ཕར་ཕྱིན་སྐབས་དང་པོའི་མཐའ་དཔྱོད་ཀྱི་མཆན་འགྲེལ་རྩོམ་འཕྲོ།
ཕར་ཕྱིན་སྐབས་དང་པོའི་མཐའ་དཔྱོད་ཀྱི་མཆན་འགྲེལ་རྩོམ་འཕྲོ་བཞུགས་སོ། །
ངག་དབང་ལྷ་མོ་མགྲིན་མཚོར་ཞུགས་པ་ཡིས། །ཆད་མེད་བརྩོན་འགྲུས་ཆུ་ཡི་རྦ་རླབས་ཀྱིས། །རྒྱ་ཆེ་གསུང་རབ་ནམ་མཁའི་གོ་འགོག་པ། །སྔོན་མེད་བསྟན་པའི་ཉི་མ་ཁྱོད་ཕྱག་འཚལ། ། ༼༣བ༽ ༼༧༽རབ་བྱེད་བདུན་པའི་འཕྲོས་དོན་སྟོང་ཉིད་བདུན་ཅུ་པ་དང༌། ༼ཀ༽རབ་བྱེད་དང་པོ་རྐྱེན་བརྟགས་པར། དངོས་པོ་རྣམས་ཀྱི་རང་བཞིན་ནི། །རྐྱེན་ལ་སོགས་པར་ཡོད་མ་ཡིན། །བདག་གི་དངོས་པོ་ཡོད་མིན་ན། །གཞན་དངོས་ཡོད་པ་མ་ཡིན་ནོ། །ཞེས་པར་འཕྲོས་ཏེ། རྩོད་བཟློག །གལ་ཏེ་དངོས་པོ་ཐམས་ཅད་ཀྱི། །རང་བཞིན་ཀུན་ལ་ཡོད་མིན་ན། །ཁྱོད་ཀྱི་ཚིག་ཀྱང་རང་བཞིན་མེད། །རང་བཞིན་བཟློག་པར་མི་ནུས་སོ། །ཞེས་ཆོས་ཐམས་ཅད་རང་བཞིན་མེད་ན་བདེན་གྲུབ་འགོག་པའི་གཞུང་རྣམས་ཀྱང་རང་བཞིན་མེད་དགོས་པས་བདེན་གྲུབ་
འགོག་པ་སོགས་ཀྱི་བྱ་བ་མི་རུང་བར་བརྩད་པའི་ལན་དུ་གསུངས་སོ། །སྟོང་ཉིད་བདུན་ཅུ་བ་ནི། རབ་བྱེད་བདུན་པ་ལས། སྒྱུ་མ་ཇི་བཞིན་རྨི་ལམ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དེ་ནི་འཇིག་པར་གསུངས། །ཞེས་པར་འཕྲོས་ཏེ། གནས་པའམ་སྐྱེ་འཇིག་ཡོད་མེད་དང༌། །དམན་པའམ་མཉམ་དང་ཁྱད་པར་ཅན། །སངས་རྒྱས་འཇིག་རྟེན་སྙད་དབང་གིས། །གསུངས་ཀྱི་ཡང་དག་དབང་གིས་མིན། །ཞེས་ཆོས་ཐམས་ཅད་སྒྱུ་མ་སྤྲུལ་པ་ལྟར་དོན་རང་གི་ངོས་ནས་མེད་ན་བཟང་ངན་སོགས་མི་རུང་སྟེ། བོང་རྡོག་དུ་མ་དངོས་པོ་བཟང་ངན་སྣ་ཚོགས་སུ་སྤྲུལ་པ་བཞིན་ནོ། །ཞེས་བརྩད་པའི་ལན་དུ། མཆོག་དམན་སོགས་སངས་རྒྱས་ཀྱིས་ཀྱང་གསུངས་ལ། ཁོ་བོ་ཅག་ཀྱང་
འདོད་མོད་འོན་ཀྱང་དེ་དོན་རང་གི་ངོས་ནས་མིན་གྱི་འཇིག་རྟེན་ཐ་སྙད་ཀྱི་དབང་གིས་ཡིན་ནོ་ཞེས་ལན་བཏབ་བོ། ། ༼༨༽རྗེ་རིན་པོ་ཆེས་སྔ་མ་ལྟར་དྲུག་བཞེད་པར་རྒྱུད་སྡེ་སྤྱི་རྣམ་ལས་བཤད་དོ། ། ༼ཁ༽ཁ་ཅིག་ཐ་སྙད་དུ་གྲུབ་པ་དང་དྲུག་ཏུ་ཡང་བཤད་མོད། ཚིག་གསལ་གྱི་མཇུག་ཏུ་རིགས་ཚོགས་ཐམས་ཅད་དྲངས་ནས་དེ་མ་དྲངས་པས་མི་འཐད་པར་ཤེས་སོ། ། ༼༣ན༽ ༼༡༽བཙུན་པ་འཕགས་པ་ལྷས་ཀྱང༌། ༼ག༽ཉན་པ་པོ་དང་མཉན་བྱ་དང། །སྨྲ་བོ་འབྱུང་བ་ཤིན་ཏུ་དཀོན། །དེ་ཕྱིར་མདོར་ན་འཁོར་བ་ནི། །མཐའ་ཡོད་མ་ཡིན་མཐའ་མེད་མིན། ། ༼༡༽ཞེས་༼ང༽རབ་བྱེད་ཉེར་བདུན་པའི་ཐད་དུ་བཞི་བརྒྱ་པའི་ལུང༌། ༼༡༽སྒོམ་པ་བཅུ་དང༌། ༼ཅ༽འདི་མདོ་སྡེ་རྒྱན་ལས། རྒྱལ་བའི་སྲས་རྣམས་ཀྱིས་ནི་ཡོད་དང་མེད་པ་དང༌། །སྒྲོ་འདོགས་སྐུར་པའི་རྟོག་དང་གཅིག་ཉིད་དུ་མ་ཉིད། །རང་དང་ཁྱད་པར་རྟོག་དང་མིང་དོན་ཇི་བཞིན་དུ། །མངོན་པར་ཞེན་པའི་རྟོག་པ་ཡང་དག་སྤང་བར་བྱ། །ཞེས་པ་ལ་བརྟེན་པར་སྣང་ལ། དེ་ཡང་ཆོས་ཀྱི་བདག་ལ་བརྟེན་པ་བརྒྱད་དང༌། གང་ཟག་གི་བདག་ལ་བརྟེན་པ་གཉིས་ཀུན་བཏུས་དར་ཊཱིཀ་ཏུ་གསུངས་སོ། ། ༼༢༽ཕན་ཡོན། ༼ཆ༽རྟག་ངུ་ལྟར། ༼༢༽བསོད་ནམས་ཆེ་བ་དང་སོ་གཉིས་སུ་༼ཇ༽གསུངས་རིམ་བཞིན། ༼༣༽མགོ་སྨོས་པས་གོ་བ་ལ། ༼ཉ༽རྟེན་གང་གིས། དགོས་
པ་གང་གི་ཕྱིར། ཡུལ་གང་ལ། ཚུལ་ཇི་ལྟར་བསླབ་པ་སྟེ། ༼༧༽རྗེ་བཙུན་བྱམས་པས་རྒྱས་འབྲིང་བསྡུས་པ་སྐོར་དགུའམ། ༼ཏ༽རྒྱན་དང་སྦྱར་བའི་མདོ། ༼༣བ༽ ༼༡༽མངོན་པར་རྟོགས་པའི་རྒྱན་མཛད་དོ། །ཞེས་གསུངས་པའི་ཕྱིར། ༼ཐ༽སྔོན་གྱི་མཁས་པ་ཁ་ཅིག །བྱམས་ཆོས་ལྔ་གཞུང་རིལ་བོ་གཅིག་ཡིན་ཏེ། མངོན་རྟོགས་རྒྱན་གཅིག་པུ་ལ་མཆོད་བརྗོད་དང་ རྒྱུད་བླར་བསྔོ་བ་འབྱུང་བས་གཞན་གསུམ ་ལ་དེས་ཆོག་ཚུལ་ཡོད་པའི་ཕྱིར་ཟེར། དེ་ལ་མདོ་སྡེ་རྒྱན་གྱི་ཊཱིཀ་བྱེད་ཁ་ཅིག །དེ་མི་འཐད་དེ། མངོན་རྟོགས་རྒྱན་དང་རྒྱུད་བླར་མཚན་དཔེ་དང་ཟག་མེད་སྡེ་ཚན་རྣམས་སྟོན་ཚུལ་ཁྱད་མེད་པས་བསྟན་བཅོས་གཅིག་ཡིན་ན་ཟློས་སྐྱོན་འབྱུང་ཟེར། ལུགས་སྔ་མ་དེའི་སྒྲུབ་བྱེད་མ་ངེས་ཏེ། བསྟན་བཅོས་ལ་འཇུག་པའི་སྒོ་ཤིས་བརྗོད་མཆོད་བརྗོད་ངོ་བོ་ངེས་བསྟན་གསུམ་བཤད་པའི་རེ་རེས་ཀྱང་ཆོག་པའི་ཕྱིར་དང༌། དེ་དག་ལ་ཡང་དབུར་ངོ་བོ་ངེས་བསྟན་རེ་སྣང་བའི་ཕྱིར་རོ། །དེ་ཡང་མདོ་སྡེ་རྒྱན་གྱི་རིགས་ཀྱི་སྐབས་ལས་རིགས་ཆད་བཤད་པ་དྲང་དོན་དུ་བཀྲལ་ཏེ་བྱེ་བྲག་ཏུ་བཤད་པ་ལ་རྒྱུད་བླ་བྱུང་བས་དེའི་འཕྲོས་པ་ཡན་ལག་ལྟ་བུ་ཡིན་ཞིང༌། གཉིས་ཀ་མདོ་སྡེའི་སྡེ་སྣོད་དོ། །དབུས་མཐའི་མཚན་ཉིད་དང་སྒྲིབ་པ་དང༌། དེ་ཁོ་ན་དང༌། གཉེན་པོ་དང༌། ཐེག་པ་བླ་ན་
མེད་པའི་ལེའུ་སྟེ་ལྔའི་དང་པོ་ལས་ཆོས་ཉིད་རྣམ་འབྱེད་འཕྲོས་ཤིང་གཉིས་ཀ་མངོན་པའོ། །མངོན་རྟོགས་རྒྱན་ཐེག་ཆེན་གྱི་འདུལ་བ་ཡིན་ཞིང༌། འདི་ལ་འཕྲོས་པ་ཡན་ལག་གི་གཞུང་ཟུར་བ་མེད་དོ། །སློབ་དཔོན་གྱི་.....བརྒྱད་སྟོང་འགྲེལ་ཆེན་དང༌། ཤཱནྟི་པའི་.....སྙིང་པོ་མཆོག་དང༌། ཨ་བྷྱཱ་ཀ་རའི་.....གནད་ཀྱི་ཟླ་འོད་དེ་བརྒྱད་སྟོང་པར་སྦྱར་བ་གསུམ་དང༌། སློབ་དཔོན་གྱི་.....སྡུད་པའི་དཀའ་འགྲེལ་རྟོགས་སླ་དང༌། སངས་རྒྱས་ཡེ་ཤེས་ཀྱི་.....སྡུད་པའི་དཀའ་འགྲེལ་དང༌། ཁ་ཆེ་དྷརྨཱ་ཤྲིས་མཛད་པར་གྲགས་པའི་.....ཤེར་ཕྱིན་མཛོད་ཀྱི་ལྡེ་མིག །དེའི་འགྲེལ་བཤད་.....ཆོས་བཤེས་ཀྱི་ཚིག་གསལ་དང༌། གསེར་གླིང་པ་དང། ཤེར་འབྱུང་གི་.....རྟོགས་དཀའི་སྣང་བ་གཉིས་དང༌། རྩ་བའི་བསྡུས་དོན་ཇོ་བོས་མཛད་པར་གྲགས་ཀྱང་དོགས་པ་ཅན་.....དང། གཞོན་ནུ་དཔལ་གྱིས་མཛད་.....པ་སྟེ་རྩ་བའི་བསྡུས་དོན་.....གཉིས་དང༌། རིན་ཆེན་གྲགས་པས་མཛད་པའི་.....གྲགས་ཆ་དང༌། བུདྡྷ་ཤྲིའི་.....ཤེར་སྒྲོན་དང༌། ཨ་བྷྱཱ་ཀ་རའི་.....ཐུབ་དགོངས། ༼༦༽ས་སྡེ་ལྔ་དང་སྡོམ་གཉིས་མཛད་པའི་ཕྱིར། ༼ང༽དེ་ཡང་བརྗོད་བྱ་དོན་གྱི་ཆ་གཙོ་བོར་གཏན་ལ་འབེབས་པ་གཉིས་ཏེ། གང་ཟག་གཅིག་གི་ལམ་བསྒྲུབ་པའི་མཐུན་ཕྱོགས་ཀྱི་རིམ་པ་སྟོན་པ་སའི་དངོས་གཞི་དང༌། དེ་ཁོ་ན་ཉིད་གཏན་ལ་དབབ་པའི་རྣམ་པར་གཏན་ལ་དབབ་པ་བསྡུ་བའོ། །རྗོད་བྱེད་ཚིག་གི་ཆ་ལ་བརྟགས་པའི་དབང་དུ་བྱས་པ་གཉིས་ཏེ། ཚིག་གི་ཆ་སྡེ་སྣོད་གསུམ་དུ་བསྡུ་བའི་གཞི་བསྡུ་བ་དང༌། ཀུན་བྱང་གི་
རྣམ་གྲངས་སྟོན་པའི་རྣམ་གྲངས་བསྡུ་བའོ། །ཚིག་དོན་དེ་གཉིས་ཀ་སྦྱར་ནས་འཆད་ཉན་གྱིས་གཏན་ལ་དབབ་ཚུལ་སྟོན་པ་གཅིག་སྟེ་རྣམ་པར་བཤད་པའི་སྒོ་བསྡུ་བའོ། །སའི་དངོས་གཞིའི་ས་བཅུ་བདུན་གྱི་སྡོམ་ནི། རྣམ་ཤེས་ལྔ་དང་ལྡན་པའི་ས། །ཡིད་ཀྱི་ས་དང་གཞན་གསུམ་སྟེ། །རྟོག་དཔྱོད་བཅས་ལ་སོགས་པ་དང༌། །ཏིང་འཛིན་བཅས་དང་མ་ཡིན་དང༌། །སེམས་ཡོད་པ་དང་སེམས་མེད་དང༌། །ཐོས་དང་བསམ་དང་སྒོམ་ལྡན་དང༌། །དེ་བཞིན་ཐེག་པ་གསུམ་ལྡན་དང༌། །ཕུང་པོར་བཅས་དང་ཕུང་མེད་གཞན། །ཅེས་སོ། །༼༤ན༽ ༼༢༽དུས་ཕྱིས་རྗེ་བཙུན་ཏེ་འཇམ་པའི་དབྱངས་༼༦༽འགྲེལ་པར། དེའི་རྒྱན་ཚིག་ལེའུར་བྱས་པ་དག །༼ན༽ལེའུར་ཞེས་པ་གཙོ་བོར་བརྗོད་བྱ་ལ་བཏགས་པ་ཡིན་ཏེ། ལེའུའི་སྐད་དོད་པ་ཊ་ལ་ཞེས་པའི་པ་ཊ་གོས་ཀྱི་མིང་ཡིན་ཞིང་གོས་ཀྱིས་གནོད་འཚེ་རྣམས་བཟློག་པ་ལྟར། འདིའི་དོན་ཉམས་སུ་བླངས་པས་ལས་ཉོན་གྱི་འཚེ་བ་ཞི་བས་ན་དེ་ལྟར་བཏགས་པའི་ཕྱིར། སྒྲོན་མ་གསལ་བའི་རྒྱ་ཆེར་འགྲེལ་ལས། དོན་འདིས་ཉོན་མོངས་པ་དང༌། ལས་དང༌། སྐྱེ་བའི་ཉེ་བར་འཚེ་བ་བཟློག་པས་ན་གོས་དང་འདྲ་བའི་ཕྱིར་ལེའུའོ། །ཞེས་གསུངས་པའི་ཕྱིར། ༼༧༽རྩོམ་པ་མཐར་ཕྱིན་པའི་ཆེད་ཡིན་པའི་ཕྱིར། ༼པ༽སྤྱིར་འགྲེལ་པ་ལ་དོན་གྱི་གནད་ཚང་བར་སྟོན་པའི་དོན་འགྲེལ་དང༌། དཀའ་གནད་བྱེ་བྲག་ཏུ་བཤད་པའི་དཀའ་འགྲེལ་དང༌། ཚིག་འབྲུ་ཞིབ་ཏུ་གཉེར་བའི་
ཚིག་འགྲེལ་དང༌། ཡིག་དོན་གྱི་ཐོབ་ཚོད་ཙམ་སྟོན་པའི་ངག་འགྲེལ་དང༌། འཕྲོས་པ་ཡན་ལག་དང་བཅས་ཏེ་སྟོན་པའི་རྒྱ་ཆེར་འགྲེལ་དང་ལྔ་བཤད་པ་ལས་དང་པོ་ཡིན་ནོ། ། ༼༤བ༽ ༼༥༽ཚིག་གསལ་ལས། དེ་ནི་དེ་ལྟར་འགྲུབ་པ་ཉིད་འགྲེལ་པ་འབའ་ཞིག་གིས་མི་སྲིད་ལ་ཞེས་གསུངས་པའི་ཕྱིར། ༼ཕ༽ཆོས་བཤེས་རང་གི་ལུགས་ནི། སྒྲའི་བརྗོད་བྱ་ཚིག་ལེའུར་བྱས་པ། དོན་གྱི་བརྗོད་བྱ་རྒྱལ་བ་བསྐྱེད་མ། འགྲེལ་པ་ལེགས་པར་བརྩམས་པ་དགོས་པ། དེ་ལ་བརྟེན་ནས་རྒྱན་ཡུམ་གསུམ་གའི་རྒྱན་དུ་རྟོགས་པ་ཉིང་དགོས་ཏེ་བཞིར་འདོད་དོ། །འདིས་རང་ལུགས་བཞག་པ་མི་འཐད་པར་ཐལ། འགྲེལ་པ་བརྩམས་པ་འགྲེལ་པ་བརྩམས་པའི་དགོས་པར་མི་འཐད་པའི་ཕྱིར། གཞན་ལུགས་འགོག་ཚུལ་ཡང་མི་འཐད་པར་ཐལ། འགྲེལ་པ་ཁོ་ནས་མི་འགྲུབ་པའི་རྟགས་ཀྱིས་དེའི་ཉིང་དགོས་རྣམ་མཁྱེན་མེད་པར་བཤད་པ་དང༌། རྩ་བའི་ཉིང་དགོས་སུ་རྣམ་མཁྱེན་བཤད་པ་ནང་འགལ་ཡིན་པའི་ཕྱིར། ༼༦༽དེ་ལྟར་ན་སྔ་མ་ཤེར་འབྱུང་བཀག་པ་ལས་ཀྱང་ཁྱོད་ཀྱི་རང་ལུགས་འདི་མི་འཐད་པར་ཐལ། ༼༥ན༽ ༼༦༽དེ་ཡང་འདི་ཉིད་ཀྱིས་ཉན་ཐོས་ཀྱི་ས་ལ་བསླབ་པར་འདོད་པས་ཀྱང་ཞེས་གསུངས་པའི་ཕྱིར་དང༌། ༼བ༽དེའི་དོན་ནི། གོང་དུ་དྲངས་པའི་བརྒྱད་སྟོང་དོན་བསྡུས་ལས། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱའི་དོན་དང་དེ་ལྡན་ཕྱིར། །གཞུང་ལམ་དག་ལ་དེ་སྒྲ་ཡིན། །ཞེས་པ་ལྟར། གཞུང་ལམ་འབྲས་བུ་ཤེར་ཕྱིན་གསུམ་ལ་དྷི་ཏིས་བཤད་ཅིང༌། གཞུང་གོང་མ་
དང་འབྲེལ་ལོ། །འོན་ཀྱང༌། གཽ་མིས་མཁྱེན་གསུམ་ལ་བཤད་པ་ཡང༌། འགྲེལ་ཆེན་གྱི་ལུང་གི་མཇུག་དེ་མ་ཐག་ཏུ། དེ་རྣམས་ཉིད་ཀྱིས་ནི་མ་ཡིན་ཏེ། འདི་མེད་ན་མི་འབྱུང་བའི་ཕྱིར། བྱང་ཆུབ་གསུམ་གའི་དབང་དུ་བྱས་པའི་ཕྱིར་རོ། །དེ་ཡང་འདི་ཉིད་ལས། ཉན་ཐོས་ཀྱི་ས་ལ་བསླབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཉན་པར་བྱའོ། །ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་བ་ཡིན་ནོ། །ཞེས་གསུངས་པས། མདོས་བརྗོད་བྱ་མཁྱེན་པ་གསུམ་ག་ལ་ཤེར་ཕྱིན་གྱི་སྒྲས་བཏགས་པས། གཙོ་བོའི་དབང་དུ་མ་བྱས་ན་སངས་རྒྱས་ཁོ་ནར་འཆད་མི་རིགས་ཏེ། དངོས་བཏགས་ཀྱི་ཤེར་ཕྱིན་འདི་ལ་མ་བརྟེན་པར། བྱང་ཆུབ་གསུམ་གང་ཡང་འབྱུང་བ་མེད་པས། མཁྱེན་པ་གསུམ་ག་ཤེར་ཕྱིན་ཏུ་བསྡུས་ནས་མདོ་རྒྱན་གཉིས་ཀས་བརྗོད་བྱར་བྱས་པའི་དོན་ནོ། ། ༼༥བ༽ ༼༤༽རྩ་བའི་སེམ༡ས་ཀྱིས་མིང་གི་སྒོ་ནས་དམིགས་ལ། ༼༥༽རྗེས་སུ་སྤྱོད་པའི་.....སེམ༢ས་༼༥༽འགྲེལ་ཆེན་ལས། ༼མ༽བགྲང་བ་གཞལ་བ་རྟོགས་པ་ངེས་པར་རྟོགས་པ་སྟེ། རིམ་བཞིན་དངོས་པོ་བརྒྱད་དོན་བདུན་ཅུའི་གྲངས་དང༌། སོ་སོའི་ངོ་བོ་དང༌། དེ་ལ་སྒྲོ་སྐུར་སེལ་བ་དང༌། ངེས་ཟིན་དྲན་པར་བྱེད་པ་དང་༼༥༽རྣམ་པ་བཞིས་༼ཙ༽འདི་ལ་ཡང་མདོ་སྡེ་རྒྱན་གྱི་འགྲེལ་པ་དང༌། ཕར་ཕྱིན་ལམ་སྒྲིག་གཉིས་ཅུང་མི་མཐུན་པ་འདུག་གོ །༼༥༽རྣམ་པར་སྤྱོད་པའི་སེམ༣ས་ཀྱིས་དཔྱད་པར་བྱའོ། ། ༼༦༽ངེས་པར་འཛིན་པའི་སེམ༤ས་ཀྱིས་བཟུང་ལ་སྡོམ་པའི་སེམས་སམ་༼༦༽ལྷན་ཅིག་པ་རེ་བའི་
སེམས་.....སམ་སྨོན་པའི་སེམས་༼༦ན༽ ༼༥༽འགྲེལ་པ་ལས། དེ་ལྟར་མཁས་པས་སྣང་བྱས་ཤིང༌། །ནས། ༼ཚ༽སངས་རྒྱས་དབང་གིས་རྙེད་པ་ནི། ། ༼༥༽མཁས་པ་རྣམས་ཀྱིས་དབྱེ་བའི་རིགས། །ཞེས་པའི་ཚིགས་བཅད་གཉིས་བྱུང། ༼ཛ༽འདིས་ཡི་དམ་ལྷས་གནང་བ་ཐོབ་ཚུལ་ཡང་བསྟན་ཏེ། ཤར་ཕྱོགས་ཁ་སར་པ་ནིར་བྱོན་ནས་སྨྱུང་གནས་མཛད་པས་རྨི་ལམ་དུ་སྤྲིན་གྱི་གསེབ་ན་རྗེ་བཙུན་བྱམས་པ་གསེར་གྱི་མདོག་ཅན་བརྒྱད་སྟོང་པའི་གླེགས་བམ་བསྣམས་པ་ཞིག་མཐོང་སྟེ་ཁྱེད་ཀྱི་བསྟན་བཅོས་འདི་ལ་འགྲེལ་པ་མང་དུ་སྣང་ན་གང་གི་རྗེས་སུ་འབྲང་ཞུས་པས། ཐམས་ཅད་ལ་ལེགས་པར་རྟོགས་ལ་དོན་འདྲིལ་བའི་འགྲེལ་པ་རྩོམས་ཤིག །ཅེས་གནང་བ་ཐོབ་ཅིང་ཤེར་ཕྱིན་གྱི་དོན་ཐམས་ཅད་ཐུགས་སུ་ཆུད་པའི་ཕྱིར་རོ། ། ༼༦བ༽ ༼༢༽ལྔ་བརྒྱ་ཐ་མའི་འགྲེལ་པར་ཞི་འཚོའི་བཤད་ཚུལ་བཀོད་པའི་ཕྱིར། ༼ཝ༽ཡུམ་གསུམ་གནོད་འཇོམས་ལས། དེ་དེ་ལྟར་དེ་བཞིན་གཤེགས་པའི་བསྟན་པ་གནས་པའི་དུས་ལོ་ཉིས་སྟོང་ལྔ་བརྒྱར་འགྱུར་ཏེ། ཊཱིཀྐ་འདི་དང་འགལ་བར་སྣང་བ་ཤནྟི་རཀྵི་ཏའི་བསམ་པ་ནི། དགྲ་བཅོམ་པའི་ལེའུ་ནས་ཏིང་ངེ་འཛིན་གྱི་ལེའུའི་བར་ལ་དམ་པའི་ཆོས་གནས་སོ་ཞེས་བསམ་པ་ཡིན་ཏེ། འཆད་པའི་ལུགས་ལ་ལ་ཇི་སྐད་དུ་འཆད་དེ། སྤྱིར་ལོ་ལྔ་སྟོང་དུ་མཐུན་ནོ། །ཞེས་དགྲ་བཅོམ་ཕྱིར་མི་འོང་རྒྱུན་ཞུགས་ཀྱི་ལེའུ་གསུམ་དང་བསླབ་པ་གསུམ་དང་སྡེ་སྣོད་གསུམ་རྟགས་ཙམ་འཛིན་པའི་ལེའུ་དང་བཅུའི་དང་པོ་ལྔ་གནས་དུས་དང༌། ལྔ་འགྲིབ་དུས་ཞེས་པའི་ཚིག་ལ་རྩོད་པར་སྣང་སྟེ། ཕྱི་མ་
ལྔ་ཡང་གནས་དུས་ཡིན་པའི་ཕྱིར་ཞེས་པའོ། །འདིས་ནི་ཞི་འཚོ་ལ་མི་གནོད་དེ། གནས་དུས་འགྲིབ་དུས་གཉིས་སུ་ཕྱེ་བའི་གནས་དུས་མིན་པར་བསམ་གྱི། སྤྱིར་ལོ་ལྔ་སྟོང་དུ་གནས་པ་ཙམ་ཞི་འཚོ་ཡང་བཞེད་པའི་ཕྱིར། ཁ་ཅིག །ཞི་འཚོ་ལྔ་བརྒྱ་བ་ཕྱི་མ་ལྔ་ལྔ་བརྒྱ་ཐ་མར་འདོད་ལ། གནོད་འཇོམས་མཁན་པོ་རྟགས་ཙམ་འཛིན་པའི་ལེའུ་ལ་འདོད་པ་ཁྱད་པར་ཡིན་ཟེར་བ་མི་འཐད་དེ། འདི་ནི་རྩ་བའི་མདོས་ལྔ་བརྒྱ་ཐ་མའི་ཚེ་བསྟན་པ་བྱང་ནས་བྱང་དུ་དར་བར་གསུངས་པ་གང་ཞིག །རྟགས་ཙམ་འཛིན་པའི་ཚེ་བསྟན་པ་དར་བར་སུ་ཡང་མི་འདོད་པའི་ཕྱིར། ༼༢༽སྐྱེ་འགག་ཀུན་བྱང་མེད་པར་བཤད་པའི་སྐབས་སུ་རྩ་ཤེའི་ལུང་དྲངས་ནས་༼ཞ༽འདིར་མེད་པར་ཞེས་པ་བདེན་མེད་ཡིན་པས་སྟོང་ཉིད་བདེན་མེད་དུ་འདོད་ཀྱང༌། དོན་དམ་ཡོད་པར་འདོད་དམ་སྙམ་སྟེ་ལེགས་བཤད་སྙིང་པོར་བལྟའོ། ། ༼༢ན༽ ༼༤༽མ་གྲུབ་ན་སོང༌། ༼ཟ༽ལུང་དེའི་དོན་ནི། རྒྱན་སྣང་ལས། དེ་ལ་སྨྲ་བ་ཞེས་བྱ་བ་ནི། ཐོས་པའི་རང་བཞིན་གྱི་ཤེས་པ་སྐྱེས་པ་ལས་བྱང་ཆུབ་ཀྱི་ས་བོན་སྐྱེ་བའི་དོན་དུ་གང་གིས་འདོན་པར་བྱེད་པའོ། །སྟོན་པ་ནི་བསམ་པའི་རང་བཞིན་གྱི་ཤེས་པ་སྐྱེས་པ་ལས་ཡོངས་སུ་སྨིན་པར་བྱ་བའི་དོན་དུ་གང་གིས་དོན་འཆད་པར་བྱེད་པའོ། །ཉེ་བར་སྟོན་པ་ནི་སྒོམ་པའི་རང་བཞིན་གྱི་ཤེས་པ་སྐྱེས་པ་ལས་ཡོངས་སུ་གྲོལ་བར་བྱ་བའི་དོན་དུ་གང་གིས་གཞུང་དང་དོན་ལ་ངེས་པ་བསྐྱེད་པའི་རབ་ཏུ་སྟོན་པར་བྱེད་པའོ། །དེས་ན་དེ་ལྟར་བརྗོད་པ་དང་ཞེས་བྱ་བ་ལ་སོགས་པའི་ཚིག་གསུམ་ནི་གོ་རིམ་བཞིན་དུ།
སྨྲ་བ་དང་ཞེས་བྱ་བ་ལ་སོགས་པའི་བཤད་པ་ཡིན་ནོ། །ཞེས་ཕྱི་མ་གསུམ་དང་སྔ་མ་གསུམ་མིང་དོན་སྦྱར་ནས། དགོས་པ་གསུམ་གྱི་ཕྱིར་ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་སྐྱེད་བྱེད་ལ་སྦྱར་ཏེ། མདོ་སྡེ་རྒྱན་ལས། དེ་ནི་བག་ཆགས་རྟོག་དང་ཞི་བ་དང༌། །རབ་ཏུ་རྟོག་པས་རྣམ་པར་གྲོལ་བར་བྱེད། །ཅེས་པ་དང་གནད་གཅིག་གོ །འདིར་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་སྐབས་སུ་གཞན་གཅིག་ཀྱང་བཤད་ལ། འདིའི་ཐད་ཀྱི་སྡུད་པར་ཡང༌། འཛམ་བུའི་གླིང་འདིར་ཞེས་པ་ནས། རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་དང༌། །འཆད་དང་རིགས་པ་དག་དང་ལྡན་པར་བརྗོད་པ་དང༌། །མཆོག་འཕགས་བདེ་བ་བྱེད་དང་དེ་ཡི་འབྲས་ཐོབ་པ། །དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ། །ཞེས་གསུངས་སོ། ། ༼༦༽རིགས་པ་དྲུག་ཅུ་པའི་འགྲེལ་པར་ཟླ་བས་བཤད་པའི་ཕྱིར། ༼འ༽དེ་ཡང་ཟླ་བའི་འགྲེལ་པ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གསུངས་པ་ཉིད་ནི་ཐུབ་པའི་དབང་པོ་མ་ཡིན་པ་ལ་མི་སྲིད་པའི་ཕྱིར། རྟེན་ཅིང་འབྲེལ་བར་འབྱུང་བ་གསུངས་པ་ཉིད་ནི་ཐུབ་པའི་དབང་པོ་ཉིད་ལ་རྒྱུ་ཡིན་ནོ། །ཐུབ་པའི་དབང་པོ་ཉིད་ཀྱང༌། རྟེན་ཅིང་འབྲེལ་བར་འབྱུང་བ་གསུངས་པ་ཉིད་ལ་རྒྱུ་ཡིན་ཏེ། གཞན་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་བརྗོད་པར་ནུས་པ་མེད་པའི་ཕྱིར་རོ། །ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཐུབ་པའི་དབང་པོས་བསྟན་པ་ཉིད་ལས་དེ་བརྗོད་པའི་ཕྱིར། ཞེས་པ་འདི་ཡིན་ནམ་དཔྱད་དེ། འདི་ལས་གསལ་བ་མི་སྣང་ངོ༌། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ནི། ཤུ་རངྒ་ཞེས་པ་དཔའ་ཞིང་འཇིགས་པ་མེད་པ་
ལ་འཇུག་པས། དཔའ་བོའི་རྗེས་སུ་གཡུལ་རྣམས་འབྲང་བ་ལྟར་འདིའི་རྗེས་སུ་རྒྱལ་སྲས་ཀྱི་ཏིང་ངེ་འཛིན་ཐམས་ཅད་འཇུག་པའི་སྟོབས་ཀྱིས་རྗེས་ཐོབ་ཏུ་སངས་རྒྱས་དང་ཆ་འདྲ་བའི་མཛད་པ་སྟོན་ནུས་པ་ས་བཅུ་བ་ནས་ཐོབ་རྒྱུ། མངོན་ཤེས་དང་མཚུངས་ལྡན་གྱི་སེམས་བསྐྱེད་འཇོག་བྱེད་ཅིག་སྟེ། འོན་ཀྱང་ཏིང་ངེ་འཛིན་འདིའི་རྩལ་ས་བརྒྱད་པར་རྫོགས་ཤིང་བྱམས་སྨོན་ཊཱིཀྐར་བཤད་པ་ནི་སྦྱོར་བ་མཐུ་ཅན་ཐོབ་པ་ལ་བསམ་ཞིང༌། ཐོས་བསམ་སྒོམ་གསུམ་གྱི་ཡིག་ཆའི་དགོངས་པའང་དེ་ཡིན་ནོ། །༼༩ན༽ ༼༡༽སློབ་དཔོན་ཡེ་ཤེས་སྡེས་བཞེད་པ་ལྟར་ལེགས། ཞེས་གསུངས་པའི་ཕྱིར། ༼ཡ༽འདི་ནི་ཀ་བ་ཤཱཀྱ་བཤེས་གཉེན། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་སྟེ། ཀ་ཅོག་ཞང་གསུམ་དུ་གྲགས་པའི་ནང་ཚན་དེ་ཡིན་ནོ། ། ༼༢༽ཞི་འཚོའི་སྔོན་ནས་འཕགས་གྲོལ་སོགས་ཀྱིས་ཕྱི་དོན་མེད་པའི་དབུ་མ་བཤད་ཅིང༌། ༼ར༽ཞེས་པ་འདི་ཞི་འཚོས་དབུ་མ་རྒྱན་སོགས་བརྩམས་ནས་ཕྱི་དོན་མེད་པའི་དབུ་མ་རྒྱས་པར་མ་བཤད་པའི་སྔོན་དུ་འཕགས་གྲོལ་གྱིས་བཤད་པ་ལ་དགོངས་སམ་དཔྱད་དགོས་ཏེ། རྒྱུད་སྡེ་སྤྱི་རྣམ་ཆེན་མོར་ཞི་འཚོ་འཕགས་གྲོལ་གྱི་བླ་མར་བཤད་པའི་ཕྱིར་རོ། ། ༼༢༽འགྲེལ་པ་ལས། དེ་བྱས་བྱས་པ་མིན་མཐོང་ནས། །དབུ་མར་གནས་པའི་བློས་རྣམ་ཕྱེ། །ཞེས་གསུངས་པའི་ཕྱིར། ༼ལ༽ལུང་འདིས་ཕྱི་དོན་མེད་པའི་དབུ་མ་བཤད་པར་འགྲུབ་ཚུལ་ནི། འགྲེལ་བཤད་ཚིག་གསལ་ལས། རྣམ་པར་རིག་པའི་ཞེན་པ་མ་སྤང་བའི་
ཕྱིར་ན། དེ་བྱས་བྱས་པ་མིན་པར་མཐོང་ནས། ཞེས་གསུངས་པ་ལྟར། སྔ་མ་གཉིས་ཀྱིས་ཕྱི་དོན་བཀག་ཀྱང༌། རྣམ་ཤེས་ལ་བདེན་ཞེན་མ་བཀག་པས་རྒྱན་གྱི་དགོངས་པ་མཐར་ཐུག་ཏུ་མ་སོང་ཞེས་བཀག་ནས། རང་ལུགས་དེ་གཉིས་ཚོགས་དགོས་པར་གསུངས་པའི་ཕྱིར་རོ། ། ༼༤༽རྣམ་ཤེས་ཀྱང་བདག་མེད་དང་སྐྱེ་བ་མེད་པར་རྟོགས་པར་བྱ་རུང་ངོ༌། །ཞེས་གསུངས་པའི་ཕྱིར། ༼ཤ༽འདིའི་ཐད་ཀྱི་དབུ་མ་སྙིང་པོར་ཡང༌། གལ་ཏེ་དེ་ནི་འགོག་པའི་ཕྱིར། །བསྒྲུབ་གཞན་ཡོངས་སུ་འཛིན་འདོད་ན། །འདམ་རྫབ་འཁྲུ་བར་བྱེད་པ་བས། །མ་རེག་པར་ནི་བསྲིང་ན་བཟང༌། །ཞེས་གསུངས་སོ། ། ༼༣༽དེ་ཉིད་བཅུ་བ་ལས། དེ་བཞིན་ཉིད་ནི་ཤེས་འདོད་པས། །རྣམ་བཅས་མ་ཡིན་རྣམ་མེད་མིན། ། ༼ས༽བླ་མའི་ངག་གིས་མ་བརྒྱན་པའི། །དབུ་མ་འབྲིང་པོ་ཙམ་ཡིན་ནོ། །ཞེས་བླ་མ་ཟླ་བ་གྲགས་པའི་ངག་གིས་མ་བརྒྱན་པའི་རྣམ་བཅས་ལྟ་བུའི་ཞི་འཚོ་དང༌། རྣམ་མེད་ལྟ་བུའི་ལྭ་བ་པ་སོགས་དབུ་མ་འབྲིང་པོར་བཤད་པས་ཞི་འཚོ་རྣམ་བཅས་པར་གྲུབ་བོ། །༼༩བ༽ ༼༡༽པཎ་ཆེན་ལྷན་སྐྱེས་རྡོ་རྗེའི་འགྲེལ་པ་ལས། ཞི་བ་འཚོའི་ཞལ་སྔ་ནས་ལ་སོགས་པ་རྣམ་པ་བཅས་པའི་དབུ་མ་ཉིད་ཁས་ལེན་པར་བྱེད་དེ། དེ་སྐད་དུ། ༼ཧ༽དབུ་མ་རྒྱན་གྱི་མདོར་བསྟན་དུ་བདག་སྟེ་རང་སྡེ་དང་གཞན་སྡེས་༼༡༽སྨྲས་དངོས་པོ་ཡིས། ། ༼ཨ༽ཡང་དག་དུ་ན་གཅིག་པུ་དང༌། །དུ་མའི་རང་བཞིན་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། ། ༼༡༽ཞེས་སོགས་དབུ་མ་རྒྱན་ཡོངས་རྫོགས་དྲངས་པའི་ཕྱིར། ༼ཀི༽འདི་ལ་དཔེ་ཁ་ཅིག་ཏུ། བདག་
དང་གཞན་སྨྲས་དངོས་པོ་རྣམས། །ཞེས་འབྱུང་ངོ༌། ། ༼༡༽ལེགས་བཤད་སྙིང་པོ་ལས། ལུགས་འདིས་སྔོ་སེར་ལ་སོགས་པའི་རྣམ་པ་༼ཁི༽སྣང་བའི་ཆ་གཅིག་སྒྲོ་བཏགས་དང་མ་འདྲེས་པའི་དོན་གྱི༌༼༢༽དངོས་པོར་.....གནས་པའི་བདེན་པར་༼༢༽དབུ་མ་རྒྱན་ལས། ༼གི༽མ་བརྟགས་གཅིག་པུ་ཉམས་དགའ་བ། ། ༼༤༽ཛེ་ཏཱ་རིའི་བདེ་གཤེགས་གཞུང་གི་རང་འགྲེལ་ལས། ལུང་འདི་ལས་ཀྱང་སློབ་དཔོན་ཆོས་གྲགས་དབུ་མ་པ་ཡིན་པར་གྲུབ་སྟེ། ལུང་གང་ཞེ་ན། ༼༤༽སྣ་ཚོགས་སྣང་ཅན་དོན་རྣམས་ལ། ། ༼ངི༽གལ་ཏེ་གཅིག་ཉིད་མི་རིགས་ན། །རེ་ཞིག་གཅིག་པུའི་བློ་དེ་ཉིད། །སྣ་ཚོགས་སུ་ནི་ཇི་ལྟར་སྣང༌། །ཇི་ལྟ་ཇི་ལྟར་རྣམ་བསམ་པ། །དེ་ལྟ་དེ་ལྟར་རྣམ་བྲལ་ཞེས། །མཁས་པ་རྣམས་ཀྱིས་གང་གསུངས་པ། །དེ་ནི་དངོས་སྟོབས་འོང་བ་ཡིན། །ཞེས་ཤོ་ལོ་ཀ་དང་པོས་རྩོད་པ་དང༌། གཉིས་པས་ལན་བསྟན་ལ། རྩོད་ཚུལ་ནི། ཡུལ་སྣ་ཚོགས་པའི་སྣང་བ་ཅན་གྱི་ཁྲ་འཛིན་མིག་ཤེས་ལྟ་བུའི་ཡུལ་དཀར་སེར་སོགས་བདག་ཉིད་གཅིག་ཏུ་མི་རིགས་པར་ཁྱོད་ཀྱང་འདོད་ན། དེ་དང་དཀར་སེར་དེ་དག་ཁྲ་འཛིན་ཤེས་པ་གཅིག་གི་བདག་ཉིད་དུ་འདོད་པ་ན། གལ་ཏེ་དེ་ལྟར་ན་བློ་གཅིག་པུ་དེ་དུ་མར་ཐལ་བའམ། ཡུལ་དུ་མ་དེ་གཅིག་ཏུ་ཐལ་བར་འགྱུར་ཞེས་པ་ཡིན་ལ། ལན་ནི། གཟུང་འཛིན་སྣང་བ་ལྟར་བདེན་ན། སྐྱོན་དེ་དག་འཇུག་ཀྱང༌། གཟུང་འཛིན་ཇི་ལྟར་སྣང་བ་འདི་ལ་གཅིག་དུ་བྲལ་གྱིས་དཔྱད་པས་ཇི་ལྟ་ཇི་ལྟར་དཔྱད་པ་དེ་དང་དེར་དཔྱད་མི་བཟོད་པས་སྣང་བ་ལྟར་
མ་གྲུབ་ཅེས་མཁས་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ནི། དངོས་སྟོབས་ཀྱི་རིགས་པས་ལེགས་པར་གྲུབ་སྟེ། ཁོ་བོ་ཅག་འདོད་པས་སྔར་གྱི་སྐྱོན་དེ་མི་འཇུག་གོ ། ༼༥༽སློབ་དཔོན་ཆོས་ཀྱི་གྲགས་པའི་ཞལ་སྔ་ནས་བཞེད་པའི་དབུ་མའི་དེ་ཁོ་ན་ཉིད་འདི། ཞེས་གསུངས་པའི་ཕྱིར། ༼ཅི༽འདིའི་འཁྲུལ་གཞི་གཅིག་དུ་བྲལ་གྱི་དཔྱད་པ་དེ་དབུ་མ་པའི་གཅིག་དུ་བྲལ་གྱི་དཔྱད་ཚུལ་དེར་འཁྲུལ་ཞིང༌། སྟོང་ཉིད་ལྟ་བས་གྲོལ་འགྱུར་གྱི། །ཞེས་པའི་ལུང་གིས་ཀྱང་བྱས་པར་དབུ་མའི་མཐའ་དཔྱོད་དུ་གསུངས། ༼༦༽ཉེར་ལེན་ལས་སྐྱེས་དྲི་མ་ཡིས། །བདག་ཉིད་དབྱེར་མེད་པར་བསྒྲིབས་ཏེ། ། ༼ཆི༽ཞེས་ངོ་བོ་དང་བདག་ཉིད་གཉིས་སོ་སོར་འབྱེད་རྒྱུ་མེད་པས། གཅིག་བསླད་ལ་གཅིག་མ་བསླད་པ་མ་ཡིན་ཞིང༌། དེ་གཉིས་གང་ཡང་མ་བསླད་མོད། འོན་ཀྱང་བསྒྲིབས་པ་ཙམ་ཡིན་ནོ། །དེ་ཇི་ལྟར་ཞེ་ན། བློ་ནི་ཤེལ་སྒོང་རྣམ་པ་ལྟར། །གཞན་གྱི་གཟུགས་སུ་སྣང་བ་ཡིན། །ཞེས་གསུངས་ཏེ། དཔེར་ན་ཤེལ་སྒོང་རས་སྔོན་པོའི་སྟེང་དུ་བཞག་པ་ན། ཤེལ་གྱི་ངོ་བོ་དང་རང་བཞིན་གང་ལའང་སྔོན་པོའི་མདངས་མ་ཞུགས་ཀྱང༌། རྣམ་པ་སྔོ་ལམ་མེ་བ་ཞིག་ཏུ་སྣང་བ་ལྟ་བུ་ཡིན་ནོ། །དེས་ན། སེམས་ཀྱི་རྣམ་པ་འཁྲུལ་བའི་ཕྱིར། །གཟུང་དང་འཛིན་པ་ཐ་དད་དོ། །ཞེས་དེ་གཉིས་གང་ཡང་མ་བསླད་ཀྱང་འཁྲུལ་ཤེས་མིན་མི་དགོས་པར་ཐལ། སྔར་བཤད་པ་ལྟར་དྲི་མས་བསྒྲིབས་པའི་དབང་གིས་རྣམ་པ་ཙམ་འཁྲུལ་ནས་གཟུང་འཛིན་རྫས་ཐ་དད་དུ་སྣང་བ་འབྱུང་བའི་ཕྱིར། ༼༧༽ལེགས་བཤད་སྙིང་པོ་ལས། ཐ་སྙད་དུ་སྔོ་སེར་ལ་སོགས་པའི་རྣམ་པ་རྣམས་.....སྣང་བའི་ཚེ་ཆ་གང་
ཡང་དོན་གྱི།.....དངོས་པོར་.....གྲུབ་པའི་གནས་ཚུལ་དང་མི་མཐུན་པ་.....མེད་པ་.....སྒྲོ་བཏགས་དང་མ་འདྲེས་པ་ཁོ་ནར་འདོད་པས་ན། ༼༡༠ན༽ ༼༡༽ཚུལ་དགུ་པ་དྲངས་པ་ལས་ཀྱང༌། སེམས་ཀྱི་རྣམ་པ་འཁྲུལ་བའི་ཕྱིར། །གཟུང་དང་འཛིན་པ་ཐ་དད་དོ། །ཞེས་སོགས་གསུངས་པའི་ཕྱིར། ༼ཇི༽ཚུལ་དགུ་བའི་ལུང་དྲངས་པ་འདི་རྣམས་ཁ་ཆེའི་པཎྚི་ཏ་སུ་མ་ཏི་ཤྲཱི་དང༌། རིན་ཆེན་གྲུབ་ཀྱིས་བསྒྱུར་བའི་ཕར་ཕྱིན་ཚུལ་དགུ་པ་ལྭ་བ་པས་མཛད་ཟེར་བ་དང༌། དེའི་རང་འགྲེལ་རིན་ཆེན་བཟང་པོས་བསྒྱུར་ཟེར་བ་རྣམས་ན་མི་སྣང༌། ༼༤༽དེ་ལ་སློབ་དཔོན་ཀླུ་སྒྲུབ་དང་ཐོགས་མེད་གཉིས་སུ་ངེས་པའི་ཕྱིར། ༼ཉི༽འཆད་འགྱུར་ལྟར་མཆོད་བརྗོད་ཀྱི། ༼༤༽ཞར་བྱུང་སྐྱེས་བུ་གསུམ་གྱི་རྣམ་གཞག་ལ། ༼ཏི༽ཞེས་གང་ཟག་གསུམ་མི་ཟེར་བར་སྐྱེས་བུ་གསུམ་ཟེར་བ་སྐྱེས་བུའི་སྐད་དོད་པུ་རུ་ཥ་ཞེས་པ་ནུས་ཅན་ལ་འཇུག་པས་འདི་གསུམ་བློའི་ནུས་པ་ཆེ་ཆུང་གི་སྒོ་ནས་བཞག་པ་གོ་ཆེད་ཡིན་པར་དཀའ་ཆེན་གསུངས་སོ། །སངས་རྒྱས་འཕགས་པའི་ལུས་དང་འཁོར་ཕུན་སུམ་ཚོགས་པ་སོགས་མངོན་མཐོ་ཡིན་ཞེས་ལམ་རིམ་ལས་གསུངས་ལ། འདིའི་ཁུངས་ནི། མདོ་སྡེ་རྒྱན་ལས། ལོངས་སྤྱོད་དང་ལུས་ཕུན་སུམ་ཚོགས་པ་དང༌། །འཁོར་རྩོམ་ཕུན་སུམ་ཚོགས་པ་མངོན་མཐོ་དང༌། །རྟག་ཏུ་ཉོན་མོངས་དབང་ཉིད་མི་འགྲོ་དང༌། །བྱ་བ་རྣམས་ལ་ཕྱིན་ཅི་མ་ལོག་པའོ། །ཞེས་པའི་འགྲེལ་བཤད་དུ་ཕར་ཕྱིན་དང་པོ་བཞི་མངོན་མཐོ་སྒྲུབ་བྱེད་དང༌། ཐ་མ་གཉིས་ངེས་ལེགས་སྒྲུབ་བྱེད་དུ་གསུངས་སོ། ། ༼༡༠བ༽ ༼༢༽བསྡུ་བ་ལས། འདོད་པ་ལ་ལོངས་སྤྱོད་པ་གང་
གཅིག་ཏུ་ཆོས་ཀྱིས་བབ་ཅོལ་མིན་པ་ཁོ་ནར། ཞེས་གསུངས་པའི་ཕྱིར། ༼ཐི༽ལམ་སྒྲོན་དངོས་བསྟན་གྱི་སྐྱེས་བུ་ཆུང་ངུ་ལ་འདིས་ཁྱབ་སྟེ། པཎ་ཆེན་གྱི་ལམ་སྒྲོན་འགྲེལ་པར། སྤྱིར་སྐྱེས་བུ་ཆུང་ངུ་ལ་ཚེ་འདི་དོན་གཉེར་ཙམ་ཡང་ཡོད་མོད་ཀྱང༌། འདིར་ནི་མངོན་མཐོའི་ཐབས་མ་ནོར་བ་ལ་ཞུགས་པ་དགོས་པའི་ཕྱིར། འདིར་བསྟན་སྐྱེས་བུ་ཆུང་ངུ་ལ་གཅིག་ཉིད་ལས་དབྱེ་བ་གཞན་མི་བྱེད་དོ། །ཞེས་གསུངས་པའི་ཕྱིར། གོང་དུ་དེ་ལ་ཕལ་བ་དང་ཁྱད་པར་ཅན་གཉིས་ཡོད་གསུངས་པ་སྐྱེས་བུ་ཆུང་ངུ་སྤྱིའི་དབྱེ་བ་ཡིན་ནམ་དཔྱད། དེ་བཞིན་དུ་སྐྱེས་བུ་གསུམ་གྱི་རྣམ་གྲངས་ཤིན་ཏུ་མང་སྟེ། ༼༢༽ངེས་འབྱུང་དང༌། ༼དི༽འཁོར་བའི་ཕུན་ཚོགས་ལ་ཉེས་དམིགས་སུ་མི་ལྟ། དེ་ལས་ངེས་པར་འབྱུང་འདོད་མེད། ངེས་འབྱུང་དེ་དོན་དུ་མི་གཉེར་བས་ཆུང་ངུ་དང༌། ཉེས་དམིགས་སུ་ལྟ། ངེས་པར་འབྱུང་འདོད་ཡོད་ཀྱང། དེ་དོན་དུ་མི་གཉེར་བས་འབྲིང་དང། དེ་གསུམ་ག་ལྡན་པ་ནི་ཆེན་པོའོ། །བསྡུ་བ་ན་ཡོད། ༼༢༽སྦྱིན་གནས་༼ནི༽རང་གི་ཡིད་དུ་འོང་བ་ལ་སྦྱིན་པ་གཏོང་ལ་གཞན་ལ་མི་གཏོང་བས་ཆུང་ངུ་དང༌། རང་ལ་དྲིན་ཆེ་བ་སོགས་ལ་དྲིན་གཟོ་བའི་ཕྱིར་དུ་སྦྱིན་པ་གཏོང་ལ། གཞན་ལ་མི་གཏོང་བས་འབྲིང༌། སྡུག་བསྔལ་གྱིས་ཉམ་ཐག་པ་ལ་བརྩེ་བ་དང༌། བླ་མ་སོགས་ལ་དད་པས་གཏོང་བ་ནི་ཆེན་པོའོ། །ཞེས་བསྡུ་བ་ན་ཡོད། ༼༣༽ལམ་སྒྲོན་ལས། གང་ཞིག་རང་ཞི་འགོག་པ་.....ཙམ་དོན་གཉེར། །སྡུག་བདེན་གྱིས་བསྡུས་པའི་སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང༌། །རྒྱུ་ཀུན་འབྱུང་གི་གཙོ་བོ་སྡིག་པའི་ལས་ལས་ལྡོག་པའི་བདག་ཉིད། །ལམ་བསླབ་
པ་གསུམ་ལ་སློབ་པའི། ༼༥༽མདོ་སྡེ་རྒྱན་ལས། ཉོན་མོངས་ཀྱིས་ནི་བདག་འཇོམས་སེམས་ཅན་གཞན་འཇོམས་ཤིང་གཉིས་ཀའི་ཚུལ་ཁྲིམས་འཇོམས། །ཞེས་དང༌།༼པི༽འདི་ལ་རྒྱན་རྩ་འགྲེལ་གྱི་དཔེ་ཕལ་མོ་ཆེར། ཉོན་མོངས་ཀྱིས་ནི་བདག་འཇོམས་སེམས་ཅན་འཇོམས་ཤིང་ཚུལ་ཁྲིམས་འཇོམས། །ཉམས་བཅས་རྙེད་པས་དམན་ཞིང་སྲུང་དང་དེ་བཞིན་སྟོན་པས་སྨད། །ཅེས་ཚིག་རིང་དུ་འབྱུང་ངོ༌། ། ༼༦༽ཚོམས་ལས། སྡིག་ཅན་མི་དང་འགྲོགས་མི་བྱ། །གལ་ཏེ་སྡིག་པ་བྱེད་པ་དག །སྡིག་མི་བྱེད་པས་བསྟེན་ན་ཡང༌། །སྡིག་པ་བྱེད་པར་དོགས་སྐྱེ་ཞིང༌། །མི་སྙན་པ་ཡང་འཕེལ་བར་འགྱུར། །ཞེས་གསུངས་པའི་ཕྱིར། ༼ཕི༽ཚིག་རྐང་ཕྱི་མ་འདི་དང་སྦྱར་ན་སྡིག་ཅན་རྐུན་མ་ལྟ་བུ་དང་འགྲོགས་པའི་ཉེས་དམིགས་ཀྱིས་མི་དེ་ལ་ཡང་གཞན་གྱིས་འདིས་བརྐུས་སམ་སྙམ་པ་སྐྱེ་བ་ལ་བཤད་དགོས་ཤིང༌། དྲངས་པའི་འབྲེལ་ལྟར་ན་སྡིག་པ་མི་བྱེད་པའི་མི་ཡང་དེ་འདྲ་དང་འགྲོགས་ན་བྱེད་དོགས་ཡོད་པ་ལ་འཆད་དགོས་སོ། །༼༡༡ན༽ ༼༢༽ལམ་སྒྲོན་ལས། རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས། ། ༼བི༽འདིར་ཁ་ཅིག་ཏུ་བདག་གཞན་མཉམ་བརྗེའི་བཤད་པའང་འབྱུང༌། ༼༥༽རང་འགྲེལ་ལས། ཆུང་ངུ་འབྲིང་དང་ཆེན་པོ་ཉིད་ནི་ཡང་དག་པར་ལེན་པའི་སེམས་ཀྱི་དབང་གིས་ཏེ། ཞེས་གསུངས་པའི་ཕྱིར། ༼མི༽སྤང་བྱ་ཕྱོགས་གཅིག་ཙམ་སྤངས་པའི་སྡོམ་པ་དང་ལྡན་པས་ཆུང་ངུ་དང༌། སྤང་བྱ་མ་ལུས་པར་སྤངས་ཀྱང་གཞན་དེ་ལ་མི་འགོད་པ་དང༌། དེའི་བསྔགས་པ་མི་བརྗོད་པས་
འབྲིང་དང༌། སྤང་བྱ་ཡང་སྤངས་གཞན་དེ་ལ་འགོད་པ་དང༌། བསྔགས་པ་བརྗོད་པས་ཆེན་པོར་བཞག་གོ །༼༥༽དེའི་རིགས་པ་སྦྱར་བ་ནི། ལམ་རིམ་ལས། སྐྱེས་བུ་གསུམ་གྱི་ཐ་སྙད་ཙམ་ཞིག་ནི། ལམ་སྒྲོན་བཞིན་དུ་མཛོད་འགྲེལ་ལས་ཀྱང་གསུངས། ༼༧༽དཔེར་ན་རིན་ཆེན་འཕྲེང་བ་ལས། ༼ཙི༽དང་པོ་མངོན་པར་མཐོ་བའི་ཆོས། །ཕྱིས་ནས་ངེས་པར་ལེགས་འབྱུང་བའོ། ། ༼༧༽དང་པོ་མངོན་པར་མཐོ་ཐོབ་པས། །ཕྱིས་ནི་ངེས་པར་ལེགས་པ་འབྱུང༌། ། ༼ཚི༽དེ་ཡང་རྐང་པ་དང་པོ་གཉིས་ཀྱིས་གདུལ་བྱ་རྣམས་ལ་དང་པོར་མངོན་མཐོའི་ཆོས་བཅུ་དྲུག་བསྟན་ནས་ཕྱིས་ངེས་ལེགས་ཀྱི་ལམ་སྟོང་ཉིད་སྟོན་དགོས་ཏེ། ཞེས་བསྒྲུབ་བྱ་དང༌། རྐང་པ་ཕྱི་མ་གཉིས་ཀྱིས་གདུལ་བྱ་དེ་ལ་མངོན་མཐོ་ཙམ་དུ་འཁྲིད་རུང་དང༌། འབྲིང་ཐེག་དམན་གྱི་ངེས་ལེགས་དང༌། ཆེན་པོ་མཐར་ཐུག་གི་ངེས་ལེགས་ལ་འཁྲིད་འོས་གསུམ་ཡོད་པའི་ཕྱིར། ཞེས་རྒྱུ་མཚན་བསྟན་ལ། འདིས་འཁྲིད་ཚུལ་གྲུབ་མཐའ་རྩ་བར། མངོན་མཐོ་ངེས་ལེགས་སྒྲུབ་བྱེད་དད་ཤེས་གཉིས། །ཞེས་པ་དང་གནད་གཅིག་ལ། ཐལ་འགྱུར་བ་རྣམས་འདིས་ངེས་ལེགས་ཐོབ་པ་དང། ཤེས་རབ་ཀྱི་སྟོབས་ཀྱིས་ངར་འཛིན་ཟད་པ། རྗེས་སུ་འགྲོ་ལྡོག་ཏུ་གསུངས་པས། ཉན་རང་རྣམས་ཀྱང་སྟོང་ཉིད་རྟོགས་པར་འདིས་འགྲུབ་པར་བཞེད་དོ། །འདི་དང་མདོ་ཀུན་བཏུས་གཉིས་ཀླུ་སྒྲུབ་ཀྱི་ལམ་རིམ་ཡིན་ཞིང༌། དལ་འབྱོར་ནས་འཁྲིད་ཚུལ་གསུངས་ལ། མདོ་སྡེ་རྒྱན་དང་ཉན་སར་རིགས་ནས་འཁྲིད་ཚུལ་གསུངས་ཞེས་དཀའ་ཆེན་ཡེ་ཤེས་རྒྱལ་མཚན་གསུངས་སོ། །༼༡༢ན༽ ༼༣༽
རྣམ་འགྲེལ་ལས། སྟོང་ཉིད་ལྟ་བས་གྲོལ་འགྱུར་གྱི། །སྒོམ་པ་ལྷག་མ་དེ་དོན་ཡིན། །ཞེས་གསུངས་པའི་ཕྱིར། ༼ཛི༽འདི་ལ་ཁ་ཅིག་ན་རེ། བདེན་བཞིའི་ཁྱད་ཆོས་གཞན་བཅུ་བཞི་སྔོན་ལ་རྟོགས་ནས། སྟོང་བདག་མེད་གཉིས་རྗེས་ལ་རྟོགས་དགོས་པར་ཐལ། གཞན་བཅུ་བཞི་སྨིན་ལམ་དང་སྦྱོར་བ་ཡིན། དེ་གཉིས་རྟོགས་པའི་ཤེས་རབ་དེ་གྲོལ་ལམ་དངོས་ཡིན་པར་ལུང་འདིས་གྲུབ་པའི་ཕྱིར་ཟེར་བ་མི་འཐད་དེ། འདིའི་སྒོམ་པ་ལྷག་མ་ཞེས་པའི་འབྲུ་བསྣོན་དུ། ཊཱིཀ་ཆེན་དང་ཐར་ལམ་གསལ་བྱེད་གཉིས་ཀར་སྒོམ་པ་ལྷག་མ་མི་རྟག་པ་དང་སྡུག་བསྔལ་ཞེས་པ་ཙམ་ལས་མི་འབྱུང་ཞིང༌། འདི་གོང་གི་རྩ་བར་ཡང༌། དེ་ཕྱིར་མི་རྟག་ལས་སྡུག་བསྔལ། །སྡུག་བསྔལ་ལས་ནི་བདག་མེད་གསུངས། །ཞེས་འབྱུང་བའི་ཕྱིར་རོ། །དེར་མ་ཟད་སྟོང་བདག་མེད་གཉིས་ཀུན་འབྱུང་གི་ཁྱད་ཆོས་སོགས་ཀྱི་རྗེས་སུ་རྟོགས་དགོས་པ་ལུང་རིགས་གཉིས་ཀ་དང་འགལ་ཏེ། ཉན་ས་ལས། རྣམ་པ་བཞིའི་རྗེས་སུ་ཞུགས་པའི་རྣམ་པ་བཅུ་པོ་དག་གིས་སྡུག་བསྔལ་གྱི་མཚན་ཉིད་སོ་སོར་རིག་ནས། གང་ཞིག་སྤང་ན་སྡུག་བསྔལ་འདི་སྤོང་བར་འགྱུར། སྡུག་བསྔལ་གྱི་རྒྱུ་དང༌། ཀུན་འབྱུང་དང༌། རབ་སྐྱེ་དང༌། རྐྱེན་གང་ཡིན་པ་རྣམ་པ་བཞིས་བདེན་པ་ཀུན་འབྱུང་བའི་མཚན་ཉིད་སོ་སོར་རིག་པར་བྱེད་དོ། །ཞེས་མི་རྟག་སྡུག་བསྔལ་སོགས་བཞི་དང༌། འགྱུར་བའི་རྣམ་པ་སོགས་བཅུ་རྟོགས་རྗེས་ཀུན་འབྱུང་ལ་འཇུག་པར་གསུངས་པའི་ཕྱིར་དང༌། འཁོར་བའི་རྩ་བ་མ་རྟོགས་པར་ཀུན་འབྱུང་འཁོར་བའི་འཇུག་
རིམ་རྟོགས་པ་མི་སྲིད་པའི་ཕྱིར་དང༌། རྣམ་འགྲེལ་རང་ལུགས་ལ་ཡང་འགོག་བདེན་བདག་མེད་ཕྲ་མོ་གཉིས་གང་དུ་འདོད་པའི་ཕྱིར་དང༌། སེམས་རང་བཞིན་གྱིས་འོད་གསལ་བའི་རྟགས་ཀྱིས། དྲི་མ་གློ་བུར་བར་བསྒྲུབ་པར་གསུངས་པས་ཀྱང་གནོད་པའི་ཕྱིར་རོ། ། ༼༡༢བ༽ ༼༢༽ལམ་སྒྲོན་ལས། སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང༌། །ཞེས་གསུངས་པའི་ཕྱིར། ༼ཝི༽དོན་བསྡུ་ན། བཟང་ངན་ལེགས་ཉེས་སོགས་ལ་ལྟོས་པ་མེད་པར་སྲིད་པ་གང་ཡིན་ལ་ཞེན་པ་ལོག་པ། བྱང་བའི་བྱིས་པ་ཉུང་མས་མི་མགུ་ཟེར་བ་ལྟ་བུ་ཞིག་དགོས་པར་ལམ་རིམ་ལས་གསུངས། ༼༥༽ཡང་ཁ་ཅིག་གིས། བྱང་སེམས་ཀྱིས་ཀྱང་འཁོར་བའི་སྐྱེ་བ་བླངས་ཚད་ཀྱི་ལུས་ལ་འཁོར་བར་འཇོག །ཁ་ཅིག་བྱང་སེམས་སོ་སྐྱེས་བླངས་ཚད་ཀྱི་ལུས་ལ་འཁོར་བར་འཇོག་ཟེར། གཉིས་ཀ་ལ་༼ཞི༽སོ་སྐྱེ་ལ་མ་རིག་བག་ཆགས་ཀྱི་ས་དང༌། ཟག་མེད་ལས་ཀྱི་དབང་གིས་སྐྱེ་བ་ལེན་པ་མེད་པས། སྐྱོན་གཏོང་ལུགས་འདི་ལ་དཔྱོད། ༼༧༽ཁྱོད་སྨོན་ལམ་དག་པའི་དབང་གིས་བླངས་པའི་ལུས་ཡིན་པའི་ཕྱིར། ཀུན་བཏུས་ལས། ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་དེ་དག་ནི་སྡུག་བསྔལ་གྱི་བདེན་པ་མ་ཡིན་པར་བལྟ་སྟེ། དེ་དག་ལས་དང་ཉོན་མོངས་པས་བསྐྱེད་པ་མ་ཡིན། ལས་དང་ཉོན་མོངས་པའི་དབང་གིས་བྱུང་བ་མ་ཡིན་གྱི། སྨོན་ལམ་དང་དགེ་བའི་རྩ་བའི་དབང་གིས་བྱུང་བ་དག་གོ །ཞེས་གསུངས་པའི་ཕྱིར། ༈ ༼༡༣ན༽ ༼༥༽བྱམས་པ་ལུང་བསྟན་པའི་མདོ་ལས། འབྱུང་པོ་ཀུན་ལ་ཐུགས་བརྩེ་བ། །བྱམས་པ་རྐང་གཉིས་རྣམས་ཀྱི་མཆོག ། ༼ཟི༽ཉི་ཁྲི་
ཁབ་ཏུ་བཞུགས་ཤིང༌། ཞག་བདུན་དཀའ་བ་སྤྱད་པའི་ལྷག་མ། ༼༥༽ལོ་ནི་དྲུག་ཁྲི་དག་ཏུ་ཡང༌། །དམ་པའི་ཆོས་ནི་སྟོན་པར་འགྱུར། །ཞེས་གསུངས་པའི་ཕྱིར། ༼འི༽ཁ་ཅིག །སྐྱོ་བ་བསྐྱེད་པའི་ཕྱིར་དེ་དུས་ཀྱི་ཚེ་ཚད་ཙམ་མི་བཞུགས་ཏེ། བརྒྱ་བའི་ཚེ། སྟོན་པ་བརྒྱད་ཅུ་ལས་མ་བཞུགས་པ་བཞིན་ཟེར། ༼༦༽རྗེ་བཙུན་བྱམས་པ་འདི་སློབ་ལམ་དུ་༼ཡི༽དགེ་སློང་བློ་གྲོས་བརྟན་པར་གྱུར་པའི་ཚེ། ༼༡༤ན༽ ༼༧༽རོང་ཊཱིཀ་པ་ཁྱོད་ཀྱིས་འགྲེལ་པ་དང་གསེར་འཕྲེང་ལ་རང་དོན་གྱི་དགོས་པ་མེད་པར་སྒྲུབ་པ་ལ་རང་དོན་དོན་གཉེར་མེད་པ་བཀོད་པ་དང༌། ༼རི༽འགྲེལ་པར་ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་པ་སྐྱེ་བའི་རིམ་གྱིས་ཞེས་པའི། ༼༧༽སོགས་སྒྲས་འཕགས་པ་བྱམས་པས། ༼༡༤བ༽ ༼༥༽དེར་ཐལ། རྒྱ་ཆེར་རོལ་བ་ལས། ༼ལི༽དཀའ་བ་སྤྱོད་པའི་ལེའུ་ལས། ས་འདིར་རྣམ་བརྒྱར་འཐོར་བར་འགྱུར་ཡང་སྲིད། །རི་རབ་རྩེ་མོར་ལྷུན་པོ་ཆུར་འཕྱོ་སྲིད། །ཉི་ཟླ་སྐར་ཚོགས་ས་ལ་ལྟུང་འགྱུར་སྲིད། ། ༼༥༽སོ་སོ་སྐྱེ་བོ་ཡིན་ཡང་ང་མི་འཆི། ། ༼ཤི༽དེ་ཕྱིར་འདི་ལ་མྱ་ངན་ཁྱོད་མ་བྱེད། །རིང་པོར་མི་ཐོགས་བྱང་ཆུབ་སངས་རྒྱས་འགྱུར། །ཞེས་སྒྱུ་འཕྲུལ་མའི་སྐྱེ་བའི་ལྷ་ལ་གསུངས་སོ། ། ༼༦༽རྒྱུད་བླ་མ་ལས། དེ་ལྟར་ཡིད་ཆེས་པའི་ལུང་༼སི༽དཔལ་འཕྲེང་སེང་གེའི་ང་རོའི་མདོ། གཟུངས་ཀྱི་དབང་ཕྱུག་རྒྱལ་བོའི་མདོ། དེ་བཞིན་གཤེགས་པའི་སྙིང་པོའི་མདོ། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་སོགས། ༼༦༽དང་རིགས་པ་ལ། །བརྟེན་ནས་དངོས་སུ་བདག་ཉིད་འབའ་
