མྱུ་གུ་བཟུང་ཞིང་། སྐུ་ཆུང་ངུའི་དུས་ནས་དད་པ་ངེས་འབྱུང་ཤེས་རབ་སྙིང་རྗེ་སོགས་དཀར་པོའི་རིགས་ཀྱི་ཡོན་ཏན་མཐའ་དག་ལྷན་སྐྱེས་སུ་མངའ་བ་ཉིད། གྲུབ་པའི་དབང་ཕྱུག་ཆེན་པོ་དབང་ཆེན་དགྱེས་རབ་རྡོ་རྗེས་འཇམ་དབྱངས་དཀར་པོའི་རྗེས་སུ་གནང་བ་ཟབ་མོའི་ལྷན་ཅིག་བྱེད་རྐྱེན་གྱིས་གསོས་བཏབ་པས་གོང་འཕེལ་དུ་གྱུར་པ་ལ། འཇམ་དཔལ་ཆོས་ཀྱི་བཤེས་གཉེན་གྱི་རྣམ་འཕྲུལ་ངོ་མཚར་བཀའ་བབས་བདུན་ལྡན་རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ནང་ཐུགས་ཀྱི་སྲས་གཅིག་པུར་དགོངས་ཏེ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཙུག་ལག་གི་སྒོ་དུ་མ་དང་། གསང་ཆེན་རྡོ་རྗེ་ཐེག་པའི་སྨིན་བྱེད་ཀྱི་དབང་། གྲོལ་བྱེད་ཀྱི་ཁྲིད། རྒྱབ་རྟེན་གྱི་བཤད་བཀའ་རྒྱ་མཚོ་ལྟ་བུ་བ སྩལ་པས། ནུས་པ་ཡོངས་སུ་རྫོགས་ཏེ་མཁྱེན་རྟོགས་འགྲན་ཟླ་དང་བྲལ་བར་གྱུར་པའི་ཚེ། རྒྱ་ཆེན་སྤྱོད་པ། ཟབ་མོ་ལྟ་བ། རྣམ་དག་རིགས་པ་གསུམ་གྱི་ཤིང་རྟ་ཆེན་པོར་གྲུབ་པ་དང་། ངོ་མཚར་བའི་སྙན་པས་རྒྱ་མཚོའི་གོས་ཅན་གཞི་ལ་ཁྱབ་པ་སྟེ་དོན་གྱི་རྒྱུ་མཚན་བཞི་དང་འབྲེལ་བའི་མཚན་གསོལ་བཅས་གསང་བའི་མཛོད་གཏད་དེ་རྒྱལ་ཚབ་ཏུ་མངའ་གསོལ། གཞན་ཡང་ཐམས་ཅད་མཁྱེན་པ་བློ་གྲོས་མཐའ་ཡས། རྒྱལ་སྲས་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། མཁན་ཆེན་པདྨ་བཛྲ་སོགས་སྐྱེས་ཆེན་དུ་མ་ལས། སྒྲ་ཚད། བཟོ་གསོ། ནང་རིག་པ་ཡན་ལག་དང་བཅས་པ་གསན་བསམ་གྱིས་གཏན་ལ་ཕབ་སྟེ་ཐམས་ཅད་མཁྱེན་པའི་གནས་ལ་བདག་གིར་མཛད། སྒྲུབ་གནས་ཀྱི་རྒྱལ་པོ་དཀར་མོ་སྟག་ཚང་ལ་སོགས་པའི་དབེན་གནས་དུ་མར་སྐུ་ཚེ་རིལ་པོ་ཕལ་ཆེར་དུ་སྒྲུབ་པའི་རྒྱལ་མཚན་བཙུགས་ཏེ། འཇམ་དཔལ་ཞི་དྲག་གཙོ་བོར་གྱུར་པའི་རྩ་བ་གསུམ་གྱི་ལྷག་པའི་ལྷ་རབ་འབྱམས་ཀྱི་བསྙེན་སྒྲུབ་དང་། བསྐྱེད་རྫོགས་རྫོགས་ཆེན་གསུམ་གྱི་ཉམས་བཞེས་སྙིང་པོར་མཛད་པས་གྲུབ་པའི་ས་མཐོར་གཤེགས་ཏེ་འཕགས་ཡུལ་གྱི་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་སོགས་དང་ཞལ་མི་གཉིས་པའི་གོ་འཕང་གི་ཆོས་མངོན་དུ་མཛད་དེ་རྒྱུད་ལུང་མན་ངག་གི་བཀའ་བབས། སྔོན་གྱི་ཐུགས་བསྐྱེད་དུས་སུ་སྨིན་པས་རྒྱལ་བསྟན་སྤྱི་དང་། ཁྱད་པར་གསང་ཆེན་རྡོ་རྗེ་ཐེག་པོའི་བསྟན་པའི་མེ་རོ་རྨང་ནས་གསོ་བའི་ཐུགས་འདུན་སྐྱེས་ཏེ། གཞན་ལུགས་བྲག་ཆའི་ལད་མོ་ཟློ་བ་ཙམ་མ་ཡིན་པར་རང་ཉིད་སྤོབས་པའི་གཏེར་ཆེན་པོ་བརྒྱད་ལ་རང་དབང་འབྱོར་པའི་རྒྱུས། འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་རྣམས་དང་། སྔ་འགྱུར་རིག་འཛིན་བརྒྱུད་པའི་བཞེད་གཞུང་ཇི་ལྟ་བ་བཞིན་དུ་འཆོས་སྐྱོབ་ཀྱི་ཡོན་ཏན་རྨད་དུ་བྱུང་བའི་ལེགས་པར་བཤད་པའི་སེང་གེའི་སྒྲ་འཇིགས་པ་མེད་པར་ཕྱོགས་ཐམས་ཅད་དུ་སྒྲོགས་པར་མཛད་ཅིང་། དེ་དག་ཀྱང་བླ་མ་དང་ལྷག་པའི་ལྷ་ཡི་བྱིན་རླབས་དང་། གཞན་ཕན་བྱང་ཆུབ་སེམས་ཀྱི་རྟེན་འབྲེལ་དང་། དཀར་ཕྱོགས་སྐྱོང་བ་རྣམས་ཀྱི་ཕྲིན་ལས་ཀྱི་རྒྱུ་ལས་སྐུ་ཚེ་འདི་ཉིད་དུ་ཤར་ནུབ་རྒྱ་མཚོའི་མཐའ་ཚུན་ཁྱབ་ཅིང་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྙན་པའི་རྔ་སྒྲས་འཁོར་ཡུག་རི་བོའི་ཁོངས་ཚུན་ཁྱབ་པ་སྟེ། མདོར་ན་རྗེ་བཙུན་འཇམ་དཔལ་དབྱངས་དང་རྣམ་ཐར་རྒྱ་མཚོར་མཉམ་པ་ཉིད་ཀྱི་ཕྱིར་ཚུར་མཐོང་བྱིས་བློས་འདི་ལྟ་བུ་ཞེས་གཞལ་བར་མི་ནུས་པས། རྣམ་ཐར་བསམ་མི་ཁྱབ་པ་ལ་ཡིད་རྟོན་པར་བྱ་བ་ཁོ་ནའོ། །གཉིས་པ་ནི། ཞིང་འདིའི་གདུལ་བྱ་དེ་ཙམ་དུ་དགོངས་ཏེ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་ཐ་མའི་མཛད་པ་བསྟན་པའི་རྗེས་སུ། སྐུ་ཚེ་རིལ་པོར་མཉེས་པ་གསུམ་གྱི་ཞབས་ཏོག་གིས་ཐུགས་ཟིན་ཅིང་དགོངས་པའི་གསང་མཛོད་ལོན་པའི་ནང་ཐུགས་ཀྱི་སྲས་གཅིག་ཉེ་གནས་བླ་མ་ཆོས་དབྱིངས་འོད་གསལ་ནས་རྟག་གུས་ཀྱི་སྦྱོར་བརྩོན་རྨད་དུ་བྱུང་བས་དགོངས་རྫོགས་ཀྱི་རིམ་པ་སྤྱི་དང་། བྱེ་བྲག་རྗེ་བཙུན་འཇམ་དཔལ་གྱི་སྣང་བརྙན་སྐུ་ཚད་གསེར་ཟངས་ཀྱིས་བསྐྲུན་པ་ཁྱད་མཚར། ཀཿཐོག་རྡོ་རྗེ་གདན་གྱི་རྒྱུད་སྡེ་ལྷ་ཁང་གི་རྟེན་གཙོར་འཇོག་གནང་གཙོ་གྱུར་རྟེན་གསུམ་མང་དུ་བཞེངས་གནང་མཛད་ཡོད། དེ་རྣམས་ཀྱི་ལོ་རྒྱུས་ནི་སོ་སོའི་དཀར་ཆག་སོགས་སུ་གསལ་ལ། འདིར་དགོས་དབང་ཁྱད་པར་བ་དང་འབྲེལ་བར་རྗེ་བླ་མ་དངོས་ཀྱི་ཞལ་ཐེམ་ལྟར་སྒྲུབ་གནང་གི་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྣང་བརྙན་མཐོང་བ་དོན་ལྡན་དང་། ཕྲན་རང་གིས་དགོངས་རྫོགས་སུ་སྒྲུབ་པའི་མཆོད་སྡོང་བཀྲ་ཤིས་འོད་འབར་གཉིས་ཀྱི་ལོ་རྒྱུས་ཅུང་ཟད་བརྗོད་པ་ལས། དང་པོ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐུ་འདི་ནི། རྗེ་བླ་མ་མཆོག་ལ་བླ་མ་ལྷག་པའི་ལྷས་ལུང་བསྟན་དུ། འཕགས་མཆོག་ཉེ་སྲས་བརྒྱད་ཀྱི་སྣང་བརྙན་ཁྱད་འཕགས་རེ་བཞེངས་དགོས་པར་གསུངས་པའི་ནང་ཚན་གྱི་འཇམ་དཔལ་དེ་ཡིན་ལ། སྔར་ཞལ་བཞུགས་དུས་ནས་བཞེངས་གནང་གི་ཐུགས་བཞེད་དང་། ནང་རྟེན་གྱི་གཙོ་བོ་རག་རིམ་སོགས་ཞིབ་ཆ་གནང་ཡང་ཇི་བཞིན་པ་ཐོག་ཏུ་མ་ཁེལ་བར་ལུས་པ། སྐུ་གཤེགས་པར་ཉེ་གནས་མཆོག་ལ་ཞལ་བསྒོས་ཞིབ་གནང་ལྟར། བདག་ཅག་གི་སྟོན་པ་དགུང་ལོ་བཅུ་གཉིས་བཞེས་པའི་སྐུ་ཚད་ལ། རྒྱུ་རིན་པོ་ཆེ་ཟངས་དམར་དངུལ་གོར་ཉིས་བརྒྱའི་རིན་དང་། གླ་ཆས་ཕྱོགས་འཐུས་རྡོ་ཚད་བཞི་སྤྲད་ནས་བཟོ་རིགས་རྒྱ་མཚོར་བྱན་ཆུད་པའི་སྤྲུལ་པའི་སྐུ་བཟང་བཅུས་ཀྱིས་ཚད་སྒྲོས་ཕུལ་དུ་ཕྱིན་པར་སྒྲུབ་པར། འཛམ་བུའི་ཆུ་གསེར་སོགས་གསེར་རྒྱུ་བཟང་ཞིང་སྲང་བཅུ་གཅིག་གིས་བྱུགས་ཤིང་ཕྲ་རྒྱན་ལ། དབུ་གཙུག་ཏུ་དུང་དཀར་པོ་གཡས་སུ་འཁྱིལ་བ། མཛོད་སྤུར་རྗེ་ཉིད་ཀྱི་སྐུ་ཚེར་ཕྱག་ཕྲེང་དུ་བཅང་བའི་རིན་པོ་ཆེ་གཅིག དབུ་རྒྱན་ལ་བྱེ་རུའི་ཚེ་དཔག་མེད་དང་གཡུ་ཕྲ་ཆེ་བ་དགུ། སྐྲ་ཆིངས་ལ་གསེར་སྦུག་གསུམ། དཀར་ཕྲ་མན་གཉིས། མུ་ཏིག་གི་དྲྭ་ཕྱེད་ཚར་བཅས། མགུལ་རྒྱན་ལ་རྒྱ་ལྕགས་ལ་རྒྱལ་མོའི་ཐོད་སྐོར་གསེར་རྒྱང་བརྡུང་གཡུ་དྲུག་དཀར་གྱི་ཕྲ་བཀོད་དང་མུ་ཏིག་གི་ལྕགས་རི་ཅན་ཁྱད་མཚར་ལ་དཀྲུགས་བྱེར་སུམ་ཅུ་རྩ་བཞིའི་མཐའ་སྐོར་བྱས་པ། ཟ་ཧོར་རྒྱལ་མོའི་སོར་གདུབ་ལས་དོན་པའི་རིན་པོ་ཆེ་རྡོ་རྗེ་ཕ་ལམ་ཤིན་ཏུ་ཁྱད་འཕགས་རིན་ཐང་གཞལ་དཀའ་བ་གཅིག པདྨ་ར་ག་རྡོག་གཉིས། མུ་ཏིག་རྡོག་ཆེ་བ་གཉིས། ནལ་བཞི་བྱེར་ཕྲ་ཆེ་བ་གཅིག ཆུང་བ་ཉེར་གཉིས་བཅས་དང་། སྙན་ཕོར་ལ་གཡུ་ཕྲ་བཞི། ཕྱག་ཞབས་ཀྱི་གདུ་བུར་གཡུ་ཕྲ་ལྔ། ཐུགས་ཀར་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུའི་ཞལ་རས་ཐད་ཀྱི་བང་སྒོའི་གའུ ར། གཡུ་དྲུག་དཀར་གཅིག ཨུ་པ་ལ་གཉིས། སེ་མོ་དོར། རིན་པོ་ཆེ་གཅིག་དང་གཡུ་གཉིས། དོ་ཤལ་ལ་གཡུ་བདུན་བྱེ་རུ་གསུམ་བཅས་ཀྱི་ཕྲ་དང་། མགུལ་རྒྱན་ཞགས་པར་སྟག་ལོག་ཆེ་ལེགས་བཞིའི་གཙོས་གཟི་ཆེ་ཆུང་བཅུ་དགུ། མ་ན་ཧོ་གཅིག མ་ཀོང་ལྔ། མཆོང་དྲུག མུ་མེན་གཉིས། རིན་པོ་ཆེ་གཉིས། གནམ་ས་ཁ་སྤྲོད་གཅིག བྱེ་རུ་སུམ་ཅུ་རྩ་ལྔ་བཅས་ལ་རྡོ་ཚད་བརྒྱད་འགྲོ་ངེས་བཅས་རྒྱུ་བཟང་བཀོད་གཙང་སྐྱེ་དགུའི་འདྲེན་བྱེད་ཀྱི་བདུད་རྩི་བླ་ན་མེད་པར་སྒྲུབ་གནང་ལ། ནང་གཞུག་གཙོ་བོར་རྗེ་བླ་མའི་ཐུགས་ལྗགས་སྤྱན་གསུམ་མེས་མ་རྨས་པར་བྱོན་པ་ལ་དུས་འཁོར་ལྷན་སྐྱེས་ཀྱི་སྐུའི་རྣམ་པ་གསལ་བ་དང་། བརྟན་མཁས་ཡོན་ཏན་བྱེ་བས་མངོན་པར་མཛེས་ཤིང་རྗེ་བླ་མའི་ཐུགས་སྤས་ཀྱི་གཙོ་བོ་མཁན་རིན་པོ་ཆེ་ཡོན་ཏན་རྒྱ་མཚོ་དང་། ཀུན་བཟང་དཔལ་ལྡན། ཉེ་གནས་མཆོག་དང་། ཁོ་བོ་ཅག་སོགས་འདུས་པ་བཟང་ལ་མང་བས་རིགས་འདུས་དཔལ་རྡོ་རྗེ་སེམས་དཔའི་སྒོ་ནས་ཡིག་བརྒྱ་འབུམ་ཐེར་འགྲོ་ངེས་ཀྱིས་གདུང་སྒྲུབ་སོགས་ཚད་ལྡན་བགྱིས་པའི་གདུང་ཚ་དང་སྐུ་སྤར་གྱི་རིགས་རིན་ཆེན་དང་པོའི་ཁུ་བས་ན་བཟའ་གསོལ་བ་དང་། སྔོན་རྗེ་ཉིད་ཚེ་བདག་གི་བསྙེན་ཆེན་ལོ་གསུམ་དུ་གནང་དུས་ཀྱི་དབུ་རལ། ཕྱག་སེན། ཤངས་མཚལ། གདུང་རུས་རྣམས་ཕོན་ཆེ་བ་དང་། རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་གྱི་གཙོ་བོ་ཡེ་ཤེས་པ་དངོས་དང་རྣམ་དབྱེར་མ་མཆིས་པ་འཇམ་དཔལ་གྱི་ལི་སྐུ་ཤིན་ཏུ་ཁྱད་འཕགས་ལ། བཞུགས་སྒྲོམ་དུ་གསེར་བྲིས་ཀྱི་རྩ་གསུམ་སྔགས་དང་ཡེ་དྷར་སོགས་དང་། ཆབ་མདོ་འཕགས་པ་ལྷའི་ཕྱག་བྱུང་མཉམ་མེད་ཐུབ་པ་ཆེན་པོའི་རིང་བསྲེལ་འཁྲུལ་མེད་རྡོག་གཉིས། འོད་སྲུང་གི་རིང་བསྲེལ་གཅིག མཁྱེན་བརྩེ་རིན་པོ་ཆེར་གཉན་ཐང་ལྷས་ཕུལ་བའི་གུ་རུ་རིན་པོ་ཆེའི་ཚེམས་ལས་བྱོན་པའི་རིང་བསྲེལ་གཅིག གུ་རུ་ཡབ་ཡུམ་གྱི་བྱང་སེམས། འཕགས་བོད་རིག་འཛིན་རྣམས་ཀྱི་སྐུ་བལ། དིལ་ཀོང་དཔལ་སྤྲུལ་ལ་བ་སོགས་ཉིད་ཀྱི་བླ་མ་གཙོ་ཆེན་རྣམས་ཀྱི་དབུ་སྐྲ། འཁྱུད་དཔྱད་ཀྱི་ཆོས་འཕེལ་ཐབས་དཔའ་བོ་ཕོ་ཐེམ་མོ་ཐེམ་གྱིས་ཚད་ལྡན་སྒྲུབ་པ། སངས་རྒྱས་ཀྱི་འཕེལ་གདུང་ཀུན་འདུས་དང་། འོད་སྲུང་གི་རིང་བསྲེལ་རྡོག་གཅིག གཟུངས་སྔགས་བཅས་ནང་བཞུགས་ཚ་ཚ་ཆུང་ངུ་དང་། ཕྱག་ཚ་རྙིང་པ་གཅིག་བཅས། སྐུ་གདུང་དང་བཅས་པའི་མཆོད་རྟེན་གྱི་དྲུང་དུ་ལས་སྣ་ཚོགས་པ་བསྒྲུབ་པའི་རྟེན་དུ། རྗེ་ཉིད་ཀྱི་ཕྱག་བསྟར་གནང་བ་བཞུགས་སྒྲོམ་བཅས་ཞལ་ཐེམ་ལྟར་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་རྒྱུ་དང་། གཞན་སྲོག་ཤིང་ལ་གནས་ཡིག་གསེར་གྱི་བྲིས་པ་དང་། འོག་ཏུ་གསལ་བའི་རིང་བསྲེལ་རྣམ་བཞི་ལ་སོགས་པ་འདུ་བགྱིས་ཏེ། སྦྱང་བ་ཁྲུས་གསོལ་ནན་ཏན་དང་། དཔལ་རྡོ་རྗེ་སེམས་དཔའི་ཆོ་ག་དང་འབྲེལ་བར་གཟུངས་སྒྲུབ་རབ་གནས་གནོད་སྦྱིན་འཁོར་ལོ་བྲི་སྒྲུབ་སོགས་གཞུང་བཞིན་མ་ཚང་བ་མེད་པར་སྔོན་དུ་འགྲོ་བའི་གཞུག་ཚུལ་མཁས་གྲུབ་གོང་མ་རྣམས་ཀྱི་ཕྱག་བཞེས་མ་འཁྲུལ་བར། མཁན་རིན་པོ་ཆེ་ཀུན་དཔལ་དང་། བླ་མ་དམ་པ་འོད་གསལ། ཕྲན་བཅས་ནས་ལག་བསྟར་དུ་བགྱིས་པ་ལ། སྐུའི་ནང་ཀུན་དྲི་བཟང་གི་ལྡེ་གུས་ཁྱབ་པར་བྱུགས་པའི་དབུས་སུ་དར་སེར་གྱི་ན་བཟའ་གསོལ་བའི་སྲོག་ཤིང་ཉིད་མདུན་རྒྱབ་མ་ལོག་པར་བརྟན་བྱེད་ཀྱི་སྔགས་དང་སྨོན་ལམ་བཅས་ལེགས་པར་བཙུགས་ཤིང་། ཆོས་སྐུའི་རིང་བསྲེལ་གོང་སྨོས་ཀྱི་གདུང་ཚྭ་སྐུ་སྤར་རིགས་རྣམས་དང་། སྐུ་རྟེན་ལ། འཇམ་དཔལ་ཡེ་ཤེས་སེམས་དཔའ་གོང་སྨོས་དང་། གཞན་འཇམ་མགོན་བློ་བཟང་གྲགས་པས་ཕྱག་སྤར་གནང་བའི་རྗེ་བཙུན་འཇམ་དཔལ་གྱི་འཇིམ་སྐུ་བྱིན་ལྡན། ཙནྡན་དམར་པོ་ལས་གྲུབ་པའི་འཇིགས་བྱེད་ཀྱི་སྐུ། སྨན་འདམ་གྱི་མཁའ་སྤྱོད་མའི་སྐུ་བཅས་བཞུགས། ཆོས་ཀྱི་རིང་བསྲེལ་གྱི་སྐོར་ལ། གཤམ་གསལ་ལྟར་སྨིན་གླིང་གཟུངས་སྒྲིགས་འདི་གའི་སྤར་འཁོད་རིགས་ཆ་བཅུ་རེ། རྗེ་བླ་མ་ཉིད་ཀྱིས་སྒྲིགས་གནང་གཟུངས་སྣ་ཚོགས་ལྔ་བཅུ་པ་ཚར་ལྔ། རང་གཟུངས་ཨ་ར་པ་ཙ་འབུམ་ཐེར་གཅིག་དང་ཁྲི་གཅིག་བརྒྱ་ལྷག འཇམ་དཔལ་གྱི་གཟུངས་སྣ་ཚོགས་བརྒྱ་ལྷག འཇམ་དཔལ་མཚན་བརྗོད་ཕན་ཡོན་དང་བཅས་པ་ཆ་ཉེར་ལྔ། མཚན་བརྗོད་བསྡུས་པ་རྒྱུད་ཀྱི་ཡང་སྙིང་སུམ་འབིད་ཅན་ཆ་སུམ་བརྒྱ་དང་སུམ་བཅུ། རྗེ་ཉིད་ཀྱི་རྒྱུན་གྱི་ཞལ་འདོན་འཇམ་སྡུད་སྨོན་གསུམ་བྱིན་ལྡན། འཇམ་དཔལ་སྐོར་སོགས་ཀྱི་རྩོམ་གཞིའི་ཕྱག་བྲིས་རྩ་ཆེན་དུ་མ། ཤེར་ཕྱིན་ཚུལ་བརྒྱ་ལྔ་བཅུ་པ་ཆ་ཉེར་ལྔ། འཇམ་དཔལ་བསྟོད་པ་བྱིན་རླབས་གཏེར་ཆེན་དང་བཀྲ་ཤིས་མི་འགྱུར་མ་གཉིས་ཆ་བརྒྱ་དང་བརྒྱད་རེ། འཇམ་དཔལ་བསྟོད་པ་རྒྱུད་ཀྱི་དགོངས་འགྲེལ། ཤེས་རབ་རབ་འཕེལ། ཆོ་འཕྲུལ་བསྟོད་སྨོན། ཉེ་སྲས་བརྒྱད་བསྟོད། ཚེས་བཅུའི་གསོལ་འདེབས། འདའ་ཀ་ཡེ་ཤེས། ཀུན་བཟང་སྨོན་ལམ་རྣམས་ཆ་བཅུ་གསུམ་རེ། ཚིགས་བདུན་གསོལ་འདེབས་ཀྱི་བླ་མའི་རྣལ་འབྱོར་དང་ཚོགས་མཆོད། མཆོད་ཆོག་ནོར་བུའི་ཕྲེང་བ། ཙིནྟ་མ་ཎི་ཆ་ལྔ་རེ། བཟང་སྤྱོད་ཆ་བརྒྱད་རྣམས་དང་། རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་གི་རྒྱུད་བཅུ་བདུན། ཀུན་བྱེད་རྒྱལ་པོ། དུས་འཁོར་གྱི་རྒྱུད་ཕྱག་མཆན་ཅན། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་རྩ་འགྲེལ། གསེར་འོད་ས་བཅུ་མ། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དང་བཅས་དར་སྣ་ཚོགས་ཀྱི་ན་བཟའ་དང་བཅས་ཏེ་སྐུའི་སྟོད་སྨད་རང་གནས་དང་མཐུན་པར་གོ་རིམ་མ་ལོག་པར་བཞུགས་སུ་གསོལ། ཡུངས་འབྲུ་ལྟ་བུའི་རིང་བསྲེལ་གྱི་སྐོར་ལ། བལ་ཡུལ་གྱི་མཆོད་རྟེན་འཕགས་པ་ཤིང་ཀུན་ནས་བྱོན་པའི་སངས་རྒྱས་འོད་སྲུང་གི་རིང་བསྲེལ་རྡོག་བདུན་དངོས་དང་། རྗེ་ཉིད་ཀྱིས་སངས་རྒྱས་རིང་བསྲེལ་ཕྱོགས་བསྡུས་ཀྱི་རིལ་བུའི་ནང་། གོང་མཚུངས་སངས་རྒྱས་འོད་སྲུང་གི་རིང་བསྲེལ་རྡོག་བདུན་དང་། བདུད་འདུལ་གཏེར་བྱོན་གསུམ། གྲུ་གུ་རྟོགས་ལྡན་ཤཱཀྱ་ཤྲཱིའི་ཕྱག་བྱུང་རྡོག་གསུམ་བཅས་འཕེལ་གདུང་དངོས་བཅུ་བཞི་དང་། མཆོག་གླིང་གཏེར་བྱོན་རྫོགས་ཆེན་སྟོན་པ་བཅུ་གཉིས་ཀྱི་རིང་བསྲེལ་དང་། སྐུ་གདུང་རིང་བསྲེལ་ཀུན་འདུས། དགའ་རབ་ཤྲཱི་སེང་འཇམ་དཔལ་བཤེས་གཉེན་བི་མ་ལ་སྟེ་རིག་འཛིན་བཞིའི་རིང་བསྲེལ་དང་། དགའ་རབ་གདུང་རྟེན། སྟག་ཤམ་གཏེར་བྱོན་འོད་སྲུང་དབུ་ཀླད། མཉམ་མེད་ཐུབ་པའི་དབང་པོའི་ཚེམས་རིལ། གུ་རུའི་ཚེམས་ལས་བྱུང་བའི་རིང་བསྲེལ། ཀོང་སྤྲུལ་གཏེར་བྱོན་རབ་བདུན་རིང་བསྲེལ། ཕྱོགས་བཅུའི་སངས་རྒྱས་སྟོང་གི་སྐུ་གདུང་རིང་བསྲེལ་རིལ་བུ། དབུ་ཀླད་གདུང་རུས་ཕྱོགས་བསྡུས་སྐུ་གདུང་རིང་བསྲེལ་རིལ་བུ། ཤོག་སེར་ཕྱག་བྲིས། ཆོས་ཀྱི་རིང་བསྲེལ་ཀུན་འདུས། སྐུ་བལ་རིང་བསྲེལ་ཀུན་འདུས། ཡུངས་འབྲུ་ལྟ་བུའི་རིང་བསྲེལ་ཀུན་འདུས་བཅས་བཞུགས་སོ། །སྐུ་གདུང་དང་སྐུ་བལ་གྱི་རིང་བསྲེལ་སྐོར་ལ། སངས་རྒྱས་བ་མོར་སྐུའི་སྐྱེ་བ་བཞེས་དུས་ཀྱི་ཚེམས། དབུས་འགྱུར་རྡོ་རྗེ་གདན་གྱི་སྟོན་པའི་ཞབས་རྗེས་ཀྱི་སྤར་དང་། རྟེན་མ་ཧཱ་བོ་དྷིའི་ཞལ་ཕྱིས། རྡོ་རྗེ་འཆང་མཁྱེན་བརྩེ་རིན་པོ་ཆེའི་དབུ་ཞྭ་རྗེ་ཉིད་ཀྱི་རྒྱུན་བཞེས་བྱིན་ལྡན། ཀུན་མཁྱེན་ཀློང་ཆེན་པའི་དབུ་ཀླད། རྗེ་ཉིད་ཀྱིས་དམ་པ་རྣམས་ཀྱི་གདུང་དང་རིང་བསྲེལ་ཕྱོགས་བསྡུས་གནང་བའི་རིལ་བུའི་ནང་། རྫོགས་ཆེན་སྟོན་པ་བཅུ་གཉིས། རིག་འཛིན་བཞི། པྲ་བྷ་ཧསྟི། བྱང་སེམས་ཆོས་འཕགས། ཤཱཀྱ་དེ་བ། ཆོས་རྒྱལ་ཁྲི་སྲོང་། གཉགས་ཆེན་ཛྙཱ་ན། མངའ་བདག་རལ་པ་ཅན། ལྷ་ལུང་དཔལ་རྡོར། ལྷ་ལྕམ་པདྨ་གསལ། ཀཿདམ་གཙང་བྱམས་གསུམ། གྲུབ་ཆེན་མེ་ལོང་། ཀློང་ཆེན་རབ་འབྱམས། ཁྱབ་བརྡལ་ལྷུན་གྲུབ། རིག་འཛིན་རྒོད་ལྡེམ། ཀརྨ་གླིང་པ། འཇའ་ཚོན་སྙིང་པོ། བདུད་འདུལ་རྡོ་རྗེ། ཆོས་རྗེ་གླིང་པ། མ་ཏི་རཏྣ། མི་འགྱུར་རྡོ་རྗེ། པཎ་ཆེན་ཇོ་བོ་རྗེ། གསེར་གླིང་པ། ཏེ་ལོ་པ། མར་པ་ལོ་ཙཱ། སྲས་དར་མ་མདོ་སྡེ། སྒོམ་པོ་པ། ཕག་གྲུ། དུས་མཁྱེན། པཀྴི། ཨོ་རྒྱན་པ། རང་བྱུང་རྡོ་རྗེ། རོལ་པའི་རྡོ་རྗེ། མཐོང་བ་དོན་ལྡན། སྟག་ལུང་ཐང་པ། སངས་རྒྱས་ཡར་བྱོན། སངས་རྒྱས་དབོན། ཨོ་རྒྱན་མགོན་པོ། ཆོས་སྐུ་མགོན་པོ། མཚོ་སྐྱེས་རྡོ་རྗེ། དྲུང་རྨ་སེ་བློ་གྲོས་རིན་ཆེན། བན་སྒར་འཇམ་དཔལ་བཟང་པོ། དུལ་མོ་བཀྲ་ཤིས་འོད་ཟེར། སྤང་མཁན་ཆེན་འོད་ཟེར་བླ་མ། དཔལ་ཆེན་སྒ་ལོ། གོ་ཤྲཱི་དཔལ་འབྱོར་དོན་གྲུབ། ཀརྨ་ཕྲིན་ལས་དང་པོ། དཔའ་བོ་གཙུག་ལག་དགའ་བ། རྟོགས་ལྡན་མཁའ་སྤྱོད་དབང་པོ། རྒོད་ཚང་པ་མགོན་པོ་རྡོ་རྗེ། འབྲུག་དཔག་བསམ་དབང་པོ། མི་ཕམ་བློ་གྲོས། ཀརྨ་ཆགས་མེད། ཀཿཐོག་ཚེ་དབང་ནོར་བུ། སི་ཏུ་པདྨ་ཉིན་བྱེད། གར་དབང་པདྨ་བློ་གྲོས། ཆུ་གསོལ་འོད་ཟེར་བཟང་པོ། རྒྱལ་ཚབ་གྲགས་པ་མཆོག་དབྱངས། སངས་རྒྱས་གཉན་པའི་སྤྲུལ་སྐུ། འགོས་ལོ་གཞོན་ནུ་དཔལ། བོ་དོང་འཇིགས་བྲལ། མ་ལབ་སྒྲོན། ཌཱ་ཀི་བསོད་ནམས་དཔལ་འདྲེན། ཞྭ་ལུ་བློ་གསལ་བསྟན་སྐྱོང་། མཁྱེན་བརྩེ། མཆོག་གླིང་། ཀོང་སྤྲུལ། རྫོགས་སྤྲུལ་བཞི་པ། ཀཿཐོག་ཞིང་སྐྱོང་སོགས་ཀྱི་སྐུ་གདུང་རིང་བསྲེལ་གདུང་རུས་གདུང་ཁྲུས་གདུང་ཐལ་སོགས་སྣེ་འདུས། གུ་རུ་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་ཕྱོགས་བསྡུས་རིལ་བུ་ནང་། གཏེར་བྱོན་གུ་རུ་ཡབ་ཡུམ་གྱི་བྱང་སེམས་དངོས་དང་གཏའ་སྤེེལ་མཁྱེན་བརྩེས་མཛད་པ། སྟག་ཤམ་དང་། ཀོང་སྤྲུལ་རིན་པོ་ཆེས་གཏེར་གནས་གཉིས་ནས་སྤྱན་དྲངས་པའི་གུ་རུ་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་དང་། མཆོག་གླིང་གཏེར་བྱོན་རྒྱལ་བ་སྲས་བཅས་ཀྱི་བྱང་སེམས་རིལ་བུ། ཆོས་གླིང་གཏེར་བྱོན་མཚོ་རྒྱལ་དང་ཨཱ་ཙ་ར་ས་ལེའི་བྱང་སེམས་བཅས། གུ་རུ་ཡབ་ཡུམ་གྱི་སྐུ་བལ་རིལ་བུའི་ནང་། རྡོར་བྲག་ནང་རྟེན་ནས་བྱོན་པའི་གུ་རུའི་དབུ་ལྗོན། མཆོག་ལྡན་མགོན་པོའི་གཏེར་བྱོན་གུ་རུའི་དབུ་ཞྭ་མཁའ་འགྲོ་འབུམ་གྱི་དབུ་སྐྲ་ལས་གྲུབ་པ། རྡོ་རྗེ་ཐོགས་མེད་གཏེར་བྱོན་གུ་རུའི་དབུ་ལྗོན་འཇའ་འོད་འཁྱིལ་པ། ཀོང་སྤྲུལ་གཏེར་བྱོན་གུ་རུའི་དབུ་ལྗོན། མཚོ་རྒྱལ་དབུ་སྐྲ་འཇའ་འོད་མ། ཐོད་ཕྲེང་སྡེ་ལྔའི་ཕྱག་ཕྲེང་། མནྡ་ར་བའི་ཆོས་གོས། མཚོ་རྒྱལ་གསང་གོས། མཆོག་གླིང་གཏེར་བྱོན། གུ་རུའི་སྐུ་བེར། མནྡ་ར་བའི་ན་བཟའ། མཚོ་རྒྱལ་དབུ་ལྗོན། ན་བཟའ། གསང་གོས། པད་གླིང་གཏེར་བྱོན་གུ་རུའི་སྐུ་ཆིངས། ཉང་གི་གཏེར་བྱོན་གུ་རུ་ཡབ་ཡུམ་གྱི་ཞབས་ཆགས། མཁྱེན་བརྩེའི་གཏེར་བྱོན་མོན་མོ་བཀྲ་ཤིས་ཁྱེའུ་འདྲེན་གྱི་དར་ཤམ་བཅས་དང་། རིག་འཛིན་རྣམས་ཀྱི་སྐུ་བལ་ཕྱོགས་བསྡུས་ནང་། སྨོས་མ་ཐག་པའི་གུ་རུ་ཡབ་ཡུམ་གྱི་སྐུ་བལ་རྣམས་ཀྱི་སྟེང་དུ། ཀོང་སྤྲུལ་གཏེར་བྱོན་ཧཱུྃ་ཀ་རའི་གསང་གོས། བཀའ་བབས་རིག་འཛིན་རྣམ་དགུའི་དབུ་ལྗོན། འཇམ་དཔལ་བཤེས་གཉེན་གྱི་ན་བཟའ། བི་མའི་མཆིལ་ལྷྭམ། ཁྲི་སྲོང་སྐུ་ཆིངས། མཆོག་གླིིང་གཏེར་བྱོན། ཀླུ་སྒྲུབ་ཞབས་ཆགས། ཁྲི་སྲོང་སྐུ་ཆིངས། ན་བཟའ། བཻ་རོ་དང་གནུབས་ཆེན་གྱི་དབུ་སྐྲ། བྱང་ཆུབ་གླིང་པའི་གཏེར་བྱོན་ནམ་སྙིང་དབུ་སྐྲ། སྟག་ཤམ་དབུ་སྐྲ་སངས་རྒྱས་སྟོང་མཉམ། ཐང་རྒྱལ། ཉང་རལ། དྲི་མེད་ལྷུན་པོ། ལེགས་ལྡན་རྡོ་རྗེ། རིན་ཆེན་གླིང་པ། པདྨ་གླིང་པ། གཏེར་བདག་གླིང་པ། ཀཿཐོག་རིག་འཛིན་ཆེན་པོ། མ་ལབ་སྒྲོན་རྣམས་ཀྱི་དབུ་སྐྲ། ས་ར་ཧའི་དུག་སྦྲུལ་པགས་པའི་སྒོམ་ཐག ཏེ་ལོའི་སྒོམ་ཐག་དང་བཞུགས་གདན། ནཱ་རོའི་རུས་རྒྱན། སྙན་རྒྱན། བཞུགས་གདན། དཔལ་ཤ་བ་རིའི་དྲྭ་ཕད། བིཪྺ་པས་ནཻརཉྫ་ན་དང་ཆུ་བོ་གངྒར་བཏབ་པའི་ཕྱག་ཚྭའི་ཆག་དུམ། ཕ་དམ་པའི་རྟེན་འབྲེལ་གལ་ཏ། རྗེ་མར་པའི་བེར་ཀ་བཀྲ་ཤིས་མཐོང་སྨོན། མི་ལའི་དབུ་སྐྲ་སྒོམ་ཐག་ན་བཟའ། སྒ་ལོའི་སྒོམ་ཐག མཉམ་མེད་དྭགས་པོའི་སྒོམ་ཞུ། རས་ཆུང་པའི་དབུ་ཞྭ་དབུ་སྐྲ། གུ་རུ་ཆོས་དབང་གི་དབང་གོས། མེ་ལོང་རྡོ་རྗེའི་གཡང་རས། པདྨ་ལས་འབྲེལ་རྩལ་གྱི་ཕུར་དར ། མངའ་རིས་པཎ་ཆེན་གྱི་དབུ་ཞྭ། ཁ་ཆེ་པཎ་ཆེན་གྱི་དབུ་ཞྭ། ས་སྐྱ་གྲགས་རྒྱལ་གྱི་ན་བཟའ། ཐང་རྒྱལ་གྱིས་འཛམ་གླིང་ཉིན་གཅིག་བསྐོར་དུས་ཀྱི་ན་བཟའ་སླེ་བེར། ཇོ་ནང་ཏཱ་ར་ན་ཐའི་ན་བཟའ། ཇོ་ནང་ཕྱོགས་རྒྱལ་དབུ་སྐྲ། བོ་དོང་པཎ་ཆེན་གྱི་སྣམ་སྦྱར། ཆུ་གསོལ་འོད་ཟེར་བཟང་པོའི་ན་བཟའ། བུ་སྟོན། དངུལ་ཆུ་ཐོགས་མེད། མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ། དིལ་ཀོང་དཔལ་སྤྲུལ་རྣམས་ཀྱི་དབུ་སྐྲ། བསོད་རྒྱལ་གྱི་སྔགས་བན་གསང་བའི་ཡིག་ཆུང་གི་ཤོག་སེར། དེ་སྟེང་སྔར་གྱི་སྐུ་བལ་རིང་བསྲེལ་ཀུན་འདུས་བཅས། སྐུ་ཆོས་ཕྱོགས་བསྡུས་ནང་། མཉམ་མེད་ཐུབ་པའི་དབང་པོའི་སྐུ་ཆོས། མཆོག་གླིང་གཏེར་བྱོན་ཐུབ་དབང་། འོད་སྲུང་། ཤཱ་རིའི་བུ་རྣམས་ཀྱི་སྐུ་ཆོས། ཀོང་སྤྲུལ་གཏེར་བྱོན། ཀུན་དགའ་བོ། བོ་དྷི་ས་ཏྭ། བཻ་རོ་རྣམས་ཀྱི་སྐུ་ཆོས། བྱམས་པ། ནམ་སྙིང་། ཀུན་བཟང་། འཇམ་དཔལ། ས་སྙིང་རྣམས་ཀྱི་རིལ་བུ། མཁྱེན་བརྩེའི་གཏེར་བྱོན་ནམ་སྙིང་སྐུ་ཆོས་རིགས་གཉིས། བྱང་ཆུབ་ལྗོན་འདབ་བཅས་དང་། གཞན་འཕགས་པ་ཐོགས་མེད། བོ་དྷི་ས་ཏྭ། གསེར་གླིང་པ། ཨ་ཏི་ཤ། ཤཱཀྱ་ཤྲཱི། ཀློང་ཆེན་རབ་འབྱམས། དྭགས་པོ་ལྷ་རྗེ། རང་བྱུང་རྡོ་རྗེ། ཕུ་ཆུང་བ། སྤྱན་སྔ་བ། ཕྱྭ་བ་ཆོས་སེང་། ས་པཎ། བུ་སྟོན། ངོར་ཆེན། རོང་སྟོན། ཇོ་ནང་ཀུན་མཁྱེན། གྲོལ་མཆོག