ཞིག་གི་ཤེས་སྒྲིབ་ཕྲ་མོ་དག་ཕྱིར་དང༌། །སྐྱེ་བོ་གང་ཡང་གཞུང་ལུགས་ལ་མོས་པ་དང་དགེ་བ་སྟེ་གཞུང་ལ་ཐོས་བསམ་སྒོམ་པ་བྱེད་པའི་བསོད་ནམས་དང༌། གཞུང་དོན་འབྱེད་པའི་༼༦༽ཕུན་སུམ་ཚོག༦ས་ལྡཁན་བློཀ།༼༡༥ན༽ ༼༤༽རྣམ་བཤད་ལས་ཀྱང། རྗེ་བཙུན་མངོན་པར་རྫོགས་པར་སངས་རྒྱས་པའི་དབང་དུ་བྱེད་ན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྐབས་༼ཧི༽སྣང་ཚོད་དང༌། དངོས་པོའི་གནས་ཚོད་ལ་བྱེད་པ་རང་ལུགས་ཡིན་པ་འདྲ། ༼༧༽རྒྱུད་བླ་མའི་ཡོན་ཏན་གྱི་ལེའུ་ལས། རང་དོན་གཞན་དོན་རང་དོན་གྱི་སྐུ་དེ་གང་ཞེ་ན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པའི་གཞན་དོན་སྐུ་དེ་གང་ཞེ་ན་ཀུན་རྫོབ་སྐུ་ཉིད་དོ། །ཞེས་གསུངས་པའི་ཕྱིར། ༼ཨི༽དེ་ཡང་རང་དོན་དོན་དམ་པའི་སྐུ་དང༌། གཞན་དོན་ཀུན་རྫོབ་པའི་སྐུ་ཡིན་ལ། རང་དོན་གཞན་དོན་གྱི་ཁྱད་པར་ཡང༌། གདུལ་བྱ་ལ་དངོས་སུ་སྣང་མི་སྣང་གི་སྒོ་ནས་བཤད་དེ། རྒྱུད་བླར། བདག་ཉིད་ཀྱིས་ནི་འབྱོར་བའི་གནས། །དམ་པའི་དོན་གྱི་སྐུ་ཡིན་ཏེ། །དྲང་སྲོང་རྣམས་ཀྱི་བརྡ་ཡི་སྐུ། །ཕ་རོལ་ཕུན་སུམ་ཚོགས་པའི་གནས། །ཞེས་སོ། །དོན་དམ་དང་ཀུན་རྫོབ་ཀྱི་དོན་ཡང༌། སངས་རྒྱས་སུ་འཇོག་བྱེད་དངོས་ནང་གི་སྤངས་རྟོགས་ཡིན་ལ། གཟུགས་སྐུ་སངས་རྒྱས་སུ་བྱེད་པ་དེ་རྟེན་གྱིས་ཡིན་ཏེ། དཔེར་ན། ནོར་བུ་རིན་པོ་ཆེ་བཅུག་པའི་སྣོད་ལ་ཡང་ཁམས་ཅན་དུ་བརྩི་བ་ལྟ་བུའོ། །འདི་བྱེ་སྨྲས་སངས་རྒྱས་དཀོན་མཆོག་འཇོག་ཚུལ་དང་ཕྱོགས་འདྲ་ལ། བཤགས་བསྟོད་ལས། གཙོ་བོ་ཁྱོད་ལ་དེ་ལས་མཆོག་རབ་གྱུར། །ཆོས་སྐུ་ཉི་མ་བླ་ན་མེད་པའང་མངའ། །ཞེས་ཆོས་སྐུ་
གཟུགས་སྐུ་ལས་མཆོག་ཏུ་བཤད་པའང་དེ་ལ་དགོངས་སོ། །༼༡༥བ༽ ༼༧༽དེས་ཆོས་སྐུ་ལས་མ་གཡོས་བཞིན་དུ་མཛད་པ་བཅུ་གཉིས་སྟོན་པའི་མཆོག་གི་སྤྲུལ་སྐུའི་མཛད་པ་ལ་གནས་པར་བཤད་པའི་ཕྱིར། རྒྱུད་བླ་མ་ལས། ༼ཀུ༽ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། ། ༼༧༽ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །འདོད་པར་སྐྱེ་བ་བཞེས་ཚུལ་བསྟན་པའི་ཐོག་མ་དགའ་ལྡན་དུ་མངོན་པར་སྐྱེ་བ་དང༌། ། ༼༡༦ན༽ ༼༢༽ཡོངས་སུ་མ་དག་ཞིང་རྣམས་༼ཁུ༽ལས་ཀྱང་འཛམ་གླིང་ལས་ཀྱི་ས་པ་ཡིན་པ་དང༌། ངེས་འབྱུང་སྐྱེ་སླ་བའི་དབང་གིས་འཛམ་གླིང་རྣམས་༼༢༽སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་གསུངས་པའི་ཕྱིར། ༼གུ༽མཛད་པ་བཅུ་གཉིས་འདྲེན་ཚུལ་ཡང་དགའ་ལྡན་དུ་སྐྱེ་བ་དང་པོར་བྱས་ནས་ལྷུམས་སུ་ཞུགས་པ་དང་བལྟམས་པ་གཅིག་ཏུ་བགྲང་བ་ཡང་རྒྱུད་བླ་དར་ཊཱིཀ་ཏུ་གསུངས། རིན་ཆེན་འཕྲེང་བར། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། །ལྷ་རྣམས་ཀུན་ལས་བབས་པ་དང༌། །དེ་བཞིན་དུ་ཡང་མྱ་ངན་ལས། །འདའ་བ་སྟོན་པར་མཛད་པ་ཡིན། །ཞེས་ལྷ་ལས་བབས་པ་གཅིག་ཏུ་བགྲང་ཞིང༌། ཐབས་ལ་མཁས་པའི་མདོར་ཆོས་སྤོང་གི་གཉེན་པོར་དམ་པའི་ཆོས་སྒྲུབ་པ་ལ་མཁས་པ་ཞེས་གཅིག་ཏུ་བགྲང་བར་བུ་སྟོན་ཆོས་འབྱུང་ལས་བཤད་དོ། ། ༼༦༽རྣམ་བཤད་ལས། ཚད་མ་གང་གིས་གྲུབ་ན་འཕགས་པ་བྱམས་པའི་མཉམ་གཞག་སོ་སོར་རང་རིག་པའི་ཡེ་ཤེས་ཀྱིས་རྟོགས་ཤིང་ཞེས་གསུངས་པའི་ཕྱིར།
༼ངུ༽སྒྲ་སྤྱི་དང་དོན་སྤྱིའི་སྣང་བར་མ་འདྲེས་པས་ན་སོ་སོ་ཞེས་བཤད་དེ། རྟོག་པ་རྣམས་སྒྲ་དོན་འདྲེས་པར་འཛིན་པ་ཞེས་སྒྲ་སྤྱིའམ་དོན་སྤྱི་གང་རུང་དང། དོན་བུམ་སོགས་དེ་དག་སོ་སོར་འབྱེད་མི་ནུས་པས་རང་གི་ངོར་འདྲེས་པའམ་གཅིག་པའི་ཚུལ་གྱིས་འཆར་བའི་ཕྱིར། རང་རིག་པ་ནི་དྲང་ངེས་རྣམ་འབྱེད་ཀྱི་མཐའ་དཔྱོད་ལྟར་རང་སྟོབས་ཀྱིས་རིག་པའམ། མདོ་སྡེ་ས་བཅུ་པའི་ལུང་ཚིག་གསལ་དུ་དྲངས་པ་ལས། དེ་འདྲའི་སྤྱོད་ཡུལ་ཕྲ་ཞིང་བལྟ་དཀའ་བ། །རང་རིག་ཡིན་ཕྱིར་བརྗོད་པར་མི་ནུས་ཀྱང༌། །ཞེས་དང༌། རྒྱུད་བླར། བརྟགས་མིན་ཕྱིར་དང་བརྗོད་མིན་ཕྱིར། །འཕགས་པས་མཁྱེན་ཕྱིར་ཞེས་པ་ལྟར་འཕགས་པ་ནང་ཕན་ཚུན་དང་རང་གིས་ཇི་ལྟ་བ་བཞིན་གཟིགས་པ་མ་གཏོགས། སོ་སོ་སྐྱེ་བོའི་སྒྲ་རྟོག་གིས་ཇི་ལྟ་བ་བཞིན་ཡུལ་དུ་བྱེད་མི་ནུས་པས་རང་རིག་པར་བཤད་དོ། །༼༡༦བ༽ ༼༡༽མཆོད་བརྗོད་ཀྱིས་གདུལ་བྱར་མ་ཟད་རྗེ་བཙུན་གྱི་ཐུགས་ རྒྱུད་ལ་ཡུམ་མཁྱེན་གསུམ ་ལ་དང་བའི་དད་པ་ནས་རྣམ་མཁྱེན་གྱི་བར་ལམ་གྱི་རིམ་པ་སྔ་མ་སྔ་མ་ལས་ཕྱི་མ་སྐྱེ་བའི་རྗེས་འགྲོ་དངོས་སུ་བསྟན་ནས་ལྡོག་པ་ཤུགས་ལ་བསྟན་པའི་ཕྱིར། དེར་ཐལ། ཚིགས་བཅད་དང་པོས་དད་སོགས་ཐེག་པ་ཆུང་འབྲིང་ཐུན་མོང་དང་ཕྱི་མས་ཆེན་པོའི་རྣམ་མཁྱེན་བར་བསྟན་པའི་ཕྱིར། ༼ཅུ༽དེ་ལྟར་ན་སྐྱེས་བུ་གསུམ་གྱི་རྣམ་གཞག་ཀྱང་མཆོད་བརྗོད་ལས་འཕྲོས་ཤིང་དེའི་ཞར་བྱུང་ཡིན་ལ། དེའི་ཚུལ་ཡང༌། ཉེར་ཞི་ཞེས་པ་ཞི་བ་དངོས་འཁོར་བ་མཐའ་དག་ལས་གྲོལ་བ་གཅིག་དང༌། བསྟན་བྱ་ཕལ་པ་ངན་འགྲོའི་སྡུག་བསྔལ་ཙམ་ཞི་བ་གཉིས་བྱས་ནས།
དེ་གཉིས་དོན་དུ་གཉེར་བའི་ཆུང་འབྲིང་དང༌། རྐང་པ་གཉིས་པ་དང་གསུམ་པས་ཆེན་པོའི་ལམ་འབྲས་རྣམས་བསྟན་པར་དཀའ་ཆེན་རིན་པོ་ཆེས་གསུངས་སོ། ། ༼ཅུ༽སྐབས་བཞི་པའི་ཐར་ཆའི་ཐད་དང་སྦྱར་ནས་བཤད་ཚུལ་ཡང་བླ་མ་ལ་བརྟེན་ནས་བདག་གིས་ལེགས་པར་ཤེས་སོ། ། ༼༡༧བ༽ ༼༡༽དེ་རྒྱ་ཆེར་རོལ་བ་དང་ཕྱོགས་མཐུན་ལ་ཁྱོད་ཀྱི་དེ། ༼ཆུ༽ཤཱཀྱ་བཤེས་གཉེན་དང་སངས་རྒྱས་གསང་བ་གཉིས་ཀྱི་ལུགས་དང༌། ཀུན་དགའ་སྙིང་པོའི་ལུགས་ཏེ། ༼༡༽ཡོ་ག་ལུགས་གཉིས་གང་དང་ཡང་མི་མཐུན་པའི་ཕྱིར་ཏེ། རྒྱུད་སྡེ་སྤྱི་རྣམ་དང་འགལ་བའི་ཕྱིར། ༼༡༨བ༽ ༼༡༽མདོ་དེ་ཉིད་ལས། གང་གིས་བྱང་ཆུབ་བློ་བསྐྱེད་པ། །དེ་སྙེད་བསོད་ནམས་ཁྱབ་པར་བགྱིད། །བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་བས་ལྷག་པར་འབྱུང༌། །ཞེས་གསུངས་པའི་ཕྱིར། ༼ཇུ༽ལམ་སྒྲོན་དུ། དཔལ་སྦྱིན་གྱིས་ཞུས་པའི་མདོ་བཀོད་པར་ཚིག་རྐང་ཕྱི་མ་འདི་བཞི་ཇི་ལྟ་བ་བཞིན་དུ་འབྱུང་ཞིང༌། དེའི་ཐད་དུ་ལམ་སྒྲོན་འགྲེལ་པ་འགའ་ཞིག་ལས། ཤིང་རྟའི་འཕང་ལོ་ཙམ་གྱི་ཕྱོགས་ན་སྟོང་གསུམ་གྱི་ལྷ་མི་ལས་མང་བའི་སེམས་ཅན་ཡོད། དེ་རེ་རེ་ལས་བསོད་ནམས་ཐོབ་པ་དེ་གཟུགས་སུ་གྲུབ་ན་ཉུངས་འབྲུ་ཙམ་རེ་ལས་མ་བྱུང་ཡང་ནམ་མཁར་མི་ཤོང་བའི་ཚོད་གཅིག་ཏུ་གསུང་སྟེ། ཉུངས་དཀར་གོ་ཡུལ་གྱི་རིགས་པ་འདི་ཡིན་ནམ་སྙམ། ༼༢༽འདི་ནི་ཉུངས་དཀར་གོ་ཡུལ་གྱི་རིགས་པ་དང་༼ཉུ༽འདི་ལ་ཁ་ཅིག །སྟོང་
གསུམ་ཉུངས་དཀར་གྱིས་བཀང་སྟེ། ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་བརྒྱད་བརྒྱ་ན་ཉུངས་དཀར་རེ་རེ་བཞག་སྟེ་བགྲངས་ཀྱང་ཉུངས་དཀར་ཟད་ཀྱི་འཇིག་རྟེན་མི་ཟད་པ་ལྟར་ཕྱོགས་ཐམས་ཅད་དུ་འདྲ་བས་དམིགས་ཡུལ་སེམས་ཅན་ཚད་མེད་པར་འགྲུབ་ལ། དེ་གྲུབ་ན་སེམས་བསྐྱེད་ནི་དེ་ཐམས་ཅད་ཀྱི་དོན་དུ་ཡིན་པས་ཕན་ཡོན་ཚད་མེད་པར་འགྲུབ་སྟེ། སྤྱོད་འཇུག་ལས། སེམས་ཅན་ཁམས་ནི་ཚད་མེད་ལ། །ཕན་འདོད་དེ་ནི་དེ་འདྲ་འོ། །ཞེས་གསུངས་པའི་ཕྱིར་ཟེར། ལ་ལ་ཉུངས་དཀར་གཅིག་ལ་སྣུམ་ཅུང་ཟད་འབྱུང་བར་ཤེས་ན་ཉུངས་དཀར་ཚད་མེད་པ་ལས་སྣུམ་ཚད་མེད་པ་འབྱུང་བར་གོ་བ་ལྟར། དམིགས་པ་སེམས་ཅན་འགའ་ཞིག་གི་སྡུག་བསྔལ་ཕྱོགས་རེ་བ་མགོ་ནད་ཙམ་སེལ་འདོད་པ་ལ་བསོད་ནམས་ཚད་མེད་པ་འབྱུང་བ་མཛའ་བོའི་བུ་མོའི་གཏམ་རྒྱུད་ལྟར་ཡིན་ན། སེམས་ཅན་ཚད་མེད་པའི་སྡུག་བསྔལ་མ་ལུས་པ་གཏན་ཟད་དུ་འདོད་པ་ལ་བསོད་ནམས་ཚད་མེད་པ་འགྲུབ་སྟེ། སྤྱོད་འཇུག་ལས། སེམས་ཅན་རྣམས་ཀྱི་ཀླད་ནད་ཙམ། །བསལ་ལོ་སྙམ་དུ་བསམ་ན་ཡང༌། །ཕན་འདོགས་བསམ་པ་དང་ལྡན་པས། །བསོད་ནམས་དཔག་མེད་ལྡན་གྱུར་ན། ། ༼༢༽སེམས་ཅན་རེ་རེའི་མི་བདེ་བ། །དཔག་ཏུ་མེད་པ་བསལ་འདོད་ཅིང༌། ། ༼ཏུ༽རེ་རེའང་བདེ་བ་དཔག་མེད་ལ། །འགོད་པར་འདོད་པ་སྨོས་ཅི་དགོས། །ཞེས་གསུངས་པའི་ཕྱིར། ༼༡༩ན༽ ༼༣༽ངག་གི་དབང་ཕྱུག་གྲགས་པས། དཔལ་ལྡན་སྟུག་པོ་བཀོད་པ་ཉིད་དུ་དོན་དམ་ཐུགས་ཆུད་ཅིང༌། །དགའ་ལྡན་སྐྱེ་བོའི་དོན་མཛད་ཕྱིར་ན་དམ་པ་ཏོག་དཀར་གྱུར། ། ༼ཐུ༽དེ་ནས་འདིར་ནི་འགྲོ་བའི་དོན་དུ་
ཤཱཀྱའི་ཏོག་གྱུར་གང༌། །འཆི་བདག་ལས་རྒྱལ་སྒྱུ་མ་ཀུན་སྟོན་དེ་ནི་རྒྱལ་གྱུར་ཅིག །༼༤༽དེ་མཉམ་གཞག་ལས་ལངས་པའི་རྗེས་ཐོབ་ཀྱིས་ངེས་པར་བོད་སྔ་མས་བཤད་པའི་ཕྱིར་ན་མ་ཁྱབ་སྟེ། བོད་སྔ་མས་དེ་ལྟར་བཤད་ཀྱང་མ་འབྲེལ་བའི་ཕྱིར། ༼དུ༽མཁས་གྲུབ་རྟོགས་དཀའི་སྣང་བར་ཡང་དེ་ལྟར་གསུངས་སོ། ། ༼༡༩བ༽ ༼༡༽ཕར་ཕྱིན་བསྡུས་པ་ལས། རྒྱལ་སྲས་མཐུ་མཆོག་དེ་འདྲ་རྨད་བྱུང་གང༌། ། ༼ནུ༽འདི་ལ་དཔེ་ཁ་ཅིག་ཏུ། རྒྱལ་སྲས་མཐུ་མཆོག་དེ་འདྲ་རྨད་བྱུང་དག །ཅེས་འབྱུང་ངོ༌། ། ༼༡༽ཐོག་མར་དེ་ལ་དད་པ་ཡོད་ན་འཇུག་ཅིང་མེད་ན་མི་འཇུག་པས་གཙོ་བོར་བཤད་པའི་ཕྱིར། དཔེར་ན། ༼པུ༽དྲིས་ལན་བློ་བཟང་བཞད་པའི་སྒྲ་དབྱངས་ལས། ༼༡༽སེམས་གཙོ་བོར་བཤད་པ་བཞིན། རིན་ཆེན་འཕྲེང་བ་ལས། འདི་གཉིས་གཙོ་བོ་ཤེས་རབ་སྟེ། །འདི་ཡི་སྔོན་འགྲོ་དད་པ་ཡིན། །ཞེས་གསུངས་པའི་ཕྱིར་༼ཕུ༽ཏེ། དཀོན་མཆོག་སྤྲིན་ལས། སེམས་ནི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་སྟེ། ཞེས་གསུངས་པའི་ཕྱིར། ༼༢༠ན༽ ༼༦༽དགེ་སློང་ཡིན་པའི་ཕྱིར། རྟོག་གེ་འབར་བར་དོན་སྨྲ་དང་རྩོད་སྐབས་སུ་བཤད། ༈ ༼༢༡བ༽ ༼༢༽གཞུང་འདིས་རྟེན་ཐབས་འབྲས་བུ་གསུམ་གྱི་སྒོས་བསྟོད་དེ། ༼བུ༽འདིས་ཀྱང་ཉན་རང་ལྷག་མེད་པས་ཀུན་འབྱུང་སྤངས་པར་འགྲུབ་སྟེ། ཐེག་དམན་རང་ལམ་གྱིས་ཀུན་འབྱུང་སྤངས་པའི་ཉེར་ཞི་ཐོབ་མི་ནུས་ན་སྐབས་འདིར་བཤད་པ་འབྲེལ་མེད་པའི་ཕྱིར་རོ། ། ༼༥༽ལྗོན་པས་ཞུས་པའི་མདོ་ལས། མ་ནི་ཤེས་རབ་ཕ་ནི་ཐབས། །དགེ་བ་རྣམས་
ནི་གཡོགས་ཡིན་ལ། །ཉེ་དུ་བྱང་ཆུབ་ཕྱོགས་རྣམས་དང༌། །ཞེས་གསུངས་པའི་ཕྱིར། ༼༧༽ཁ་ཅིག་ན་རེ། དེའི་རྒྱུ་མཚན་མཆོད་བརྗོད་གླེང་གཞིའི་ལེའུ་དང༌། ༼མུ༽གཉིས་ཀ་རིམ་བཞིན། ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་པ་ཟད་པ། ཞེས་པ་ནས། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་པའི་བར་གྱིས་ལྷག་བཅས་དང༌། ཅང་ཤེས་པ་མན་ཆད་ཀྱིས་ལྷག་མེད་དགྲ་བཅོམ་སྟེ་གཉིས་ཀའི་གཞི་ཤེས་ཀྱི་རྟེན་བསྟན་ཅིང༌། བྱང་ཆུབ་སེམས་དཔའ་ཆེན་པོ་གྲངས་མེད་ཚད་མེད་པ་ཐམས་ཅད་ཀྱང་གཟུངས་རབ་ཏུ་ཐོབ་པ་ཞེས་སོགས་ཀྱིས་ལམ་ཤེས་ཀྱི་རྟེན་དང་ཡོན་ཏན་བསྟན། ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱིས་སྐྱེས་སུ་བསྐུར་བ་སོགས་ཀྱིས་རྣམ་མཁྱེན་རྟེན་གྱི་སྒོ་ནས་བསྟན་པ་འདིར་བསྡུས་པས་འདི་གཉིས། ༼ཅ༽རྩ་འགྲེལ་སྦྱོར་བའི་ཆེད་ཡིན་པའི་ཕྱིར། ༼༢༢ན༽ ༼༢༽ཉི་སྣང་ལས། ཆོས་ཀྱི་སྐུའི་སྐབས་བསླབ་པའི་འབྲས་བུའི་ལེའུ་སྟེ་བརྒྱད་པའོ། །༼ཙུ༽ཞེས་རིམ་བཞིན་རབ་འབྱོར་གྱི་ལེའུ། མཐའ་གཉིས་རྣམ་དག་གི་ལེའུ། སྤྱོད་པ་ཁྱད་པར་ཅན་གྱི་ལེའུ། དེ་བཞིན་ཉིད་ཀྱི་ལེའུ། བསླབ་པ་ཡོངས་སུ་དག་པའི་ལེའུ། བསླབ་པ་ལ་རིམ་གྱིས་འཇུག་པའི་ལེའུ། བསླབ་པ་ཡོངས་སུ་རྫོགས་པའི་ལེའུ། བསླབ་པའི་འབྲས་བུའི་ལེའུ་སྟེ་བརྒྱད་དངོས་པོ་བརྒྱད་སྟོན་པའི་སྐབས་བརྒྱད་དང་སྦྱར་བ་ལས་འདིར་ཐ་མ་ཡིན་ནོ། ། ༼༣༽འགྲེལ་ཆེན་ལས། བྱ་བ་རྩོམ་པའི་དགོས་པ་ཡིན། །ཞེས་གསུངས་པ་ཡིན་ནོ། །ལེགས་ལྡན་སོགས་ཁ་ཅིག་ན་རེ།༼༣༽དེ་བཞིན་གཤེགས་པའི་གསང་བ་བསྟན་པའི་དབང་དུ་བྱས་༼ཚུ༽ནས་
བསྐལ་པ་བཟང་པོའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་ཀྱི་སྐུ་དང་དམ་པའི་ཆོས་བསྲུང་བ་ལ་རྣམ་པ་ཐམས་ཅད་དུ་བདག་པོར་བྱས་པ་ཡིན་པའི་ཕྱིར་དང༌། ཕྱག་ན་རྡོ་རྗེ་དབང་བསྐུར་བ་ལ་སོགས་པ་ལས་བསྟན་པ་གཏད་པ་ཡིན་པའི་ཕྱིར་དང། གཞན་རྣམས་ཀྱིས་ཁྱད་པར་བརྗོད་པ་མེད་པའི་ཕྱིར་ན་ལྕང་ལོ་ཅན་ན་བཞུགས་པའི་ས་བཅུའི་དབང་ཕྱུག་རྡོ་རྗེ་འཛིན་པ་ཆེན་པོས་འཇིག་རྟེན་ཐམས་ཅད་རྗེས་སུ་བཟུང་བའི་ཕྱིར། ཞེས་སོགས་ཀྱིས་གཞན་ལུགས་བཀོད་ཅིང༌། གཞན་དག་ནི་འདི་ཉིད་ཀྱི་ཡོངས་སུ་གཏད་པའི་ལེའུ་ལས། ཞེས་སོགས་ཀྱིས་རང་ལུགས་བསྟན་ཏེ། འདི་སྐད་བདག་གིས་ཐོས་པ་ཞེས་བཀའ་སྡུད་པ་པོ་གང་ཡིན་ལ་རྩོད་པའོ། །དེ་ལ་ཕ་རོལ་པོའི་འདོད་ཚུལ་ནི། གསང་བ་བསྟན་པའམ་གསང་བ་བསམ་གྱིས་མི་ཁྱབ་པའི་མདོས་བཤད་ཚུལ་གྱི་དབང་དུ་བྱས་ནའང་ཕྱག་རྡོར་སྡུད་པ་པོ་ཡིན་ལ། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལྟར་ནའང་དེ་ཡིན་ཏེ། སྔ་མའི་ཚུལ་ནི་སྔོན་སངས་རྒྱས་སྟོང་འཁོར་བསྒྱུར་ཡུལ་འཁོར་སྲུང་གི་སྲས་སུ་འཁྲུངས་ཏེ་ཐུགས་བསྐྱེད་པའི་ཚེ་དེ་ཐམས་ཅད་ཀྱིས་བསྟན་པའི་བདག་པོར་སྨོན་ལམ་བཏབ་པའི་ཁྱེའུ་ཆོས་སེམས་ནི་ཕྱག་རྡོར་ཡིན་ལ། ཆོས་འཁོར་བསྐོར་བར་སྨོན་ལམ་བཏབ་པའི་ཁྱེའུ་ཆོས་ཀྱི་བློ་གྲོས་ནི་ཚངས་པ་གཙུག་ཕུད་ཅན་ཡིན་པའི་ཕྱིར་དང༌། དེས་སྨོན་ལམ་འགྲུབ་པའི་ཕྱིར། ཕྱག་ན་རྡོ་རྗེ་དབང་བསྐུར་བ་ལས་ཀྱང་ཕྱག་རྡོར་ཆོས་ཀྱི་རྒྱལ་པོར་མངའ་གསོལ་བའི་ཕྱིར་སྡུད་པ་ཡིན་ནོ། །འདི་ཟླ་བས་
ཀྱང་སྒྲོན་གསལ་གྱི་ཊཱིཀྐར་གསུངས་ལ། རྡོ་རྗེ་ཆོས་ཀྱང༌། ཕྱག་རྡོར་ཆོས་ཀྱི་བདག་པོར་མངའ་གསོལ་བའི་མཚན་དུ་འདུས་པ་འཕགས་ལུགས་ཀྱི་བླ་མ་རྣམས་བཞེད་ལ། ཡེ་ཤེས་ཞབས་ལུགས་ཀྱི་འགྲེལ་པ་ཁ་ཅིག་ཏུ་རྡོ་རྗེ་ཆོས་སྤྱན་རས་གཟིགས་ཀྱི་མཚན་གྱི་རྣམ་གྲངས་སུ་གསུངས་སོ། །༼༢༣ན༽ ༼༤༽རྒྱུད་བླ་མ་ལས། བསམ་གཏན་གྱི་བདེ་བའི་མངལ༌༼༦༽ཡུམ་དུ་འགྱུར་ཞེ་ན། ༼ཛུ༽ཉེར་ཞིར་འཁྲིད་པ་དང་རིགས་ཅན་གསུམ་གྱི་དོན་བསྒྲུབ་པ་སོགས་༼༦༽ཇི་སྐད་བཤད་པའི་དོན་ཆེན་པོ་གསུམ་ཐོབ་པའི་ཕྱིར་ཏེ། ༼༢༣བ༽ ༼༢༽ གཞན་ཡང་༼ཝུ༽ཡུམ་སྲས་རྒྱུ་འབྲས་སུ་འདོད་པ་ལྟར་ན། ༼༢༽མཆོད་བརྗོད་ཀྱིས་མཁྱེན་ གསུམ་ལ་རང་སྲས་འཕགས་བཞིའི་ཡུམ་བྱེད་ཚུལ་སྒོས་མ་བསྟོད་པར་ཐལ། དང་པོས་གཞི་ཤེས་ལ་རང་རྒྱུད ་ལྡན་གྱི་ཡུམ་བྱེད་ཚུལ། གཉིས་པས་ལམ་ཤེས་ལ་དེ་ལྟར་མ་བསྟོད། གསུམ་པས་རྣམ་མཁྱེན་ལ་དེ་ལྟར་མ་བསྟོད་པའི་ཕྱིར་༼ཞུ༽ཏེ། རང་རྒྱུད ་ལྡན་གྱི་ཡུམ་ཡིན་པ་མི་སྲིད་པའི་ཕྱིར། རྟགས་སོང༌། འདོད་ན། ༼༣༽འགྲེལ་པར་ཡང་དེ་ལྟར་བསྟོད་པར་བྱའོ། ། ༼༧༽རྣམ་བཤད་ལས། གཞི་ཤེས་ཀྱང་འོག་ནས་མདོའི་དྲིས་ལན་གྱི་དོན་བསྡུའི་སྐབས་ནས་༼ཟུ༽དེ་ལ་ཐམས་ཅད་ཤེས་པ་ཉིད་ནི་གཟུགས་ལ་སོགས་པའི་ཆོས་ལ་མི་རྟག་པ་ལ་སོགས་པའི་རྟེན་ཅན་འབྲས་བུ་བདག་ཏུ་རྨོངས་པ་སྤོངས་པ་ཅན་ཡིན་ནོ་ཞེས། ༼༧༽བཤད་པ་ལྟར་མི་རྟག་སོགས་ཞེས་གསུངས་པའི་ཕྱིར། ༼༢༥ན༽ ༼༥༽རྒྱུད་བླ་མ་ལས། ཐེག་མཆོག་ལ་མོས་ས་བོན་ཤེས་རབ་ནི། །སངས་རྒྱས་ཆོས་སྐྱེད་
མ་༼འུ༽ཞེས་སོགས་ཀྱི་དོན་ཐེག་ཆེན་ལ་མོས་པའི་སེམས་བསྐྱེད་ཀྱིས་སྡུག་ཀུན་ཕྲ་མོ་ཚུན་ཆད་ཟད་པའི་གཙང་བའི་ཕར་ཕྱིན་ཐུན་མོང་མ་ཡིན་པར་བསྒྲུབ་པའི་ཕྱིར་ཐེག་ཆེན་གྱི་རིགས་སུ་འཇོག་བྱེད་ཡབ་ཀྱི་ས་བོན་ལྟ་བུ་དང༌། མུ་སྟེགས་བདག་ལྟའི་གཉེན་པོ་ཤེས་རབ་ནི་ཐེག་གསུམ་ཐུན་མོང་གི་མ་ལྟ་བུ། ཉན་ཐོས་འཇིགས་སྲེད་ཀྱི་དབང་དུ་མི་འགྲོ་བར་དེའི་གཉེན་པོ་ནམ་མཁའ་མཛོད་སོགས་ཏིང་ངེ་འཛིན་གྱི་ཐབས་མཁས་པའི་སྒོ་ནས་གཞན་དོན་བདེ་བླག་ཏུ་འགྲུབ་པའི་རྟེན་བྱེད་པས་མངལ་ལྟ་བུ་དང༌། རང་རྒྱལ་བརྩེ་མེད་ཀྱི་གཉེན་པོ་སྙིང་རྗེའི་དབང་གིས་འཁོར་བ་མ་སྟོང་བར་བཞུགས་པས་རྟག་པའི་ཕར་ཕྱིན་གྱི་རྒྱུ་དང༌། ཐ་མར་གལ་ཆེ་བ་འབྲས་བུ་སྨིན་པ་ལྟ་བུར་བཤད་དོ། ། ༈ ༼ཡུ༽འདི་ནི་མཆོད་བརྗོད་བཤད་ཐབས་ལྔས་བཤད་པའི་གཉིས་པ་མིན་གྱི། མཚམས་སྦྱར་རྩ་བ་འགྲེལ་པ་གསུམ་དུ་བྱས་པའི་གསུམ་པ་ལ། བསྡུས་དོན། དགོས་དོན། ཚིག་དོན་གསུམ། དང་པོ་སྟོན་པར་ཚིགས་སུ་བཅད་པ་འདིས་ནི་ཞེས་སོགས་བྱུང༌། ༼༥༽གཉིས་པ་ནི། འགྲེལ་པའི་བཤད་ཐབས་དགོས་དོན་གྱི་དབང་རྣོན་དང་བ་སྐྱེ་ཚུལ་འཆད་པར། ༼༢༥བ༽ ༼༡༽གཞི་ལམ་རྣམ་གསུམ་བདེན་མེད་དུ་རྟོགས་པའི་སྒོས་ཡུམ་གྱི་ངོ་བོ་དང་ནུས་པ་ལ་དང་བ་ཤུགས་དྲག་སྐྱེད་པའི་ཕྱིར། ༼རུ༽འདི་ལ་ཁ་ཅིག་སྟོང་ཉིད་རྟོགས་པ་ཙམ་གྱིས་ཆོག་པར་འདོད་པ་ནི། འདིས་སྟོང་ཉིད་རྟོགས་དགོས་ཞེས་པའི་རྒྱུ་མཚན་མ་གོ་བ་ཡིན་ཏེ། འདིར་དེ་དགོས་ཚུལ་གདུལ་བྱ་དེས་ཐོག་མར་ཐོས་པ་བྱས་ཚེ་
བདེན་མེད་དང་མེད་པ་གཉིས་བློ་ངོར་མ་ཕྱེད་པའི་དབང་གིས་བདེན་པར་མེད་ཅེས་པ་དང༌། རང་སྲས་འཕགས་བཞིའི་དོན་སྒྲུབ་ཅེས་པ་གཉིས་འགལ་བ་ལྟར་སྣང་ནས་དཔྱད་པ་འཇུག་པ་ཡིན་ཏེ། གསེར་འཕྲེང་ལས། སྲས་བཞི་བསྐྲུན་པར་བསྟན་པ་ལ། རིགས་པ་ཡང་དག་གིས་གནོད་པ་ཡོད་མེད་བརྟགས་ནས། ཞེས་དང༌། ཡུམ་གྱིས་སྐྱེད་པར་བསྟན་པ་ཀུན་རྫོབ་དང་རིགས་པས་སྐྱེ་མེད་བསྒྲུབ་པ་དོན་དམ་དུ་ཡིན་པས་ཞེས་གསུངས་པའི་ཕྱིར། དེ་ལྟར་དཔྱོད་པའི་མཐར་དོན་དམ་པར་མེད་ཀྱང་སྒྱུ་མ་ཙམ་དུ་དོན་སྒྲུབ་པའི་བྱ་བྱེད་ཀྱི་རྣམ་གཞག་འགལ་མེད་གྲོགས་སུ་འཆར་བ་ཞིག་དགོས་སོ། །དེ་བཞིན་དུ་དབང་རྣོན་གྱིས་སེམས་བསྐྱེད་པ་སྟོང་ཉིད་རྟོགས་པ་ལ་རག་ལས་ཞེས་པའང་སེམས་ཅན་རྣམས་ཀྱི་སེམས་བདེན་སྟོང་རྟོགས་པ་ལ་གཙོ་བོར་བྱེད་པ་སོགས་སྐབས་དོན་མི་འདྲ་བས་མྱུ་གུའི་བདེན་སྟོང་རྟོགས་པ་ཙམ་གྱིས་ཐམས་ཅད་ལ་མི་ཡོང་ངོ༌། ། ༼༥༽བྱང་ཆུབ་སེམས་དཔའི་ཆོས་ཉིད་ངེས་པའམ་མ་ངེས་པ་དང༌། རང་བཞིན་གྱིས་དབང་པོ་རྣོ་བ་དང༌། ཞེས་གསུངས་པའི་ཕྱིར། ༼ལུ༽འདིའི་དོན་ནི། ཆོས་ཉིད་རྟོགས་མ་རྟོགས་ལ་བྱེད་པ་མི་འཐད་དེ། རིགས་ངེས་མ་ངེས་ལ་བྱེད་དགོས་པའི་ཕྱིར། ཀུན་བཏུས་དར་ཊཱིཀ་ལས། ཉན་ཐོས་ཀྱི་ཐེག་པ་ནི་ཁྱད་ཆོས་བདུན་གྱིས་ཤེས་པར་བྱ་སྟེ། ཐོག་མ་མེད་པ་ནས་ཆོས་ཉིད་ཀྱིས་ཐོབ་པའི་རིགས་ཞི་བ་བགྲོད་པ་གཅིག་པུ་བ་ལྟ་བུ་ཐེག་པ་གཞན་དུ་མི་འགྱུར་བར་རིགས་ངེས་པ་དང༌། ཐེག་པ་ཆེན་པོའི་ཡང་ལམ་དུ་འགྱུར་དུ་རུང་བ་རིགས་མ་ངེས་པ་རིགས་ཀྱི་ཁྱད་པར་དང༌།
ཞེས་གསུངས་པའི་ཕྱིར། ༼༢༦ན༽ ༼༢༽འགྲེལ་པ་ལས། ཚུལ་གསུམ་པ་ཅན་ནི། ཞེས་གསུངས་པའི་ཕྱིར། ༼ཤུ༽འདིར་ཚུལ་ཞེས་པ། ཁ་ཅིག །ཡུམ་དངོས་མིན་པ་ལ་བྱེད་དེ། དཔེར་ན། སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའི་རྣམ་པ་བཟུང་བ་ལ་ཚུལ་ཟེར་བ་ལྟ་བུའོ་ཞེས་ཟེར་བ། གསེར་འཕྲེང་དུ་བཀག་ནས། རང་ལུགས་ལམ་གྱི་དབྱེ་བ་མི་འདྲ་བ་གསུམ་གྱི་བདག་ཉིད་ཅན་དུ་གསུངས་སོ། །དབྱེ་གཞི་ལ་ཤེར་ཕྱིན་སྨོས་པས་ཀྱང་མི་གནོད་དེ། དེ་བཏགས་པ་བ་ཙམ་ཡིན་པའི་ཕྱིར། གོང་དུ་བཅོམ་ལྡན་འདས་མ་ཡོན་ཏན་རིན་པོ་ཆེ་ཞེས་སོགས་ཀྱིས་ཡུམ་གསུམ་གར། བཅོམ་ལྡན་འདས་མའི་སྒྲས་བཏགས་ནས་གསུངས་པ་ལྟ་བུའོ། ། ༼༥༽རྣམ་བཤད་ལས། མཆོད་བརྗོད་ཀྱི་ལུང་རྒྱུ་མཚན་དུ་བྱར་མི་རུང་ཞེས་སོ། ། ༼སུ༽སྡེ་བདུན་རྒྱན་གྱི་གསུང་ཟིན་ལྟར་ན། ལུང་ལ་གནས་གསུམ་སྟོན་པས་མ་ཁྱབ་པས་མཐོང་བ་མངོན་གྱུར་སྟོན་པའི་ཆ་ལ་མངོན་སུམ་ཚད་མས་ཞེས་སོགས་བྱས་ན་འབྲེལ་མེད་དུ་འགྱུར་བས། མཐོང་བ་མངོན་གྱུར་རྟོགས་པའི་ཚད་མས་གནོད་པ་མེད་པ་ཞེས་སོགས་བྱ་དགོས་ཤིང༌། ལུང་ལ་དཔྱད་པ་གསུམ་གྱིས་དག་པའི་ལུང་གིས་ཁྱབ་བོ། །འོན་ཀྱང༌། རྣམ་འགྲེལ་ལས། དོན་དེ་དག་ལ་མངོན་སུམ་དང༌། །རྗེས་དཔག་རྣམ་པ་གཉིས་ཀྱིས་ཀྱང༌། །གནོད་མེད་འདི་ནི་མི་བསླུ་བའོ། །ཞེས་པའི་ཐད་དུ་སྲས་ཀྱི་ཐུ་བོ་གཉིས་ཀས་མཐུན་པར། བ་སྤྱི་རྟག་དངོས་དང༌། བདག་གཙོ་བོ་དང༌། ཁྲུས་ཀྱིས་སྡིག་པ་འདག་པ་སྟེ། གཞན་
གཞུང་གི་གནས་གསུམ་ལ་ཚད་མས་གནོད་པ་འཇུག་ཅིང༌། རང་གི་སྟོན་པའི་ལུང་ལས་གནས་གསུམ་བསྟན་པ་ལ་ཚད་མ་གསུམ་གྱིས་གནོད་པ་མེད་པ་ནི་དཔྱད་གསུམ་གྱིས་དག་ཚུལ་དུ་གསུངས་པས། འདི་ཡང་མི་འཐད་པ་མིན་ནོ། །དཔྱད་ཚུལ་འདི་ནི། དགེ་སློང་དག་གམ་མཁས་རྣམས་ཀྱིས། །ཞེས་སོགས་ཀྱིས་ཡང་གསལ་བར་བསྟན་ཏོ། །དཔྱད་པ་ཐ་མ་ལ་ཤིན་ལྐོག་བསྟན་པར་ཡིད་ཆེས་རྗེས་དཔག་གིས་གནོད་པ་མེད་ཅེས་པ་དང་རང་ཚིག་འགལ་བས་གནོད་པ་མེད་ཅེས་པ་གཉིས་འབྱུང་ཡང་གནད་གཅིག་གོ །རང་ཚིག་འགལ་བ་ལ་ཡང་ཚིག་སྔ་ཕྱི་གཉིས་མི་དགོས་ཏེ། བདེན་པའི་དོན་ཅན་གྱི་ཚད་མ་མེད་ཅེས་པ་ལྟ་བུའོ། །ཡུལ་དཔྱད་གསུམ་གྱིས་དག་ཚུལ་མི་འདྲ་སྟེ། དེ་དཔྱད་པ་དེ་ལས་འདས་པ་ལ་བྱེད་པས་གསུམ་ཆར་གྱིས་དག་པ་ཞིག་མི་སྲིད་དོ། །རང་ཚིག་འགལ་ཚུལ་ལ་ལུགས་གཉིས་ལས། དངོས་ཤུགས་འགལ་ཞེས་པའི་ཤུགས་ནི་ཤུགས་བསྟན་ལ་མི་བྱེད་ཅིང༌། འདི་དཔྱད་པ་གཉིས་ཀར་བསྡུས་ནས་དཔྱད་པ་གཉིས་ཀྱིས་དག་པའི་རྟགས་ཀྱིས་ལུང་ཚད་མར་སྒྲུབ་ཚུལ་གཅིག་ཀྱང་ཡོད་དེ། རྒྱས་པར་རྣམ་ངེས་དར་ཊཱིཀ་དང༌། རིགས་གཏེར་རྩ་འགྲེལ་བལྟའོ། ། ༼༧༽རྣམ་འགྲེལ་ལས། བླང་བྱ་འགོག་བདེན་དང་དོར་བྱའི་དེ་ཉིད་སྡུག་བདེན་ནི། །ཐབས་སམ་རྒྱུ་ལམ་ཀུན་འབྱུང་གཉིས་དང་བཅས་རབ་བྱུང་ངེས་པ་ཡིས། །སངས་རྒྱས་ཀྱི་གསུང་དེའི་བསྟན་བྱའི་གཙོ་བོའི་དོན་ངེས་ལེགས་ཀྱི་ལམ་ལ་མི་བསླུ་བའི་ཕྱིར། །དེ་རྟགས་སུ་མི་རུང་ཡང་དཔེར་བྱས་ནས་གཞན་མངོན་མཐོ་བསྟན་པ་ལའང་
རྗེས་སུ་དཔག་པ་ཡིན། །ཞེས་གསུངས་པའི་ཕྱིར། ༼ཧུ༽འདི་ནི་བཞི་བརྒྱ་པར། སངས་རྒྱས་ཀྱིས་གསུངས་ལྐོག་གྱུར་ལ། །གང་ཞིག་ཐེ་ཚོམ་སྐྱེ་འགྱུར་བ། །དེ་ཡིས་སྟོང་པ་ཉིད་བསྟན་ཏེ། །འདི་ཉིད་ཁོ་ནར་ཡིད་ཆེས་བྱ། །ཞེས་དང༌། ལེགས་བཤད་སྙིང་པོ་ལས། ཁྱོད་ཀྱི་སྨྲ་བ་ཟླ་མེད་པ། །མཐོང་བའི་རྒྱུ་མཚན་རྟེན་འབྱུང་གི །ལམ་འདི་ཉིད་ཀྱིས་གསུང་གཞན་ཡང༌། །ཚད་མར་གྱུར་པར་ངེས་པ་སྐྱེ། །ཞེས་དང༌། ཚད་མ་མདོར། ཡིད་ཆེས་ཚིག་ནི་མི་བསླུ་བའི། །སྤྱི་ལས་རྗེས་སུ་དཔག་པ་ཉིད། །ཅེས་པ་དང་གནད་གཅིག་གོ །འདི་རྣམ་འགྲེལ་དུ་ཡང་འབྱུང༌། ༼༢༦བ༽ ༼༢༽རྣམ་འགྲེལ་ལས། གནས་གསུམ་པར་ནི་འཕོས་པ་ན། །ལུང་འདྲེན་པ་ནི་མཁས་པའི་ལུགས། ། ༼ཨུ༽ཚིག་རྐང་ཕྱི་མ་འདི་ལ། བསྟན་བཅོས་ལེན་པ་རིག་ལྡན་ཡིན། །ཞེས་ཀྱང་འབྱུང་ངོ༌། ། ༼༤༽རྣམ་བཤད་ལས། སྐབས་འདིར་དེ་མི་འཐད་པའི་ཕྱིར་ཞེས་གསུངས་པའི་ཕྱིར། ༼ཀེ༽དེ་ཡང་མཁྱེན་གསུམ་གྱི་ཡོན་ཏན་ཤིན་ཏུ་ལྐོག་གྱུར་དུ་སོང་བའི་གང་ཟག་ཡོད་མོད་ཀྱང༌། མཆོད་བརྗོད་ཀྱི་ལུང་ཤེས་བྱེད་དུ་བྱས་ནས་ཡིད་ཆེས་ཀྱི་རྟགས་སྦྱོར་ཡང་དག་གིས་བསྒྲུབ་པའི་ཡུལ་གྱི་ཕྱི་རྒོལ་ཡང་དག་མེད་དེ། ཅུང་ཟད་ལྐོག་གྱུར་གྱི་ཆོས་སྟོང་ཉིད་ལ་སོགས་པ་འདི་རྣམས་ལ་ཇི་སྲིད་དངོས་སྟོབས་ཀྱི་དཔྱད་པ་མི་འཇུག་པ་དེ་སྲིད་དུ་སྒྲུབ་པ་སྐབས་སུ་མ་བབས་པ་ཡིན་ལ། དེ་འཇུག་པའི་ཚེ་ལུང་གིས་བསྒྲུབ་པ་དོན་མེད་པའི་ཕྱིར་རོ། ། ༼ཁེ༽རྣམ་འགྲེལ་ལས། དེས་ན་འཇིག་རྟེན་ན༌རབ་གྲགས་
དོན་དག་ལ། །བསྟན་བཅོས་དོར་ནའང་ཉེས་པ་མེད། ། ༼གེ༽གཞལ་བྱ་ཤིན་ཏུ་ལྐོག་གྱུར་རྣམས་ལ་ལུང་ཤེས་བྱེད་དུ་བྱས་ནས་སྒྲུབ་དགོས་ཏེ་ཤིན་ཏུ། ལྐོག་གྱུར་དག་ལ་བསྟན་བཅོས་ནི། །ཤེས་བྱེད་དུ་མི་འདོད་ན་དེ་ལ་དངོས་སྟོབས་ཀྱི་དཔྱོད་པ་ཉིད་མི་འཇུག །པས་རྟོགས་པའི་ཐབས་མེད་པར་འགྱུར་རོ། །ཅེས་གསུངས་པའི་ཕྱིར་རོ། ། ༼ངེ༽དེ་ཡང་ཀུན་བཏུས་ལས། ལས་དགེ་བ་དང་མི་དགེ་བ་དེ་ཉིད་གནས་དང༌། དངོས་པོ་དང༌། རྒྱུ་དང༌། རྣམ་པར་སྨིན་པ་དང༌། རབ་ཏུ་དབྱེ་བས་ནི་བསམ་གྱིས་མི་ཁྱབ་སྟེ། ཞེས་གསུངས་པའི་ཁྱད་པར་འདི་རྣམས་ཚང་ན་ཤིན་ལྐོག་ཡིན་གྱི་ཚུལ་ཁྲིམས་བསྲུང་བ་ལས་བདེ་འགྲོ་འབྱུང་བ་ཙམ་ཤིན་ལྐོག་མིན་ཏེ། ཀུན་བཏུས་དར་ཊཱིཀ་ལས། དགེ་བའི་ལས་ཀྱིས་ལྷ་མིའི་ནང་དུ་རྣམ་སྨིན་འདོད་པ་འབྱིན་པ་དང༌། མི་དགེ་བའི་ལས་ཀྱིས་ངན་སོང་གསུམ་དུ་རྣམ་སྨིན་མི་འདོད་པ་འབྱིན་པ་ནི་བསམ་གྱིས་ཁྱབ་པ་ཞེས་བྱ་སྟེ། སྒྲུབ་བྱེད་ལུང་ལ་ལྟོས་མི་དགོས་པར། དངོས་པོ་སྟོབས་ཤུགས་ཀྱི་རིགས་པས་རྟོགས་ནུས་པའི་ཞེས་གསུངས་པའི་ཕྱིར། འདིའི་བསམ་གྱིས་ཁྱབ་པའི་དོན་ཡང་དངོས་པོ་སྟོབས་ཤུགས་ཀྱིས་རྟོགས་ནུས་པ་ལ་བྱེད་ཅིང༌། གོང་གི་ཆོས་བཞི་ཚང་ན་བསམ་གྱིས་མི་ཁྱབ་པར་གསུངས་པ་ཡང་དངོས་སྟོབས་ཀྱིས་རྟོགས་མི་ནུས་པའི་དོན་ནོ། ། ༼༦༽རྣམ་བཤད་ལས། དབང་རྣོན་གྱི་སྐབས་འདིར་༼ཅེ༽གཞི་ལམ་རྣམ་གསུམ་སྐྱེ་མེད་དུ་ཚད་མས་ལེགས་པར་གྲུབ་ནས་དེའི་དོན་གོམས་པར་བྱས་པས་གོམས་བྱའི་དོན་མངོན་སུམ་དུ་རྟོགས་པའི་འཕགས་པའི་གོ་འཕང་ཡོད་པར་
ཚད་མས་གྲུབ་པར་ཁས་བླངས་ན་༼༦༽ཉེས་པ་ཅི་ཡོད་ཅེས་གསུངས་པའི་ཕྱིར། ༼༧༽རྣམ་བཤད་ལས། དེ་ལྟ་ན་༼ཆེ༽དང་བ་སྐྱེ་བ་ལས་ཐོས་བསམ་སྒོམ་གསུམ་ལ་རིམ་གྱིས་འཇུག་པར་བཤད་པ་དང་༼༧༽འགལ་ལོ། །ཞེས་གསུངས་པའི་ཕྱིར།༼༢༧ན༽ ༼༢༽རྣམ་བཤད་ལས། འོ་ན་གཅིག་དུ་བྲལ། ནས། འགྱུར་རོ། །༼ཇེ༽རྩོད་ལན་གྱི་དོན་བསྡུས་ན། ཁོ་ན་རེ། ཁྱོད་ཀྱིས་དབང་རྣོན་རྒྱན་ལ་མ་ཞུགས་གོང་དུ་སྟོང་ཉིད་རྟོགས་པར་བཤད་པ་ལ་གོ་རིམ་འཆོལ་བའི་སྐྱོན་ཡོད་པར་ཐལ། འགྲེལ་ཆེན་གྱིས། དང་པོར་ཞུགས་ནས་གཟོད་ཐོས་བསམ་བྱེད་པར་གསུངས་པ་གང་ཞིག །ཁྱོད་ལྟར་ན་མ་ཞུགས་གོང་ནས་རྒྱན་གྱི་དོན་ལ་བསམ་བྱུང་རྙེད་ཚར་བའི་ཕྱིར་ཏེ། སྟོང་ཉིད་རྟོགས་ཟིན་པའི་ཕྱིར་ཞེ་ན་དེ་ཙམ་གྱིས་རྒྱན་ལ་བསམ་བྱུང་རྙེད་པའི་གོ་མི་ཆོད་པར་ཐལ། རྒྱན་ལ་བསམ་བྱུང་རྙེད་པ་ལ། མཁྱེན་གསུམ་གྱི་རྣམ་པ་བརྒྱ་དོན་གསུམ་རྣམ་རྫོགས་སྦྱོར་བའི་ཡུལ་དུ་བསྡུས་ནས་བསྒོམས་པས་གོམས་པ་དབང་དུ་གྱུར་པའི་རྩེ་སྦྱོར་ནས་བཟུང་ཆོས་སྐུའི་བར་གྱི་ལམ་གྱི་རིམ་པ་མ་ལུས་པ་མཐར་ཆགས་སུ་ཉམས་སུ་ལེན་ཤེས་དགོས་པས། སྟོང་ཉིད་ལས་ཀྱང་རྒྱ་ཆེ་བའི་ལམ་འདི་དཀའ་སྟེ། འཕགས་པ་ཐོགས་མེད་ཀྱིས་ཀྱང་ཤེར་མདོར་སྦས་དོན་གྱི་རིམ་པ་གསུངས་པ་ཟློས་པ་དང་མི་མཐུན་པ་ལྟ་བུར་གྱུར་པ་ལ་དགོངས་ནས། དེའི་ཆེད་དུ་བྱམས་མགོན་བསྒྲུབས་པར་འགྲེལ་ཆེན་ལས་གསུངས་པའི་ཕྱིར། ༼༦༽མདོ་སྡེ་སྤྱོད་པ་དང་རྣལ་འབྱོར་སྤྱོད་པའི་རང་རྒྱུད་པ་གཉིས་ཀའི་ལུགས་ལ།
གཞི་གྲུབ་ན་རང་གི་མཚན་ཉིད་ཀྱིས་གྲུབ་པས་ཁྱབ་པར་འདོད་པའི་ཕྱིར། ༼ཉེ༽དེ་ལྟར་བདེན་གྲུབ་དང་རང་མཚན་གྱིས་གྲུབ་པ་ལ་ཁྱད་པར་ཡོད་པ་མ་གོ་བའི་དབང་གིས་སྔ་རབས་པ་ཕལ་མོ་ཆེས་དབུ་མ་པ་ལ་རང་མཚན་ཁས་ལེན་པ་མེད་པར་བཟུང་སྟེ། ཐལ་རང་གི་ཁྱད་པར་འབྱེད་ཚེ། སྣང་སྟོང་གཉིས་ཚོགས་དོན་དམ་བདེན་པར་འདོད་པ་སྒྱུ་མ་རིགས་སྒྲུབ་པ་དང༌། དགག་བྱ་བཅད་ཙམ་གྱིས་སྟོང་པ་དོན་དམ་བདེན་པར་འདོད་པ་རབ་ཏུ་མི་གནས་པ་ཞེས་བཤད་པ་ནི། རྨོངས་པ་ངོ་མཚར་སྐྱེད་པའི་གཏམ་མོ་ཞེས་རྔོག་ལོའི་སྤྲིང་ཡིག་བདུད་རྩིའི་ཐིགས་པར་གསུངས་པ་ལ། སྟག་ཚང་པས། གྲུབ་མཐའ་ཀུན་ཤེས་ཀྱི་འགྲེལ་པར་དཔའ་བོའི་དོན་དམ་བྱང་ཆུབ་ཀྱི་སེམས་སྒོམ་དང་ཇོ་བོའི་ཆོས་ཆུང་སོགས་དྲངས་ནས་སྐྱོན་བརྗོད་ཀྱང༌། ལྷག་མཐོང་གཉིས་ལས་རྔོག་ལོའི་གསུང་དེ་འཐད་ཕྱོགས་སུ་མཛད་དོ། །དེས་ན་རང་རྒྱུད་པས་རང་མཚན་བཞེད་པའི་ཁུངས་གསལ་ཤོས་འོག་ནས་འབྱུང་བ་ལྟར་ཤེས་རབ་སྒྲོན་མེར། སེམས་ཙམ་པས་ཀུན་བཏགས་རང་མཚན་གྱིས་མེད་པར་གསུངས་པ་བཀག་པ་འདི་ཡིན་ལ། གང་ཕྱིར་དངོས་པོ་འདི་དག་རྣམ་དཔྱད་ན། །ཞེས་པའི་མཚམས་སྦྱར་དུ། འཇུག་པ་རང་འགྲེལ་ལས། དོན་དམ་པར་སྐྱེ་བ་མེད་པས་བདག་དང༌། གཞན་ལས་སྐྱེ་བ་དགག་པ་ལ་རག་མོད། གཟུགས་དང་ཚོར་བ་ལ་སོགས་པ་གང་དག་མངོན་སུམ་དང་རྗེས་སུ་དཔག་པ་དག་གི་དམིགས་པ་དེ་དག་གི་རང་བཞིན་ནི་གདོན་མི་ཟ་བར་གཞན་ལས་སྐྱེ་བར་འགྱུར་རོ། །ཞེས་པས་ཕྱོགས་སྔའི་འདོད་པ་བརྗོད་ཅིང༌། དེ་ཡང་དོན་དམ་པར་གཞན་སྐྱེ་མེད་
ཀྱང་ཐ་སྙད་དུ་གཞན་སྐྱེ་འདོད་པ་ཞིག་ཏུ་མངོན་ལ། གཞན་སྐྱེའི་དོན་ཡང་རང་མཚན་གྱིས་གྲུབ་པའི་རྒྱུ་ལས་འབྲས་བུ་འབྱུང་བ་ལ་འདོད་པས། དེ་ལྟར་སྨྲ་མཁན་རང་རྒྱུད་པ་མིན་ན་གཏན་མི་རྙེད་པའི་ཕྱིར། དེས་ན་འདིས་ཀྱང་ལེགས་པར་འགྲུབ་བོ། །ལྕང་སྐྱའི་གྲུབ་མཐར། སྒྱུ་མ་རིགས་གྲུབ་པ་དང༌། རབ་ཏུ་མི་གནས་པའི་དབུ་མའི་ཐ་སྙད་ཙམ་མ་བཀག་གསུངས་འདུག་གོ །༼༢༧བ༽ ༼༡༽ལེགས་བཤད་སྙིང་པོ་ལས། ཡོད་མེད་ནི་མཚན་ཉིད་ངོ་བོ་ཉིད་ཡོད་མེད་ཡིན་པས། ཞེས་གསུངས་པའི་ཕྱིར། ༼ཏེ༽ལུང་འདིས་རང་མཚན་གྱིས་གྲུབ་པར་མ་ཟད། རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་བཞེད་པ་ཡང་གསལ་བར་བསྟན་ཏེ། དགོངས་འགྲེལ་གྱི་ངོ་བོ་ཉིད་མེད་པ་གསུམ་ལུགས་འདིར་སྟོང་ཉིད་ཡིན་པས། ལུགས་འདིར་མཚན་ཉིད་ངོ་བོ་ཉིད་དེར་ཡོད་པ་མི་རུང་ཞིང༌། དེར་མ་ཟད་འདི་སེམས་ཙམ་པས་ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པར་བཤད་པ་ལ། འདོགས་བྱེད་དང་གདགས་གཞི་གཉིས་སུ་ཕྱེ་ནས་འགོག་པའི་ཕྱི་མའི་སྐབས་ཡིན་ལ་དེ་སེམས་ཙམ་པས་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་ལ་བཤད་པའི་ཕྱིར། ཁ་ཅིག་དེ་མི་འཐད་དེ། ཤེས་རབ་སྒྲོན་མེ་ལས། ཐམས་ཅད་དུ་མིང་ནི་དོན་གྱིས་སྟོང་པ་ཡིན་ཏེ། དེ་ལྟ་བུ་ནི་དངོས་པོ་རང་གི་ངོ་བོ་བརྗོད་པར་བྱེད་པ་མིན་པས་བདག་ཅག་གཉིས་ཀ་ལ་འདྲ་བ་ཡིན་ནོ། །ཞེས་བུམ་སོགས་མིང་བརྡའི་གཞིར་རང་མཚན་གྱིས་གྲུབ་པ་འགོག་པ་དབུ་སེམས་གཉིས་ཀ་ལ་
འདྲ་བས། དེ་ཙམ་འགོག་པ་དབུ་མ་པའི་རིགས་པར་ལྟོས་མི་དགོས་པར་བཤད་པའི་ཕྱིར་དང༌། ལེགས་བཤད་སྙིང་པོ་ལས། དེ་ཡང་ལྟོ་ལྡིར་བ་ལ་བུམ་པ་ཞེས་བཏགས་པའི་བརྡས་བཞག་པའི་ཡུལ་དོན་དམ་པར་གྲུབ་པ་འགོག་པ་ལ་དབུ་མ་པའི་རིགས་པར་ལྟོས་དགོས་སོ་ཞེས་སྨྲ་བ་མིན་ཏེ། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ལུང་དེར་མིང་བརྡའི་གཞིར་དོན་དམ་དུ་གྲུབ་ན་དེར་གྲུབ་པ་དངོས་པོའི་སྡོད་ལུགས་སུ་འགྱུར་བས། གཞན་གྱི་སྦྱོར་བ་ལ་མི་ལྟོས་པར་ཐལ་བ་སོགས་ཀྱི་སྒོ་ནས་གཉིས་ཀས་འགོག་པར་གསུངས་ཀྱི། རང་མཚན་གྱིས་གྲུབ་པ་ལ་མ་གསུངས་པའི་ཕྱིར། དཀའ་འགྲེལ་ལས། ལེགས་ལྡན་གྱི་ལུགས་ལ་གཟུགས་སོ་ཞེས་ངོ་བོ་དང༌། གཟུགས་ཀྱི་སྐྱེ་བའོ་ཞེས་ཁྱད་པར་དུ་བཏགས་པའི་དོན་དེ་རང་མཚན་གྱིས་གྲུབ་ཀྱང༌། དོན་དམ་པར་མ་གྲུབ་པའི་ཕྱིར། ཞེས་སོགས་གསུངས་པའི་ཕྱིར། འདིས་ཁ་ཅིག་གྲུབ་མཐའི་ཚིག་རིས་ལ་འཁྲུལ་བ་ཡང་སེལ་སླའོ། །དེས་ན་ལེགས་ལྡན་གྱི་ལུགས་ལ། རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་དྲངས་མ་ཐག་པའི་ཤེས་རབ་སྒྲོན་མའི་ལུང་ཀུན་བཏགས་ནི་མེད་པ་མ་ཡིན་ཏེ། ཞེས་པ་འདིས་ཀྱང་འགྲུབ་སྟེ། དེའི་མཇུག་ཐོགས་སུ། དེ་ལ་རྣམ་པ་འདྲ་བའི་བློ་གྲོས་འཁྲུལ་བས་ཀུན་བཏགས་པའི་དོན་མེད་ཀྱང༌། སྦྲུལ་འཁྱིལ་བ་ལ་དེ་མེད་པ་མ་ཡིན་པའི་ཕྱིར། ཞེས་དང༌། དབུ་མ་སྙིང་པོ་ལས། ཀུན་བཏགས་ཡོད་པ་མ་ཡིན་ཏེ། །བཏགས་ཕྱིར་སྦྲུལ་དང་འདྲར་མི་འདོད། །ཐག་པའི་དངོས་པོར་མ་ངེས་ཕྱིར། །ཡང་ན་གྲགས་པས་གནོད་པར་འགྱུར། །ཞེས་
སེམས་ཙམ་པས་ཐག་ཁྲ་སྦྲུལ་འཛིན་དཔེར་བཀོད་པ་ལ། ཐག་ཁྲ་དེའི་གཞིར་རང་མཚན་གྱིས་མེད་ཀྱང༌། སྦྲུལ་ཁོ་རང་སྦྲུལ་འཛིན་གྱི་གཞིར་རང་མཚན་གྱིས་ཡོད་པས་དཔེ་མ་ངེས་ལ། དེ་ཡང་མེད་པར་འདོད་ན་གྲགས་པས་གནོད་པར་གསུངས་པའི་ཕྱིར་རོ། །༼༢༨ན༽ ༼༢༽ལེགས་བཤད་སྙིང་པོ་ལས། དེ་སྤྲུལ་གཞིའི་ངོས་ནས་རྟ་གླང་དུ་སྣང་བ་ཡོད་མོད་ཀྱང༌། མིག་བསླད་པའི་ཤེས་པའི་དབང་གིས་དེ་ལྟར་སྣང་བ་ཡིན་གྱི། རང་གི་གཉུག་མའི་རྒྱུ་རྐྱེན་ལས་དེར་སྣང་དུ་བསྐྱེད་པ་མ་ཡིན་ཏེ་ཞེས་གསུངས་པའི་ཕྱིར། ༼ཐེ༽ཁ་ཅིག །སྒྱུ་མའི་རྟ་ལ་རྟ་ཡིན་པ་ཡོད་དེ། རྟ་ངན་པ་བཟང་པོར་སྤྲུལ་པ་དེ་རྟ་ཡིན་པའི་ཕྱིར་ཟེར་བ་ནི། དེའི་ཚེ་སྤྲུལ་གཞི་ལ་ཡང་ལྟོས་མོད་ཀྱང༌། གཙོ་བོར་འཁྲུལ་རྒྱུས་བསླད་པའི་བློ་དེའི་རང་མདངས་ཤིག །དཔེར་ན་ཆུ་ཟླའི་མདངས་རྩིག་ངོས་ལ་ཕོག་པ་ལྟར་ཚུར་ཤར་བ་ཡིན་པ་དང༌། ཕྱི་དོན་འདོད་པ་ལྟར་ནའང༌། སྤྲུལ་གཞི་དང༌། ས་ཕྱོགས་དང༌། བར་སྣང་རྣམས་ཚོགས་པའི་སྟེང་གི་ཀུན་བཏགས་པའི་གཟུགས་ཤིག་ཡིན་པ་མ་གོ་བར་སྔར་གྱི་སྤྲུལ་གཞི་དེ་ཀ་ཡིན་སྙམ་པར་སྣང་བས་རྡེའུ་ཤིང་རྟ་གླང་དུ་སྤྲུལ་པའི་ཚེ། རྡེའུ་ཤིང་དུ་སྨྲ་དགོས་སོ། །དེས་ན་སྒྱུ་མའི་རྟ་ལ་རྟ་ཡིན་པ་མེད་དེ། དེ་ལ་སེམས་མེད་པའི་ཕྱིར། སྤྱོད་འཇུག་ལས། སྔགས་སོགས་རྣམས་ལ་ནུས་མེད་ཕྱིར། །སྒྱུ་མའི་སེམས་ནི་འབྱུང་བ་མེད། །ཅེས་གསུངས་པའི་ཕྱིར། ༼༤༽ཡང་ཁ་ཅིག་ན་རེ། བདེན་གཉིས་ལས། ༼དེ༽དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་བའི་དོན་དམ་ལ་བློ་གནོད་མེད་ལ་སྣང་བའི་དབང་
གིས་བཞག་ཙམ་མིན་པར་གྲུབ་པ་དང༌། རིགས་ངོའི་བདེན་གྲུབ་གཉིས་བཤད་པས། ཕྱི་མ་དབུ་མ་རྒྱན་སོགས་སུ་གསལ་ཡང༌། ལྟ་བ་རྟོགས་པ་ལ་སྔ་མ་གལ་ཆེ་ཞིང་དེ་གཞན་དུ་མི་གསལ་བའི་རྒྱུ་མཚན་གྱིས། རྗེ་བླ་མས་དབུ་མ་སྣང་བ་མ་གཏོགས་རང་རྒྱུད་པའི་གཞུང་གཞན་དུ་དགག་བྱ་ངོས་འཛིན་གསལ་བོ་མི་སྣང་གསུངས་པ་ལ། དེ་མི་འཐད་པར་ཐལ། ༼༤༽བློ་ལ་སྣང་བ་འདི་ཁོ་ན། །ཀུན་རྫོབ་གཞན་ནི་གཅིག་ཤོས་སོ། །ཞེས་པའི་ཀུན་རྫོབ་ཡན་ཆད་ཀྱིས་ཀུན་རྫོབ་ཏུ་གྲུབ་པའི་ཚད་དང༌། ལྷག་མས་དོན་དམ་དུ་གྲུབ་པའི་ཚད་བསྟན་པའི་ཕྱིར་ཟེར་ན། ༼ནེ༽སེམས་ཅན་ཐམས་ཅད་གྲོལ་ཟིན་པར་ཐལ། འདི་དག་ལ་བདེན་སྣང་ཐོག་མེད་ནས་མེད་པའི་ཕྱིར། དེར་ཐལ། བློ་ལ་སྣང་བ་འདི་ཁོ་ན། །ཀུན་རྫོབ་ཅེས་པས་ཀུན་རྫོབ་ཏུ་གྲུབ་ཚད་བསྟན་པའི་ཟླས་དྲངས་ན། བ་ལང་རྫི་སོགས་འཇིག་རྟེན་རང་དགའ་བ་ལ་མི་སྣང་བ་གཅིག་ཤོས་སུ་བཤད་ཅིང༌། གཅིག་ཤོས་ཞེས་པ་བདེན་གྲུབ་ལ་སྙེགས་རིགས་པའི་ཕྱིར། རྟགས་སོང༌། ༼༢༨བ༽ ༼༢༽ཁོ་བོ་ཅག་ནི་ཇི་ལྟར་སྣང་བ་སོར་བཞག་ཏུ་ཁས་ལེན་པ་མ་གཏོགས་འདི་དཔྱོད་པར་མི་བྱེད་ཀྱི་གལ་ཏེ་ཁྱེད་ཅག་དཔྱོད་པར་བྱེད་པ་ལ་ནི་ཁོ་བོས་འགོག་པར་བྱེད་དོ། །ཞེས་གསུངས་པའི་ཕྱིར། ༼པེ༽འགོག་ཚུལ་ཡང༌། འདིའི་གོང་འོག་གི་རྩ་བ་དང༌། རང་འགྲེལ་ལས། དེ་ལྟར་དཔྱད་པ་བྱས་ན་ཀུན་རྫོབ་ཀྱི་རྣམ་གཞག་འཇིག་ཅིང༌། གཟུང་འཛིན་སྣང་བ་ལྟར་མ་གྲུབ་པར་འགྲོ་བས་མི་འཐད་གསུངས་ལ། ཞི་འཚོས་མཛད་པར་གྲགས་པའི་དཀའ་འགྲེལ་ལས་ཀྱང༌། ཇི་ལྟར་སྣང་བ་བཞིན་དུ་ཀུན་རྫོབ་ཏུ་ཡོད་པ་གང་
ཡིན་པ་དེ་ནི་ངེས་པར་རྒྱུ་ལ་ལྟོས་པ་ཡིན་ནོ། །ཞེས་པ་ནས། དེ་གཉིས་ཀྱང་མངོན་སུམ་ཁོ་ནར་ཤིང་རྟ་ཚོགས་པ་ལ་སོགས་པ་སྐྱེ་བོ་མཐའ་དག་ལ་གྲགས་པའི་ཚད་མའམ་གྲགས་པ་དག་ཡིན་པས། དེ་སྤངས་པ་ན་མངོན་སུམ་དང་འགལ་བ་བཟློག་པར་དཀའ་བ་སྟེ། ཞེས་གསུངས་སོ། །དེས་ན་ལེགས་བཤད་སྙིང་པོ་ལས། འགྲེལ་བཤད་རྩོམ་པ་པོ་ཞི་བ་འཚོ་ཡིན་ཞེས་པ་ཡང་མིང་མཐུན་པའམ། ཁ་གཡར་བ་ཡིན་གྱི་དབུ་མ་རྒྱན་ལ་སོགས་པ་རྩོམ་མཁན་ནི་མིན་ཏེ། འདིས་བསྟན་བཅོས་རྩོམ་པའི་དགོས་པ་བཤད་པ། ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་འགྲེལ་པར་བཀག་པའི་ཕྱིར་དང༌། གཟུང་འཛིན་ཇི་ལྟར་སྣང་བ་ལྟར་མེད་པར་སྨྲ་བ་མངོན་སུམ་དང་འགལ་ཞིང༌། གྲགས་པས་ཀྱང་གནོད་པར་བདེན་གཉིས་རང་འགྲེལ་ལས་བཤད་པ། སྒྲ་སོར་བཞག་གི་དོན་འཐད་ཕྱོགས་སུ་འགྲེལ་པའི་ཕྱིར་རོ། །ཞེས་གསུངས་པ་འདི་ཁས་ལེན་ན། ཞི་འཚོས་གཟུང་འཛིན་སྣང་བ་ལྟར་མ་གྲུབ་པར་འདོད་ཅེས་མ་སྨྲ་ཞིག །དབུ་མའི་མཐའ་དཔྱོད་ཀྱི་དགག་བྱ་ངོས་འཛིན་དང༌། དེར་དྲངས་པའི་དབུ་མ་རྒྱན་རང་འགྲེལ་གྱི་དོན་ཚུར་མཐོང་གི་ཤེས་པའི་སྣང་ཆ་ལ་མ་འཁྲུལ་བའི་ཆ་གཅིག་ཐལ་འགྱུར་བས་མི་འདོད་ཀྱང༌། འདི་པས་འདོད་པའི་དོན་ནོ། །རང་མཚན་ལ་མ་འཁྲུལ་བས་མ་འཁྲུལ་པར་འདོད་དགོས་ན་རྗེས་དཔག་ལ་མི་འགྲིགས་ཤིང༌། རང་རྒྱུད་པ་མན་ཆད་ཐམས་ཅད་ལ་ཧ་ཅང་ཐལ་བར་འགྱུར་ཏེ། ལྷག་མཐོང་ཆེན་མོ་ལས། འདི་ལ་དངོས་པོར་སྨྲ་བས་ནི། གཟུགས་སྒྲ་སོགས་རང་གི་མཚན་ཉིད་ཀྱིས་གྲུབ་
པའི་རང་བཞིན་མེད་ན། དེ་དག་དོན་བྱེད་པའི་ནུས་པ་ཐམས་ཅད་ཀྱིས་སྟོང་པས་དངོས་མེད་དུ་འདོད་པས་ཡུལ་ལྔའི་རང་མཚན་ལ་ཚད་མར་མ་སོང་ན། ཡུལ་ལྔ་ལ་ཚད་མར་འགྲོ་བ་མེད་ལ། ཡུལ་ལྔ་ལ་ཚད་མར་སོང་ན་ཡང་དེའི་རང་མཚན་ལ་ཚད་མར་འགྲོ་བར་འདོད་དོ། །ཞེས་གསུངས་པའི་ཕྱིར། སྟོང་ཐུན་ལས་ཀྱང་དེ་ལྟར་གསུངས་སོ། །ཐལ་འགྱུར་བའི་ལུགས་ལ་འདི་བའི་ཆོས་བདག་རགས་པ་དང་འཛིན་པ་ཀུན་བཏགས་སུ་འགྲོ་བའི་གནད་ཀྱང་འདི་ཡིན་ཏེ་འོག་ཏུ་འཆད་དོ། །༼༢༩ན༽ ༼༦༽སྤྱོད་འཇུག་ལས། ལོག་པར་བརྟགས་པའི་དངོས་པོ་དགག་བྱའི་སྤྱི་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །ཞེས་གསུངས་པའི་ཕྱིར། ༼༦༽ལེགས་བཤད་སྙིང་པོ་ལས། དགག་བྱ་ངོས་བཟུང་བ་ནི་ཤིན་ཏུ་གལ་ཆེ། ཞེས་གསུངས་པའི་ཕྱིར། ༼ཕེ༽འདི་བའི་བློ་གནོད་མེད་ཅེས་པའི་བློ་ལ་རྟོག་མེད་གཙོ་ཞིང༌། གནོད་མེད་ཀྱི་དོན་ཡང་རང་མཚན་སྣང་བ་ལ་གནོད་པ་མེད་ཅིང་ཡུལ་གྱི་རང་མཚན་ལ་ཚད་མར་སོང་བ་དགོས་པས་ཆོས་ཅན་འཛིན་པའི་ཚེ་ཡང་རྒོལ་ཕྱི་རྒོལ་གཉིས་ཀ་ལ་ཐུན་མོང་དུ་ཆོས་ཅན་དེའི་རང་མཚན་ལ་ཚད་མར་སོང་བ་དགོས་ཤིང༌། དེ་ནི་ཚད་གྲུབ་མཐུན་སྣང་ངམ། ཆོས་ཅན་མཐུན་སྣང་བའི་དོན་དུ་འདོད་དོ། །དེའི་རྒྱུ་མཚན་གྱིས་ཟླ་བས་དཔེ་ལ་འདྲ་བ་མེད་པར་གསུངས་ཏེ། འབྱུང་འགྱུར་དང་ནམ་མཁའི་ཡོན་ཏན་ལྟ་བུའི་ཁྱད་པར་དོར་ནས་འཛིན་ལུགས་ཡོད་ཀྱང༌། རང་མཚན་གྱི་ཁྱད་པར་དོར་ནས་འཆར་ཚུལ་མེད་པར་ཁྱོད་ཀྱང་འདོད་པའི་ཕྱིར། གསུངས་པ་ཡིན་ནོ། །དེང་དུས་ཕལ་ཆེར་དོན་དམ་དང་ཀུན་རྫོབ་དཔྱོད་པའི་སྐབས་ཀྱི་ཁྱད་འབྱེད་པ་སྐད་བྱེད་པ་ནི་
ཟླ་བས་བདག་སྐྱེ་འགོག་པ་དོན་དམ་གྱི་ཁྱད་པར་མི་བཞེད་པའི་སྐབས་ལས་ཉམས་སོ། །ཐལ་འགྱུར་བ་ལྟར་ན་འདི་བའི་བློ་གནོད་མེད་དེ་མེད་ཅིང་བློ་དེ་འདྲ་ཞིག་གིས་བཞག་ཙམ་མ་ཡིན་པར་གྲུབ་བོ་སྙམ་པ་གྲུབ་མཐས་མ་བསྒྱུར་བ་ལ་མི་འོང་བས་འདི་པའི་བདེན་འཛིན་ལྷན་སྐྱེས་ཀྱང་རགས་པ་དང་ཀུན་བཏགས་ཁོ་ནར་འདོད་དེ། ལེགས་བཤད་སྙིང་པོ་ལས། རིགས་པ་དེ་དག་གི་གནད་ཀྱིས་རང་རྒྱུད་པས་བཤད་པའི་ཆོས་ཀྱི་བདག་འཛིན་ལྷན་སྐྱེས་སུ་འདོད་པའང་ཀུན་བཏགས་སུ་བྱས་སོ། །ཞེས་སོགས་མཐའ་ཡས་སོ། ། ༼༢༩བ༽ ༼༤༽དེ་མིན་ན་ཐམས་ཅད་ལ་གཟུགས་སྣང་འཆར་དགོས་པའི་ཕྱིར། ༼བེ༽དེ་གདགས་གཞིའི་ངོས་ནས་མི་སྣང་ན། གདགས་གཞི་ལ་ལྟོས་པ་མེད་པར་འགྱུར་ལ། དེ་ལྟར་ན་གཞི་དེར་བུམ་པ་མེད་བཞིན་དུ་བུམ་པའོ་ཞེས་རྟོག་པས་སྒྲོ་བཏགས་ནས་རློམ་པ་ཙམ་གྱིས་ཀྱང་བུམ་པ་དངོས་སུ་སྣང་ནས་དོན་བྱེད་པར་འགྱུར་བས་གཞི་ལ་ལྟོས་པ་མེད་པར་ཡིད་བྱེད་ཀྱིས་བཏགས་པ་ཙམ་གྱིས་དབང་པོའི་ཡུལ་དུ་འགྱུར་བར་ཐལ་བ་སྟེ། འདི་ཡང་མགོ་མཚུངས་ཀྱི་རིགས་པའོ། ། ༼༥༽རྩ་ཤེས་ལས། འདུས་བྱས་ཐམས་ཅད་བསླུ་བའི་ཆོས། ། ༼མེ༽དེས་ན་དེ་དག་རྫུན་པ་ཡིན། །ཞེས་པ་འདི་འདུས་བྱས་ལ་སྦྱར་ན་རྫུན་པར་གྲུབ་ཚད་དུ་འགྲོ་བ་ལ་དགོངས་ནས་སྐབས་འདིར་དྲངས་པ་ཡིན་གྱི་རྫུན་པར་གྲུབ་ཚད་ཐམས་ཅད་འདིའི་རྫུན་པར་གྲུབ་མི་དགོས་ཏེ། འདིའི་རྩ་བའི་མདོ་ལས། དགེ་སློང་དག་འདུ་བྱས་བསླུ་བའི་ཆོས་ཅན་གང་ཡིན་པ་དེ་དག་ནི་རྫུན་པ་ཡིན་ལ།
མི་བསླུ་བའི་ཆོས་མྱ་ངན་ལས་འདས་པ་ནི་བདེན་པ་དམ་པའོ། །ཞེས་མྱང་འདས་དེའི་ལྡོག་ཟླའི་དོན་དམ་དུ་གྲུབ་པར་གསུངས་པའི་ཕྱིར་རོ། ། ༼༦༽ལང་གཤེགས་ལས། དངོས་རྣམས་སྐྱེ་བ་ཀུན་རྫོབ་ཏུ། །དམ་པའི་དོན་དུ་རང་བཞིན་མེད། ། ༼ཙེ༽རང་བཞིན་མེད་ལ་འཁྲུལ་བ་གང༌། །དེ་ནི་ཡང་དག་ཀུན་རྫོབ་འདོད། ། ༼༦༽ཅེས་གསུངས་པའི་ཕྱིར། ཁྱབ་སྟེ། ཀུན་རྫོབ་ཏུ་ཡོད་པའི་ཟློག་ཟླའི་ཡོད་པ་བདེན་གྲུབ་ཀྱི་ཚད་ཡིན་པའི་ཕྱིར། དབུ་མ་སྣང་བ་ལས། ༼ཙེ༽གང་ཡང་ཀུན་རྫོབ་ཞེས་བྱ་བ་འདི་ཅི་ཡིན། ཞེས་སོགས་ཀྱིས་དྲི་བ་བཀོད་ནས། ལན་དུ་དེ་ཡང་ཐོག་མ་མེད་པའི་འཁྲུལ་བའི་བག་ཆགས་ཡོངས་སུ་སྨིན་པའི་དབང་གིས་བྱུང་ལ། ༼༦༽དེས་ཀྱང་སྲོག་ཆགས་ཐམས་ཅད་ཡང་དག་པར་དངོས་པོའི་བདག་ཉིད་ལྟ་བུར་ཉེ་བར་སྟོན་པ་མཐོང་བར་འགྱུར་ཏེ། དེའི་ཕྱིར། དེ་དག་གི་བསམ་པའི་དབང་གིས་དངོས་པོ་རྫུན་པའི་ངོ་བོ་ཐམས་ཅད་ནི་ཀུན་རྫོབ་ཏུ་ཡོད་པ་ཁོ་ནའོ། །ཞེས་གསུངས་པའི་ཕྱིར། ༼ཚེ༽འདིས་དྲངས་མ་ཐག་པའི་ལང་གཤེགས་ཀྱི་ལུང་དོན་བཀྲལ་ཏེ། ཆོས་འདི་དག་དོན་དམ་པར་མེད་ཀྱང་ཐོག་མེད་ནས་གོམས་པའི་མ་རིག་པའི་བག་ཆགས་ཀྱི་དབང་གིས་བདེན་པར་གྲུབ་པ་ལྟར་སྣང་བ་མ་གཏོགས་བརྟགས་ཤིང་དཔྱད་ན་གནོད་མེད་ཀྱི་བློ་ལ་སྣང་བའི་དབང་གིས་བཞག་པ་ཙམ་ལས་མ་འདས་པ་ཀུན་རྫོབ་ཏུ་གྲུབ་ཚད་ཡིན་གསུངས་པས། ལྡོག་ཆ་ནས་དོན་དམ་དུ་གྲུབ་ཚུལ་ཀྱང་གསལ་བར་གསུངས་ཏེ་རང་རྒྱུད་པའི་དགག་བྱ་ངོས་འཛིན་གསལ་ཤོས་འདི་ཁོ་ན་ཡིན་ནོ། །༼༣༠ན༽ ༼༣༽མཐའ་གཉིས་སེལ་བ་རིགས་པའི་རྒྱལ་པོ་
རྟེན་འབྲེལ་གྱི་གཏན་ཚིགས་གཉིས་དང་དགུ་སོགས་ཡོད་པ་དེའི་ཕྱིར། ༼ཛེ༽མཐའ་གཉིས་ཅིག་ཅར་སེལ་ཚུལ་ནི། རྟེན་འབྲེལ་ཞེས་པའི་ཚིག་འདི་ལ། ལྟོས་མེད་དུ་གྲུབ་པའི་རྟག་མཐའ་དང༌། ལྟོས་གྲུབ་ཙམ་དུ་ཡང་མེད་པའི་ཆད་མཐའ་གཉིས་ཀ་ཅིག་ཅར་སེལ་བའི་ནུས་པ་ཡོད་པ་ལ་བྱ་སྟེ། འཇུག་འགྲེལ་ལས། འདི་ལྟར་རྐྱེན་ཉིད་འདི་བ་ཙམ་གྱིས། རྟེན་ཅིང་འབྲེལ་བར་འབྱུང་བ་བཤད་པ་ན། རྒྱུ་མེད་པར་སྐྱེ་བ་ལ་སོགས་པའི་རྟོག་པ་འདི་དག་མི་སྲིད་པ་འབའ་ཞིག་ཏུ་མ་ཟད་ཀྱི་རྟག་པ་དང༌། ཆད་པ་དང༌། རྟག་པ་དང༌། མི་རྟག་པ་ལ་སོགས་པའི་རྟོག་པ་གཞན་དག་ཀྱང་མི་སྲིད་པ་ཉིད་དོ། །ཞེས་དང༌། དགོངས་པ་རབ་གསལ་ལས། རྐྱེན་ཉིད་འདི་བ་ཙམ་གྱིས་རྟེན་འབྲེལ་བཤད་པ་ན། ཞེས་སོགས་གསུངས་པའི་ཕྱིར། ཁྱབ་སྟེ་བཤད་པ་ན་ཞེས་པའི་དོན་ཡོད་པའི་ཕྱིར། དེ་ལྟར་ན་བྱས་པའི་དོན་བློ་ཡུལ་དུ་ལེགས་པར་ཤར་ཡང་མཐའ་གཉིས་མི་ཁེགས་ལ། རྟེན་འབྱུང་གི་དོན་རྟོགས་ཙམ་ནས་མཐའ་གཉིས་གང་དུ་ཡང་མི་ལྟུང་སྟེ། མ་དྲོས་པས་ཞུས་པ་ལས། མཁས་པས་རྟེན་འབྱུང་ཆོས་རྣམས་རྟོགས་གྱུར་ཏེ། །མཐར་ལྟ་བ་ལ་རྟེན་པར་ཡོངས་མི་བྱེད། །ཅེས་གསུངས་པའི་ཕྱིར། དེས་ན་འདི་མཐའ་གཉིས་ཅིག་ཅར་སེལ་བའི་ཆ་ནས་རིགས་པ་ཐམས་ཅད་ཀྱི་ཕུལ་དུ་གྱུར་པ་རྒྱལ་པོ་ལྟ་བུར་བཤད་དེ། ལམ་རིམ་ཆེན་མོ་ལས། མཐར་འཛིན་གྱི་ལྟ་བའི་འཆིང་བ་གཅོད་པས་ན། རྟེན་འབྲེལ་གྱི་རྟགས་ཀྱིས་རང་བཞིན་མེད་པར་འགྲུབ་པ་འདི་ནི་རྨད་དུ་བྱུང་བའི་
ཐབས་ལ་མཁས་པ་ཆེན་པོའོ། །ཞེས་གསུངས་པའི་ཕྱིར། རྟེན་འབྱུང་དང༌། ལྟོས་གྲུབ་དང༌། རྟེན་འབྲེལ་གསུམ་ལའང་ཚིག་ནུས་པ་ཆེ་ཆུང་གིས་ལོག་རྟོག་སེལ་ཚུལ་ལམ་རིམ་ཆུང་ངུའི་དགོངས་པ་ལྕང་སྐྱའི་གྲུབ་མཐར་ལེགས་པར་བཤད་འདུག་པས་དེར་ལྟོས། མཐའ་གཉིས་སེལ་ཞེས་པའི་གོ་བ་སྟེར་ཕུལ་འདི་ཆེ་ལ། རྟགས་ཀྱི་བྱེད་པས་ཆད་མཐའ་དང༌། ཆོས་ཀྱི་བྱེད་པས་རྟག་མཐའ་སེལ་བ་ལ་བཤད་པ་འདི་ཡང་མན་ངག་ཏུ་གྲགས་པ་ཐར་ཐོར་ནས་བཤད་པ་ཙམ་མ་ཡིན་གྱི། གཞུང་ཆེན་མོའི་དགོངས་པའང་ཡིན་ཏེ། ལམ་རིམ་ཆུང་ངུ་ལས། གཏན་ཚིགས་ངེས་པས་ནི་ཆད་ལྟ་དང༌། དམ་བཅའི་དོན་ངེས་པས་ནི་རྟག་ལྟ་རྩ་བ་ནས་སུན་འབྱིན་པས། ཞེས་གསུངས་པའི་ཕྱིར་དང༌། རྒྱལ་བ་དགེ་འདུན་རྒྱ་མཚོའི་སྟོང་ཉིད་བདུན་ཅུ་བའི་ཊཱིཀྐར་ཡང༌། སྒྲུབ་ཆོས་བློ་ཡུལ་དུ་སོང་བས་རང་བཞིན་གྱིས་ཡོད་པར་འཛིན་པའི་རྟག་མཐའ་སེལ་ལ། རྟེན་འབྲེལ་ཡིན་པའི་ཕྱིར་ཞེས་པའི་གཏན་ཚིགས་བློ་ཡུལ་དུ་སོང་བས་མྱུ་གུ་མིང་ཙམ་གྱིས་རྟེན་འབྲེལ་དུ་ཡོད་པར་རྟོགས་པས། དེ་གཏན་མེད་པར་འཛིན་པའི་ཆད་མཐའ་སེལ་བས་རྟག་ཆད་ཀྱི་མཐའ་གཉིས་ཀ་དུས་གཅིག་ཏུ་སེལ་བ་ཞེས་གསུངས་པའི་ཕྱིར། དེ་སོགས་སྤྲོ་བྱ་མང་སྟེ་ཤོག་བྱང་གཅིག་གི་འདབས་ལ་འཕགས་བོད་ཀྱི་གཞུང་ལུགས་རབ་འབྱམས་མི་ཤོང་བར་འདུག་པས་མ་བྲིས། ༼༦༽རྟགས་སོ་སོའི་སྒྲུབ་ཚུལ་༼ཝེ༽བདག་ཕུང་བདེན་པར་གཅིག་པ་ལ་སྐྱོན་བདུན་དང༌། ཐ་དད་པ་ལ་སྐྱོན་གཉིས་སོགས་དང༌། རྟེན་བརྟེན་པ་ལ་ཐ་དད་བཀག་པའི་
སྐབས་ཀྱི་སྐྱོན་སྦྱོར་ཚུལ། ལྡན་ཚུལ་ལ་གནག་ལྡན་དང་གཟུགས་ལྡན་ལྟ་བུའི་གཞན་དང་གཞན་མིན་གྱི་ལྡན་ཚུལ་གཉིས་རིམ་བཞིན་ཐ་དད་དང་གཅིག་བཀག་པའི་རིགས་འགྲོས་ཀྱིས་འགོག་ལུགས་སོགས་༼༦༽རྩ་ཤེས་དང་ཊཱིཀ་ཆེན་གཉིས་ཀྱི་རབ་བྱེད་ཉེར་བདུན་པར་གཙོ་བོར་ལྟོས། ༼༣༠བ༽ ༼༤༽བཞི་པ། རྡོ་རྗེ་གཟེགས་མ་ནི། དངོས་པོ་རྣམས་ཆོས་ཅན། དོན་དམ་པར་སྐྱེ་བ་མེད་དེ། རང་ལས་ཀྱང་མི་སྐྱེ། ༼ཞེ༽ཞེས་དོན་དམ་གྱི་ཁྱད་པར་མ་སྦྱར་ཀྱང་ལེགས་ལྡན་གྱིས་སངས་རྒྱས་བསྐྱངས་ལ་བདག་སྐྱེ་འགོག་ཚེ་དོན་དམ་མ་སྦྱར་བའི་སྐྱོན་བརྗོད་པ་དང་འགལ་བར་མི་བསམ་སྟེ། རང་རྒྱུད་པའི་ལུགས་ལ་ཡང་སྤྱིར་དོན་དམ་སྦྱོར་མི་དགོས་ཀྱང༌། དེ་མཆོད་བརྗོད་ལས་འཕྲོས་ཏེ་མཉམ་གཞག་གི་ངོར་སྦྱར་བའི་དབང་གིས་ཡིན་པའི་ཕྱིར། ༼༦༽དབུ་མ་སྙིང་པོ་ལས། ཡོད་པ་རྣམ་པར་མི་སྐྱེ་སྟེ། །མེད་པ་ནམ་མཁའི་པདྨོ་བཞིན། །ཞེས་གསུངས་པའི་ཕྱིར། ༼ཟེ༽ཡོད་མེད་སྐྱེ་འགོག་གི་གཏན་ཚིགས་འདི་ལ། སྟོང་ཐུན་ལས། ཡོད་པ་སྐྱེད་དམ། མེད་པ་སྐྱེད་ཟེར་བ་དང༌། རྒྱུ་དུས་ན་ཡོད་པ་སྐྱེའམ། མེད་པ་སྐྱེ་ཟེར་བ་བཀག་ནས། རང་ལུགས་ཡོད་པའི་མྱུ་གུ་སྐྱེའམ། མེད་པའི་མྱུ་གུ་སྐྱེ་ཞེས་དཔྱོད་པར་གསུངས་པ་ནི། རྩ་ཤེས་ལས། གལ་ཏེ་ལས་ལ་རང་བཞིན་ཡོད། །རྟག་པར་འགྱུར་བར་ཐེ་ཚོམ་མེད། །ལས་ནི་བྱས་པ་མ་ཡིན་འགྱུར། །རྟག་ལ་བྱ་བ་མེད་ཕྱིར་རོ། །ཞེས་པ་ལྟ་བུའི་དགོངས་པ་བརླིང་པོ་ཞིག་ཡོད་པར་འདུག་ཀྱང༌། རྩོད་ཚེ་གཏན་ཚིགས་མ་གྲུབ་
པར་འགྱུར་བས་ཞིབ་ཆ་དགོས། ༼༣༡ན༽ ༼༥༽དེ་འཕགས་པ་ཡབ་སྲས་ཀྱིས་མགོ་མཚུངས་མཛད་པའི་རིགས་པ་གཙོ་བོར་བཤད་པའི་ཕྱིར། ༼འེ༽མགོ་མཚུངས་བྱེད་ཚུལ་ཡང་ས་སོགས་དོན་དམ་པར་འབྱུང་བ་ཡིན་ན། དེ་འབྱུང་བའི་ངོ་བོར་སྐྱེད་པ་རྐྱེན་ལ་མི་ལྟོས་དགོས་ཤིང༌། དེ་ལྟར་ན་དེ་འབྱུང་བར་བསྐྱེད་པའི་རྐྱེན་མེད་པར་འགྱུར་རོ། །དེ་འདོད་ན། ཤེས་པ་ཡང་འབྱུང་བའི་ངོ་བོར་གྲུབ་པར་ཐལ། དེ་འབྱུང་བའི་ངོ་བོར་མ་སྐྱེས་ལ། ས་སོགས་འབྱུང་བའི་ངོ་བོར་སྐྱེས་པའི་རྒྱུ་མཚན་མེད་པའི་ཕྱིར་ཏེ། དེ་གཉིས་ཀ་ལ་འབྱུང་བའི་ངོ་བོར་སྐྱེད་བྱེད་ཀྱི་རྐྱེན་མེད་པ་འདྲ་བའི་ཕྱིར། ཞེས་མགོ་བསྡོས་པ་ཡིན་ཏེ། འཚང་རྒྱ་བ་ཚོགས་གཉིས་ལ་མི་ལྟོས་ན། སེམས་ཅན་ཐམས་ཅད་སངས་རྒྱས་པར་ཐལ་བ་འཕེན་པ་ལྟ་བུའོ། ། ༼༣༡བ༽ ༼༡༽འདི་མཐའ་གཉིས་ཅིག་ཅར་སེལ་བའི་རིགས་པའི་རྒྱལ་པོ་ཡིན་ཏེ། ༼ཡེ༽བློན་པོས་བྱ་བཞག་ཐམས་ཅད་ཀྱི་ཕུགས་རྒྱལ་པོ་ལ་གཏུགས་དགོས་པ་ལྟར་འདིར་ཡང༌། འཇུག་པ་ལས། གང་ཕྱིར་རྒྱུ་མེད་པ་དང་དབང་ཕྱུག་གི །ཞེས་སོགས་དང༌། འདི་ནི་འཇིག་རྟེན་ལས་སམ་དེ་ཉིད་དུའང། །ཞེས་སོགས་ལྟར་མཐའ་བཞི་སྐྱེ་འགོག་སོགས་དང། གཅིག་དུ་བྲལ་སོགས་ཀྱི་རིགས་པ་མཐའ་དག་འདི་ལ་གཏུགས་དགོས་པའི་ཕྱིར། ༼༣༽རྗེའི་ཚད་མའི་ལམ་སྒྲིག་ལས། ཁྱབ་བྱེད་མ་དམིགས་པའི་རྟགས་སམ། རང་བཞིན་མ་དམིགས་པའི་རྟགས་སོ། །ཞེས་གསུངས་པའི་ཕྱིར། ༼རེ༽འདི་ལ་ཁ་ཅིག་འདི་ཁྱབ་བྱེད་མ་དམིགས་པ་མ་ཡིན་པར་ཐལ། དེ་ལ་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པ་དགོས་པའི་ཕྱིར།
ཆོས་མཆོག་གིས། རྒྱུ་དང་ཁྱབ་པར་བྱེད་པ་མ་དམིགས་པ་ནི་དངོས་པོ་མེད་པ་དང་དངོས་པོ་མེད་པའི་ཐ་སྙད་གཉིས་ཀ་གོ་བར་བྱེད་ལ། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། དབུ་མ་སྣང་བ་ལས། གཅིག་དང་དུ་མ་ཉིད་དག་ཀྱང་དེ་དང་འདྲ་ལ། ཁྱབ་པར་བྱེད་པ་ལོག་པ་ན་ཁྱབ་པར་བྱ་བ་ལྡོག་པར་ངེས་པའི་ཕྱིར། ཞེས་ཁྱབ་བྱེད་མ་དམིགས་པ་ལ་གསུངས་པའི་ཕྱིར་རོ། །རང་བཞིན་མ་དམིགས་པ་ཡིན་ནམ་མིན་ཞེ་ན། དབུ་མ་རྒྱན་གྱི་ཟིན་བྲིས་ལས། འདི་ཁྱབ་བྱེད་མ་དམིགས་པའི་ཐ་སྙད་སྒྲུབ་པ་ཡིན་གྱི་རང་བཞིན་མ་དམིགས་པ་མིན་པས་དོན་གྲུབ་ཟིན་པའང་དོན་ལྡོག་གི་དོན་དུ་མི་བཟུང་ངོ༌། །ཞེས་དང༌། སྟོང་ཐུན་ལས། ཐ་སྙད་འབའ་ཞིག་སྒྲུབ་ཡིན་ལ། དེའི་ཕྱིར་ཐ་སྙད་འབའ་ཞིག་སྒྲུབ་ལ་རང་བཞིན་མ་དམིགས་པས་ཁྱབ་པ་མིན་ཞེས། རང་བཞིན་མ་དམིགས་པ་མིན་པར་གསུངས་པ་གོ་རྒྱུ་བཟང་བའི་དབང་དུ་བྱས་པ་སྟེ། གཏན་ཚིགས་འདི་ལ་ཞེས་སོགས་ཀྱི་དོན་ཀ་ཤིས་བཤད་པ་དང་མཐུན་པར་ཡོད། ཚིག་གི་ཐོབ་ཚོད་ཙམ་དུ་བྱས་ནས་དོན་སྒྲུབ་ཅེས་པའི་དོན་དེ། དོན་ལྡོག་ལ་བྱས་ན་རྟགས་འདི་ཡང་རང་བཞིན་མ་དམིགས་པར་བཤད་རུང་ཙམ་དུ་ཡོད་དེ། དགག་བྱའི་དོན་ལྡོག་གམ་རང་བཞིན་མ་དམིགས་པ་རྟགས་སུ་བཀོད་པའི་ཕྱིར། སྔ་མ་ལྟར་ན་དོན་གྲུབ་ཟིན་ཞེས་པ་གང་ཟག་གི་ངོས་ནས་ཕར་ལ་བརྡ་སྦྱོར་མ་ནུས་པ་མ་གཏོགས། དོན་ཆོས་ཉིད་ཀྱི་ངོས་ནས་དེ་ལས་ལྷག་པའི་སྟོང་ཚུལ་དང༌། རྣམ་པ་ཞིག་སྟོན་རྒྱུ་མེད་པ་ལ་བྱ་སྟེ། མདོར་བསྡུས་
ན། ཆོས་ཉིད་དོན་གྱིས་རྟོགས་ཡོད་ཀྱང་མིང་བརྡ་སྦྱོར་མ་ནུས་ཞེས་པ་ཡིན་པས། ཚིག་འཁྲིའི་གཏེར་རྡོལ་བར་གྱུར་ཅིག །༼༣༢ན༽ ༼༡༽དཔེར་ན་འདི་ནི་གླང་སྟེ་ལྐོག་ཤལ་ལ་སོགས་པ་འདུས་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ༼ལེ༽འདིའི་དོན་ནི། གཅིག་དུ་བྲལ་གྱི་གཏན་ཚིགས་འདིའི་བསྒྲུབ་བྱ་ལ་གང་ཡོང་ན། དམ་བཅའ་འམ་བསྒྲུབ་བྱའི་དོན་ལྡོག་གི་ཕྱོགས་ནས་མི་ཡོང་གི བསྒྲུབ་ཡུལ་ལམ་བསྒྲུབ་གཞི་ཆོས་ཅན་དེའི་སྟེང་དུ་སྒྲ་རྟོག་གིས་བདེན་མེད་དོ་ཞེས་བཏགས་པའི་ཐ་སྙད་ཙམ་ཞིག་བསྒྲུབ་པ་ཡིན་ཞེས་བསྟན་པར་ཡོངས་ཀྱི་དགེ་བའི་བཤེས་གཉེན་འགའ་ཞིག་འཆད་དོ། །དེ་ལྟར་ནའང་འཕགས་ཡུལ་གྱི་མཁས་པ་ཀ་མ་ལ་ཤཱི་ལའི་དགོངས་པ་ལྟར་ན། བདེན་གྲུབ་ཀྱི་གཅིག་དང་དུ་མ་གང་དུའང་མེད་པར་རྟོགས་ནས། བདེན་པར་སྒྲོ་འདོགས་ལུགས་ཕུང་གསུམ་པ་མེད་པས། གཅིག་དུ་བྲལ་དང༌། བདེན་མེད་རྣམ་གྲངས་ཙམ་ཡིན་ལ། དེའི་ཕྱིར། ཕྱིར་རྒོལ་དེ་ལ་བདེན་མེད་བསྒྲུབ་ཀྱང་མི་དགོས་ཤིང༌། གཅིག་དུ་བྲལ་གྱི་རྟགས་ཀྱིས་བསྒྲུབས་ནའང་བསྒྲུབ་བྱ་རྟགས་སུ་བཀོད་པ་དང་ཁྱད་མེད་པས། མ་གྲུབ་པའི་གཏན་ཚིགས་སུ་འགྱུར་རོ་ཞེས་རྩོད་པའི་ལན་དུ་སྦྱར་རོ། །དེའི་ཚུལ་ནི། གཏན་ཚིགས་འདི་ལ་དམ་བཅའི་ཕྱོགས་གཅིག་རྟགས་སུ་བཀོད་པའི་མ་གྲུབ་པའི་སྐྱོན་མེད་དེ། གཅིག་དུ་བྲལ་དང་བདེན་མེད་དོན་ལ་ཁྱད་པར་མེད་ཀྱང༌། བློ་ལ་འཆར་ཚེ་བདེན་མེད་དོ་ཞེས་ཐ་སྙད་ངེས་དགོས་མི་དགོས་ཀྱི་ཁྱད་པར་ཡོད་ཅིང༌། ཕྱི་རྒོལ་དེས་ཀྱང་ཐ་སྙད་སྦྱར་བ་སྔོན་མ་གོམས་པའི་དབང་གིས་
བློ་བདེ་སང་དུ་མ་སོང་བ་དེ་སྒྲུབ་ཆེད་ཡིན་པས། རྟགས་ཆོས་ཐ་མི་དད་པ་དང༌། གྲུབ་ཟིན་བསྒྲུབ་པའི་སྐྱོན་གང་ཡང་མེད་ཅེས་འཆད་དགོས་ཏེ། དེས་མཛད་པའི་དབུ་མ་རྒྱན་གྱི་དཀའ་འགྲེལ་ལས། འདིར་དམ་བཅའི་དོན་གྱི་ཕྱོགས་གཅིག་ཡིན་པའི་ཕྱིར། གཏན་ཚིགས་མ་གྲུབ་པ་མ་ཡིན་ནམ། གཅིག་དང་དུ་མའི་ངོ་བོ་གཉིས་ནི་དངོས་པོའི་རྣམ་གྲངས་ཡིན་པའི་ཕྱིར་ཞེས་དང༌། ཅི་སྟེ་གཏན་ཚིགས་གྲུབ་ན་ནི། དེའི་ཚེ་དངོས་པོ་རྣམས་ཀྱི་རང་བཞིན་མེད་པ་ཉིད་ཀྱང་གྲུབ་པ་ཡིན་ཏེ། གཅིག་དང་དུ་མ་དང་བྲལ་བའི་རི་བོང་རྭ་ལ་སོགས་པ་ལ་ནི་དངོས་པོ་ཉིད་འགའ་ཡང་ཁས་མི་ལེན་ནོ་སྙམ་དུ་དོགས་པ་ལ་ཞེས་པ་ནས་གཏན་ཚིགས་དམ་བཅའི་དོན་གྱི་ཕྱོགས་གཅིག་པ་ཉིད་མ་ཡིན་ཏེ། ཞེས་སོགས་གསུངས་པའི་ཕྱིར། དེས་ན་འཇམ་དབྱངས་ལེགས་པ་ཆོས་འབྱོར་སོགས་༼༡༽འགའ་ཞིག་གིས་མཁས་གྲུབ་ཆོས་རྗེས་དེ་ལྟར་བཤད་པ་བཀག་པ་ནི། སངས་རྒྱས་ལས་ང་མཁས་ཞེས་པའི་འཁྲུལ་སྐད་ཆེན་པོའོ། ། ༼༤༽དབུ་མ་རྒྱན་རང་འགྲེལ་ལས། གཅིག་པུའི་བདག་ཉིད་དང་དུ་མའི་བདག་ཉིད་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པས་ཕུང་པོ་གཞན་སེལ་ཏོ་ཞེས་གསུངས་པའི་ཕྱིར། ༼ཤེ༽ཁ་ཅིག །ཚིག་ལྷུག་འདི་རྣམས་ཀྱང་དབུ་མ་རྒྱན་གྱི་གཞུང་དངོས་ཡིན་གྱི། དེའི་འགྲེལ་པ་མིན་ཏེ། རྗེའི་དབུ་མ་རྒྱན་གྱི་ཟིན་བྲིས་ལས། རྩ་བ་སྔོན་དུ་བརྩམས་ནས་འགྲེལ་པས་ཕྱིས་བཀྲལ་བའི་བསྟན་བཅོས་གཉིས་སུ་མི་བྱ་ཡི། བསྟན་བཅོས་ལ་ཚིགས་བཅད་དང༌། ལྷུག་པ་དང༌། སྤེལ་མའི་
ལུགས་གསུམ་གསུངས་པའི་ཕྱི་མ་ཡིན་པར་བཟུང་ལ། དབུ་མ་རྒྱན་གྱི་གཞུང་ངོས་ཟིན་པར་གྱིས་ཤིག །ཅེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། རྩ་འགྲེལ་གཞན་ལྟར་རིམ་ཅན་མིན་གྱི། རྩ་ཚིག་བརྩམས་རིམ་བཞིན་འགྲེལ་པས་བཀྲལ་ནས་མཉམ་དུ་གསུངས་པའི་དོན་ཡིན་པའི་ཕྱིར། རྩ་འགྲེལ་གཉིས་ཀ་ལ་མཆོད་བརྗོད་དང་མཇུག་སོགས་གཅིག་གིས་ཆོག་པའང་རྩོམ་ཚུལ་གྱི་གནད་ཀྱིས་ཡིན་ནོ། །དེ་ལྟར་མིན་ན། རྗེའི་གསུང་མང་པོར་ཡང༌། དབུ་མ་རྒྱན་རང་འགྲེལ་ལས། ཞེས་མང་དུ་དྲངས་སྣང་བ་དང་འགལ་བར་འགྱུར་རོ། །༼༣༢བ༽ ༼༤༽ཆོས་གང་ལའང་རང་ཡུལ་ཡིན་པའི་ཆ་དང་རང་གི་དོན་སྤྱི་དང་རང་གི་ཡོན་ཏན་ཏེ་ཁྱད་ཆོས་གསུམ་མེད་པ་མི་སྲིད་ཅིང་དེ་དག་ཀྱང་ཐ་དད་ཡིན་པའི་ཕྱིར། ༼སེ༽འདིའི་མདོར་བསྟན་དུ། རྡུལ་ཕྲན་རང་བཞིན་མེད་གྲུབ་པ། །དེ་ཕྱིར་མིག་དང་རྫས་ལ་སོགས། །བདག་དང་གཞན་སྨྲས་མང་པོ་དག །རང་བཞིན་མེད་པར་མངོན་པ་ཡིན། །ཞེས་རང་སྡེས་བཏགས་པའི་མིག་སོགས་དང༌། གཞན་སྡེ་བྱེ་བྲག་པ་སོགས་ཀྱིས་བཏགས་པའི་རྫས་ལ་སོགས་པ་ཚིག་དོན་དྲུག་ཀྱང་རང་བཞིན་མེད་པར་རྡུལ་ཕྲན་རང་བཞིན་མེད་པའི་རྟགས་ཀྱིས་འགྲུབ་སྟེ། དེ་ཐམས་ཅད་དངོས་བརྒྱུད་ཅི་རིགས་ཀྱི་སྒོ་ནས་རྡུལ་ཕྲན་ལ་བརྟེན་པའི་ཕྱིར། ཞེས་མདོར་བསྟན་ནས། རྒྱས་པར་བཤད་པ་ལ། ༼༥༽དབུ་མ་རྒྱན་ལས། དེའི་རང་བཞིན་དེ་བརྩམས་དང༌། །དེའི་ཡོན་ཏན་དེ་ལས་བདག །དེའི་སྤྱི་དང་ཁྱད་པར་ཡང༌། །དེ་དག་དེ་དང་འདུ་བ་ཅན། །ཞེས་གསུངས་པའི་ཕྱིར། ༼ཧེ༽དོན་ནི་རྡུལ་ཕྲན་དེའི་རང་བཞིན་ཅན་གྱི་མིག་སོགས་
རང་སྡེས་བཏགས་པ་དང༌། གཞན་སྡེ་གཟེགས་ཟན་པས་བཏགས་པའི་རྟོག་གེའི་ཚིག་དོན་དྲུག་སྟེ། རིམ་པ་བཞིན། རྡུལ་ཕྲན་དེ་རྩོམ་གཞི་བྱས་པའི་ས་ཆུ་མེ་རླུང་སོགས་རྫས་དགུ་དང༌། རྫས་དེའི་ཡོན་ཏན་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་ཉེར་བཞི་དང༌། འདེག་འཇོག་སོགས་ལས་ལྔ་དང༌། ཁྱབ་མ་ཁྱབ་ཀྱི་སྤྱི་གཉིས་དང༌། བྱེ་བྲག་གམ་ཁྱད་པར་ཏེ། བི་ཤི་ཥ་ཞེས་དེ་གཉིས་ཀྱི་སྐད་དོད་ཐུན་མོང་ངོ༌། །འདུ་འབྲེལ་དང་ལྡན་འབྲེལ་ཏེ་འབྲེལ་བ་གཉིས་སོ། །དབུ་མ་རྒྱན་གྱི་རང་འགྲེལ་དང༌། དཀའ་འགྲེལ་གཉིས་ཀར་རྡུལ་ཕྲན་བདེན་མེད་དུ་གྲུབ་ན། འདི་དག་ཀྱང་བདེན་མེད་དུ་འགྲུབ་པ་ལ་སྦྱར་ཡང༌། འདིར་ཆ་བཅས་ལ་སྦྱར་བ་རིགས་པ་འདྲ་བ་ལ་དགོངས་པ་ཡིན་ནམ་དཔྱད། དེ་ལྟར་ཚིག་དོན་དྲུག་ནི། གྲུབ་མཐའ་རྩ་བར་ཡང༌། རྫས་དང་ཡོན་ཏན་ལས་དང་སྤྱི་བྱེ་བྲག །འདུ་བ་ཚིག་གི་དོན་དྲུག་ཅེས་སོ། །ཁ་ཅིག་དབུ་མ་རྒྱན་གྱི་ལུང་དོན་ཡོན་ཏན་གྱི་ཆ་ཞེས་སོགས་སྨྲ་བ་བབ་ཅོལ་ལོ། །༼༣༣ན༽ ༼༤༽རྣམ་བཤད་ལས། དེའི་ཁྱབ་པ་སྒྲུབ་པ་ལ་ཚད་མ་གསུམ་དགོས་ཀྱང། རྟགས་དང་དགག་བྱའི་ཆོས་ཀྱི་གཞི་མཐུན་འགོག་པ་རྟོགས་དཀའ་བས་སྔོན་དུ་རྟོགས་པ་མི་སྲིད་སྙམ་སྟེ་དཔྱད།༼༥༽ཁྱབ་སྟེ། ཆ་དང་ཆ་ཅན་སྣང་ཚུལ་དང་གནས་ཚུལ་གཉིས་ཀར་གཅིག་ན་༼ཨེ༽རྟོག་ངོ་ཙམ་དུ་ཡང་ཐ་དད་མེད་པའི་གཅིག་ཏུ་འགྱུར་ལ། དེ་གཉིས་ཀ་གཅིག་ཡིན་ན། ༼༦༽ཆ་དང་ཆ་ཅན་གྱི་ཐ་སྙད་མེད་དགོས། དེ་གཉིས་ཀ་ཐ་དད་ནའང་༼ཀོ༽འབྲེལ་མེད་དོན་གཞན་དུ་འགྱུར་བས་རྟ་དང་བ་ལང་གི་རྭ་ལྟར།
༼༦༽ཆ་ཤས་དང་ཆ་ཅན་མེད་དགོས་པའི་ཕྱིར། ༼༣༤ན༽ ༼༦༽འདོད་ན། དེ་ཆོས་ཅན། རང་སྣང་བའི་དབང་ཤེས་ལ་དུ་མར་སྟེ་གཉིས་སྣང་གི་རྣམ་པ་སྣང་བར་ཐལ། རང་སྣང་བའི་དབང་ཤེས་གཉིས་སྣང་ཅན་ཡིན་པའི་ཕྱིར། ཁྱབ་སྟེ། ཞིབ་ཆ་དགོས་དུ་མར་མི་སྣང་བའི་གཉིས་སྣང་མི་རུང་བའི་ཕྱིར། ༼༣༥ན༽ ༼༡༽འཕགས་པ་ལྷས། ༼ཁོ༽དངོས་ཀུན་དངོས་པོ་གཅིག་གི་ངོ་བོ་ཉིད། །དངོས་གཅིག་དངོས་པོ་ཀུན་གྱི་ངོ་བོ་ཉིད། ། ༼༡༽གང་གིས་དངོས་གཅིག་དེ་བཞིན་ཉིད་མཐོང་བ། །དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང༌། །ཞེས་གསུངས་པའི་ཕྱིར། ༼༣༽ཆོས་གཅིག་གི་ཆོས་ཉིད་རྟོགས་ན་ཆོས་ཀུན་གྱི་སྟོང་ཉིད་དངོས་སུ་རྟོགས་དགོས་པ་མིན་གྱི་༼ཁོ༢༽དངོས་སུ་ཞེས་པའི་རྣམ་བཅད་ཡོངས་གཅོད་ཀྱི་དོན་གང་ཡིན་ཞེ་ན། འདིར་དངོས་སུ་ཞེས་པ་དངོས་ཤུགས་ཀྱི་དངོས་ལ་བྱས་ནས་ཆོས་གཞན་གྱི་སྟོང་ཉིད་རྣམས་ཤུགས་ལ་རྟོགས་ཞེས་པ་མ་ཡིན་ཏེ། འདིར་དངོས་སུ་ཞེས་པ་དངོས་དང་བརྒྱུད་པ་ཞེས་པའི་སྐབས་ཀྱི་དངོས་ལ་བྱས་ནས། ཆོས་གཅིག་གི་སྟོང་ཉིད་རྟོགས་མ་ཐག་ཆོས་ཐམས་ཅད་ཀྱི་སྟོང་ཉིད་རྟོགས་མི་དགོས་ཀྱང༌། དེ་རྗེས་བློ་ཁ་ཕྱོགས་ཙམ་ནས་རྟོགས་སླ་བའི་དོན་ཡིན་ཏེ། ལམ་རིམ་གྱི་ལུང་གི་མཇུག་དེ་མ་ཐག་ལས། ཆོས་གཞན་བདེན་པར་ཡོད་མེད་ལ་བློ་ཁ་ཕྱོགས་པ་ན་རྟོགས་ནུས་པའི་དོན་ནོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག་འདི་ལ་འཁྲུལ་སྣང་ངོ༌། ། ༼༤༽མདོ་ཏིང་ངེ་འཛིན་རྒྱལ་པོ་ལས། ཇི་ལྟར་ཁྱོད་ཀྱིས་བདག་གི་འདུ་ཤེས་ནི། །ཤེས་པ་དེ་བཞིན་ཀུན་ལ་བློས་སྦྱར་བྱ། ། ༼གོ༽ཆོས་རྣམས་
ཐམས་ཅད་དེ་ཡི་ངོ་བོ་ཉིད། །རྣམ་པར་དག་པ་ནམ་མཁའ་ལྟ་བུ་ཡིན། ། ༼༣༥བ༽ ༼༣༽རྡོ་རྗེ་སྙིང་འགྲེལ་ལས། ༼ངོ༽ཐེག་པ་གསུམ་གྱི་ངེས་འབྱུང་བར། །ཐེག་པ་གཅིག་གི་འབྲས་བུར་གནས། །ཉན་ཐོས་རང་སངས་རྒྱས་དང་འདིར། །ཐེག་པ་ཆེན་པོ་གསུམ་པ་སྟེ། ། ༼༣༽སངས་རྒྱས་པ་ལ་བཞི་པ་དང༌། །.....སངས་རྒྱས་པ་ནི་བཞི་པ་དང༌། །ལྔ་པ་ཐུབ་པའི་དགོངས་པ་མིན། །.....ཐུབ་པའི་གསུང་ནི་ལྔ་པ་མེད། །ཅེས་གསུངས། ༼ཅོ༽འདི་ཐེག་པ་བཞི་པ་དང་གྲུབ་མཐའ་ལྔ་པ་མེད་པའི་དོན་ཡིན་ནོ། །དེ་གཉིས་སོ་སོར་སྦྱར་བ་བཙན་ཐབས་མ་ཡིན་པར་གཞུང་དང་འབྲེལ་ཏེ། ལུང་དེའི་གོང་དུ་གྲུབ་མཐའ་ལྔ་པ་མེད་ཚུལ་རྒྱས་པར་གསུངས་ནས་འདིར་དོན་བསྡུ་མཉམ་དུ་མཛད་པ་ཡིན་པའི་ཕྱིར། ༼༧༽སྟོང་ཐུན་སྐལ་བཟང་མིག་འབྱེད་ལས། གང་ཟག་རང་བཞིན་མེད་པ་མཚན་ཉིད་ཚང་བ་ཞིག་ཚད་མས་ངེས་ནས་ཕུང་པོ་རང་བཞིན་གྱིས་གྲུབ་པར་དམ་བཅའ་བ་མི་སྲིད་གང་གིས་དབུ་མའི་ལྟ་བ་༼ཆོ༽མཐར་ཐུག་ངེས་པའི་རིགས་པ་དེས་ཕུང་སོགས་ཀྱི་སྟེང་དུ་བདེན་མེད་ལ་བློ་ཁ་ཕྱོགས་པ་ཙམ་གྱིས་ངེས་པར་བྱེད་ནུས་པའི་ཕྱིར་ཏེ། ༼༧༽ཞེས་སོགས་གསུངས་པའི་ཕྱིར། ༼༣༦ན༽ ༼༦༽ལམ་རིམ་ཆུང་ངུ་ལས། ཐོག་མར་འཇིག་རྟེན་ན་རྫུན་པར་གྲགས་པའི་དཔེ་འདི་རྣམས་རང་བཞིན་མེད་པར་རྟོགས་སུ་བཅུག་ནས། དེ་ནས་རྫུན་པར་མ་གྲགས་པའི་གཟུགས་སྒྲ་སོགས་ཆོས་གཞན་རྣམས་རང་བཞིན་མེད་པར་རྟོགས་དགོས་ཤིང་ཞེས་གསུངས་པའི་ཕྱིར། ༼ཇོ༽ཕྱི་རྒོལ་རྒྱུད་སྨིན་མ་སྨིན་གྱི་ཁྱད་པར་ནི་སྟོང་ཉིད་རྟོགས་མ་རྟོགས་ཞེས་ཁ་ཅིག་
ཟེར་ཡང༌། མཐུན་དཔེ་གཞན་གྱི་སྟེང་དུ་སྟོང་ཉིད་རྟོགས་མ་རྟོགས་ལ་བྱ་དགོས་སོ། །སྔ་མས་གཟུགས་བརྙན་བྱད་བཞིན་དུ་སྣང་བ་ལྟར་མ་གྲུབ་པར་རྟོགས་ཀྱང༌། སྣང་བ་ལྟར་མ་གྲུབ་པར་མ་རྟོགས་ཞེས་འཆད་མོད་ཀྱང༌། རང་རྒྱལ་རིགས་ངེས་ཀྱིས་སྔོན་འཛིན་མིག་ཤེས་འཁྲུལ་ཤེས་སུ་རྟོགས་པར་འདོད་ན། རྩ་བའི་བློ་རྩེ་གཏད་སོ་སྟོར་བར་འགྱུར་བས་དཔྱད་དགོས་སོ། ། ༼༣༦བ༽ ༼༧༽དགོངས་པ་རབ་གསལ་ལས། ནང་གི་བློའི་དབང་གིས་མ་བཞག་པའི་སྡོད་ལུགས་ཡོད་པར་མི་འཛིན་པར་བློའི་དབང་གིས་བཞག་པའི་ཡོད་པ་ཙམ་དུ་ཤེས་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། ༼ཉོ༽དོན་བསྡུ་ན་བློ་གནོད་མེད་ཀྱིས་བཞག་ཙམ་རྟོགས་ཀྱང༌། དེ་ལ་སྣང་བའི་དབང་གིས་བཞག་ཙམ་རྟོགས་མི་དགོས་ཏེ། སྔ་མ་རྟོགས་པ་ཙམ་ལ་བྱེད་ཅིང༌། སྣང་བའི་དབང་ཞེས་པའི་ཚིག་གི་ནུས་པས་དེ་ལ་ལྟོས་མེད་དུ་གྲུབ་པའི་རང་དབང་ཅན་ཡིན་པ་གཅོད་པའི་ཕྱིར་རོ། །༈ ༼༣༧བ༽ ༼༥༽ཤིང་རྟ་པ་ཁ་ཅིག་ན་རེ།.....རེད་མདའ་བ་༼༦༽དང་པོ་གཉིས་མི་འཐད་པར་ཐལ་དེ་ལྟར་ན་གསུམ་གྱིས་ལྔ་ཙམ་བསྡུས་པར་འགྱུར་བའི་ཕྱིར། ༼༣༨ན༽ ༼༢༽བཞི་པ་ཡང་མི་འཐད་པར་ཐལ། ཚིག་གསལ་༼ཏོ༽ལས། དངོས་པོ་བརྒྱད་དུ་རྣམ་པར་ཕྱེ་བ་དེ་དག་ནི་དངོས་ཀྱི་ཚུལ་དུ་དཔྱད་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐབས་ཞེས་གཅིག་ཁོ་ནར་གདགས་པར་རིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། སྔར་བསྟན་པའི་རིགས་པའི་ལམ་ཐམས་ཅད་ནི། འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཅིག་པུ་བརྒྱུད་པའམ་དངོས་སུ་བསྒྲུབ་པའི་ཕྱིར་རོ། །ཞེས་གསུངས་པ་
༼༢༽ལྟར་ན་རུང་ཙམ་ཡོད་ཀྱང་འགྲེལ་པའི་དངོས་ཟིན་དང་མི་མཐུན་པའི་ཕྱིར་ཏེ། གསུམ་གྱིས་བརྒྱད་བསྡུས་ཚུལ་དགོས་པའི་ཕྱིར། ༼༢༽ལྔ་པ་ཡང་མི་འཐད་པར་ཐལ། ཡེ་ཤེས་ཞབས་ཀྱི་ལུགས་ལྟར་ན༼ཐོ༽ཉན་རང་གི་ལམ་གང་ཡིན་གཞི་ཤེས་དང༌། བྱང་སེམས་ཀྱི་ལམ་གང་ཡིན་ཐམས་ཅད་ལམ་ཤེས་ཡིན་ཞིང༌། ལམ་ཤེས་ཚོགས་སྦྱོར་དུ་ཡང་ཡོད་པས། ༼༣༽ཕྱོགས་གཅིག་རུང་ཡང་བརྒྱད་གསུམ་མ་ཡིན་པས་འཕགས་སེང་གི་ལམ་ཁུག་པར་གསུངས་པའི་གཞུང་དང་མི་མཐུན་པའི་ཕྱིར་ཏེ། གསུམ་གྱིས་བརྒྱད་བསྡུས་ཀྱི་རྣམ་མཁྱེན་གཅིག་པུས་ཆོས་སྐུ་བསྡུས་པ་ཡང་མི་འཐད་པའི་ཕྱིར་རོ། །༈ ༼༣༩ན༽ ༼༢༽དང་པོ་གྲུབ་སྟེ། དགྲ་བཅོམ་པ་ཚེ་འདའ་ཁའི་སེམས་ཀྱང་མཚམས་སྦྱོར་བར་ཁས་ལེན་པའི་ཕྱིར། རྣམ་འགྲེལ་ལས། ༼དོ༽ཐ་མའི་སེམས་ནི་སེམས་གཞན་དང༌། །མཚམས་སྦྱོར་བ་ལ་འགལ་ཅི་ཡོད། །ཅེས་སྒྲུབ་བྱེད་དྲིས་པའི་ལན་དགག་པར། ༼༢༽དགྲ་བཅོམ་སེམས་གང་ཡིན་དེ་ཡང༌། །གང་ལས་མཚམས་སྦྱོར་མེད་པར་འདོད། ། ༼ནོ༽ཚད་མས་མ་གྲུབ་དོན་ཅན་གྱི། །གྲུབ་མཐའི་རྗེས་སུ་འབྲང་ངམ་ཅི། ། ༼༣༽དེའི་ཚད་མ་རྒྱན་ལས། ༼པོ༽རྩ་བའི་དོན་བཀྲལ་ཏེ། སོ་སྐྱེ་འཆི་ཁ་མའི་རིག་པ་ཕྱི་མ་མཚམས་སྦྱོར་ན་ཁྱེད་ཀྱི་གཞུང་ལས། དགྲ་བཅོམ་འཆི་ཁ་མའི་རིག་པ་མཚམས་མི་སྦྱོར་བར་བཤད་པ་དང་འགལ་ཏེ་དེ་གཉིས་འཆི་སེམས་ཡིན་པར་མཚུངས་པའི་ཕྱིར། ཞེས་གཞན་གྱིས་སྐྱོན་བརྗོད་པའི་ལན་དུ་ཁྱོད་ཀྱིས་དྲངས་པའི་ལུང་དང་མཐུན་དཔེས་ངེད་ལ་
ནང་འགལ་སྟོན་མི་ཐུབ་པར་ཐལ། ངེད་ཀྱི་ལུང་ལས་དགྲ་བཅོམ་པ་...༼༣༽...ཐ་མའི་སེམས་སེམས་གཞན་དང་མཚམས་སྦྱོར་མེད་པར་བསྒྲུབ་པར་བྱ་བ་སྟེ་གསུངས་པ་ཡིན་ལ། དེའི་ཡུལ་...༼ཕོ༽...ལམ་བསྟན་དོན་དགྲ་བཅོམ་མཚམས་མི་སྦྱོར་བ། ༼༣༽དང་༼བོ༽ཆགས་བཅས་ཀྱི་སྐྱེ་བོ་མཚམས་སྦྱོར་བ་གཉིས། ༼༣༽ལྷན་ཅིག་གམ་ནང་འགལ་བ་ཅི་ཞིག་ཡོད་༼མོ༽དེ་རྒྱུ་སྲེད་པ་ཡོད་མེད་མི་མཚུངས་པའི་ཕྱིར། ༼༣༽ལྷས་ཀྱང༌། སོ་སྐྱེ་ཐ་མའི་སེམས་དེ་འཆི་བའི་སེམས་གཞན་དང་མཚམས་སྦྱོར་བ་ལ་འགལ་བ་ཅི་ཡོད་བསྒྲུབ་པར་བྱ་བ་མཚམས་སྦྱོར་བ་དང་སྒྲུབ་པར་བྱེད་པ་༼ཙོ༽རྩ་བའི་ལུང་འདི་དག་གི་གོང་དུ། སྐད་ཅིག་སྔ་མ་སྔ་མ་དེ། །སྐད་ཅིག་རེ་རེར་སྔོན་མེད་པའི། །རྒྱུ་ཡིན་དེ་ཡི་ཕྱིར་ན་རྒྱུ། །ཐམས་ཅད་ཚེ་ན་མཐོང་བ་ཉིད། །ཅེས་སོགས་རིག་པ་ཕྱི་མ་ཕྱི་མ་མཚམས་སྦྱོར་བའི་ཤེས་བྱེད་༼༤༽དག་དཔེ་དང་ལུང་ལ་འགལ་བ་རྣམ་པ་གཉིས་གང་ཡང་ཡོད་པ་མ་ཡིན་ནོ། ། ༼ཚོ༽ཞེས་འབྲུ་སྣོན་ཚུལ་འདི་ནི་ཡིག་ཆ་དང་སྦྱར་ནས་བཤད་སླ་ཞིང༌། རྩོད་ཚེ་བདེ་བའི་རྒྱུ་མཚན་གྱིས་ད་ལྟའི་སྙན་རྒྱུད་རྣམས་ལས་ལེགས་པའི་ཆ་བསྡེབས་ཏེ་བཀོད་པ་ཙམ་ཡིན་གྱི་གཞུང་གི་དགོངས་པ་མིན་ནོ། །གཞུང་གི་དོན་ནི། བསྒྲུབ་བྱ་མཚམས་སྦྱོར་བ་དང༌། སྒྲུབ་བྱེད་ཐ་མའི་སེམས་གཉིས་ཕན་ཚུན་སྤང་འགལ་དང༌། ལྷན་ཅིག་མི་གནས་འགལ་གང་ཡང་མིན་པས་དེའི་རྟགས་ཀྱིས་དེ་མེད་པར་སྒྲུབ་པ་འབྲེལ་མེད་ཅེས་པ་ཡིན་ལ། བསྒྲུབ་བྱ་མ་ཡིན་ཏེ། སྦྱོར་བ་དེའི་དགག་བྱ་ཡིན་པའི་ཕྱིར། ཞེས་པའི་རྩོད་ཚུལ་སོགས་
ཤཱཀྱ་བློའི་འགྲེལ་པར་གསལ་ཀྱང་འདིར་མ་ཤོང་ལ། ལུང་སྔ་མའི་དོན་ཡང༌། རྒྱལ་བ་ཅན་གྱི་འགྲེལ་བཤད་སོགས་གང་ན་ཡང་གསལ་ཁ་མེད་ལ། ཐར་ལམ་གསལ་བྱེད་དུ་སྔ་མའི་ཟུར་ཙམ་ཡོད་པས་བྲིས་ཀྱང༌། རྒྱན་རང་ཉིད་ཀྱི་གོང་འོག་བསྡུར་ན་ལྷའི་འགྲེལ་པ་དང་དགོངས་པ་གཅིག་པར་སྣང་བས། འབྲུ་སྣོན་ཚུལ་ཡང༌། ཐ་མའི་སེམས་ཀྱི་རྟགས་ཀྱིས་སོ་སྐྱེ་འཆི་ཁ་མའི་སེམས་དེ་སེམས་གཞན་དང་མཚམས་སྦྱོར་མེད་པར་བསྒྲུབ་པར་བྱ་བ་ལ་འབྲེལ་བ་ཅི་ཡང་མེད་དེ། ཐ་མའི་སེམས་དེ་དེའི་ཡུལ་ལམ་བསྒྲུབ་བྱ་མཚམས་སྦྱོར་བ་དེ་དང་ལྷན་ཅིག་གམ་ནང་འགལ་བ་ཅི་ཡོད་ཅེས་པའོ། །བསྒྲུབ་བྱར་བཏགས་པ་སྤྱིའི་སྐབས་ལ་བསམ་པ་སྔ་མ་ལྟར་རོ། ། ༼༤༽འཁོར་བས་བསྡུས་པའི་དགྲ་བཅོམ་པའི་སེམས་ཐ་མ་དེས་འཁོར་བའི་སེམས་གཞན་གྱི་ཉེར་ལེན་མི་བྱེད་པའི་ཕྱིར། ༼ཛོ༽དྲང་ངེས་རྣམ་འབྱེད་ཀྱི་མཐའ་དཔྱོད་དུ་བེམ་རིག་རྒྱུན་ཆད་འདོད་པ་ཉན་ཐོས་སྡེ་པ་ཁོ་ནས་སྒྲོ་བཏགས་མ་ཡིན་གྱི། ལུང་གི་རྗེས་འབྲང་གི་སེམས་ཙམ་པས་ཀྱང་འདོད་གསུངས་པ་འཁོར་བས་བསྡུས་པ་ལ་དགོངས་ཟེར་མི་རུང་གི །ཟག་བཅས་ལ་དགོངས་ཟེར་དགོས་སམ། དེ་ལྟར་ན་ཡང་རྟོག་པ་ཡོད་མེད་སོགས་ཀྱང་སྐབས་དང་བསྟུན་དགོས། ༼༥༽དེ་ལ་རྒྱུ་མཚན་དེའི་སྒོས་སེམས་ཐ་མར་བཤད་པའི་ཕྱིར། རྣམ་ངེས་ལས། ༼ཝོ༽དོན་བྱེད་ནུས་སྟོང་དངོས་པོར་མེད་པའི་དོན་དུ་གསུངས་པ་ལ། ༼༥༽འོ་ན་ནི་མཐའི་སྐད་ཅིག་ཉེ་བར་བརྗོད་པ་མེད་པར་ཐལ་ལོ། །ཞེ་ན་མ་ཡིན་
ཏེ། སེམས་ཅན་དུ་བགྲང་བའི་སྐད་ཅིག་གཞན་ཉེ་བར་ལེན་པ་མེད་པ་ནི་མཐའི་མཚན་ཉིད་ཡིན་ནོ། ། ༼ཞོ༽ཞེས་འཁོར་བའི་སེམས་གཞན་མཚམས་མི་སྦྱོར་བས་མཐའ་ཞེས་བཤད་ཀྱི། འབྲས་བུ་གཏན་མེད་པ་མིན་པས་མི་འགལ་བར་གསུངས། ༼༦༽དགྲ་བཅོམ་པ་ཕུང་པོ་ལྷག་མེད་དུ་འདའ་ཁ་མའི་ཡིད་ཀྱི་ཤེས་པ་སྐད་ཅིག་ཐ་མ་༼ཟོ༽ཆོས་ཅན། ཉེ་བར་བརྗོད་པ་དངོས་པོར་མེད་པར་ཐལ། དོན་བྱེད་མི་ནུས་པའི་ཕྱིར་ཞེ་ན། དགྲ་བཅོམ་པ་ཕུང་པོ་ལྷག་མེད་དུ་མྱ་ངན་ལས་འདའ་ཁ་མའི་སེམས་ཀྱི་སྐད་ཅིག་ཐ་མ་དེས་འབྲས་བུ་ཅུང་ཟད་ཀྱང་མི་བསྐྱེད་པས་ཐ་མར་བཞག་པ་མ་ཡིན་ཏེ། ༼༦༽སེམས་ཅན་དུ་བགྲང་བའི་སེམས་ཀྱི་སྐད་ཅིག་གཞན་གྱི་ཉེ་བར་ལེན་པ་བྱེད་པའི་ནུས་པ་མེད་པ་ནི་མཐའི་མཚན་ཉིད་ཡིན་ནོ། ། ༼འོ༽ཁ་ཅིག་སེམས་ཙམ་པའི་ལུགས་ལ། ཉན་ཐོས་ལྷག་མེད་པ་སངས་རྒྱས་དང་སེམས་ཅན་གང་ཡང་མིན་ཏེ། དེ་སེམས་ཅན་མ་ཡིན་པར་ལུང་འདིས་འགྲུབ་པའི་ཕྱིར། ཞེས་སྨྲ་བ་ནི་འཁོར་བས་བསྡུས་པའི་སེམས་མེད་པ་དགོངས་པར་གསུངས་པ་དང་འགལ་ཞིང༌། གྲུབ་མཐའི་སྐབས་མ་ཕྱེད་པ་ཡིན་ཏེ། རྣམ་འགྲེལ་ངེས་ལྟར་ན། དེ་དག་ཐེག་ཆེན་ཚོགས་ལམ་ལ་འཇུག་དགོས་པའི་ཕྱིར། འོ་ན་ལུགས་འདིར་དེ་སེམས་ཅན་མ་ཡིན་པར་སྒྲུབ་བྱེད་མེད་དམ་ཞེ་ན། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། དབྱིངས་དེར་ཡོངས་སུ་མྱ་ངན་ལས་འདས་པ་ནི་ལྷ་ཉིད་ཀྱི་གྲངས་སུ་ཡང་མི་འགྲོ་ལ། དྲི་ཟ་ཉིད་དུ་ཡང་མ་ཡིན། ཀླུ་ཉིད་དུ་ཡང་མ་ཡིན། མིའམ་ཅི་ཉིད་དུ་ཡང་མ་ཡིན། ལྷ་མ་ཡིན་ཉིད་
དུ་ཡང་མ་ཡིན། གནོད་སྦྱིན་ཉིད་དུ་ཡང་མ་ཡིན་ཞིང༌། མི་ཉིད་ཀྱི་གྲངས་སུ་ཡང་མི་འགྲོ་སྟེ། མདོར་བསྡུ་ན་དེ་ནི་ཕྱོགས་བཅུའི་སེམས་ཅན་དུ་གདགས་པའི་ཁམས་ཐམས་ཅད་དང༌། འགྲོ་བ་ཐམས་ཅད་དང༌། སྐྱེ་བ་ཐམས་ཅད་དང༌། ས་ཐམས་ཅད་པོ་གང་དག་ཡིན་པ་དེ་དག་གི་གྲངས་སུ་མི་འགྲོ་སྟེ། ཞེས་པ་འདིས་འགྲུབ་བམ་སྙམ་སྟེ་དཔྱད། སྔ་མ་ཡང་ཡིག་ཆའི་ཕྱོགས་མཐུན་བྱས་པ་ཡིན་གྱི་ཐར་ལམ་གསལ་བྱེད་དང་ཊཱིཀ་ཆེན་ལྟར་ན་དཔྱད་གཞི་ཡོད།༼༣༩བ༽ ༼༣༽ཞེས་གསུངས་པའི་དགོངས་པར་དེ་ལྟར་འདོད་པར་བཤད་པའི་ཕྱིར། ༼ཡོ༽འདིའི་དོན་ཡང༌། གོས་དམར་སྡེ་བའི་གཞུང་ལས། ཇི་ལྟར་མར་མེ་ཤི་བ་ནི། །ས་ལ་མ་ཡིན་མཁའ་ལ་མིན། །ཕྱོགས་སུ་མི་འགྲོ་ཕྱོགས་མཚམས་མིན། །མར་ཟད་ཉི་ཚེ་ཤི་བ་ལྟར། །སངས་རྒྱས་མྱ་ངན་འདས་པ་ཡང༌། །ས་ལ་མ་ཡིན་མཁའ་ལ་མིན། །ཕྱོགས་སུ་མི་འགྲོ་ཕྱོགས་མཚམས་མིན། །སྲིད་ཟད་ཉི་ཚེ་འདའ་བར་འགྱུར། །ཞེས་རྒྱང་འཕེན་ལྟར་ས་དང་མཁའ་ལ་ཐིམ་པ་ཡིན་ཞིང༌། གཅེར་བུ་བས་སྟེང་ན་གདུགས་ལྟ་བུར་ཡོད་པར་འདོད་པ་དེ་འདྲར་སོང་བ་མིན་གྱི། དེ་ཉིད་དུ་རིག་པ་རྒྱུན་ཆད་པར་འདོད་པའི་དོན་ནོ། ། ༼༤༽བསྡུ་བ་ལས། ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་པ་ལ་ནི་སྒྲིབ་པ་འགའ་ཞིག་དང། སྒྲིབ་པའི་ལ་ལ་རྣམ་པར་བཞག་པ་དག་ཆ་གཉིས་དབྱེར་ཡོད་ཀྱི། ཞེས་གསུངས་པའི་ཕྱིར། ༼༥༽དེའི་ཚེ་དག་པའི་ཞིང་དུ་པདྨའི་སྦུབས་སུ་ཡིད་ལུས་བླངས་པས།