རྗེ་ཡབ་སྲས་གསུམ་སོགས་ཀྱི་སྐུ་ཆོས་སྣམ་སྦྱར་ན་བཟའི་རིགས་དང་། སྐུ་བལ་རིང་བསྲེལ་ཕྱོགས་བསྡུས་བཅས། སྐུ་ཤ་ཕྱོགས་བསྡུས་ནང་གཉགས་ལོ་ཡེ་ཤེས་གཞོན་ནུ། ལྷ་བཙུན་བྱང་ཆུབ་འོད། ཕག་གྲུ་རྡོ་རྗེ་རྒྱལ་པོ། ཆོས་དབང་གཏེར་སྲས་པདྨ་དབང་ཆེན། ཡར་རྗེ་ཨོ་རྒྱན་གླིང་པ། རྡོར་གླིང་། རཏ་གླིང་། པད་གླིང་། རྒོད་ལྡེམ། བདེ་ཆེན་གླིང་པ། བྱང་བདག སྤྲུལ་སྐུ་མཆོག་ལྡན་མགོན་པོ། འཁྲུལ་ཞིག་དབང་དྲག་རྒྱ་མཚོ། གནམ་ཆོས་མི་འགྱུར་རྡོ་རྗེ། ཆག་ཆོས་རྗེ་དཔལ། གཙང་པ་རྒྱ་རས། མཁའ་སྤྱོད་དབང་པོ། བོ་དོང་འཇིགས་བྲལ། མཐོང་བ་དོན་ལྡན། རྒྱལ་ཚབ་བཀྲ་ཤིས་རྣམ་རྒྱལ་རྣམས་ཀྱི་སྐུ་ཤ ཤངས་མཚལ་ཕྱོགས་བསྡུས་ནང་། མཆོག་གླིང་གཏེར་བྱོན་གུ་རུ་ཡབ་ཡུམ་གྱི་ཤངས་མཚལ། ཇོ་བོ་རྗེ། ཐང་སྟོང་རྒྱལ་པོ། སྨིན་གླིང་གཏེར་ཆེན། བདུད་འདུལ། ཆོས་གླིང་། ཀཿཚེ་ནོར། ཀརྨ་པཀྴི། མི་བསྐྱོད། ཆོས་དབྱིངས་རྡོ་རྗེ། རྒྱལ་ཚབ་གྲགས་པ་དཔལ་འབྱོར། གྲགས་པ་དོན་གྲུབ་རྣམས་ཀྱི་ཤངས་མཚལ་སྟེང་། སྔར་གྱི་དམ་པ་རྣམས་ཀྱི་ཤངས་མཚལ་ཕྱོགས་བསྡུས་སྣང་མཐའ་རིལ་བུ་བཅས། ཨཀྵོ་བྷྱ་མི་བསྐྱོད་གཙང་ཆབ་ཕྱོགས་བསྡུས་ནང་། མཆོག་གླིང་གཏེར་བྱོན་པྲ་བྷ་ཧ་སྟིིའི་མི་བསྐྱོད་དང་མཚོ་རྒྱལ་གསང་ཆབ། སྨིན་གླིང་གཏེར་ཆེན། བདུད་འདུལ། སྟག་ཤམ། གནམ་ཆོས། རྗེ་མཁྱེན་བརྩེ། དུས་མཁྱེན། རང་བྱུང་རྡོ་རྗེ། བརྒྱད་པ། དགུ་པ། བཅུ་པ། ཞྭ་དམར་དཀོན་མཆོག་ཡན་ལག ཆོས་ཀྱི་དབང་ཕྱུག ཀརྨ་ཆགས་མེད། གྲགས་པ་དོན་ལྡན་རྣམས་ཀྱི་མི་བསྐྱོད་སྟེང་། སྔར་གྱི་གསང་ཆབ་ཀུན་འདུས་མི་བསྐྱོད་རིལ་བུ་བཅས། བཻ་རོ་ཙ་ན་རྣམ་སྣང་ཕྱོགས་བསྡུས་ནང་། སློབ་དཔོན་པྲ་བྷ་ཧ་སྟི། ཐང་རྒྱལ། ཞྭ་དམར་དཀོན་མཆོག་ལན་ཡག་རྣམས་ཀྱི་རྣམ་སྣང་སྟེང་། སྔར་གྱི་གསང་ཆེན་ཀུན་འདུས་དམ་རྫས་དཔལ་གྱི་སྙིང་པོ་བཅས། བོ་དྷི་ཙིཏྟ་བྱང་སེམས་ཕྱོགས་བསྡུས་ནང་། གཏེར་བྱོན་གུ་རུ་ཡབ་ཡུམ་གྱི་བྱང་སེམས་དངོས་དང་གཏའ་སྤེལ། སྟག་ཤམ་གཏེར་བྱོན་ཨོ་རྒྱན་ཡབ་ཡུམ་བྱང་སེམས་དང་། ཀོང་སྤྲུལ་གཏེར་བྱོན་རིགས་གཉིས། མཆོག་གླིང་གཏེར་བྱོན་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི་བྱང་སེམས། མཆོག་གླིང་གཏེར་བྱོན་མཚོ་རྒྱལ་དང་ཨ་ཙཱ་ར་ས་ལེའི་བྱང་སེམས། ཀརྨ་པ་བརྒྱད་པ་དང་བཅུ་པའི་བྱང་སེམས་ག་བུར་རིལ་བུ། དེ་སྟེང་ཟླ་ཐིག་ཀུན་འདུས་རིན་འབྱུང་རིལ་བུ་བཅས། བཛྲ་ཙིཏྟ་ཐུགས་ཕྱོགས་བསྡུས་ནང་། ཀཿདམ་པ་བདེ་གཤེགས། གཏེར་བདག་གླིང་པ། ཁྱུང་པོ་རྣལ་འབྱོར། ལོ་རས། ཀརྨ་ཆོས་གྲགས་རྒྱ་མཚོ། བན་སྒར་འཇམ་དཔལ་བཟང་པོ། རྨ་སེ་བློ་གྲོས་རིན་ཆེན། གཉན་པ་གྲུབ་ཆེན། གསུང་རབ་རྒྱ་མཚོ། རོལ་བའི་རྡོ་རྗེ་རྣམས་ཀྱི་ཐུགས་བཅས་བཞུགས་སོ། །དམ་རྫས་སྐོར་ལ། བླ་མ་དགོངས་འདུས་ལས་གསུངས་པའི་ངག་བྱིན་རླབས་ཀྱི་རྫས་ཚང་བ་རྗེ་ཉིད་ཀྱི་ཕྱག་བསྟར་གྱིས་བསྡུ་སྒྲུབ་ཚད་ལྡན་གནང་བ། མཁྱེན་བརྩེ་རིན་པོ་ཆེའི་གཏེར་བྱོན་འཇམ་དཔལ་བཤེས་གཉེན་གྱིས་སྒྲུབ་པའི་བློ་འཕེལ་རིལ་བུ། ཀོང་སྤྲུལ་གཏེར་བྱོན་འཇམ་དཔལ་ཤེས་རབ་སྤེལ་བའི་རིལ་བུ། མཆོག་གླིང་གཏེར་བྱོན་འཇམ་དཔལ་བཤེས་གཉེན་ཤེས་རབ་རིལ་བུ། རི་བོ་རྩེ་ལྔའི་འཇམ་དབྱངས་ཀྱི་སྐུ་གདུང་གི་དབུ་མ་ནས་བབ་པའི་རིལ་བུ། རི་བོ་རྩེ་ལྔ་དང་ལི་ཡུལ་ལྕང་རའི་འཇམ་དབྱངས་རྟག་ངུ་། བི་མ་ལས་སྒྲུབ་པའི་རྟག་ངུ་རིལ་བུ། སངས་རྒྱས་ཐམས་ཅད་ཀྱི་འཕེལ་གདུང་རིལ་བུ་གཏེར་བྱོན། སྐུ་ཚབ་དངོས་གྲུབ་དཔལ་འབར་གྱི་སྐུ་ལྕིབ་གི་ཝཾ་རིལ་བུ། དམ་རྫས་ཨུ་དུམྦཱ་ར། རྡོར་སེམས་རིལ་བུ། དབྱངས་ཅན་རིལ་བུ། པད་རྒྱལ་དབང་རིལ། མྱོང་གྲོལ་སིདྡྷི་རིལ་བུ། སྨན་སྒྲུབ་མང་པོ་དང་། ས་སྐྱ་གྲགས་རྒྱལ། ས་ལོ་འཇམ་རྡོར། ངོར་སངས་རྒྱས་ཕུན་ཚོགས་དཔལ་ཆེན་ཆོས་ཀྱི་དོན་གྲུབ། ཀརྨ་ཆགས་མེད། མཁྱེན་བརྩེའི་དབང་པོ། བློ་གྲོས་མཐའ་ཡས་བཅས་ཀྱིས་སྒྲུབ་པའི་འཇམ་དབྱངས་རིལ་བུ། སི་ཏུ་ཆོས་འབྱུང་གིས་ཟླ་གཅིག་བསྒྲུབས་པས་རིལ་བུ་བདུད་རྩིར་ཞུ་བ། བཻ་རོའི་འབུམ་དཀར་ནག་བཅུད་ལེན་རྟེན་འདུས་ས་སྣ་ཆུ་སྣ་སོགས་ཀྱི་ཕབས་རྒྱུན་ལ། རྗེ་རང་གི་བསྡུ་བ་ཚད་ལྡན་ཐོག སྨྲ་སེང་དབང་གི་ཞག་གསུམ་དང་། འཇམ་དཔལ་ཞི་ཁྲོའི་སྒོ་ནས་ཟླ་བ་བཅོ་ལྔ། སྨྲ་སེང་རང་གི་སྒོ་ནས་དཔོན་སློབ་ལྔས་ཞག་ལྔ་ལ་སོགས་པར་སྒྲུབ་མཛད་པའི་སྨྲ་སེང་རིལ་བུའི་ཕབས་རྟ་¡eཕབ་གཏའ་འདིའི་རིགས་འདི་ལྟར་ཞུས། ¡fརྡོག་བརྒྱ་དང་བཅོ་ལྔ། འཇམ་དཔལ་དམར་པོ་ལོངས་སྤྱོད་ཚེ་འཕེལ་གྱིས་སྒྲུབ་པའི་སྒྲུབ་རྫས། གུ་རུ་བློ་ལྡན་མཆོག་སྲས་ཀྱི་རིལ་བུ་སྒྲུབ་གནང་ཁུག་མ་གང་། རྡོ་རྗེ་དབྱངས་ཅན་མའི་རིལ་བུ་རྡོག་སོ་ལྔ། འཇམ་དཔལ་དམར་པོའི་ཚེ་རྫས་བུམ་རྫས་ཚེ་ཆང་ལ་བཏབ་རྒྱུ་ཚེ་བཅུད་དྭངས་མ་སྟོབས་འཕེལ། ཉེ་སྲས་བརྒྱད་ཀྱི་དམ་རྫས་ཕྱོགས་བསྡུས་ནང་། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ། གཙང་རོང་བཀྲ་ཤིས་གཏེར་རྫོང་བི་མ་མི་ཏྲའི་འཆི་མེད་ཀེའུ་ཚངས་ནས་སྤྱན་དྲངས་པའི་འཕགས་པ་འཇམ་དཔལ་གྱི་ཤེས་རབ་རིལ་བུ་བློ་གྲོས་མཆོག་སྟེར། སྤྱན་རས་གཟིགས་ཀྱི་འགྲོ་དོན་མཁའ་ཁྱབ་རིལ་བུ། ཕྱག་ན་རྡོ་རྗེའི་མཐུ་སྟོབས་བསྐྱེད་པའི་རིལ་བུ། རྒྱལ་ཚབ་བྱམས་པའི་ཚུལ་ཁྲིམས་རྣམས་དག་རིལ་བུ་འཕགས་པ་ཀུན་དགའ་བོའི་སྨོན་ལམ་གྲུབ་པའི་རིལ་བུ། ས་ཡི་སྙིང་པོའི་བརྟན་གཡོའི་བཅུད་སྤེལ་རིལ་བུ། སྒྲིབ་པ་རྣམ་སེལ་གྱི་སྒྲིབ་འཇོམས་རྫས་མཆོག ནམ་མཁའི་སྙིང་པོའི་ལྟུང་བ་སེལ་བའི་རིལ་བུ་བཅས། ཚེ་རྫས་ཕབས་རྟའི་ནང་གུ་རུ་རིན་པོ་ཆེ་དང་མནྡ་ར་བས་བསྒྲུབས་པའི་ཚེ་རིལ་ཧྲཱིཿརྒྱ་ཅན། བྲག་ཕུག་མ་ར་ཏི་ཀར་ཚེ་སྒྲུབ་མཛད་ཚེ་ཚེ་དཔག་མེད་ཀྱིས་གནང་བའི་འཆི་མེད་བདུད་རྩི་བཞེས་ལྷག་རིལ་བུར་དྲིལ་བ། བཻ་རོའི་ཚེ་རིལ། གུ་རུ་ཡབ་ཡུམ་བཻ་རོ་ཆོས་རྒྱལ་བཅས་ཀྱིས་བསྒྲུབས་པའི་ཚེ་རིལ། གུ་རུ་ཡབ་ཡུམ་གྱི་ཚེ་རིལ་ཨ་རྒྱ་ཅན། མནྡ་ར་བའི་ཚེ་རིལ་འཆི་མེད་རྡོ་རྗེ། རིག་འཛིན་བཅུ་གསུམ་གྱིས་འབྱུང་བཞིའི་བཅུད་བསྡུས་ཚེ་རིལ་བཅས་ཀོང་སྤྲུལ་རིན་པོ་ཆེའི་གཏེར་བྱོན་དང་། ཚེ་རྒྱལ་བྲག་ནས་བཞེས་པའི་ཚེ་རིལ། ཨོ་རྒྱན་ཡབ་ཡུམ་གྱི་ཚེ་རིལ། བི་མ་མི་ཏྲའི་སྒྲོལ་དཀར་ཚེ་རྫས་ཟླ་བའི་སྙིང་པོ། ཚེ་རིལ་ཧྲཱིཿརྒྱ་ཅན་བཅས་མཆོག་གླིང་གཏེར་བྱོན། ད་རི་ཀའི་ཚེ་ཆུ་རིལ་བུ། གཡག་སྡེར་གནུབས་ཀྱི་ཚེ་རྫས། བི་མའི་ཚེ་རྫས། ཟུར་པའི་ཚེ་རྫས་བཅས། རྫོགས་ཆེན་ཚེ་སྒྲུབ་ཀྱི་གཏོར་མའི་བདུད་རྩིས་སྦྲུས་པ། སྐྱེ་བདུན་ཕབས་རྟ་ནང་། ཆོས་དབང་གཏེར་བྱོན་སྐྱེ་བདུན་དབུ་ཐོད་རིལ་བུ། ཨོ་རྒྱན་གླིང་པའི་གཏེར་བྱོན་མནྡ་ར་བས་རྙེད་པའི་སྐྱེ་བདུན་སྐུ་ཤ སངས་རྒྱས་གླིང་པ། ཁ་རག་བདེ་ཆེན་གླིང་པ། པདྨ་གླིང་པ་རྣམས་ཀྱི་གཏེར་བྱོན་གྱི་སྐྱེ་བདུན་ཤ་རིལ། རྡོར་གླིང་གཏེར་བྱོན་སྐྱེ་བདུན་ཐུགས་རིལ། ཟླ་རྒྱལ་གཏེར་བྱོན་བྲམ་ཟེ་པད་དཀར་དབུ་ཐོད། ཡང་པད་དཀར་དབུ་ཐོད། འགྲོ་འདུལ་གླིང་པའི་གཏེར་བྱོན་སྐྱེ་བདུན། བྲམ་ཟེ་ཟླ་བ་སྒྲོལ་མའི་གདུང་རིལ། བདུད་འདུལ་གཏེར་བྱོན་དྲི་མེད་སྙིང་པོའི་གདུང་རིལ། མཁྱེན་བརྩེ་རིན་པོ་ཆེའི་གཏེར་བྱོན་བྲམ་ཟེ་ཉེར་གཅིག་གི་སྐུ་ཤ་རིལ་བུ། མཆོག་གླིང་གཏེར་བྱོན་སྐྱེ་བདུན་ཤ་རིལ། སངས་རྒྱས་གསང་བའི་རྡོར་སེམས་རིལ་བུ། ཐུགས་ཆེན་མ་ཎི་རིལ་བུ་འཁོར་བ་དོང་སྤྲུགས། ཐུགས་ཆེན་རྒྱལ་རྒྱམ་རེག་གྲོལ་སྐྱེ་བདུན་ཕྱོགས་བསྡུས་རིལ་བུ་རྒྱལ་རྒྱམ་སྒོ་ནས་སྒྲུབ་པ། སྐྱེ་བདུན་མཁའ་སྤྱོད་བདེ་ལམ། ཀོང་སྤྲུལ་གཏེར་བྱོན། ཐུགས་ཆེན། ནམ་སྙིང་། སྒྲིབ་སེལ་གསུམ་གྱི་རིལ་བུ། སྐྱེ་བདུན་གདུང་རུས་ལས་གྲུབ་ཆེན་ཏེ་ལོའི་རུས་རྒྱན་སྤེལ་བ། ཨོ་རྒྱན་གླིང་པའི་སྐུ་ཤ འཁྲུལ་ཞིག་དབང་དྲག་རྒྱ་མཚོའི་སྐུ་ཤ་ཐུགས་དང་གློ་མཆིན། ཀརྨའི་མྱོང་གྲོལ་རིལ་ནག འཇའ་ཚོན་གཏེར་བྱོན་མྱོང་གྲོལ་ཡིད་བཞིན་ནོར་བུ། མཁྱེན་བརྩེའི་ཕྱག་གནང་མྱོང་གྲོལ་མ་ཎི་རིལ་བུ་བཅས། སྨན་སྒྲུབ་ཕབས་རྟའི་ནང་། གཏེར་བྱོན་རིག་འཛིན་བརྒྱད་ཀྱིས་སྒྲུབ་པའི་ཆོས་སྨན། མཁྱེན་བརྩེ་རིན་པོ་ཆེའི་ཕྱག་བྱུང་རྒྱ་བོད་མཁས་གྲུབ་རིག་འཛིན་བརྒྱད་སོགས་ཀྱི་དམ་རྫས་སྒྲུབ་གཞུང་སྣེ་སྡུད། ཁྱད་པར་ཨཿཧྲཱིའི་གཏའ་སྤེལ། ཨོ་རྒྱན་ཡབ་ཡུམ་གྱི་བདེ་སྟོང་རོལ་རྫས། རྟེན་འདུས་ཁྱད་འཕགས་གོང་མས་སྤེལ་བའི་ཕབས་རྒྱུན་བྱིན་ཅན་རིགས། རྗེ་དེ་ཉིད་ཀྱིས་སྔ་ཕྱིར་སྒྲུབ་ཐེངས་ཉེར་བརྒྱད་སོང་བའི་ཆོས་སྨན། མཆོག་གླིང་ཀརྨ་པ་ཐེག་མཆོག་རྡོ་རྗེ་སོགས་ཆོས་བདག་བཅུ་གསུམ་གྱིས། སྒྱུ་འཕྲུལ་ཞི་ཁྲོ་ཡང་དག་སོགས་ཀྱི་སྒོ་ནས་བསྒྲུབས་པའི་བདུད་རྩི་ཆོས་སྨན། ཀོང་སྤྲུལ་རིན་པོ་ཆེ་དང་རྗེ་བླ་མ་ཉིད་བཅས་ཀྱིས་རྫོང་ཤོད་དུ་བསྒྲུབས་པའི་བྱིན་རྟེན་ཡང་འདུས། རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དངོས་ཀྱི་ཚལ་བུ། ཀཿསྨིན་རྫོགས་ཆེན་བླ་མ་བཀྲ་ཤིས་སོགས་ཀྱི་བསྒྲུབས་པའི་སྨན་སྒྲུབ་སྣེ་མང་བཅས། རྙིང་མའི་དམ་རྫས་སྤྱི་འདུས་ནང་། སྨན་སྒྲུབ་ཕབས་རྟ། རིང་བསྲེལ། ཉེ་སྲས་གུ་རུ་ཡབ་ཡུམ་གྱི་བྱང་སེམས། སྐུ་བལ། རིག་འཛིན་རྣམས་ཀྱི་སྐུ་བལ། ཚེ་རྫས་ཕབས་རྟ་རྣམས་ཀྱི་སྟེང་། སྨིན་གླིང་གཏེར་ཆེན་གྱིས་ཤ་འུག་ལྟག་སྒོ་ནས་བཞེས་པའི་དམ་རྫས་རོལ་པ་ཆེན་པོ་དང་། གཡའ་མ་ལུང་གི་དམ་རྫས་ཨ་དམ་མ་འཇའ་ཚོན་གཏེར་བྱོན་མྱོང་གྲོལ་ཡིད་བཞིན་ནོར་བུ་དྭགས་པོ་ལྷ་རྗེའི་ཕྱག་རྗེས་ཅན། མཁྱེན་བརྩེའི་གཏེར་བྱོན་རྗེ་འབངས་འདུས་པའི་དམ་རྫས། མཆོག་གླིང་གཏེར་བྱོན་དམ་རྫས་རོལ་པ་ཆེན་པོ་ཨ་རྒྱ་མ། ཐུགས་ཆེན་འཁོར་བ་དོང་སྤྲུགས་རིལ་བུ། སངས་རྒྱས་གསང་བའི་རྡོར་སེམས་རིལ་བུ་འཁོར་བ་དོང་སྤྲུགས་ཧཱུྃ་རྒྱ་ཅན། དམ་རྫས་ཨུ་དུམ་ཝ་ར་བློ་གཏད་གཅིག་ཆོག