འདིར་བསྟན་ཡང་དག་མཐའ་མངོན་དུ་བྱས་པས་སྒྲིབ་པའི་སེམས་རྒྱུན་ཆད་པར་ཁས་ལེན་པའི་ཕྱིར། ༼རོ༽དེའི་ཚེ་འཁྲུལ་བྱེད་མེད་པས་འཁྲུལ་ཤེས་སོགས་མི་འདོད་ཀྱི་ཟག་མེད་དབྱིངས་ལ་ཞུགས་པའི་ཡེ་ཤེས་དེ་ཁོ་ན་ཡོད་པ་གཞུང་གི་དགོངས་པ་ཡིན་ཚོད་དུ་སྣང་ཡང༌། རྩོད་ཚེ་སྙིང་རྗེ་སོགས་འཇོག་ན་བློ་རིག་གང་ཡིན་སོགས་དཔྱད་དགོས། དབྱིངས་དེར་ཞུགས་པ་ཡང་འཕོ་བ་དང་དུས་མཉམ་པས་དེའི་ཀུན་སློང་ལྷག་བཅས་ཀྱི་ཚེ་འབྱུང་ངོ༌། ། ༼༥༽བསྡུ་བ་ལས། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་ནི་སྒྲིབ་པ་དང་སྒྲིབ་པའི་རྣམ་པར་བཞག་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུ་ཚུལ་མིན་ཡིད་བྱེད་སོགས་ཀྱི་མཚན་མ་དང་འབྲས་བུ་ངག་གི་གནས་ངན་ལེན་ཐམས་ཅད་རྒྱུན་ཆད་ཅིང་འགག་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ༼ལོ༽རྟེན་རྣམ་སྨིན་གྱི་རྣམ་ཤེས་ལོག་པའི་སྟོབས་ཀྱིས། སྒྲིབ་པ་བག་ཆགས་དང་བཅས་པ་མེད་པ་ཡིན་གྱི་སྤངས་པ་མ་ཡིན་ཏེ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། ཉོན་མོངས་པའི་བག་ཆགས་ཞེས་བྱ་བ། དེ་ཡང་ཉན་ཐོས་དང་རང་རྒྱལ་གྱིས་ནི་མ་སྤངས་ཀྱི། དེ་བཞིན་གཤེགས་པ་ཉག་གཅིག་གིས་སྤངས་པ་ཡིན་ཏེ། དེའི་བག་ཆགས་ཡང་དག་པར་བཅོམ་པ་གང་ཡིན་པ་དེ་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། འོན་ཀྱང་སྒྲིབ་པ་མེད་ཙམ་སངས་རྒྱས་དང་འདྲ་བའི་ཞིབ་ཆ་དགོས། ༼༤༠ན༽ ༼༢༽ཡང་ཁ་ཅིག་ན་རེ། སེམས་ཅན་ཐམས་ཅད་སངས་རྒྱས་པའི་དུས་སྲིད་པར་ཐལ། ལྷག་མེད་མྱང་འདས་ལ་གནས་པའི་དགྲ་བཅོམ་
པ་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། ༼ཤོ༽ཁྱོད་ཀྱིས་སྒྲུབ་ཚུལ་དེ་སྐབས་གཉིས་པར་ཉན་རང་དགྲ་བཅོམ་སྐྱེ་བ་ལེན་པ་མཐར་ཐུག་ཐེག་པ་གཅིག་གྲུབ་ཀྱི་ལུགས་ཀྱི་རིགས་པའི་འགྲོས་ཡིན་པས་ལུགས་འདིར་དེ་ལ་ཁྱབ་པ་མེད་པའི་ཕྱིར། དེ་ལྟ་མ་ཡིན་པར་གྲུབ་མཐའ་གཅིག་གི་རིགས་པ་ཐམས་ཅད་ལ་སྦྱར་ཆོག་ན་ཁས་ལེན་མི་མཐུན་པ་མི་འོང་དགོས་པ་ལ་རིགས་པའི་རྗེས་འབྲང་སོགས་དང་མི་མཐུན་པ། ༼༢༽མཐར་ཐུག་ཐེག་པ་གསུམ་དུ་གྲུབ་པའི་སེམས་ཙམ་པའི་ལུགས་ཡོད་པའི་ཕྱིར། ༼༤༠བ༽ ༼༤༽སྡེ་བདུན་རྒྱན་ལས་ཀྱང། སྐྱེས་བུ་ཡིན་ན་ཕུང་པོ་བཞི་འམ་ལྔའི་ཚོགས་པ་ཡིན་པར་འདོད་པའི་རང་ཉིད་ཀྱི་གྲུབ་མཐའ་དང་འགལ། ཞེས་གསུངས་པའི་ཕྱིར་དང༌། ༼སོ༽དེ་ཡང་འགོག་པ་ལ་སྙོམས་པར་ཞུགས་པའི་རྣམ་པར་ཤེས་པ་ལུས་དང་མ་བྲལ་བ་ཡིན་ཞེས་པའི་མདོ་དང་འགལ་བ་དང༌། དེ་སེམས་ཅན་མ་ཡིན་པར་ཐལ་བ་དང༌། དེའི་ལུས་རུལ་བར་ཐལ་བ་དང༌། རང་གི་གྲུབ་མཐའ་དང་འགལ་བའི་སྐྱོན་བཞི་བརྗོད་ཡུལ་གྱི་གཙོ་བོ་བྱེ་སྨྲ་ཡིན་ལ་གང་ལྟར་ཡང་འགོག་སྙོམས་པ་སེམས་མེད་དུ་འདོད་པ་ཞིག་ལས་མ་འདས་སོ། །དེ་ལྟ་ན་དེ་ལ་སེམས་ཅན་ཡིན་ན་ཕུང་པོ་བཞི་དང་ལྡན་པས་ཁྱབ་པར་འདོད་པའི་གྲུབ་མཐའ་མེད་པས་འགལ་ལོ་ཞེ་ན་སྐྱོན་མེད་དེ་གྲུབ་མཐའ་ཞེས་པ། གང་ཟག་དེས་བརྟགས་ཤིང་དཔྱད་པ་མཐར་གཏུགས་ནས་བློ་ཕུགས་གཏོད་ས་དེ་ལ་ཟེར་ཞིང༌། དྲངས་མ་ཐག་གི་ལུང་འདི་ཡང་འདི་བས་གང་ཟག་འཇོག་ཚུལ་གྱི་ཁུངས་གཏུགས་ས་ཡིན་པས། དེ་ལ་གྲུབ་མཐའི་
མིང་གིས་བཏགས་ནས་ལུང་དང་འགལ་བ་བརྗོད་པ་ཡིན་ཏེ། དཔེར་ན། འགྲེལ་པ་ལས། གྲུབ་པའི་མཐའ་ལས། འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས། །ཞེས་འབྱུང་བའི་ཕྱིར། ཞེས་མཛོད་རྩ་བར་གྲུབ་མཐའི་མིང་གིས་བཏགས་པ་ལྟ་བུའོ། །འཇུག་པར། མདོ་ལས་ཕུང་པོ་བརྟེན་ནས་ཡིན་གསུངས་པ། །ཞེས་པའི་མདོ་ཡང་འདི་ཡིན་ལ། ཟླ་བས་འདིས་སྟོང་ཉིད་བསྟན་པར་བཞེད་དེ། ཚིག་གི་ནུས་པ་འདོན་ཚུལ་གྱི་ཁྱད་ཆེའོ། ། ༼༤༡ན༽ ༼༣༽སྤྱོད་འཇུག་ལས་ཀྱང༌། ཉོན་མོངས་མེད་ཀྱང་དེ་དག་ལ། །ལས་ཀྱི་ནུས་པ་མཐོང་བ་ཡིན། །༼ཧོ༽འདི་ཐལ་འགྱུར་བ་ལྟར་ན། མངོན་པ་འོག་མ་ནས་བཤད་པའི་ཉོན་མོངས་མེད་ཀྱང་བདེན་འཛིན་གྱིས་བསྡུས་པའི་སྲེད་ལེན་གྱིས་གསོས་བཏབ་ནས་སླར་ཡང་ལས་ཉོན་གྱིས་དབང་གིས་སྐྱེ་བ་ལ་བཤད་དགོས་པས། ཁ་ཅིག་མོའུ་འགལ་གྱི་བུ་སོགས་ཉོན་མོངས་སྤངས་ཀྱང་ལས་ཀྱི་རྣམ་སྨིན་ཚེ་དེར་མྱོང་བར་བཤད་པ་སྟོང་ཐུན་དུ་བཀག་པ་ཡང་ཐལ་འགྱུར་བའི་ལུགས་ཡིན་གྱི། ལུགས་འདིར་དེ་ལྟར་ཡང་བཤད་རུང་ལ། གཙོ་བོ་ཉོན་མོངས་མེད་ཀྱང་འཕེན་བྱེད་ཀྱི་ལས་ཡོད་པ་ལ་བཤད་དོ། །འོན་ཀྱང་འདི་བ་ལྟར་ན་ལུང་དེའི་འཕྲོར། རེ་ཞིག་ཉེར་ལེན་སྲེད་པ་ནི། །མེད་ཅེས་ངེས་པ་ཉིད་ཅེ་ན། །ཞེས་ཕ་རོལ་པོས་ཚུར་སྐྱོན་སྤོང་བྱེད་ཚུལ་དང༌། སྲེད་འདི་ཉོན་མོངས་ཅན་མིན་ཡང༌། །ཀུན་རྨོངས་བཞིན་དུ་ཇི་སྟེ་མེད། །ཚོར་བའི་རྐྱེན་གྱིས་སྲེད་པ་ཡིན། །ཚོར་བ་དེ་དག་ལ་ཡང་ཡོད། །ཅེས་སོགས་ཀྱིས་སྐྱོན་སྤོང་དགག་ཚུལ་སོགས་འབྲེལ་ཆགས་པ་ཞིག་དཀའ་བར་
སྣང་སྟེ། གྲུབ་མཐའི་གཏིང་དཔོག་པ་རྣམས་ཀྱིས་དཔྱད་པར་བྱ་ཡི། ཁྲི་དགེ་འདུན་ཕུན་ཚོགས་ཀྱི་མཚན་སྙན་རམ་གྱིས་ཁ་བསྒྱུར་བའི་བླུན་པོ་ཝ་སྐྱེས་འདྲ་བ་བདག་གིས་ནི་ལུགས་འདི་ལ་སྦྱར་ནས་དེའི་དོན་བཤད་པར་མི་སྤོབས་སོ། ། ༼༤༡བ༽ ༼༢༽དེའི་གོང་གི་ཐོགས་འགྲེལ་ལས། ཟག་པ་མེད་པའི་དབྱིངས་ལ་གནས་པའི་དགྲ་བཅོམ་པ་དང༌། ༼ཨོ༽རང་སངས་རྒྱས་རྣམས་དང༌། དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་དེ་བཞིན་གཤེགས་པའི། ༼༢༽ཆོས་ཀྱི་སྐུའི་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་༼ཀ༢༽སྟེ་དབྱེ་བ་གཙང་བདག་བདེ་རྟག་གི་ཕ་རོལ་ཏུ་ཕྱིན་པ། ༼༢༽རྣམ་པ་འདི་བཞི་ཐོབ་པའི་གེགས་སུ་གྱུར་པ་རིམ་པ་བཞིན་དུ་འདི་བཞི་སྟེ། འདི་ལྟ་སྟེ། རྐྱེན་གྱི་མཚན་ཉིད་༼ཁ༢༽མ་རིག་བག་ཆགས་ཀྱི་ས་༼༢༽དང། རྒྱུའི་མཚན་ཉིད་༼ག༢༽མ་རིག་བག་ཆགས་ཀྱི་སས་བསྐྱེད་པའི་ཟག་མེད་ཀྱི་ལས་༼༢༽དང༌། འབྱུང་བའི་མཚན་ཉིད་༼ང༢༽ཡིད་ཀྱི་རང་བཞིན་གྱི་ལུས་ལེན་པའི་སྐྱེ་བ་༼༢༽དང༌། བསམ་གྱིས་མི་ཁྱབ་པའི་འཆི་འཕོ་ནི། ༼༢༽འཇིག་པའི་མཚན་ཉིད་དོ། །ཞེས་གསུངས་པའི་ཕྱིར། ༼༧༽མཛོད་ལས། འདུས་མ་བྱས་རྣམ་གསུམ་ཡང་སྟེ། །ནམ་མཁའ་དང་ནི་འགོག་པ་གཉིས། །ཞེས་གསུངས་པའི་ཕྱིར། ༼ཅ༢༽དེ་ཡང་ནམ་མཁའ་ནི་རླུང་རྟེན་པའི་དོན་བྱེད། བརྟགས་འགོག་གིས་སྤང་བྱ་འགོག་པ་དང༌། བརྟགས་མིན་གྱིས་མ་འོངས་པ་མི་སྐྱེ་བའི་དོན་བྱེད། འདུས་མ་བྱས་གཞན་རྣམས་ཆོས་གཞན་གྱི་ཆ་ལ་
བཏགས་པ་ཙམ་ལས། དེ་གསུམ་ལྟ་བུའི་དོན་ཁྱད་པར་པ་བྱེད་པའི་ནུས་པ་མེད་དོ། ། ༼༤༢ན༽ ༼༧༽གསེར་འཕྲེང་ལས། ངོ་བོ་ནི་བསྡུ་བར། ཆོས་དབྱིངས་ཤིན་ཏུ་དག་པའི་མཚན་ཉིད་དུ་བཤད་ཅིང༌། ཞེས་གསུངས་པའི་ཕྱིར། ༼ཆ༢༽ཆོས་དབྱིངས་སུ་འདོད་ཚུལ། སྤྲིན་ནམ་མཁའ་ལ་ཡལ་བ་ན། ནམ་མཁའ་ལས་ལོགས་སུ་ཟད་ཆ་མེད་པ་ལྟར། སྒྲིབ་པ་ཆོས་དབྱིངས་སུ་ཟད་པའི་ཆ་ཡང༌། ཆོས་དབྱིངས་ལས་གཞན་མེད་དོ། །དེས་ན་ཐེག་ཆེན་གྱི་རྣམ་གྲོལ་ལམ་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་མེད་པ་འགོག་བདེན་ཡིན་ལ། དེ་རང་སྐྱ་ཐུབ་པའི་རྫས་སུ་མེད་པའང་འགོག་བདེན་ཡིན་ཏེ། དེ་ལ་གཞི་ཤེས་ཀྱང་ཡོད་པའི་ཕྱིར། ཐེག་དམན་ལམ་གྱི་སྟེང་གི་ཆོས་ཀྱི་བདག་མེད་འགོག་བདེན་མིན་ཏེ། ཐེག་དམན་འཕགས་པ་རྣམས་ཀྱིས་མ་རྟོགས་པའི་ཕྱིར་དང༌། དེ་ཉིད་དམིགས་པར་བྱས་ནས་ཉོན་སྒྲིབ་སྤངས་པ་མ་ཡིན་པས། དེའི་ངོ་བོར་ཟད་པ་འབྲེལ་མེད་པའི་ཕྱིར། དེ་དག་སྟོང་ཉིད་དུ་འཇོག་པའི་དགག་བྱ་ལ་མེད་པས་ཁྱབ་ཅིང༌། འགོག་བདེན་དུ་འཇོག་པའི་དགག་བྱ་ལ་ཡོད་པས་ཁྱབ་བོ། །དེའི་ཕྱིར་ལུགས་འདི་དང་ཐལ་འགྱུར་བ་ལྟར་ན། སྟོང་ཉིད་ལ་རང་གི་དགག་བྱ་ཤེས་བྱ་ལ་མི་སྲིད་པས་མ་ཁྱབ་བོ། །༼༤༢བ༽ ༼༤༽སྒྲིབ་གཉིས་སྤངས་པའི་མཐར་ཐུག་གི་སོ་སོར་བརྟགས་འགོག་དེ་ཐེག་ཆེན་མྱང་འདས་ཀྱི་མཚན་ཉིད། ༼ཇ༢༽འཇུག་པ་རང་འགྲེལ་ལས། མ་རིག་པའི་བག་ཆགས་ནི་ཤེས་བྱ་ཡོངས་སུ་གཅོད་པའི་གེགས་སུ་གྱུར་པ་ཡིན་ལ། ཞེས་གསུངས་པའི་ཕྱིར་ན། ༼༤༽འདི་ནི་
རྣམ་མཁྱེན་ཐོབ་པའི་བར་ཆད་སྤངས་ཚུལ་ཡིན། ༼༥༽རྒྱུད་བླ་མ་ལྟར་ན་༼ཉ༢༽ཉོན་མོངས་ཤེས་བྱ་སྙོམས་འཇུག་གི །སྒྲིབ་གསུམ་ལས་ནི་ངེས་གྲོལ་ཏེ། །ཞེས་གསུངས་པ་ལྟར། ༼༤༽སྒྲིབ་གསུམ་མམ། ༼ཏ༢༽ཡང་ན། ཆོས་ལ་ཁོང་ཁྲོ་བདག་ལྟ་དང༌། །འཁོར་བའི་སྡུག་བསྔལ་གྱིས་འཇིགས་དང༌། །སེམས་ཅན་དོན་ལ་ལྟོས་མེད་ཉིད། །འདོད་ཆེན་མུ་སྟེགས་ཉན་ཐོས་དང༌། །རང་བྱུང་རྣམས་ཀྱི་སྒྲིབ་རྣམ་བཞི། །ཞེས་གསུངས་པ་ལྟར། སྲིད་མཐར་ལྟུང་བྱེད་གཉིས་དང་ཞི་མཐར་ལྟུང་བྱེད་གཉིས་ཏེ། ༼༥༽སྒྲིབ་བཞི་སྤངས་པའི་མཐར་ཐུག་གི་དེ་དགོས་ཏེ། དེ་ནི་ཆོས་སྐུའི་ཡོན་ཏན་གཙང་བདེ་རྟག་བདག་བཞིའི་དབང་དུ་བྱས་པའི་ཕྱིར་ཏེ། དེ་དག་ཀྱང་དོན་གཅིག་ལ་ལྡོག་པའི་བཤད་ཚུལ་ཡིན་ནོ། ། ༼༧༽ཐེག་དམན་གཉིས་ཀས་ཐོག་མར་ལྷག་མེད་མྱང་འདས་མངོན་དུ་བྱས་ནས་རྗེས་ཐོབ་ཏུ་ལངས་པ་དང་དུས་མཚུངས་པར་ལྷག་བཅས་མྱང་འདས་མངོན་དུ་བྱས་པའི་ཕྱིར་ཏེ། རིགས་པ་དྲུག་ཅུ་བའི་འགྲེལ་པར་༼ཐ༢༽ཤཱ་རིའི་བུ་ཡིས་མྱ་ངན་འདས། །མངོན་དུ་བྱས་ནས་བཤད་པ་ཡིན། །ཞེས་པའི་མདོ་དྲངས་ཏེ། ཤཱ་རིའི་བུས། ལྷག་མེད་མྱང་འདས་མངོན་དུ་བྱས་རྗེས་རྗེས་བཟླས་བྱ་བའི་མདོ་བཤད་པར། ༼༧༽བཤད་པའི་ཕྱིར་དང༌། ༼༤༣ན༽ ༼༡༽གང་སྡུག་བསྔལ་འདི་ངེས་པར་སྤངས་པ་མ་ལུས་པར་སྤངས་པ་ཞེས་སོགས་གསུངས་པའི་ཕྱིར། ༼ད༢༽ཁྱབ་སྟེ། འདི་ཞེས་པའི་ཉེ་ཚིག་གིས་ཚེ་དེ་ལ་གོ་དགོས་ཤིང༌། ཉོན་མོངས་ཞེས་
མ་གསུངས་པར་སྡུག་བསྔལ་སྤྱི་ལ་སྦྱར་བས་ཟད་པ་དངོས་ལ་མི་རུང་གི །ཟད་ཚུལ་ཐུན་མོང་མ་ཡིན་པ་ཞིག་ལྷག་མ་མེད་པའི་དོན་དུ་གསུངས་པའི་ཕྱིར། ༼༦༽ཟག་མེད་ཀྱི་ཕུང་པོ་ལྔ་དང་ལྡན་པའི་ཕྱིར། དེར་ཐལ། རང་དོན་གྱི་སྐུ་ལ་བརྟེན་པའི་ཡོན་ཏན་སྟོབས་བཅུ་མི་འཇིགས་པ་བཞི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་སོ་གཉིས་གཞན་དོན་གཟུགས་ཀྱི་སྐུ་ལ་བརྟེན་པའི་ཡོན་ཏན་ཏེ་མཚན་སོ་གཉིས་དང་བཅས་སྡོམ་པའི་སྟོབས་སོགས་ཀྱི་ཡོན་ཏན་དྲུག་ཅུ་རྩ་བཞི་དང་ལྡན་པའི་ཕྱིར། རྒྱུད་བླ་མ་ལས། སྐུ་གཉིས་ལས་དང་པོའི་སྐུ་ནི་སྟོབས་ལ་སོགས། །བྲལ་བའི་ཡོན་ཏན་རྣམས་དང་ལྡན། ། ༼ན༢༽གཉིས་པ་སྐྱེས་བུ་ཆེན་པོའི་མཚན། །རྣམ་སྨིན་ཡོན་ཏན་དག་དང་ལྡན། ། ༼༤༣བ༽ ༼༡༽མཛོད་ལས། འབྲས་བུ་ཐ་མ་ནི། །ཁམས་གསུམ་དུའོ། །ཞེས་གསུངས་པའི་ཕྱིར། ༼༥༽དེ་ལ་ཇོ་ནང་བ་ཁོ་ན་རེ། མྱང་འདས་ལ་ལྷག་བཅས་མྱང་འདས་མི་འཐད་པར་ཐལ། ཐེག་དམན་གང་ཟག་རྒྱུད་ཀྱི་མྱང་འདས་མི་ཡོང་བའི་ཕྱིར། ༼པ༢༽མཐའ་དཔྱོད་བསིལ་ལྡན་རི་ལ་རྩེན་པ་ཡི། །མཆན་འགྲེལ་གདོང་ལྔ་བཞད་པའི་སྒྲ་དབྱངས་ཀྱིས། །ལུང་རིགས་མཆེ་སྡེར་བྲལ་བ་ཤ་བོའི་ཚོགས། །ཚིགས་བཅད་རྭ་བཅུ་ངོམས་ལ་འཇིགས་པ་སྟེར། །མཚམས་འདིར་བཀྲ་ཤིས་འཁྱིལ་གྱི་ཕར་ཕྱིན་སྐབས་དང་པོའི་པར་རྙིང་ལ་ཤོག་གྲངས་ཀྱི་ཁ་ཡིག་ནོར་ཡོད་པས་དེ་དང་བསྟུན་ཚེ། ༈ ༼༥༧ན༽ ༼༢༽རྟེན་སྒོ་གསུམ་མི་མཐུན་ཕྱོགས་ལས་བསྡམས་ཤིང༌། རྣལ་འབྱོར་ཅན་རྣམས་༼པ༢༽འདིར་རྣལ་འབྱོར་ཅན་ལ་གཞན་
སྡེ་ཡང་ཡོད་ཅིང༌། དབང་ཕྱུག་ནི། བདེན་བཞི་ལ་དམིགས་པ་སོགས་ནང་པའི་བསྟན་པས་བསྡུས་པའི་ཞི་ལྷག་ཟུང་འབྲེལ་ཅན་རྣམས་སོ། །དེ་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཉག་ཅིག་ཡིན་པས། རྟེན་སྟོན་པ་དང་འབྲེལ་བའི་དབང་གིས་སྤྱི་སྒྲ་རྣམ་མཁྱེན་ལ་གོ་བར་གསུངས་སོ། །ཟུར་དང་པོ་གྲུབ་སྟེ། ཐེག་བསྡུས་བཤད་སྦྱར་ལས། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བར་རང་གི་ངང་གིས་འཇུག་པ་དང་ལྡན་པ་ནི་རྣལ་འབྱོར་རོ། །དེ་སུ་དག་ལ་ཡོད་པ་དེ་ནི་རྣལ་འབྱོར་བའོ། །ཞེས་གསུངས་པའི་ཕྱིར། རྣལ་འབྱོར་གྱི་དོན་ཡང༌། ཞི་གནས་ལ་བརྟེན་ནས་བྱིང་རྒོད་ཀྱི་གཡེང་བ་སོགས་སེམས་ལས་སུ་མི་རུང་བར་བྱེད་པའི་སྐྱོན་དང་བྲལ་བ་རླུང་མེད་པའི་མར་མེ་བཞིན་རྣལ་དུ་གནས་པ་དང༌། ལྷག་མཐོང་གི་འོད་གསལ་བས། མར་མེས་མུན་པ་སེལ་བ་ལྟར་ཡུལ་སོ་སོར་གཅོད་པ་དང༌། སྤྲུལ་བསྒྱུར་སོགས་ཀྱི་དོན་མཐའ་དག་འབྱོར་བའམ་ཕུན་སུམ་ཚོགས་པར་བྱེད་པས་རྣལ་འབྱོར་ཞེས་བཤད་པའི་ཕྱིར། དབུས་མཐའ་ལས། དེར་གནས་ལས་སུ་རུང་བ་ཉིད། །དོན་རྣམས་ཐམས་ཅད་འབྱོར་བར་འགྱུར། །ཞེས་གསུངས་པ་འདི་རྣལ་འབྱོར་གྱི་སྒྲ་བཤད་དུ་རུང་བར་སྣང་ལ། རྫུ་འཕྲུལ་གྱི་རྐང་པའི་སྒྲ་བཤད་དུའང་དེའི་འགྲེལ་བཤད་དང༌། མཆིམས་ཊཱིཀ་སོགས་ལས་བཤད་དོ། །༼༥༧བ༽ ༼༡༽འཁོར་སྒྱུར་མེད་པའི་ས་ཕྱོགས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། འཁོར་སྒྱུར་
གྱི་འཁོར་ལོ་ཡོད་པར་ཐལ། འདོད་པའི་ཕྱིར། ༼ཕ༢༽འདི་ལ་ཁ་ཅིག །གསེར་མེད་པའི་ས་ཕྱོགས་ཆོས་ཅན། གསེར་ཡོད་པར་ཐལ། གསེར་ལྟ་བུའི་སེམས་བསྐྱེད་ཡོད་པའི་ཕྱིར། ཁྱབ་པ་དོན་གྱིས་ཁས་ཟེར་བར་སྣང༌། ༼༢༽བྱས་པ་ལ་ཁོ་ན་རེ། མཚན་ཉིད་དེ་རུང་བར་ཐལ། རྣམ་བཤད་ལས། འཁོར་ལོ་དང་ཆོས་མཐུན་པའི་ཕྱིར་འཁོར་ལོ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་དེ་དང་མཚུངས་ཚུལ་ཙམ་བསྟན་པའི་ཕྱིར། ༼བ༢༽བྱེ་སྨྲས་འཁོར་ལོ་དང་མཐུན་པའི་ཕྱིར་ཆོས་འཁོར་མཐོང་ལམ་དུ་འདོད་ལ། མཐུན་ཚུལ་དབྱིག་བཤེས་ཀྱིས་ཆོས་དྲུག་གིས་སྦྱར་རོ། །དེའི་ནང་ཚན་ཆོས་བཟོད་ཀྱང་ཆོས་འཁོར་ཡིན་ཏེ། ཆོས་དྲུག་དཔེ་ལ་ཡང་ཅིག་ཅར་ཚང་བ་མེད་པའི་ཕྱིར། དེའི་ཚེ་ལྷ་རྣམས་ཀྱིས་ཆོས་འཁོར་བསྐོར་བར་བསྒྲགས་པ་ཙམ་གྱི་རྒྱུ་མཚན་ལྟར་ན། གཞན་དག་གི་མཐོང་ལམ་ཆོས་འཁོར་མིན་ཏེ། གཞན་དུ་ན་དེ་དག་གང་ལ་བརྟེན་པའི་ལུང་ཡང་ལུང་གི་ཆོས་འཁོར་དུ་ཐལ་བའི་ཕྱིར་རོ། །དེས་བཟླས་པ་གསུམ་མཐོང་སྒོམ་མི་སློབ་ལམ་གསུམ་ལ་བཟླས་པར་འདོད་པ་རང་གི་ཁས་བླངས་དང་འགལ་བར་དབྱིག་གཉེན་གྱིས་གསུངས་ལ། དེ་གསུམ་ལ་བཟླས་ཚུལ་ཡང་ལག་རྗེས་ཐ་དད་པ་ཙམ་ལས་སོ་སོའི་བར་སྐབས་སུ་མིན་ཏེ། ལུགས་དེར་མཐོང་སྒོམ་དཀྱུས་གཅིག་ཡིན་པའི་ཕྱིར་རོ། །དབྱངས་སྒྲོགས་ནི། དེའི་ཚོགས་པའི་འཕགས་ལམ་ཡན་ལག་བརྒྱད་ཆོས་གསུམ་གྱིས་ཆོས་འཁོར་དང་མཐུན་པར་བཤད་ལ། འདི་འདྲའི་ཐ་སྙད་ཙམ་གོང་མའི་སྐབས་སུ་ཡང་གཏན་མེད་པ་མ་ཡིན་ཏེ། རྗེའི་
གསུང་ཟིན་བྲིས་ངན་སོང་སྦྱོང་རྒྱུད་ཀྱི་མཆན་ལས། ཆོས་ཀྱི་འཁོར་ལོ་ནི་སྒྲ་ཡངས་པའི་དབང་དུ་བྱས་ན་ལུང་རྟོགས་གཉིས། དོག་པའི་དབང་དུ་བྱས་ན་རྟོགས་པའི་ཆོས་འཕགས་ལམ་ཡན་ལག་བརྒྱད་དེ་དེའི་དབང་དུ་བྱས་ནས། འཁོར་ལོ་ལ་རྟེན་ལྟེ་བ་གཅོད་པའི་རྩིབས་སྡུད་པའི་མུ་ཁྱུད་གསུམ་ཡོད་པ་ལྟར། ཡང་དག་པའི་ངག་ཅེས་སོགས་གསུངས་པའི་ཕྱིར་རོ། །༼༥༨ན༽ ༼༡༽ལྷག་པའི་བསླབ་པ་གསུམ་རེ་རེ་ནས་ཆོས་ཅན། ལམ་ཞུགས་ཀྱི་མངོན་རྟོགས་ཡིན་པར་ཐལ། རྟོགས་པའི་ཆོས་འཁོར་ཡིན་པའི་ཕྱིར། དེར་ཐལ། རྟོགས་པའི་བསྟན་པ་ཡིན་པའི་ཕྱིར། རྟགས་ཆོས་ཅན་གྱིས་གྲུབ་ཅིང༌། ༼མ༢༽ཞེས་པ་ཆོས་ཅན་དེ་ཡིན་པའི་ཕྱིར། ཟེར་བ་ཙམ་མིན་གྱི་ལྷག་པའི་དོན་ཡོད་པའི་ཕྱིར། ཞེས་པ་སྟེ། དེ་ནི་མདོ་སྡེ་རྒྱན་ལས། གཞན་དང་ཐུན་མོང་མ་ཡིན་ལྡན་པ་དང༌། །ཁམས་གསུམ་ཉོན་མོངས་རྣམ་སྤོང་རྫོགས་བྱེད་དང༌། །ངོ་བོ་ཉིད་དག་དྲི་མ་དག་པ་སྟེ། །ཚངས་སྤྱོད་ཡོན་ཏན་བཞི་ལྡན་ཡིན་པར་འདོད། །ཅེས་དང༌། བློ་བརྟན་གྱི་འགྲེལ་བཤད་ལས། མུ་སྟེགས་པ་རྣམས་ལ་མེད་པས་ན་གཅིག་པུ་ཞེས་བྱའོ། །ཁམས་གསུམ་པའི་ཉོན་མོངས་སྤངས་པས་རྫོགས་པ་ཞེས་བྱ་ལ། འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་པ་སྤོང་ཡང༌། སྲིད་པའི་རྩེ་མོའི་ཉོན་མོངས་སྤོང་བར་མི་ནུས་པས་རྫོགས་པ་ཞེས་མི་བྱའོ། །ཞེས་སོགས་ཀྱི་ཁྱད་པར་བཞི་གསུངས་པའི་ཕྱིར་ནང་པའི་བསྟན་པ་ཁོ་ནར་འགྲུབ་བོ། ། ༼༣༽མཛོད་ལས། སྟོན་པའི་དམ་
ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང༌། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་གསུངས་པའི་ཕྱིར། ༼ཙ༢༽ལུང་ལ་གསར་དུ་དད་པས་ཞུགས་པའི་ཐོས་སོགས་ཀྱི་ཤེས་རབ་ཀྱང་བསྟན་པ་ཡིན་པས་ལུང་རྟོགས་ཀྱི་བསྟན་པར་ཞུགས་པ་རིམ་ཅན་དུ་འཇོག་དཀའ་ལ། འདི་འདྲ་རེ་རེ་ཙམ་ཡོད་པས་བསྟན་པ་ཡོད་པར་ཡང་མི་འགྱུར་ཏེ། འདུལ་བ་མེད་པར་མདོ་མངོན་ཡོད་ཀྱང་བསྟན་པ་ཡོད་པར་མི་འཇོག་པའམ། ཡང་ན་ཡོད་ཀྱང་གནས་འདུལ་བ་མེད་པའི་ཕྱིར། གནས་པ་མ་ཡིན་པར་འདོད་དགོས་པའི་ཕྱིར། ལུང་ཞུ་བ་ལས། ཉེ་བར་འཁོར། ཇི་སྲིད་དུ་ལས་ཀྱང་ཡོད། ནན་ཏན་བྱེད་པ་ཡང་ཡོད་པ་དེ་སྲིད་དུ་དམ་པའི་ཆོས་གནས་པ་ཞེས་བྱའོ། །ལས་ཀྱང་མེད། ནན་ཏན་བྱེད་པ་ཡང་མེད་ན་དམ་པའི་ཆོས་ཞིག་པ་ཞེས་བྱའོ། །ཞེས་དང༌། འདུལ་བར་བསྟོད་པ་ལས། མཛོད་མཆོག་འདུལ་བ་རྫོགས་པ་འདི་གནས་པ། །དེ་སྲིད་ཆོས་སྒྲོན་འདི་ནི་གནས་འགྱུར་ཞིང༌། །ཞེས་གསུངས་པའི་ཕྱིར། ༼༥༨བ༽ ༼༡༽རིམ་གྱིས་བསྐོར་ཚུལ་བཤད་པའི་ཕྱིར། ༼ཚ༢༽འདི་ནི་སྔོན་རུས་སྦལ་དུ་སྐྱེས་པའི་དུས་ཀྱི་སྨོན་ལམ་གྱི་དབང་གིས། དང་པོར་ཀོའུ་ཏེ་ནྱ། མིང་ཅན། བཟང་ལྡན། རླང་པ། རྟ་ཐུལ་ལྔ་དང༌། ལྷ་བརྒྱད་ཁྲི་བཏུལ་བར་གསུངས་སོ། ། ༼༥༽མཛོད་རང་འགྲེལ་ལས། ༼ཛ༢༽བྱེ་སྨྲ་སྔ་མའི་འདོད་པ་བཀོད་ཟིན་ཏེ། ལོགས་སུ་སློབ་དཔོན་རང་གི་ལུགས་བཞག་འདོད་ནས། ༼༦༽ཡང་ན་འཕགས་པའི་ལམ་ཐམས་ཅད་ཀྱང་གདུལ་བྱའི་རྒྱུད་ལ་འཇུག་པའི་ཕྱིར་འཁོར་ལོ་ཡིན་ཏེ།
༼ཝ༢༽ཞེས་པ་འདི་ལ་བརྟེན་ནས་མཁས་གྲུབ་རྟོགས་དཀའི་སྣང་བར། ཚོགས་སྦྱོར་ནི་ཆོས་འཁོར་མ་ཡིན་ཏེ། མི་མཐུན་ཕྱོགས་ཀྱི་ས་བོན་གཅོད་མི་ནུས་པའི་ཕྱིར་རོ། །ཞེས་འཕགས་ལམ་ཁོ་ནར་གསུངས་ཀྱང༌། སྔར་དྲངས་པ་རྣམས་དང༌། ཚིག་གསལ་ལས། ཆོས་ཀྱི་འཁོར་ལོ་ཁ་ཅིག་ནི་ཚོགས་ཀྱི་ལམ་མོ། །ཞེས་གསལ་བར་གསུངས་པས་ཁེགས་སོ། ། ༼༥༩ན༽ ༼༤༽དང་པོ་གྲུབ་སྟེ། སྒྲུབ་པའི་སྐབས་ཀྱི་ཉི་ཁྲི་ལས། མདོར་བསྟན་པ་ནི། མི་འཇིགས་པ་ཐོབ་པའི་གནས་ཏེ། ཇི་ལྟར་ན་༼ཞ༢༽འདུ་ཤེས་ཐམས་ཅད་ཀྱི་ནང་ནས་མི་རྟག་པའི་འདུ་ཤེས་མཆོག །རྗེས་ཐམས་ཅད་ཀྱི་ནང་ནས་བ་ལང་གི་རྗེས་མཆོག་ཏུ་བཤད་པ་ལྟར་བ་ལང་གི་ཐོག་མར་ཁྱུ་མཆོག་འགྲོ་བའི་རྗེས་སུ་སོང་ན་གནོད་པ་འབྱུང་མི་སྲིད་པ་ལྟར། རྒྱལ་བས་བླང་དོར་བསྟན་པའི་རྗེས་འབྲང་རྣམས་བསླུ་མི་སྲིད་པ་གཞན་ལ་བརྟེན་པའི་དམ་བཅའ་གཉིས་སྟོན་པར་༼༥༽ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའ་འོ། ། ༼ཟ༢༽རང་ཉིད་ཀྱི་སྤངས་རྟོགས་ལ་གཞན་གྱིས་ཀླན་ཀའི་སྐབས་མེད་པས་རང་ལ་བརྟེན་པའི་དམ་བཅའ་གཉིས་སྟོན་པར། ༼༥༽འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོག་གོ ། ༼༦༽དགོངས་འགྲེལ་ལས་ཀྱང༌། ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་སྔོན་ལྷར་གྱུར་པ་སོགས་གསུངས་པའི་ཕྱིར། ༼འ༢༽གྲུབ་མཐའ་ཆེན་མོར། སྔོན་འདི་འདྲ་མ་མཐོང་བ་དང་མ་ཐོས་པས་ངོ་མཚར་བ་དང༌། རྨད་དུ་བྱུང་བར་བཤད་ལ། འགྲེལ་ཆེན་ལས།
རྒྱུ་ཕུན་སུམ་ཚོགས་པས་ངོ་མཚར་བ་དང༌། འབྲས་བུ་ཕུན་སུམ་ཚོགས་པས་རྨད་དུ་བྱུང་བར་བཤད་དོ། ། ༼༥༩བ༽ ༼༣༽དེ་ལ་ཁོ་ན་རེ། ལུང་གི་ཆོས་འཁོར་བསྐོར་བའི་ས་བརྒྱད་པ་བ་ཡོད་པར་ཐལ། འགྲེལ་པ་ལས། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང༌། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། མ་འོངས་པ་ན་ཆོས་འཁོར་བསྐོར་བའི་སྦྱོར་བའི་ནུས་པ་༼ཡ༢༽འབད་རྩོལ་རགས་པ་ཞི་བའི་སྒོ་ནས་ཆོས་སྟོན་པའི་ནུས་པ་ཁྱད་པར་ཅན། ༼༤༽འདི་ནས་ཐོབ་པར་བཤད་པ་ཙམ་ཡིན་པའི་ཕྱིར། ༼༧༽དང་པོ་ལ་བསོད་གྲགས་སོགས་ཁ་ཅིག་ན་རེ་༼ར༢༽འདིར་བསྟན་འཁོར་ལོ་གསུམ་གསུངས་པའི་ཚེ་ལྷ་རྣམས་ཀྱིས་ཨ་ལ་ལ་འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་མཐོང་ངོ༌། །ཞེས་པ་དང༌། ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བར་མཐོང་ངོ༌། །ཞེས་སོགས་བསྒྲགས་པར་བཤད་ཀྱི་གཞན་ལ་མ་བཤད་པའི་ཕྱིར་དང༌། འཁོར་ལོ་གསུམ་གྱི་ཐ་སྙད་གཙོ་བོར་དགོངས་འགྲེལ་ལ་བརྟེན་པ་ཡིན་པས་འདིར་བསྟན་གྱི་འཁོར་ལོ་གསུམ་ལས་ལོགས་སུ་འཁོར་ལོ་གསུམ་འཇོག་པ་ལ་མདོའི་ཁུངས་མེད་པའི་ཕྱིར་ན། ༼༧༽སངས་རྒྱས་ཀྱི་བཀའ་ཐམས་ཅད་འཁོར་ལོ་རིམ་པ་གསུམ་དུ་མ་འདུས་ཟེར། ༼༦༠ན༽ ༼༣༽རྒྱུད་སྡེ་སྤྱི་རྣམ་ལས། དང་པོ་ནི་ཐེག་དམན་གྱི་སྡེ་སྣོད་དང༌། གཞན་གཉིས་ཐེག་ཆེན་གྱི་སྡེ་སྣོད་དོ། །ཞེས་གསུངས་པའི་ཕྱིར། ༼ལ༢༽འདི་ནི་གྲུབ་མཐའ་རྩ་བར་ཡང༌། འཁོར་ལོ་དང་པོའི་དོན་བཞིན་དོན་སྨྲ་དང༌། །བར་མཐའི་ལུགས་བཞིན་དབུ་སེམས་གཉིས་བཞག་ཕྱིར། །ཞེས་པ་དང་མཐུན་ལ། འདི་ནི་རིན་ཆེན་བྱང་
ཆུབ་ཀྱི་སྤྱི་དོན་ལས་ཀྱང༌། བདག་མེད་གཏན་ལ་འབེབ་ཚུལ་མི་འདྲ་བ་གསུམ་གྱི་སྒོ་ནས་འཁོར་ལོ་གསུམ་གྱི་ཐ་སྙད་འཇོག་དགོས་ཞེས་པ་ལྟར། གྲུབ་མཐའ་གསུམ་གྱི་ལྟ་བའི་ཆ་ནས་ཕྱེ་བ་ཡིན་གྱི། སྤྱོད་པའི་ཆ་དེ་དག་ལ་མི་མཐུན་པ་ཆེར་མེད་པས། ཕལ་ཆེར་རྒྱ་ཆེའི་ལམ་མཐུན་ཟབ་ལ་མིན། །ཞེས་གསུངས་སོ། །འོན་ཀྱང་སེམས་བསྐྱེད་པ་ཙམ་གྱིས་ཀྱང་རིགས་ཀྱི་སྒོ་ནས་ཉན་རང་ཐམས་ཅད་ཟིལ་གྱིས་གནོན་ཏེ། དགྲ་བཅོམ་ཆེན་པོ་རྣམས་ཀྱིས་ཀྱང་ཕྱག་བྱ་བའི་འོས་སུ་བཤད་པ་སོགས་ཁྱད་པར་འགའ་ཞིག་བྱེ་སྨྲ་རྣམས་མི་འདོད་དེ། དེ་འདྲ་ལ་བརྟེན་ནས་ཐེག་ཆེན་བཀའ་མ་ཡིན་པར་བསྒྲུབས་པའི་ཚེ་དགྲ་བཅོམ་ལ་སྨོད་པ་དང་ཁྱིམ་པ་ལ་འདུད་པར་སྨྲ་བའི་ཕྱིར། ཞེས་རྩོད་པར་རྟོག་གེ་འབར་བ་ལས་རྒྱ་ཆེར་གསུངས་སོ། །༼༦༠བ༽ ༼༡༽དེས་འཁོར་ལོ་དང་པོ་བར་བ་གཉིས་ཀའི་གསུང་ཚུལ་དངོས་སུ་བསྟན་ཅིང་བར་ལ་དྲི་བ་དངོས་སུ་བསྟན་ནས་ཐ་མ་བཀའ་སྩལ་ཚུལ་ཤུགས་ལ་བསྟན་པའི་ཕྱིར་ཏེ། ༼༡༽ལེགས་བཤད་སྙིང་པོ་ལས། ཤུགས་ལ་གནས་པའི་དོན་དེ་ཉིད་དུས་ཀྱི་རིམ་པའི་སྒོ་ནས་འཁོར་ལོ་གསུམ་དང་སྦྱར་བའི་ཞེས་གསུངས་པའི་ཕྱིར། ༼ཤ༢༽འདིའི་དོན་ཡང་གཉན་སྟོན་གྱི་དྲང་ངེས་རྣམ་འབྱེད་སོགས་དུ་མར། དང་པོ་གཉིས་དྲང་དོན་དང༌། ཐ་མ་ངེས་དོན་དུ་དྲི་ཞུས་ཀྱིས་ཤུགས་ལ་བསྟན་པར་བཤད་པ་ནི། དཀའ་འགྲེལ་ལས། དོན་གྱིས་འཁོར་ལོ་དང་པོ་དང་བར་བ་གཉིས་དྲང་དོན་དང་ཞེས་པར་མཐུན་ཡང༌། ཡིག་ཆ་རང་གི་དགོངས་པ་ནི་དྲིས་ཞུས་སུ་འཁོར་ལོ་
གསུམ་གྱི་ཐ་སྙད་མ་སྦྱར་ཡང༌། གསུངས་ཚུལ་གོ་རིམ་བཞིན་བཀོད་པའི་ཤུགས་ལ་འཁོར་ལོ་གསུམ་ཞེས་པའི་ཐ་སྙད་ཐོབ་ཡོད་པ་གྲུབ་དོན་དུ་ཐ་སྙད་དེ་དངོས་སུ་སྦྱར་བ་ལ་མངོན་ནོ། །སྔ་མ་རིགས་པས་ཀྱང་མི་འགྲུབ་སྟེ། ལེགས་བཤད་སྙིང་པོར་ཚིག་དེའི་གྲུབ་དོན་འཆད་པའི་སྐབས་སུ་གསུངས་པའི་དྲི་ཞུས་ཀྱི་ཤུགས་ཞེས་པ་ལན་ཡང་དེར་བསྡུ་བའི་དབང་དུ་བྱས་པ་ཡིན་ཏེ། ལན་གྱི་དངོས་སུ་གསུངས་ཟིན་ན་འདི་ནས་གཟོད་གསལ་བར་གསུངས་ཞེས་མཚམས་ཕྱེ་བ་འབྲེལ་མེད་ཅིང༌། ལན་ཡང་དེར་བསྡུས་པ་ཡིན་ན་དྲང་ངེས་ཀྱི་ཁྱད་པར་ཤུགས་བསྟན་ཙམ་དུ་མི་རུང་སྟེ། དགོངས་པ་གཞན་དུ་འགྲེལ་ཚུལ་ཆེས་གསལ་བས་གྲུབ་དོན་དུ་དྲང་བའི་དོན། རྩོད་པའི་གཞིའི་གནས་ཞེས་མིང་ཙམ་བཤད་པ་ལས་ཀྱང་ཆེས་ལྷག་པའི་ཕྱིར་རོ། ། ༼༦༡ན༽ ༼༦༽རྣམ་བཤད་ལས། གཞུག་པ་ལ་ལྡེམ་པོར་དགོངས་པ་ནི། རང་སྡེ་དང་གཞན་སྡེ་ཁ་ཅིག་རྗེས་སུ་བཟུང་བའི་ཆེད་དུ་གང་ཟག་གི་བདག་ཡོད་པར་གསུངས་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར། ༼ས༢༽འདིའི་གང་ཟག་གི་བདག་བསྟན་ཚུལ་ནི་ཁུར་དང་ཁུར་མཁན་ངོ་བོ་ཐ་དད་པ་ལྟར། ཕུང་པོ་ལེན་པ་པོའི་ང་ལོགས་སུ་ཡོད་པར་བཤད་དེ་རང་སྐྱ་བའི་དོན་ཡང་དེ་ཡིན་ནོ། །འདི་ནི་གཞུག་པ་ལྡེམ་དགོངས་ཡིན་ལ། དགོངས་འགྲེལ་མཚན་ཉིད་ལྡེམ་དགོངས་སུ་རྣམ་བཤད་བཞིན་དུ་པཎ་ཆེན་སྤྱི་དོན་ལས་ཀྱང་བཤད་པ་ནི། འཕགས་སེང་དྲང་ངེས་ཀྱི་ཁྱད་པར་ཐལ་འགྱུར་བ་ལྟར་བཞེད་པས་དེའི་དབང་དུ་བྱས་པ་ཡིན་གྱི། རྣལ་འབྱོར་སྤྱོད་པའི་
དབུ་མ་པ་སྤྱིའི་ལུགས་མ་ཡིན་ནོ། ། ༼༦༡བ༽ ༼༡༽ གཞན་ཡང་བདེན་བཞིའི་ཆོས་འཁོར་གྱི་མདོ་ལས། སྡུག་བསྔལ་ཤེས་པར་བྱ་སྟེ། ཤེས་པར་བྱར་མེད་ཅེས་པའི་མདོ་ཆོས་ཅན། དགོངས་འགྲེལ་ནས་བཤད་པའི་དེར་ཐལ། འཁོར་ལོ་དང་པོ་ཡིན་པའི་ཕྱིར། ༼ཧ༢༽ཚིག་འདི་བཟླས་པ་གསུམ་པར་བཤད་ལ་རྒྱལ་སྲས་མར་ཡོངས་སུ་ཤེས་སོ་ཞེས་བྱ་བ་ནི་གསུམ་པ་ཡིན་ཏེ་ཞེས་གསུངས་པ། བྱེད་པ་འབྲས་བུ་ལ་བཟླས་པར་གོ་སླ་ལ། སྔ་མ་ཡང་འཇོག་ཚེ་བདག་མེད་ཙམ་ལ་མ་སྦྱར་བར་ཟད་ཤེས་དང་མི་སྐྱེ་བ་ཤེས་པའི་དབྱེ་བས་ཕྱེ་སྟེ་སླར་ཤེས་པར་བྱར་མེད་པའང་བསྟན་ནམ་དཔྱད། བྱེ་སྨྲ་མིག་སྐྱེས་ཞེས་སོགས་རྣམ་གྲངས་སུ་འདོད་པས་རྒྱས་པར་ན་བཟླས་པ་བཅུ་གཉིས་དང་རྣམ་གྲངས་ཞེ་བརྒྱད་ཀྱང་འདོད་ལ། མདོ་སྡེ་པ་ཡན་གྱིས་བཟླས་པ་གསུམ་གྱི་ཟུར་བཅུ་གཉིས་རྣམ་གྲངས་སུ་འདོད་པས་གཉིས་ཀ་ལ་དབྱེ་བ་དེ་ལས་མེད་པར་འདོད་དོ། །བློ་མིག་ཤེས་རིག་བཞི་བསོད་གྲགས་ཀྱིས་སྦྱོར་མཐོང་སོགས་བཞི་ལ་སྦྱར་ཡང༌། མཛོད་འགྲེལ་རྒྱལ་སྲས་མ་ལས། དེ་ལ་ཟག་པ་མེད་པའི་ཤེས་རབ་ནི་མངོན་སུམ་གྱི་ཕྱིར་མིག་གོ །ཐེ་ཚོམ་མེད་པའི་ཕྱིར་ཤེས་པའོ། །ཡང་དག་པའི་དོན་གྱི་ཕྱིར་རིག་པའོ། །རྣམ་པར་དག་པའི་ཕྱིར་བློ་སྟེ། ཞེས་ངོ་བོ་མཐོང་ལམ་གཅིག་པུ་ལ་ལྡོག་པ་ཐ་དད་པའི་རྣམ་གྲངས་སུ་གསུངས་པ་ལྟར། བརྒྱད་སྟོང་འགྲེལ་ཆེན་དུ་ཡང་གསུངས་པས་ཕྱོགས་ཕྱི་མ་བཟུང་འོས་སོ། ། ༼༥༽རྟགས་གྲུབ་སྟེ། རྣམ་འགྲེལ་ལས། ༼ཧ༢༽མ་རིག་གིས་བསླད་བདག་ཉིད་ཅན། །
ཞེས་སོགས་དང༌། ཕ་རོལ་མཐོང་མིན་ཐམས་ཅད་ཀྱིས། །ཞེས་སོགས་སྔར་བཤད་པའི་དགོངས་གཞི་དང་དགོས་པ། ༼༥༽དེའི་ཕྱིར་ན་དེ་ཁོ་ན་ཉིད་ཀྱི་དོན་རེ་ཞིག་མི་སྟོན་པར་བཏང་སྙོམས་སུ་མཛད་པ་ཅན། ། ༼ཨ༢༽སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཉིས་སྟོང་གི་དོན་གཟིགས་ཀྱང་མི་མངོན་པར་བྱས་ཏེ། ༼༥༽གླང་ཆེན་གཟིགས་སྟངས་ཉིད་མཛད་ནས། ། ༼ཀི༢༽སྟོན་པའི་རང་ལུགས་མ་ཡིན་པར་ཉན་ཐོས་སྡེ་བའི་རིགས་ཅན་༼༥༽འཇིག་རྟེན་པ་རྣམས་ལ་ཐུགས་ནི་བརྩེ་བ་འབའ་ཞིག་གིས། ། ༼ཁི༢༽དབང་གིས་འཁོར་ལོ་དང་པོའི་སྐབས་ནས་དང་པོར༌༼༥༽ཕྱི་རོལ་དཔྱོད་ལ་འཇུག་པར་མཛད། །ཅེས་གསུངས་པའི་ཕྱིར། ༼གི༢༽འབྲུ་སྣོན་འདི་ཊཱིཀ་ཆེན་དང་མཐུན་པར་བྱས་ལ། ཐར་ལམ་གསལ་བྱེད་ལས། གཞན་འདྲ་ཡང༌། འཇིག་རྟེན་པ་རིལ་བོར་འཛིན་པའི་གང་ཟག་གི་བདག་འཛིན་བཟློག་པའི་ཐུགས་དགོངས་འབའ་ཞིག་གིས་ཞེས་དགོངས་གཞི་ལ་གསལ་བར་སྦྱར་རོ། །༼༦༢ན༽ ༼༡༽ ལེགས་བཤད་སྙིང་པོ་ལས། འཁོར་ལོ་དང་པོ་ལས་ཕྱི་རོལ་གྱི་དབང་དུ་བྱས་པའི་གཟུང་འཛིན་གཉིས་གསུངས་པ་དྲང་དོན་དུ་༼ངི༢༽འགྲེལ་པའི་དགོངས་གཞི་ནི། ཉི་ཤུ་བ་ལས། རང་གི་ས་བོན་གང་ལས་སུ། །རྣམ་རིག་སྣང་བ་གང་འབྱུང་བ། །དེ་དང་དེ་ཡི་སྐྱེ་མཆེད་ནི། །རྣམ་པ་གཉིས་སུ་ཐུབ་པས་གསུངས། །ཞེས་གསུངས་པ་དང༌། དགོས་པ་ཡང་དེ་ཉིད་ལས། གཟུགས་སོགས་སྐྱེ་མཆེད་ཡོད་པར་ནི། །དེས་འདུལ་བ་ཡི་སྐྱེ་བོ་ལ། །དགོས་པའི་དབང་གིས་གསུངས་པ་སྟེ། །རྫུས་ཏེ་འབྱུང་བའི་སེམས་ཅན་
བཞིན། །ཞེས་གསུངས། ཞེས་སོགས་ཀྱི་དོན་ནི། ཀུན་གཞིའི་སྟེང་གི་དོན་སྣང་གི་བག་ཆགས་སྨིན་པ་ལས། དེར་སྣང་བ་ཡོད་པ་ལ་དགོངས་པར་གསུངས་ཤིང༌། དེ་ཉིད་མདོ་ཕྱི་མའི་དགོངས་གཞིར་ཡང་གྲུབ་མཐའ་རྩ་འགྲེལ་གྱིས་གསལ་བར་འགྲུབ་བོ། །ལུང་ཕྱི་མའི་དོན་ནི། རྣམ་ཤེས་སྐྱེ་བའི་སྒོ་ཕྱི་ནང་གི་སྐྱེ་མཆེད་གཉིས་ལས། ཡུལ་ལ་ལོངས་སྤྱོད་པའི་རྣམ་ཤེས་འབྱུང་བར་བསྟན་པའི་ཤུགས་ཀྱིས་དེ་ལས་ལོགས་སུ་ལྟ་བ་པོའི་བདག་མེད་པར་རྟོགས་ཆེད་ཡིན་ལ། ཕུང་པོ་རང་མཚན་གྱིས་གྲུབ་པར་བཤད་པས་སེམས་སེམས་བྱུང་དང༌། སྐྱེ་མཆེད་ཀྱི་གཟུགས། སེམས། ཁམས་ཀྱི་ལུས་རིལ་འཛིན་གཞིག་པར་ཡང་དུ་མར་བཤད་དེ། ང་རྒྱལ་སྤྱད་པ་རྣམ་སྦྱོང་གི་དམིགས་པར་འགྲོ་ཚུལ་ཡང་དེ་ལྟར་རོ། །རྫུས་སྐྱེས་ཞེས་པ་གུང་རུའི་དྲང་ངེས་རྣམ་འབྱེད་དུ་རྫུས་ཏེ་འབྱུང་བའི་སེམས་ཅན་རང་དབང་དུ་ཡོད་དེ་ཞེས་བདག་བསྟན་པའི་ཕྱོགས་ཀྱི་བཤད་པ་ལེགས་ཏེ། ཉི་ཤུ་བའི་འགྲེལ་བཤད་དུལ་ལྷས་མཛད་པར་གསལ་བས་དེར་བལྟའོ། ། ༼༣༽གཞན་ཡང༌། ཡུམ་བར་བ་ལས། གང་ཡང་དག་པའི་སྐྱོན་མེད་པ་ལ་ཞུགས་པ་དེ་དག་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མཐུ་མེད་དོ། །ཞེས་པའི་མདོ་ཆོས་ཅན། ༼ཅི༢༽ཁ་ཅིག་འདིའི་སྐྱོན་མེད་པ་ལྷག་མེད་ལ་བྱེད་དེ། དེ་མཐོང་ལམ་ལ་བྱེད་ན། རིགས་ངེས་དེའི་སྔར་ནས་ཀྱང་འཇུག་མི་སྲིད་པས་ཁྱད་པར་སྦྱོར་མི་དགོས་ཤིང༌། མ་ངེས་པ་དེའི་རྗེས་སུ་འཇུག་སྲིད་པའི་ཕྱིར། མཐོང་ལམ་
ཐོབ་ནས་མྱང་འདས་མ་ཐོབ་བར་དུ་ཡང་ཟེར་མི་རུང་སྟེ། ཐེག་གཅིག་ལྟར་ན་སྒྲས་ཟིན་དེ་ལྟར་བཀྲལ་ཏེ་སྒྲ་ཇི་བཞིན་པར་འདོད་རུང་ཙམ་ཡོད་ཀྱང༌། ལུགས་འདིར་དེ་ལྟར་བྱས་ན་ཚིག་གི་ནུས་པས་མཐར་ཐུག་ཐེག་གཅིག་བསྟན་པར་འགྲོ་བ་ལས། ཐེག་གསུམ་གྱི་ཁུངས་སུ་མི་འགྲོ་བའི་ཕྱིར་ཟེར་ཡང༌། དེ་མཐོང་ལམ་ལ་བྱེད་དེ། མདོ་སྡེ་རྒྱན། རྒྱན་སྣང༌། མཛོད་སོགས་དུ་མར་མཐོང་ལམ་གྱི་རྣམ་གྲངས་སུ་གསུངས་པའི་ཕྱིར། དེས་ན་བྲིས་ངན་པར་གོམས་པ་བསྒྱུར་དཀའ་བ་ལྟར་མཐོང་ལམ་དུ་སླེབས་ནས་ཕལ་ཆེར་ཐེག་ཆེན་དུ་མི་འཇུག་པའི་དོན་ནོ། །བྱེ་སྨྲ་རྣམས་བཟོད་པ་ནས་མི་འཇུག་པར་འདོད་དེ། གྲངས་མེད་གསུམ་གྱི་རིང་ལ་ལས་ཉོན་གྱི་དབང་གིས་སྐྱེ་དགོས་པ་ངན་འགྲོའི་མྱ་ངན་འདས་པ་གཉིས་འགལ་བར་འདོད་པའི་ཕྱིར། ཁ་ཅིག །དེ་ནས་ཐེག་དམན་དུ་རིགས་ངེས་པའི་རྒྱུ་མཚན་གྱིས་ཡིན་ཟེར་བ་རྟགས་ཆོས་ཐ་མི་དད་དོ། །ཐེག་གཅིག་ལྟར་ན་ལུང་འདི་དྲང་ངེས་གང་ཡིན་ཞེ་ན། གསེར་འཕྲེང་དང༌། ཡིག་ཆར་ཡུལ་ངེས་ཀྱི་མདོར་མཛད་ལ། འགྲེལ་ཆེན་དང་རྣམ་བཤད་དུ་ཁྱབ་པའི་མདོར་མཛད་པས་དཔྱད་གཞི་ཆེའོ། །༼༦༢བ༽ ༼༥༽ གཞན་ཡང༌། སྟོན་པ་འདའ་ཚུལ་སྟོན་ཁར་གསུངས་པའི་འདུལ་བ་མདོར་བསྡུས་༼ཆི༢༽འདིའི་དགག་བཅས་རྣམས་ལ་མི་རུང་མཐུན་ཡང་ཡོད་མོད་ཀྱི་སྔ་རབས་པ་རྣམས་ལ་གནང་བཅས་ཀྱི་སྒོ་ནས་༼༥༽རུང་མཐུན་དུ་གྲགས་པ་དེ་ཆོས་ཅན། ༼༦༣ན༽ ༼༣༽ རྒྱུད་བླ་མ་ལས། དེ་ལྟར་དེ་ནི་མཉམ་བཞག་ནས། །སླར་ཡང་བླ་མའི་རྒྱུད་འདིར་ནི། ། ༼ཇི༢༽ཉེས་པ་ལྔ་དག་སྤངས་
པའི་ཕྱིར། །བདེ་གཤེགས་སྙིང་པོ་ཞེས་སུ་བརྗོད། ། ༼༣༽ཅེས་དང༌། དེའི་དར་ཊཱིཀ་ལས་སླར་ཡང་བླ་མའི་ རྒྱུད་འཁོར་ལོ་གསུམ ་པ་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལ་སོགས་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར། ༼ཉི༢༽འདི་ནི་རྡོ་རྗེ་རྩེ་མོ་ལས། འཁོར་བ་རྒྱུད་དུ་འདོད་པ་སྟེ། །མྱ་ངན་འདས་པ་རྒྱུད་ཕྱི་མ། །ཞེས་གསུངས་པ་ལྟར། གཞིའི་རྒྱུད་སྦྱང་གཞི་སེམས་བདེན་སྟོང་དང༌། སྦྱངས་འབྲས་དྲི་བྲལ་གྱི་དབྱིངས་གཉིས་དྲི་མས་བསྒྲིབས་མ་བསྒྲིབས་ཀྱི་ཁྱད་པར་ཡོད་ཀྱང༌། རང་བཞིན་འགྱུར་བ་མེད་པའི་ཕྱིར་རྒྱུད་ཅེས་བཏགས་ཏེ། རྒྱུད་ཕྱི་མ་ལས། རིགས་ནི་རྒྱུད་ཅེས་བྱ་བར་བརྗོད། །ཅེས་དང༌། མཐའ་དཔྱོད་མྱུ་གུར་ཡང༌། རྒྱུད་ནི་རྒྱུན་ཆགས་པ་ཡིན་ལ་དེ་ལ་ལམ་གྱི་བྱེད་པ་འཇུག་པའི་གཞིའི་རྒྱུད་དང༌། ཞེས་གསུངས་པའི་ཕྱིར། སེམས་བདེན་སྟོང་དེ་ཉིད་སྟོན་པའི་མདོ་སྔ་མ་ཤེར་མདོ་དང༌། ཕྱི་མ་སྙིང་པོའི་མདོ་ཡིན་ཞིང༌། འདིར་དེའི་དོན་འཆད་པས། རྩ་འགྲེལ་གཉིས་ཀར་བརྗོད་བྱའི་སྟོང་ཉིད་དང་གཞུང་གི་མིང་བཏགས་སོ། ། ༼༥༽ས་སྡེ་ལྔ། སྡོམ་རྣམ་གཉིས་དང༌། པྲ་ཀ་ར་ཎ་སྡེ་བརྒྱད་དང༌། རྣམ་བཤད་རིགས་པ་གང་དུ་ཡང་མདོ་དེས་བདེན་གྲུབ་སྟོན་པར་དྲངས་པ་མེད་པའི་ཕྱིར་དང༌། ཐོགས་འགྲེལ་གྱིས་བདེན་མེད་བསྟན་ཚུལ་འཆད་པར་འགྱུར་བའི་ཕྱིར་ཏེ། ༼ཏི༢༽པྲ་ཀ་ར་ཎ་སྡེ་བརྒྱད་ཀྱི་ངེས་པ་རྒྱུད་སྡེ་སྤྱི་རྣམ་དུ་བཀག་ཀྱང༌། གཞུང་ཕལ་མོ་ཆེར་རྣམ་བཤད་རིགས་པ་སོགས་རང་རྐང་ལྔ་དང༌། གཞན་འགྲེལ་གསུམ་དུ་བཤད་དོ། །
འོན་ཀྱང་པཎྚི་ཏ་མུ་ཎི་ཤྲིས། ཕུང་པོ་ལྔའི་རབ་བྱེད། ཉི་ཤུ་པ། སུམ་ཅུ་པ་གསུམ་བྱམས་པས་མཛད་པར་གསུངས། ཤན་ཏི་པས། ཤེར་ཕྱིན་མན་ངག་ཏུ་ཀུན་བཏུས་བྱམས་པས་མཛད་པར་གསུངས་པ་ལྟ་བུ་བྱམས་པ་དང་འབྲེལ་བའི་ཆོས་ཉི་ཤུ་པོ་འདིའི་གྲངས་དང་མཛད་པ་པོ་ལ་བཤད་ཚུལ་མང་བས། འདི་ཡང་རྣམ་བཤད་རིགས་པ་སྡེ་བརྒྱད་ལས་ལོགས་སུ་བྱས་པའི་བཤད་ཚུལ་ཞིག་ལ་བརྟེན་ནམ་དཔྱད་པར་བྱའོ། །༼༦༣བ༽ ༼༣༽ དྲི་ཞུས་ཀྱི་མདོ་ལས། ཕུང་པོ་རྣམས་ཀྱི་ཇི་ལྟ་བ་དེ་བཞིན་དུ་སྐྱེ་མཆེད་རྣམས་དང་རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། ༼ཐི༢༽གནས་དབང་པོ་རྒྱས་བྱེད་ཁམས་ཀྱི་ཟས། གནས་པ་སེམས་སོགས་རྒྱས་བྱེད་རག་པའི་ཟས་ཏེ་མ་མ་ལྟ་བུ་གཉིས་དང༌། སྲིད་པ་ཕྱི་མ་འཕེན་པའི་སེམས་པའི་ཟས་དང༌། འཕངས་ནས་སླར་ཡང་གཞན་འགྲུབ་བྱེད་རྣམ་ཤེས་ཀྱི་ཟས་གཉིས་ནི་མ་ལྟ་བུ་སྟེ། ༼༤༽ཟས་རྣམས་ཀྱི་བར་ཡང་བཀའ་སྩལ། ༼༥༽དེར་མ་ཟད། ༼དི༢༽བཟུང་བ་ཡུལ་གྱི་ཁམས་དྲུག །རྟེན་དབང་པོའི་ཁམས་དྲུག །བརྟེན་པ་རྣམ་ཤེས་ཀྱི་ཁམས་དྲུག་སྟེ། ༼༥༽ཁམས་བཅོ་བརྒྱད་དང༌། ༼༦༤བ༽ ༼༣༽ བདེན་བཞིའི་ཆོས་འཁོར་ཡང་སངས་རྒྱས་པའི་ཚུལ་ནས་འདའ་ཚུལ་བར་དུ་བསྟན་པར་ལུང་སྡེ་བཞི་ན་བསྙོན་མེད་དུ་བཤད་པའི་ཕྱིར། ༼ནི༢༽དེའི་ཚེ་རྟག་ཏུ་བདེན་བཞི་ལ་བླང་དོར་གྱི་ཚུལ་ལས་བརྩམས་ཏེ་ཆགས་སོགས་སྨད་ནས་ཡིད་འབྱུང་བསྐྱེད་དེ་གླེང་གཞི་བསླངས་ནས་བཅས་པ་མཛད་ཅིང༌། འདའ་བ་ལ་ཉེ་བའི་ཚེ་ཡང་བདེན་བཞིའི་གཟུགས་བརྙན་སྲིད་པའི་འཁོར་ལོ་བྲི་
བར་གསུངས་པའི་ཕྱིར། སུས་ཀྱང་དེའི་བར་དུ་མ་གསུངས་ཞེས་ཁྲེལ་བོར་བའི་ཨུ་ཚུགས་བྱར་མེད་པའི་དོན་ནོ། །འོན་ཀྱང་དེ་ལྟར་སྟོན་ཚད་བདེན་བཞིའི་ཆོས་འཁོར་དུ་བྱས་ན་གྲགས་པ་དང་འགལ་བས་དཔྱད་གཞི་ཅུང་ཟད་ཡོད་ཀྱང་སླ། ༼༥༽རིན་ཆེན་འཕྲེང་བ་ལས། བརྡ་སྤྲོད་པ་དག་ཇི་ལྟ་བར། ། ༼པི༢༽ཡི་གེའི་ཕྱི་མོ་ཀློག་འཇུག་ལྟར། །ཞེས་ཀ་ཁ་རྩ་བ་ཡིན་པས་དང་པོར་དེ་ནས་བཟུང་སྟེ་སླ་རིམ་ནས་སློབ་པ་དཔེར་མཛད་ཅིང་མ་དཔེ་ཡང་ཁུངས་གཏུགས་ས་ཡིན་པས་ཀླུ་སྒྲུབ་ལ་ཕྱི་མོའི་དབུ་མ་པ་ཟེར་བ་ལྟར་ཕྱི་མོའི་སྒྲ་འཇུག་གོ །༼༦༥ན༽ ༼༢༽ དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ལས། ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་ཀྱི་འཁོར་ལོ་བསྐོར་ཞིང་ཐེག་པ་གསུམ་སྟོན་པར་མཛད་དེ། བཅུ་གཉིས་པ་ནག་པ་ཉ་ལ་ཤྲཱི་དྷཱ་ནྱ་ཀ་ཊ་ཀར་ཆོས་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་གསུངས་སོ། །ཞེས་གསུངས་པའི་ཕྱིར། ༼ཕི༢༽མཁས་གྲུབ་རྗེའི་རིགས་ལྡན་དྲིས་ལན་དུ། ལོའི་དང་པོ་རབ་བྱུང༌། ཟླ་བའི་དང་པོ་ནག་ཟླ། རྒྱུ་སྐར་དང་པོ་ཐ་སྐར། ཞེས་གསུངས་པ་ལྟར། ལོ་རྒན་དྲུག་ཅུ་རྫོགས་མཐར་གཟའ་སྐར་ཐམས་ཅད་སྟོང་བར་འཇུག་པའི་རི་མོ་ཤར་རྗེས་ངེས་པ་ཐམས་ཅད་ཀྱི་མགོ་རྩོམ་པ་ན་ཡར་ངོ་སྔོན་འགྲོ་ཅན་གྱི་ནག་ཟླ་ནས་ལོ་མགོ་འཛིན་པ་ཞིག་ཀྱང་ཡོད་ལ། དཔྱིད་ཟླ་འབྲིང་པོའི་མར་ངོ་ལ་ལུག་ཁྱིམ་གྱི་རི་མོ་ཤར་བའི་ཚེ་མར་ངོ་སྔོན་འགྲོ་ཅན་གྱི་ས་ག་ཟླ་བ་ནས་ལོ་མགོ་འཛིན་དགོས་པས། འདིར་
ཕྱི་མ་སྟེ། ཧོར་ཟླ་གསུམ་པའི་ཚེས་བཅུ་དྲུག་ནས་ས་ག་ཟླ་བ་དང་ལོ་མགོ་བཟུང་སྟེ་མཇུག་ཏུ་སྐར་མ་ནག་པས་ཟླ་བ་ཉ་བ་དང༌། ནག་ཟླ་དང༌། ལོ་རྫོགས་པ་ཡིན་པས་དེའི་དབང་དུ་བྱས་ན་ནག་ཟླ་བཅུ་གཉིས་པ་ཡིན་ཞིང༌། དེའི་མཇུག་ཏུ་རྩ་རྒྱུད་ཟླ་བཟང་ལ་གསུངས་པ་ཡིན། ཕྱི་དེ་ལོ་ཞེས་པ་སྤྱི་སྐད་བྱས་ན་ལོ་དེར་གཏོགས་ཀྱི་ནག་ཟླ་ཡིན་ཚེ་ས་གའི་སྔོན་དུ་འགྲོ་ཞིང་ས་གའི་རྗེས་ཀྱི་ནག་ཟླ་ཡིན་ན་ལོ་རྗེས་མའི་ཁུངས་སུ་འགྲོ་སྙམ་པ་འགོག་ཆེད་ཡིན་ནམ་དཔྱད་ལ། སྤྱིར་ནི་ཕྱི་དེ་ལོ་ཕྱི་ལོ་དང༌། ཕྱི་དེ་ཉིན་ཕྱི་ཉིན་ལ་འཇུག་པ་གཙོ་ཆེའོ། །དྲང་ངེས་རྣམ་འབྱེད་ཀྱི་མཐའ་དཔྱོད་དུ་ཟུར་ཙམ་གསལ། ༼༥༽འདི་ལ་རང་ཕྱོགས་ཀྱི་ས་ག་ཟླ་བ་མར་ངོ་སྔོན་འགྲོ་ཅན་གྱི་ལོ་མགོ་འཛིན་པས་གཞན་འི་བཤད་ཚུལ་མང་མོད་ཀྱང་མ་སྤྲོས། ༼༦༥བ༽ ༼༡༽ བསྙེན་རྫོགས་བཅུའི་སངས་རྒྱས་རང་བྱུང་གིས་རྫོགས་པའི་རྗེས་མཆོག་ཟུང་ཚུར་ཤོག་གིས་རྫོགས་པའི་སྔོན་ལ་མ་བྱུང་བར་ཐལ། ༼༢༽རྟགས་ཁྱབ་ཕྲན་ཚེགས་ཀྱིས་གྲུབ་བོ། ། ༼བི༢༽དེ་ཡང་ཕྲན་ཚེགས་ལས། ཤམ་ཐབས་ཟླུམ་པོར་བགོ་བར་བྱའོ། །ཞེས་བྱ་བ་ནི་དང་པོར་བཅས་པའི་འདུལ་བ་ཡིན་ལ། ཆོས་གོས་ཟླུམ་པོར་བགོ་བར་བྱའོ། །ཞེས་བྱ་བ་ནི་བར་དུ་བཅས་པའི་འདུལ་བ་ཡིན་ཞེས་སོགས་དང༌། བཟང་བྱིན་ལ་བརྟེན་ནས་ཕམ་པ་བཅས་པ་གསུམ་པར་གསུངས་པ་གང་ཞིག །བསྡུས་རྗེས་ཀྱི་ལུང་ལས། ཕམ་པ་དང་པོར་བཤད། ཤམ་ཐབས་དང་ཆོས་གོས་ཀྱི་དེ་ལྕི་ཡང་གི་སྒོ་ནས་ཉེས་བྱས་བརྒྱ་རྩ་བཅུ་གཉིས་ཀྱི་གྲངས་སུ་བཤད་པ་སྡེ་ལྔའི་མཇུག་ཏུ་འོང་བའི་ཕྱིར། ༼༦༦ན༽ ༼༢༽ དེ་སྐད་དུ། ལེགས་
བཤད་སྙིང་པོ་ལས། དགོངས་འགྲེལ་ལས་འཁོར་ལོ་རིམ་པ་གསུམ་གསུངས་པ་ནི་འཁོར་གྱི་འདུ་ཐེབས་དང༌། སྟོན་པའི་སྐུ་ཚེའི་ཚིགས་ལ་སོགས་པས་འཇོག་པ་མིན་གྱི། ཞེས་གསུངས་པའི་ཕྱིར། ༼མི༢༽འདི་ལ་ཁ་ཅིག །སྐུ་ཚེ་དུམ་བུ་གསུམ་བྱས་པ་ཡིན་ཟེར། ལ་ལ་སངས་རྒྱས་ཕྱིན་ཆད་ཀྱི་སྐུ་ཚེ་ཆ་མཉམ་པར་གསུམ་དུ་ཕྱེ་བ་ཡིན་ཟེར་བ་རྡོལ་གཏམ་མོ། །ཡིག་ཆ་རང་གི་ལུང་དོན་འདི་ལྟར་འབྲེལ་ཚོད་དུ་སྣང་སྟེ། འཁོར་ལོ་དང་པོ་བསྐོར་ཡུལ་རྣམས་དུས་གཅིག་ཏུ་འདུས་པ་མ་ཡིན་པར་ནམ་འདུས་སུ་གསུངས་པའི་གནད་ཀྱི་སྐུ་ཚེ་ལ་ཆ་བཞག་སྟེ་འདི་ཡན་ལ་མ་གསུངས་འདི་ཕྱིན་ལ་མ་གསུངས་ཞེས་ཁ་ཚོན་གཅོད་མི་ནུས་ཀྱང་དུས་ཀྱི་སྒོ་ནས་འཁོར་ལོ་གསུམ་བཞག་ཆོག་པ་ནི་ཐུན་མོང་བ་སྤྱི་ལ་གྲགས་ཚོད་དུ་འདི་ཝ་ར་ཎ་སིར་གསུངས། འདི་བྱ་རྒོད་ཕུང་པོར་གསུངས། འདི་མ་ལ་ཡ་དང་ཡངས་པ་ཅན་དུ་གསུངས་ཞེས་གྲགས་ཆེ་བ་དང་བསྟུན་ནས་བཞག་པ་ཡིན་ཏེ། འོག་ཏུ་ཐུན་མོང་གི་སྣང་བ་གཙོ་ཆེ་ཞེས་པའང་དེ་ཡིན་ནོ། །ལྕང་སྐྱའི་གྲུབ་མཐར་ལུང་འདི་ལ་བརྟེན་ནས་འཁོར་ལོ་གསུམ་དུས་ཀྱི་རིམ་པས་འཇོག་པ་མི་འཐད་པར་བསྒྲུབས་ཚུལ་དེར་ལྟོས། ༼༤༽ཐུན་མོང་དང་མང་བ་གཙོ་བོར་བྱས་ན་འཁོར་ལོ་གསུམ་དང་མཛད་པ་བཅུ་གཉིས་རིམ་ཅན་ཡིན་པའི་ཕྱིར། ༼ཙི༢༽ཁོ་ན་རེ། ཚིག་གསལ་དུ་སུམ་ཅུ་རྩ་གསུམ་པའི་མདོ་ལ་བརྟེན་ནས་འཁོར་ལོ་གསུམ་ཅིག་ཅར་མ་གཏོགས་རིམ་ཅན་དུ་བསྐོར་བ་བཀག་ཅིང༌། མཁས་གྲུབ་རྗེས་འཁོར་ལོ་གསུམ་ཅིག་ཅར་བསྐོར་བ་ཡིན་ན་སངས་རྒྱས་མ་ཐག་ནས་མཛད་པ་རྫོགས་ཟིན་པ་ཡིན་པས་དུས་གཉིས་པར་འདའ་
དགོས་སོ། །དེས་ན་རིམ་ཅན་ཁོ་ན་ཡིན་གསུངས། རང་ལུགས་ཅིག་ཅར་བསྐོར་བ་དང༌། དགོངས་འགྲེལ་ལྟར་རིམ་གྱིས་བསྐོར་བ་ཡང་འདོད་པ་མིན་ནམ་ཞེ་ན། དགོངས་འགྲེལ་ལས་རིམ་ཅན་ཁོ་ནའི་བཤད་པ་མཛད་པ་ལྟར་འདོད་པ་དང་འགལ་ཟེར་དགོས་སམ་དཔྱད། ཁ་ཅིག་ཐུན་མོང་བ་ལྟར་ན་ཡང་འཁོར་ལོ་གསུམ་ཅིག་ཅར་བསྐོར་བར་ཐལ། ཟབ་ཞི་སྤྲོས་བྲལ་ཞེས་སོགས་ཀྱི་ཚེ་བརྒྱད་སྟོང་པའི་བརྗོད་དོན་བསྐོར་བ་གང་ཞིག །འགྲེལ་པ་དོན་གསལ་སྟོན་པས་བསྐོར་ཚུལ་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། དངོས་སུ་གསུངས་པ་རྣམས་ལ་གསུངས་པ་གཙོ་ཆེ་བའི་ཕྱིར། ༼༦༧ན༽ ༼༥༽ ཡང་ཁ་ཅིག་ན་རེ། དགོངས་འགྲེལ་རིལ་བོ་སྟེ་ཚིག་ཡོངས་སུ་རྫོགས་པ་དགོངས་འགྲེལ་ནས་བཤད་པའི་ལེགས་ཕྱེའི་ཆོས་འཁོར་ཡིན་པར་ཐལ། དགོངས་འགྲེལ་དེ་ཡིན་པའི་ཕྱིར་ན་མ་ཁྱབ། ༼ཚི༢༽དེ་ལ་ལེའུ་དུ་ཡོད་དང༌། བསྟན་བཅོས་བཤད་ཐབས་ལྔ་ལྡན་ཞིག་ཡིན་མིན་སོགས་ནི་ད་ལྟའི་རྩོད་པ་ཡང་རབ་བོ། །༼༦༧བ༽ ༼༡༽ དགོངས་འགྲེལ་གྱི་ལེའུ་གཞན་མིན་ཞེས་པའི་དོན་ཡིན་པའི་ཕྱིར། ༼ཛི༢༽བྱང་སེམས་བཅུ་ནི། དོན་ཟབ་དགོངས་པ་ངེས་འགྲེལ་དང༌། ཚུལ་བཞིན་ཀུན་ཏུ་འདྲི་བ་དང༌། ཆོས་འཕགས་དང༌། བློ་གྲོས་རྣམ་དག་དང༌། བློ་གྲོས་ཡངས་པ་དང༌། ཡོན་ཏན་འབྱུང་གནས་དང༌། དོན་དམ་ཡང་དག་འཕགས་དང༌། བྱམས་པ། སྤྱན་རས་གཟིགས། འཇམ་དབྱངས་རྣམས་སོ། །ལེའུར་བྱེད་ཚེ། དང་པོ་གཉིས་ཀྱིས་ཐུན་མོང་དུ་ཞུས་པས་ལེའུ་གཅིག་ཡིན་ལ། དེའི་གོང་ན་གླེང་གཞིའི་ལེའུ་ཡོད་པས་ལྷག་མ་གྲངས་ལྟར་རོ། །འདི་ལ་དཔྱད་རྒྱུ་ཞིག་ཡོད། ༼༣༽ལེགས་
བཤད་སྙིང་པོ་ལས། ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་ཞེས་ཉེ་བའི་ཚིག་གིས་སྨོས་པ་ནི་དེ་མ་ཐག་ཏུ་སྨོས་པའི་ལེགས་པར་རྣམ་པར་ཕྱེ་བའི་འཁོར་ལོ་དགོངས་འགྲེལ་དང་དེ་བཞིན་དུ་ཕྱེ་བ་རྣམས་ལ་ཟེར་བ་ཡིན་གྱི། ཞེས་གསུངས་པའི་ཕྱིར། ༼ཝི༢༽ཁ་ཅིག །བརྗོད་བྱའི་ཆ་ནས་ཉེ་ཚིག་ཐམས་ཅད་ལ་འཇུག་ཀྱང༌། རྗོད་བྱེད་ཀྱི་ཆ་ནས་དགོངས་འགྲེལ་དང་དོན་དམ་ཡང་དག་འཕགས་ཞུས་གཉིས་ལ་འཇུག་ཅེས་འཆད་པ་སྙིང་པོ་ཡོད་མེད་དཔྱད་པར་བྱའོ། ། ༼༥༽ལེགས་ཕྱེའི་དོན་དེ་ཡིན་པའི་ཕྱིར། ༼ཞི༢༽རང་རྒྱུད་པ་ཡང་ཚིག་ཟིན་ལ་དེ་ལྟར་ཕྱེ་བས་འཇོག་གི །བདེན་མེད་དང་རང་མཚན་གྱིས་གྲུབ་པ་ཁྱད་པར་ཕྱེ་ཟེར་བ་མདོ་ལ་སྦྱར་ན་འཐད་དཀའ་འོ། ། ༼༦༨ན༽ ༼༥༽ བར་ཐ་གཉིས་ཀྱང་རང་རང་གསུངས་ནས་འདའ་ཚུལ་གྱི་བར་དུ་གསུངས་པའི་ཕྱིར། ༼ཟི༢༽འདིའི་ཚིག་གི་ནུས་པ་ཞིབ་ཆ་ཡོད་དམ་དཔྱད།༄༄༄༄༄༄༄༼༦༩བ༽ ༼༣༽ གཞན་ཡང་དབུ་སེམས་ཀྱི་ཐུན་མོང་མིན་པར་ཆོས་འཁོར་ཅིག་ཅར་བསྐོར་བ་མི་འཐད་པར་ཐལ། ཀུན་དགའ་བོས་དེ་ལྟར་མ་ཐོས་པའི་ཕྱིར། དེར་ཐལ། དེས་རིམ་ཅན་ཁོ་ནར་ཐོས་པའི་ཕྱིར། དེར་ཐལ། ༼འི༢༽དུས་གཅིག་ན་བྱ་རྒོད་ཕུང་པོའི་རི་ལ་བཞུགས་ཏེ་ཞེས་པ་ཕྱི་མ་དང་སྦྱར་ཏེ་བཤད་ཚུལ་གཅིག་ཀྱང་བརྒྱད་སྟོང་འགྲེལ་ཆེན་དང༌། པཎྚི་ཏ་འཇམ་དཔལ་རྡོ་རྗེས་མཛད་པར་གྲགས་པའི་རྒྱན་གྱི་འགྲེལ་པ་སོགས་ལས་གསུངས་ལ་སྔ་མ་དང་སྦྱར་ཏེ་བཤད་ཚུལ་ནི་ནང་གི་དོན་རྟོགས་ཤེས་རབ་ལྡན་པའི་ཚུལ་འདི་ཁོ་ན་བཞིན་གསུངས་ཞེས་ཆོས་ལ་ཆད་ལྷག་གི་ཉེས་པ་མེད་པར་ངེས་
པ་སྐྱེ་ཆེད་འདི་སྐད་དང༌། སློབ་དཔོན་གྱི་མན་ངག་ལྡན་ཚུལ་སངས་རྒྱས་ལས་དངོས་སུ་ཐོས་པས་བདག་གིས་དང༌། ཁེངས་སྐྱུངས་ཏེ་དོན་མ་རྟོགས་པར་ཚིག་ཙམ་ཡིན་པས་ཐོས་པ་དང༌། དུས་གཅིག་ཅེས་པ་ཆོས་དང་གང་ཟག་ཐོས་པ་གསུམ་ལ་སྦྱོར་ཚུལ་འོག་ཏུ་འབྱུང་ངོ༌། ། ༼༧༽འདིས་ནི་བསམ་མི་ཁྱབ་ཀྱི་ཚད་མའི་སྐྱེས་བུར་བསྟན་པའི་ཕྱིར་ཏེ། ༼ཡི༢༽འདིས་ཚད་མའི་སྐྱེས་བུར་བསྟན་ལུགས་བརྒྱད་སྟོང་དོན་བསྡུས་ན་གསལ། ༼༧༠བ༽ ༼༢༽ ཀུན་དགའ་བོའི་མདོ་ལས། བདག་གིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་ལྷག་ནི་བཅོམ་ལྡན་འདས་ལས་བཟུང༌། གཉིས་ནི་དགེ་སློང་དག་ལས་སོ། ། ༼རི༢༽འདི་ལ་རྟོག་གེ་འབར་བ་གྲུབ་མཐའ་ཆེན་མོ་མཆིམས་མཛོད་རྣམས་སུ་དྲངས་པ་ལས། བདག་གིས་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་ཞིག་ནི་བཅོམ་ལྡན་འདས་ལས་བཟུང༌། ཞེས་འབྱུང་སྟེ། བྱེ་སྨྲ་སྤྱིའི་འདོད་ཚུལ་ནི། ལྕང་སྐྱའི་གྲུབ་མཐར་དེ་འཆད་པའི་སྐབས་སུ་བརྒྱད་ཁྲི་བཞི་སྟོང་ཞེས་བཤད་པ་ལྟར་ཡིན་ཀྱང༌། ཁ་ཆེ་བ་ཁོ་ནས་བརྒྱད་ཁྲི་ཙམ་དུ་འདོད་ལ། དེ་འདྲའི་དབང་གིས་སྡེ་བ་སོ་སོའི་ལུགས་འདོད་ཚུལ་ཐ་དད་པའང་དུ་མ་ཞིག་འོང་བར་སྣང་བས། དེ་འདྲ་ཞིག་གམ་འགྱུར་ཁྱད་ཡིན་དཔྱད་པར་བྱའོ། ། ༼༣༽ཞེས་གསུངས་པའི་ཕྱིར་ན་སློབ་དཔོན་འདི་ལྟར་ན་མ་ཁྱབ་སྟེ། དཔལ་འཕྲེང་སེང་གེའི་ང་རོའི་མདོ་ལྟ་བུ་སངས་རྒྱས་ལ་སླར་ཡང་ཞུས་པའམ་སངས་རྒྱས་ཀྱི་མཐུས་དགེ་སློང་གཞན་ལས་ཐོས་པ་ཡང་སངས་རྒྱས་ལས་ཐོས་པ་ཡིན་པའི་ཕྱིར་ཏེ། ༼༧༡ན༽ ༼༡༽ དེ་ལས་ཀྱང་རྟོག་གེ་འབར་བ་ལས། ཐེག་པ་ཆེན་པོ་
སངས་རྒྱས་ཀྱིས་གསུངས་པ་ཡིན་ཏེ། རྩ་བའི་སྡུད་པར་བྱེད་པ་པོ་ཀུན་ཏུ་བཟང་པོ་དང༌། འཇམ་དབྱངས་དང༌། གསང་བའི་བདག་པོ་དང༌། བྱམས་པ་ལ་སོགས་པ་རྣམས་ཀྱིས་བསྡུས་པའི་ཕྱིར་རོ། །བདག་ཅག་གི་རྩ་བའི་སྡུད་པར་བྱེད་པ་པོ་ཉན་ཐོས་ནི་མ་ཡིན་ཏེ། ཐེག་པ་ཆེན་པོའི་གསུང་རབ་ནི་དེ་དག་གི་སྤྱོད་ཡུལ་མ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ༼ལི༢༽ཞིབ་ཏུ་ཤེས་པར་འདོད་ན། བླ་མ་ཀུན་དགའ་པར་ཏ་ལི། །སྡུག་བསྔལ་ཕུང་པོ་ས་བ་ཏི། །འཆར་བྱེད་སྟོང་པ་འཆར་བ་དང༌། །གང་པོ་སྦང་བ་རམས་པ་དང༌། །ཞེས་སོགས་ཀྱི་ཐད་ཀྱི་རྟོག་གེ་འབར་བའི་ལེའུ་བཞི་པ་ཉན་ཐོས་ཀྱི་དེ་ཉིད་གཏན་ལ་དབབ་པ་ལས་ཤེས་པར་བྱའོ། ། ༼༧༽དེ་ལྟར་ན་ལོ་བཞི་བཅུའི་ཕྱེད་ལ་ཆོས་ཀྱི་ཕུང་བོ་ཉིས་སྟོང་ལས་མང་གསུངས་དགོས་པའི་ཕྱིར་ཏེ། རྣམ་བཤད་རིགས་པ་ལས། དུས་དེ་སྲིད་དུ་བཞི་བཅུ་ཆ་བས་ཀྱང་ཉུང་བའི་ཆོས་བཤད་པ་ནི་མི་རུང་ངོ༌། །ཞེས་གསུངས་པའི་ཕྱིར། ༼ཤི༢༽འདི་ལ་ཁ་ཅིག་ཀུན་དགའ་བོ་འཁོར་དུ་འོངས་ནས་ལོ་ཉི་ཤུ་ལྷག་ཙམ་བཞུགས་ལ། སྤྱིར་སྟོན་པ་སངས་རྒྱས་ནས་ལོ་བཞི་བཅུ་ལྷག་བཞུགས་པས་ཕྱེད་སྔ་མ་ཉི་ཤུ་ལ་རྗེས་ཀྱི་ལོ་ཉི་ཤུར་གསུངས་པ་ལས་ཉུང་མི་རིགས་ཟེར་བ་ལྟར་ན། ཕྱིས་ཀྱི་བརྒྱད་ཁྲི་ལྟར་སྔར་གྱི་བརྒྱད་ཁྲི་སྟེ་འབུམ་དང་དྲུག་ཁྲིར་འགྱུར་རོ། །གལ་ཏེ་འདོད་ན་ཚད་ལ་ཞིབ་ཆ་གྱིས། རང་ལུགས་ནི། སྔར་གསུངས་པ་རྣམས་དགེ་སློང་དག་ལས་ཐོས་པའི་དབང་དུ་བྱས་ཀྱང༌། ཀུན་མ་ཚང་བ་དཔྱད་པས་འགྲུབ་པར་ཐལ། ལོ་དེ་སྙེད་ཅིག་ཏུ་
ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཆ་བཞི་བཅུར་བྱས་པའི་ཆ་གཅིག་ཀྱང་མ་གསུངས་པ་མི་སྲིད་ལ། དེའི་ཆ་གཅིག་ལ་ཡང་ཉིས་སྟོང་ལས་ཅུང་ལྷག་དགོས་ན། ཉིས་སྟོང་ལས་མ་བཟུང་བར་རང་ཉིད་ཀྱིས་བཤད་པའི་ཕྱིར། ༼༧༢ ན༽ ༼༤༽ གཞན་ཡང༌། དེ་དག་ལ་དེ་བཞིན་གཤེགས་པས་ཆོས་སྟོན་པའི་བྱ་བ་རྫོགས་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་མི་ནུས། ༼སི༢༽འདི་གནད་ཆེ་སྟེ། ཐེག་གསུམ་འདོད་པའི་སེམས་ཙམ་པ་ལྟར་ན་ཀུན་དགའ་བོས་ཆོས་ཕུང་གཅིག་རྫོགས་པར་ཤེས་ལ། ཉོན་མོངས་པ་སྣ་གཅིག་སྤངས་ཙམ་གྱི་གཉེན་པོ་ཚང་བས་ཀྱང་ཆོས་ཕུང་རྫོགས་པ་ཡིན་ཏེ། ཞི་བ་བགྲོད་པ་ལྟ་བུའི་ཉོན་མོངས་སྤངས་ཙམ་གྱིས་རང་གི་འདོད་པ་རྫོགས་པའི་ཕྱིར་རོ། །ཐེག་གཅིག་ལྟར་ན་དེ་ཙམ་གྱིས་རང་གིས་ལམ་སྒོམ་པའི་བྱ་བ་དང༌། སྟོན་པས་ཆོས་སྟོན་པའི་མཛད་པ་རྫོགས་པ་མ་ཡིན་པས། ཆོས་ཕུང་གཅིག་རྫོགས་པ་དང༌། གཉེན་པོ་ཆ་ཚང་བ་ལ་བག་ཆགས་དང་བཅས་པ་སྤོང་ཚུལ་ཚང་དགོས་པས་ཉན་ཐོས་ཀྱིས་མི་ཤེས་ཏེ། གྲུབ་མཐའ་ཉིས་བརྒྱ་རེ་གཅིག་པར་ལྟོས། ༼༧༢བ༽ ༼༤༽ དེ་དག་གིས་དབུ་མ་པའི་ལུགས་ཀྱི་དེ་གསུམ་གཙོ་བོ་དང༌། སེམས་ཙམ་པའི་ལུགས་ཀྱི་དེ་གསུམ་ཞར་བྱུང་དུ་བསྟན་པའི་མདོ་གཉིས་གཉིས་ཡོད་པའི་ཕྱིར། ༼ཧི༢༽འདི་ལ་བརྟེན་ནས་ཁ་ཅིག །ཚིག་ལ་ཆ་འབྱེད་ཟེར་ན། འོ་ན་དབུ་མ་པའི་དེ་གཙོ་བོ་དང༌། སེམས་ཙམ་པའི་དེ་ཞར་ལ་སྟོན་པའི་མདོ་ཐ་དད་པར་ཐལ། ཁྱོད་ཀྱིས་དེ་མདོ་གཉིས་གཉིས་ཞེས་པའི་དོན་དུ་འདོད་པའི་ཕྱིར། འདོད་ན། ཕྱི་མའི་དངོས་བསྟན་གཙོ་བོ་མེད་པར་ཐལ། སེམས་
ཙམ་པའི་དེ་ཞར་བྱུང་གང་ཞིག །སྔ་མ་ལས་ལོག་ཡིན་པའི་ཕྱིར། རྟགས་ཁས། གལ་ཏེ་འདོད་ན། མདོ་སྤྱི་ལ་ལྟོས་པའི་ཞར་བྱུང་དུ་སྨོས། འགའ་ཞིག་དགོངས་འགྲེལ་ལས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ཞེས་སོགས་དང༌། ལང་གཤེགས་ལས། ཕྱི་རོལ་སྣང་བ་ཡོད་མིན་ཏེ། །ཞེས་སོགས་དང༌། རྒྱན་སྟུག་པོ་བཀོད་པ་ལས། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །ཞེས་སོགས་སེམས་ཙམ་པའི་ཐུན་མོང་མ་ཡིན་པའི་ལྟ་བ་སྟོན་པ་རྣམས་ཟུར་དུ་འབྱེད་གསུངས་པའང་དཔྱད་ན་ཆེས་མི་འཐད་པར་ཐལ། ལེགས་པར་ཕྱེ་བ་མཚན་ཉིད་གསུམ་ལ་སྦྱོར་དགོས་ཀྱི། དེའི་ལྟ་བ་སྟོན་པ་གང་ཡོད་མ་ཡིན་པས། དོན་དམ་ཡང་དག་འཕགས་ཀྱི་ལེའུ་ལྟ་བུ་ལ་བྱེད་དགོས་ན། ཚིག་གཅིག་ཀྱང་སོ་སོར་མེད་པའི་ཕྱིར་དང༌། དགོངས་འགྲེལ་གྱི་ལུང་དེ་བློ་གྲོས་ཡངས་པའི་ལེའུ་ན་ཡོད་ཅིང༌། ལེའུ་དེ་ལེགས་ཕྱེའི་ཆོས་འཁོར་དུ་དབུ་སེམས་སུས་ཀྱང་བཤད་པ་མི་སྣང་བའི་ཕྱིར་རོ། །ལུང་དེ་ཡིན་ཀྱང་ལེའུ་རིལ་བོ་ཡིན་མི་དགོས་སྙམ་ན་ལེའུ་རིལ་བོས་ཀུན་གཞི་བསྟན་པར་ཁྱད་མི་སྣང་ངོ༌། ། ༼༥༽དྲང་ངེས་རྣམ་འབྱེད་ལས། དགོངས་འགྲེལ་དང། ལང་གཤེགས་དང༌། ནས། ཆ་ཕྱེ་ནས་མདོའི་དོན་དུ་འཇོག་གོ །ཞེས་གསུངས་པའི་ཕྱིར། ༼ཨི༢༽འདི་ཡང་འཕགས་སེང་མ་གཏོགས་པའི་རྣལ་འབྱོར་སྤྱོད་པའི་དབུ་མ་པ་རྣམས་ཀྱི་ལུགས་ཡིན་གྱི། ལེགས་ལྡན་སོགས་སེམས་ཙམ་པའི་དེ་བསྟན་བྱ་ཕལ་བ་ཙམ་དུ་ཡང་མི་བཞེད་པས་ཆ་འབྱེད་མི་དགོས་སོ། །༼༧ན༣༽ ༼༥༽
ཐེག་དམན་གྱི་མདོ་ལས། གཟུགས་ནི་ཅུང་ཟད་བརྟན་པས་དབུ་བ་བརྡོས་པ་འདྲ། །ཚོར་བ་མི་བརྟན་པས་ཆུ་ཡི་ཆུ་བུར་བཞིན། །འདུ་ཤེས་༼ཀུ༢༽ནི་ཡུལ་དང་ཡིད་བྱེད་དང༌། མཚན་མ་སོགས་ཁྱད་པར་དུ་མ་འདུས་པ། བྱེ་མ་སྐྱ་བོ་དང༌། ཉིན་མོའི་ཕྱེད་དང༌། དཔྱིད་དུས་འཛོམས་པས། ༼༥༽སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་རྣམས་ནི་སྙིང་པོ་མེད་པས་ཆུ་ཤིང་བཞིན། །རྣམ་པར་ཤེས་པ་འཇིག་རྟེན་སྣ་ཚོགས་བྱེད་པས་སྒྱུ་མ་ལྟར། །ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ། ། ༼ཁུ༢༽འདི་ལ་ལེགས་ལྡན་གྱི་འདོད་ཚུལ་གྱི་ཐད་ཀྱི་གྲུབ་མཐར་རྩ་ཤེ་རབ་བྱེད་བདུན་པ་ལས་ཞེས་པ་ཡི་གེ་མ་དག་གོ །༼༧བ༣༽ ༼༤༽ དགོངས་འགྲེལ་ལས། ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། ཞེས་གསུངས་པའི་ཕྱིར། ༼གུ༢༽འདིའི་དོན་མཁས་གྲུབ་རྟོགས་དཀའི་སྣང་བར། བར་བའི་གདུལ་བྱ་དབང་པོ་རྣོ་བས་གཞན་གྱིས་དྲང་མི་ནུས་ཀྱང༌། འདི་ཐེག་པ་གང་དུ་བསྒྱུར་རུང་གི་མ་ངེས་པའི་རིགས་ཅན་ཡིན་པ་ལ་གསུངས་ཀྱང༌། རང་ལུགས་རྗོད་བྱེད་ཀྱི་ཐེག་པ་འཁོར་ལོ་དང་པོ་གཉིས་ལ་དཔྱོད་པའི་སྒོ་ནས་ཞུགས་པ་ལ་འདོད་པ་ལེགས་སོ། ། ༼༧ན༤༽ ༼༥༽ དབུ་མ་སྣང་བ་ལས། ངེས་པའི་དོན་ཀྱང་གང་ལ་བྱ་ཞེ་ན། ཚད་མ་དང་བཅས་པ་དང། དོན་དམ་པའི་དབང་དུ་མཛད་ནས་བཤད་པ་གང་ཡིན་པ་སྟེ། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ༼ངུ༢༽ལུང་གི་ཟུར་གཉིས་སྨོས་པ་ལ། ངེས་དོན་དུ་འགྲོ་བ་སེམས་ཙམ་ལྟར་ཚད་གྲུབ་ཙམ་གྱིས་མི་ཆོག་པ་དོན་དམ་གཙོ་བོར་སྟོན་དགོས་
པ་གོ་བའི་དགོས་པ་དང། དོན་དམ་གྱི་སྒྲས་བསྟན་ཚད་ཐམས་ཅད་མ་ཡིན་པར་རང་ལུགས་ཀྱི་དོན་དམ་བདེན་པ་གཙོ་བོར་སྟོན་དགོས་པ་གོ་བའི་དགོས་པ་གཉིས་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། ལུང་དེའི་འཕྲོ་དེ་མ་ཐག་ཏུ། དེ་ལས་ལོགས་སུ་གང་དུ་ཡང་དྲང་དུ་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། གང་དུ་ཡང་ཞེས་མང་ཚིག་སྨོས་པས་སྒྲས་ཟིན་ཡོད་མེད་དང། དེ་ལས་ལོགས་སུ་གནས་ལུགས་ལ་འདྲེན་དགོས་པའི་དྲང་ཚུལ་གཉིས་གསུངས་ཤིང། སེམས་ཙམ་གཅིག་ལས་མི་འདོད་པས་ཆོས་ཐམས་ཅད་ངེས་དོན་དང། དེའི་རྒྱུ་མཚན་གྱིས་སྒྲ་ཇི་བཞིན་པ་ཙམ་ངེས་དོན་གྱི་མདོར་འདོད་དོ། ། ༼༧༽ལེགས་བཤད་སྙིང་པོ་ལས། བསྟན་པ་ལྟར་གྱི་དོན་ཡོད་མེད་ལ་དྲང་ངེས་སུ་བྱེད་ན་སེམས་ཙམ་པ་ལྟར་ན་ཚད་མ་དང་བཅས་པས་ཆོག་ཀྱང་དབུ་མ་པ་ལྟར་ན་དེས་མི་ཆོག་པས་དོན་དམ་པའི་དབང་དུ་མཛད་པ་ཞེས་གསུངས་པའི་ཕྱིར། ༼༧བ༤༽ ༼༡༽ དབུ་མ་སྣང་བ་ལས། འདི་ལ་ཀུན་བཏགས་པའི་ངོ་བོ་ཉིད་ཁོ་ན་རང་བཞིན་ཡིན་པར་རིགས་པ་ཡང་མིན་ཏེ། དེ་ནི་གློ་བུར་བ་ཉིད་ཀྱི་རང་བཞིན་ལས་ཕྱི་རོལ་ཏུ་གྱུར་པའི་ཕྱིར་༼ཅུ༢༽དང་དེ་ལྟར་སྒྲའི་དོན་མི་འཐད་པའི་ཕྱིར་རོ། ཞེས་གསུངས་པའི་ཕྱིར་ཏེ། རང་བཞིན་གྱི་སྒྲ་དོན་མ་ཚང་ཚུལ་ཡང། ཀུན་བཏགས་ནི་བློ་འཁྲུལ་བས་འཕྲལ་དུ་བཏགས་པ་ཙམ་ཡིན་ལ། སྔ་མའི་དོན་ནི་རྩ་ཤེ་རབ་བྱེད་བཅོ་ལྔ་བར། རང་བཞིན་དག་ནི་བཅོས་མིན་དང། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་གསུངས་
པའི་ཕྱིར། ལུང་འདི་ཡང་རྗེ་དགེ་འདུན་གྲུབ་ཀྱི་རྩ་ཤེ་ཊཱིཀ་ཆུང་དང། བ་སོའི་མཆན་ལས་དགག་བྱར་སྦྱར་བ་ལྟར། བྲ་སྟི་དགེ་བཤེས་ཀྱིས་ལྷག་མཐོང་གི་མཆན་དུ་ཡང་བཤད་མོད། འདིར་རང་བཞིན་གནས་ལུགས་ཀྱི་དོན་དུ་བཤད་པ་ཟླ་བའི་ཚིག་གསལ་དང། རྩ་ཤེས་ཊཱིཀ་ཆེན་ཚད་མར་བྱས་སོ། །ལྷག་མཐོང་ཆེན་མོ་དང། སྟོང་ཐུན་ལས། རང་བཞིན་རྒྱུ་དང་རྐྱེན་ལས་ནི། །ཞེས་སོགས་མཐར་ཆགས་སུ་དྲངས་པ་དང། ཕ་རོལ་པོས་ཁྱད་མེད་བྱས་པའི་གནད་ཀྱིས་ཡིན་ཏེ། འདི་ནི་དགག་བྱ་ངོས་འཛིན་ཤེས་འདོད་ཀྱི་ཆེད་དུ་བྲིས་པས་སྤྲོ་བྱ་མང་ཡང་མ་སྤྲོས་སོ། ། ༼༣༽ཡུམ་རྒྱས་པ་ལས། གཟུགས་འདུས་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ནས། གཟུགས་སྐྱེ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། ། ༼ཆུ༢༽འདིའི་ཡང་དག་དོན་དམ་ཡིན་ན་དངོས་སུ་སྦྱར་བར་འགྱུར་བས། རང་བཞིན་ལ་བྱེད། ཁ་ཅིག་སོགས་སྒྲས་བསྡུས་པ་འདིར་བསྟན་འཁོར་ལོ་བར་བར་བཞག་པ་ལ་དགོངས་ཟེར་བ་ནི་བསྙོན་འདེངས་བར་སྣང་ངོ་། །༼༧ན༥༽ ༼༣༽ ལུང་དེའི་དོན་ལེགས་བཤད་སྙིང་པོ་ལས། དགག་བྱ་ལ་ཁྱད་པར་སྐབས་དེར་མ་སྦྱར་བའི་སྐྱེ་བ་མེད་པ་ལ་སོགས་པ་སྒྲ་ཇི་བཞིན་པ་མིན་པས་ངེས་དོན་མིན་ནོ་སྙམ་དུ་མི་བཟུང་སྟེ། ཞེས་པ་ནས། དོན་གྱིས་སྦྱར་ཟིན་པས་དངོས་སུ་མ་སྨོས་པ་དེ་དག་ཀྱང་སྒྲ་ཇི་བཞིན་པའོ། །ཞེས་གསུངས་པའི་ཕྱིར། ༼ཇུ༢༽འདི་དང་མཐུན་པར་ལྕང་སྐྱའི་གྲུབ་མཐར་ཡང། མདོ་དེའི་ནང་ན་དངོས་སུ་སྦྱར་བ་གཅིག་ཡོད་ན་གཞན་ལ་ཡང་སྦྱར་བས་ཁྱབ་པར་གསུངས་
སོ། །འོན་ཀྱང་གྲུབ་མཐའ་ཆེན་མོར། རྡོར་གཅོད་ལས། དེའི་ཚེ་ཆོས་ཀྱང་སྤངས་ན་ཆོས་མ་ཡིན་པ་ལྟ་ཅི་སྨོས། ཞེས་དང། དཀོན་བརྩེགས་ལས། སངས་རྒྱས་པའི་ནུབ་མོ་ནས། མྱ་ངན་འདས་པའི་བར་དུ་ཚིག་གཅིག་ཀྱང་མ་གསུངས་ཞེས་པ་གཉིས་ཁྱད་པར་གཏན་མ་སྦྱར་བ་ལ་གསུངས་ཤིང། མདོ་གཉིས་ཀའི་ནང་ན་དངོས་སུ་སྦྱར་ཡོད་ཀྱང་དཀྱུས་མི་འདྲ་བ་ཡིན་ནམ་དཔྱད། ༼༧བ༦༽ ༼༢༽ མདོ་སྔ་མའི་སྒྲས་ཟིན་ལྟར་ཕ་མ་གསད་བྱ་དེ་བརྗོད་བྱ་ཙམ་ཡང་མིན་ལ་བསམ་དོན་གྱི་སྲིད་སྲེད་༼ཉུ༢༽སྟེ་དཔལ་འབྱོར་ལྷུན་འགྲུབ་ཀྱི་དྲང་ངེས་རྣམ་འབྱེད་ལྟར། སྲིད་པ་ནི་རྣམ་སྨིན་ཡིད་དུ་འོང་མི་འོང་སོ་སོའི་ཐུན་མོང་མ་ཡིན་པའི་རྒྱུ་བྱེད་པས་ཕ་ལྟ་བུ་དང། སྲེད་པ་ནི་གནས་གང་དུ་ཉིང་མཚམས་སྦྱོར་ཀྱང་ཐུན་མོང་དུ་སྲེད་པས་གསོས་འདེབས་པར་འདྲ་བས་མ་ལྟ་བུ་སྟེ། དེ་༼༣༽གཉིས་སྤངས་པ་བརྗོད་དོན་ཡིན་པ་གང་ཞིག །༼༧ན༧༽ ༼༢༽ ཡང་ཁོ་ན་རེ། དགོངས་འགྲེལ་ལས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། ། ༼ཏུ༢༽ཞེས་པའི་དོན། རེད་མདའ་བའི་ཀུན་བཏུས་རྣམ་བཤད་ལེགས་པར་བཤད་པའི་རྒྱ་མཚོ་ལས། འབྲས་བུ་རྣམ་སྨིན་གྱི་ཆ་དེ་འཇིག་རྟེན་པའི་མཁས་པས་མི་དཔོག་པས་ཟབ་པ་དང་ས་བོན་གྱི་ཀུན་གཞི་དེ་རྟེན་ལ་བཏགས་ཡོད་ཙམ་དུ་ཡོད་པས་ཕྲ་བ་དང། ཐོས་བསམ་གྱིས་མངོན་སུམ་དུ་མི་ཤེས་པས་ཟབ་པ་དང། འཇིག་རྟེན་པའི་སྒོམ་བྱུང་གིས་མངོན་སུམ་དུ་མི་ཤེས་པས་ཕྲ་བ་དང། ཉན་རང་གིས་ཤེས་དཀའ་བས་ཟབ་པ་དང། མོས་སྤྱོད་པས་ཤེས་དཀའ་
བས་ཕྲ་བ་སྟེ། ཚུལ་གསུམ་བཤད་ལ། འདི་ལས་འཕྲོས་ཏེ། ཀུན་གཞི་རྟོགས་པ་ལ་སྟོང་ཉིད་རྟོགས་དགོས་ཚུལ་དང། རང་རྒྱལ་གྱིས་ཡན་ལག་བཅུ་གཉིས་རྟོགས་པ་མི་འགལ་ཚུལ་སོགས་ཤེས་པར་བྱའོ། ། ༼༦༽ཀུན་གཞི་སྟོན་ཡུལ་ཆོས་དང་གང་ཟག་གི་བདག་མེད་རགས་པ་གཉིས་སྟོན་རུང་ཡིན་པའི་ཕྱིར་༼ཐུ༢༽འདི་ལ་འོ་ན། ཕལ་ཆེན་པའི་ལུང་ལས། ལེན་པའི་རྣམ་ཤེས་དང། སྲིད་པའི་ཡན་ལག་ཅེས་སོགས་རྣམ་གྲངས་ཀྱི་སྒོ་ནས་ཀུན་གཞི་བསྟན་པ་མ་ཡིན་ནམ་ཞེ་ན། དེའི་ནང་དུ་སྟོན་པའི་ཚིག་ཡོད་ཀྱང་མདོ་རང་གིས་མ་བསྟན་ཟེར་དགོས་ཏེ། རང་རྒྱུད་པ་མན་གྱིས་དམན་མདོར་སྟོང་ཉིད་བཤད་པ་མི་འདོད་ལ། སྲིད་པ་འཕོ་བའི་མདོ་སོགས་ཀྱི་ནང་ན་སྟོང་ཉིད་སྟོན་པའི་ཚིག་ཡོད་པར་བྱང་ས་ལས་གསུངས་པའི་ཕྱིར་རོ། ། ༼༧བ༧༽ ༼༦༽ དེ་གཉིས་གང་ལ་དགོངས་པའི་དགོངས་གཞི་གཅིག་པ་མི་རུང་བའི་ཕྱིར། འདོད་མི་ནུས་ཏེ། ༼དུ༢༽དེ་གཉིས་དགོངས་གཞི་གཅིག་པའི་གནད་ཀྱིས། ཐེག་བསྡུས་སུ་ཀུན་གཞིའི་སྒྲུབ་བྱེད་དུ་བཀོད་པའི་ལུང། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང། །མྱ་ངན་འདས་པ་ཐོབ་པར་འགྱུར། །ཞེས་པ་དེ་ཉིད་རྒྱུད་བླ་ཐོགས་འགྲེལ་ལས་བདེ་གཤེགས་སྙིང་པོ་སྒྲུབ་བྱེད་དུ་བཀོད་པར་སྟོང་ཐུན་ལས་གསུངས་པ་དཔྱད་གཞི་ཆེའོ། །༼༧ན༨༽ ༼༡༽ རྒྱན་སྟུག་པོ་བཀོད་པ་ལས། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེར་གཤེགས་སྙིང་པོ་དགེ་བའང་དེ། །སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །དེ་བཞིན་གཤེགས་རྣམས་སྟོན་པར་མཛད། །ཅེས་༼ནུ༢༽རྣམ་
གྲངས་སུ་གསུངས་ཤིང། ལང་གཤེགས་ལས་ཀྱང། དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པར་བསྒྲགས་པ་རྣམ་པར་ཤེས་པ་བདུན་དང་བཅས་པ་ཞེས་རྣམ་གྲངས་སུ་༼༢༽གསུངས་པའི་ཕྱིར། ༼༤༽འཇུག་འགྲེལ་ལས་ཀྱང། དངོས་པོ་ཐམས་ཅད་ཀྱི་རང་བཞིན་གྱི་རྗེས་སུ་ཞུགས་པའི་ཕྱིར་སྟོང་ཉིད་ཁོ་ན་ཀུན་གཞི་རྣམ་པར་ཤེས་པའི་སྒྲས་བསྟན་པར་རིག་པར་བྱའོ། །ཞེས་གསུངས་པའི་ཕྱིར། ༼པུ༢༽འདིས་སྟོང་ཉིད་ལ་ཀུན་གཞིའི་མིང་གིས་བཏགས་པའི་དོན་བཤད་དེ། ཀུན་གཞི་འདོད་པ་རྣམས་ཀྱིས་དེ་གཞིར་བྱས་ནས་ཀུན་བྱང་ཐམས་ཅད་འཇོག་པས། དེ་ལ་ཐེག་བསྡུས་སུ་ཐེག་ཆེན་པའི་ཁྱད་པར་བཅུ་བཤད་པའི་ཚེ་ཤེས་བྱའི་གནས་ཞེས་བཤད་པ་ལྟར། བདེན་སྟོང་ཡང་རྟེན་འབྱུང་བྱ་བྱེད་ཐམས་ཅད་འཇོག་པའི་གཞི་ཡིན་པས་གནད་ཀྱིས་རྒྱུ་བྱེད་པས་རིགས་སུ་འཇོག་ཚུལ་དང། རྟེན་བྱེད་པས་རིགས་སུ་འཇོག་པ་ནམ་མཁའ་དང་འདྲ་བར་ཡང་བཤད་དེ། དོན་བསྡུས་ན་སྒྲ་དོན་གྱི་སྟེང་ནས་དགོངས་གཞིར་བཤད་པའོ། ། ༼༥༽ལང་གཤེགས་དང་འཇུག་འགྲེལ་གྱི་༼ཕུ༢༽སྙིང་པོ་རྟག་བརྟན་སྟོན་པའི་མདོ་ལུང་དྲངས་པ་འདི་དག་ཀྱང། ལང་གཤེགས་སུ་མདོ་དེའི་བཤད་ཚུལ་བཀོད་པ་རྣམས་སུ་འདུག་ཅིང། མདོར་རང་ཉིད་བོད་དུ་འགྱུར་བ་མ་མཐོང་ངོ་། ། ༼༧བ༨༽ ༼༢༽ཐོགས་འགྲེལ་ལས། དོན་གྱི་གནས་གསུམ་པོ་འདི་དག་ཀྱང་དེ་བཞིན་གཤེགས་པའི་སྙིང་པོའི་མདོའི་རྗེས་སུ་འབྲང་སྟེ། ཞེས་གསུངས་པ་གང་ཞིག །༼བུ༢༽ཞེས་སོགས་ཀྱི་དོན་ནི། ཐོབ་བྱ་
དཀོན་མཆོག་གསུམ་དང། ཐོབ་བྱེད་ཁམས། བྱང་ཆུབ། ཡོན་ཏན། འཕྲིན་ལས་བཞི་སྟེ། རྡོ་རྗེའི་གནས་བདུན་གྱི་དང་པོ་གསུམ་ལ། ཕྱི་མ་བཞི་རྒྱུ་དང་བྱེད་པ་ཅི་རིགས་ཀྱིས་བསྡུས་ནས་བདེན་མེད་དུ་བཤད་ཅེས་པ་ཡིན་ལ། དེ་བཞིན་གཤེགས་པའི་སྙིང་པོའི་མདོར་སྐྱབས་གསུམ་བཤད་པའང་མི་སྣང་ཞིང། ཐོགས་འགྲེལ་གྱི་དཔེ་གསར་རྙིང་བདུན་དུ་བཙལ་ཀྱང། ལུང་འདི་མ་རྙེད་ལ། དར་ཊཱིཀ་དང་རོང་སྟོན་གྱི་ཊཱིཀྐ་སོགས་སུ་ཡང་དེ་འདྲའི་ཟུར་མི་སྣང་བས། འདི་ནི་ཐོགས་འགྲེལ་ལས། གནས་གསུམ་པོ་འདི་ནི་ལྷག་པའི་བསམ་པ་བརྟན་པའི་ལེའུའི་རྗེས་སུ་འབྲང་སྟེ་རིགས་པར་བྱའོ། །ཞེས་པའི་ཡི་གེ་ནོར་བར་སྣང་ལ། དེ་ནི་དཀོན་བརྩེགས་ཀྱི་ལེའུ་ཞིག་ཡིན་ནོ། །འོན་ཀྱང་དེ་ལྟར་བྱས་ན་འདི་དག་གིས་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ངེས་དོན་དུ་སྒྲུབ་པའི་འབྲེལ་ཆེས་དཀའ་བར་སྣང་སྟེ། གཟུར་གནས་བློ་ལྡན་རྣམས་ཀྱིས་དཔྱད་པར་བྱ་དགོས་སོ། ། ༼༣༽ཐོགས་འགྲེལ་ལས། དོན་གྱི་གནས་བཞི་བོ་འདི་དག་ལས་ཀྱང། ཤེས་བྱ་ཐམས་ཅད་བསྡུས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ༼མུ༢༽འདི་བཞིས་བསྡུས་ཚུལ་རྒྱུད་བླར༌། རྟོགས་བྱ་རྟོགས་པ་དེ་ཡིས་ནི། །ཡན་ལག་རྟོགས་པར་བྱེད་ཕྱིར་ཏེ། །གོ་རིམ་ཇི་བཞིན་གནས་གཅིག་སྟེ། །དག་རྒྱུ་གསུམ་ནི་རྐྱེན་ཡིན་ནོ། །ཞེས་པས་བསྟན་ཏེ་འདིར་མ་བྲིས། ༼༤༽དེ་སྐད་དུ། སྟོང་ཐུན་ལས། ལང་གཤེགས་དང་རང་འགྲེལ་ལས་དྲང་དོན་དུ་གསུངས་པ་འདི་ནི། ༼ཙུ༢༽བདེ་གཤེགས་སྙིང་པོའི་མདོ། གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་མདོ། དཔལ་འཕྲེང།
མྱང་འདས། ཡེ་ཤེས་སྣང་བ་རྒྱན། རྔ་བོ་ཆེ། དགོངས་འགྲེལ། སོར་མོའི་འཕྲེང་བ་ལ་ཕན་པའི་མདོ། འཕེལ་འགྲིབ་མེད་པ་བསྟན་པའི་མདོ། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ཏེ། ད་ལྟ་བོད་ཕྱི་མ་རྣམས་ལ་ཡོངས་སུ་གྲགས་པའི་༼༤༽སྙིང་པོའི་མདོ་བཅུའི་ནང་གི་བདེ་བར་གཤེགས་པའི་སྙིང་པོའི་མདོ་ཞེས་བྱ་བ་ཐེག་པ་ཆེན་པོ་རྒྱུད་བླ་མས་དེའི་དོན་རྒྱ་ཆེར་གཏན་ལ་ཕབ་པ་དེ་མིན་ཏེ། ༼༥༽དེ་བཞིན་གཤེགས་པའི་སྙིང་པོའི་མདོ་སྒྲ་ཇི་བཞིན་པ་མ་ཡིན་པས་དྲང་དོན་དུ་བྱེད་ན་འོག་ནས་ཁམས་བསྟན་པའི་དགོས་པ་སྟོན་པའི་རྩོད་ལན་ཅུང་ཟད་ཀྱང་འབྲེལ་མེད་པར་འགྱུར་བའི་ཕྱིར། ༼ཚུ༢༽དེའི་ཚུལ་ཡང། སྤྲིན་དང་རྨི་ལམ་ཇི་བཞིན་དེ་དང་དེར། །ཤེས་བྱ་ཐམས་ཅད་རྣམ་ཀུན་སྟོང་པ་ཞེས། །གསུངས་ནས་ཡང་འདིར་རྒྱལ་རྣམས་སེམས་ཅན་ལ། །སངས་རྒྱས་སྙིང་པོ་ཡོད་ཅེས་ཅི་སྟེ་གསུངས། །ཞེས་འགལ་བའི་རྩོད་པ་དངོས་སུ་བཀོད་ནས། ཟློས་པའི་རྩོད་པ་ཤུགས་ལ་བསྟན་ཀྱང། ལན་དེ་ལས་བཟློག་སྟེ། སེམས་ཞུམ་སེམས་ཅན་དམན་ལ་བརྙས་པ་དང། །ཡང་དག་མིན་འཛིན་ཡང་དག་ཆོས་ལ་བསྐུར། །བདག་ཅག་ལྷག་པའི་སྐྱོན་ལྔ་གང་དག་ལ། །ཡོད་པ་དེ་དག་དེ་སྤང་དོན་དུ་གསུངས། །ཞེས་གསུངས་པའི་ཤུགས་བསྟན་གྱི་རྩོད་པ་དང། དངོས་སུ་བཀོད་པའི་ལན་རྣམས་འབྲེལ་མེད་དུ་འགྱུར་ཏེ། འདི་དྲང་དོན་ཡིན་ན་ཀུན་རྫོབ་གཙོ་བོར་སྟོན་པས་ཤེར་མདོ་དང་དངོས་བསྟན་གཙོ་བོ་མི་འདྲ་བ་ལ། དེ་དང་ཟློས་སྙམ་པ་བློ་ལྡན་ལ་སྐྱེ་མི་སྲིད་པའི་ཕྱིར་རོ། །རྒྱུད་བླ་
དར་ཊཱིཀ་ན། ཐལ་འགྱུར་འདིའི་ལན་འདེབས་ལུགས་སོགས་ཞིབ་ཆ་མང་པོ་ཡོད། འཇམ་དབྱངས་མཁྱེན་པ་ཉི་མ་སྟོང་གི་འོད། །སྤྲོས་པས་གསུང་རབ་དཀའ་གནད་འདབ་མ་བརྒྱ། །ཆེས་ཆེར་བཞད་པའི་ལེགས་བཤད་དཔལ་ཡོན་ཅན། །དཔལ་ལྡན་རྡོ་རྗེ་འཆང་དབང་ཁྱོད་ཕྱག་འཚལ། །བརྩམས་པའི་འུར་སྒྲ་ཆུང་ཡང་གཏིང་མི་མངོན། །བདག་བློའི་རལ་བཅུད་བཤད་པའི་ཀླུང་ཆེན་འདི། །སྦྱར་བྱང་ཝུ་བའི་གོས་ཅན་སྙིགས་དུས་ཀྱི། །མཁས་རློམ་བཤད་པའི་ཆུ་ཕྲན་དོ་ཟླ་མིན། །༈ ༼༨ན༠༽ ༼༧༽ གསེར་འཕྲེང་ལས། དེ་ལྟ་ན་བསྟན་བཅོས་ལ་དོགས་པ་འདི་འགོད་པ། ཞེས་གསུངས་པའི་ཕྱིར། ༼ཛུ༢༽འགྲེལ་པའི་དེ་མདོ་དང་བསྟན་བཅོས་གཉིས་སུ་ཕྱེ་བའི་མདོ་ལ་ཡིན་པར་ཐལ། དེ་འགོད་ཡུལ་གྱི་མདོ་བསྟན་བཅོས་གཉིས་སུ་ཕྱེ་བའི་བསྟན་བཅོས་མེད་པའི་ཕྱིར། སོགས་སྤྲོ་སླ། རྒྱན་སྣང་གི་དེ་དངོས་སུ་བྱུང་བར་གསུངས་པས་རྩོད་པ་པོ་རང་གཞན་གྱི་སྡེ་བ་གོང་འོག་སུ་ཞིག་ཡིན་དཔྱད་པར་བྱ་དགོས་ཏེ། རྒྱལ་བ་ལ་རྩོད་པའི་ཕྱིར་རོ་ཞེས་ཁ་ཅིག་ཟེར། ༼༨བ༠༽ ༼༤༽ གསུམ་ག་སྟོན་ན་ཟློས་ཞེས་བརྩད་པ་ལ། ལན་དུ་གསུམ་ག་སྟོན་ཡང་ཟློས་སྐྱོན་མེད་ཅེས་ལན་མཛད་པའི་ཕྱིར། ༼ཝུ༢༽ཡུམ་གསུམ་དང་ཟློས་སྤོང་དགོས་འབྲེལ་གྱིས་བཤད་པའི་བརྒལ་ལན་འདི་གཙོ་བོ་ཡིན་ཞིང། རེ་རེ་བ་སྟོན་ན་མི་འཐད་ཅེས་པའི་རྩོད་པ་སློབ་དཔོན་གྱིས་ཁ་བསྐང་བའོ། །འདི་ལ་གསེར་འཕྲེང་ལྟར་ན་འདིས་རྩོད་ཚུལ་གཞི་ཙམ་མམ། ལམ་ཙམ་མམ། རྣམ་པ་ཙམ་སྟོན་ན་ཟློས་པའམ། ཆད་པའི་སྐྱོན་ཡོད་ལ། གསུམ་ག་སྟོན་ན་ལུས་གསུམ་དུ་འགྱུར་
ཞེས་རྩོད་པ་བཀོད་པ་ཡིན་ཚེ། ལན་ཇི་ལྟར་བྱས་ཀྱང་མི་འགྲིག་སྟེ། མངོན་པར་བཤད་པའི་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་གསུམ་པོ་ཙམ་བསྟན་ཀྱང་སྐྱོན་མེད་ན། ལན་དུ་བཀོད་པའི་སྨན་གྱི་དཔེ་དང་མི་འགྲིགས་ཤིང། འགྲེལ་ཆེན་དུ་ཕྱོགས་སྔ་མའི་བརྟགས་པ་ཁས་བླངས་ན་རང་ལུགས་ལ་ཡང་སྐྱོན་འབྱུང་བར་གསུངས་པ་དང་འགལ་ལོ། །སྐྱོན་འོང་བར་ཡང་མི་རིགས་ཏེ། མངོན་པར་བཤད་པའི་གཞི་དེ་འདིར་བསྟན་པར་རང་གིས་ཀྱང་འདོད་དགོས་པའི་ཕྱིར། གལ་ཏེ་ཁོ་ནའི་སྒྲ་ཙམ་ལ་རེ་ན་དེས་ཀྱང་མི་ཕན་ཏེ། མངོན་པར་བཤད་པའི་ཆོས་གསུམ་གྱིས་ཤེས་བྱ་ཐམས་ཅད་བསྡུས་པའི་ཕྱིར་ན་ཙམ་སྒྲ་སྦྱར་ཡང་འདོད་དགོས་པའི་ཕྱིར་རོ། །འོན་ཀྱང་ཟློས་སྐྱོན་མེད་དེ། ཟློས་སྐྱོན་ཡོད་མེད་བཤད་བྱ་ལ་སྦྱར་བ་མིན་གྱི་བཤད་ཚུལ་ལམ་དགོས་པ་ལ་སྦྱོར་དགོས་པའི་ཕྱིར། དེས་ན་རྩོད་ཚུལ། མཛོད་ལས། ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས། །གང་ཞིག་ཉེ་བར་ཞི་བར་བྱ་བའི་ཐབས་མེད་ལ། །ཞེས་གསུངས་པ་ལྟར། སྤང་བྱ་ཉོན་མོངས་ཙམ་འཇོམས་བྱེད་ཀྱི་གཉེན་པོར་གཞི་མི་རྟག་སོགས་རྟོགས་པའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བསྐྱེད་ཕྱིར་དུ་གཞི་སྟོན་ནམ་ཞེས་སོགས་ཡིན་ལ། ལན་ཡང་དགོས་པ་དེ་ཙམ་གྱི་ཕྱིར་གཞི་སྟོན་ན་ཟློས་སྐྱོན་ཡོད་ཀྱང། འདིར་དེའི་ཡུལ་ཅན་གོལ་ས་གཞི་ཤེས་མཚོན་བྱེད་ཡིན་ཞེས་བཤད་དགོས་པས་ཁོ་ནའི་སྒྲ་ཡང་མི་དགོས་ལ། ཕྱོགས་སྔའི་བརྟགས་པ་ལྟར་གྱི་གསུམ་ག་བསྡུས་ཞེས་ཀྱང་ཟེར་མི་རུང་བར་སྣང་སྟེ་
ཞིབ་པར་དེ་ཉིད་དུ་དྲངས་པའི་འགྲེལ་ཆེན་སོགས་ལ་དཔྱད་པར་བྱའོ། །རྣམ་བཤད་ཀྱང་འབྲུ་སྣོན་སྐབས་འདི་དང་མཐུན་པར་སྣང་ངོ་། །༼༨ན༡༽ ༼༡༽ ཡང་ཁ་ཅིག་ན་རེ། དོགས་པ་སྐྱེ་བའི་གཞི་མཆོད་བརྗོད་ཟེར་ནའང་མི་འཐད་པར་ཐལ། འདིའི་དོགས་པ་དང་རྩོད་པ་མཆོད་བརྗོད་ལ་མ་ཡིན་པར་ཁྱོད་ཀྱིས་ཁས་བླངས་པའི་ཕྱིར། ༼ཞུ༢༽ཞེས་པ་ནི་ཕ་རོལ་པོ་དེ་མཆོད་བརྗོད་དེ་ནི་ལུས་དང་མཐུན་པའི་ཕྱག་ཡིན་པས། མཆོད་བརྗོད་དུ་གཞི་གཉེན་རྣམ་གསུམ་བཤད་འདུག་སྙམ་དུ་དོགས་པ་སྐྱེ་བའི་གཞི་བྱས་ཏེ་འདི་ལ་དཔག་ན་ལུས་ལའང་རེ་རེའམ་གསུམ་ག་སྟོན་ཞེས་རྩོད་པར་འདོད་མཁན་ཞིག་གོ །འགོག་ལུགས་ནི་དེ་བཤད་ཚུལ་མི་ལེགས་པར་ཐལ། གང་ལ་དོགས་པ་སྐྱེ་བ་དེ་ཉིད་ལ་རྩོད་ཀྱི་གཞན་དུ་འབྲེལ་མེད་པའི་ཕྱིར་ཞེས་པ་ཡིན་ནམ་སྙམ། ༼༥༽ལམ་ཤེས་ཆོས་ཅན། རྣམ་གཞག་གི་རྟེན་བྱང་སེམས་འཕགས་པར་བྱེད་པའི་རྒྱུ་མཚན་ཡོད་དེ། བྱང་སེམས་ཀྱིས་ཉན་རང་སངས་རྒྱས་ཀྱི་ལམ་ གསུམ་ཤེས་སྐྱེད་བྱེད་དགོས་ཤིང། ༼ཟུ༢༽ཤེས་སྐྱེད་ཀྱི་དོན་གསེར་འཕྲེང་ལས། རང་རྒྱུད ་ལ་སྐྱེད་ཅིང་གཞན་ལ་སྟོན་ཚུལ་ཤེས་པ་ལ་གསུངས་ཤིང། མཁས་པ་འགའ་ཞིག་རྟོགས་རིགས་སྐྱེད་ཅིང་ཉན་རང་གི་ལམ་དངོས་རྣམས་ཤེས་པ་ལ་གསུངས་པ་ཡང་དེ་དང་མཐུན་ནོ། །རྒྱལ་ཚབ་དང་པོར་བསྐྱེད་ཅིང། ཕྱིས་མངོན་སུམ་ཤེས་པ་ལ་གསུངས་པ་བུ་ཊཱིཀ་དང་ཕྱོགས་འདྲ་ཞིང་མཁས་གྲུབ་རྗེས་སྒོམ་བྱུང་གིས་སྐྱེད་ཅིང་ཐོས་བསམ་གྱིས་ཤེས་པ་ལ་གསུངས་སོ། ། ༼༨ན༢༽ ༼༣༽ ཐབས་ཤེས་ཁྱད་པར་ཅན་སྟོང་ཉིད་རྟོགས་པའི་ལྟ་བ་
དང་སྙིང་རྗེ་ཆེན་པོ་ཕན་ཚུན་གཅིག་གིས་གཅིག་མ་ཟིན་ན་ཁྱད་པར་ཅན་མ་ཡིན་པས་ཁྱབ་པའི་ཕྱིར། ༼འུ༢༽སྙིང་རྗེ་ཆེན་པོ་ཙམ་གྱིས་ཟིན་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་ཉན་རང་ལ་ཡོད་ཀྱང། གཞན་དོན་ཁུར་འཁྱེར་གྱི་དེ་མེད་དེ། དེ་ནི་ཚོང་ཐག་བཅད་པ་ལྟ་བུ་དགོས་པར་ཞལ་ལུང་གསུངས་ཤིང། དེ་འདྲའི་བློ་སྟོབས་རྫོགས་པ་དེ་ལ་མེད་པའི་ཕྱིར་རོ། ། ༼༥༽ཇོ་བོ་ལྷ་གཅིག་གིས་ཀྱང། ཐབས་དང་བྲལ་བའི་ཤེས་རབ་དང། །ཤེས་རབ་བྲལ་བའི་ཐབས་དག་ཀྱང། །གང་ཕྱིར་འཆིང་བ་ཞེས་གསུངས་པ། །དེ་བས་གཉིས་ཀ་སྤང་མི་བྱ། །ཞེས་༼ཡུ༢༽དྲི་མ་མེད་པར་གྲགས་པའི་མདོ་ལས་གསུངས་པ་སྟེ། ལུང་འདི་མདོ་དེ་ཉིད་ཚིགས་བཅད་དུ་བྱས་པའོ། ། ༼༧༽གཉིས་པ་གྲུབ་སྟེ། རྩ་བར། གཉེན་པོ་ཉི་ཚེ་བ་དང་འབྲས་བུ་རྒྱུན་ཞུགས་སོགས་སྣ་ཚོགས་ཉིད། ། ༼རུ༢༽སྟེ་ཐེག་ཆེན་ལ་འཁོར་འདས་རོ་མཉམ་དུ་རྟོགས་པའི་ཡེ་ཤེས་ཡོད་པས། རྒྱ་མཚོར་རོ་གཅིག་པ་ལྟ་བུ་སྟེ། འབྲས་བུ་བཞི་སོགས་ཀྱི་དབྱེ་བ་མ་མཛད་པ་རྒྱལ་སྲས་རྣམས་ངང་རིང་བའི་དབང་གིས་ཡིན་ལ། ཐེག་དམན་རྣམས་ངང་ཐུང་བས་ཐབས་མཁས་ཀྱི་བར་དུ་གྲོང་ཁྱེར་སྤྲུལ་བ་ལྟར། མཐར་ཐུག་ཐེག་གཅིག་སྒྲུབ་སྐབས་སུ་གསུངས་པ་ལྟ་བུའོ། ། ༼༧༽ཅེས་གསུངས་པའི་ཕྱིར། ༼ལུ༢༽ཁྱད་མཚན་སྤྱི་དང། མཐའ་དག་པ་དང་ཡོངས་འཛིན་དང། །རོ་མྱང་མེད་དང་ཞེས་ཐ་མ་གསུམ། སྲིད་ཞི་མཉམ་ཉིད་དང། ཟབ་པ་བརྒྱད་ཀྱི་གསུམ་པ་དང་བརྒྱད་པ་སོགས་༼ཤུ༢༽སྐབས་བཞི་པའི་རིགས་པས་ཀྱང་ཁེགས་སོ། །༼༨བ༢༽ ༼༡༽
གཉིས་པ་སྤངས་རྟོགས་རྫོགས་ཚད་ལ་ཨར་དང་ཉ་དཔོན་སོགས་ཁ་ཅིག་ན་རེ། ༼༦༽ཡང་རློམ་པ་རོང་ཊཱིཀ་པ་ཁ་ཅིག་ན་རེ། ༼༧༽འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་དགྲ་བཅོམ་ལྟར་ས་དང་པོ་བས་ཀྱང་ས་དང་པོ་ནས་སྤངས་ལ་བག་ལ་ཉལ་གྱི་ཉོན་སྒྲིབ་ས་དང་པོ་བས་མ་སྤངས་པ་ལྟར་ཉན་རང་དགྲ་བཅོམ་པས་ཀྱང་མ་སྤངས་པའི་ཕྱིར། ༼སུ༢༽དང་པོ་གྲུབ་སྟེ། རབ་འབྱོར་དང་ཐེག་ཆེན་མཐོང་ལམ་པ་གཉིས་ཉོན་མོངས་སྤངས་པར་ཆོས་མཚུངས་པའི་ཕྱིར། མཐོང་ལམ་ལ་གདམས་པའི་གདམས་ངག་དེ་རབ་འབྱོར་གྱིས་བཤད་པ་ཡིན་ཏེ། ཉི་སྣང་ལས། ཅིའི་ཕྱིར་གནས་བརྟན་རབ་འབྱོར་གྱི་ཁ་ཉིད་ནས་སྟོན་པར་མཛད་ཅེ་ན། དེ་ནི་ཉོན་མོངས་པ་མེད་པའི་མཆོག་ཏུ་གྱུར་པ་ཉིད་ཀྱིས་ཉོན་མོངས་པ་དང་བྲལ་བའི་སྐལ་བ་མཉམ་པ་ལྷག་པའི་ཕྱིར། མཐོང་བའི་ལམ་དང་རྗེས་སུ་མཐུན་པའི་སྟོན་པ་པོ་ཉིད་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ༼༨ན༣༽ ༼༣༽ འཇུག་པ་ལས། གང་དག་དུད་འགྲོར་བསྐལ་བ་མང་པོར་ཚེ་བརྐྱལ་གྱུར་པ། །དེས་ཀྱང་མ་སྐྱེས་ཤིང་རྟག་པའི་བདག་འདི་མ་མཐོང་ལ། །ངར་འཛིན་དེ་དག་ལ་ཡང་འཇུག་མཐོང་སྟེ། །ཞེས་གསུངས་པའི་ཕྱིར་དང། ༼༨བ༣༽ ༼༡༽ གཉིས་པ་གྲུབ་སྟེ། རྒྱུད་བླ་མ་ལས། འཕགས་པའི་ལམ་དང་འབྲེལ་བ་ཡིས། །འཇིག་ཚོགས་སྙིང་པོ་བཅོམ་རྣམས་ཀྱིས། །སྒོམ་ལམ་ཡེ་ཤེས་སྤང་བྱ་རྣམས། །གོས་རུལ་༼ཧུ༢༽ཀྱི་དཔེ་ནི་མཐོང་སྒོམ་གྱི་སྤང་བྱ་གཉིས་རྒྱུ་སྤུན་ལྟར་གྲོགས་སུ་སོང་ཡོད་པ་ལས་མཐོང་སྤང་གི་སྙིང་པོ་ཟད་ཟིན་པའི་ཆ་ནས་ཡིན་ལ། བཙོ་བླག་མཁན་གྱིས་དྲི་མ་ཆུང་རིམ་ལ་སྦྱངས་