གཏེར་བྱོན་སིདྡྷི་རིལ་བུ། ཀོང་སྤྲུལ་གཏེར་བྱོན་དམ་རྫས་ཡིད་བཞིན་འཕྲུལ་གྱི་མེ་ལོང་། བླ་མ་གསང་འདུས་སྒྲུབ་རིལ་མཁྱེན་བརྩེས་གནང་བའི་མཆོག་སྒྲུབ་རིལ་བུ་བཅས། བཀའ་བརྒྱུད་རྟེན་འདུས་ནང་། མི་ལ། དྭགས་པོ། དུས་མཁྱེན། པཀྵི། རང་བྱུང་། རྗེ་བརྒྱད་པ། དགུ་པ། བཅུ་པ། བཅུ་གཅིག་པ། རྒྱ་རས། གཙང་སྨྱོན། སྟག་ལུང་ཐང་པ། སངས་རྒྱས་ཡར་བྱོན། ཨོ་རྒྱན་མགོན་པོ། གཡའ་བཟང་བ། བན་སྒར་འཇམ་བཟང་། དྭགས་པོ་བཀྲ་རྣམ། དཔའ་བོ་གཙུག་ཕྲེང་། ཏྲེ་ཧོ་ཆོས་ཀྱི་དབང་པོ། རྒྱལ་ཚབ་གྲགས་པ་མཆོག་དབྱངས། གྲགས་པ་དཔལ་འབྱོར་བཅས་ཀྱི་དབུ་སྐྲ། མར་པའི་བེར་དཀར་དང་ན་བཟའ་ཞལ་འགྲམ། མི་ལའི་སྒོམ་ཐག་དང་རས་གཟན། དར་མ་མདོ་སྡེའི་དབུ་ཀླད་འབྱར་པའི་སྐུ་བེར་དང་གདུང་རུས། དྭགས་པོའི་གདུང་དང་དབུ་ཞྭ། སྒོམ་ཞུ། སྒོམ་ཐག ཕྱག་མཁར། སྐུ་ཆོས། ཞབས་ཆགས། སྨན་སྒྲོའི་ལུང་ཐག རས་ཆུང་པའི་དབུ་སྐྲ་དབུ་ཞྭ། ཕག་གྲུའི་ན་བཟའ་སྒོམ་ཐག གདུང་དང་སྐུ་ཤ དུས་མཁྱེན་ཆོས་གོས་དང་དྲ་ཕད། པཀྵའི་དབུ་ཞྭ་དང་ཚེམས་ཞལ་འགྲམ། རང་བྱུང་རྡོ་རྗེའི་སྐུ་ཆོས། གཡའ་བཟང་པའི་ན་བཟའ། གྲུབ་ཆེན་ཨོ་རྒྱན་པའི་རིང་བསྲེལ་དང་ཞལ་འགྲམ། གླིང་རས་ཀྱི་ན་བཟའ་དང་ཕྱག་མཁར། འབྲི་གུང་སྐྱོབ་པ། སྟག་ལུང་ཐང་པ། སངས་རྒྱས་དབོན། མགར་ཆོས་ལྡིང་པ། སངས་རྒྱས་ཡར་བྱོན། རྒྱལ་བ་རྒོད་ཚང་པ། ཆོས་སྐུ་ཨོ་རྒྱན་མགོན་པོ། ཁྲོང་རུ་ཀུན་ལྡན་རས་པ་རྣམས་ཀྱི་ན་བཟའ། དྭགས་པོ་བཀྲ་ཤིས་རྣམ་རྒྱལ། ཀུན་མཁྱེན་པདྨ་དཀར་པོ། ཡེར་པ་ཡེ་ཤེས་བརྩེགས་རྣམས་ཀྱི་སྐུ་ཆོས། འབྲུག་སྨྱོན་ཀུན་དགའ་ལེགས་པའི་དྲ་ཕད། ཞང་གཡུ་བྲག་པའི་ཆགས་ལྷྭམ། སངས་རྒྱས་ཡར་བྱོན། སངས་རྒྱས་དབོན། ཨོ་རྒྱན་མགོན་པོ། བན་སྒར་འཇམ་བཟང་། རྗེ་བརྒྱད་པ་བཅས་ཀྱི་གདུང་དང་རིང་བསྲེལ། དཔལ་སྒ་ལོ། བན་སྒར། སྤང་མཁན་ཆེན། དྲུང་རྨ་སེ། དུལ་མོ་ཆོས་རྗེ་རྣམས་ཀྱི་དབུ་ཐོད། ལོ་རས་དར་མ་དབང་ཕྱུག སི་ཏུ་ཆོས་ཀྱི་རྒྱལ་མཚན། གསུང་རབ་རྒྱ་མཚོ། བན་སྒར་བ་རྣམས་ཀྱི་ཐུགས། རོལ་པའི་རྡོ་རྗེ། ཆོས་དབྱིངས་རྡོ་རྗེ། མཐོང་བ་དོན་ལྡན། ཀར་ཕྲིན་དང་པོ། གོ་ཤྲཱི་དཔལ་འབྱོར་དོན་གྲུབ། སྟག་ལུང་ཐང་པ། སངས་རྒྱས་དབོན། མཚོ་སྐྱེས་རྡོ་རྗེ། བསྟན་པའི་ཉི་མ། སངས་རྒྱས་ཡར་བྱོན། རྒོད་ཚངས་པ། དཔག་བསམ་དབང་པོ། མཁའ་སྤྱོད་དབང་པོ། གཙུག་ལག་དགའ་བ་རྣམས་ཀྱི་གདུང་རུས། ཀརྨ་ཆགས་མེད་གདུང་ཁྲུས། དབང་ཕྱུག་རྡོ་རྗེའི་ཆིབས་པ་མངོན་ཤེས་ཅན་གྱི་ཚེམས་བཅས། ས་ངོར་རྟེན་འདུས་ནང་། ས་ཆེན་ཀུན་དགའ་སྙིང་པོ། བསོད་ནམས་རྩེ་མོ། གྲགས་རྒྱལ། བླ་མ་དམ་པ་རྣམས་ཀྱི་ན་བཟའ་། ས་པཎ་སྣམ་སྦྱར། ཆོས་འཕགས་དབུ་སྐྲ། ངོར་ཆེན་སྐུ་ཆོས་དང་སྤུར་ཐལ། ཐེེག་ཆེན་ཆོས་རྗེའི་སྣམ་སྦྱར་དང་གདུང་རིལ། རོང་སྟོན་ན་བཟའ་དང་སྐུ་ཆོས། ཚར་ཆེན་སྐུ་ཆོས། ངོར་པའི་བདུད་རྩི་རིལ་བུ། ས་སྐྱའི་ཁྲི་ཆེན་ཕྱག་བྱུང་བདུད་རྩི་སིལ་མ། གོང་མ་ལྔ། ངོར་ཆེན་སོགས་ནས་ཐར་རྩེ་རྡོ་རྗེ་འཆང་བར་གྱི་ཕབས་རྟ་ཕྱོགས་བསྡུས། ས་སྐྱའི་རྟེན་འདོམ་རྒྱལ་པོ་དཔེ་བྲལ་བའི་རིལ་བུ་ཇི་མང་བཅས། ཇོ་ནང་རྟེན་འདུས་ནང་། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་དབུ་ཐོད། ཆོས་རྗེ་ཀུན་མཁྱེན་པའི་ན་བཟའ། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་དབུ་སྐྲ། ཀུན་སྤངས་ཆོས་གྲགས་པའི་དབུ་ཞྭ། ཀུན་དགའ་གྲོལ་མཆོག་གི་སྣམ་སྦྱར། གསང་བདག་ཏཱ་ར་ན་ཐའི་ན་བཟའ། དབུ་ཞྭ། ཕྱག་ཕྲེང་། ལྗགས་ཐལ་ལས་བྱུང་པའི་རིང་བསྲེལ་བཅས། དགེ་ལྡན་རྟེན་འདུས་ནང་། རྗེ་ཙོང་ཁ་པ་ཆེན་པོའི་སྣམ་སྦྱར། དབུ་སྐྲ། ཕྲེང་ཐག རྒྱལ་མཁས་གཉིས་ཀྱི་སྐུ་ཆོས། རྗེ་རིན་པོ་ཆེའི་འཁྲུངས་ཡུལ་གྱི་ཙནྡན་ལོ་མ་མེ་ཏོག་འབྲས་བུ་ཕོན་མང་བཅས། ཞི་བའི་དམ་རྫས་ནང་། མཆོག་གླིང་གཏེར་བྱོན་སངས་རྒྱས་གསང་བའི་རྡོར་སེམས་རིལ་བུ། ཀོང་སྤྲུལ་གཏེར་བྱོན། བུདྡྷ་དང་བཛྲ་ཐོད་ཕྲེང་གི་ཕྱག་ཕྲེང་། ཉེ་སྲས་ནང་གི། སྤྱན་གཟིགས། སྒྲིབ་སེལ། ནམ་སྙིང་རིལ་བུ། སྒྲིབ་སྦྱོང་བྱེ་མ། སྐྱེ་བདུན་དང་སྨན་གྱི་ཕབས་རྟ། ཆོས་འཁོར་རྣམ་གསུམ་གྱི་ཁྲུས་ཆབ། བཀའ་འགྱུར་སྤར་ཁྲུས། རྗེ་ཉིད་ཀྱིས་བསྔགས་པའི་ས་བསྔགས། ཞི་སྦྱིན་ཐལ་བ། རྡོར་ཤུལ་རིག་འཛིན་པས་ཡིག་བརྒྱ་འབུམ་གྱིས་བསྔགས་པའི་ས་བསྔགས་བཅས། རྒྱས་པའི་དམ་རྫས་ནང་། གུ་རུ་ཆོས་དབང་གི་གཏེར་སྒྲོམ་ཚལ་བུ། བླ་མ་དགོངས་འདུས་ཀྱི་གཏེར་སྒྲོམ་ཙནྡན་ས་མཆོག་ཚལ་བུ། ཀོང་སྤྲུལ་གཏེར་བྱོན་ས་སྙིང་བརྟན་གཡོའི་བཅུད་སྤེལ་རིལ་བུ། སྟོན་པའི་ཆོས་འཁོར་བསྐོར་བའི་རྗེས་ཐོག་ལྷ་ཀླུ་སོགས་ཀྱིས་རིན་པོ་ཆེའི་རྡུལ་ཕྱེ་གཏོར་བ་ལ་བྱིན་གྱིས་བརླབས་པའི་རྫས་མཆོག་ཡིད་བཞིན་ནོར་བུ། རཏྣ་དང་ཀརྨ་ཐོད་ཕྲེང་གི་ཕྱག་ཕྲེང་། ཉེ་སྲས། འཇམ་དཔལ་དང་བྱམས་པའི་རིལ་བུ། བྱང་ཆུབ་ཤིང་གི་དུམ་བུ། སྐུ་ཆོས། ཚེ་རྫས། སྨན་སྒྲུབ་རྣམས་ཀྱི་ཕབས་རྟ། གཡང་རྫས། རིན་ཆེན་ཕྱེ་མ། མཚོ་མ་དྲོས་ཀྱི་རིན་ཆེན་སྣ་ལྔའི་ཕྱེ་མ། གངས་ཏི་སེའི་ཅུ་གང་། རྨ་ཆེན་གངས་ཐིག རྒྱས་ཐལ། འཚོ་སྡུད་ཐལ། རྟག་ངུའི་བཅུད་ལེན་རིལ་བུ། ས་སྣ་ཆུ་སྣ་ཀུན་འདུས་བཅས། དབང་གི་དམ་རྫས་ནང་། མཁྱེན་བརྩེས་གནང་བའི་པདྨ་རྒྱལ་པོའི་དབང་རིལ་གཏེར་རྫས་དུ་མ་དང་ལྡན་པ། ཐུགས་རྗེ་ཆེན་པོའི་རིག་བྱེད་མའི་དབང་རིལ། མཁའ་འགྲོ་གསང་འདུས་ཀྱི་དབང་རིལ། སྐུ་ཚབ་དངོས་གྲུབ་དཔལ་འབར་གྱི་སྐུ་ལྕིབ་གི་ཝཾ་ཡིད་འཕྲོག་རིལ་བུ། པདྨ་མཁའ་འགྲོ་རིགས་བྱེད་མའི་རིལ་བུ། ཀོང་སྤྲུལ་གཏེར་བྱོན་པདྨ་ཐོད་ཕྲེང་གི་ཕྱག་ཕྲེང་། ཉེ་སྲས་སྤྱན་རས་གཟིགས་དང་ཀུན་བཟང་སྨོན་གྲུབ་རིལ་བུ། གཡུ་སྒྲོན་དབང་རིལ། རྟ་མགྲིིན་དབང་གི་མྱོས་བྱེད། དབང་གི་ཡང་སྙིང་། སྨིན་མཚམས་སྣུན་པའི་ལི་ཁྲི། དབང་ནོར་རིག་བྱེད་བདུག་སྤོས། འགུགས་པའི་ཡུངས་དཀར། དབང་གུལ། འཚོ་སྡུད། རྩྭ་རི་རྡོ་རྗེ་ཕག་མོའི་གསང་བའི་སིིནྡྷུར་བཅས། དྲག་པོའི་དམ་རྫས་ནང་། ཀོང་སྤྲུལ་གཏེར་བྱོན། བཛྲ་དང་ཀརྨ་ཐོད་ཕྲེང་གི་ཕྱག་ཕྲེང་། ཉེ་སྲས་ཕྱག་རྡོར་རིལ་བུ། ཁྱུང་ཤ་ལྡན་པའི་ཁྱུང་རིལ། རྟ་ནག་ལོགྟིིའི་སྲུང་རྫས། དགུ་སྦྱོར་ཚད་ལྡན། རོལ་རྡོར་དྲག་ཁྲོས་རྫས་རྒོད་ཚད་ལྡན། གཞན་རྫས་རྒོད་ནུས་ལྡན་གཅིག་བཅས། མཆོག་གི་དམ་རྫས་ནང་། རྙིང་མའི་དམ་རྫས་སྤྱིའི་ཕབས་རྟའི་སྟེང་། མཆོག་གླིང་གཏེར་བྱོན་རྡོར་སེམས་རིལ་བུ། མཁྱེན་བརྩེའི་མཆོག་གྲུབ་རིལ་བུ། བསམ་ལྷུན་སྐུ་ཚབ་ལྗིབ་གི་ཝཾ་རིལ་བུ་དོན་གྲུབ་པའི་ཐིག་ལེ། ཀོང་སྤྲུལ་ཉེ་སྲས་ནང་། རིགས་གསུམ། ས་སྙིང་། ཀུན་བཟང་སྨོན་གྲུབ་རིལ་བུ། ཀརྨ་དང་བུདྡྷ་ཐོད་ཕྲེང་གི་ཕྱག་ཕྲེང་བཅས་དོན་ཐམས་ཅད་གྲུབ་པའི་རིལ་བུ། སྨན་གྱི་ཕབས་རྟའི་ནང་། མཆོག་གྱུར་གླིང་པས་སེང་ཆེན་གནམ་བྲག་ནས་སྤྱན་དྲངས་པའི་དྲང་སྲོང་རིག་པའི་ཡེ་ཤེས་ཀྱི་སྨན་གྱི་རིལ་བུ། ག་བུར་དང་ཅུ་གང་རིལ་བུ་གཉིས། པདྨ་འོད་གསལ་མདོ་སྔགས་གླིང་པས་སེང་ངུ་ནས་སྤྱན་དྲངས་པའི་བྱང་ཆུབ་ལྗོན་འདབ། རྗེ་དེ་ཉིད་ཀྱིས་སྒྲུབ་གནང་། སངས་རྒྱས་སྤྱན་མའི་ནད་འཇོམས། ཤེར་ཕྱིན་མའི་ཤུ་དག ལོ་གྱོོན་མའི་རིལ་བུ། གྲུབ་ཐོབ་རིལ་དཀར། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པའི་གཏེར་བྱོན། བུདྡྷ་དང་བཛྲ་ཐོད་ཕྲེང་རྩལ་གྱི་ཕྱག་ཕྲེང་རིལ་བུ། རི་བོ་རྩེ་ལྔའི་རྩྭ་ཀུན་ཏུ་བཟང་པོ། མི་ཕམ་དབང་པོའི་རྩྭ་རི་ཅིག་ཅར་ནས་རྙེད་པའི་རྩྭ་ཀླུ་བདུད་རྡོ་རྗེ། རྗེ་ཉིད་ཀྱིི་རྟག་ངུ་དང་དངུལ་ཆུའི་བཅུད་ལེན། རོ་ཙ་དང་། ཟླ་ཤེལ་བཅས། རྟེན་འདུས་ཕབས་རྟའི་ནང་། གོང་སྨོས། ཚེ་རྫས། སྨན་སྒྲུབ། ཉེ་སྲས། རིང་བསྲེལ། གདུང་རུས། ཐུགས། སྐུ་མཚལ། སྐུ་ཤ མི་བསྐྱོད། རྣམ་སྣང་། བྱང་སེམས། གུ་རུ་ཡབ་ཡུམ་གྱི་བྱང་སེམས། སྐུ་བལ། རིག་འཛིན་རྣམས་ཀྱི་སྐུ་བལ། སྐྱེ་བདུན། སྐུ་ཆོས། སྨན། རྙིང་མའི་དམ་རྫས་སྤྱི་འདུས། ཞི་རྒྱས་དབང་དྲག་མཆོག་གི་རྫས། ས་སྣ་ཆུ་སྣའི་ཕབས་རྟ་སོགས་ཐམས་ཅད་ཚང་བར་བཞུགས་པ་བཅས་སོ། །གཞན་ཡང་། རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་གི་སྡོང་པོ་ལོ་མ་འབྲས་བུ་བཅས་དང་། རྗེ་ཉིད་ཀྱི་རང་སྲུང་ཁྱད་འཕགས་སོགས་སྲུང་འཁོར་དུ་མ་དང་། ཕྱག་མོ་འདེབས་དཔྱད་ཨ་ར་པ་ཙའི་ཤྭ་དང་། བ་སོའི་ཤྭ། བཅུ་ཐིག་གི་ཆས་ཆ་ཚང་། ཐིག་ཤིང་། སྙུ་གུ། སྙུག་གྲི་སོགས་སྐུའི་ཉེར་སྤྱད་རྒྱུན་བཞེས་དུ་མ་དང་། བུམ་རྫས་ཉེར་ལྔ་ཚད་ལྡན་ཏུ་སྦྱར་བ་སོགས་ཀྱིས་སྐུའི་པད་གདན་ཡན་གོང་འོག་གི་འབྲེལ་ལྟར་ཕྱུར་བུར་བཀང་ནས་མཚམས་དར་བཏང་། པད་གདན་ནང་དུ་ཟངས་དཀར་རྩི་བཅུད་ཀྱིས་གཏམས་པའི་ཁར་གནོད་སྦྱིན་ཕོ་དགུ་མོ་དགུའི་འཁྲུལ་འཁོར་དར་ཟབ་ཀྱིས་ཀླུབ་པ་དང་། ཞལ་ཐེམ་ལྟར། དབང་གི་ལིངྒ་ཁྱད་འཕགས་དང་། རུས་སྦལ་གྱི་ལྐོག་མར་བཅས་སྒྲུབ་གནང་བ་ནོར་བུ་དབང་གི་རྒྱལ་པོ་དང་འདྲ་བར་ཆེད་བསྔགས་དཀར་ཆག་ཕྱག་བྲིས་ཟུར་གསལ་ལྟར་དང་། ཨ་རུ་རྣམ་པར་རྒྱལ་བ་ཁྱད་མཚར་རྒྱ་གར་ནས་ཨ་ཙར་བླ་མས་གོར་སུམ་བརྒྱ་བྱིན་ཏེ་ཉོས་པ། རྗེ་ཉིད་ཀྱིས་བསྡུ་སྒྲུབ་མཛད་པའི་གཡང་རྫས་ཁྱད་འཕགས་དང་། སྒྲུབ་གཏོར་དང་དངོས་གྲུབ་ཀྱི་ཕུད། ཞི་རྒྱས་དབང་དང་འཚོ་སྡུད་ཀྱི་ཐལ་བ། སྨན་དང་ཞི་རྒྱས་དབང་མཆོག་གི་ཕབས་རྟ། རྙིང་མའི་དམ་རྫས་སྤྱི་འདུས། རིན་ཆེན་འབྲུ་སྨན་དར་ཟབ། ཀླུ་སྨན། བཀྲ་ཤིས་རྫས་སོགས་ཀྱིས་བཀང་བའི་བུམ་གཏེར་ཚད་ལྡན། ཕྱོགས་བཞིར། རྗེ་བླ་མ་ཉིད་ཀྱིས་སྐུ་ཚེར་སྒྲུབ་པའི་གཟུངས་བུམ་གཏད་ཧྲུལ་ཨ་རུ་རྣམ་རྒྱལ་ལོ་མ་སོགས་མི་མཐུན་ཞི་བྱེད། འཇམ་དཔལ་དམར་པོ་ལོངས་སྤྱོད་ཚེ་འཕེལ་ཀྱི་སྒྲུབ་རྫས་དང་གཡང་རྫས་བམ་ཆེན་གསང་རྫས་ནོར་སྒྲུབ་རྫས་ཤིང་ཐོག་དང་ཚོགས་ཆང་རྫས་སྒྲུབ་གནང་སོགས་ཚེ་བསོད་རྒྱས་བྱེད། རིགས་བྱེད་མའི་རྫས་དང་དབང་གི་ལྕགས་ཀྱུ་སོགས་འགྲོ་བ་དབང་སྡུད། གང་དུ་གནས་པའི་དཔག་ཚད་ཚུན་དུ་རྒྱལ་བསེན་ཐེལ་འགོང་སོགས་འོངས་ན་སྲོག་རྡོ་རྗེ་བེ་ཅོན་གྱིས་འཇོམས་པར་བྱིན་གྱིས་བརླབས་པའི་བེ་ཅོན་དང་། འཕྲུལ་འགྱེད་ཀྱི་སྐོར་སོགས་ཉམས་པ་ཚར་གཅོད་དེ་ལས་བཞི་དང་འབྲེལ་བའི་འཁྱུད་དཔྱད་སྒྲུབ་རྫས་སྲུང་འཁོར་བླ་རྡོ་སོགས་ཁྱད་ཅན་དུ་མ་དང་། རྡོ་ཀ་མ་རུ་པའི་སྨན་རཀ་བཅུད་ཀྱིས་གཏམས་པ། རྒྱ་ནག