པའི་ཕྱིར་འབད་པ་ཆེར་བརྟེན་དགོས་པ་ལྟར། སྒོམ་སྤང་ཆུང་རིམ་དང་གཉེན་པོ་ཆེ་རིམ་སྦྱོར་དགོས་པས་དེ་སྤོང་ཚུལ་༼༢༽དྲི་མ་དག་ལུགས་དང་མཚུངས། །ཞེས་གསུངས་པའི་ཕྱིར། ༼༣༽ཁྱབ་སྟེ། རྐང་པ་དང་པོ་གཉིས་ཀྱིས་མདོ་ལས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོང་སྤང་ཉི་ཤུ་མཐོང་ལམ་ཡེ་ཤེས་ཀྱིས་བཅོམ་པ་དང། ༼༨ན༤༽ ༼༢༽ གཉིས་པ་གྲུབ་སྟེ། ༼ཨུ༢༽བདག་མེད་རྟོགས་པའི་ཤེས་རབ་ཆོས་ཅན། ཁྱོད་གོམས་པར་བྱས་པ་ལས་སྐྱེ་བོ་ལ་ལས་ཆགས་སོགས་ཉོན་མོངས་ཟད་པར་འགྱུར་ཏེ། དེ་དང་འཕེལ་འགྲིབ་རྗེས་སུ་འགྲོ་ལྡོག་ངེས་པའི་མི་མཐུན་ཕྱོགས་གང་ཞིག །ཁྱོད་གོམས་པ་ལས་སེམས་ཀྱི་བདག་ཉིད་དུ་འགྱུར་རུང་གི་ཡོན་ཏན་ཡིན་པའི་ཕྱིར། ཞེས་འཆད་པར། ༼༢༽རྣམ་འགྲེལ་ལས། ༼ཀེ༢༽འགྲིབ་དང་ཕུལ་བྱུང་བརྟེན་པ་ཀུན། །མི་མཐུན་ཕྱོགས་དང་བཅས་ཉིད་ཕྱིར། ། ༼༢༽དེ་གོམས་པ་ལས་ཆགས་གྱུར་པ། །ལ་ལར་ཟག་པ་ཟད་པར་འགྱུར། །ཞེས་གསུངས་པའི་ཕྱིར། ༼༥༽མཛོད་ལས་ཀྱང་དེའོ། ། ༼ཁེ༢༽ཕྲ་རྒྱས་སྤངས་པ་མ་ཡིན་དང། །ཡུལ་ནི་ཉེ་བར་གནས་པ་དང། །ཚུལ་བཞིན་མ་ཡིན་ཡིད་བྱེད་ལས། །ཉོན་མོངས་རྒྱུ་ནི་ཚང་བ་ཡིན། །ཞེས་སོ། །འདིའི་ཡུལ་ཞེས་པ་དང། ལུང་སྔ་མའི་གནས་ཀྱི་ཆོས་ཞེས་པ་ཉོན་མོངས་པའི་དམིགས་རྐྱེན་སྡུག་མི་སྡུག་སོགས་སོ། ། ༼༥༽རྩ་རྟགས་བཞི་པ་གྲུབ་སྟེ། དེ་ཉོན་མོངས་ཀྱི་ས་བོན་དང། ཉོན་མོངས་ལྐོག་གྱུར་པ་དང། ཉོན་མོངས་སྤང་དགོས་ཀྱི་རྒྱུད་ལ་ཡོད་པར་བཤད་པའི་ཕྱིར་ཏེ། ༼གེ༢༽སྒྲིབ་
བྱའི་དོན་དགུ་ལས། སོ་སྐྱེའི་ས་ལ་བརྟེན་པ་བཞི་སྟེ། ༼༦༽རྒྱུད་བླ་མ་ལས། ཆ༡གས་དང་རྨོང༢ས་དང་སྡ༣ང་དང་དེའི། །ཀུན་ལྡང་དྲ༤ག་དང་བག་ཆ༥གས་དང། ། ༼༨བ༤༽ ༼༡༽ དབུ་མ་སྙིང་པོའི་ལེའུ་གསུམ་པ་ལས། གངས་འཕྲེང་བསིལ་བའི་འོད་ཟེར་དང། ཙན་དན་བས་ལྷག་གསུང་གི་ཆུས། །ལུས་ཅན་ཡིད་ཀྱི་ཉོན་མོངས་མེས། །རབ་ཏུ་གདུང་བ་ཞི་བར་བྱེད། ། ༼༥༽དགེ་འདུན་དཀོན་མཆོག་ཡིན་པའི་ཕྱིར། ཁྱབ་སྟེ། དེ་ལ་༼ངེ༢༽ཆོས་མཐོང་བ་སོགས་བཞི་དང། ཐེ་ཚོམ་དང་སོམ་ཉི་ལས་བརྒལ་བ་བསྒོམས་པས། ༼༦༽འཕགས་པའི་ཁྱད་པར་ལྔའམ་དང་པོ་བཞི་སོ་སོར་ཕྱེ་བའི་བརྒྱད་དང་ལྡན་པའི་ཁྱབ་པས་ཕྱིར་ཏེ། མདོ་ལས། ཆོས་མཐོང་བ་ཆོས་བཟོད། ཆོས་ཐོབ་པ། ཆོས་ཤེས་ཆོས་རིག་པ། རྗེས་བཟོད། ཆོས་ངེས་པ། རྗེས་ཤེས་སོ། ། ༼ཅེ༢༽ཞེས་རྒྱལ་སྲས་མ་དང། དར་ཊཱིཀ་སོགས་སུ་གསུངས་པ་ལྟར་ན། ཝེན་ཚེགས་ཀྱི་དགོངས་འགྲེལ་འགྲེལ་ཆེན་ལས། དེ་ལ་མིག་ཅེས་བྱ་བ་ནི། འདི་ལྟ་སྟེ། ཆོས་སུ་བཟོད་པའོ། །ཤེས་པ་ནི། འདི་ལྟ་སྟེ། ཆོས་སུ་ཤེས་པ་རྣམས་སོ། །རིག་པ་ནི་འདི་ལྟ་སྟེ། རྗེས་སུ་ཤེས་པའི་བཟོད་པའོ། །བློ་ནི་འདི་ལྟ་སྟེ། རྗེས་སུ་ཤེས་པ་རྣམས་སོ། །ཞེས་པའང་འབྲེལ་མི་ཆགས་པར་མི་སྣང། ༼༦༽རང་གིས་མཐོང་ལམ་ཐོབ་པ་ལ་སོམ་ཉི་ལས་བརྒལ་བ། གཞན་གྱི་དེ་ལ་ཐེ་ཚོམ་ལས་བརྒལ་བ། ༼ཆེ༢༽ལམ་སྒོམ་ཚུལ་རང་གིས་ཤེས་པས་གཞན་ཟེར་གྱི་རྗེས་འདེད་མི་དགོས་པས་༼༧༽གཞན་གྱི་དྲིང་ལ་མི་འཇོག་པ། སྟོན་པའི་བསྟན་པ་མུ་སྟེགས་སོགས་གཞན་གྱིས་བཀྲིར་མི་བཏུབ་པ། ཆོས་རྣམས་དྲིས་ལན་གྱིས་སྟོན་པ་ལ་
མི་འཇིགས་པ་ཐོབ་པ། ཞེས་གསུངས་པའི་ཕྱིར། ༼༨ན༥༽ ༼༡༽ ཡང་ན་ནེམ་ནུར་ངེས་པར་མི་འདོད་པ་༼ཇེ༢༽སྟེ། མེད་པའི་ཕྱོགས་གཙོ་བོར་འཛིན་པས་དོན་མི་འགྱུར་༼༢༽ཡིན་ནོ། །ཐེ་ཚོམ་ནི་འདི་སྐད་བཤད་པའི་མཚན་ཉིད་ཀྱི་ཡིད་གཉིས་ཆ་མཉམ་པ་ཡིན་ནོ། ། ༼༦༽བྱས་པ་ལ་རོང་ཊཱིཀ་པ་ཁོ་ན་རེ། ༼ཉེ༢༽ཉོན་སྒྲིབ་ཀྱི་བག་ལ་ཉལ་དང༌། ཉོན་སྒྲིབ་ཀྱི་བག་ཆགས་གཅིག་ཏུ་འཁྲུལ་ནས། ༼༦༽བག་ལ་ཉལ་གྱི་ཉོན་སྒྲིབ་ཤེས་སྒྲིབ་ལ་ཁོ་བོས་ཀྱང་འདོད་ཟེར་ན། ༼༨བ༥༽ ༼༥༽ ཀུན་བཏུས་ལས། དེས་བྱང་ཆུབ་ཐོབ་པ་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཅིག་ཅར་སྤོང་ངོ༌། །ཅིག་ཅར་དགྲ་བཅོམ་པ་དང་དེ་བཞིན་གཤེགས་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། ༼ཏེ༢༽ལུང་འདིའི་དོན་རོང་ཊཱིཀ་པ་རྗེས་འབྲང་དང་བཅས་པས་སྒྲིབ་གཉིས་ཀྱི་བག་ཆགས་ཅིག་ཅར་སྤོང་བ་ལ་བཤད་སྣང༌། ༼༨ན༦༽ ༼༧༽ ཡང་སྔོན་གྱི་ཆེན་པོ་༼ལོ༽ཁ་ཅིག་ན་རེ། ༼ཐེ༢༽ས་བརྒྱད་པར་ཆེད་དུ་འབད་པ་ལ་མ་ལྟོས་པར་མི་རྟག་སོགས་མངོན་སུམ་དུ་རྟོགས་པ་འབྱུང་བས་གཞི་ཤེས་ཀྱི་གཟུགས་བརྙན་ཀྱང་དེ་ནས་འཇོག་སྟེ། དེ་མན་ཆད་རྩོལ་བཅས་ཀྱི་ས་ཡིན་པས། ཆེད་དུ་མ་བསྒོམས་པར་མངོན་སུམ་དུ་རྟོགས་པ་མི་འབྱུང་ལ་བསྒོམས་ན་དམན་ལམ་དུ་ལྟུང་བའི་ཕྱིར། དེས་ན་༼༧༽བྱང་སེམས་ཀྱིས་ཉན་རང་གི་ལམ་ཤེས་སྐྱེད་བྱེད་པ་ས་བརྒྱད་པར་ཡིན་གྱི་དེ་མན་ཆད་དུ་བྱས་ན་ཐེག་དམན་དུ་ལྟུང་བས་ས་བརྒྱད་པར་ཉན་རང་གི་སྤངས་རྟོགས་ཀྱི་རིགས་རྫོགས་ལ། ཉི་སྣང་གིས་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཀྱི་སྐབས་སུ་མི་རྟག་སོགས་མངོན་སུམ་དུ་
རྟོགས་པར་བཤད་ཀྱང་དེ་ནི་ཤེས་བྱ་ཉན་ཐོས་ཀྱི་ཡིན་གྱི་ཤེས་བྱེད་བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་མིན་གསུངས། ༼དེ༢༽ཁ་ཅིག །མི་རྟག་སོགས་མངོན་སུམ་དུ་མ་རྟོགས་པའི་འཕགས་པ་མི་སྲིད་པས། རིགས་ངེས་མཐོང་ལམ་གྱི་ཚེ་ཡང་མི་རྟག་པ་མངོན་སུམ་དུ་རྟོགས་ལ། དེ་མཐོང་ལམ་སྐབས་སུ་ཡང་བཤད་མོད། འོན་ཀྱང་ལམ་ཤེས་ཀྱི་ལྡོག་ཆ་ནས་ཡིན་གྱི། གཞི་ཤེས་ཀྱི་ལྡོག་ཆ་ནས་མིན་ཟེར་བ་རང་ལུགས་ཞེན་འཐས་པ་དང༌། ཚིག་ཙམ་སྙིང་པོར་ཟད་ཀྱི། ལོ་ཆེན་གྱི་དགོངས་པ་མིན་ཏེ། མི་རྟག་སོགས་མངོན་སུམ་དུ་རྟོགས་པ་ཡོད་ན། དེ་ལས་ལྷག་པའི་སྐབས་གསུམ་པའི་བསྟན་བྱའི་གཞི་ཤེས་བཞག་ཏུ་མེད་ཅིང༌། གཞི་ཤེས་དངོས་ས་བརྒྱད་པར་ཡང་མེད་པའི་ཕྱིར་དང༌། འོག་ཏུ་འགོག་ཚུལ་གྱིས་ཤེས་པའི་ཕྱིར། ཞིབ་ཏུ་རྣམ་བཤད་སྐབས་གསུམ་པར་བལྟ། ༼༦༽ཉི་སྣང་ལས། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་བྱང་ཆུབ་སེམས་དཔའ་ཤེས་པ་དང༌། ནས། བྱང་ཆུབ་སེམས་དཔའི་མཐོང་བའི་ལམ་ཉིད་དུ་ཉན་ཐོས་ཀྱི་རྟོགས་པ་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ༼ནེ༢༽འདའ་ཚུལ་ཡང་ས་བརྒྱད་པར་ཡང་དག་མཐའ་ལ་སྙོམས་པར་འཇུག་ཀྱང་དེ་མངོན་དུ་བྱེད་པ་ལས་འདའ་བ་ལྟ་བུ་གནས་ནས་འདའ་བ། མི་རྟག་སོགས་མངོན་སུམ་དུ་རྟོགས་པར་བྱེད་ཀྱང༌། དེའི་རྗེས་གཙོ་བོར་སྒོམ་པ་ལས་འདའ་བ་ཤེས་མཐོང་གིས་བལྟས་ནས་འདའ་བ་གཉིས་ཡོད་པ་ལས་༼༧༽ཤེས་མཐོང་གིས་བལྟས་ནས་འདའ༌༼༨ན༧༽ ༼༣༽ ཉི་སྣང་ལས། གལ་ཏེ་ཉན་ཐོས་ཀྱི་མྱ་
ངན་ལས་འདས་པ་ཡིན་ན་དེ་ནི་མི་རིགས་ཏེ། ཉན་ཐོས་ཀྱི་མྱ་ངན་ལས་འདས་པ་ལ་འདོད་པའི་ཡིད་ལ་བྱེད་པ་ནི་སེམས་བསྐྱེད་པ་ནས་བརྩམས་ཏེ་རིང་དུ་ཡོངས་སུ་སྤངས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་དང༌། ༼པེ༢༽བདུད་རིས་སོགས་ཀྱིས་མི་ཕྱེད་པ་དང༌། དགེ་རྩ་ཉན་རང་ལས་ཐུན་མོང་མ་ཡིན་པ་སོགས་༼༤༽སྦྱོར་བའི་ཡོན་ཏན་བཤད་པས་ཀྱང་ཤེས་པའི་ཕྱིར། ༼༨ན༨༽ ༼༧༽ ཡང་རྣམ་བཤད་ལས། ཇི་སྲིད་ཀུན་སློང་གི་རྟོག་པ་ཡོད་པ་དེ་སྲིད་དུ་མི་ནུས་པས། ཞེས་གསུངས་པའི་ཕྱིར། འདིའི་རྒྱུ་མཚན་༼ཕེ༢༽གང་ཞེ་ན། ཡང་དག་མཐའ་མངོན་དུ་བྱས་ཚུལ་ནི་གཟུགས་སྐུའི་བཀོད་པ་སྣ་ཚོགས་སུ་བསྟན་ཀྱང༌། ཐུགས་དེ་བཞིན་ཉིད་ལ་མཉམ་པར་བཞག་པ་ལས་གཡོ་བ་མེད་པ་ཡིན་ལ། འབྲས་དུས་ན་དེ་ལྟར་འབྱུང་བ་ལ། རྒྱུ་དུས་ན་དེ་དང་རྣམ་པ་མཐུན་པའི་ལམ་ཞིག་བསྒྲུབས་དགོས་ཀྱང༌། མཚན་ཉིད་ཐེག་པར་དེ་མ་ཚང་ལ། སྔགས་ལ་ལམ་དུས་ན་ཡང་ངེས་པ་སྟོང་ཉིད་ལ་དྲངས་ཤིང་གཟུང་རྣམ་ལྷ་སྐུར་ཤར་བའི་ཟབ་གསལ་གཉིས་སུ་མེད་པའི་བདེ་སྟོང་གི་ཡེ་ཤེས་རྫོགས་རིམ་གྱི་ཐོག་མ་ནས་ཡོད་པའི་ཕྱིར་༼༡༽དང༌། དེ་ལ་ཡང་ཀུན་རྟོག་དགག་དགོས་ཤིང་ རྟོག་པ་ལྡོག་པའི་རྒྱུ་༼བེ༢༽གང་ཡིན་ན། དེའི་བཞོན་པའི་རླུང་འགག་པ་ལ་ལྟོས་པས། དེ་འགོག་ཚུལ་སེམས་གནས་དགུ་པའམ། དབང་པོ་རྣོ་ན་བརྒྱད་པ་ཙམ་གྱི་ཚེ་བསྐྱེད་རིམ་པ་དེས་དམིགས་མེད་ཀྱིས་རྒྱས་འདེབས་དང་སྦྲགས་ཏེ་སྤྲོ་སྡུད་ཀྱི་རིམ་པ་ལ་གོམས་པར་བྱས་པའི་མཐུས། དཔྱད་འཇོག་གཉིས་ཀར་ལས་སུ་མི་རུང་
བར་བྱེད་པའི་རླུང་ལུས་ལ་ཁྱབ་པར་གནས་པ་དང༌། དེ་གཉིས་ཀའི་གེགས་ཀྱི་གནས་ངན་ལེན་ཐམས་ཅད་ཀྱང་གོ་རིམ་ལྟར་གྱི་བྱེད་པས་ཅིག་ཅར་སྦྱངས་ཏེ། ཞི་ལྷག་གཉིས་ཀྱང་ཅིག་ཅར་འཐོབ་པའི་ཚུལ་འདི་ནི། ༼༡༽གསང་འདུས་ཁོ་ནས་ཤེས་དགོས་པས་༼མེ༢༽ཕྱིར་སྔགས་རིམ་ཆེན་མོ་ལས། རྒྱུད་སྡེ་གསུམ ་དང༌། དེ་དག་གི་དགོངས་འགྲེལ་གྱི་པཎ་ཆེན་རྣམས་ཀྱིས་སྟོང་ཉིད་བསྒོམས་པས་ཞི་ལྷག་གི་འགྲེལ་ལུགས་རྣམས་ནི། སློབ་དཔོན་མཁས་པ་ཀ་མ་ལ་ཤཱི་ལའི་སྒོམ་རིམ་གསུམ་དང༌། ཤན་ཏི་བའི་ཤེར་ཕྱིན་མན་ངག་དང༌། ས་སྡེ་དང་བྱམས་ཆོས་ལ་སོགས་པ་ནས་འབྱུང་བ་དང་འདྲ་བར་སྣང་ངོ༌། །ཞེས་གསུངས་པའི་ཕྱིར། རྒྱུད་སྡེ་གཞན་ལ་མེད་དོ། །འོ་ན་དུམ་བུ་དང་པོ་ལས། མཚན་མ་དེ་ནི་ཁྱབ་བྱ་བ། །སེམས་ནི་ཀུན་ཏུ་ཁྱབ་པར་བྱ། །ཞེས་དང༌། དེ་ནས་དེ་ཡང་བསྡུ་བ་ནི། །སྣ་ཡི་རྩེ་མོའི་བར་དུ་གནས། །ཞེས་སོགས་དང༌། ཀོ་ས་ལའི་རྒྱན་སྟོད་འགྲེལ་སོགས་དུ་མས་རྣལ་འབྱོར་རྒྱུད་ཀྱི་སྐབས་སུ་ཡང༌། དེ་འདྲ་བཤད་པ་མ་ཡིན་ནམ་ཞེ་ན། དེ་དག་ལ་ཡང་སྤྲོ་སྡུད་ཙམ་ཡོད་ཀྱང༌། རྩ་རླུང་ཐིག་ལེས་སྤྱོད་ཚུལ་གྱི་གནད་ཕྲ་མོ་མེད་པས། དེ་དག་གིས་ཞི་གནས་སྔར་མ་བསྒྲུབས་པར་དཔྱད་པ་དྲག་པོ་བྱས་ན་ཞི་གནས་ཙམ་ཡང་འགྲུབ་མི་ནུས་ཏེ། སྔགས་རིམ་ལས། ཐིག་ལེ་ཕྲ་མོ་ལས་སེམས་བཙན་ཐབས་སུ་བཟུང་ནས་བསྒོམས་པས་གནས་དང་དམིགས་རྟེན་གྱི་གནད་ཀྱིས་རིམ་གྱིས་རླུང་ནང་དུ་གནས་པའི་རྐྱེན་བྱེད་པར་དཔྱད་སྒོམ་མང་པོ་དང་བསྲེས་ཀྱང། རླུང་རིམ་གྱིས་དུལ་བའི་མཐུས་སྔ་མའི་རྒོད་པ་སོགས་མྱུར་དུ་དགག་
ནུས་པས། གཞུང་གཞན་ནས་བཤད་པའི་ཏིང་ངེ་འཛིན་སྒྲུབ་ལུགས་དང་མི་འདྲའོ། །ཞེས་གསུངས་པའི་ཕྱིར། རྣམ་རྟོག་གི་གཉེན་པོར་དབུགས་འབྱུང་རྔུབ་བསྒོམས་པའི་གནད་ཀྱང་འདི་ལ་ཐུག་གོ །དེ་ལྟར་ཡང་དག་མཐའ་མངོན་དུ་བྱེད་པའི་ཚུལ་དང༌། རྟོག་པ་ལྡོག་པའི་རྒྱུ་གཉིས་སྔགས་ལ་རག་ལས་ཚུལ་སོ་སོར་ཕྱེ་སྟེ་རྟགས་དང་རྟགས་སྒྲུབ་ཏུ་སྦྱར་བ་འདི་ནི་འདྲེན་མཆོག་དགྱེས་པའི་རོལ་མོར་ཨེ་འགྲོ་སྙམ་ཡང༌། བདག་ནི་རྒྱུད་སྡེ་ལ་སྦྱངས་པ་མ་སོང་བས། རིགས་སྔགས་འཆང་བ་རྣམས་ཀྱིས་དཔྱད་པར་མཛོད་མཛོད། ༼༨ན༩༽ ༼༡༽ དེ་ཡང་དག་མཐའ་མངོན་དུ་བྱེད་པའི་སྔ་རོལ་ཏུ་གྲུབ་དགོས་པའི་ཡོན་ཏན་གསུམ་གྱི་གཅིག་ཡིན་པའི་ཕྱིར། ༼ཙེ༢༽ཁ་ཅིག་ལམ་དུས་ཀྱི་གདུལ་བྱ་རྫོགས་པ་ལམ་དུས་ན་ཡོད་དེ། ལམ་དུས་ཀྱི་མཛད་པ་དང་ལམ་རྫོགས་པ་དེར་ཡོད་པའི་ཕྱིར། སེམས་དཔའི་རྣལ་འབྱོར་མཐར་ཐུག་རྣམ་མཁྱེན་མ་ཡིན་པའི་ཕྱིར་དང༌། རྒྱུ་ཚོགས་རྫོགས་པ་དང༌། འབྲས་བུ་སྐྱེ་བ་དུས་མཉམ་ན་སངས་རྒྱས་ཀྱི་ཞིང་གི་རྒྱུ་ཚོགས་རྫོགས་པའང་འབྲས་དུས་སུ་ཐལ་ལོ་ཟེར།༼༣༽ཡང་ཁ་ཅིག་ན་རེ། སངས་རྒྱས་རང་སྣང་ལ་ཞིང་དག་པ་རབ་འབྱམས་འབའ་ཞིག་གཟིགས་པ་དེ་སངས་རྒྱས་ཀྱི་ཞིང་སྦྱངས་པའི་ཚད་ཡིན་ཏེ། མ་དག་པའི་ཞིང་སངས་རྒྱས་རང་སྣང་ལ་མི་སྣང་བའི་ཕྱིར་ཏེ། དེ་མ་རིག་པའི་འཁྲུལ་བའི་དབང་གིས་སྣང་བ་ཡིན་པའི་ཕྱིར་ཟེར། ༼ཚེ༢༽སངས་རྒྱས་ཀྱི་སར་ཞིང་དག་པ་རབ་འབྱམས་མི་སྣང་ན། ལམ་དུས་སུ་ཞིང་དག་པ་རབ་འབྱམས་འབའ་ཞིག་ཏུ་བསྒོམས་པ་
འབྲས་མེད་དུ་འགྱུར་བའི་ཕྱིར་རོ། །དེ་ལྟ་ནའང་འགྲོ་བའི་དོན་མཛད་ནུས་པ་མི་འགལ་ཏེ། དཔེར་ན། མཁྲིས་ནད་ཅན་ལ་དུང་དཀར་སེར་པོ་དང༌། རླུང་ནད་ཅན་ལ་གངས་རི་སྔོན་པོ་སྣང་བའི་ཚེ་སྣང་བ་དེ་དག་སྨན་པ་ལ་མི་འབྱུང་ཡང༌། ནད་པར་སྣང་བའི་སྣང་ཚུལ་དེའི་སྤྱི་ཤར་ནས། དེ་སེལ་ནུས་པ་ལྟ་བུ་ཡིན་པའི་ཕྱིར་རོ། ། ༼༤༽རྣམ་བཤད་ལས། ཡང་སངས་རྒྱས་རང་སྣང༌། ནས། སྐད་བྱེད་པ་ནི། ཞེས་སོ། ། ༼ཛེ༢༽ཁ་ཅིག་འདི་ལམ་རིམ་ཆུང་ངུའི་དགོངས་པའང་ཡིན་ཏེ། དེ་ཉིད་ལས། མ་རིག་པས་བསླད་པ་ཡོད་པའི་གང་ཟག་ལ་དེ་དག་སྣང་བ་ཁོ་ནའི་སྒོ་ནས་སངས་རྒྱས་ལ་སྣང་བ་ཡིན་གྱི། གཞན་ལ་དེ་ལྟར་སྣང་བ་ལ་མ་ལྟོས་པར་སངས་རྒྱས་ཀྱི་རང་ངོས་ནས་སྣང་བ་མིན་ནོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། རང་སྣང་ལ་སྣང་བ་དང༌། གཞན་ལ་ལྟོས་པ་མི་འགལ་བའི་ཕྱིར་རོ། ། ༼༩ན༠༽ ༼༦༽ དེ་ཆོས་ཅན། ཁྱོད་མངོན་དུ་བྱས་པའི་གང་ཟག་ཡིན་ན། སྤྲུལ་སྐུ་འོད་དཔག་མེད་ཡིན་དགོས་པར་ཐལ། ཁྱོད་དེའི་དབང་དུ་བྱས་པའི་སྨོན་ལམ་རྫོགས་པའི་ཚད་ཡིན་པའི་ཕྱིར། ༼ཝེ༢༽ཁོ་ན་རེ། ལོངས་སྐུ་འོད་དཔག་མེད་ཀྱིས་ཀྱང་སྤྲུལ་སྐུ་འོད་དཔག་མེད་ཀྱི་དབང་དུ་བྱས་པའི་སྨོན་ལམ་རྫོགས་པའི་ཚད་མངོན་དུ་བྱས་པར་ཐལ། དེས་དེའི་རྒྱུད་ཀྱི་ཡོན་ཏན་མ་ལུས་པ་མངོན་དུ་བྱས་པའི་ཕྱིར། གཞན་དུ་ན་དེའི་གོ་འཕང་ཡང་མངོན་དུ་མ་བྱས་པར་འགྱུར་རོ་ཟེར། ༼༩བ༡༽ ༼༧༽ འོ་ན་འདིར་བསྟན་ཡང་དག་མཐའ་ཡིན་ན། རྫོགས་སྨིན་སྦྱངས་གསུམ་མ་བྱས་པའི་སྔ་རོལ་ཏུ་མངོན་དུ་བྱེད་ནུས་ལ་མི་བྱེད་པ་དང་བྱས་རྗེས་སུ་བྱེད་པའི་ཁྱད་
པར་གསུམ་ལྡན་གྱི་ཡང་དག་མཐའ་ཡིན་པས་ཁྱབ་པར་ཐལ། དེ་གཉིས་མ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། ༼ཞེ༢༽ཁྱད་ཆོས་གསུམ་ཡང༌། ཐལ་འགྱུར་བས་འདི་ལྟར་བགྲང་མི་བགྲང་དཔྱད་དགོས་ཏེ། དབུ་མའི་མཐའ་དཔྱོད་སེམས་བསྐྱེད་གསུམ་པར། མྱང་འདས་ཐོབ་ཀྱང་ཉན་རང་ལྟར་མངོན་དུ་བྱེད་པ་བཀག་བྱས་ན་ལེགས། ཞེས་གསུངས་པའི་ཕྱིར། གཞན་དོན་དོར་ཏེ་རགས་པའི་སྡུག་ཀུན་ཟད་པའི་ཞི་བའི་བདེ་བ་ལ་ཞེན་པའི་ཚུལ་གྱིས་མངོན་དུ་མི་བྱེད་པ་ཡིན་ནམ་སྙམ། ༼༩ན༢༽ ༼༧༽ འོན་ཀྱང་ས་བདུན་པ་མན་ཆད་དུ་མངོན་དུ་བྱེད་པའི་དོགས་པ་ཆུང་ལ། ས་བརྒྱད་པར་དོགས་པ་ཆེ་བས། ནས། ཆོས་གསུམ་མ་རྫོགས་པའི་བར་དུ་ཡང་དག་པའི་མཐའ་མངོན་དུ་བྱེད་པ་ག་ལ་སྲིད། ཅེས་གསུངས་པའི་ཕྱིར། ༼ཟེ༢༽ས་བདུན་པ་མན་ཆད་རྩོལ་བཅས་ཀྱི་ས་ཡིན་པས། མངོན་དུ་བྱེད་དོགས་ཆུང་ལ། ས་བརྒྱད་པར་མཚན་མེད་རྩོལ་མེད་ཀྱི་ས་ཐོག་མར་ཐོབ་པའི་གནད་ཀྱིས་མངོན་དུ་བྱེད་འདོད་ཙམ་བྱུང་ན་མཉམ་གཞག་ཏུ་ངང་གིས་འགྲོ་བའི་རྒྱུ་མཚན་གྱིས་དོགས་པ་ཆེ་བའི་ཕྱིར། དགུ་པ་སོགས་སུ་བརྟན་པ་གོམས་པའི་སྟོབས་ཀྱིས་དོགས་པ་ཆུང་སྟེ། འཕགས་པའི་འཕྲིན་ལས་ཉེར་བདུན་གྱི་བཅུ་དྲུག་པ་བྱང་ཆུབ་ཏུ་ངེས་པ་ས་དགུ་བར་སྦྱོར་བའང་དེ་ཡིན་ནོ། །༼༩བ༣༽ ༼༣༽ རྟོགས་རིགས་དེ་གཉིས་རྫོགས་པ་དང༌། རྟོགས་རིགས་དེ་གཉིས་སམ་སྤངས་རྟོགས་མ་ལུས་པ་མཐར་ཕྱིན་པ་དོན་གཅིག་ཡིན་པའི་ཕྱིར་ཏེ། ༼༣༽དེ་ནི་དཔལ་
འཕྲེང་སེང་གེའི་མདོ་ལས། སངས་རྒྱས་རྣམས་ནི་འཕགས་པའི་བདེན་པའི་དོན་བསྟན་པ་བགྱི་བ་མ་མཆིས་པ་བཞི་པོ་དག་ལ་རྫོགས་པར་མཛད་པ་ལགས། ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་རྫོགས་པར་བགྱི་བ་མ་ལགས་སོ། །ཞེས་གསུངས་པའི་ཕྱིར། ༼འེ༢༽འདིའི་དོན་གང་ཞེ་ན། མདོ་དེ་ཉིད་ལས། འཕགས་པའི་བདེན་པའི་དོན་བཤད་པ་རྣམ་པ་གཉིས་གང་ཞེ་ན། འཕགས་པའི་བདེན་པའི་དོན་བཤད་པའི་བགྱི་བ་མཆིས་པ་དང༌། བགྱི་བ་མ་མཆིས་པ་ལགས་སོ། །ཞེས་མདོར་བསྟན་ནས། སྔ་མའི་རྒྱས་བཤད་སྐབས་སུ་དེ་ལྟ་ལགས་པས་འཁོར་བ་ལ་ཡང་འདུ་བྱས་དང་འདུས་མ་བྱས་མཆིས་སོ། །མྱ་ངན་ལས་འདས་པ་ལ་ཡང་འདུ་བྱས་དང་འདུས་མ་བྱས་མཆིས་སོ། །ཞེས་གསུངས་ཤིང༌། བགྱི་བ་མ་མཆིས་པའི་དོན་སངས་རྒྱས་མ་གཏོགས་ཉན་རང་སོགས་ཀྱིས་རྫོགས་པར་མ་གཟིགས་ཚུལ། སྔར་དྲངས་པའི་རྒྱུ་མཚན་སྟོན་པར། རབ་འབྲིང་ཐ་མའི་ཆོས་སུ་རྟོགས་པས་མྱ་ངན་ལས་འདས་པའི་དབྱིངས་རྟོགས་པ་མ་ལགས་པའི་སླད་དུའོ། །ཞེས་དང༌། གོང་དུ་དེ་བཞིན་གཤེགས་པའི་སྙིང་པོ་ནི་འཕགས་པའི་བདེན་པའི་དོན་བཤད་པའི་གནས་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོའི་གནས་ཟབ་པས་ན། འཕགས་པའི་བདེན་པའི་དོན་ཡང་ཟབ་ཅིང་ཕྲ་ལ་བརྟགས་དཀའ་སྟེ། ཞེས་སོགས་གོང་བསྒྲིགས་ནས་དཔྱད་ན། བདེན་བཞིར་ཕྲ་རགས་གཉིས་ཡོད་པ་ལས་ཕྲ་བའི་བདེན་བཞིའི་འཇུག་ལྡོག་བྱེད་པ་ལ། རང་བཞིན་གྱིས་མྱ་ངན་ལས་འདས་པའི་དབྱིངས་རྟོགས་པའི་སྟོབས་
ཀྱིས་འཁོར་འདས་རོ་མཉམ་དུ་ཤེས་པ་དགོས་ཀྱང༌། ཉན་རང་རྣམས་དེ་གཉིས་ལ་དངོས་པོ་དངོས་མེད་རབ་འབྲིང་མཆོག་དམན་སོགས་སུ་མཚན་མར་ཞེན་པ་མ་སྤངས་པའི་སྟོབས་ཀྱིས་སྡུག་ཀུན་ཕྲ་མོ་རྣམས་ཀྱང་མི་སྤོང་ཞིང༌། ལམ་སྒོམ་པ་དང་འགོག་པ་མངོན་དུ་བྱ་བའང་མ་རྫོགས་སོ། །དེའི་ཕྱིར་དེ་དག་གིས་བློ་ནུས་དང་མཐུན་པར་རགས་པའི་བདེན་བཞི་དང་དེ་སྒོམ་ཚུལ་ལ་མཚན་འཛིན་གྱི་སྤྲོས་པ་མ་ཁེགས་པས་བགྱི་བ་མཆིས་པ་ཞེས་བཤད། ཐེག་ཆེན་གྱིས་སྡུག་ཀུན་ཕྲ་རགས་ཐམས་ཅད་སྤོང་དགོས་པས་སྒོམ་ཚེ་ཡང་བརྒྱ་དོན་གསུམ་སོགས་དང༌། གཙོ་བོ་དེ་བཞིན་གཤེགས་པའི་སྙིང་པོ་སྟེ་སྟོང་ཉིད་གཞིར་བྱས་ནས། དེ་ལ་བདེན་བཞིའི་འཇུག་ལྡོག་སོགས་རྟེན་འབྱུང་གི་རིམ་པ་འཇོག་པར་རྩ་འཇུག་གཞི་གསུམ་སོགས་ལས་རྒྱ་ཆེར་གསུངས་པ་ལྟར་གོམས་དགོས་པས། དེ་ལྟར་མཚན་མའི་སྤྲོས་པ་མེད་པར་གོམས་པ་མཐར་ཐུག་པ་ལ་བགྱི་བ་མ་མཆིས་པ་རྫོགས་པར་མཛད་པ་ཞེས་པ་ཡིན་ནམ་སྙམ་ཡང༌། མདོ་འདིའི་སྒེར་གྱི་འགྲེལ་པ་འཕགས་བོད་ཀྱི་མཁས་པ་ཚད་ལྡན་སུས་ཀྱང་མཛད་པ་མ་མཐོང་བས། མདོ་དོན་ལ་རང་དབང་དུ་ཁ་ཚོན་གཅོད་ག་ལ་ནུས། འདི་ལས་ཕྲ་བར་དཔྱོད་ནུས་མཁན་ཡོད་ན་ཅིས་ཀྱང་དཔྱད་པར་བྱའོ། ། ༼༤༽ཁྱབ་སྟེ། དེ་བཞིའི་ཁྱད་ཆོས་མི་རྟག་སོགས་རྫོགས་པ་མི་རྟོགས་པའི་ཕྱིར། ༼༩ན༤༽ ༼༤༽ སེམས་ཅན་སྨིན་ཚུལ་ཡོད་དེ། སྐྱོན་སྤང་རུང་དང་གཉེན་པོ་སྐྱེ་རུང་ཡིན་པའི་ཕྱིར་ཏེ། དཔེར་ན་རྨ་སྨིན་པའི་རྣག་གཟག་རུང་དང་ཤིང་ཐོག་སྨིན་པ་ལོངས་སྤྱད་རུང་ལྟ་བུ་ཡིན་པའི་
ཕྱིར་ཏེ། མདོ་སྡེ་རྒྱན་ལས། དཔེ་ནི་ཇི་ལྟར་རྨ་དང་ཟས་ལ་དེ་དག་གིས། དོན་ནི་དེ་བཞིན་རྟེན་ནམ་གནས་ཀྱི་སྒྲ་ནི་ཕུང་པོ་ལྔ་ལ་བྱའོ། །འདིར་ཕྱོགས་གཉིས་ནི་ཆགས་སོགས་ཉོན་མོངས་པའི་ཕྱོགས་དང༌། དད་སོགས་གཉེན་པོའི་ཕྱོགས་སོ། །ཞི་བ་དང༌། །དེ་བཞིན་སྤྱད་པ་ཉིད་དུ་སྨིན་པ་བསྟན། །ཞེས་གསུངས་པའི་ཕྱིར། ༼༦༽དབྱེ་ན་སྨིན་པ་བརྒྱད་ཡོད་དེ། ཉོན་མོངས་དང་བྲལ་བར་སྨིན་པ་དང༌། ཐེག་པ་གསུམ་གྱིས་ཡོངས་སུ་སྨིན་པ་དང༌། ༼ཡེ༢༽ཕྱོགས་རེ་མ་ཡིན་པར་ཐེག་གསུམ་གྱི་གདུལ་བྱ་ཀུན་སྨིན་པར་བྱེད་པའི་ཡོངས་སྨིན་ཏེ། བློ་བརྟན་གྱིས། གང་ཟག་ཀུན་སྨིན་པར་བྱ་བ་ནི་ཡོངས་སུ་སྨིན་བྱེད་ཅེས་སོ། ། ༼༧༽ཕྱི་རོལ་བའི་གཟུགས་གཟུགས་མེད་དུ་སྨིན་པ་ལས་རབ་ཏུ་སྨིན་པ་དང༌། རང་རང་གི་སྐལ་བ་དང་འཚམས་པའི་མཐུན་པར་སྨིན་པ་དང༌། ཆགས་སྡང་མེད་པར་གདུལ་བྱ་ཀུན་སྨིན་པའི་ཐབས་ལ་འབད་ཅིང་གུས་པར་བྱེད་པའི་ལེགས་སྨིན་དང༌། རྟོགས་པར་སྨིན་པར་བྱེད་པ་དང༌། ༼རེ༢༽བློ་བརྟན་གྱི་འགྲེལ་བཤད་ལས། བདག་ཉིད་ཀྱིས་ས་དང་པོ་ཐོབ་ནས་ཆོས་ཀྱི་དབྱིངས་རྟོགས་པར་བྱས་ཏེ། གཞན་དག་ཀྱང་ས་དང་པོ་ཐོབ་པར་བྱས་ནས་ཆོས་ཀྱི་དབྱིངས་རྟོགས་པར་བྱ་བ་ནི་རྟོགས་པའི་སྨིན་བྱེད་ཅེས་སོ། །ངོ་བོ་ཉིད་མེད་པའི་འགྲེལ་བཤད་ལས། ཆོས་ཀྱི་དོན་དུ་གསུངས་པ་ཡིན་ཏེ་ཟས་ཀྱི་ལྟོར་ཅེས་པ་ལྟ་བུའོ། །ཞེས་རྟོགས་པའི་ཆེད་དུ་སྨིན་པ་ལ་བཤད་པ་འདྲ་སྟེ་དཔྱད་དགོས། ༼༧༽ཕྱིན་ཅི་མ་ལོག་པས་རྟག་ཏུ་སྨིན་པར་བྱེད་པ་དང༌། ༼ལེ༢༽ནམ་ཡང་རྟག་པ་དང་བདག་ཏུ་མི་སྟོན་པར་ཕྱིན་ཅི་མ་ལོག་པའི་ཆོས་ཀྱིས་སྨིན་པ་ལ་བཤད་ཀྱང་ཞིབ་ཆ་དགོས། ༼༩བ༥༽ ༼༣༽ གཉིས་པ་གྲུབ་སྟེ། རྒྱུད་བླ་མ་ལས། འཕགས་
པས་ན་དང་རྒ་བ་དང༌། །འཆི་བའི་སྡུག་བསྔལ་རྩད་ནས་སྤངས། །པ་ཡིན་ཏེ་སྡུག་བསྔལ་དེ་དག་གི་གཞི་ལས་དང་ཉོན་མོངས་དབང་གིས་སྐྱེ། །བ་ལ་བརྟེན་པ་ཡིན་པ་གང་ཞིག །འཕགས་པ་དེ་ལ་སྐྱེ་བ་དེ་མེད་ཕྱིར་ན་སྡུག་བསྔལ་དེ་རྣམས་མེད། །ཅེས་གསུངས་པའི་ཕྱིར། ༼༧༽སྐད་ཅིག་རེ་རེ་ལ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་འབུམ་གྱི་རྡུལ་ཕྲ་རབ་ཀྱི་གྲངས་སྙེད་སྨིན་པར་བྱེད་པའི་དེ་ཡིན་པའི་ཕྱིར། དེར་ཐལ། ཡོན་ཏན་དེ་སྙེད་ཕྲག་བཅུ་གཉིས་ཐོབ་པའི་ཕྱིར། ༼ཤེ༢༽འདི་ལ་འོ་ན། ས་དགུ་པ་པ་དེས་སྐད་ཅིག་མ་གཅིག་ལ་སྐུའི་བཀོད་པ་སྟོང་གསུམ་བྱེ་བ་འབུམ་གྱི་རྡུལ་སྙེད་སྟོན་པ་དང༌། གདུལ་བྱ་དེ་སྙེད་སྨིན་པར་བྱེད་ཀྱང་སྨིན་པར་མ་བྱས་པའི་ཞིབ་ཆ་འཐད་པར་ཐལ་ལོ། །འདོད་ན། དེས་ཞིང་བྱེ་བ་ཕྲག་བརྒྱར་སྐུ་བྱེ་བ་ཕྲག་བརྒྱ་བསྟན་ནས། དེ་རེ་རེས་ཀྱང་གདུལ་བྱ་བྱེ་བ་ཕྲག་བརྒྱ་རེ་སྨིན་པར་བྱེད་པར་ཐལ། དེ་ལས་སྔ་མ་ཆེས་མང་བའི་ཕྱིར་རོ། །འདོད་ན། དེ་དག་སྨིན་ལམ་ལ་འགོད་ཀྱང་མ་བཀོད་པའི་ཁྱད་པར་འབྱེད་པར་ཐལ། འགོད་ནུས་པའི་ཕྱིར་ཏེ། སྨིན་པར་བྱེད་ནུས་པའི་ཕྱིར། འདོད་ན། སེམས་ཅན་སྨིན་པའི་ཚད་དང་འགལ་ཟེར། ༼༩ན༧༽ ༼༡༽ སེམས་ཅན་ཡིན་ན་རང་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་ཡོད་པས་ཁྱབ་པའི་ཕྱིར་ཏེ། རང་སངས་རྒྱས་པ་ཡོད་པས་ཁྱབ་པའི་ཕྱིར། ༼སེ༢༽ལྷས་སྦྱིན་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་གི་རྒྱུ་ཚོགས་རྫོགས་པར་ཐལ། དེ་སངས་རྒྱས་ཀྱི་ཞིང་ཡིན་པའི་ཕྱིར། སོགས་ཤེས་བྱའི་རྣམ་གྲངས་མང་ཡང་དགོས་པ་ཆུང་ལ། རྒྱུན་མཐའི་དུས་ཀྱི་
ཞིང་དེ་འོག་མིན་ཡིན་ནམ། འོག་མིན་ལ་སངས་རྒྱས་ཀྱི་ཞིང་དགོས་སམ་མི་དགོས། སངས་རྒྱས་རྣམས་ཀྱི་ཞིང་གཅིག་ཐ་དད་སྟེང་ནས་དཔྱད་རྒྱུ་ཅུང་ཟད་ཡོད། ༼༩ན༨༽ ༼༢༽ ཉི་སྣང་ལས། བསྟན་པ་འདི་ལ་མྱ་ངན་ལས་འདས་པ་རྣམ་པ་མང་པོ་རྣམ་པར་བཞག་སྟེ། འདི་ལྟར་རྩེ་མོ་༼ཧེ༢༽ཐོབ་པ་རྣམས་ཀྱི་དགེ་བའི་རྩ་བ་ཆད་པ་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ། །བཟོད་པ་ཐོབ་པ་རྣམས་ཀྱིས་ནི་ངན་འགྲོའི་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ། །བསམ་གཏན་ཐོབ་པ་རྣམས་ཀྱིས་ནི། དེའི་ཡན་ལག་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ། །རྒྱུན་དུ་ཞུགས་པ་རྣམས་ཀྱིས་ནི་སྲིད་པ་བརྒྱད་པ་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ། །ལན་ཅིག་ཕྱིར་འོང་བ་རྣམས་ཀྱིས་ནི། འདིར་སྲིད་པ་གཉིས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ། །ཕྱིར་མི་འོང་བ་རྣམས་ཀྱིས་ནི། འདོད་པའི་ཁམས་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ། །དགྲ་བཅོམ་པ་རྣམས་ཀྱིས་ནི་ཕུང་པོ་ལྷག་མ་དང་བཅས་པ་དང༌། ཕུང་པོ་ལྷག་མ་མེད་པ་མྱ་ངན་ལས་འདས་པ་ཡིན་ནོ། །འདིར་ཡང་དམ་པའི་ཆོས་པདྨ་དཀར་པོའི་མདོ་ཚད་མར་བྱས་ནས་ཇི་ལྟར་འཕགས་པ་ཤཱ་རིའི་བུ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པའི་རྣམ་པར་བཞག་པ་གསུངས་པ་དེ་བཞིན་དུ་དགོངས་པ་ཅན་གྱི་མྱ་ངན་ལས་འདས་པ་ཡིན་པ་ཤེས་པར་བྱ་སྟེ། དུས་དེ་སྲིད་དུ་འགྲོ་བའི་དོན་རྒྱུན་ཆད་པའི་ཕྱིར་རོ། ། ༼༢༽དེ་ཉིད་ཀྱི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་བྱ་བ་རྒྱུན་བཅད་པའི་ཕྱིར་དེ་ཉིད་འདིའི་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་
བཤད་དོ་ཞེས་གསུངས་པའི་ཕྱིར། ༼ཨེ༢༽ལུང་འདིའི་མཇུག་ལྟར་དགོངས་པ་ཅན་གྱི་མྱང་འདས་ནི། བརྟགས་པ་མཐའ་བཟུང་གི་གཞན་དོན་རེ་ཞིག་རྒྱུན་ཆད་པའི་ཆ་ལ་འདོད་པ་ལེགས་ཀྱང༌། བསོད་གྲགས་ཆོས་ཉིད་ལ་བཤད་དོ། །དེ་ཉིད་མྱང་འདས་མིན་ཀྱང་མྱང་འདས་ཀྱི་སྒྲས་བསྟན་རུང་བའི་དཔེར་མྱང་འདས་བརྒྱད་བཤད་པ་ལྟར་སྣང་ཡང༌། ཡིག་ཆས་དགོངས་པ་ཅན་གྱི་མྱང་འདས་དྲངས་པ་ལྟར་ན། ལྷག་བཅས་ལྷག་མེད་བསྡོམ་མོ། །འདིར་བསམ་གཏན་ཐོབ་པ་རྣམས་ནི་རང་གི་ཡན་ལག་ཡོངས་སུ་མྱ་ངན་ལས་འདས་ཞེས་པའི་དོན་ནི། དང་པོའི་སྙོམས་འཇུག་ཁྱད་པར་ཅན་གྱི་རྟོག་པ་དང༌། གཉིས་པའི་དཔྱོད་པ། གསུམ་པའི་བདེ་བ་རང་གི་ཡན་ལག་ཏུ་བྲལ་བ་ལྟ་བུའོ། །འདིར་བཤད་པའི་ཤཱ་རིའི་བུ་ནི་མཆོག་ཟུང་ཡ་གྱལ་གྱི་ཤཱ་རིའི་བུ་མིན་ལ། དེའི་མིང་ཅན་ཞིག་གོ་ཞེས་མཁས་པ་རྣམས་ལ་རླུང་ལྟར་གྲགས་ཀྱང༌། མདོ་དེ་ཉིད་ལས། ཤཱ་རིའི་བུ་ཁྱོད་མ་འོངས་དུས་སུ་ནི། །རྒྱལ་བ་དེ་བཞིན་གཤེགས་པ་འབྱུང་འགྱུར་ཏེ། །པདྨ་འོད་ཅེས་བྱ་བ་ཀུན་ཏུ་སྤྱན། །ཞེས་སོགས་རྣམ་བཤད་སྙིང་པོ་རྒྱན་ནས་སྤྱིར་གྱི་ཤཱ་རིའི་བུ་འཚང་རྒྱ་བའི་ཤེས་བྱེད་དུ་དྲངས་ལ། མདོ་སྔ་ཕྱི་འདི་དག་གསུངས་པ་ཐ་དད་པའི་ཚོད་ན་མི་སྣང་བས་ཚིམ་མི་སླ་བས་དཔྱོད་ཅིག །ཤེས་རབ་འཁོར་ལོ་དཔལ་གྱི་འདབ་མའི་རྡུལ། །བཏུད་པས་རབ་མྱོས་བུང་བའི་ན་ཆུང་མ། །རྒྱལ་བསྟན་ཁོར་ཡུག་འགེངས་པའི་དར་དིར་དབྱངས། །སྒྲོག་སླད་བརྩོན་ཤེས་འདབ་མའི་གར་གྱིས་བྲེལ། །མཐའ་བྲལ་བློ་གྲོས་རལ་ཀློང་
ནས། །ལེགས་བཤད་མཆོད་ཡོན་བསྒྲེངས་མཁས་པ། །ཡོངས་འཛིན་ཚངས་པ་ཆེན་པོའི་ཞབས། །དད་པ་ཡིས་ནི་སྤྱི་བོར་བསྟེན། ། ༈ ༼༩ན༩༽ ༼༤༽ ཡང་པཎྚི་ཏ་འགའ་ཞིག་ན་རེ། དགོས་འབྲེལ་གྱི་དགོས་པ་གཞུང་མཛེས་པའོ་ཟེར། སྤྱིར་ལུས་མཛེས་པ་རུང་ཡང་དགོས་པ་ལུས་མཛེས་ཙམ་མ་ཡིན་པར་ཐལ། དེ་ལས་དོན་རྟོགས་པ་སོགས་དགོས་པ་ཡོད་པའི་ཕྱིར་ཏེ། གསེར་འཕྲེང་ལས། འོན་ཀྱང་མཛེས་པ་དགོས་པར་འཆད་པ་སྐབས་སུ་མ་བབས་པའོ་ཞེས་གསུངས་པའི་ཕྱིར། ༼ཀོ༣༽འདི་འདོད་པ་བོ་ཤི་ཀར་ནནྟའམ་བདེ་བྱེད་དགའ་བའོ། །སྔ་མ་ནི་མ་ལེན་གྱི་གཞུང་ལས། བསྟན་བཅོས་དག་ནི་ཐམས་ཅད་དམ། །ཞེས་སོགས་འབྱུང་བ་དེ་ཡིན་ཞིང༌། ཀུ་མ་རི་ལ་ཞེས་ཀྱང་འབྱུང་ངོ༌། ། ༼༡ན༠༠༽ ༼༣༽ ཡང་ཁོ་ན་རེ། དགོས་སོགས་ལ་བཞིར་མ་ངེས་པར་ཐལ། བདེ་མཆོག་བསྟོད་འགྲེལ་ལས་རྗོད་བྱེད་ཕུན་ཚོགས་དང་ལྔར་བཤད། ༈ ༼༡བ༠༠༽ ༼༡༽ རང་འགྲེལ་ལས། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། ཆོས་ཐམས་ཅད་རྟོག་གེའི་སྤྱོད་ཡུལ་མིན་པས་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་རང་བཞིན་མིང་གི་ཚོགས་ལ་སོགས་པ་ནི་རྫས་སུ་ཡོད་པ་ཁོ་ནའོ། །ཞེས་གསུངས་པའི་ཕྱིར། ༼ཁོ༣༽འདིའི་དོན་ལ་མཆན་ཁ་ཅིག་ཏུ། རྟོག་གེ་ཞེས་པ་མདོ་སྡེ་པ་སོགས་ལ་བྱས་ནས། དེ་དག་གིས་མ་ཤེས་པ་ཡིན་གྱི། ལྡན་པ་མ་ཡིན་པའི་མིང་རྫས་གྲུབ་ཡོད་ཅེས་བཤད་ལ། གཞན་བཤད་པ་གསལ་པོ་མི་སྣང་ཡང༌། ཁོ་བོས་དཔྱད་ན་རྟོག་གེ་བ་ཞེས་མི་འབྱུང་བས། རྟོག་གེ་ཞེས་པ་སྒྲར་བྱས་ནས་ཆོས་ཐམས་ཅད་དེས་ཇི་ལྟ་བ་བཞིན་བརྗོད་མི་ནུས་པས་
དངོས་ཀྱི་བརྗོད་བྱ་མིང་དང་དེ་སྒྲ་སྤྱི་དང་ལྡན་མིན་དུ་འདོད་ལ་བསྟན་བཅོས་སོགས་ཀྱང་དེར་འདོད་ཅིང༌། དོན་སྤྱིའི་བཤད་པ་མི་གསལ་ལ། རྣམ་འགྲེལ་ཊཱིཀ་ཆེན་ལེའུ་གསུམ་པར། རྣམ་པ་མེད་པར་བཤད་པའི་འདྲ་རྣམ་ཡང་འཇོག་དཀའ་ལ། སེལ་འཇུག་མི་འདོད་པའི་ཕྱོགས་ཀྱང༌། འབྱུང་བ་སྐལ་མཉམ་འཆད་པའི་མཛོད་འགྲེལ་གྱིས་གྲུབ་པ་འདྲ་ཞིག་སྣང་ཡང༌། གནས་དྲུག་པར། རྫས་སུ་རྣམ་པ་བཅུ་དྲུག་གོ །རྣམ་པ་ཤེས་རབ་ཅེས་འབྱུང་བས། དབང་ཤེས་ཉིད་རྣམ་མེད་དུ་རིགས་སོ། །རྣམ་པར་གཏན་ལ་དབབ་པ་བསྡུ་བའི་བམ་པོ་སོ་ལྔ་བར། གཞན་ཡང་ཚིག་ནི་མིང་ལ་འཇུག་ཅིང༌། མིང་གིས་དོན་སྟོན་པར་བྱེད་དོ། །ཞེས་གསུངས་ཀྱང༌། ལུགས་དེ་ལ་སྒྲ་སྤྱི་དངོས་པོ་ལ་འདོད་པའི་གནས་མེད་པས་དགོངས་པ་བཙལ་བར་བྱའོ། ། ༼༣༽རང་འགྲེལ་ལས། མིང་བྱེད་པ་ནི་མིང་སྟེ། དཔེར་ན་གཟུགས་སྒྲ་ཞེས་བྱ་བ་ཞེས་གསུངས་པའི་ཕྱིར། ༼གོ༣༽བྱེ་སྨྲས་བུམ་པ་ཞེས་པའི་ཚིག་བུམ་པ་ལ་བཏགས་པའི་ཆ་དེ་ཡང་རྗོད་བྱེད་དུ་འདོད་ཅིང༌། མིང་ཡང་དེ་ཡིན་ཏེ་དེ་ལ་དགོངས་ནས་སློབ་དཔོན་གྱིས་འདིར་མིང་བྱེད་པ་ཞེས་སྨོས་པ་བཏགས་པའི་མིང་དུ་བསྟན་ནས། མིང་གཞི་ཞེས་པའི་མིང་དུ་འཁྲུལ་བ་འགོག་ཆེད་ཡིན་པར་གང་སྤེལ་འཆད་དོ། །༼༡ན༠༡༽ ༼༡༽ མིང་གང་དོན་དེ་དང་དེ་ལ་བཏགས་པ། ༼ངོ༣༽ངག་ཕྱོགས་ས་དང་འོད་ཟེར་དང༌། །ཕྱུག་དང་མིག་དང་རྡོ་རྗེ་དང༌། །མཐོ་རིས་ཆུ་དང་དོན་དགུ་ལ། །མཁས་པས་གཽ་སྒྲ་ངེས་པར་གདགས། །ཞེས་པ་ལྟར། ༼༡༽གཽ་
སྒྲ་དོན་དགུ་ལ་བྱས་པ་ལྟ་བུ། ༼༢༽དེ་སྐད་དུ། རང་འགྲེལ་ལས། དེ་དག་ནི་ངག་གི་རང་བཞིན་མིན་ཏེ། ངག་གི་སྒྲ་ཡིན་ན་སྒྲ་ཙམ་གྱིས་༼ཅོ༣༽དོན་གོ་བར་མི་འགྱུར་རོ། །འོ་ན་ཅི་ཞེ་ན་ངག་ནི་མིང་ལ་འཇུག ༼༢༽དཔེར་ན་གཽ་ཞེས་བྱ་བ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར། ༼ཆོ༣༽གྲུབ་མཐའ་ཆེན་མོར། བེམ་པོ་དང་ལྡན་མིན་འདུ་བྱེད་དུ་གཏོགས་པར་གསུངས་ལ། ཊཱིཀ་ཆེན་དེ་ཉིད་སྣང་བར། མདོ་སྡེ་པའི་སྐབས་སུ། འདུ་བྱེད་བེམ་པོ་ཡོད་མ་ཡིན། །ཞེས་པའི་ཤུགས་ལ། བྱེ་སྨྲས་ལྡན་མིན་འདུ་བྱེད་དང་བེམ་པོའི་གཞི་མཐུན་འདོད་པར་གསུངས་སོ། །ཞེས་གསུངས་པས་གྲུབ་མཐའ་རིན་ཆེན་འཕྲེང་བ་ལྟར་རོ། །གསེར་འཕྲེང་གི་ལུང་འདི་དག་ལ་ཞིབ་ཆ་དགོས་ཞེས་མཛོད་ཀྱི་མཐའ་དཔྱོད་དུ་གསུངས་པས་དཔྱད་པར་བྱའོ། ། ༼༣༽ཡང་དཔྱོད་པ་བ་སོགས་རྟོག་གེ་བ་དག་བསྟན་བཅོས་ཀྱི་ངོ་བོ་ཀུན་བཏགས་དང་དངོས་མེད་ལ་འདོད་དེ། ༼༤༽རྣམ་འགྲེལ་ལས། ཚིག་སོགས་ཀུན་བཏགས་དངོས་མེད་ལ། །དངོས་པོ་ཡིན་ན་འབྲེལ་བ་གང༌། །ཇི་ལྟ་བུར་ན་འཇུག་པར་འགྱུར། །ཞེས་གསུངས་པ་དང༌། ༼ཇོ༣༽འདི་ལ་ཐར་ལམ་གསལ་བྱེད། ཊཱིཀ་ཆེན། གྲྭ་ཆུང་བའི་ཊཱིཀྐ་སོགས་སུ། ཚིག་སོགས་ཆོས་ཅན་ཁྱོད་རང་གི་བརྗོད་བྱའི་དོན་དངོས་པོ་ཡི་ནི་འབྲེལ་བའམ། འབྲེལ་བ་དངོས་པོར་གྲུབ་པ་མེད་པར་ཐལ། ཁྱོད་དེ་ལ་ཀུན་བཏགས་ཀྱི་ཆ་དངོས་མེད་རྟོག་བཏགས་ཙམ་ཡིན་པའི་ཕྱིར། ཞེས་མཐུན་པར་འབྱུང་ལ། སྡེ་བདུན་རྒྱན་དུ་ཚིག་སོགས་ཀུན་བཏགས་པ་ཞེས་རྩོད་གཞི་ལ་སྦྱར་ཀྱང༌། འགལ་བ་མེད་དེ། ཕ་
རོལ་པོས་ཀུན་བཏགས་པའི་ཆ་ཡང་སྒྲ་སྤྱི་ཡིན་པས་རྗོད་བྱེད་དུ་འདོད་པའི་ཕྱིར་རོ། ། ༼༤༽གསེར་འཕྲེང་ལས། རྟོག་གེ་བ་ནི་དངོས་ཀྱི་རྗོད་བྱེད་སྒྲ་སྤྱི་དང་ཞེན་པའི་རྗོད་བྱེད་སྒྲ་རང་མཚན་པ་ལ་འདོད་ཅེས་གསུངས་པའི་ཕྱིར། གསེར་འཕྲེང་ཚིག་ཟིན་འདི་འདྲ་ཞིག་འདུག་པས་དཔྱད་རྒྱུ་དུ་མ་ཡོད། འདིར་ཞིབ་ཆ་འགའ་དགོས་སོ། ། ༼ཉོ༣༽ཞིབ་ཆ་ནི། འདི་འདོད་པ་བོ་གཙོ་བོར་དཔྱོད་པ་བ་ཡིན་ལ། དེ་དག་གིས་རིག་བྱེད་ཀྱི་ངོ་བོ་ཀུན་བཏགས་ཀྱི་ཆ་ལ་འདོད་པས། དངོས་མེད་དུ་དོན་གྱིས་ཁས་བླངས་སོང་ཡང་དངོས་མེད་དུ་མི་སྨྲ་སྟེ། འོག་ནས་རྣམ་བརྟགས་འབྲེལ་ལ་ཉེས་འདི་མེད། །ཅེས་སྐྱོན་སྤོང་སྐབས། ཁྱེད་ཅག་འབྲེལ་བ་རྟག་དངོས་འདོད་པ་ལ་སྐྱོན་འཇུག་ཀྱང༌། ཁོ་བོ་ཅག་བློས་བཏགས་ཙམ་དུ་སྨྲ་བས་སྐྱོན་མེད་ཅེས་བཤད་པའི་ཕྱིར་དང༌། རིགས་གཏེར་ལས། གངས་ཅན་པ་དང་ཉན་ཐོས་གཉིས། །སྒྲ་དོན་དངོས་ཀྱི་བརྗོད་བྱར་འདོད། །ལྡན་མིན་འདུ་བྱེད་ལ་སྦྱར་བའི། །འབྲེལ་མེད་གཟུགས་ནི་ཇི་ལྟར་སྟོན། །ཞེས་ཉན་ཐོས་བྱེ་བྲག་སྨྲ་བ་དང་སྦྱར་བ་ལྟར་ན་ཡང༌། དེས་ཀྱང་ལྡན་མིན་དུ་འདོད་པས་དངོས་མེད་མི་རུང་ངོ༌། །༼༡བ༠༡༽ ༼༡༽ དེ་བཞིན་དུ་ཉི་སྣང་དབུ་མ་སྙིང་པོ་རྟོག་གེ་འབར་བ་༼ཏོ༣༽རྣམ་བཤད་རིགས་པ་འབུམ་ཊཱིཀ་སོགས་ལས་ཡན་ལག་དྲུག་ཅུ་བཤད་པ་མི་འཐད་པར་ཐལ་བ་དང༌། ༼༤༽སྤྱོད་འཇུག་ལས། ལུས་ཅན་ཀུན་གྱིས་བྱ་དང་ནི། །ཤིང་དང་འོད་ཟེར་ཐམས་ཅད་དང༌། །ནམ་མཁའ་ལས་ཀྱང་ཆོས་ཀྱི་སྒྲ། །རྒྱུན་མི་འཆད་པར་ཐོས་པར་ཤོག །ཅེས་གསུངས་པའི་ཕྱིར། ༼ཐོ༣༽འདི་ནི་ཡུལ་སྟེང་ནས་ཀྱང་འགྲུབ་རུང་གི་སྨོན་ལམ་སྟེ། མོས་
སྤྱོད་དང༌། རྩོལ་བཅས་རྩོལ་མེད་ཀྱི་ས་ལ་རིམ་པར་འགྲུབ་ཚུལ། རྒྱན་ལས། སེམས་དཔའ་མཆོག་གི་སྟོན་པ་ནི། །ལུང་དང་ཡོན་ཏན་དབང་འབྱོར་ལས། །ཁྭ་དང་གཟུགས་ནི་ཐམས་ཅད་དང༌། །ནམ་མཁའ་ལས་ཀྱང་འབྱུང་བ་ཡིན། །ཞེས་པ་དང་གཅིག་པར་སྣང་ངོ༌། ། ༼༡ན༠༢༽ ༼༧༽ མིང་གི་སྒོ་ནས་བསྟན་བཅོས་ལ་དགུ་ཡོད་པའི་དྲུག་ལྟར་སྣང་དང༌། ནང་པའི་བསྟན་བཅོས་ལ་ཕྱི་མ་གསུམ་ཀ་ཡིན་པས་ཁྱབ་པའི་ཕྱིར་ཏེ། རྣམ་བཤད་རིགས་པ་ལས། ཕྱི་བའི་རྟོག་གེའི་གཞུང་ལྟ་བུ་དགོས་པའི་སྒོ་ནས། ཐོས་རྩོད་སྒྲུབ་པ་ལྷུར་ལེན་དང༌། །འཇོག་པོའི་གཙུག་རྒྱན་དང༌། བྱ་རོག་སོ་རྟོག་ལྟ་བུ་བརྗོད་བྱའི་སྒོ་ནས་དོན་མེད་དོན་ལོག་དོན་དང་ལྡན། །ཀུན་སློང་གི་སྒོ་ནས། བྲམ་ཟེ་གསང་ཚིག་སྟོན་པ་དང་ཕྱུགས་ཀྱི་མཆོད་སྦྱིན་ལ་འཇུག་པའི་དེ་ལྟ་བུ་ངན་གཡོ་སྙིང་མེད་སྡུག་བསྔལ་སྤོང༌། །བསྟན་བཅོས་གསུམ་ཚན་གསུམ་དུ་འདོད། །ཅེས་གསུངས་པའི་ཕྱིར། ༼༡ན༠༣༽ ༼༣༽ མདོ་རིམ་པ་གསུམ་དུ་བསྡུས་ནས་བཤད་པ་གང་ཞིག །བཀའ་ཐམས་ཅད་དེ་གསུམ་དུ་འདུ་བའི་ཕྱིར། དང་པོ་གྲུབ་སྟེ། རྣམ་བཤད་ལས། ནོར་བུ་སྦྱོང་བའི་ཚུལ་དཔེར་བླངས་ནས་གདུལ་བྱ་བཀྲི་བའི་རིམ་པ་གསུམ་མཛད་དོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། གདུལ་བྱ་གྲོལ་བྱེད་ཀྱི་ཆོས་དེར་མ་འདུས་པའི་སྐབས་མེད་པའི་ཕྱིར། ༼དོ༣༽འདི་ལ་རིམ་པ་གཉིས་པའི་མཚན་གཞིར་རྣམ་བཤད་སོགས་ལས་ཤེར་མདོ་བཞག་ཀྱང༌། དགེ་འདུན་རྒྱ་མཚོའི་དཀའ་འགྲེལ་གྱི་མཇུག་ཏུ་དེ་རིམ་པ་གསུམ་པར་གསུངས་པ་དཔྱད་དགོས་ལ། དཀའ་འགྲེལ་འདིར་དགོངས་འགྲེལ་གྱི་ལེའུ་བཅུ་བགྲང་བའི་ཚེ་ཡང༌། རབ་
འབྱོར་གྱི་ལེའུ་མ་བགྲང་བར་གླེང་གཞི་བགྲང་བ་གླེགས་བམ་དང་མི་མཐུན་ཞིང༌། གལ་ཏེ་རབ་འབྱོར་བྱང་ཆུབ་སེམས་དཔའ་མ་ཡིན་ལ། འདི་བྱང་ཆུབ་སེམས་དཔའ་བཅུས་དྲི་ལན་གྱིས་བཤད་པར་རྣམ་བཤད་ལས་འབྱུང་ངོ་ཞེ་ན། གླེང་གཞིར་དྲི་ལན་ཀྱང་མེད་ལ། ཞུ་བ་པོ་ཡང་མེད་པའི་སྐྱོན་སོ་ན་གནས་སོ། །དེས་ན་དགོངས་འགྲེལ་དང༌། ཚུལ་བཞིན་ཀུན་ཏུ་དྲི་བ་སོ་སོར་བགྲངས་ཀྱང༌། དེ་གཉིས་ཀྱི་དྲིས་ལན་ལེའུ་གཅིག་ཡིན་པས། བྱང་སེམས་རེ་དང་ལེའུ་རེ་སྦྱོར་མི་དགོས་ལ། གླེགས་བམ་སོར་བཞག་རུང་ངོ༌། ། ༼༧༽ཐོགས་འགྲེལ་ལས། དེ་ལ་གང་དག་སྟོང་པ་ཉིད་ཀྱི་ཚུལ་འདི་ལ་ཕྱིན་ཅི་ལོག་ཏུ་རྣམ་པར་གཡེང་ཞིང་རྣམ་པར་འཕྲོ་ལ་མཉམ་པར་མི་འཇོག་ཅིང་རྩེ་གཅིག་ཏུ་མི་འགྱུར་བ་དེས་ན་སྟོང་པ་ཉིད་ལ་སེམས་རྣམ་པར་གཡེང་བ་ཞེས་བརྗོད་དོ། །ཞེས་གསུངས་པའི་ཕྱིར། ༼ནོ༣༽འདི་ལ་ཁ་ཅིག །སྟོང་ཉིད་ལ་རྣམ་གཡེང་ཡིན་པས་རྣམ་གཡེང་དུ་འགྱུར་ན་བདེན་འཛིན་དེར་འགྱུར་ལ། མིན་ན་སྐྱོན་བརྗོད་འབྲེལ་མེད་དོ་ཟེར་ཡང༌། དཔྱད་ན་ཕ་རོལ་པོའི་ཁས་བླངས་ལ་འཁྲིས་པའི་སྐྱོན་བརྗོད་པ་ཡིན་པས་རྣམ་གཡེང་ཉོན་སྒྲིབ་མ་ཡིན་པར་མི་འགྱུར་རོ། །དེ་ཡང་ཕ་རོལ་པོ་དེས་རྒྱུད་བླའི་ལུང་དོན་འཆད་པའི་ཚེ་རྣམ་གཡེང་མེད་པའི་དོན། གང་བཤད་བྱའི་དོན་དེ་ལས་ལོག་པར་ཞུགས་པའི་གཡེང་བ་མ་སྤངས་པར་ཡོད་ན། བསམ་པ་དེའི་དབང་གིས་བཤད་པ་ལ་ཡང༌། ཕྱིན་ཅི་ལོག་གི་ཉེས་པ་འབྱུང་བས་ཚིག་དོན་གཉིས་ཀར་སྐྱོན་མེད་པའི་བཤད་པ་རྣམ་དག་ཏུ་མི་འགྱུར་
རོ་སྙམ་པ་ཡིན་ལ། དེ་ལྟ་ན་སྟོང་ཉིད་སྟོན་པའི་བསྟན་བཅོས་རྣམ་དག་བརྩམས་པ་ལ་སྟོང་ཉིད་ལ་གཡེང་བ་སྤང་དགོས་ཞེས་པ་རྣམ་པར་དཔྱོད་པའི་སྒོ་བླ་ན་མེད་པ་ཡིན་ནོ། །རང་ལུགས་ལ། རྣམ་གཡེང་མེད་པའི་དོན་སྤོང་བ་ལ་མི་བྱེད་ཅིང་འདིའི་རྣམ་གཡེང་ཡང༌། དར་ཊཱིཀ་ལས། བྱེད་པ་པོའི་ཀུན་སློང་གི་ཁྱད་པར་རྙེད་པ་དང༌། བཀུར་སྟི་དང༌། གྲགས་པ་ལ་ལྟ་བ་སོགས་འཁོར་བའི་འདུ་འཛིའི་རྣམ་གཡེང་མེད་པའི་ཡིད་ཅན་གྱིས་བཤད་པ་དང༌། ཞེས་འབྱུང་སྟེ། དེ་ཙམ་ནི་འདུལ་བ་མདོ་རྩ་བར། རྙེད་པ་དང༌། བཀུར་སྟི་དང༌། ཟང་ཟིང་མེད་པའི་སེམས་ཀྱིས་སོ། །ཞེས་གསུངས་པ་ལྟར། ཆོས་འཆད་པ་ཐམས་ཅད་ལ་ཡང་དགོས་པས་ཕྱོགས་སྔ་དང་རང་གཞུང་ཤན་ཕྱེད་པ་གལ་ཆེ་བར་སྣང་ངོ༌། ། ༼༡བ༠༣༽ ༼༧༽ དེ་དག་མཁས་པ་རྣམས་ཀྱི་དོགས་པར་སྣང་བས་བཤད། ༼པོ༣༽ཐལ་འགྱུར་བའི་ལུགས་ལ་བསྟན་བཅོས་ཐམས་ཅད་ཐར་ལམ་སྟོན་བྱེད་ཡིན་ན། སེམས་བསྐྱེད་ཙམ་སྟོན་པ་དེས་ཀྱང་ཐར་ལམ་བསྟན་པར་འདོད་དགོས་པས། དེ་ལ་སླེབས་པ་ཡང་ཐར་ལམ་དུ་སླེབས་པར་འགྱུར་རོ་ཟེར་བ་སོགས་༼༧༽བླུན་པོས་བརྗོད་པ་ལ་དོགས་དཔྱོད་མ་བྱས་སོ། །༼༡ན༠༤༽ ༼༣༽ ལྷག་བསམ་བསྐུལ་བའི་མདོ་བསླབ་བཏུས་སུ་དྲངས་པ་ལས། བྱམས་པ་གཞན་ཡང་རྒྱུ་བཞིས་ན་སྤོབས་པ་ཐམས་ཅད་སངས་རྒྱས་ཀྱི་གསུང་ཡིན་པར་རིག་པར་བྱའོ། ། ༼༧༽མདོ་མངོན་གཉིས་མི་འགལ་བར་བཤད་དེ། ༼ཕོ༣༽དེར་མ་ཟད་སྡེ་སྣོད་གསུམ་ག་ཡིན་པ་ཡང༌། རྣམ་འགྲེལ་ལེའུ་དང་པོའི་མཐའ་དཔྱོད་ལས། ཐེག་ཆེན་ཐུན་མོང་མ་ཡིན་པའི་འདུལ་
བའི་སྡེ་སྣོད་དང༌། སྡེ་སྣོད་གཞན་གཉིས་ཀྱི་གཞི་མཐུན་ཡོད་པའི་ཕྱིར། དཔེར་ན། མཚན་གཞི་དཀོན་བརྩེགས་དང༌། སངས་རྒྱས་ཕལ་བོ་ཆེ་དང༌། མདོ་ཏིང་ངེ་འཛིན་རྒྱལ་པོ་ལྟ་བུའོ། །ཞེས་གསུངས་པ་ལྟར། སྐྱབས་མགོན་མཆོག་གིས་མཛད་པའི་གསོལ་འདེབས་ཀེ་ཏ་ཀའི་འཕྲེང་མཛེས་ཀྱི་ཊཱིཀྐར་གསུངས་ལ། དབུ་མའི་མཐའ་དཔྱོད་དུ་ཡང་གསུངས་སོ། །སྡེ་སྣོད་གསུམ་དུ་འཇོག་ཚུལ་སྤང་བྱ་ལ་ལྟོས་ནས་འདོད་པ་བསོད་སྙོམས་ཀྱི་མཐའ་དང༌། ངལ་དུབ་ཀྱི་མཐའ་སྟེ་མཐའ་གཉིས། ཐེ་ཚོམ་དང༌། འདུལ་བས་ཚུལ་ཁྲིམས་ལ་འགྱོད་པ་མེད་པས་ཞི་གནས་ཀྱང་བརྒྱུད་ནས་འགྲུབ། དེའི་སྟེང་དུ་མངོན་པས་ལྷག་མཐོང་འགྲུབ་པ་དང༌། ཤེས་བྱ་ལ་ལྟོས་ནས་མདོའི་ཚིག་དོན་གཉིས་ཀ་ལ་བྱང་ཆུབ་པར་བྱེད། མངོན་པའི་འབེལ་གཏམ་གྱིས་ཆོས་དོན་རྫོགས་པར་ལོངས་སྤྱོད། འདུལ་བས་ཆོས་དོན་མངོན་དུ་བྱེད་པར་བུ་སྟོན་གསུངས་ལ། ཀུན་བཏུས་དར་ཊཱིཀ་ལས། བྱེད་ལས་ཀྱི་དབང་དུ་བྱས་པ་དང༌། རང་གི་ངོ་བོའི་དབང་དུ་བྱས་པ་དང༌། བརྗོད་བྱའི་དབང་དུ་བྱས་པ་གསུམ་དུ་འདུས་པའོ། །ཞེས་གསུངས་པ་དོན་ཕལ་ཆེར་འདྲ་ལ། དབུས་མཐར། ཁམས་རྟས་བྱེད་དང་ཡིད་བྱེད་དང༌། །ཞེས་སོགས་དང༌། རྒྱན་ལས། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང༌། །བསྡུས་པའི་ཕྱིར་ན་རྒྱུ་ནི་དགུར་འདོད་དོ། །ཞེས་པའི་ཐད་ཀྱི་འགྲེལ་པར་
ཡང་འབྱུང་ངོ༌། ། ༼༡བ༠༤༽ ༼༡༽ བཅུ་གཉིས་ཀྱི་ངོས་འཛིན་མདོ་དང་བསྟན་བཅོས་ལས་དུ་མར་བཤད། ས་སྡེ་གཅིག་པུ་ལ་ཡང་སྣ་ཚོགས་བཤད་པ་རྟེན་གཞི་མདོའི་དབང་གིས་སོ། ། ༼བོ༣༽དེ་ཡང་ཉན་ས་ལས། དེ་ལ་རེ་ཞིག་མདོ་སྡེ་དང༌། དབྱངས་ཀྱིས་བསྙད་པའི་སྡེ་དང༌། ལུང་དུ་བསྟན་པའི་སྡེ་དང༌། ཚིགས་སུ་བཅད་པའི་སྡེ་དང༌། ཆེད་དུ་བརྗོད་པའི་སྡེ་དང༌། རྟོགས་པ་བརྗོད་པའི་སྡེ་དང༌། དེ་ལྟ་བུ་བྱུང་བའི་སྡེ་དང༌། སྐྱེས་པ་རབས་ཀྱི་སྡེ་དང། ཤིན་ཏུ་རྒྱས་པའི་སྡེ་དང། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་ཞེས་གང་གསུངས་པ་དེ་ནི་མདོ་སྡེ་ཡིན་ནོ། །གླེང་གཞིའི་སྡེ་ཞེས་གང་གསུངས་པ་དེ་ནི་འདུལ་བ་ཞེས་བྱ་བའོ། །གཏན་ལ་དབབ་པར་བསྟན་པའི་སྡེ་ཞེས་གང་གསུངས་པ་དེ་ནི་ཆོས་མངོན་པ་ཞེས་བྱ་སྟེ། ཞེས་དང། གཞི་བསྡུ་བར། ཡན་ལག་བཅུ་གཉིས་ལས། ཤིན་ཏུ་རྒྱས་པའི་ཡན་ལག་མ་གཏོགས་པ་རྣམས་ནི། ཉན་ཐོས་དང་ལྡན་པའོ། །ཞེས་པ་ལྟར། བྱང་སར་ཡང་གསུངས་ལ། རྟེན་ས་ཡང༌། ཉན་སས་དམན་མདོར་བརྟེན་ཏེ། རྣམ་འགྲེལ་མཐའ་དཔྱོད་དུ་སྐྱེས་པའི་རབས་ནི་བྱང་ཆུབ་སེམས་དཔའི་འདུལ་བ་ཡིན་ཀྱང༌། ཉན་ཐོས་ཀྱི་འདུལ་བའི་སྡེ་སྣོད་མ་ཡིན་པས་དེར་མ་བཤད་ལ། ཞེས་གསུངས་པའི་ཕྱིར། དེ་ལ་མདོའི་སྡེ་ནི་དོན་བསྡུའི་ཐོག་མར་ཚིག་ལྷུག་ཏུ་གསུངས་པ་སྟེ། མདོར་ཞེས་རིང་ཆ་འབྱུང་བས་མདོ་རྒྱས་ཀྱི་མདོ་ཡིན་གྱི་མདོ་མངོན་གྱི་མདོ་མིན་ནོ། །མཚན་གཞི་ཤེར་སྙིང་ལས། ཕུང་པོ་ལྔ་པོ་དེ་དག་ལ་རང་བཞིན་གྱིས་སྟོང་པ་རྣམ་པར་བལྟ། ཞེས་པ་ལྟ་བུའི་ཐེག་དམན་གྱི་མདོ་དང། དབྱངས་བསྙད་དབུས་དང་ཐ་མར་ཚིགས་བཅད་
འབྱུང་བ་རྡོར་གཅོད་ལས། གང་དག་ང་ལ་གཟུགས་སུ་མཐོང༌། །ཞེས་པ་ལྟ་བུའོ། །ལུང་བསྟན་ཤི་ནས་གར་སྐྱེ་སྟོན་པ་པད་དཀར་ལྟ་བུའོ། །སྔ་མ་དྲང་དོན་དང་འདི་ངེས་དོན་བྱེད་ཚེ་ལུང་སྟོན་པ་ཡང༌། དགོངས་པ་ལུང་སྟོན་པ་ལ་སྦྱར་རོ། །ཚིགས་བཅད་ལུས་རིལ་བོ་ཚིགས་བཅད་དུ་སྟོན་པ་སྡུད་པ་ལྟ་བུའི་ཐེག་དམན་གྱི་མདོའོ། །ཆེད་བརྗོད་ནི་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ནས་ལེགས་སོ། །ཞེས་པ་ལྟ་བུའོ། །གླེང་གཞི་ནོར་ཅན་ལ་བཅས་པ་ལྟ་བུའོ། །རྟོགས་བརྗོད་ཚངས་བྱིན་གྱི་ལྟ་བུའོ། །དེ་ལྟ་བུ་བྱུང་ལས་བརྒྱ་བ་ལྟ་བུའོ། །སྐྱེས་རབས་སླ། ཤིན་ཏུ་རྒྱས་པ་ཡུམ་ལྟ་བུ། རྨད་བྱུང་ནི་ཐེག་དམན་ལ་མི་སྲིད་པས་ཐེག་ཆེན་གྱི་ཆེ་བ་སྟོན་པ་སྟེ། དད་པའི་སྟོབས་བསྐྱེད་པ་ལ་འཇུག་པ་ཕྱག་རྒྱའི་མདོ་ལྟ་བུའོ། ། ༼༥༽མཁས་གྲུབ་ཐམས་ཅད་མཁྱེན་པའི་གསུང་རྒྱུད་སྡེ་སྤྱི་རྣམ་ལས་ཀྱང༌། ཡན་ལག་བཅུ་གཉིས་ཀྱི་དང་པོ་ལྔ་ནི་ཐེག་དམན་གྱི་མདོ་སྡེའི་སྡེ་སྣོད་དང༌། ༼༡ན༠༥༽ ༼༡༽ བསྡུ་བ་ལྟར་ན་དེ་དུས་ནས་མ་ཚང་བར་མངོན་ནོ། ། ༼མོ༣༽དེ་ཡང་གཞི་བསྡུ་བའི་མདོར་བསྟན་དུ། གནས་གསུམ་གྱིས་གཞི་བསྡུ་བར་འགྱུར་ཏེ། འདི་ལྟ་སྟེ། མདོ་སྡེའི་གཞི་དང༌། འདུལ་བའི་གཞི་དང་མ་མོའི་གཞིའོ། །ཞེས་གསུངས་ཀྱང༌། རྒྱས་བཤད་དུ་མངོན་པ་བསྡུ་བ་མ་མཛད་པའི་རྒྱུ་མཚན། དེའི་སྔ་རོལ་ཏུ་སྤྲང་པོ་ཉི་མའི་དངོས་གྲུབ་སོགས་མངོན་པའི་དགྲ་ལན་གསུམ་བྱུང་བས། དེ་དུས་མངོན་པ་ཚང་བ་མི་བཞུགས་པ་ཡིན་ཟེར། ད་ལྟ་འདི་ཙམ་སྨྲ་བ་ཡང་སྨིན་མ་ཟང་ཟིང་བྱེད་ཀྱང་དེ་ནི་ལུང་
རིགས་དུ་མ་དང་འགལ་ཏེ། དེ་དུས་མངོན་པ་གཏན་མེད་པར་ཁྱོད་ཀྱང་མི་འདོད་ལ། ཐོར་བུར་ཡོད་ན་དེ་བསྡུ་བར་སྐྱེ་བ་བཞེས་པ་ཡིན་པས་ལྷག་པར་བསྡུ་རིགས་ཏེ། སྔ་མས་བསྒྲིགས་ཟིན་ཁོ་ན་ལ་དཔར་ལོག་བྱེད་པ་བོད་ཀྱི་མཚང་ཡིན་པའི་ཕྱིར་དང༌། ཁྱོད་ལྟར་ན་མདོ་འདུལ་ཡང་བསྡུ་མི་རུང་སྟེ། སློབ་སྤྲིངས་ལས། མདོ་སྡེ་ཕལ་ཆེར་ཀླུ་ཡུལ་ན་བཞུགས་པར་བཤད་ཅིང༌། འདུལ་བ་ཡང༌། མདོ་རྩའི་འགྲེལ་ཆུང་ལས། དགེ་སློང་མའི་ཁྲིམས་ལྔ་བརྒྱ་སྲུང་ངོ་ཞེས་དང༌། སྨན་བླའི་མདོར་དགེ་སློང་མ་གང་དག་བསླབ་པའི་གཞི་ལྔ་བརྒྱ་པོ་དག་འཛིན་པ་ཞེས་གསུངས་ཀྱང་སུམ་བརྒྱ་རེ་བཞི་ལས་གཞན་པ་ཀུན་ནུབ་པའི་ཕྱིར་དང༌། དེས་ན་རྣམ་བཤད་རིགས་པ་ལས། ཡང་དག་བསྡུས་པའི་གཞི་ཉམས་ཕྱིར། །ཞེས་གསུངས་པས་དེ་ཡང་བསྡུ་མི་རིགས་པར་འགྱུར་རོ། །དེས་ན་འདིར་ཟུར་དུ་བསྡུ་བ་མ་མཛད་པ་བསྡུ་རྒྱུ་མ་རྙེད་པ་མིན་ཏེ། བུ་སྟོན་ཆོས་འབྱུང་ལས། འདིའི་མདོར་བསྟན་དུ། སྡེ་སྣོད་གསུམ་བསྡུ་བ་སྨོས་ནས། རྒྱས་བཤད་དུ་མདོ་སྡེ་དང་འདུལ་བ་བསྡུ་བ་གཉིས་ལས་མ་བཤད་པ་ནི། མ་མོ་བསྡུ་བ་ས་སྡེ་ལྔ་པོ་ཉིད་ཡིན་པས་ལོགས་སུ་མ་བཤད་ཅེས་གསུངས་པའི་ཕྱིར། འདི་ཆེས་ལེགས་ཏེ། ཐོས་པའི་ས་གཏན་ལ་དབབ་པ་བསྡུ་བར་དེ་ལ་མ་མོ་བསྡུ་བ་ནི་ས་བཅུ་བདུན་དང་བསྡུ་བ་བཞིའོ། །ཞེས་གསུངས་པའི་ཕྱིར། བར་འདིར་འདི་གསུངས་པ་གཞུང་སྤྱི་ལ་དཔྱད་པ་འཇུག་ཆེད་ཡིན་པས་བཀའ་དྲིན་དུ་ཤེས་པར་གྱིས། ༼༡༽ཡང་བཀའ་ལ་ཞལ་ནས་གསུངས་པ་མདོ་སྡུད་པ་དང༌། ༼ཙོ༣༽ཆོས་ཡང་དག་པར་སྡུད་པའམ་
འཕགས་པ་ཆོས་ཀུན་ཏུ་འགྲོ་བའི་མདོ་ལས་འདི་སྐད་བདག་གིས་ཐོས་པ་ཞེས་གྱིས་ལ་ཆོས་བསྡུས་ཤིག །ཅེས་དང༌། གོ་རིམ་དང་འབྲེལ་ཡང༌། རྗེས་སུ་བསྟན་པར་བྱའོ། །ཞེས་པ་ལྟ་བུའི་སྒོ་ནས་བཀས་༼༢༽རྗེས་སུ་གནང་བ་འདི་སྐད་བདག་གིས་ཐོས་སོགས་གླེང་གཞིའི་ལེའུ་དང༌། ༼༢༽སྐུས་བྱིན་གྱིས་བརླབས་པ་མདོ་སྡེ་ས་བཅུ་བ་ལྟ་བུ་༼ཚོ༣༽སྟེ། དེ་ཉིད་ལས། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་ལ་ཟིལ་གྱིས་མི་གནོན་པའི་ལུས་ཉེ་བར་བསྒྲུབས་ཏེ། ཞེས་པ་ནས། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་དེ་ཉིད་ན་བཞུགས་བཞིན་དུ་ཕྱག་གཡས་པ་རྣམས་བརྐྱངས་ཏེ། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོའི་མགོ་ལ་བྱུགས་པ་མཛད། ཞེས་སོགས་སྣང་ཚོད་གཙོ་བོར་བྱས་ཏེ་ཕྱག་དབང་གནང་བའི་ཚུལ་གྱིས་བྱིན་གྱིས་བརླབས་པའོ། །གཉིས་པར་ཡང་ཁ་ཅིག །ཕ་དང་མ་ནི་ཞེས་སོགས་ཚིག་ངན་པས་སངས་རྒྱས་ཀྱི་གསུང་གི་ནུས་པས་ཟབ་མོར་བསྒྱུར་ཟེར་བ་ཚིགས་བཅད་འདི་གྲགས་ཆེ་བའི་དབང་ཙམ་སྟེ། དོན་དངོས་ནི་སངས་རྒྱས་ཀྱི་བཀས། འཇམ་དཔལ་ལ་ཁྱོད་ཀྱི་མ་སྐྱེས་དགྲའི་འགྱོད་པ་སོལ་ཅིག་ཅེས་བསྒོས་ནས་བསྟན་པ་དང༌། མོའུ་འགལ་གྱི་བུ་མང་བཀུར་གྱི་གདུང་བརྒྱུད་བཤད་པར་བསྐོས་ནས་བསྟན་པ་ལྟ་བུའོ་ཞེས་ཝ་རི་ཇོ་སྲས་ཀྱི་འདུལ་བར་འབྱུང་བ་ལེགས་ཏེ། འཇིག་རྟེན་ན་ཡང་རྒྱལ་པོའི་ལུང་གིས་མངགས་པའི་ཕོ་ཉའི་ཚིག་བཙན་པ་ལྟ་བུའོ། །སྔགས་ནི། བྷུ་ཙ་ར༌ཎ། པ་ཏ་ལ་ཙ་ར་ཡ། ཁེ་ཙ་ར་ཡ། པུར་བ་ན་སོགས་ཉེ་སྙིང་དང༌།
སྙིང་པོ། ཧྲཱིཿཥྚྲཱིཿཀྱི་བྱིན་གྱིས་བརླབས་པ་ལྟ་བུའོ། ། ༼༡བ༠༥༽ ༼༡༽ གསུང་རབ་ཐམས་ཅད་ཀྱི་དགོངས་འགྲེལ་ལམ་སྒྲོན་དང༌། ལམ་རིམ་གཉིས་དང༌། ཐུབ་དགོངས་ལྟ་བུ་༼༣ཛོ༽སྟེ། ཐུབ་དགོངས་ཀྱི་ལེའུ་དང་པོ་གཉིས་གསུང་རབ་སྤྱིའི་དགོངས་འགྲེལ་གྱི་ཚུལ་དུ་བྱས་ནས། ཐ་མ་གཉིས་ཀྱིས་རྒྱན་གྱི་དོན་བྱེ་བྲག་ཏུ་འགྲེལ་པས་མངོན་རྟོགས་རྒྱན་གྱི་འགྲེལ་པར་ཡང་བགྲང་ངོ༌། ། ༼༢༽ཡང་བསྟན་བཅོས་ལ་བྱེད་ལས་ཀྱི་སྒོ་ནས་ཐོར་བ་སྡུད་པའི་བསྟན་བཅོས། འཁྲུག་པ་བསྡེབས་པའི་བསྟན་བཅོས། རྒྱ་ཆེ་བ་སྡུད་པའི་བསྟན་བཅོས། མ་ཚང་བ་ཁ་སྐོང་བའི་བསྟན་བཅོས་བཞི་ཡོད་ཚད་མའི་གཞུང་ཆུང་བརྒྱ་རྩ་སྡུད་པའི་ཕྱིར་མཛད་པས་ཚད་མ་མདོའམ་ཚད་མ་ཀུན་བཏུས་དང་པོ་དང༌། ༼༣ཝོ༽གླེང་གཞིའི་དབང་གིས་ལྕི་ཡང་དང་འབྱུང་ཚུལ་སོགས་ཀྱི་གོ་རིམ་ངེས་པ་མེད་པར་ལུང་སྡེ་བཞིར་ཐོར་བུར་གསུང་བ་རྣམས་སྡོམ་པ་མ་ཐོབ་པ་ཐོབ་བྱེད་སོགས་ཀྱི་རིམ་པར་བསྒྲིགས་པའི་༼༣༽འདུལ་བ་མདོ་རྩ་དང༌། མདོ་སྡེ་མཐའ་དག་བསྡུས་ཏེ་མགོ་སྐྱབས་འགྲོ་ནས་རིམ་པར་བཤད་པའི་མདོ་སྡེ་རྒྱན་གཉིས་པ། ༼༡ན༠༦༽ ༼༥༽ རྣམ་འགྲེལ་ལས། དེ་དོན་ཕྱིར་ན་ཐབས་གོམས་པ། །དེ་ཉིད་སྟོན་པ་ཡིན་པར་འདོད། །ཅེས་དང༌། ཡང་དེ་ཉིད་ལས། དེ་ཕྱིར་ཚད་ཡིན་༼༣ཞོ༽ཞེས་ལུགས་མཐུན་གྱི་སྒོ་ནས་སྒྲུབ་ཚུལ་བཤད་ཟིན་ཏེ། སླར་ཡང་ལུགས་ལྡོག་གི་སྒོ་ནས་སྟོན་པ་ཚད་མའི་སྐྱེས་བུར་བསྒྲུབས་པ་ནི། ༼༥༽ཡང་ན་སྐྱོབ། །བདེན་པ་བཞི་ནི་སྟོན་མཛད་པ། །ཞེས་དང། ༈ ༼༡བ༠༧༽ ༼༥༽ ཡང་ཁ་ཅིག །མཁྱེན་གསུམ་ནི་རལ་གྲི་ཐང་ལ་བཞག་པ་འདྲ་བས་ས་
མཚམས་མེད། སྦྱོར་བཞི་ཆོས་སྐུ་ལ་ས་མཚམས་ཡོད་ཟེར། ༼༣ཟོ༽འདི་ནི་བཤད་ལུགས་ཉེས་ཙམ་ཡིན་ཏེ། བསམ་ཚོད་ནི་དང་པོ་ གསུམ་གྱིས་སྤྱིར་བཤད་པ་ཡིན་པས། གདུལ་བྱ་ཐམས་ཅད་ཀྱི་རྒྱུད ་ལ་བསྐྱེད་བྱ་ཡིན་ལ། ཕྱི་མ་ལྔས་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱའི་རྒྱུད་ལ་འབྱུང་འགྱུར་རྣམས་བྱེ་བྲག་ཏུ་བཤད་དོ་སྙམ་པ་སྟེ། སྐབས་གཉིས་པར་ལམ་ཤེས་སྐབས་གཉིས་པའི་ལམ་ཤེས་ཡིན་གསུངས་ནས། སྐབས་བཞི་པར་རྣམ་རྫོགས་སྦྱོར་བ་སྤྱི་ཙམ་བཞི་པའི་དེ་མ་ཡིན་པར་གསུངས་པ་དང་གནད་གཅིག་གོ །༼༡ན༠༨༽ ༼༢༽ གླེང་གཞི་དང་རྟག་ཏུ་ངུའི་ལེའུ་ཆོས་འཕགས་ཀྱི་ལེའུ་ཡོངས་གཏད་ཀྱི་ལེའུ་དང་བཞི་ཚིག་སྣ་དངོས་བསྟན་ལ་མ་བསྡུས་པའི་ཕྱིར། ༼༣འོ༽དེས་ན་སྡུད་པར་ཡང༌། སེམས་ཅན་གང་དག་གཞན་ཕྱིར་སེམས་པ་རྣམ་དག་པ། །ཞེས་སོགས་ཤོ་ལོ་ཀ་གཅིག་སྐབས་དྲུག་པ་དང༌། སྤྱོ་བ་བྱས་སམ་སོགས་ཤོ་ལོ་ཀ་གཉིས་བདུན་པ་དང༌། བདག་གི་བདེ་བ་བཏང་ནས་ཞེས་སོགས་ཤོ་ལོ་ཀ་གཅིག་བརྒྱད་པ་ལ་སྦྱར་ནས། ཉེར་དགུ་པ་རྗེས་སུ་རིགས་པའི་ལེའུ་ཡན་ལ་རྒྱན་རྫོགས་པར་བྱས་ན། སློབ་དཔོན་གྱི་སྡུད་འགྲེལ་དང༌། རྒྱན་སྣང་སོགས་དང་མཐུན་ཀྱང༌། བུདྡྷ་ཤྲིས་དེའི་སྟེང་དུ་བཟོད་པའི་ཕར་ཕྱིན་ལ་གནས་ཞེས་པའི་བར་གྱི་རྟག་ངུ་དང༌། ཟླ་བ་ཡར་གྱི་ངོ་བཞིན་ནོ། །ཞེས་པའི་བར་ཆོས་འཕགས་ཀྱི་ལེའུ་ཡང་སྐབས་ལྔ་བའི་ཁུངས་སུ་སྦྱར་ཏེ། སྐབས་ཕྱི་མ་གསུམ་མདོ་དང་སྦྱོར་བ་ན་ཡོངས་གཏད་ཀྱི་འགོ་ནས། བྱང་ཆུབ་
སེམས་དཔའི་སྦྱིན་པ་ཞེས་སོགས་དྲུག་པ་དང༌། ཆོས་འདི་ཡོངས་རྫོགས་ཞེས་པའི་རྐང་པ་གཅིག་བདུན་པ་དང༌། ཡོངས་དག་ཞིང་དང་ཞེས་སོགས་བརྒྱད་པར་སྦྱར་བ་ཚིག་འགྲིག་པ་ལྟར་སྣང་ཡང༌། ལེའུ་སོ་གཉིས་སུ་སྦྱར་ན་ཁོག་དང་མི་འགྲིག་ལ། གོང་དུ་སྐབས་བཞི་པའི་འགོ་ཆོས་རྣམས་རང་བཞིན་ཞེས་སོགས་ནས་མ་བཟུང་བར། རྒྱལ་བ་ལྷ་རྒྱལ་ཞེས་སོགས་ནས་བཟུང་བའི་དབང་གིས་རྣམ་པའི་མདོ་མ་རྙེད་པར། རྒྱན་གྱི་ཚིག་བསྒྱུར་ཏེ། རྟེན་དང་བཅས་པའི་རྣམ་པ་དང༌། །ཞེས་བཤད་པ་ནི། སྐབས་བཞི་པར་རྣམ་པའི་རྒྱས་བཤད་དེ་སྙེད་ཅིག་གསུངས་པ་ལ་དངོས་སུ་བསྙོན་པར་སྣང་ཡང༌། ད་ལྟའི་སྡུད་པའི་དཔེ་ཐམས་ཅད་ལ་རྟོག་དཔྱོད་མེད་པར་བུདྡྷ་ཤྲི་ལྟར་སྐབས་ཕྱེ་སྣང་བ་ནི། རིམ་གྲོའི་ཆོས་ཀླག་ཆོས་ཙམ་དུ་གོ་ནས་སྣང་མེད་བྱས་པས་ལན་ནོ། ། ༼༦༽རྒྱན་སྣང་ལས། གླེང་བསླངས་པ་བྱས་ནས་དེ་བཞིན་གཤེགས་པ་དང་འབྲེལ་བའི་ཡོངས་སུ་གཏད་པ་ཆུང་ངུའི་དོན་ནི་ཀུན་དགའ་བོ་དེ་ལྟ་བས་ན། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ། ༼༣ཡོ༽ཡོངས་གཏད་ཆུང་ངུ་ནི་ཡོངས་གཏད་ཀྱི་ལེའུ་དངོས་མ་ཡིན་གྱི། ལེའུ་ཉེར་བརྒྱད་པ་མེ་ཏོག་བཀྲམ་པའི་ལེའུའི་ཁུངས་སུ་གཏོགས་ལ། ཡོངས་གཏད་དངོས་ནི་ལེའུ་སོ་གཉིས་པ་ཡིན་ནོ། །དེས་ན་བྱང་ཆུབ་ཆེན་པོའི་རྒྱུའི་བཤད་བྱ་ནི་སྔ་མ་ཡིན་གྱི་ཕྱི་མ་མ་ཡིན་པས་ཡོངས་གཏད་བསྡུས་པར་མི་འགྱུར་རོ། ། ༼༡བ༠༨༽ ༼༡༽ ཚིག་གསལ་ན་རེ། ༼༣རོ༽བྱམས་ཞུས་ཀྱི་བཤད་བྱ་ནི། ཐེག་པ་གཅིག་དང་རིགས་གཅིག་ཏུ་སྟོན་པ་ཡིན་ལ། དེས་ན་རབ་ཞི་རྣམ་ངེས་སོགས་མདོ་དང༌། རྩ་ཤེས་
སོགས་བསྟན་བཅོས་སུ་གསལ་བས་འདིར༌༼༡༽བྱམས་ཞུས་མ་བསྡུས་གསུངས་པ་མི་འཐད་པར་ཐལ། བྱམས་ཞུས་ཀྱི་བསླབ་པ་རབ་དབྱེའི་ལེའུ་འཕྲིན་ལས་ཉེར་གཉིས་པ་ཕྱིན་ཅི་ལོག་སྤོང་བའི་འཕྲིན་ལས་ཀྱི་བཤད་བྱ་ཡིན་པའི་ཕྱིར་ཏེ། ༼༣༽སྡུད་པ་ལས། རྒྱལ་བ་འདས་དང་མ་བྱོན་ཕྱོགས་བཅུ་གང་བཞུགས་པ། །ཀུན་ལམ་ཕ་རོལ་ཕྱིན་པ་འདི་ཡིན་གཞན་མ་ཡིན། །ཞེས་གསུངས་པའི་ཕྱིར། ༼༣ལོ༽གསེར་འཕྲེང་ལྟར་ན། སློབ་དཔོན་འདིས་ཤེར་ཕྱིན་དངོས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དུ་འདོད་ཀྱང༌། སངས་རྒྱས་ལ་ཤེར་ཕྱིན་གཙོ་བོར་བཞག་པ་འགལ་བ་མེད་དེ། གནོད་འཇོམས་ལས། སངས་རྒྱས་ཀྱི་སར་གཏོགས་པའི་ཤེས་རབ་རྣམ་པར་མི་རྟོག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཞེས་གསུངས་པས། སངས་རྒྱས་ཀྱི་མཉམ་གཞག་སྣང་༼༧༽མེད་ཡེ་ཤེས་དེ་ཉིད་རྡོར་ཏིང་ཡིན་པས་སྔ་མ་རྣམས་རྒྱུན་མཐའི་ཡེ་ཤེས་ལ་བཞེད་པར་འདོད་པ་ནོར་བར་གསུངས་པའི་ཕྱིར་རོ། །༼༡ན༠༩༽ ༼༣༽ ཕལ་བ་ལ་དེ་ཡིན་མིན་གཉིས་ཡོད་པའི་ཕྱིར་ཏེ། ༼༣ཤོ༽གསེར་འཕྲེང་ལས། མི་ཕལ་བ་མི་ཡིན་པ་ལྟར་ཤེར་ཕྱིན་ཕལ་བ་ཤེར་ཕྱིན་ཡིན་པར་གསུངས་པ་སྒྲ་སོར་བཞག་བྱེད་ན། དེ་སྒྲ་ཡིན་ཞེས་པ་ལམ་ལ་ལྟོས་ནས་ཕལ་བ་དང༌། གཞུང་ལ་ལྟོས་ནས་བཏགས་པ་བར་འགྱུར་ཚུལ་གཉིས་དགོས་སམ་དཔྱད། ༼༦༽དབུས་མཐའ་ལས། དེ་ཕྱིར་དམ་པའི་དོན་གྱིས་ནི། །ཕ་རོལ་ཕྱིན་པ་བཅུར་འདོད་དོ། །ཞེས་དང༌། ༼༣སོ༽ཡང་དེ་ཉིད་ལས། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་དང་ནི་ཤེས་རབ་ཐབས། །སྨོན་
ལམ་སྟོབས་དང་ཡེ་ཤེས་དང༌། །འདི་དག་ཕ་རོལ་ཕྱིན་བཅུ་འོ། །ཞེས་དང༌། དམ་པ་བཅུ་གཉིས་བདག་ཉིད་དེ། །རྒྱ་ཆེ་བ་དང་ཡུན་རིང་དང༌། །ཆེད་དུ་བྱ་དང་མི་ཟད་དང༌། །རྒྱུན་མི་འཆད་དང་ཚེགས་མེད་དང༌། །དབང་འབྱོར་བ་དང་ཡོངས་བཟུང་དང༌། །རྩོམ་དང་ཐོབ་དང་རྒྱུ་མཐུན་དང༌། །འགྲུབ་པ་དམ་པར་འདོད་པ་ཡིན། །ཞེས་པའི་དང་པོ་གཉིས་སྤྱི། ལྷག་མ་བཅུ་བྱེ་བྲག་ལ་སྦྱར་ཏེ། ཐ་མ་བཞི་འགྲེལ་པ་འགྲེལ་བཤད་དག་ལས། མོས་སྤྱོད། ས་དང་པོ། གཉིས་པ་ནས་དགུ་པ་བའི་བར་དང༌། བཅུ་བ་ལ་སྦྱར་བ་ལྟར་ན་འགལ་ཡང་གཙོ་བོ་ལ་དགོངས་སམ་དཔྱད། ༼༡བ༠༩༽ ༼༢༽ཐེག་བསྡུས་ལས། འདི་དག་གི་མཚན་ཉིད་ཇི་ལྟར་བལྟ་ཞེ་ན། དམ་པ་དྲུག་གིས་བལྟ་བར་བྱ་སྟེ། ༼༣ཧོ༽གནས་དམ་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་གནས་ཡིན་པའི་ཕྱིར་རོ། །དངོས་པོ་དམ་པ་ནི་མཐའ་དག་ཀུན་ཏུ་སྤྱོད་པའི་ཕྱིར་རོ། །ཆེད་དུ་བྱ་བ་དམ་པ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཆེད་དུ་བྱ་བའི་ཕྱིར་རོ། །ཐབས་ལ་མཁས་པ་དམ་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཡོངས་སུ་ཟིན་པའི་ཕྱིར་རོ། །ཡོངས་སུ་བསྔོ་བ་དམ་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་ཕྱིར་རོ། །རྣམ་པར་དག་པ་དམ་པ་དེ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པས་སྒྲིབ་པ་མེད་པར་ཡང་དག་པར་འགྲུབ་པའི་ཕྱིར་རོ། ། ༼༢༽ཞེས་གསུངས་པའི་ཕྱིར་དང༌། ༼༣ཨོ༽འདིའི་དང་པོ་ལ་འགྱུར་ཁ་ཅིག་ཏུ། རྟེན་དམ་པ་ཞེས་གསུངས་ཀྱང་གང་ཟག་ཏུ་མི་ནོར་བས་འདི་ལེགས་སོ། །མཐའ་དག་ཀུན་ཏུ་སྤྱོད་པའི་དོན་ནི་ལོངས་སྤྱོད་ཉན་རང་ཡང་གཏོང་ལ། འདིས་བཏང་བྱའི་དངོས་
པོ་དགེ་རྩ་འབྲས་བུ་དང་བཅས་གཏོང་ལ། ཚུལ་ཁྲིམས་ཀྱང་སྒོ་གསུམ་ཀའི་སྡོམ་པ་ཚང་བར་ཡོད་པའོ། །༼༡ན༡༠༽ ༼༢༽ གཞན་ཡང༌། དགོངས་འགྲེལ་ལས། བཅོམ་ལྡན་འདས་ཅིའི་སླད་དུ་ཕ་རོལ་ཏུ་ཕྱིན་པ་དེ་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་ཞེས་བགྱི་བ་ལགས། སྤྱན་རས་གཟིགས་དབང་ཕྱུག་ལྔའི་ཕྱིར་ཏེ། དངོས་པོ་དམ་པ་མཐའ་དག་གཏོང་བའི་ཕྱིར་བཏང་བྱའི་ཟས་ལ་ཆགས་པ་མེད་པ་ཉིད་དང༌། ཆེད་དུ་བྱ་བ་དམ་པ་གཞན་དོན་ཁོ་ན་ཡིན་པས་ལན་ལ་མི་ལྟ་བ་ཉིད་དང། ༼༤ཀ༽རྒྱུ་ལ་དམན་པའི་ཡིད་བྱེད་ཀྱིས་ཀྱང་མ་གོས་པས། འབྲས་བུ་ལ་སྐྱོན་ཀུན་རྣམ་པར་དག་པའི་སྐུ་འགྲུབ་པར་བྱེད་པ། ཁ་ན་མ་ཐོ་བ་མེད་པ་ཉིད་དང༌། འཁོར་གསུམ་དུ་རྣམ་པར་མི་རྟོག་པ་ཉིད་དང༌། རྫོགས་བྱང་དུ་ཡོངས་སུ་བསྔོ་བ་ཉིད་དོ། ། ༼༥༽དང་པོ་གྲུབ་སྟེ། དགོངས་འགྲེལ་སྤྱན་རས་གཟིགས་ཀྱི་ལེའུ་ལས། མོས་པ་སྤྱོད་པའི་ས་ལ་མོས་པ་ཆུང་ངུ་དང་འབྲིང་ལ་ཞུགས་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། ༼༡བ༡༠༽ ༼༦༽ འཁོར་བ་ཕྲ་རགས་ཀྱི་ཕ་རོལ་ཏུ་ཕྱིན་ཟིན་པའི་ཡེ་ཤེས་ཁྱད་པར་གསུམ་མམ་བཞི་ལྡན་དེ། ལས་སྒྲུབ་ཀྱི་ཕར་ཕྱིན་གྱི་མཚན་ཉིད། ༼༤ཁ༽དེ་ནི་འགྲེལ་ཆེན་ལས། དེ་ལྟར་ན་དང་པོ་ཐོས་པ་དང༌། ཞེས་པ་ནས། གཉིས་སུ་མེད་པའི་ཡེ་ཤེས་སྒྱུ་མ་ལྟ་བུ་ནི་དངོས་ཡིན་ལ་རྒྱུའི་ཁྱད་པར་ཐོས་བསམ་སྒོམ་པ་མཐར་ཕྱིན་པ་ལས་བྱུང་བ། རྟེན་གྱི་ཁྱད་པར་སངས་རྒྱས་ཁོ་ན་ལ་ཡོད་པ། ངོ་བོའི་ཁྱད་པར་གཉིས་མེད་ཀྱི་ཡེ་ཤེས་ཡིན་པ་སྟེ་གསུམ་མམ། དགག་བྱ་དང་བྲལ་བའི་ཁྱད་པར་བདེན་སྟོང་སྒྱུ་མ་ལྟ་བུ་བསྣན་པའི་བཞི་ལྡན་དུ་
བསོད་གྲགས་པའི་སྤྱི་དོན་དུ་བཤད་ལ། ཁ་ཅིག་གཙང་བདེ་རྟག་བདག་དམ་པའི་ཕར་ཕྱིན་བཞི་ཟེར་བའི་ཁུངས་མ་མཐོང་ངོ༌། །༼༡ན༡༡༽ ༼༡༽ རྒྱས་འབྲིང་བསྡུས་གསུམ་མམ་དགུར་ཡོད། འདི་དག་བཤད་ཚུལ་མང་ཡང་འདི་ག་རང་ཁྱད་པར་འཕགས་པ་ཡིན་ནོ། ། ༼༤ག༽གཞུང་ཤེར་ཕྱིན་ལ་ཤེར་ཕྱིན་གྱི་གཞུང་དགོས་ན། འདིའི་དགོངས་འགྲེལ་ཀྱང་ཤེར་མདོར་ཐལ་བར་འགྱུར་ཏེ། འདི་ལ་དགོངས་ནས་མཁས་གྲུབ་རྟོགས་དཀའི་སྣང་བར། ཐེག་ཆེན་གྱི་བསྟན་བཅོས་ཡིན་ཀྱང་བསོད་ནམས་ཀྱི་ཚོགས་དང་འབྲེལ་བ་ཙམ་ཞིག་སྟོན་པ་རྣམས་ནི་གཞུང་ཤེར་ཕྱིན་མ་ཡིན་ལ། ཡེ་ཤེས་ཀྱི་ཚོགས་ཀྱི་དབང་དུ་བྱས་པའི་བསྟན་བཅོས་ཁོ་ན་གཞུང་ཤེར་ཕྱིན་ཡིན་ནོ། །གཞན་དུ་ན་ཐེག་ཆེན་གྱི་མདོ་ཡིན་ན་ཤེར་མདོ་ཡིན་པས་ཁྱབ་པར་ཐལ་ལོ། །དེ་བཞིན་དུ་ཡེ་ཤེས་ཀྱི་ཚོགས་སུ་གཏོགས་པའི་ལམ་དག་ཤེར་ཕྱིན་ཡིན་གྱི། ཞེས་གསུངས་ཏེ། དེའི་ཆ་ནས་འཇོག་ཀྱང་སྒྲ་སོར་བཞག་མི་རུང་བར་སྣང་ངོ༌། ། ༼༦༽ཉན་རང་ལ་དམ་པ་བདུན་པོ་གཅིག་ཀྱང་མེད་པས་ཕྱིན་དྲུག་གི་མིང་མི་ཐོབ་པར་དབུ་སེམས་ཀུན་མཐུན་པའི་ཕྱིར་ཏེ། ༼༤ང༽འདི་ལ་རིན་ཆེན་འཕྲེང་བ་ལས། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་སྙིང་རྗེ་འོ། །ཞེས་པའི་བདུན་པོ་སྦྱོར་བ་དག་སྣང་ཡང༌། བཤད་སྦྱར་རང་གིས་བཤད་པའི་འབྲེལ་ལ་བརྟགས་ན། ཐོག་མར་བདུན་ཞེས་པའི་ཡི་གེ་འདི་དག་མ་དག་དཔྱད་དགོས་པའི་ཚོད་དུ་སྣང་ངོ༌། །དེ་བས་དམ་པ་དྲུག་རང་ལ་བྱས་ན། རིན་ཆེན་འཕྲེང་བ་ལས། ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང༌། །སྤྱོད་པ་
ཡོངས་བསྔོ་མ་བཤད་དེ། །བྱང་ཆུབ་སེམས་དཔར་ག་ལ་འགྱུར། །ཞེས་པ་དང་ཡང་འགྲིག་པར་སྣང་བས། གཟུར་གནས་རྣམས་ཀྱིས་དཔྱད་པར་བྱ་སྟེ། ཕྱིན་དྲུག་མེད་པས་ཕྱིན་དྲུག་གི་མིང་མི་འཐོབ་བྱས་ན་བཞད་གད་ཀྱི་གནས་ཀྱང་མ་ཡིན་ནམ། རྙེད་གྲགས་དཔལ་གྱིས་མཐོ་བའི་རི་བོ་བརྒྱར། །མ་ཆགས་གཞུང་ཀུན་ཡན་ལག་བརྒྱད་ལྡན་ཆབ། །དམའ་བ་བདག་བློའི་རྫིང་བུར་འཁྱིལ་བ་འདི། །ཨེ་མ་བསམ་གྱིན་འདུན་མ་ལེགས་སོ་སྙམ། །༈ ༼༡བ༡༡༽ ༼༥༽ མདོ་ལས། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེར་ཕྱིན་ལ་བསླབ་པར་བྱའོ། ། ༼༤ཅ༽ཞེས་གསུངས་པའི་དོན་ནི། ཆོས་ཡང་དག་པར་སྡུད་པ་ལས། རྣམ་གྲངས་གང་གིས་ན་ཆོས་ཐམས་ཅད་བྱང་ཆུབ་ཡིན་ལ། ཆོས་ཐམས་ཅད་བྱང་ཆུབ་ཀྱང་མ་ཡིན། སྨྲས་པ། ཆོས་ཐམས་ཅད་མཉམ་པ་ཉིད་དང༌། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཁོང་དུ་ཆུད་པ་ནི་བྱང་ཆུབ་པའོ། །ཞེས་པ་ལྟར་ཡིན་ལ། རྣམ་པ་ཐམས་ཅད་སྨོས་པའི་ཚིག་གི་ནུས་པ་འདོན་ཚུལ་ཆོས་དུ་མ་ལ་བྱེད་མི་དགོས་ཀྱི། བུམ་པ་ལྟ་བུ་གཅིག་ལ་ཡང༌། དེའི་ཆོས་ཉིད་མངོན་སུམ་དུ་གཟིགས་བཞིན་དུ་ཆོས་ཅན་དང༌། དེ་མངོན་སུམ་དུ་གཟིགས་བཞིན་དུ་ཆོས་ཉིད་མངོན་སུམ་དུ་གཟིགས་པའི་དོན་ནོ། །ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས་ཀྱང༌། གང་དངོས་པོ་ཐམས་ཅད་དང་བྲལ་བ་དེ་ནི་མི་འཁྲུགས་པའོ། །གང་མི་འཁྲུགས་པ་དེ་ནི་ཆོས་སོ། །ཆོས་
གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་སོ། ། ༼༡ན༡༢༽ ༼༢༽ དམྱལ་བའི་ལུས་རྟེན་ལ་ཡང་ཡོད་པའི་ཕྱིར། ༼༤ཆ༽ཡི་དྭགས་ཀྱང༌། ཟ་མ་ཏོག་བཀོད་པའི་མདོ་ལས། སྤྱན་རས་གཟིགས་ཀྱིས་ཡི་དྭགས་དུ་མ་བདེན་པ་ལ་བཀོད་པར་གསུངས་པའི་དགོངས་པ་སེམས་བསྐྱེད་ལ་བཀོད་པ་ཡིན་པར་བཤད་དོ། ། ༼༧༽སྐལ་བ་ཡོད་ཀྱི་གཞན་དུ་མིན། །ཞེས་དང༌། ༼༤ཇ༽བྱང་སའི་སྡོམ་ནི། གཞི་དང་རྟགས་དང་ཕྱོགས་རྣམས་དང༌། །ལྷག་པའི་བསམ་དང་གནས་པ་དང༌། །བསྐྱེད་དང་ཡོངས་སུ་འཛིན་དང་ས། །སྤྱོད་དང་རབ་གནས་ཐམས་ཅད་ཡིན། །ཞེས་སོ། ། ༼༧༽བྱང་སའི་ཚུལ་ཁྲིམས་ལེའུ་ལས། ༼༡བ༡༢༽ ༼༡༽ རྣམ་བཤད་ལས། བྱང་ས་དང་ལམ་སྒྲོན་དུ་དེའི་རྟེན་སོ་ཐར་གྱི་སྡོམ་པ་དགོས་པར་བཤད་པ་ནི་རྟེན་ཁྱད་པར་ཅན་གྱི་དབང་དུ་བྱས་པ་ཡིན་གྱི། ཞེས་གསུངས་པའི་ཕྱིར། ༼༤ཉ༽འདིའི་རྟེན་ཁྱད་པར་ཅན་གྱི་དབང་དུ་བྱས་པ་ནི། ལམ་སྒྲོན་རང་འགྲེལ་ལས་ཀྱང༌། ད་ནི་ཚུལ་ཁྲིམས་ཀྱི་སྡོམ་པའི་རྟེན་ཁྱད་པར་ཅན་འདོད་ནས། ཞེས་གསུངས་སོ། །དེ་ལ་འོ་ན་ཚེ་འཕོས་ཚེ་སོ་ཐར་གྱི་སྡོམ་པ་གཏོང་བས། ཁྱད་པར་ཅན་མ་ཡིན་པར་འགྱུར་རོ་སྙམ་ན། རྣལ་འབྱོར་པ་ཆེན་པོའི་ཞལ་ནས་རྒན་པོ་ལང་བའི་རྟེན་དབྱུག་པས་བྱེད་ཅིང༌། ཕྱི་ནས་དབྱུག་པ་མི་འགྱེལ་བ་རྒན་པོས་མགོ་ནས་བཟུང་བས་བྱེད་པ་ལྟར་དང་པོར་སྐྱེ་བའི་རྟེན་སོ་ཐར་གྱིས་བྱེད་ལ། དེ་ནས་གཞན་གནོད་གཞིར་བཅས་ལས་ལོག་པ་དེ་བྱང་ཆུབ་སྙིང་པོའི་བར་མི་འཆོར་བར་བྱང་སྡོམ་གྱིས་བྱེད། ཞེས་གསུངས་ཏེ། སྤྱན་རས་གཟིགས་ལྟ་བུ་འགའ་ཞིག་མ་གཏོགས་པའི་བྱང་སེམས་རྣམས་ཀྱི་
སོ་ཐར་གྱི་སྡོམ་པ་བྱང་ཆུབ་མཐའ་ཅན་མིན་ཀྱང༌། སྔ་མའི་ས་བོན་མ་ཉམས་ཤིང༌། གཞན་གནོད་གཞིར་བཅས་སྤོང་བའི་རིགས་མ་ལོག་པས་ཁྱད་པར་ཅན་དུ་འགྱུར་རོ། །རྟེན་ཁྱད་པར་ཅན་ལ་དེ་དགོས་པ་ནི། ཟླ་བ་སྒྲོན་མེའི་མདོ་ལས། དགེ་སློང་དངོས་པོ་མཆོག་ཏུ་བྱ་བ་ཡི། །བྱང་ཆུབ་དམ་པ་མཆོག་ཏུ་སེམས་བསྐྱེད་ཅིག །ཅེས་དང༌། སངས་རྒྱས་བསྟན་པ་རིན་ཆེན་སྒྲོན། །འབར་བའི་སྣོད་ནི་དཀའ་ཐུབ་ཅན། །ངུར་སྨྲིག་འཛིན་པ་ཤཱཀྱའི་སྲས། །དགེ་སློང་རྣམས་ནི་ཡིན་ཕྱིར་རོ། །ཞེས་དང༌། གསུམ་ལ་དགེ་སློང་མཆོག་ཡིན་འབྲིང༌། །ཞེས་སོགས་གསུངས་པའི་ཕྱིར་རོ། ། ༼༤༽ཐུབ་དགོངས་ལས། གལ་ཏེ་སོ་སོར་ཐར་པའི་སྡོམ་པ་མེད་པར་བྱང་ཆུབ་སེམས་དཔའི་སྡོམ་པ་མི་སྐྱེ་ན་ནི། དེའི་ཚེ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་སོགས་པ་དང༌། དེའི་རྗེས་སུ་འབྲངས་པའི་གཞུང་དུ་འདི་དེའི་རྩ་བར་བཤད་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། ། ༼༤ཏ༽བུ་ཊཱིཀ་ལུང་སྙེར་སེམས་ཙམ་ལུགས་ཀྱི་བྱང་སྡོམ་ལེན་ཚུལ་བྱམས་མགོན་ནས་བརྒྱུད་པ་ཇོ་བོས་ཕྱག་ལེན་མཛད་པ་འདིའི་རྟེན་ལ་སོ་ཐར་དགོས་པ་ལམ་སྒྲོན་གྱི་ལུང་གིས་སྒྲུབ་ཅིང༌། དབུ་མ་པའི་ལུགས་འཇམ་དབྱངས་ནས་བརྒྱུད་པ། ཞི་བ་ལྷའི་ཕྱག་སྲོལ་གྱི་དེ་ལ་མི་དགོས་པ། མདོ་ལས། ལྷའི་བུ་གང་དག་གིས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་སོགས་གསུངས་པས་བསྒྲུབས་ཏེ། ཚུལ་གཉིས་མཛད་ཅིང༌། ས་བཟང་མ་ཏི་པཎ་ཆེན་གྱིས། མདོ་སྡེ་རྒྱན་གྱི་འགྲེལ་པར། དབུ་མ་པའི་ལུགས་ཀྱི་སེམས་བསྐྱེད། སེམས་ཙམ་པའི་
ལུགས་ཀྱི་སེམས་བསྐྱེད་ཅེས་ཁ་ཅིག་འཆད་ཀྱང༌། སྤྱོད་འཇུག་འགྲེལ་པར་སྡོམ་པ་ཉི་ཤུ་བ་དྲངས་པ་སོགས་ཕན་ཚུན་དུ་དྲངས་ཡོད་པས་མི་འཐད་གསུངས་པ་ལྟར། འགྲེལ་པ་མཁན་པོ་རྣམས་ཀྱིས་ཀྱང་ཁྱད་མེད་བྱས་པ་ལས་དེ་གཉིས་ལུགས་ཐ་དད་དུ་བཀྲལ་བ་མེད་དོ། །ཡང་སོ་ཐར་གྱི་སྡོམ་ལྡན་དང་བྱང་སེམས་ཀྱི་སྡོམ་ལྡན་འགལ་བར་འདོད་པའང་བྱུང་སྟེ། བྱང་ཆུབ་གཞུང་ལམ་ལས། སོ་ཐར་གྱི་སྡོམ་པ་དང་ཐེག་དམན་གྱི་བསམ་པ་ཁྱད་མ་ཕྱེ་བས་འཁྲུལ་བ་སྟེ། ཞེས་སོགས་གསུངས་པའི་ཕྱིར། ༼༦༽ཁྱབ་སྟེ། དེར་གྱུར་པའི་འགྲོ་བ་དེ་ལ་བདེ་འགྲོ་བས་ཁྱབ་པའི་ཕྱིར་ཏེ། རིན་ཆེན་འཕྲེང་བ་ལས། བདེ་ནས་བདེ་བར་འགྲོ་བ་ལ། །སེམས་ཤེས་སུ་ཞིག་སྒྱིད་ལུག་འགྱུར། །ཞེས་གསུངས་པའི་ཕྱིར། ༼༤ཐ༽བྱེ་སྨྲས་འདི་ལ་འཁྲུལ་ནས། ཟག་བཅས་ཐམས་ཅད་སྡུག་བསྔལ་བར་བཤད་པ་དང་འགལ་བའི་རྩོད་ཚུལ་ཞིག་ཀྱང་གྲུབ་མཐའ་ཆེན་མོར་གསུངས་ལ་བཟོད་ཐོབ་ཐེག་ཆེན་དུ་མི་འཇུག་པའི་རྒྱུ་མཚན་ཡང༌། བྱང་སེམས་ལས་ཉོན་གྱི་དབང་གིས་བདེ་འགྲོ་དང་ངན་འགྲོར་སྐྱེ་བ་སྣ་ཚོགས་ལེན་པའི་གནད་ཀྱིས་ཡིན་པར་བཤད་དོ། །བསོད་གྲགས་ཀྱི་མཐའ་དཔྱོད་དུ་ངན་འགྲོའི་རྟེན་ལ་སེམས་བསྐྱེད་པ་དེའི་ལུས་དགེ་མི་དགེ་གཉིས་ཀྱིས་འཕངས་འབྲས་སུ་ཐལ། ཞེས་བཀག་ཀྱང༌། དེ་དགེ་བའི་འཕངས་འབྲས་སུ་འགྱུར་དོན་མེད་དོ། །༼༡ན༡༣༽ ༼༣༽ དེ་ལ་ཁོ་ན་རེ། འཇུག་སྡོམ་ལ་ཉེས་སྤྱོད་སྡོམ་པ་དང༌། དགེ་བ་ཆོས་སྡུད་དང༌། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་ཚང་མི་དགོས་པར་ཐལ། དེ་ལ་སོ་ཐར་གྱི་སྡོམ་པ་ཚང་མི་དགོས་པའི་ཕྱིར་ན་མ་ཁྱབ་༼༤ད༽སྟེ།
ལམ་སྒྲོན་གྱི་ལུང་དེས་རབ་ལ་དགེ་སློང་གི་སྡོམ་པ་དགོས་པར་བཤད་པའི་ཤུགས་ལ། མ་མཐའ་སྲོག་གཅོད་སོགས་སྤོང་བའི་སྡོམ་པ་རྟེན་དུ་དགོས་པར་བཤད་པའི་ཕྱིར། སློབ་དཔོན་བྱང་ཆུབ་བཟང་པོའི་སྡོམ་པ་ཉི་ཤུ་བའི་འགྲེལ་པ་ལས། སོ་སོར་ཐར་པའི་སྡོམ་པ་གཞན་དང་ལྡན་པ་འདིས་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་ལེན་པའི་སྣོད་དུ་འགྱུར་བ་ལ་བསླབ་པའི་ཚིག་འདི་ཡང་སྦྱིན་པར་བྱ་བའི་དོན་ཏེ། འདི་ལ་སྲོག་གཅོད་པ་ལ་སོགས་པ་ལས་ལྡོག་པའི་ཆོ་ག་གཞན་ཉིད་ནི་མ་ཡིན་ཞིང༌། དེ་རྣམས་ཀྱང་ལྡོག་པ་མ་ཡིན་པ་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་ལེན་པའི་སྣོད་དུ་འགྱུར་བ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་གང་ཞིག །ལམ་སྒྲོན་གྱི་ལུང་འདིས་དེའི་དོན་བསྡུས་པར་རང་འགྲེལ་ལས་གསུངས་པའི་ཕྱིར་རོ། ། ༼༥༽མཁས་གྲུབ་ཐམས་ཅད་མཁྱེན་པའི་གསུང་ལས། དེ་ཡང་མ་མཐའ་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཙམ་དང༌། བསླབ་པ་ལྔ་བསྲུང་བ་དགེ་བསྙེན་གྱི་སྡོམ་པ་ཙམ་དང༌། ཡ་མཐའ་བསྙེན་རྫོགས་ཀྱི་སོ་ཐར་གྱི་སྡོམ་པ་གང་རུང་རྒྱུད་ལ་མེད་པར་བྱང་ཆུབ་སེམས་དཔའི་སྡོམ་པ་མི་ཆགས་པས། ཞེས་གསུངས་པའི་ཕྱིར། ༼༤ན༽བྱང་སྡོམ་ལྡན་ཚད་ལ་སྲོག་གཅོད་སྤོང་བ་ངེས་ཅན་དུ་དགོས་ན། དེ་གནང་ཡུལ་དེ་ཡང་དེ་ལས་ལྡོག་དགོས་སམ་སྙམ་པའི་རྩོད་ཚུལ་དང་ལན་བྱང་ཆུབ་གཞུང་ལམ་ལས། བྱང་སེམས་ཀྱི་སྡོམ་ལྡན་ལ་འོག་ནས་འབྱུང་བ་ལྟར་སྲོག་གཅོད་སོགས་ལུས་ངག་གི་བདུན་གནང་བའི་སྐབས་སྲིད་ཀྱང༌། སྲོག་
གཅོད་སྤོང་བ་སོགས་སོ་ཐར་དང་ཐུན་མོང་མ་ཡིན་པའི་སྐྱོན་མེད་དེ། དཔེར་ན། ཆང་མ་གཏོགས་པའི་བཅས་རྐྱང་ནད་པ་ལ་གནང་ཡང༌། སྤྱིར་དགེ་སློང་སྡོམ་ལྡན་གྱིས་དེ་ལས་བཟློག་དགོས་པ་དང༌། དགེ་སློང་གི་སྡོམ་པ་ལེན་པ་ན་ཡང༌། ཡན་ལག་ཐམས་ཅད་སྤོང་བར་འདོད་པས་བླང་དགོས་པ་བཞིན་ཏེ། ལུས་ངག་གི་བདུན་དམིགས་བསལ་གྱི་སྐབས་མ་གཏོགས་པར་སོ་ཐར་བཞིན་དུ་སྲོག་ལ་བབས་ཀྱང་མི་འཇུག་པར་བསྲུང་བར་གསུངས་པའི་ཕྱིར་རོ། །ཞེས་གསུངས་ཏེ། ད་ལྟའི་ཚིག་འཁྲི་མཁན་རྣམས་ཀྱིས་སྟོང་དུ་འབད་པ་ལས། འདི་ལ་རིགས་ལམ་ཕྲ་བ་ཞིག་དགོས་པར་སྣང་ངོ༌། །༼༡བ༡༣༽ ༼༡༽ བསྟན་བྱའི་གཙོ་བོ་ལ་བྱེད་པའི་ཕྱིར། ༼༤པ༽སེམས་བསྐྱེད་སྤྱི་ལྡོག་དེའི་དངོས་བསྟན་ཡིན་ཞིང་དེ་ལ་དབྱེ་བ་ཉེར་གཉིས་ཡོད་པ་སྟེ། དཔེར་ན་ལྷས་སྦྱིན་ཞེས་པའི་ཚིག་གིས་དེའི་ཕུང་པོ་མ་བརྗོད་ཀྱང༌། དེས་བརྗོད་པའི་ལྷས་སྦྱིན་ལ་ཕུང་པོ་ཡོད་པ་མི་འགལ་བ་བཞིན་ནོ། ། ༼༢༽སེམས་བསྐྱེད་ཉེར་གཉིས་དངོས་སུ་བསྟན་ནས། གྲོགས་འདུན་སོགས་དང་དཔེ་ཆོས་མཐུན་སྦྱོར་ཚུལ་དོན་གྱིས་བསྟན་པ་དེའི་དོན་ཡིན་པའི་ཕྱིར། ༼༤ཕ༽འདིར་འདུན་སོགས་ཉེར་གཉིས་སོ་སོར་ཕྱེ་བའི་མི་ཟད་པ་བརྒྱད་ཅུ་ནི། དག་ལྡན་ལས། སེམས་བསྐྱེད་བསམ་སྦྱོར་ལྷག་བསམ་དང༌། །ཕ་རོལ་ཕྱིན་དང་ཚད་མེད་དང༌། །མངོན་པར་ཤེས་དང་བསྡུ་དངོས་བཞི། །སོ་སོར་རིགས་སྟོན་ཚོགས་གཉིས་དང༌། །བྱང་ཆུབ་ཕྱོགས་མཐུན་ཞི་གནས་སོགས། །གཟུངས་བཞི་ཆོས་ཀྱི་མདོ་བཤད་དང༌། །བགྲོད་གཅིག་ཐབས་ལ་མཁས་པ་འོ། །ཞེས་གསུངས་ཏེ། འདིའི་གྲངས་སུ་ཟག་ཟད་མ་
གཏོགས་པའི་མངོན་ཤེས་ལྔ་བགྲང་དགོས་པ་ནི། བློ་གྲོས་མི་ཟད་པའི་མདོ་ལས། གཞན་ཡང་བཙུན་པ་ཤཱ་ར་ཏོ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པ་ལྔ་མི་ཟད་པ་སྟེ། འཕྲུལ་གྱི་མིག་དང༌། འཕྲུལ་གྱི་རྣ་བ་དང༌། ཕ་རོལ་གྱི་སེམས་ཤེས་པ་དང༌། སྔོན་གནས་དྲན་པ་དང༌། རྫུ་འཕྲུལ་གྱི་བྱ་བ་ཤེས་པའོ། །ཞེས་དང༌། རྣམ་བཤད་ལས། མངོན་ཤེས་ལྔས་ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་པའི་ཕྱིར། ཞེས་གསུངས་སོ། །འོན་ཀྱང་འདིའི་རྩ་བའི་མདོར་ཟག་པ་ཟད་པའི་མངོན་པར་ཤེས་པ་སྒྲུབ་པར་འདོད་ཅིང༌། ཡང་དག་པའི་མཐའ་མངོན་སུམ་དུ་བྱེད་མི་འདོད་པས་ཞེས་སོགས་གསུངས་པའི་དགོངས་པ་བཙལ་བར་བྱའོ། ། ༼༥༽སྤྲོ་བ་ཆེ་བ་སོགས་ཀྱིས་ཡོན་ཏན་གསུམ་མམ་གཉིས་ལ་དམིགས་ནས་དོན་གཉེར་གྱི་སེམས་པར་བྱེད་པ་སེམས་བསྐྱེད་ཀྱི་བསྐྱེད་པའི་དོན་དུ་བཤད་པའི་ཕྱིར། ༼༤བ༽དུས་རིང་ཞིང་རྒྱ་ཆེ་བའི་དཀའ་སྤྱད་ལ་སྤྲོ་བའི་གོ་ཆ་དང༌། བསམ་པ་དེ་དང་མཚུངས་པའི་རྩོམ་པ་གཉིས་གཅིག་ཏུ་སྡོམ་པས་སྐྱེས་བུ་བྱེད་པའི་ཡོན་ཏན་དང༌། རང་གཞན་གྱི་དོན་སྒྲུབ་པས་དོན་བྱེད་པའི་ཡོན་ཏན་དང༌། བྱང་ཆེན་འགྲུབ་པའི་འབྲས་བུ་ཡོངས་སུ་འཛིན་པའི་ཡོན་ཏན་གསུམ་མམ། དོན་གཉིས་ཕུན་ཚོགས་ལ་དམིགས་པའི་ཕྱིར། ༼༡ན༡༤༽ ༼༣༽ གསེར་འཕྲེང་ལས། འཕགས་པ་དང་སློབ་དཔོན་གྱི་ལུགས་སུན་ཕྱུང་ནས་དོན་གཉེར་གྱི་འདུན་པ་སེམས་སུ་འདོད་པས་སེམས་སེམས་བྱུང་རྫས་གཅིག་ཏུ་འདོད་དོ། ། ༼༤མ༽འདི་ནི་སེམས་ཀྱི་རྫས་དང་སེམས་