གཞུངས། མཁྱེན་བརྩེ་རིན་པོ་ཆེ་སོགས་ཀྱི་རིན་ཆེན་ཕྱེ་མའི་སྟེང་རྗེ་ཉིད་ཀྱིས་ཆབ་མདོ་རྫོང་མགོ་རི་ཁྲོད་དུ་གསར་སྡུད་གནང་བའི་རིན་ཆེན་ཕྱེ་མ་ཁྱད་འཕགས་དང་། རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་གི་ལོ་འབྲས། དེ་ཕྱོགས་ཀྱི་ཤིང་སྣ་ཚོགས། བྱ་རྒོད་ཕུང་པོའི་རི་བོ། ཝཱ་རཱ་ཎ་སཱི། ཟ་ཧོར། ཆུ་བོ་གངྒ། ཟ་ཧོར་རྒྱལ་པོས་གུ་རུ་རིན་པོ་ཆེར་གསོན་བསྲེགས་བྱེད་སྐབས་མེ་ཕུང་མཚོར་བསྒྱུར་པའི་མཚོ་པདྨ་ཅན་དབུས་པད་སྡོང་གི་ཚལ་བུ། ཀ་ཤ་མཁའ་འགྲོའི་གླིང་། བྲག་ཕུག་མ་ར་ཏི་ཀ བལ་ཡུལ། ལ་ཕྱི་གངས། གངས་ཏི་སེ། ཙཱ་རི། པདྨ་བཀོད། རོང་བཙན་སོགས་འཕགས་བོད་ཀྱི་རྩྭ་སྣ་ཤིང་སྣ་རྩྭ་འབྲས་སོགས་དང་། སིནྡྷུ་རྒྱ་མཚོའི་ཤིང་འབྲས་དང་སྤོས་རྩ། ཨ་རུ་རྣམ་རྒྱལ་ལོ་མ་སོགས་ཤིང་སྣ་ཀུན་འདུས་དང་། ཐང་སྟོང་རྒྱལ་པོས་གནས་སོ་གཉིས་ཀྱི་ས་སྣ་རྫུ་འཕྲུལ་གྱིས་བསྡུས་པ་དང་། ཤམ་བྷ་ལ་སོགས་གནས་ཡུལ་དྲུག་ཅུ་རྩ་བཞིའི་ས་སྣ་མཁྱེན་བརྩེ་རིན་པོ་ཆེའི་ཕྱག་བྱུང་གཉིས་ཀྱི་སྟེང་། རྡོ་རྗེ་གདན་གྱི་མཆོད་རྟེན་དང་ཕོ་བྲང་གི་ས་རྡོ་ཤིང་སྣ་དང་། བྱང་ཆུབ་ཤིང་གི་ལོ་མ། ཝཱ་རཱ་ཎ་སཱི། ནཻརཉྫ། བྱ་རྒོད་སྤུང་རི། རྩྭ་མཆོག་དྲུང་། ཟ་ཧོར་ཡུལ། མཚོ་པདྨ་ཅན། ག་ཧ་མཁའ་འགྲོའི་གླིང་། དྲིལ་བུ ་རི། པྲེ་ཏ་པུ་རི། ཕག་མོའི་གནས། ཛྭ་ལ་ཛི། ཨ་འབར་མ། ཁ་ཆེའི་ཡུལ། བྷི་ཛི། བལ་ཡུལ་མཆོད་རྟེན་རྣམ་གསུམ། གླང་རི་ལུང་བསྟན་རི། ཡང་ལེ་ཤོད། ཨ་སུ་རའི་སྒྲུབ་ཕུག ཕག་མོ་མངལ་ཆུའི་གནས། འབྲུག་བུམ་ཐང་། སྤ་གྲོ་སྟག་ཚང་། ཆུ་མིག་བྱང་ཆུབ། ལ་ཕྱི། གངས་ཏི་སེ། ལ་སྟོད་རྒྱལ་གྱི་ཤྲཱི། རྩྭ་རི། པདྨ་བཀོད། རོང་བཙན། རྨ་ཆེན། བྲག་དཀར་སྤྲེལ་རྫོང་སོགས། ལ་ཕྱི། དབུས་གཙང་ཁམས་སོགས་ཀྱི་ས་རྡོ་ཤིང་སྣ། མཚོ་པདྨ་ཅན། མ་དྲོས་པ། གངྒཱ། ནཻརཉྫ་ན། ཆུ་མིག་བྱང་སོགས་ཀྱི་ཆུ་སྣ་ཆེས་མང་བ་བཅས་ཕྱོགས་བསྡུ་གནང་བ་དང་། གཞན་ཡང་དཀར་གསུམ་མངར་གསུམ། དར་ཟབ། རིན་ཆེན། འབྲུ་སྣ། སྨན་སྤོས་སོགས་ཀྱིས་ལེགས་པར་བཀང་བའི་སྣོད་དང་བདུད་རྩི་ཅན་གྱི་ཤིང་གི་ཕུར་མ་རྣམས་ཀྱིས་ལེགས་པར་བཀང་། དེ་འཕྲལ་མཁན་རིན་པོ་ཆེ་ཀུན་བཟང་དཔལ་ལྡན་དང་། ཁོ་བོ་ཅག་སོགས་འདུས་པ་བཅོ་ལྔས་ཐུགས་ཆེན་བདེ་གཤེགས་ཀུན་འདུས་ཀྱི་སྒྲུབ་མཆོད་དང་འབྲེལ་བར་རབ་ཏུ་གནས་པའི་ཆོ་ག་ཉིན་གསུམ་མའི་ཕྱག་བཞེས་ལྟར་རྒྱས་པར་བསྒྲུབས་ཤིང་། དེར་འབྲེལ་ཉེ་གནས་བླ་མ་མཆོག་ནས་སྙན་ཤལ་སྣ་ལྔ་དང་། ཡོལ་བ། དངུལ་གྱི་ནས་བཟེད་ཤུབ་ཅན། ཐོད་ཌལ་དངུལ་དཀྲིས་གཡུ་བྱེར་གྱི་ཕྲ་དགུ་དང་། གསེར་གན་བརྡུང་གི་མེ་ཏོག གཟི་བྱེར་གསུམ་འཕན་ཚར་ཅན། ཕྱག་ དྲིལ་རྒྱ་སྲང་ཉེར་ལྔ་འགྲོ་ངེས། དངུལ་གྱི་མཎྜལ་བཅས་འཛོམ་སྟོང་གི་ཀོང་བུ ་ཆེ་ལེགས་སོགས་ཀྱི་མཆོད་རྫས་དང་། སྐྱབས་རྗེ་རིན་པོ་ཆེའི་ཕྱག་དམ་དངུལ་གྱི་ཐིལ་སྣག་ཕྲ་ལྡན་སྤུས་ལེགས་སྒམ་ཆུང་ཅན། མཆོད་དེབས་རྡོ་ཚད་གཉིས་བཅས། ཨ་ཐུབ་ལྷ་སྲས་ནས་ཊམ་ཆོས་སྐྱོང་དར་རྒྱས་ནས་ཊམ་སོགས་ཇི་སྲིད་གཏན་འཇགས་སུ་སྦྱོར་བར་མཛད་པ་ཡིན་ནོ། །༈ གཉིས་པ་དེ་དང་རྗེས་འབྲེལ་ཕྲན་བུ་རང་གིས་དགོངས་རྫོགས་སུ་བཞེངས་པའི་བྱང་ཆེན་མཆོད་རྟེན་བཀྲ་ཤིས་འོད་འབར་ནི། བྱང་ཆུབ་ཡན་ལག་བདུན་གྱི་གྲངས་ལྡན་རང་གི་མཐོ་ཚད། རྒྱུ་གསེར་དངུལ་བཀྲ་མའི་ལུགས་སུ་བྱས་ཏེ། ཕྲ་རྒྱན་ལ། བུམ་སྒོར་གཟི་བཅོ་ལྔ། དཀྲུགས་བྱེར་བཅོ་བརྒྱད། གཡུ་གཉིས། ཨིནྡྲ་ནི་ལ་གཅིག་བཅས་དང་། ཚད་མེད་བཞིར། སྤོོས་ཤེལ་བཅུ་གསུམ། བྱིར་ལུམ་བཅུ་གསུམ། གཡུ་བཅུ་གཅིག རིན་པོ་ཆེ་གཉིས། བུམ་རྒྱན་ལ་བྱེར་ཕྲ་བཞི། མེ་ཏོག་གི་ཆུན་པོར་དྲུག ཁྲི་ལ་བྱེ་རུ་ང་བདུན། གཡུ་སུམ་ཅུ་བཅས་གཟབ་སྒྲོས་སུ་བཞེངས་པར། གཤམ་གསལ་གྱི་ནང་གཞུག་རིགས་མངོན་པར་འདུ་བགྱིས་ནས་སྦྱོང་བ་ཁྲུས་གསོལ་རབ་གནས་རྣམས་སྔོན་དུ་འགྲོ་བས། རང་གི་ལག་བསྟར་གྱིས་སྨིན་གླིང་ལོ་ཆེན་སོགས་ཀྱི་གཟུངས་འབུལ་གྱི་ལག་ལེན་ལྟར་ཞིབ་པར་ཕུལ་བ་ལ། མཆོད་རྟེན་གྱི་སྲོག་ཤིང་ལ་གནས་ཡིག་སོགས་རིན་པོ་ཆེ་དང་པོའི་ཁུ་བས་རང་གི་ལག་བྲིས་བགྱིས་ཤིང་། དེ་དང་མཉམ་དུ་བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་དང་། བསམ་ཡས་མཆོད་རྟེན་དཀར་པོའི་སྲོག་ཤིང་གི་ཚལ་བུ། བྱང་ཆུབ་ཤིང་གི་ལོ་འབྲས། ཆོས་རྒྱལ་ཁྲི་སྲོང་སྐུ་འཁྲུངས་སར་སྐྱེས་པའི་ཙནྡན་སྡོང་པོའི་ཚལ་བུ་དང་། རྡོ་རྗེ་འཆང་མཁྱེན་བརྩེ་རིན་པོ་ཆེས་རྫ་དཔལ་སྤྲུལ་གྱི་རྡོ་འབུམ་ལ་རྫུ་འཕྲུལ་གྱི་རབ་གནས་མཛད་སྐབས་ཡེ་དྷར་འབུམ་ཐེར་གྱིས་ལྗགས་བསྔགས་གནང་བའི་རབ་གནས་ཀྱི་མེ་ཏོག་བཅས་ལེགས་པར་བཅིངས་ཤིང་དར་སེར་གྱི་ན་བཟའ་གསོལ་བ་མདུན་རྒྱབ་མ་ལོག་པར་བརྟན་བྱེད་ཀྱི་སྔགས་དང་སྨོན་ལམ་བཅས་བཙུགས། ཆོས་སྐུའི་རིང་བསྲེལ། གོང་སྨོས་རྗེ་བླ་མའི་གདུང་ཚ་གསུམ་སྨྲྀ་ཏིའི་ཕྱག་ཚ་ཁྱད་འཕགས་གཅིག དབང་ཆེན་དགྱེས་རབ་རྡོ་རྗེའི་ཚེམས་ཆ་གཅིག་བཅས་དང་། སྐུ་རྟེན་རྗེ་བླ་མའི་གདུང་རུས་ལས་སྤར་བའི་རྡོ་རྗེ་འཆང་མཁྱེན་བརྩེ་རིན་པོ་ཆེའི་སྣང་བརྙན་དང་ཕྱག་རྡོར་གྱི་སྐུ། པཎ་ཆེན་ནཱ་རོའི་ཐུགས་དམ་རྟེན་འཁྲུལ་མེད་རྒྱལ་ཡུམ་རྡོ་རྗེ་ཕག་མོའི་ལི་སྐུ་ཤིན་ཏུ་ཁྱད་འཕགས། མདོ་ཁམས་པ་རིམ་བྱོན་གྱི་ཐུགས་དམ་རྟེན་ལི་སེར་གྱི་ཐུབ་སྐུ་བྱིན་ལྡན་དུས་འཁོར་ལྷན་སྐྱེས་ཀྱི་འཇིམ་སྐུ་རྙིང་པ། མདོ་ཁམས་ལྔ་པའི་ཕྱག་བྱུང་གཏེར་བྱོན་གྱི་རྡོ་རྗེ། རྟ་མགྲིན་གྱི་སྒྲུབ་ཕུར་མེ་འབར་མ་བཅས་དང་། བུམ་སྒོར་སངས་རྒྱས་ཀྱི་རིང་བསྲེལ་ནང་བཞུགས་ཐུབ་སྐུ་ཆོས་ལི་སྒྲོས་གཙང་བཅས་བཞུགས། ཆོས་ཀྱི་རིང་བསྲེལ་སྐོར་ལ། རིག་འཛིན་ཐུགས་ཐིག པད་གླིང་བླ་སྒྲུབ། གཏེར་ཁ་གོང་འོག་གི་བླ་སྒྲུབ། སྙིང་ཐིག་རྣམ་གཉིས། ཨ་ཏི་ཟབ་དོན། ཀློང་སྡེ། སེམས་སྡེ། འདུས་མདོའི་བསྐྱེད་རྫོགས་རྣམ་གསུམ་སྤྱི་བྱེ་བྲག་རིགས་ན་རཀ་དོང་སྤྲུགས། སྒྱུ་འཕྲུལ་ཞི་ཁྲོ། སྙིང་པོའི་བཤད་བཀའ། སངས་རྒྱས་མཉམ་སྦྱོར། ཡང་དག་བཀའ་གཏེར་གཉིས། ཕུར་པ་རྟ་ནག་དང་སྤུ་གྲི། བཀའ་བརྒྱད་བདེ་འདུས། གཤིན་རྗེ་དམར་པོ་དང་ཚེ་བདག་དྲེགས་འཇོམས་རྟ་མགྲིན་ཡང་གྲོལ། སེམས་བསྐྱེད་ལུགས་གསུམ་སོགས་ཀྱི་བླ་མ་བརྒྱུད་པ་དང་། འཕགས་ཡུལ་གྱི་རིག་འཛིན་བརྒྱད། མཁན་སློབ་ཆོས་གསུམ། རྗེ་འབངས་ཉེར་ལྔ། དེར་མ་འདུས་པའི་བོད་ལ་བཀའ་དྲིན་ཆེ་བའི་སྔ་འགྱུར་གྱི་ལོ་པཎ་སྐྱེས་ཆེན། རྩོད་བྲལ་གྱི་གཏེར་སྟོན་གཙོ་ཆེ་རིགས་དང་། སྨིན་ལུགས་བླ་བརྒྱུད་རགས་རིམ་སྟོན་པའི་གཏད་རབས་བདུན་སོགས་བསྟན་སྐྱོང་གཙོ་ཆེ་རིགས་ཀྱི་མཚན་སྔགས་དང་ཚིགས་བདུན་གསོལ་འདེབས། དབྱངས་གསལ། གཏེར་གསར་ཐུགས་ཐིག གཏེར་ཁ་གོང་འོག་གི་ནང་གསང་གསུམ་གྱི་བླ་སྒྲུབ། བླ་མ་གསང་འདུས། པད་གླིང་ནོར་རྒྱམ། འོ་བྲན་གུར་དྲག པད་གླིང་དྲག་པོ། ཉང་གི་དྲག་སྒྲུབ། དྲག་པོ་བདེ་འདུས་དྲག་དམར་རྣམས་ཀྱི་སྔགས་དང་། བླ་མ་དགོངས་འདུས་ཀྱི་སྤྱི་དྲིལ་ཆེན་མོ། སྙིང་ཐིག་རྣམ་གཉིས་དགོངས་འདུས་གཙོར་གྱུར་ཡང་གསང་རྫོགས་པ་ཆེན་པོའི་བཏགས་གྲོལ་གྱི་སྐོར་ཡོངས་སུ་གྲགས་པ་རྣམས་དང་། རྒྱུད་ཀྱི་རྒྱལ་པོ་ཀུན་འདུས་རིག་པའི་མདོ། ན་རཀ་དོང་སྤྲུགས། སྒྱུ་འཕྲུལ་གསང་སྙིང་། སངས་རྒྱས་མཉམ་སྦྱོར། ཧེ་རུ་ཀ་གལ་པོ། བདེ་འདུས་ཞི་བ་རིགས་བརྒྱ། ཞེ་གཉིས་པ། རིགས་ལྔ། ཁྲོ་བོ་དཔལ་དགུ སྤྱི་དྲིལ་བཅས་དང་། གསང་རྫོགས་ཞི་བ་དང་ཁྲོ་བོ་ལས་སྔགས། འཇམ་དཔལ་ཕྱག་རྒྱ་ཟིལ་གནོན། ལྕགས་སྡིག་ལས་བྱུང་བའི་ཨེ་ཐུང་། གཤིན་རྗེ་ཁྲོ་ཆུ། ཡང་བཟློག་མེ་ཡི་སྤུ་གྲི། རུ་མཚོན་དམར་པོ། དྲེགས་འཇོམས། སངས་རྒྱས་གསང་བའི་ལུགས་ཀྱི་ཚེ་སྒྲུབ། ཐུགས་ཆེན་བདེ་འདུས། གཏེར་ཁ་གོང་འོག་གི་རྟ་ནག རྟ་མགྲིན་ཡང་ཁྲོས། ནག་ཀླུ་འདུལ། ཆོས་དབང་ཡང་དག་སྙིང་པོའི་ཞི་བ་དང་ཁྲོ་བོ། ཕྱག་རྡོར་དྲེགས་འདུལ། བྱང་གླིང་ཕྱག་རྡོར། ཕྱག་རྡོར་ཁང་བརྩེགས། ཕུར་པ་སྤུ་གྲི། ཉང་གི་མཁའ་འགྲོ་ཆེན་མོ། ཁྲོས་ནག ཕག་མོ་རིགས་འདུས་ཡང་བཟློག ལོཀྟྲི། འཁོར་འབར་བཅས་དང་། གསར་མའི་སྐོར་ལ། བཅོམ་ལྡན་འདས་བདེ་མཆོག་གི་སྙིང་པོ་དང་ཉེ་སྙིང་། རྡོ་རྗེ་ཕག་མོའི་སྙིང་པོ་ཉེ་སྙིང་། རྩ་སྔགས། སྙིང་པོའི་རྣལ་འབྱོར་མ་བཞི། བཅོམ་ལྡན་འདས་མའི་ཕྲེང་བ། བདེ་མཆོག་ཁྲོ་བོ་བཅུ་གཅིག་པ། ཨ་བྷི་དྷཱའི་ཕྱིར་བཟློག ཧེ་རུ་ཀའི་ཡིག་བརྒྱ། ཀྱེ་རྡོར་ཕྱག་གཉིས་པ། ཕྱག་བཞི་པ། ཕྱག་དྲུག་པ། རིགས་ལྔ། ཕྱག་བཅུ་དྲུག་པ། དེའི་རྩ་སྔགས། རྡོ་རྗེ་གུར་གྱི་ཁྲོ་བོ་བཅུ། གསང་འདུས་འཇམ་རྡོར། གསང་འདུས་མི་བསྐྱོད་པ། ལས་ཐམས་ཅད་པ། རྡོར་དབྱིངས། ཀྱེ་རྡོར་ལྷ་བཅུ་བདུན་མ། བདག་མེད་མ། སངས་རྒྱས་ཐོད་པ། གདན་བཞི། བདེ་མཆོག་རིགས་དྲུག་པ། བདུད་རྩི་འཁྱིལ་བ། གསང་འདུས་ཀྱི་ཁྲོ་བོ་དགུ། སྒྱུ་དྲྭ་འཇམ་རྡོར། གཤིན་རྗེ་གཤེད། འཇིགས་བྱེད་རྩ་སྔགས། སྙིང་པོ་ཉེ་སྙིང་། གསང་འདུས། སམ་བུ་ཊི་དྲག་པོའི་གདན་ཅན་ཕྱག་གཉིས་པ། གུར་གྱི་ཡིག་བརྒྱ། དུས་ཀྱི་འཁོར་ལོ་རྐང་པ་བཅུ་དྲུག་པ། དུས་འཁོར་མཆོད་སྔགས། དེའི་སྙིང་པོ། མཚན་བརྗོད་སྔགས། མ་ཧཱ་མཱ་ལ། དགྲ་ནག གཤིན་རྗེ་གདོང་དྲུག རྟ་མགྲིན་ཇོ་བོ་ལུགས། འཇམ་དཔལ་དང་བྱམས་པས་དམ་བཅས་པ། ཕྱག་རྡོར་གོས་སྔོན་ཅན། རྣམ་འཇོམས་སྙིང་པོ། གདུགས་དཀར། པདྨ་གཙུག་ཏོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ། རི་ཁྲོད་ལོ་གྱོན་མ། དེའི་སྙིང་པོ། འོད་ཟེར་ཅན་མ། ཀུ་རུ་ཀུལླེ། སྐུལ་བྱེད་མ། བསིལ་བའི་ཚལ་སོགས་གྲྭ་ལྔའི་ལྷ་མོ། སྐྱབས་འགྲོའི་གཟུངས། སྐྱེ་བ་མེད་པ། རྣམ་སྣང་། མི་བསྐྱོད་པ། རིན་འབྱུང་། འོད་དཔག་མེད། མཚམས་མེད་སྒྲིབ་སྦྱོང་། དོན་གྲུབ། སྨན་ལྷ། དྲི་མེད་འོད། མཆོད་པ། བསྐོར་བ། རབ་གནས། སྒྲིབ་སེལ་ཡོ་བྱད་བྱིན་རླབས། རིན་པོ་ཆེའི་ཏོག མཆོད་རྟེན་བསྐོར་བ། གཙུག་གི་ནོར་བུ། ཚེ་དཔག་མེད། ཀུན་རིག དེ་བཞིན་གཤེགས་པའི་ཡིག་བརྒྱ། གདུགས་དཀར། ཕྱག་རྡོར། དོན་ཞགས། སྤྱན་གཟིགས། མགྲིན་སྔོན། བྱང་སེམས་བརྒྱད། གཟི་བརྗིད་ཆེན་པོ། བྱང་ཆུབ་སེམས་དཔའ་སྤྱི། རྡོ་རྗེ་རྣམ་འཇོམས། ཤེར་སྙིང་སཾ་སྐྲྀ་ཏའི་སྐད། བཅུ་གཅིག་ཞལ། སེང་གེའི་སྒྲ། འཇམ་དཔལ་བློ་འཕེལ། དཔའ་བོ་གཅིག་གྲུབ། རིག་པ་ཆེན་པོ། རྡོར་དབྱིངས། ཆོས་དབྱིངས། སྔགས་དབྱིངས། རབ་གནས། ཤེར་ཕྱིན་ཡི་གེ་ཉུང་ངུ་། ཡིག་བརྒྱ། རྡོར་དབྱིངས། སྒོ་མཐའ་ཡས། གུར་གྱི་སྒྲོལ་མ། འོད་ཟེར་ཅན། སྟོང་ཆེན་རབ་འབྱམས། གསང་སྔགས་རྗེས་འཛིན། བསིལ་ཚལ། རྨ་བྱ་ཆེན་མོ། ཆོས་དབྱིངས་གསུང་དབང་། ངན་འགྲོ་སྦྱོང་བ། དེའི་ལས་སྔགས། འབྱུང་འདུལ། འོད་ཟེར་ཅན། ལོ་མ་ཅན། རྣམ་རྒྱལ་མ། སྤྱོད་རྒྱུད་ཚེ་དཔག་མེད། ཚངས་པ། བརྒྱ་བྱིན། དབང་ཕྱུག ཁྱབ་འཇུག ལྷ་མོ་བརྒྱད། ཕྱོགས་སྐྱོང་བཅུ། རྒྱལ་ཆེན་བཞི། ཚེས་དང་གཟའ་སྐར། བགེགས་བསྐྲད་པ། དཔལ་ལྷ་མོ། ནོར་རྒྱུན་མ། ཛཾ་བྷ་ལ། ཕུན་སུམ་ཚོགས་པའི་བཀྲ་ཤིས་ཀྱི་སྔགས། ཐུབ་པ་གྲོང་འཇུག་གི་སྨོན་ལམ། ཆོས་ཐམས་ཅད་ཀྱི་ཡུམ་གྱི་གཟུངས། སྟོང་ཕྲག་བརྒྱ་པ། ཉི་ཤུ་ལྔ་པ། བརྒྱད་སྟོང་པ། ཕལ་བོ་ཆེ། སྡོང་པོ་བཀོད་པ། ཏིང་འཛིན་རྒྱལ་པོ། ཚད་མེད་བཞི། ཕར་ཕྱིན་དྲུག དེའི་སྙིང་པོ། ཕར་ཕྱིན་བཅུ། སངས་རྒྱས་རབ་བདུན་གྱི་གསོ་སྦྱོང་སོགས་མདོ་གཟུངས་སྐོར་དང་། ཆོས་སྐྱོང་སྐོར་ལ། རྒྱུད་མགོན་ལེགས་ལྡན། ཉང་གཏེར་མགོན་དཀར། གཉོས་ལུགས་ཏྲཀྴད་ལྕམ་དྲལ། དུར་ཁྲོད་ལྷ་མོ། དཔལ་མགོན་ཕྱག་བཞི། མ་ནིང་། མགོན་པོ་སྡེ་ལྔ། ཞལ་བཞི། ཨེ་ཀ་ཙ་ཊཱི། སྲོག་སྒྲུབ་མ། མགོན་པོ་སྟག་ཞོན། གཟའ་བདུད། གནོད་སྦྱིན། དམ་ཅན། རྣམ་སྲས་སྤྲིན་གསེབ་མ། རྟ་སྔོན་ཅན། ཕྱག་མཚན་བཞི་པ། ཞང་བློན། ཛཾ་དམར། ལྷ་ཆེན་རླུང་ཞགས། ཞིང་སྐྱོང་སེང་གདོང་། གཏེར་གསར་ལྷ་ཆེན་ལས་གཤིན། ཕུར་སྲུང་། བྲག་བཙན། པེ་ཧར། གནོད་སྦྱིན། བདུད་བཙན། མགོན་པོ་སྤྱི་སྔགས་བཅས་དང་། ཡང་ཕྱག་བཞི། ཞལ་བཞི། སྔགས་སྲུང་། གཟའ། རྣམ་སྲས། རྡོར་ལེགས་རྣམས་ཀྱི་སྔགས་འདོད་གསོལ་བཅས། གཞན་ཡང་། མཆོད་སྤྲིན་དང་། མཆོད་སྤྲིན་འབྱུང་བ། ནམ་མཁའ་མཛོད་རྣམས་དང་། རྒྱལ་གསུངས་མདོ་སྔགས་ཀྱི་སྨོན་ལམ་བཀྲ་ཤིས་སྐོར་བཅས་ཐམས་ཅད་ཚར་བཅུ་གསུམ་རེ་དང་། གཟུངས་ཀྱི་གཙོ་བོ། གཙུག་ཏོར་རྣམ་རྒྱལ། གཙུག་ཏོར་དྲི་མེད། གསང་བ་རིང་བསྲེལ། བྱང་ཆུབ་རྒྱན་འབུམ། རྟེན་འབྲེལ་སྙིང་པོ་སྟེ་གཟུངས་ཆེན་སྡེ་ལྔ་དང་། དེ་དང་འབྲེལ་བའི་དྲི་མེད་འོད་ཀྱི་མཆོད་རྟེན་གཟུངས། མཆོད་རྟེན་གཅིག་བྱས་ན་བྱེ་བར་འགྱུར་བའི་གཟུངས། ཇོ་བོའི་ཐུགས་དམ་ལྷ་བཞིའི་སྙིང་པོ། སྤྱན་རས་གཟིགས་ཀྱི་གཟུངས། རིག་པ་ཕུག་རོན་བཅས་སོ་སོར་ཚར་ལྔ་བཅུ་རེ་དང་། གཟུངས་ཆེན་སྡེ་ལྔ་བསྡུས་པ་སོགས་གཟུངས་ཡན་སྐོར་ཅི་རིགས་པ་དང་། ཁྱད་པར། སྨིན་གླིང་ཟབ་ལམ་ཐུགས་ཆེན་བདེ་འདུས་ཀྱི་ཤོག་སེར་ཚལ་བུ། བཻ་རོའི་ཕྱག་བྲིས་རྒྱ་དཔེ་ཏཱ་ལའི་ལོ་མ། ཉང་གཏེར་བཀའ་བརྒྱད་བླ་དཔེ་ཚལ་བུ། ཞལ་ཐེམ་ལྟར་ཆེད་སྩལ། རྗེ་བླ་མའི་ཕྱག་བྲིས། དུས་འཁོར་སྒྲུབ་ཐབས། སྦྱོར་དྲུག མན་ངག་བེ་བུམ། སྔགས་འབུམ། སྒྱུ་མ་བེ་བུམ། སྐད་གཉིས་ཤན་སྦྱར། དབྱངས་འཆར་མན་ངག་སྐོར་སོགས་རྩ་བའི་རྩོམ་གཞི་པོད་གཉིས་བཅས་དང་། བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་ཆོས་སྡེ་ཐེམ་བྱང་ལྟར་ཡོངས་སུ་རྫོགས་པ། རྗེ་ཉིད་ཀྱིས་མཛད་པའི་སངས་རྒྱས་མཚན་འབུམ་རྒྱས་པ། ལས་སྒྲིབ་རྒྱུན་གཅོད་ཀྱི་གཟུངས་སྔགས་བརྒྱ་རྩ། འཕགས་པ་ཉེ་སྲས་བརྒྱད་ཀྱི་རྟོགས་བརྗོད་བཅས་སྤར་མ་དང་། ཤོག་སེར་ཕྱག་བྲིས་ཆོས་ཀྱི་རིང་བསྲེལ་ཀུན་འདུས་དམ་རྫས་གསེར་ཞུན་ཆེན་མོ་འཇམ་མགོན་རྡོ་རྗེ་འཆང་ཀོང་སྤྲུལ་རིན་པོ་ཆེའི་ཕྱག་བྱུང་བཅས་གོང་འོག་གི་གནས་མ་འཆོལ་བར་ལེགས་པར་བཞུགས་པའོ། །ཡུངས་འབྲུ་ལྟ་བུའི་རིང་བསྲེལ་གྱི་སྐོར་ལ། མཁས་ཤིང་དངོས་གྲུབ་བརྙེས་པའི་རང་མེས་རིག་འཛིན་ཆེན་པོ་ཨ་གྲོ་སྒྲ་རམས་པ་ལྷ་ལྡན་ཇོ་བོ་མཇལ་བར་ཕེབས་ཚེ། ཇོ་བོའི་མཛོད་སྤུ་ནས་འོད་ཟེར་གྱི་རྩེ་ལས་དངོས་སུ་བྱོན་པའི་རིང་བསྲེལ་རྡོག་ཤིན་ཏུ་ཆེ་བ་སོར་ཚིག་ཙམ་ཤིན་ཏུ་ཁྱད་འཕགས་གཅིག བསམ་ཡས་མཆོད་རྟེན་དཀར་པོ་ལས་བྱོན་པའི་མཉམ་མེད་ཐུབ་པ་ཆེན་པོའི་རིང་བསྲེལ་གཅིག གཏེར་ཆེན་བདུད་འདུལ་རྡོ་རྗེའི་གཏེར་བྱོན་རི་ཆེའི་ཡང་དགོན་རྟེན་ཁྲོད་ནས་བྱུང་བའི་སངས་རྒྱས་འོད་སྲུང་གི་རིང་བསྲེལ་གཅིག བལ་ཡུལ་འཕགས་པ་ཤིང་ཀུན་ནས་བྱོན་པ་རྗེ་བླ་མའི་ཕྱག་བྱུང་གཅིག གླིང་ཡ་དའི་རྟེན་སྒོམ་ནང་སངས་རྒྱས་འོད་སྲུང་གི་བྲང་རུས་བཞུགས་པ་ལས་འཕེལ་བ་གཅིག རྒྱ་ནག་མཁན་པོའི་རྟེན་སྒོམ་ནས་བྱུང་བའི་འོད་སྲུང་རིང་བསྲེལ་གཅིག གཙང་གཤིས་རྡོ་རྗེ་གྲོ་ལོད་ནས་དགེ་སྟེར་གྱིས་སྤྱན་དྲངས་པ་གཅིག་བཅས་རིང་བསྲེལ་དངོས་རྡོག་བདུན་དང་། རྫོགས་ཆེན་སྟོན་པ་བཅུ་གཉིས། འཕགས་ཡུལ་རིག་འཛིན་བརྒྱད་སོགས་ཀྱི་སྐུ་གདུང་རིང་བསྲེལ་ཕྱོགས་བསྡུས་དམ་རྫས་རྩ་བའི་ཕབས་རྟ་མཁྱེན་བརྩེ་རིན་པོ་ཆེའི་ཕྱག་བྱུང་། ཀོང་སྤྲུལ་རིན་པོ་ཆེས་སྐུ་མཆོག་བདེ་ཆེན་ཕུག་ནས་སྤྱན་དྲངས་པའི་སངས་རྒྱས་རབ་བདུན་གྱི་རིང་བསྲེལ་བྱིན་རླབས་རིལ་བུ། གནས་མཆོག་པདྨ་ཤེལ་རི་ནས་གཏེར་ཆེན་མཆོག་གྱུར་གླིང་པས་སྤྱན་དྲངས་པའི། རྫོགས་ཆེན་སྟོན་པ་བཅུ་གཉིས་དང་། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སེདྷ། བི་མ་ལ་བཅས་ཀྱི་སྐུ་གདུང་རིང་བསྲེལ་གཅིག་བསྡུས། པདྨ་ལྷ་རྩེའི་དབུས་རི་བདེ་ཆེན་ཕུག་ནས་སྤྱན་དྲངས་པའི་ཕྱོགས་བཅུའི་སངས་རྒྱས་སྟོང་གི་སྐུ་གདུང་རིང་བསྲེལ་ཕྱོགས་བསྡུས། ཙཱ་འདྲའི་གཏེར་བྱོན་ཕྱོགས་ཅུའི་རྒྱལ་བ་སྲས་བཅས་ཀྱི་སྐུ་གདུང་རིང་བསྲེལ་གཅིག་བསྡུས་དམ་རྫས་རིན་པོ་ཆེའི་ཏོག གསང་བདག་ཟུར་ཆེ་ཆུང་གིས་རྫུ་འཕྲུལ་གྱི་བཀོད་པ་བཞེངས་པའི་ཤངས་མདའི་ཡི་དམ་དཔལ་ཆེན་པོའི་སྐུ་ཡི་ཚལ་བུ་བཅས་བཞུགས། སྐུ་གདུང་དང་སྐུ་བལ་གྱི་རིང་བསྲེལ་སྐོར་ལ། གཙོ་བོར་རྗེ་བླ་མའི་གདུང་རུས་དང་། མཚམས་སྐྲ། ཤངས་མཚལ། ཕྱག་སེན། སྤུར་རས། ན་བཟའ་བཅས་ཕོན་ཆེ་བ་དང་། ལྷ་ལུང་རྟེན་སྒོམ་ནས་བྱོན་པའི་ཀུན་མཁྱེན་ཀློང་ཆེན་པའི་དབུ་ཀླད་དང་། མཆིམས་ཕུའི་གདུང་རྟེན་ཞིག་གསོས་སྐབས་བྱོན་པའི་གདུང་རུས་འཁྲུལ་མེད། རྡོ་རྗེ་འཆང་མཁྱེན་བརྩེ་རིན་པོ་ཆེའི་གདུང་རུས། འཁོར་ལོའི་མགོན་པོ་ཀོང་སྤྲུལ་རིན་པོ་ཆེའི་དབུ་ཐོད་ཚལ་བུ། གྲུབ་ཆེན་ཤེར་ཡའི་དབུ་ཀླད། དཔལ་སྤྲུལ་གདུང་རུས། མཁན་ཆེན་པདྨ་བཛྲའི་ཚེམས། བླ་མ་རིན་པོ་ཆེ་མངྒ་ལའི་གདུང་རུས། སྐྱབས་རྗེ་རབ་འབྱམས་ལྔ་པའི་གདུང་རུས་རྣམས་དང་། ཀརྨའི་དཔལ་དེའུ་ནས་སྤྱན་དྲངས་པའི་ཨོ་རྒྱན་རིན་པོ་ཆེའི་དབུ་ལྗོན་རིལ་བུ། ཤེལ་ཕུག་གཏེར་བྱོན་མཁན་ཆེན་བོ་དྷི་ས་ཏྭའི་སྐུ་ཆོས་རིལ་བུ། པདྨ་ལྷ་རྩེ་ནས་སྤྱན་དྲངས་པའི་ཆོས་རྒྱལ་ཁྲི་སྲོང་གི་སྐུ་ཆིངས་རིལ་བུ། དེ་བཞིན་དུ། མཁའ་འགྲོ་འབུམ་རྫོང་གི་སློབ་དཔོན་པྲ་བྷ་ཧསྟིའི་གདུང་། འབུར་མོའི་ཧཱུྃ་ཀ་རའི་གསང་གོས་དང་ཀུན་དགའ་བོའི་སྐུ་ཆོས། གཉེན་རྫོང་བདེ་ཆེན་ཕུག་གི་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་ན་བཟའ། ཟླ་ཉིན་ཁ་ལ་རོང་སྒོའི་འོད་སྲུང་གི་སྐུ་ཆོས། སེང་བྲག་གི་གུ་རུའི་སྐུ་བེར་དང་མཚོ་རྒྱལ་གསང་གོས། ཤེལ་ཕུག་མཚོ་རྒྱལ་དབུ་སྐྲ། སྐུ་མཆོག་བདེ་ཆེན་ཕུག་གི་ཐོད་ཕྲེང་སྡེ་ལྔའི་ཕྱག་ཕྲེང་། རྫོང་ཤོད་བཻ་རོའི་སྐུ་ཆོས། ཡལ་བྲག་དང་ཤེལ་ཕུག་གི་བཻ་རོའི་དབུ་སྐྲ། ཡེལ་ཕུག་དང་ཀརྨའི་གནུབས་ཆེན་དབུ་སྐྲ། པཎ་ཆེན་བི་མའི་མཆིལ་ལྷྭམ། བལ་མོ་ཤཱཀྱ་དེ་བའི་དབུ་ཐོད། གཉགས་ཆེན་ཛྙཱ་ནའི་སྐུ་གདུང་། ལྷ་ལུང་དཔལ་རྡོར་གྱི་སྐུ་གདུང་བཅས་དང་། མངའ་བདག་ཉང་གི་གཏེར་བྱོན་གུ་རུ་ཡབ་ཡུམ་གྱི་ཞབས་ཆགས། པད་གླིང་དང་ལྷ་སྲས་རིན་ཆེན་ཕུན་ཚོགས་ཀྱི་གཏེར་བྱོན་གུ་རུའི་སྐུ་ཆིངས། པད་གླིང་གཏེར་བྱོན་ལྷ་ལྕམ་པདྨ་གསལ་གྱི་དབུ་ཐོད། སངས་གླིང་བླ་མ་དགོངས་འདུས་གཏེར་སྒྲོམ་ཙནྡན་ས་མཆོག་ཚལ་བུ། ཀཿདམ་པ་བདེ་གཤེགས་ཀྱི་ཐུགས། གཙང་སྟོན་དང་བྱམས་པ་འབུམ་གྱི་དབུ་ཐོད། མངའ་བདག་ཉང་དང་རྒོད་ལྡེམ་པའི་གདུང་། རྡོར་གླིང་དབུ་ཞྭ། མེ་ལོང་རྡོ་རྗེའི་རས་གོས། ཨོ་རྒྱན་གླིང་པ་དང་སྤྲུལ་སྐུ་མཆོག་ལྡན་རྡོ་རྗེའི་སྐུ་ཤ ཀརྨ་གླིང་པའི་དབུ་ཐོད། འཇའ་ཚོན་སྙིང་པོའི་གདུང་། པདྨ་ལས་འབྲེལ་རྩལ་གྱི་ཕུར་དར ། དྲི་མེད་ལྷུན་པོའི་དབུ་སྐྲ། མངའ་རིས་པཎ་ཆེན་དབུ་ཞྭ། རོལ་པའི་རྡོ་རྗེའི་ཐུགས། ཀཿཐོག་རིག་འཛིན་ཆེན་པོའི་གདུང་རུས། སཱ་ཱར་ཧའི་དུག་སྦྲུལ་པགས་པའི་སྒོམ་ཐག ཏཻ་ལོ་པའི་དབུ་ཐོད། ནཱ་རོའི་རུས་རྒྱན། ཤ་བ་རིའི་དྲ་ཕད། བིཪྺ་པའི་རྫུ་འཕྲུལ་གྱི་ཕྱག་ཚ། ཕ་དམ་པའི་རྟེན་འབྲེལ་གལ་ཏ། གསེར་གླིང་པའི་གདུང་རུས། ཇོ་བོ་རྗེའི་ཤངས་མཚལ་དང་གདུང་། ཁ་ཆེ་པཎ་ཆེན་གྱི་ན་བཟའ། མར་པའི་ཞལ་འགྲམ། མི་ལའི་རས་གཟན། དྭགས་པོའི་སྒོམ་ཞུ་དང་ཕྱག་མཁར། ཕག་གྲུ་དང་ཐང་པའི་གདུང་། གླིང་རས་ན་བཟའ་དང་ཕྱག་མཁར། རྒྱ་རས་དབུ་སྐྲ། གཙང་སྨྱོན་སྒོམ་ཐག ཀརྨ་པཀྴའི་དབུ་ཐོད། རང་བྱུང་རྡོ་རྗེའི་སྐུ་ཆོས། རོལ་པའི་རྡོ་རྗེའི་གདུང་རུས། མཐོང་བ་དོན་ལྡན་གྱི་སྐུ་ཤ་དང་གདུང་། ཆོས་གྲགས་རྒྱ་མཚོའི་ཐུགས། རྗེ་བརྒྱད་པ་དང་དགུ་པའི་གདུང་རུས། ཐེག་མཆོག་རྡོ་རྗེའི་གསང་ཆབ། གྲུབ་ཆེན་ཁྱུང་པོའི་ཐུགས། དཔལ་སྒ་ལོའི་སྒོམ་ཐག མ་ལབ་སྒྲོན་གྱི་དབུ་ཐོད། བོ་དོང་འཇིགས་བྲལ་ཆེན་པོའི་སྐུ་ཤ འགོས་ལོ་གཞོན་ནུ་དཔལ་གྱི་ཞལ་འགྲམ། ལྷ་བཙུན་བྱང་ཆུབ་འོད་ཀྱི་སྐུ་ཤ ཕུ་ཆུ་བའི་ན་བཟའ། སྤྱན་སྔ་བའི་སྐུ་ཆོས། ཕྱ་བ་ཆོས་སེང་གི་སྐུ་ཆོས། བུ་སྟོན་དང་། དངུལ་ཆུ་ཐོགས་མེད་ཀྱི་དབུ་སྐྲ། རོང་སྟོན་ཤེས་བྱ་ཀུན་གཟིིགས་ཀྱི་ན་བཟའ། རྗེ་ཡབ་སྲས་གསུམ་གྱི་སྐུ་བལ། ཞྭ་ལུ་བློ་གསལ་བསྟན་སྐྱོང་གི་གདུང་རུས་བཅས་ཀྱི་རིལ་བུ་རྣམས་རྗེ་ཀོང་སྤྲུལ་རིན་པོ་ཆེའི་ཕྱག་བྱུང་དང་། སྨིན་གླིང་གཏེར་ཆེན་སྐུ་མཆེད་ཀྱི་དབུ་སྐྲ་དང་ན་བཟའ། རིན་འཛིན་འཇིགས་མེད་གླིང་པའི་ན་བཟའ། མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་ན་བཟའ། རིག་འཛིན་དཔལ་འབྱོར་རྒྱ་མཚོ་དང་བསྟན་འཛིན་ཆོས་རྒྱལ་དབོན་སྤྲུལ་གསུམ་གྱི་དབུ་སྐྲ། ཉག་བླ་པདྨ་བདུད་འདུལ་གྱི་དབུ་སྐྱེས། དིལ་ཀོང་རྣམ་གཉིས་ཀྱི་དབུ་སྐྲ་ན་བཟའ་གསང་ཆབ་རྣམས་དང་། ཀོང་སྤྲུལ་རིན་པོ་ཆེའི་ཕྱག་བྱུང་། སྐུ་བལ་རིང་བསྲེལ་ཀུན་འདུས་དམ་རྫས་ཛམྦུའི་ཆུ་གསེར། སྐུ་ཤ་ཕྱོགས་བསྡུས་དམ་རྫས་ས་ལེ་སྦྲམ། གསང་ཆབ་མི་བསྐྱོད་རིལ་བུ་དམ་རྫས་བཻ ཌཱུཪྱ། བྱང་སེམས་ཟླ་ཐིག་ཀུན་འདུས་རིན་འབྱུང་རིལ་བུ་དམ་རྫས་ཟླ་ཤེལ་གཞོན་ནུ། བྱང་སེམས་ཤངས་མཚལ་ཕྱོགས་བསྡུས་སྣང་མཐའ་རིལ་བུ་དམ་རྫས་པདྨ་རཱ་ག སྐུ་གདུང་རིང་བསྲེལ་དོན་གྲུབ་རིལ་བུ་དམ་རྫས་གཡུ་ཞུན་འཁྱིལ་བ། གསང་ཆེན་ཀུན་འདུས་རྣམ་སྣང་དམ་རྫས་དཔལ་གྱི་སྙིང་པོ་བཅས་བཞུགས་སོ། །དམ་རྫས་སྐོར་ལ། རིག་འཛིན་གཏེར་བདག་གླིང་པས་བྲག་དམར་གཡའ་མ་ལུང་ནས་སྤྱན་དྲངས་པའི་དམ་རྫས་ཨ་དམ་མ། ཀོང་སྤྲུལ་རིན་པོ་ཆེས་གཙང་རོང་བཀྲ་ཤིས་གཏེར་རྫོང་ནས་སྤྱན་དྲངས་པའི་འཕགས་པ་ཉེ་སྲས་བརྒྱད་ཀྱི་སྒྲུབ་རིལ་ཚང་མ། ཆོས་དབང་གཏེར་བྱོན་སྐྱེ་བདུན་དབུ་ཐོད། བྲམ་ཟེ་པདྨ་དཀར་པོའི་དབུ་ཐོད། མནྡ་ར་བས་རྙེད་པའི་སྐྱེ་བདུན། པད་གླིང་། རྡོར་གླིང་། བདུད་འདུལ། འཇའ་ཚོན། ཀུན་བཟང་བདེ་ཆེན་རྒྱལ་པོ་རྣམས་གཏེར་བྱོན་སྐྱེ་བདུན་རིགས། མཁྱེན་བརྩེ་རིན་པོ་ཆེའི་གཏེར་བྱོན་བྲམ་ཟེ་ཉེར་གཅིིག་གི་སྐུ་ཤ སེང་བྲག་གཏེར་བྱོན་སྐྱེ་བདུན་དང་རྡོར་སེམས་རིལ་བུ། སེང་བྲག་དང་འབུམ་རྫོང་གཏེར་བྱོན་ཐུགས་ཆེན་རིལ་བུ་བཅས་ཀོང་སྤྲུལ་ཕྱག་བྱུང་། རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཕྱག་ཁར་བཞུགས་རིགས་གསར་རྙིང་རིས་བྲལ་སེལ་མེད་ཀྱི་རིང་བསྲེལ་རྣམ་བཞི་རྣམ་གྲངས་སྟོང་རྩ་ལྷག་པ་ཕྱོགས་བསྡུས་རྟེན་འདུས་ཆེན་མོའི་ཕབས་རྟ་ཨུ་དུམྦཱ་ར་རྗེ་ཉིད་ཀྱི་ཕྱག་བྱུང་། རྗེ་བླ་མ་རྣམ་གཉིས་ཀྱི་ཕྱག་ཁར་བཞུགས་རིགས་ཀྱི་དམ་རྫས་རྣམས་ཕྲན་ནས་ཕྱོགས་བསྡུས་ཀྱི་ཕབས་རྟའི་རིགས། རིང་བསྲེལ་རྣམ་བཞི་ཕྱོགས་བསྡུས་དམ་རྫས་རིན་ཆེན་དབང་གི་རྒྱལ་པོ། རྙིང་མ་བཀའ་གཏེར་སེལ་མེད་རིགས་ཕྱོགས་བསྡུས་ཡིད་བཞིན་ནོར་བུ་ཕན་བདེེའི་ཆར་འབེབས། པདྨ་འོད་གསལ་མདོ་སྔགས་གླིང་པ། མཆོག་གྱུར་བདེ་ཆེན་གླིང་པ། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་གསུམ་གྱི་གཏེར་རྫས་ཡོད་དོ་ཅོག་ཕྱོགས་བསྡུས་ཨུ་དུམ་ཝཱ་ར་འབྲེལ་ཚད་རང་གྲོལ། འཕགས་བོད་པཎ་གྲུབ་གྲུབ་མཐའ་རིས་མེད་སྐྱེས་ཆེན་རྣམས་ཀྱི་གདུང་དང་རིང་བསྲེལ་ཕྱོགས་བསྡུས་མྱོང་བ་རང་གྲོལ། བཀའ་བརྒྱུད་ཕྱོགས་ཀྱི་གདུང་རིང་བསྲེལ་དམ་རྫས་རྟེན་འདུས་ཕྱོགས་བསྡུས་ཏོག་གི་བློ་གྲོས་བཅས་རྩ་བའི་ཕབས་རྟ་བདུན་ཕྲག་རེ་དང་། དཔལ་ས་སྐྱའི་རྟེན་འདམ་དཔེ་བྲལ། ཀརྨའི་རིལ་ནག་ཕྱག་དྲིལ་སོགས་ཀྱིས་མཚོན་གྲུབ་མཐའ་རིས་བྲལ་སེལ་མེད་ཀྱི་དམ་རྫས་རྟེན་འདུས་ཁྱད་འཕགས་མང་དུ་བཞུགས། སེང་ཁྲིའི་ནང་དུ་གནོད་སྦྱིིན་ཕོ་དགུ་མོ་དགུའི་འཁྲུལ་འཁོར་རང་གིས་རྒྱུན་རིང་བསྒྲུབ་པ་དར་ཟབ་ཀྱི་ན་བཟའ་ཅན། མི་ཡི་ནོར་བུ་བདེ་སྐྱོང་གི་སྣོད་ཤིན་ཏུ་ཁྱད་འཕགས་དངོས་གྲུབ་ཀྱི་རྫས་ཀྱིས་གཏམས་པ། ཀུན་མཁྱེན་དྷརྨ་ཀཱ་ར་དང་། ཆོས་རྒྱལ་བསྟན་པ་ཚེ་རིང་མཆོད་ཡོན་གྱིས་བསྡུ་སྒྲུབ་གནང་བའི་རིན་ཆེན་{ཆེན་ལྷག}རིལ་བུ་ཁྱད་འཕགས་དང་། རྗེ་བླ་མའི་ཕྱག་བྱུང་རིན་ཆེན་རིལ་བུ་ཁྱད་འཕགས་དང་། རིན་ཆེན་མང་སྦྱོར་རྡོག་གཉིས། སྟོན་པའི་ཆོས་འཁོར་ནོར་བུའི་རྡུལ་བྱེ་གཏེར་བྱོན་འཁྲུལ་མེད་དང་རིན་ཆེན་ཕྱེ་མ་སྣེ་མང་། མཁྱེན་བརྩེའི་ཕྱག་བྱུང་བུམ་རྫས་ཉེར་ལྔ་དང་གཡང་རྫས་ཀུན་འདུས་ཁྱད་འཕགས། ཀོང་སྤྲུལ་ཕྱག་བྱུང་གཡང་རྫས་ཀུན་འདུས་དཔལ་ཆེན་རིལ་བུ། གཏེར་གསར་པོ་ཏཱ་ལའི་འབྲུ་སྨན་བརྟན་གཡོའི་དྭངས་བཅུད་གཙོ་བོར་གྱུར་པའི་ས་ཆུ་འབྱུང་བཅུད་ཀུན་འདུས་རིལ་བུ་བདུད་རྩིའི་ལྗོན་ཤིང་། གནས་ཡུལ་དྲུག་ཅུ་རྩ་བཞིའི་ས་སྣ་རྗེ་མཁྱེན་བརྩེའི་ཕྱག་བྱུང་། དེ་བཞིན་ཀོང་སྤྲུལ། མི་ཕམ། མངྒ་ལ་བཅས་ཀྱི་ཕྱག་ཁར་བཞུགས་རིགས་ཀྱི་ས་སྣ་ཆུ་སྣ་ཤིང་སྣ་གཡང་རྫས་རིགས་དང་། རིན་ཆེན་འབྲུ་སྨན་དར་གོས་བདུད་རྩི་ཅན་གྱི་ཤིང་གི་ཕུར་མ་སོགས་ཀྱིས་ལེགས་པར་བཀང་། ཁོ་བོ་ཅག་དང་། ཀོང་སྤྲུལ་རིན་པོ་ཆེའི་ཡང་སྲིད་བཅས་འདུས་པ་བཅོ་ལྔས་རིགས་འདུས་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་སྦྱོར་དངོས་རྗེས་ཀྱི་ཆོ་གའི་ཡན་ལག་ཚོགས་པའི་ངོས་རབ་ཏུ་གནས་པའི་མེ་ཏོག་འཐོར་ཞིང་། རྗེས་འབྲེལ་དུ་རིག་པ་འཛིན་པའི་དགེ་འདུན་ཉིས་བརྒྱ་ཡར་བརྒལ་གྱིས། ཉང་གཏེར་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་ཆེན་དང་འབྲེལ་བར་བདུད་རྩི་སྨན་གྱི་སྒྲུབ་པས་དགེ་ལེགས་སུ་བྱས་ཤིང་། དེ་དང་རྗེས་སུ་འབྲེལ་བར། འདས་མཆོད་དུ་ལོ་རེ་བཞིན་ཇི་སྲིད་བར་བཀའ་བརྒྱད་སྒྲུབ་ཆེན་གྱི་སྒྲུབ་མཆོད་རྟེན་གསར་སྤོག་དང་། བདེ་ཀུན་སྒྲུབ་མཆོད་དང་འབྲེལ་བའི་རབ་གནས་ཉིན་གཉིས་མའི་ཕྱག་བཞེས་རྒྱས་སྤྲོས་དང་། རྗེ་ཉིད་ཞལ་བཞུགས་དུས་བཀའ་འདོམ་བཞིན་རང་དགོན་དུ་བསླབ་གྲྭ་བཅས་གསར་འཛུགས་དང་། རྗེ་བླ་མ་ཉིད་ཀྱི་གསུང་འབུམ་ཐོར་བུ་རྣམས་སྤར་འཁོད་བཅས་རང་ནུས་གང་ཡོད་ཀྱིས་བརྩོན་ཁུལ་བཅས་ཀྱི་དགེ་ཚོགས་བྱང་ཆེན་གྱི་རྒྱུར་ཡོངས་སུ་བསྔོ་བར་བགྱིས་པ་ཡིན་ནོ། །གསུམ་པ་དགོས་ཆེད་དམ་ཕན་ཡོན་གྱི་ཁྱད་པར་ནི། སྤྱིར་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང་། དེ་ལ་ཕྱག་མཆོད་སོགས་བསྙེན་བཀུར་བགྱིས་པའི་ཕན་ཡོན་གནས་སྐབས་མཐར་ཐུག་ཀུན་ཏུ་བསམ་གྱིས་མི་ཁྱབ་པར་འབྱུང་བར་གསུངས་ཏེ། གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། བཅོམ་ལྡན་འདས་ཀྱི་མཆོད་རྟེན་རྣམས་དང་ནི། །སྐུ་གཟུགས་རྣམས་ལ་རྡུལ་ཕྲན་ཅི་སོང་བ། །དེ་ཡི་གྲངས་སྙེད་དེ་བྱེད་མི་རྣམས་ཀྱིས། །ལྷ་ཡུལ་ས་སྟེང་ངེས་པར་རྒྱལ་སྲིད་འཐོབ། །གཟུགས་དང་གཟུགས་མེད་ཁམས་ཀྱི་ཏིང་ངེ་འཛིན། །ཕུན་སུམ་ཚོགས་པའི་ས་མཆོག་ཀུན་མྱོང་ནས། །ཐ་མར་སྐྱེ་དང་རྒ་ལ་སོགས་པ་ཡི། །སྡུག་བསྔལ་མེད་པའི་སངས་རྒྱས་གོ་འཕང་འཐོབ། །ཅེས་སོགས་དང་། ཏིང་འཛིན་རྒྱལ་པོ་ལས ། སངས་རྒྱས་སྐུ་གཟུགས་ཤིན་ཏུ་མཛེས་པ་དག །རིན་ཆེན་བྱི་དོར་ལེགས་པར་བྱས་པ་ཡང་། །ལྟ་ན་སྡུག་ཅིང་ཤིན་ཏུ་མཛེས་པར་གྱིས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་འདི་ཐོབ། །ཅེས་དང་། པད་དཀར་ལས། ལ་ལས་དེར་ནི་རིན་ཆེན་སྣ་བདུན་དང་། །ལ་ལས་དེ་བཞིན་ཟངས་དང་མཁར་བ་ལས། །བདེ་བར་གཤེགས་པ་རྣམས་ཀྱི་གཟུགས་བྱས་པ། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །ཞེས་སོགས་དང་། འཕགས་པ་རྨད་དུ་བྱུང་བའི་ཆོས་ཀྱི་རྣམ་གྲངས་ལས། ཀུན་དགའ་བོ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡོད་དེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་ཅན་གང་ལ་ལ་ཞིག་གིས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་བྱས་ཏེ། རྒྱུན་དུ་ཞུགས་པ་རྣམས་དང་། ལན་གཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། །རང་སངས་རྒྱས་རྣམས་དང་། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་བ་བས། གང་གི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུའི་འབྲས་བུ་ཙམ་བྱས་ལ་ཁབ་ཙམ་གྱི་སྲོག་ཤིང་བཙུགས་ཏེ། རྒྱ་ཤུག་གི་ལོ་མ་ཙམ་གྱི་གདུགས་བྱས་ནས། ནས་ཀྱི་འབྲུ་ཙམ་གྱི་སྐུ་གཟུགས་བྱས་ལ། ཡུངས་འབྲུ་ཙམ་གྱི་རིང་བསྲེལ་བཅུག་ན། དེ་ནི་དེ་བས་བསོད་ནམས་ཆེའོ་ཞེས་ང་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་ཡེ་ཤེས་དཔག་ཏུ་མེད་པ་སོགས་རྒྱ་ཆེར་གསུངས་པ་དང་། གཞན་ཡང་། སེམས་ཅན་རྣམས་ལ་ཉིན་རེ་བཞིན། །བསྐལ་པ་གངྒཱའི་བྱེ་མ་སྙེད། །ལྷ་ཡི་ཟས་གོས་བྱིན་པ་བས། །དགེ་བསྙེན་གཅིག་ལ་ཟས་གཅིག་བྱིན། །དེ་བས་བསོད་ནམས་གྲངས་མེད་སྐྱེད། །དགེ་སློང་དད་པའི་རྗེས་འབྲང་དང་། །རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་། །དགྲ་བཅོམ་རང་རྒྱལ་བར་དུ་སྦྱར། །ལ་ལས་ཕྱོགས་བཅུའི་རྡུལ་སྙེད་ཀྱི། །རང་རྒྱལ་རྣམས་ལ་ཉིན་རེ་བཞིན། །བསྐལ་པ་གངྒཱའི་བྱེ་མ་སྙེད། །ལྷ་ཡི་ཟས་གོས་བྱིན་པ་བས། །གང་གི་སངས་རྒྱས་སྒྲ་ཐོས་སམ། །སངས་རྒྱས་སྐུ་གཟུགས་བྲིས་པའམ། །འཇིམ་པ་ལས་བྱས་མཐོང་བ་ཡང་། །དེ་བས་བསོད་ནམས་ཆེས་ལྷག་ན། །སྐུ་མཐོང་ཐལ་མོ་སྦྱར་བའམ། །བསྔགས་པ་ཚིག་གཅིག་ཙམ་བརྗོད་དམ། །མཆོད་པ་བྱེད་པ་ལྟ་ཅི་སྨྲོས། །ཞེས་དང་། མཆོད་རྟེན་དང་ནི་རི་མོ་དང་། །སྐུ་གཟུགས་བྱེད་དུ་གཞུག་པ་དང་། །མཆོད་དང་བཀུར་སྟི་བྱ་བའི་ཕྱིར། །གང་དག་མཚན་ནི་དྲན་བྱེད་པ། །བྱང་ཆུབ་ཕྱིར་ནི་གནས་པ་རྣམས། །ཐམས་ཅད་ཐར་པ་ཐོབ་པར་འགྱུར། །ཞེས་དང་། བདེ་གཤེགས་རིང་བསྲེལ་ལ་ནི་ཅུང་ཟད་དང་། །སིལ་སྙན་གཅིག་བརྡུང་བ་ཡི་སྒྲ་ཕྱུང་ངམ། །མེ་ཏོག་གཅིག་ཙམ་གྱིས་ནི་མཆོད་པ་དང་། །བདེ་གཤེགས་གཟུགས་དག་རྩིག་ངོས་བྲིས་པ་ལ། །འཁྲུགས་བཞིན་པ་ཡི་སེམས་ཀྱིས་མཆོད་ན་ཡང་། །དེ་དག་རིམ་གྱིས་སངས་རྒྱས་བྱེ་བ་མཐོང་། །མཆོད་རྟེན་དག་ལ་གང་གིས་ཐལ་མོ་སྦྱར། །ཡོངས་སུ་ཚང་བའམ་ཐལ་མོ་ཡ་གཅིག་གམ། །ཡང་ན་མགོ་བོ་སྐད་ཅིག་བཏུད་པ་དང་། །དེ་བཞིན་ལན་གཅིག་ལུས་ཀྱང་བཏུད་པ་དང་། །གང་གིས་རིང་བསྲེལ་གནས་པ་དེ་དག་ལ། །གཡེང་བའི་སེམས་ཀྱིས་ཕྱག་འཚལ་སངས་རྒྱས་ཞེས། །ཚིག་གཅིག་ལན་འགའ་བརྗོད་པར་བྱས་པ་ཡང་། །དེ་དག་ཀུན་གྱིས་བྱང་ཆུབ་མཆོག་འདི་འཐོབ། །ཅེས་དང་། གང་ཞིག་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ། །བསྐལ་པ་བྱེ་བ་གཞལ་ཡས་བསྟི་བ སྟང་བྱེད་པ་བས། །གང་ཞིག་ཕྱི་དུས་མི་བཟོད་བསྐལ་པ་འདི་ལ་ནི། །མཆོད་རྟེན་ཕྱག་འཚལ་དེ་ཡི་བསོད་ནམས་ཆེས་མང་ངོ་། །ཞེས་དང་། མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་གོམ་པ་གཅིག་བོར་བ། །འཛམ་བུའི་ཆུ་ཀླུང་གསེར་སྲང་འབུམ་ཕྲག་སྙེད། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །ཞེས་དང་། སུ་ཞིག་དད་པས་ཐུབ་པའི་མཆོད་རྟེན་ནམ། །སྐུ་གཟུགས་དག་ལ་སྐོར་བ་བྱེད་པ་དེ། །ཕྱི་མའི་ཚེ་ན་དགྲ་ཆེན་རྣམས་ཀྱིས་བཏུད། །བཟང་པོའི་སྣོད་འགྱུར་ཡོན་ཏན་རྣམས་དང་ལྡན། །ཞེས་དང་། སུ་ཞིག་དགའ་བའི་སེམས་ཀྱིས་མེ་ཏོག་བླང་། །དད་བསྐྱེད་འཇིག་རྟེན་མགོན་ལ་ཆར་དུ་གཏོར། །དེ་ནི་མི་ཡི་འཇིག་རྟེན་བསོད་ནམས་ལྡན། །རྒྱལ་སྲིད་གནས་ནས་རྒྱལ་བ་མཆོད་པར་འགྱུར། །ཞེས་དང་། གང་ཞིག་སྤོས་ཆུང་ཡུངས་འབྲུ་ཙམ་བླངས་ཏེ། །བཅོམ་ལྡན་མཆོད་རྟེན་རྣམས་ལ་བདུག་བྱེད་པ། །དེ་ནི་བསོད་ནམས་ལྡན་ཞིང་ཕྱོགས་ཀུན་ཏུ། །ནད་མེད་གྱུར་ཅིང་བློ་བརྟན་བག་ཡོད་ལྡན། །སྤྱད་པ་རྣམ་པར་སྤྱོད་ཚེ་མྱ་ངན་འདུལ། །སྐྱེ་བོ་མང་པོ་དགའ་ཞིང་ཡིད་དུ་འོང་། །རྒྱལ་པོ་འཐོབ་ནས་རྒྱལ་བ་མཆོག་བཀུར་འགྱུར། །ཞེས་དང་། སངས་རྒྱས་མཆོད་རྟེན་མར་མེ་གཅིག་ཕུལ་ན། །འདི་ནས་བཟུང་སྟེ་སྲིད་པའི་རྩེ་མོའི་བར། །སངས་རྒྱས་ཞིང་ནི་འཛམ་བུའི་གསེར་གྱིས་གང་། །དེ་འདྲའི་དཔལ་དེ་ཟད་པར་བྱ་མི་ནུས། །ཞེས་དང་། ཐུབ་དབང་མཆོད་རྟེན་བྱི་དོར་བྱས་པ་ཡིས། །ཤིན་ཏུ་ལྟ་ན་སྡུག་ཅིང་མིག་ཏུ་མཛེས། །བྱད་བཞིན་བཟང་ཞིང་པདྨོའི་མདོག་དང་ལྡན། །སྲིད་པའི་སྐྱོན་རྣམས་དང་ཡང་འབྲལ་བར་འགྱུར། །ཞེས་སོགས་མདོ་སྡེ་རྣམས་ལས་རྒྱ་ཆེར་གསུངས་ཤིང་། ཁྱད་པར་སྐྱབས་ཀུན་འདུས་པའི་སྙིང་པོ་རྗེ་བཙུན་བླ་མ་མཆོག་གི་གདུང་རྟེན་ནི་གཞན་དག་ལས་ཀྱང་ཁྱད་པར་དུ་འཕགས་ཏེ། དགོངས་འདུས་ལས། དོན་དང་ལྡན་པའི་མཁས་པ་ལ། །དུས་གསུམ་དུས་ནི་ཐམས་ཅད་དུ། །ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །བདེ་གཤེགས་རྒྱལ་བ་ཀུན་བྱོན་ནས། །བསྔགས་དང་འདུན་པས་ཕྱག་མཛད་དོ། །ཞེས་དང་། གསང་འདུས་ལས། ཁམས་རྣམས་དང་ནི་ཕྲིན་ལས་དག །རང་བཞིན་མཉམ་པ་ཉིད་ཀྱི་ཕྱིར། །བླ་མ་སངས་རྒྱས་ཀུན་དང་མཉམ། །འགྲོ་བ་གང་ལ་ལམ་སྟོན་ཕྱིར། །སངས་རྒྱས་ཉིད་ལས་མཆོག་ཏུ་འཕགས། །ཞེས་དང་། དུས་གསུམ་སངས་རྒྱས་ཀུན་མཆོད་པས། །བླ་མའི་བ་སྤུ་ཉག་རེ་ལ། །མར་གྱི་ཐིགས་པ་གཅིག་བྱུག་ན། །དེ་ཡི་བསོད་ནམས་ཁྱད་པར་འཕགས། །ཞེས་དང་། སྔ་མ་ལས། དེས་ན་སངས་རྒྱས་སྟོང་ཕྲག་ལ། །བསྐལ་པ་སྟོང་དུ་མཆོད་བྱས་པས། །བླ་མའི་བ་སྤུ་ཁུང་རེ་ལ། །ཙནྡན་ཐིགས་པ་གཅིག་བྱུག་པའི། །སྟོང་ཕྲག་ཆར་ཡང་ཕོད་པ་མིན། །ཞེས་དང་། ཀུན་ཏུ་ཁ་སྦྱོར་གྱི་རྒྱུད་ལས། གང་ཕྱིར་ཕྱོགས་བཅུའི་སངས་རྒྱས་དང་། །བྱང་ཆུབ་སེམས་མཆོད་བསོད་ནམས་ལས། །བླ་མའི་བ་སྤུའི་ཁུང་གཅིག་མཆོག །དེ་ཕྱིར་སློབ་དཔོན་མཆོད་བྱེད་པ། །སངས་རྒྱས་བྱང་ཆུབ་སེམས་དཔས་གཟིགས། །ཞེས་དང་། དུས་འཁོར་རྩ་རྒྱུད་ལས། བླ་མ་འདས་པའི་ལོ་ཟླ་ཚེས་གྲངས་དག །ངེས་པར་བཟུང་སྟེ་མཆོད་པ་བྱས་གྱུར་ན། །བསྐལ་པར་བསགས་པའི་སྡིག་ཆེན་རབ་བཅོམ་ནས། །ཤིན་ཏུ་མི་བཟད་གཤིན་རྗེའི་གྲོང་ལས་ཐར། །ཞེས་སོགས་མདོ་དང་རྒྱུད་སྡེ་ཀུན་ལས་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་དང་དགོས་པ་ཚད་མེད་པར་གསུངས་ཤིང་། བྱེ་བྲག་དེང་སང་ལྟ་བུའི་དུས་ཀྱི་རྒུད་པ་ཞི་ཞིང་། བསྟན་འགྲོའི་བདེ་སྐྱིད་འཕེལ་བའི་སྒོ་ཁྱད་པར་དུ་འཕགས་པའང་ཡིན་ཏེ། བཀའ་བརྒྱད་ཡོངས་རྫོགས་ཀྱི་རྒྱུད་ཆེན་གསང་བ་འདུས་པ་ལས། རྟེན་འདི་ཇི་སྲིད་གནས་ཀྱི་བར། །དེ་སྲིད་སངས་རྒྱས་བསྟན་པ་རྒྱས། །འགྲོ་བ་ཀུན་འདུལ་ལས་སྒྲིབ་སྦྱོང་། །བསོད་ནམས་ཕུན་ཚོགས་ཡོངས་རྫོགས་ཤིང་། །རྒྱུ་སྦྱོར་བཞེངས་མཁན་མ་ལུས་ཀུན། །ཚེ་འདིར་བཀྲ་ཤིས་ཚེ་རིང་འཕེལ། །ཕྱི་མ་ཞིང་ཁམས་རྣམ་དག་འཐོབ། །ཡུལ་ཕྱོགས་རྒྱལ་ཁམས་བཀྲ་ཤིས་འབྱུང་། །ཐབས་མཆོག་ལོངས་རྫོགས་རྨད་བྱུང་བའོ། །བསྟན་པའི་རིམ་གྲོ་དེ་ཁོ་ན། །དང་དུ་ལོངས་ཤིག་བསམ་པ་འགྲུབ། །ཅེས་དང་། བྱང་གཏེར་མེ་སྒྲོམ་མ་ལས། སེམས་ཅན་བདེ་སྐྱིད་རྟེན་ལ་ཡོད། །ཅེས་དང་། པདྨའི་ཞལ་ལུང་ལམ་རིམ་ཡེ་ཤེས་སྙིང་པོ་ལས། གཞན་ཡང་བོད་ཁམས་ཐམས་ཅད་ལ། །བདེ་སྐྱིད་བཀྲ་ཤིས་འབྱུང་འདོད་ན། །མེས་དབོན་གསུམ་གྱིས་བཞེངས་པ་ཡི། །གཙུག་ལག་ཁང་རྣམས་ཐམས་ཅད་དང་། །སྒྲུབ་པའི་གནས་རྣམས་ཉམས་པ་གསོ། །དགེ་འདུན་རྣམས་ཀྱི་རྟེན་བཞུགས་དང་། །ནུས་ལྡན་རབ་གནས་ཡང་ཡང་འཐོར། །ཕྱག་མཆོད་བཀུར་སྟི་རྒྱ་ཆེར་བྱ། །སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་ལ། །དུས་སྟོན་བཙུགས་ཤིང་སྡེ་སྣོད་བཤད། །གནས་ཆེན་བྱིན་འབེབས་ཆོ་ག་དང་། །བདུད་རྩི་སྨན་གྱི་སྒྲུབ་པ་དང་། །ཚོགས་མཆོད་རྡོ་རྗེའི་གླུ་གར་བྱ། །ཞེས་གསུངས་པ་བཞིན་ནོ། །སྨྲས་པ། གང་གི་རང་བཞིན་སྤྲོས་མཚན་ཀུན་བྲལ་ཡང་། །གདུལ་བྱའི་མོས་ངོར་སྣ་ཚོགས་ཅིར་ཡང་སྟོན། །འགྲོ་སྨིན་ཐབས་མཁས་སྒོ་འཕར་བསམ་མི་ཁྱབ། །ཡིད་བཞིན་ནོར་ལྟར་རྟོག་མེད་ལྷུན་གྲུབ་རྨད། །དེ་སླད་འགྲོ་སེམས་དག་པའི་བཻཌཱུར་གཞིར། ལྷ་དབང་ལུས་ཀྱི་བཀོད་པ་སྣང་བ་བཞིན། བཟོ་སྐྱེ་མཆོག་དང་སྣ་ཚོགས་སྤྲུལ་པའི་གར། །འགོག་མེད་འཆར་འདི་རྟེན་ཅིང་འབྲེལ་འབྱུང་མཐུ། །ཡེ་ཤེས་གཅིག་གིས་སྲིད་ཞིའི་དངོས་ཀུན་འཆིང་། །གང་དང་སུ་འབྲེལ་བྱང་ཆུབ་ལམ་སྣ་འདྲེན། །ཕན་བདེར་སྦྱིན་ལ་མཛད་པ་གཅིག་ཏུ་མཐུན། །དམན་མཆོག་འཛིན་པ་བྱིས་བློའི་སྐྱོན་དུ་ཟད། །དེ་སླད་རྒྱལ་ཀུན་ཡབ་གྱུར་མཁྱེན་པའི་གཏེར། །དངོས་ཡིན་སྙམ་དུ་མི་ལྡོག་དད་པ་ཡིས། །སྒོ་གསུམ་རྩོལ་བ་དོན་ཡོད་མཛོད་ཅིག་དང་། །མི་བསླུ་ངེས་པ་རྒྱལ་བཀའ་དཔང་པོར་ཆེ། །འདིར་འབད་དགེ་ཚོགས་རྨད་བྱུང་མཐོ་རིས་ཀླུང་། །འཁོར་གསུམ་རྟོག་པའི་རྙོག་མས་སྦགས་མིན་པར། །བྱང་ཆེན་རྒྱ་མཚོར་མཉམ་པ་ཉིད་གྱུར་པའི། །ཡོངས་བསྔོ་རྒྱལ་བ་དགྱེས་པའི་ལམ་གྱུར་ཅིག །ཡིད་ཅན་ཕན་དང་བདེ་བའི་པདྨོའི་ཚལ། །ཅི་དགར་བཞད་མཛད་རྒྱལ་བསྟན་ཉིན་མོར་བྱེད། །ལོག་རྟོག་དགྲ་གཅན་ལག་གིས་སྒྲིིབ་མིན་པར། །བཤད་སྒྲུབ་སྣང་བས་ས་གསུམ་ཁྱབ་གྱུར་ཅིག །ཁྱད་པར་སྔ་འགྱུར་བརྒྱུད་པའི་ཁྱད་ནོར་ཕུལ། །རྣམ་གསུམ་ཡོ་གའི་བསྟན་མཆོག་མ་ཎི་ཀ །འགྲོ་བསོད་རྒྱལ་མཚན་རྩེ་མོར་རྟག་བརྟན་པས། །སྙིགས་ལྔའི་རྒུད་པ་མིང་གི་མཐར་བྱེད་ཤོག །སྡིག་སེམས་རང་གཟུགས་འཁྲུལ་པའི་གཞན་དབང་ཅན། །གྲོང་ཁྱེར་དྲུག་གི་བཙོན་རར་ཆུད་པ་རྣམས། །རང་སྣང་ལོག་པའི་འཇིགས་ཀུན་གཏན་སྤངས་ནས། །དགའ་བདེར་སྤྱོད་བཞིན་ཀུན་མཁྱེན་མངོན་བྱེད་ཤོག །ཁྱད་པར་དུ་ཡང་འཇམ་མགོན་ཆོས་ཀྱི་རྗེ། །མཚུངས་མེད་བླ་མའི་ཐུགས་དགོངས་ཡོངས་རྫོགས་ཤིང་། །ངོ་མཚར་སྤྲུལ་པའི་སྣང་བ་གསར་པ་ཡིས། །རིས་བྲལ་བསྟན་འགྲོའི་དགའ་སྟོན་སྤེལ་བྱེད་ཤོག །ལེགས་བྱས་འདི་ལ་འབྲེལ་བཅས་སྐྱེ་དགུའི་ཚོགས། །ཚེ་འདིར་མི་མཐུན་ཉེས་བརྒྱའི་གཡུལ་ལས་རྒྱལ། །སྐྱེ་ཀུན་དགེ་བའི་བཤེས་དང་མི་འབྲལ་བར། །དཀར་པོའི་རིགས་ཀྱི་ནུས་པ་ཡོངས་རྫོགས་ཤོག །བདག་ཀྱང་ཞིང་ཁམས་ཁྱད་འཕགས་ཤམ་བྷ་ལར། །རྩ་བརྒྱུད་བླ་མ་བཞུགས་པའི་ཕྲིན་ལས་པར། །གྱུར་ནས་ནག་པོའི་ཕྱོགས་ཀུན་ཚར་བཅད་ནས། །གསང་མཆོག་རྒྱལ་པོའི་གོ་འཕང་མངོན་བྱེད་ཤོག །བཀྲ་ཤིས་གང་ཞིག་ཆོས་ཉིད་འགྱུར་བ་མེད། །བཀྲ་ཤིས་ཡོན་ཏན་བྱེ་བའི་རང་བཞིན་ཁམས། །བཀྲ་ཤིས་རྟག་པ་དམ་པའི་བདེན་བྱིན་གྱིས། །བཀྲ་ཤིས་སྣང་བས་ཕྱོགས་མཐར་ཁྱབ་གྱུར་ཅིག །དགེ་ལེགས་ངོ་མཚར་འབུམ་གྱི་སྤྲིན་ཆེན་ལས། །དགེ་མཚན་ཕན་བདེའི་ཆར་རྒྱུན་རྟག་པར་འཇོ། །དགེ་ལེགས་སྙན་པའི་འབྲུག་སྒྲས་ཕྱོགས་ཀུན་ཁྱབ། །དགེ་མཚན་སྲིད་ཞིའི་ཁོངས་ན་སྙན་གྱུར་ཅིག །ཅེས་འཇམ་མགོན་བླ་མའི་གདུང་རྟེན་རྣམ་གཉིས་ཀྱི་དཀར་ཆག་མདོར་བསྡུས་པ་འདི་ཡང་། དམ་པའི་ཡོན་ཏན་མཐའ་དག་རྫོགས་པའི་ཉེ་གནས་བླ་མ་རིན་པོ་ཆེ་ཆོས་དབྱིངས་འོད་གསལ་ནས་གསུང་གིས་བསྐུལ་བ་བཞིན། ཤཱཀྱའི་དགེ་ཚུལ་འགྱུར་མེད་པདྨ་རྣམ་རྒྱལ་ལམ། འཇམ་དབྱངས་བློ་གྲོས་རྒྱ་མཚོར་འབོད་པས་རང་གནས་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དུ་སུག་བྲིས་སུ་བགྱིས་པ། སྐྱེ་ཀུན་བླ་མ་མཆོག་གི་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག མངྒལཾ། དགེའོ། །དགེའོ། །དགེའོ།། །།