བྱུང་གི་རྫས་གཉིས་ཀར་འདོད་པ་ལ་སྐྱོན་བརྗོད་པ་ཡིན་གྱི། སེམས་སེམས་བྱུང་རྫས་གཅིག་པ་རྣམ་བཤད་ལས། དེས་སེམས་སེམས་བྱུང་རྫས་ཐ་དད་དུ་བསྟན་ཏོ་ཞེས་ཟེར་བ་ནི་འགལ་ན་རྫས་ཐ་དད་ཀྱིས་ཁྱབ་པ་ཚངས་པས་ཀྱང་སྒྲུབ་མི་ནུས་སོ། །ཞེས་གསུངས་ཤིང༌། མཛོད་གནས་དང་པོའི་མཐའ་དཔྱོད་དུ་རྫས་གཅིག་ཀྱང་རྫས་མཚུངས་མི་ཉམས་ཚུལ་གསལ་བར་གསུངས་ལ། རྟོག་གེ་འབར་བའི་སེམས་ཙམ་པ་འགོག་པའི་སྐབས་དཔྱད་པ་སྣ་ཚོགས་ཤིག་མཛད་སྣང་ངོ༌། ། ༼༧༽སྨོན་ལམ་དང་ལྡན་པའི་སེམས་བསྐྱེད་པའི་འགྱུར་བ་ཞེས་བྱ་བ་འཐད་པར་འགྱུར། ༼༤ཙ༽ཞེས་སེམས་བསྐྱེད་ལ་འདུན་པའམ་འདོད་པར་བཏགས་པ་ནི་གཞན་དོན་འདོད་པ་སེམས་བསྐྱེད་ཀྱི་རྒྱུར་བསྟན་པས་མར་ཤེས་སོགས་ལམ་གྱི་གོ་རིམ་ལ་མཁས་པ་དང༌། བྱང་ཆུབ་འདོད་པ་གྲོགས་སུ་བསྟན་པས། ལམ་གྱི་གནད་དམ་རྩ་བའམ་སྒོ་ཤེས་ཆེད་ཡིན་པར་ལམ་རིམ་གྱི་མཆན་དང་རྣམ་བཤད་གསུངས། ༼༡བ༡༤༽ ༼༡༽ ཉི་སྣང་ལས། སེམས་བསྐྱེད་པ་ཞེས་བྱ་བ་ལ་སེམས་ནི་རྣམ་པར་ཤེས་པ་སྟེ། རྣམ་པར་རིག་པའོ། །རྣམ་པར་ཤེས་པ་གང་ཡིན་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པ་སྟེ། དཀར་པོའི་ཆོས་ཐམས་ཅད་ལ་དམིགས་པ་ནི་དེ་ལ་སྲིད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ༼༤ཚ༽འདིའི་བྱང་ཆུབ་མདོར་བསྟན་དུ་ཆོས་ཀུན་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དང༌། རྒྱས་བཤད་དུ་ཕྱིན་དྲུག་རེ་རེ་ནས་རྫོགས་པར་འདོད་པ་གསུངས་ལ། གཞན་དོན་མདོར་བསྟན་དུ་སེམས་ཅན་ཐམས་ཅད་ལྷག་མེད་དུ་འདའ་བར་འདོད་
པ་དང༌། རྒྱས་བཤད་དུ་སེར་སྣ་ཅན་སྦྱིན་པ་ལ་འགོད་པ་དང་ཚུལ་ཁྲིམས་འཆལ་བ་ཚུལ་ཁྲིམས་ལ་འགོད་པ་སོགས་གསུངས་པས་སེམས་བསྐྱེད་དུ་འགྱུར་བ་ལ་མཐར་ཐུག་གི་དམིགས་པ་རྫོགས་བྱང་ལ་མ་དམིགས་ན་བློའི་འཕེན་པ་དམན་པས་སེམས་བསྐྱེད་དུ་མི་འགྲོ་ཡང༌། གནས་སྐབས་ཀྱི་དམིགས་པར་ཅི་རིགས་ཡོང་བར་རྗེ་བཙུན་བླ་མ་རྣམས་གསུངས་སོ། །༼༡ན༡༥༽ ༼༢༽ བདག་བསྟོད་ཙམ་གྱི་རྩ་ལྟུང་བྱུང་བའི་བྱང་སེམས་ཆོས་ཅན། དེར་ཐལ། དེའི་ཕྱིར། ༼༤ཛ༽འདིར་ཙམ་སྒྲ་སྨོས་པ་ནི་སེམས་འདོར་གྱི་རྩ་ལྟུང་ལྟ་བུས་འཇུག་སྡོམ་དང་འཇུག་སེམས་གཉིས་ཆར་གཏོང་བ་ལ་དགོངས་སོ། །འདི་ལ་ཁ་ཅིག་རྩ་ལྟུང་བྱུང་བ་ལ། བྱང་སྡོམ་མི་ལྡན་དགོས་ན། བྱང་ཆུབ་གཞུང་ལམ་ལས། བྱང་ཆུབ་ཀྱི་སེམས་འདོར་བ་ནི། སྨོན་སེམས་འདོར་བའོ། །དེ་ལ་རྩ་ལྟུང་དུ་ཐབས་ལ་མཁས་པའི་མདོ་ལས་གསུངས་པས། རྩ་ལྟུང་འདི་སྐྱེད་པའི་རྟེན་ལ་བྱང་སེམས་ཀྱི་སྡོམ་ལྡན་དགོས་པས། སེམས་དོར་བའི་སྐད་ཅིག་དང་པོ་ལ་སྡོམ་པ་ཡོད་ལ་གཉིས་པ་ནས་སྡོམ་པ་གཏོང་བ་ཡིན་གྱི་དོར་བ་ཙམ་ནས་བྱང་སེམས་མ་ཡིན་པར་མི་འགྱུར་རོ། །ཞེས་གསུངས་པ་ཇི་ལྟར་ཡིན་ཞེ་ན། ཕྱོགས་གླང་གི་བྱུང་བ་སོགས་ལ་བརྟགས་ན། བྱང་ཆུབ་ཀྱི་སེམས་འདོར་འདོད་ཙམ་སྐྱེས་ཀྱང༌། དམན་པའི་ཡིད་བྱེད་མ་སྐྱེས་པ་ཞིག་ཡོད་འདྲ་བས་དེ་ལ་ཕམ་པའི་ཆར་གཏོགས་ཀྱི་ལྟུང་བ་ལྕི་བ་ཞིག་བྱུང་བ་ལ་དགོངས་སམ་དཔྱད། ༼༤༽བདག་བསྟོད་ཀྱི་རྩ་ལྟུང་ཙམ་བྱུང་བའི་རྒྱུད་ཀྱི་དེ་ཡིན་པའི་
ཕྱིར། ༼༤ཉ༽འདིར་ཀུན་དཀྲིས་ཆེན་པོ་སྨོས་པ་ནི། ལོག་ལྟ་སྐྱེས་པ་དང༌། བྱང་ཆུབ་ཀྱི་སེམས་དོར་བ་གཉིས་ལ་དེ་སྐྱེས་པ་ཙམ་གྱིས་ཆོག་པས་ཀུན་དཀྲིས་ཆེན་པོ་ཚང་མི་དགོས་ལ། འདིར་དེ་མ་ཚང་ན་ཉེས་བྱས་སུ་འགྱུར་བའི་ཕྱིར་རོ། །ཀུན་དཀྲིས་ཆེན་པོ་ནི། བྱང་ས་ལས། རྒྱུན་མ་ཆད་པར་ཀུན་ཏུ་སྤྱོད་པ་དང༌། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཆུང་ངུ་ཙམ་ཡང་མི་སྐྱེད་པ་དང༌། དེས་མགུ་བར་བྱེད་ཅིང་དེ་ལ་དགའ་བ་དང༌། དེ་ཉིད་ལ་ཡོན་ཏན་དུ་ལྟ་བ་ཅན་དུ་འགྱུར་བ་འདི་ནི། ཀུན་ནས་དཀྲིས་པ་ཆེན་པོ་ཡིན་པར་རིག་པར་བྱའོ། །ཞེས་ཡན་ལག་བཞི་གསུངས་ལ། མགུ་བ་དང་དགའ་བའི་ཁྱད་པར། ཡོན་ཏན་འོད་ཀྱིས། མགུ་བ་ནི་བསམ་མ་ཐག་པ་ནས་དགའ་བ་བསྐྱེད་པ་དང༌། དགའ་བ་སྦྱོར་བའི་སྒོ་ནས་གནས་པ་ལ་གསུངས་ཤིང༌། ས་མུ་ཏྲས་བཟློག་སྟེ་བཤད་དོ། །ཡན་ལག་མ་ཚང་བས་ཆུང་འབྲིང་དུ་འགྱུར་ཚུལ་ཡང༌། བྱང་སའི་ཚུལ་ལེའུའི་རྣམ་བཤད་ལས། དེས་ན་ཀུན་དཀྲིས་ཆེན་པོའི་ཡན་ལག་མ་ཚང་བའི་ཉེས་དམིགས་སུ་ལྟ་བ་འདུག་ན་ལྷག་མ་ཐམས་ཅད་ཚང་ཡང་ཆུང་ངུར་ཤེས་པར་བྱ་ལ། ཉེས་དམིགས་སུ་ལྟ་བ་མི་འདུག་ན་འབྲིང་དུ་ཤེས་པར་བྱའོ། །ཞེས་གསུངས་སོ། ། ༼༥༽ལམ་རིམ་ལས། སྡོམ་པ་བཟུང་བ་ནས་སེམས་དེ་འཇུག་པའི་སེམས་སུ་ཤེས་པར་བྱ་སྟེ། ཞེས་གསུངས་པའི་ཕྱིར། ༼༤ཛ༽ལམ་རིམ་ལས། འདི་ལ་མི་མཐུན་པ་མང་དུ་སྣང་ཡང་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་གྱུར་ཅིག་སྙམ་པའམ། སངས་རྒྱས་སུ་བྱའོ་སྙམ་དུ་སྨོན་པས་སྦྱིན་པ་ལ་སོགས་པའི་སྤྱོད་པ་ལ་སློབ་ཀྱང་རུང༌། མི་སློབ་ཀྱང་རུང༌། ཇི་
སྲིད་སྡོམ་པ་མ་བཟུང་བ་དེ་སྲིད་དུ་སྨོན་པའི་སེམས་ཡིན་ལ། སྡོམ་པ་བཟུང་བ་ནས་འཇུག་པའི་སེམས་སུ་ཤེས་པར་བྱའོ། །ཞེས་པ་འདིའི་མཆན་བུར་འདིར་སྨོན་འཇུག་གི་ཁྱད་པར་སྡོམ་པ་བཟུང་མ་བཟུང་ལ་མཛད་དོ། །ཞེས་བཤད་ཀྱང༌། འཇུག་སྡོམ་གྱི་སྤང་བྱ་རྣམས་བསྲུང་བའི་སེམས་པའི་རིགས་དང་མི་ལྡན་ན་སྤྱོད་པ་ལ་སློབ་ཀྱང་སྨོན་སེམས་སུ་འགྱུར་ཞེས་པའི་ཚིག་གི་ནུས་པས་དེ་འདྲའི་བསྲུང་སེམས་ཐོབ་པའི་སྟེང་ནས་སྤྱོད་པ་ལ་སློབ་པའི་སེམས་བསྐྱེད་ལ་འཇུག་སེམས་དགོས་པར་བསྟན་པ་ཡིན་གྱི། སྡོམ་པ་བཟུང་ཕྱིན་ཆད་ཀྱི་སེམས་བསྐྱེད་ཐམས་ཅད་དེར་སྟོན་པ་མིན་པ་ལ་དགོངས་ནས་འདིར་ཡང་ལམ་རིམ་གྱི་ལུང་འདིར་དྲངས་པར་སྣང་བས། ལམ་རིམ་དང་རྣམ་བཤད་མི་མཐུན་ཟེར་བ་བརྟག་པར་བྱའོ། ། ༼༧༽རྩ་བར། རྟག་ཏུ་ཚངས་པར་སྤྱོད་ཉིད་དང༌། །ཞེས་སོ། ། ༼༤ཝ༽ཐེག་དམན་ལ་ཡང་མཐོང་ལམ་དུ་དཀོན་མཆོག་གསུམ་ལ་ཐེ་ཚོམ་སྤངས་པའི་བྱེད་པས་རྗེས་ཐོབ་ཏུ་ཤེས་ནས་དད་པ་ཐོབ་པའི་དཀོན་མཆོག་མངོན་རྟོགས་དང༌། དེའི་མཐུས་སངས་རྒྱས་དཔང་པོར་བྱས་ཏེ་བླངས་པའི་ཚུལ་ཁྲིམས་ཀྱི་ངོ་བོ་ལས་འབྲས་ཀྱི་བླང་དོར་ཚུལ་བཞིན་བྱས་པས་དྷ་ར་སྟེ། ངན་འགྲོ་ལས་འཛིན་པའི་དོན་གྱིས་ཆོས་ལ་གཅིག་ཏུ་གཞོལ་བའི་དབང་གིས་འཆད་ཁྲིམས་ཀུན་ཏུ་མི་འབྱུང་བའི་མངོན་རྟོགས་ཏེ། མཛོད་ལས། བདེན་གསུམ་མཐོང་ན་ཚུལ་ཁྲིམས་དང༌། །ཆོས་ལ་ཤེས་ནས་དད་པ་ཐོབ། །ལམ་མངོན་རྟོགས་ན་སངས་རྒྱས་དང༌། །དེ་ཡིས་དགེ་འདུན་དག་ལ་ཡང༌། །
ཞེས་གསུངས་པ་འདིས་དམིགས་ཕྱེ་ནས་གནས་དྲུག་པ་རིམ་གྱིས་མངོན་རྟོགས་བདུན་ལ་སྦྱོར་ཚུལ་གཅིག་ཀྱང་ཁོ་བོས་རྙེད་མོད་ཀྱང༌། ལེགས་བཤད་ལ་ལེགས་བཤད་དུ་ཤེས་མཁན་མི་སྣང་ངོ༌། །༼༡ན༡༦༽ ༼༡༽ འཕགས་པ་བྱམས་པའི་རྣམ་པར་ཐར་པ་ལས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྡོ་རྗེ་རིན་པོ་ཆེ་ནི། ནས་༼༤ཞ༽ཇི་ལྟར་ཆགས་ཀྱང་གསེར་གྱི་རྒྱན་ཁྱད་པར་དུ་འཕགས་པ་ཐམས་ཅད་ཟིལ་གྱིས་གནོན་ཏོ། །རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་འདོར་ཞིང༌། དབུལ་བ་ཐམས་ཅད་ཀྱང་བཟློག་གོ །༼༥༽སེམས་བསྐྱེད་དང་སྤྱོད་པ་ཉམས་ལེན་གྱི་སྤྱོད་པར་སྟོང་ཉིད་རྟོགས་པ་གཅིག་པུ་དེ་བཞག་པའི་ཕྱིར། ༼༤ཟ༽འདི་དག་འཁྲུལ་གཞི་ནི། མདོ་ལས། སྦྱིན་སོགས་དྲུག་ལ་མངོན་པར་ཞེན་པ་བདུད་ཀྱི་ལས་སོ། །ཞེས་དང༌། ཕུང་པོ་གསུམ་པ་ལས། དམིགས་པར་ལྷུང་བས་སྦྱིན་པ་སྦྱིན་པ་དང༌། ཚུལ་ཁྲིམས་མཆོག་འཛིན་གྱིས་ཚུལ་ཁྲིམས་བསྲུང་བ་ལ་སོགས་པ་དེ་དག་སོ་སོར་བཤགས་པར་བྱའོ། །ཞེས་དང༌། ཚངས་པས་ཞུས་པ་ལས། སྤྱོད་པ་ཇི་སྙེད་པ་འདི་ཐམས་ཅད་རྟོག་པའོ། །ཡོངས་སུ་མི་རྟོག་པ་ནི་བྱང་ཆུབ་བོ། །ཞེས་སོགས་ཡིན་ལ་དེ་དགག་ཚུལ་སོགས་ཞིབ་པར་ནི་སྒོམ་རིམ་དང་པོ་དང་ཐ་མ་དང༌། ལམ་རིམ་ཆུང་ངུ་སོགས་ལས་ཤེས་པར་བྱའོ། ། ༼༡བ༡༦༽ ༼༢༽ གཡོ་བྱས་ནས་སེམས་བསྐྱེད་པ་དང༌། རས་ཀྱི་ཁ་ཚར་ཕུལ་ནས་སེམས་ཙམ་བསྐྱེད་པ་སོགས་དང༌། གསལ་རྒྱལ་གྱིས་དགེ་བ་ཀུན་ལ་ཡི་རང་བྱས་ནས་སངས་རྒྱས་བྱང་སེམས་ལ་ཕུལ་ནས་སེམས་བསྐྱེད་པ་ཐམས་ཅད་བསླབ་བཏུས་དང། སྒོམ་
རིམ་གཉིས་ཀར་སྨོན་སེམས་སུ་བཤད་པའི་ཕྱིར་ཏེ། ༼༤འ༽འདི་གསུམ་ཡང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་དང༌། བསྐལ་བཟང་དང༌། གསལ་རྒྱལ་ལ་གདམས་པའི་མདོ་ལས་བྱུང་ལ། དང་པོ་འདི་བསླབ་བཏུས་ལས་གཡོ་བྱས་ཏེ་བྱང་ཆུབ་ཏུ་སེམས་བསྐྱེད་པའང་སངས་རྒྱས་ཀྱི་རྒྱུར་གསུངས་ན། ཞེས་སངས་རྒྱས་ཀྱི་རྒྱུ་ཙམ་དུ་བཤད་ཀྱང༌། སྨོན་སེམས་དངོས་སུ་བཤད་པ་མེད་དོ། །༼༡ན༡༧༽ ༼༡༽ དམ་བཅའ་བ་འཇུག་སེམས་དང་འབྲས་བུ་ལ་དམ་བཅའ་བ་སྨོན་སེམས་སུ་སྦྱར་བ་སོགས་ཡོད་དེ། དེ་དག་མི་འཐད་པའི་ཕྱིར། ༼༤ཡ༽ཕྱི་མ་འདི་དཔའ་བོ་གཙུག་ལག་འཕྲེང་བའི་སྤྱོད་འཇུག་འགྲེལ་པ་ཐེག་ཆེན་རྒྱ་མཚོའི་སྙིང་པོར། ཐེག་བསྡུས་ལས། དེ་ལ་སྨོན་པའི་བྱང་ཆུབ་ཀྱི་སེམས་ནི་འབྲས་བུ་ལ་དམ་བཅའ་བ་ཡིན་ལ། འཇུག་པ་བྱང་ཆུབ་ཀྱི་སེམས་ནི་རྒྱུ་ལ་དམ་བཅའ་བ་ཡིན་ནོ་ཞེས་ཤེས་བྱེད་དུ་ལེགས་པར་དྲངས་མོད་ཀྱང༌། འཕགས་པ་ཐོགས་མེད་ཀྱིས་མཛད་པ་ལོ་པཎ་རྣམས་ཀྱིས་བསྒྱུར་བའི་ཐེག་བསྡུས་ན་དེ་འདྲ་མི་སྣང་ངོ༌། །དེས་ན་གསེར་འཕྲེང་ལས། དང་པོར་རྒྱུའི་སེམས་བསྐྱེད་པ་སྨོན་པ་དང༌། སྨོན་པ་ལྟར་བྱ་བ་བསྒྲུབ་པའི་ཐབས་ཕུན་ཚོགས་རྫོགས་པར་བྱའོ། །ཞེས་འབྲས་བུའི་སེམས་བསྐྱེད་པ་ནི་འཇུག་སེམས་བསྐྱེད་ཚུལ་ལོ། །ཞེས་པ་ལྟར་ཁོ་རང་གཉིས་ཕན་ཚུན་རྒྱུ་འབྲས་སུ་སྦྱར་ཏེ་རྒྱུའི་སེམས་བསྐྱེད་དང་འབྲས་བུའི་སེམས་བསྐྱེད་ཅེས་པ་ལེགས་ཀྱི། རྒྱུ་ལ་དང༌། འབྲས་བུ་ལ་ཞེས་པ་ཐ་སྙད་འདོགས་ལུགས་ལ་ཡང་སྐྱོན་ཆགས་པའི་དབང་གིས་འདིར་ཡང་
སྨོན་འཇུག་ལ་སྦྱོར་ཚུལ་མ་གསུངས་པར་དེ་གཉིས་སྤྱིར་བཀག་གོ །བསླབ་བཏུས་ཟིན་བྲིས་ན་དཔྱད་རྒྱུ་ཞིག་ཡོད། ༼༡བ༡༧༽ ༼༣༽ ཡང་ཁ་ཅིག་ན་རེ། འཇུག་སྡོམ་དང་འཇུག་སེམས་ཅིག་ཅར་ཁོ་ནར་སྐྱེ་བ་༼༤ར༽འཇུག་སྡོམ་དང་འཇུག་སེམས་གཉིས་འགལ་ཡང་ཞེས་སོགས་གོང་དུ་དྲངས་པའི། ༼༣༽རྣམ་བཤད་ཀྱི་ལུང་དོན་ཟེར། བསོད་གྲགས་སོགས་ལ་ལས་དེ་རྣམ་བཤད་ཀྱི་དོན་དུ་བྱས་ནས་ལམ་རིམ་དང་མི་མཐུན་ཟེར། གཞན་དག་གིས་རྒྱུ་མཚན་མེད་པར་འཇུག་སེམས་ཚོགས་ལམ་འབྲིང་ཁོ་ནར་ཡོད་ཟེར། ༼༤ལ༽འདི་ཡང་བསོད་གྲགས་ཀྱི་སྤྱི་དོན་ལས། མཁས་པ་ཁ་ཅིག་ལམ་མ་ཞུགས་ན་འཇུག་སྡོམ་མམ་བྱང་སྡོམ་ཡོད་ཅེས་མགྲིན་པ་གསེང་སྟེ་སྨྲ་བ་ནི་རི་བོང་གི་ཅལ་ལྟ་བུ་ཡིན་ཏེ། སྡོམ་པ་འབོག་པ་ན། བྱང་སར་རིགས་ཀྱི་བུའམ་ཆོས་ཀྱི་སྤུན་མིང་འདི་ཞེས་བགྱི་བ་ཁྱོད་བྱང་ཆུབ་སེམས་དཔའ་ཡིན་ནམ། བྱང་ཆུབ་ཏུ་སྨོན་ལམ་བཏབ་བམ། ཞེས་དྲི་བར་གསུངས་པས་བྱང་སེམས་མ་ཡིན་པ་ལ་དེ་འབོགས་སུ་མི་རུང་བའི་ཕྱིར་དང༌། འཇུག་སེམས་དངོས་སུ་སྐྱེ་བའི་རྟེན་དང༌། འཇུག་སྡོམ་དངོས་སུ་སྐྱེ་བའི་རྟེན་དོན་གཅིག་པར་སྨྲས་པ་དང་ཁས་བླངས་ནང་འགལ་བའི་ཕྱིར། ཞེས་གསུངས་པ་དཔྱད་པར་བྱ་སྟེ། འཇུག་སྡོམ་དཔྱིས་ཕྱིན་པར་ལེན་མཁན་ཐམས་ཅད་བྱང་སེམས་ཡིན་པའི་ཤེས་བྱེད་དུ་དེ་ལྟར་དྲི་དགོས་པ་བཀོད་པ་ཡིན་ན་རྟགས་མ་གྲུབ་སྟེ། འདྲི་དགོས་པའི་ངེས་པ་ཡང་མེད་པར་མ་ཟད། བྱང་སྡོམ་ལེན་པ་ལ་འདྲི་བ་པོ་སློབ་དཔོན་རང་ཡོད་དགོས་པའི་ངེས་པ་མ་གྲུབ་པའི་ཕྱིར། ལམ་སྒྲོན་ལས། དེ་ལ་འབད་པས་དེ་འདྲ་བའི། །གལ་
ཏེ་བླ་མ་མ་རྙེད་ན། །དེ་ལས་གཞན་སྡོམ་ནོད་པ་ཡི། །ཆོ་ག་ཡང་དག་བཤད་པར་བྱ། །ཞེས་སོགས་ཀྱིས་བསླབ་བཏུས་ལ་བརྟེན་ནས། བླ་མ་མེད་པའི་ཆོ་ག་གསུངས་པའི་ཕྱིར་རོ། །བླ་མ་ཡོད་ཅིང་དེས་དྲིས་པ་གཞིར་བཞག་གོ་ཟེར་ན་ཡང་མི་འཐད་པར་ཐལ། བྱང་ཆུབ་གཞུང་ལམ་ལས། དྲི་བ་གཉིས་ཀྱི་དོན་ནི། རིགས་ཀྱི་ནུས་པ་ལེགས་པར་སད་པ་དང༌། སྨོན་སེམས་བརྟན་པ་ལ་བྱའོ། །ཞེས་སྔ་མར་ཞིབ་ཆ་བྱས་ནས་བྱང་སེམས་དངོས་ལ་མ་བྱས་པར་རིགས་སད་པ་ཙམ་ལ་བྱས་པས་ཕྱི་མ་ཡང་སྨོན་པ་བརྟན་པ་ཙམ་ལ་བྱ་བ་དགོངས་པར་མངོན་པའི་ཕྱིར། ༼༡བ༡༨༽ ༼༣༽ གསེར་འཕྲེང་ལས། ཚོགས་ལམ་ཆུང་ངུར་སྨོན་སེམས་དང་འབྲིང་ནས་འཇུག་སེམས་བཞག་སྟེ། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ༼༤ཤ༽སེམས་བསྐྱེད་དང་པོ་གཉིས་ཀྱི་མདོ་གཉིས་ཀྱི་སྤྱིའི་མདོར་བསྟན་རྒྱས་བཤད་ལ་ཡང་སྦྱོར་དགོས་ལ་སྤྱོད་པ་ཉམས་ལེན་གྱིས་ཟིན་པ་དངོས་སུ་བསྟན་མ་བསྟན་གྱི་ཁྱད་པར་ཀྱང་ཡོད་པས། ༼༣༽སེམས་བསྐྱེད་ཉེར་གཉིས་ཀྱི་མདོའི་དངོས་བསྟན་དང་སྦྱར་ཙམ་རིགས་པ་ལྟ་བུ་ཡིན་པའི་ཕྱིར་ཏེ། ༼༡ན༡༩༽ ༼༡༽ ཛེ་ཏཱ་རིས། སྐྱབས་གསུམ་སྔོན་དུ་འགྲོ་བ་ཅན། །ཞེས་གསུངས་པའི་དོན་མ་གྲུབ་པར་ཐལ། ཐེག་ཆེན་སེམས་བསྐྱེད་ཀྱི་སེམས་རྟེན་ལ། རྒྱལ་བ་ལ་དམིགས་པའི་དད་པ་ཡང་མེད། སྐྱབས་འགྲོ་ཁྱད་པར་ཅན་ཡང་མེད་པའི་ཕྱིར། དེར་ཐལ། དེའི་སེམས་རྟེན་དུ་གྱུར་པའི་སེམས་བྱུང་མེད་པའི་ཕྱིར་ཏེ། དམ་བཅའ་འཐད་པའི་ཕྱིར། ༼༤ས༽གཞན་ཡང་འདིའི་སྐྱེ་བའི་སེམས་རྟེན་
ལ་དད་པ། སྙིང་རྗེ། སྙིང་སྟོབས་སོགས་སྣ་ཚོགས་པ་ཡོད་དེ། བྱང་ས་སོགས་ལས། སངས་རྒྱས་ཀྱི་རྫུ་འཕྲུལ་སོགས་མཐོང་བ་དང༌། དེ་མིན་ཡང་ཐེག་ཆེན་གྱི་ཆེ་བ་སྟོན་པའི་སྡེ་སྣོད་ཐོས་པ་དང༌། དེ་མིན་ཡང་ཐེག་ཆེན་གྱི་བསྟན་པ་ཉམས་པ་མ་བཟོད་པ་དང༌། དེ་མིན་ཡང་དུས་སྙིགས་མར་སོང་བ་མ་བཟོད་པ་སྟེ་རྐྱེན་བཞི་དང༌། རང་ངོས་ནས་རིགས་ཀྱི་ནུས་པ་སྨིན་པ། གཞན་ངོས་ནས་བཤེས་གཉེན་དམ་པས་ཟིན་པ། འགྲོ་བ་སྡུག་བསྔལ་གྱིས་མནར་བ་ལ་བརྩེ་བ། དེ་དག་སྒྲོལ་བའི་དཀའ་སྤྱད་ལ་མི་སྐྲག་པའི་སྙིང་སྟོབས་ཏེ་རྒྱུ་བཞི་དང༌། གཞན་ལ་ཆེར་མི་ལྟོས་པ་རང་གི་སྟོབས། ཆེད་དུ་ལྟོས་དགོས་པ་གྲོགས་ཀྱི་སྟོབས། སྔོན་ནས་གོམས་པ་རྒྱུའི་སྟོབས། ཚེ་འདིར་འབད་པ་སྦྱོར་བའི་སྟོབས་ཏེ་བཞི་སོགས་ཅི་རིགས་ལས་སྐྱེ་བར་གསུངས་པའི་ཕྱིར་རོ། ། ༼༧༽ཐབས་ཁྱད་པར་ཅན་དུ་བྱས་ན་སློབ་ལམ་ལ་རུང་ཡང་སེམས་བསྐྱེད་གཉིས་ཀྱི་གཞི་མཐུན་འདོད་ན་མི་རུང་བས་སྔར་བཤད་པ་ཀུན་ལ་ལེགས། ༼༤ཧ༽འདིའི་དོན་ལ་ཁ་ཅིག་འདིའི་ཁྱད་པར་ཅན་ཐབས་ཁྱད་པར་ཅན་ལ་བྱས་ན་དེའི་རིགས་པའི་འཕུལ་གྱིས། དོན་དམ་སེམས་བསྐྱེད་ཀྱི་ཁྱད་པར་ཅན་ཞེས་པ་དེ་ཤེས་རབ་ཁྱད་པར་ཅན་དུ་འགྱུར་བས་སངས་རྒྱས་ཀྱི་སར་སེམས་བསྐྱེད་གཉིས་ཀྱི་གཞི་མཐུན་མི་སྲིད་པར་ཐལ་བའི་སྐྱོན་ཡོད་ཟེར་བ་ཐ་ཆད་ཡིན་ཏེ། འདི་ལྟར། སངས་རྒྱས་ཀྱི་སའི་སེམས་བསྐྱེད་ལ་ཤེས་རབ་ཀྱི་ཆ་མ་ཡིན་པས་ཁྱབ་པར་ཐལ། དོན་དམ་སེམས་བསྐྱེད་ལ་ཤེས་རབ་ཀྱི་ཆ་དགོས་ན། སངས་རྒྱས་ཀྱི་སའི་སེམས་བསྐྱེད་ལ་དོན་
དམ་སེམས་བསྐྱེད་མི་ཡོང་བའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། སེམས་བསྐྱེད་ལ་ཐབས་ཀྱི་ཆས་ཁྱབ་པར་ཐལ། དེ་ལ་ཤེས་རབ་ཀྱི་ཆ་མེད་པའི་ཕྱིར། འདོད་ན། དོན་དམ་སེམས་བསྐྱེད་ལ་ཤེས་རབ་ཀྱི་ཆས་ཁྱབ་པར་ཐལ། ཀུན་རྫོབ་སེམས་བསྐྱེད་ལ་ཐབས་ཀྱི་ཆས་ཁྱབ་པ་གང་ཞིག །དེ་གཉིས་གཅིག་ཤོས་ཐབས་ཁྱད་པར་དུ་བསྒྲུབས་པས་གཅིག་ཤོས་ཤེས་རབ་ཁྱད་པར་ཅན་དུ་དོན་གྱིས་འགྲུབ་པའི་ཕྱིར། རྟགས་ཁས། འདོད་ན། སེམས་བསྐྱེད་གཉིས་འགལ་བར་ཐལ། རྒྱུ་མཚན་དེའི་ཕྱིར། རྟགས་ཁྱབ་ཁས། དེས་ན་གཞུང་གི་ཐོབ་ཚོད་ནི་དོན་དམ་སེམས་བསྐྱེད་ཀུན་རྫོབ་སེམས་བསྐྱེད་ཡིན་པའི་དབང་དུ་བྱས་སྣང་ཡང༌། སངས་རྒྱས་འཕགས་པའི་ཡིད་ཀྱི་རྣམ་ཤེས་ཐམས་ཅད་དེར་བཞག་ན་ཐེག་དམན་རྟོགས་རིགས་སུ་གནས་པའི་སེམས་བསྐྱེད་སོགས་ཧ་ཅང་ཐལ་བས་བདག་གཞན་མཉམ་པ་ཉིད་དུ་རོ་གཅིག་པར་རྟོགས་པའི་ཡེ་ཤེས་ལྟ་བུ་ལམ་དུས་ན་སེམས་བསྐྱེད་དང་ཟུང་འབྲེལ་དུ་སྒོམ་ཚུལ་གྱི་ཁྱད་ཅིག་ཡོད་དམ་དཔྱད་དེ་ཡེ་ཤེས་དེ་ཞི་མཐའ་འགོག་བྱེད་དུ་བཤད་པའང་ཡོད་ལ། སྐབས་བཞི་པར་སྒྲིབ་པ་བཞིའི་ནང་ནས་ཕྱི་མ་གཉིས་བདེན་འཛིན་ཤས་ཆེ་བར་གསུངས་པས་ཀྱང་འགྲུབ་བམ་སྙམ། ༼༡བ༡༩༽ ༼༣༽ དེ་དུས་སེམས་བསྐྱེད་དངོས་སུ་མེད་ན་ཡང་དེའི་ཤུགས་དངོས་སུ་དེ་ལ་འཇུག་ན་དེ་དེས་དངོས་སུ་ཟིན་པའི་ཕྱིར་ཏེ། ༼༤ཨ༽དེས་ཤུགས་ཀྱིས་ཟིན་ཚུལ། བུ་ཤི་བའི་མ་ཟས་ཟ་བ་ན་ཡང༌། མྱ་ངན་གྱི་བློ་མངོན་གྱུར་དུ་མེད་ཀྱང་དེའི་ཤུགས་མ་ཉམས་པས་
བློའི་ཟུར་གཅིག་གིས་དུ་རེ་དྲན་པ་དང་འདྲ་བར་དབུ་མའི་མཐའ་དཔྱོད་དུ་གསུངས། ༼༡ན༢༠༽ ༼༤༽ མདོ་སྡེ་རྒྱན་ལས། སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང༌། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པ་འོ། །ཞེས་སོ། ། ༼༤ཀི༽འདི་ནི་ས་བཟང་བའི་ཊཱིཀྐར། མོས་སྤྱོད་ཀྱི་སའི་གནས་སྐབས་ན། བདག་གཞན་མཉམ་པ་ལ་སོགས་པར་མངོན་སུམ་དུ་མ་རྟོགས་ཀྱང་སྤྱིའི་རྣམ་པར་མོས་པ་ཡིད་ལ་བྱེད་པ་ལས་བྱུང་བའི་སེམས་བསྐྱེད་ཅེས་བཤད་ལ། དེ་ལས་བཟློག་པས་ལྷག་བསམ་རྣམ་དག་དང༌། དག་སར་འབད་རྩོལ་རགས་པ་ལ་མི་ལྟོས་པར་སྔོན་མི་རྟོག་ཡེ་ཤེས་གོམས་པའི་འབྲས་བུ་རྣམ་པར་སྨིན་པའི་དབང་དུ་བྱས་ཏེ་སྐབས་བདུན་པ་ལྟར་རོ། ། ༼༦༽གཉིས་པ་ནི། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་བཀོད་ནས། བདག་འཚང་རྒྱ་བར་འདོད་པའི་སེམས་བསྐྱེད་དེ། སྤྱན་རས་གཟིགས་ཀྱིས་སེམས་བསྐྱེད་པར་བཤད་པ་ལྟ་བུ། ༼༤ཁི༽སྤྱན་རས་གཟིགས་ལ་དང་པོ་ནས་ཕྱུགས་རྫི་ལྟ་བུའི་སེམས་བསྐྱེད་དེ་སྐྱེས་པ་ཡིན་ན། བདག་ཅག་གི་སྟོན་པ་ལ་དང་པོ་ནས་རྒྱལ་པོ་ལྟ་བུའི་སེམས་བསྐྱེད་དེ་སྐྱེ་དགོས་སོ་ཞེ་ན། སེམས་བསྐྱེད་ཚུལ་གྱིས་ཕྱེ་བའི་དེ་སྐྱེས་པ་ཡིན་པའི་ཞིབ་ཆ་དགོས། ༼༡ན༢༡༽ ༼༡༽ འགྲེལ་པ་ལས། སེམས་བསྐྱེད་པའི་རབ་ཏུ་དབྱེ་བ་ནི་ལས་དང་པོ་བའི་ས་ནས་བཟུང་སྟེ། སངས་རྒྱས་ཀྱི་སའི་བར་གྱིས་བསྡུས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ༼༤གི༽འདི་ལ་ཕྱ་བའི་ཕར་ཕྱིན་ལས། དེ་ལས་མཚམས་སྦྱར་བ་ནི་རིགས་པ་མ་ཡིན་ཏེ། ཆོས་ཀྱི་དགའ་སྟོན་དང༌། བགྲོད་
པ་གཅིག་པའི་ལམ་ས་བཅུ་ལས་འདས་པར་བཤད་པ་མི་འགྲིག་སྟེ། ཆོས་ཀྱི་དགའ་སྟོན་ནི་ས་དགུ་པར། ཆོས་སྨྲ་བའི་སྐྱེས་བུར་གྱུར་པ་ཡིན་པ་དང༌། བགྲོད་པ་གཅིག་པའི་ལམ་ས་བརྒྱད་པ་ནས་ཐོབ་པར་གསུངས་པའི་ཕྱིར། ཞེས་པ་ནས། དེས་ན་སློབ་དཔོན་དབྱིག་གཉེན་དང་འཕགས་པས་ལྔར་སྦྱར་བར་བྱའོ། །ཞེས་བཤད་ཀྱང་སྐབས་འདིར་སློབ་དཔོན་བཀག་པ་ནི། ཡལ་ག་ཞོན་ནས་རྩ་བ་གཅོད་པའི་བློ་གྲོས་སོ། ། ༼༣༽རྒྱན་ལས། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་བྱུང་དང༌། །ཞེས་དང༌། ༼༤དི༽ཁ་ཅིག །འདི་གཉིས་ཀྱི་ཐ་མ་གོམས་པ་ལས་སྐྱེས་པ་དེ་དོན་དམ་སེམས་བསྐྱེད་དུ་གསེར་འཕྲེང་གསུངས་སོ། །ཟེར་བ་མིག་བར་ཧ་ཅང་ཡངས་ཏེ། འདི་ལྔ་ཀ་བརྡའ་ལས་བྱུང་བ་ལ་གསུངས་ནས་སྒོམ་བྱུང་གི་དོན་དམ་སེམས་བསྐྱེད་ལོགས་སུ་གསུངས་པའི་ཕྱིར། དེས་ན་བརྡའ་ལས་བྱུང་བར་བྱས་ཚད་རགས་པ་བརྡའ་ལས་བྱུང་བའི་སེམས་བསྐྱེད་བུར་ཤིང་གི་ཤུན་པ་ལྟ་བུ་དེ་ལ་བྱེད་དགོས་པའི་ངེས་པ་མེད་དེ། བསྡུ་བ་ལས། སེམས་བསྐྱེད་པ་ནི་རྣམ་པ་བཅུ་སྟེ། འདི་ལྟ་སྟེ། ཡང་དག་པར་བླངས་པ་བརྡའ་ལས་བྱུང་བ་དང༌། ཆོས་ཉིད་ཀྱིས་ཐོབ་པ་དང༌། མ་ངེས་པ་དང༌། ངེས་པ་དང༌། ཡོངས་སུ་མ་དག་པ་དང༌། ཡོངས་སུ་དག་པ་དང༌། སྟོབས་ཆུང་བ་དང༌། སྟོབས་དང་ལྡན་པ་དང༌། འབྲས་བུ་ཡོངས་སུ་མ་གྲུབ་པ་དང༌། འབྲས་བུ་ཡོངས་སུ་གྲུབ་པའོ། །དེ་ལ་ཡང་དག་པར་བླངས་པ་བརྡ་ལས་བྱུང་བ་ནི་
བྱང་ཆུབ་སེམས་དཔའ་ཡང་དག་པ་ཉིད་དུ་སྐྱོན་མེད་པ་ལ་མ་ཞུགས་པ་ཐམས་ཅད་ཀྱིའོ། །དེ་ལ་ཆོས་ཉིད་ཀྱིས་ཐོབ་པ་ནི། བྱང་ཆུབ་སེམས་དཔའ་ཡང་དག་པ་ཉིད་དུ་སྐྱོན་མེད་པ་ལ་ཞུགས་པ་དང༌། ཉན་ཐོས་བྱང་ཆུབ་ཏུ་ཡོངས་སུ་གྱུར་པ་རྣམས་ཀྱིའོ། །ཞེས་གསུངས། ལྷག་མ་ཡང་རིགས་ངེས་མ་ངེས། ཀུན་སློང་དག་མ་དག །ཀུན་དཀྲིས་ཀྱིས་ཉམས་ནུས་མི་ནུས། སློབ་མི་སློབ་ལ་སྦྱར་བ་སོགས་སྣ་ཚོགས་ཡོད་པའི་ཕྱིར། དེས་ན་འདིར་བརྡའ་ལས་བྱུང་བའི་དོན་ཆོ་གས་བཟུང་དུ་ཡོད་པ་དང༌། གཞན་དུ་བཤད་པ་ཐོས་བྱུང་ཙམ་ལ་བྱེད་དམ་དཔྱད་པར་བྱའོ། ། ༼༡ན༢༢༽ ༼༡༽ བློ་གྲོས་མི་ཟད་པའི་མདོ་ལས། རྣམ་པ་དྲུག་ཅུ་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་མི་ཟད་པ་ཡིན་ནོ། ། ༼༤ཅ༽འདིར་མི་ཟད་པ་བརྒྱད་ཅུའི་ནང་ནས་མི་འགྲིག་བཞིན་དུ་བྲི་སྣོན་སྣ་ཚོགས་བྱེད་པ་མི་རིགས་ཏེ། མདོ་ཉིད་ལས། འདིའི་རེ་ལྔ་པོ་ཟུར་དུ་གསུངས་པའི་ཕྱིར་རོ། ། ༼༦༽འདོད་མི་ནུས་ཏེ། མདོ་དཀོན་མཆོག་བརྩེགས་པ་ལས། འོད་སྲུང་ཟླ་བ་ཚེས་པ་ལ་ནི་ཕྱག་བྱ་ཡི། ཞེས་པའི་དངོས་བསྟན་གྱི་བྱང་སེམས་མ་ཡིན་པའི་ཕྱིར། སྒྲ་ནི་རྒྱུན་མིན་སྐྱེས་བུ་ཁྱབ་བདག་མིན། །ནམ་འཇུག་སྙན་སྒྲོགས་བུང་བའི་ལྡིང་འཁོར་འདྲ། །དེ་སླད་འབད་པས་བསགས་པ་སྙིང་གྲོགས་ལ། །འབྱོར་བས་འགྱོད་མེད་ཡིད་ནི་དགེ་གྱུར་ཅིག ། ༈ ༼༡ན༢༣༽ ༼༥༽ འདིར་བསྟན་གདམས་ངག་བཅུ་བོ་༼༤ཆ༽ཚོགས་ལ་གསུམ་དང་སྦྱོར་ལ་ལྔ། །མཐོང་སྒོམ་གཉིས་ལ་རེ་རེ་འོ། ། ༼༥༽ངག་ཡིན་པའི་ཕྱིར་ན་མ་ཁྱབ། ༼༤ཇ༽འོན་ཀྱང་བརྒྱད་སྟོང་པ་འདིར་བསྟན་
གདམས་ངག་བཅུ་ཆར་ཡིན་ལ། ངག་ཏུ་མ་ཐོན་པ་ཞིག་དེ་ལ་ཡང་བཞག་དགོས་སམ་དཔྱད། ༼༡བ༢༣༽ ༼༣༽ མདོ་ལས། ཀུན་ཏུ་རྒྱུ་ཉེར་འགྲོའི་དྲི་བའི་ལན་སྟོན་པར། ཉེར་འགྲོ་ང་ནི་སངས་རྒྱས་ཏེ། །ང་ལ་སློབ་དཔོན་ཅི་ཡང་མེད། ། ༼༡ན༢༤༽ ༼༤༽ རྩོད་སྤོང་ལ་ཁོ་ན་རེ། སྒྲ་མེད་ལུས་ཀྱི་རྣམ་འགྱུར་གྱིས་སྟོན་པའི་གདམས་ངག་ཆོས་ཅན། རྗོད་བྱེད་རྣམ་དག་ཡིན་པར་ཐལ། གདམས་ངག་ཡིན་པའི་ཕྱིར། ༼༤ཉ༽འདི་ལུང་རྟོགས་ཀྱི་བསྟན་པ་གང་ཡིན་དཔྱད་ན་ཡ་མཚན་ཞིག་ཡོད། ༼༥༽རྩ་བར། སྒྲ་མེད་ཀྱང་དེ་དེ་ལྟར་སྣང༌། །ཞེས་སོ། ། ༼༤ཏ༽རང་རྒྱལ་ལུས་ཀྱིས་སྟོན་པ་འདི་གཞུང་སྤྱི་སྐད་ལ་གྲགས་ཀྱང༌། རྟོགས་དཀའི་སྣང་བར། ལུས་ངག་གི་རྣམ་རིག་གཉིས་རྟོག་དཔྱོད་ཀྱིས་ཀུན་ནས་བསླང་བར་འདྲ་བས། སྟོན་པ་པོའི་ཤེས་པའི་རྩལ་སྟོན་བྱེད་དུ་མཚུངས་ལ། རྒྱུའི་རྟོག་དཔྱོད་ཀྱང་གཡེང་བའི་རྒྱུར་མཚུངས་པའི་ཕྱིར། ལུས་ཀྱིས་སྟོན་པའང་བཀག་སྟེ། རང་རྒྱལ་རང་གི་ཐུགས་ལ་ཤར་བ་ན། སྨོན་ལམ་གྱི་མཐུས་གདུལ་བྱ་ལ་གོ་བ་སྐྱེད་པར་གསུངས་ཏེ། སྒྲ་མེད་ཀྱང་དེ་དེ་ལྟར་སྣང༌། །ཞེས་པའི་ཚིག་གི་ནུས་པ་འདོན་ལུགས་འདི་ལེགས་སམ་དཔྱད། །༈ ༼༡བ༢༤༽ ༼༤༽ སྒྲུབ་པའི་ངོ་བོ་ལ་གདམས་པ་དང༌། དེའི་དམིགས་པ་ལ་གདམས་པ་གཉིས། དང་པོ་ནི། ༼༤ཐ༽ཐེག་ཆེན་གྱི་ལམ་གྱི་ལུས་ཚང་བ་འདི་གཉིས་ཟུང་དུ་འཇུག་པ་ཁོ་ན་ལ་ལྟོས་པས། སྒྲུབ་པའི་ངོ་བོ་ཞེས་བཤད་དེ། གཞི་ལ་བདེན་གཉིས་ཟུང་འཇུག་ཏུ་སོང་ན་ལམ་ལ་ཚོགས་གཉིས་དང༌། འབྲས་བུ་སྐུ་གཉིས་ཟུང་འཇུག་འབྱུང་བས་སོ། །
༼༡ན༢༥༽ ༼༤༽ གཞན་དོན་དུ་ཆོས་སྐུ་དོན་དུ་གཉེར་བའི་སྒོ་ནས་བྱང་ཆེན་དང་བྱང་ཆེན་གྱི་མིང་དང་ཤེར་ཕྱིན་དང་རྫོགས་བྱང་བཞི་ཐ་སྙད་དུ་ཡོད་བཞིན་དུ་དོན་དམ་པར་དམིགས་སུ་མེད་པ་ཉམས་སུ་ལོངས་ཤིག་ཅེས་འདོམས་པའི་ཤེར་མདོ་ཡིན་པའི་ཕྱིར། ༼༤ད༽སེམས་བསྐྱེད་ཀྱི་མདོར། གང་གིས། གང་ལ། གང་གི་ཕྱིར་སློབ་པར་གསུངས་པའི་ཡུལ་རྣམས་ལའང་ཞེན་པ་འགོག་པ་སྟེ། འདིའི་མིང་ནི་བྱང་ཆུབ་སེམས་དཔའ་ཆེན་པོའི་གདགས་གཞིར་གྱུར་པའི་མིང་གཞི་ལ་ཁ་ཅིག་འདོད་ཀྱང༌། མདོའི་འབྲེལ་ལ་དཔྱད་ན་མིང་དུ་བཏགས་པ་ཙམ་ཞེས་པའི་མིང་དེ་ཡང་དམིགས་སུ་མེད་པ་ལ་བྱའམ་སྙམ། ༼༢༽ཁ་ཅིག་མ་བརྟགས་མ་དཔྱད་པའི་ཤེས་བྱ་ཟེར། ༼༤ན༽སྟག་ལོའི་གྲུབ་མཐའ་རྩ་བར། བདེན་གཉིས་དབྱེ་གཞི་ཤེས་བྱ་ཙམ་དུ་གསུངས། །ཞེས་བཤད་ཀྱང༌། འགྲེལ་པར་ཀུན་རྫོབ་རིག་ངོའི་ཤེས་བྱ་དང༌། དོན་དམ་འཁྲུལ་ངོའི་ཤེས་བྱ་མིན་ཡང། མ་ཕྱེ་བར་མ་བརྟགས་མ་དཔྱད་པའི་ངོ་ཙམ་དུ་ཤེས་བྱ་བདེན་གཉིས་ཀྱི་དབྱེ་གཞིར་མདོ་ལས་གསུངས་ཏེ་ཞེས་འབྱུང་སྟེ། དོན་ཇི་ལྟར་ཡང་ཐ་སྙད་མཁན་པོ་རྣམས་ལ་ཚིག་གི་སྐྱོན་ཕྲ་མོ་ཡང་ཤིན་ཏུ་དགག་འོས་སོ། ། ༼༡བ༢༥༽ ༼༡༽ ཁ་ཅིག་ན་རེ། བདེན་གཉིས་ངོ་བོ་གཅིག་མི་རུང་བས་གཅིག་བཀག་པའི་ཐ་དད་ཡིན་ཟེར་ན། ༼༤པ༽འདི་ལ་ཁ་ཅིག་ངོ་བོ་གཅིག་བཀག་པའི་ངོ་བོ་ཐ་དད་དུ་འདོད་ཟེར་བ་བབ་ཅོལ་ཏེ། དེ་ལྟ་ན་དེའི་ངོ་བོ་ཡོད་མེད་རྩོད་མི་དགོས་པའི་ཕྱིར། དེས་ན་འདི་བོད་སྔ་རབས་པ་རྣམས་ཐ་དད་མུ་གསུམ་པར་སྨྲ་བ་ཡིན་ཏེ། ལམ་རིམ་ཆུང་ངུ་
ལས་ཤེས་པར་བྱའོ། ། ༼༥༽སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། ། ༼༤ཕ༽ཞེས་དང༌། རྡོ་རྗེ་གཅོད་པར། ཆོས་ཉིད་ཤེས་པར་བྱ་མིན་པས། །དེ་ནི་རྣམ་པར་ཤེས་མི་ནུས། ། ༼༦༽བདེན་གཉིས་ལ་འཇུག་པའི་མདོ་ལས། དོན་དམ་པར་ན་དོན་དམ་པའི་བདེན་པ་ནི་ཐ་སྙད་ཐམས་ཅད་ལས་འདས་པ་ཞེས་པ་ནས། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཡུལ་གྱི་བར་ལས་འདས་པ་ཡིན་ཏེ། ཇི་ལྟར་འདའ་བ་ཡིན་ཞེ་ན། སྤྱིར་དེའི་ཡུལ་ཡིན་མོད་ཀྱང་དོན་དམ་པའི་བདེན་པའོ་ཞེས་གཉིས་ཀྱི་ཚུལ་གྱིས་བརྗོད་པ་ལྟར་ནི་མིན་ནོ། །ཞེས་གསུངས་པའི་ཕྱིར། ༼༡ན༢༦༽ ༼༢༽ དབུ་མ་རྒྱན་གྱི་རང་འགྲེལ་ལས། དཔེར་ན་ཡིད་ཀྱིས་བརྒྱ་བྱིན་ལ་ཆོས་བཤད་པ་དང། ནས། དེ་བས་ན་སྤྲོས་པའི་ཚོགས་ཐམས་ཅད་དང་བྲལ་བ་དོན་དམ་པའི་བདེན་པ་བསྟན་པ་ལ་སེམས་ཀྱི་རྒྱུ་བ་ཡང་མེད་པར་བསྟན་ཏོ། །ཞེས་གསུངས་པའི་ཕྱིར། ༼༤བ༽འདིར་ཆོས་བསྟན་ཚུལ་མཁས་གྲུབ་ཀྱི་ཕར་ཕྱིན་སྐབས་གཉིས་པར་ཡིད་ལ་ཚིགས་སུ་བཅད་པ་བསམ་པས། ལྷའི་དབང་པོའི་ཐེ་ཚོམ་བསལ་བར་མདོ་ལས་གསུངས་པ་ལྟར། ཡིད་ཀྱིས་ཆོས་སྟོན་པ་ཡིན་ནོ། །ཞེས་པ་ལྟར་ཡིན་ལ། ཁ་ཅིག་འདི་རྣམ་རྟོག་སོགས་ཀྱི་སྤྲོས་པ་མེད་པའི་དཔེར་འདོད་པ་མི་རུང་སྟེ། ངག་གི་བརྗོད་པ་མེད་ཀྱང༌། ཡིད་ཀྱིས་བརྗོད་པ་ཡོད་པས་སྤྲོས་པ་ཕྲ་མོ་འདི་ཙམ་ཡང་དོན་དམ་ལ་གཟིགས་པའི་ངོར་ཁེག་དགོས་པའི་དོན་དུ་འགྲེལ་པ་འགྲེལ་བཤད་གཉིས་ཀྱིས་འགྲུབ་པའི་ཕྱིར། ༼༧༽བློ་གྲོས་མི་ཟད་པའི་མདོ་ལས། དེ་ལ་ཀུན་རྫོབ་བདེན་པ་གང་ཞེ་ན།
འཇིག་རྟེན་གྱི་ཐ་སྙད་ཇི་སྙེད་པ་དང༌། ཡི་གེ་དང༌། སྐད་དང༌། བརྡ་སྟོན་པའོ། །ཞེས་གསུངས་པའི་ཕྱིར། ༼༤མ༽འདིའི་ཡི་གེ་ལ་ངག་དང་ཡིད་ཀྱི་བརྗོད་པ་གཉིས་ཡོད་པར་དབུ་མ་རྒྱན་ལས་གསུངས་ཤིང༌། ཕྱི་མ་གཉིས་ལ་ཡུལ་གྱི་སྐད་དང༌། འདོད་རྒྱལ་གྱི་བརྡ་ཞེས་བོད་སྔ་མ་ཁ་ཅིག་བཤད་ཀྱང་ཁུངས་ཆེ་བ་མ་མཐོང་ངོ༌། །༼༡བ༢༦༽ ༼༧༽ དབུ་མ་སྙིང་པོ་ལས། སྔོན་འཛིན་མིག་ཤེས་ལྟ་བུའི་སྟེང་ན་རང་ལས་ལོགས་སུ་རང་གིས་མྱོང་བྱའི་ཡུལ་དུ་སྣང་བ་སྔོན་པོའི་རྣམ་པ་ལས་གཞན་དུ་གྱུར་པའི། །རྣམ་པ་སེམས་ཉིད་རང་ལ་རང་གི་གསལ་མྱོང་གི་ཆ་ཙམ་ཇི་འདྲ་བ་ཞིག་སྣང༌། ། ༼༤ཙ༽སྟེ་དེ་འདྲ་མི་རུང་ངོ༌། །ཅིའི་ཕྱིར་ཞེ་ན། རང་ལས་ཐ་དད་པའི་ཚུལ་དུ་གྲུབ་པའམ་སྣང་བ་ཅི་རིགས་མེད་ན་དེའི་ཡུལ་དུ་མི་རིགས་ཏེ། བྱ་བྱེད་གཅིག་ཏུ་ཐལ་ཞེས་པའོ། །འདིས་ཞར་ལ་རང་རིག་སྨྲ་བ་རྣམས་ཀྱི་འདོད་ཚུལ་བཤད་པས་འདིར་དྲངས་པ་ཡིན་གྱི་འདི་ལེགས་ལྡན་གྱིས་ཁས་ལེན་པ་མིན་ནོ། །ལུང་འདི་ལ་ཡང༌། འགྱུར་ཁ་ཅིག་ཏུ། ཡུལ་ཏུ་སྣང་བ་མ་གཏོགས་པར། །སེམས་ཀྱི་བདག་ཉིད་གཞན་ཅི་ཞིག །ཅེས་འབྱུང་ལ། འདིའི་མཇུག་ཐོགས་སུ་ཤེལ་དང་དཔེ་དོན་སྦྱར་ཏེ་རང་རིག་སྒྲུབ་ཚུལ་དང༌། དེ་དགག་ཚུལ་མང་སྟེ། རྟོག་གེ་འབར་བའི་ལེའུ་ལྔ་པ་དང༌། ལྕང་སྐྱའི་གྲུབ་མཐའ་སོགས་ལས་ཤེས་པར་བྱའོ། ། ༼༢༽ཡང་ཁ་ཅིག །སྔོར་སྣང་དབང་ཤེས་དོན་དམ་བདེན་པ་ཡིན་པ་བཅད་པའི་ཆེད་དུ་རང་མངོན་སུམ་དུ་རྟོགས་པའི་ཚད་མས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་བྱ་གང༌། སྒྲུབ་པའི་རྣམ་པར་རྟོགས་བྱ་མིན། །པ་དེ་དོན་དམ་བདེན་པའི་མཚན་ཉིད་ཡིན་ཏེ། རྣམ་བཤད་ལས་འདི་ལྟར་བཤད་པས་སོ། །ཟེར་ན། འོ་ན་རྟག་
དངོས་ཀྱིས་སྟོང་པའི་སྔོར་སྣང་དབང་ཤེས་ཆོས་ཅན། ༼༡བ༢༧༽ ༼༡༽ རྩ་ཤེས་ལས། ༼༤ཚ༽ལས་དང་ཉོན་མོངས་ཟད་པའི་ཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། ། ༼༡༽ལས་ཉོན་གྱི་རྒྱུ་ཚུལ་མིན་གྱི་རྣམ་རྟོག་དེ་དག་ནི་སྤྲོས་པ་སྣ་ཚོགས་བཟང་ངན་སོགས་སུ་བདེན་པར་ཞེན་པ་གོམས་པ་ལས་སྐྱེ་ལ་སྤྲོས་པ་རྗེས་མ་འདི་བདེན་འཛིན་ལ་བྱེད་པར་སྔགས་རིམ་ཆེན་མོར་ཡང་གསུངས་པ་དེ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། ། ༼༥༽ཡང་དག་མཐོང་ཡུལ་གང་དེ་དེ་ཉིད་དེ། །སོགས་འཇུག་པའི་ལུང་དོན་ལ་ཡང་ཁ་ཅིག །༼༡ན༢༨༽ ༼༦༽ གཉིས་སྣང་མེད་པའི་ཤེར་ཕྱིན་ལ་བདག་དང་གང་ཟག་དང་ཆོས་ཀྱི་བདག་མེད་རགས་པ་ཡང་བཟློག་དགོས་པའི་ཕྱིར་ཏེ། རིན་ཆེན་འཕྲེང་བ་ལས། བདག་དང་བདག་མེད་ལྟ་བ་དག །དེ་ཕྱིར་ཐུབ་པ་ཆེན་པོས་བཟློག །ཅེས་གསུངས་པའི་ཕྱིར། ༼༤ཛ༽འདིའི་དྲངས་མཚམས་ལྟར་ན་རགས་པའི་བདག་མེད་དུ་འགྲོ་བའི་ཚོད་དུ་སྣང་ཞིང༌། དར་ཊཱིཀ་ཏུ་བདག་མེད་ཙམ་ལས་དབྱེ་བ་མ་མཛད་ལ། སྟོང་ཐུན་ལས། ཁྱབ་བྱེད་བདེན་གྲུབ་ཙམ་ཁེགས་པའི་རྟགས་ཀྱིས་ཁྱབ་བྱ་སྟོང་ཉིད་བདེན་གྲུབ་འགོག་པ་ཡིན་གྱི་ཞེས་བདག་མེད་ཕྲ་མོ་ལ་སྦྱར་རོ། ། ༼༡ན༢༩༽ ༼༢༽ གཞན་ཡང་སྟོང་ཉིད་རྟོགས་པའི་མཉམ་གཞག་ཡེ་ཤེས་ཆོས་ཅན། ཀུན་རྫོབ་བདེན་པ་མ་ཡིན་པར་ཐལ། དེའི་སྒྲ་བཤད་མེད་པའི་ཕྱིར། ༼༤ཝ༽འདི་ནི་གང་གི་ངོར་བདེན་པའི་ཀུན་རྫོབ་ཀྱི་སྒྲ་བཤད་ཡིན་པས་སྔ་མ་དང་མི་འགལ་ལོ། ། ༼༣༽དེས་དོན་དམ་གཉིས་ཀྱང་རིགས་འདྲ། ༼༤ཞ༽ཡེ་ཤེས་དམ་པའི་དོན་ལ་དོན་དམ་ཞེས་ཡུལ་ལ་སྦྱར་བ་གྲགས་ཆེ་ལ། གང་
གི་ངོར་ཀུན་རྫོབ་རྣམས་དགག་བྱ་དང༌། དོན་དམ་བདེན་པ་རྣམས་གནས་ལུགས་སུ་འཇོག་པའི་ཡུལ་ཅན་ལ་དོན་དམ་དུ་བཤད་པ་ཡང༌། དབུ་མ་སྣང་བ་འོག་ཏུ་དྲངས་པ་དང༌། དགོངས་པ་རབ་གསལ་ལས། ཐོས་བསམ་སྒོམ་གསུམ་གྱི་རིག་ཤེས་ལ་དོན་དམ་དུ་བྱས་ནས་ཞེས་པ་ལྟར་སྟོང་ཐུན་ཡང་གསུངས་སོ། །འདི་ནི་རྟོག་གེ་འབར་བར། ཡང་ན་དོན་དམ་པ་དང་མཐུན་པ་སྟེ། ཞེས་སོགས་དང་གཅིག་པར་སྣང་ལ། ཡུལ་ཡུལ་ཅན་ལ་སྦྱོར་ཚུལ་གསུམ་སོགས་ལྕང་སྐྱའི་གྲུབ་མཐའི་མདོ་སྡེ་སྤྱོད་པའི་ཐད་བལྟའོ། ། ༼༥༽ཀུན་བཏགས་རྣམས་ཕལ་ཆེར་ལོག་པར་བཏགས་པའི་ཀུན་རྫོབ། གཞན་དབང་རྣམས་ལས་གཙོ་བོ་ཕྱི་དོན་དུ་མངོན་པར་ཤེས་པ་སྟེ་ཞེན་པའི་ཀུན་རྫོབ། ཡང་དག་མ་ཡིན་ཀུན་རྟོག་དང༌། །ཡོངས་གྲུབ་རྣམས་གཟིགས་པ་ལྟར་བསྟན་དུ་མེད་ཀྱང་དེ་བཞིན་ཉིད་ལ་སོཊ་པའི་རྣམ་གྲངས་ཀྱིས་བརྗོད་པའི་ཀུན་རྫོབ་ཡིན་པའི་ཕྱིར། ༼༤ཟ༽འདི་གསུམ་ངོ་བོ་ཉིད་མེད་པ་གསུམ་གྱི་དོན་དང་སྦྱར་ཏེ་ཤེར་མདོའི་དགོངས་པ་འགྲེལ་ཚུལ་འགྲེལ་པ་འགྲེལ་བཤད་སོགས་སུ་མེད་ཀྱང་ལེགས་བཤད་སྙིང་པོར་ཕྱི་མའི་ཡོངས་གྲུབ་ཀུན་རྫོབ་ཏུ་གསུངས་པས། དགོངས་པ་འགྲེལ་པར་གསུངས་པས་དམིགས་ཕྱེ་སྟེ་དཔྱད་རྒྱུ་ཡོད། ༼༡བ༢༩༽ ༼༡༽ ཁྱབ་སྟེ། སྟོང་ཉིད་དོན་དོན་དམ་དང༌། ༼༤འ༽དགོས་དོན་དམ་པ་མྱང་འདས་སྒྲུབ་པའམ། གཟུང་དོན་དམ་པ་ཆོས་ཉིད་ཡུལ་དུ་བྱེད་པའི་ཆ་ནས། ༼༡༽ལམ་རྣམས་སྒྲུབ་པ་དོན་དམ་དང༌། ༼༤ཡ༽འཇུག་པར། དེ་ནི་དགོས་པ་མཆོག་ཡིན་པས། །དོན་དམ་མྱ་ངན་འདས་པ། ཞེས་པ་ལྟར། ༼༡༽མྱང་འདས་རྣམས་ཐོབ་པ་དོན་
དམ་ཡིན་པའི་ཕྱིར། ༼༤༽དངོས་པོ་ཡང་དག་པར་སྐྱེ་བ་དང་སོགས་སྒྲས་ཡང་དག་པར་འཇིག་པ་རྣམས་ཆོས་ཅན། ཀུན་རྫོབ་བདེན་པ་ཡིན་པར་ཐལ། ལོག་པའི་ཀུན་རྫོབ་ཡིན་པའི་ཕྱིར། དེར་ཐལ། ༼༤ར༽དངོས་སྨྲ་བ་ལ་ཡང་དག་པའི་སྐྱེ་བ་སོགས་ལོག་པའི་ཀུན་རྫོབ་ཡིན་ཏེ། ཁྱེད་ཅག་གི་གྲུབ་མཐས་སྒྲོ་བཏགས་པ་ཙམ་དུ་ཟད་པའི་ཕྱིར། རྟགས་གྲུབ་སྟེ། ཡུལ་འཇོག་པ་ཡུལ་ཅན་ལ་ལྟོས་ཤིང༌། འདི་ནི་ངེད་གཉིས་མཐུན་སྣང་དུ་གྲུབ་པའི་སྔོན་འཛིན་ཤེས་པ་སོགས་ཀྱིས་མྱོང་བས་མ་གྲུབ་པའི་ཕྱིར། ཁྱབ་སྟེ། ཁྱོད་རང་གིས་དཔྱད་པའི་ངོར་ཡོད་པས་མི་ཆོག་སྟེ། འཛིན་པ་ཀུན་བཏགས་དེ་ནི་དཔྱད་པའི་གཞི་ཡིན་པའི་ཕྱིར། ཞེས་འཕངས་པའི་ལན་དུ། ༼༤༽ཕྱོགས་སྔ་མས་དེ་ནི་དབང་ཤེས་ལ་མི་སྣང་བས་ལོག་པའི་ཀུན་རྫོབ་ཡིན་པ་ལྟར་དེ་བཀག་པའི་སྟོང་པ་ཡང་དབང་ཤེས་ལ་མི་སྣང་བས་ལོག་པའི་ཀུན་རྫོབ་ཏུ་བྱེད་དགོས་ཞེས་མགོ་མཚུངས་སུ་རྩོད་པ་གང་ཞིག །༼༧༽དབང་ཤེས་ལ་གསལ་བར་སྣང་བ་མེད་ན་ལོག་པའི་ཀུན་རྫོབ་ཡིན་པར་དབུ་སེམས་མཐུན་པའི་ཕྱིར། ༼༤ལ༽ལུགས་འདིར་བདེན་གྲུབ་དབང་ཤེས་ལ་སྣང་ན། དེ་ཉིད་ལོག་པའི་ཀུན་རྫོབ་ཡིན་པར་གཅིག་དུ་བྲལ་སོགས་ཀྱིས་སྒྲུབ་དགོས་པའི་དོན་དེ། ཡེ་ཤེས་སྙིང་པོས་བདེན་སྣང་བཞེད་པར་འདོད་པ་དག་གིས་རྩོད་ལན་འདི་དག་ཤོད་པའི་སྐབས་མེད་དོ། ། ༼༡ན༣༡༽ ༼༡༽ མདོ་ལས་འཛམ་བུའི་གླིང་འདི་དགེ་སློང་ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་ལྟ་བུ་ཤ་སྟག་གིས་ཡོངས་སུ་གང་བ་འདི་ལྟ་སྟེ། དཔེར་ན། འདམ་བུའི་ཚལ་ལམ། འོད་མའི་
ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། སྨིག་མའི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་ལྟར་ཡོངས་སུ་གང་བར་གྱུར་ཀྱང༌། ༼༤ཤ༽ཚལ་དང་ལམ་གྱི་དོན་ཡང་གསེར་འཕྲེང་ལས་ཤེས་ལ། ཐ་མར་ལམ་སྒྲ་སྨོས་པའི་དོགས་གཅོད་བྱ་སའི་ཐ་མ་དཔྱད་རྒྱུ་ཅུང་ཟད་ཡོད། ༼༡ན༣༢༽ ༼༡༽ གཉིས་པ་ལ། བདེན་གཉིས་ཀྱི་དབྱེ་གཞི་དང༌། ཇི་ལྟར་དུ་ཕྱེ་བའི་གྲངས་ངེས་དང། དེ་ལྟར་དུ་ཕྱེ་བའི་དོན་དང། ཕྱེ་བ་སོ་སོར་བཤད་པ་བཞི། ༼༤ས༽གཞན་གྱིས་འདོད་པའི་བདེན་གཉིས་ནི། མཛོད་འགྲེལ་ལས། གང་ལ་བཅོམ་དང་བློ་ཡི་གཞན། །ཞེས་སོགས་དང༌། རྣམ་འགྲེལ་ལས། དོན་དམ་དོན་བྱེད་ནུས་པ་གང༌། །ཞེས་སོགས་ཏེ། ཕྱི་མ་འདི་ལ་ཊཱིཀ་ཆེན་ལས། དོན་བྱེད་ནུས་པ་གང་ཡིན་པ། །ཞེས་འདོན་དགོས་པར་བཤད་དོ། ། ༼༡ན༣༣༽ ༼༡༽ རྟོག་པ་གཉིས་ཀྱིས་ཀྱང་སོ་སོར་འཛིན་པས་ལྡོག་པའམ་གཞན་སེལ་ལ་ལྟོས་ནས་ཐ་དད་ཡིན་པའི་ཕྱིར། ༼༤ཧ༽སྟོང་ཉིད་བརྗོད་པའི་སྒྲ་དེ་ཡོངས་གྲུབ་བརྗོད་པའི་སྒྲ་ཡིན་ཀྱང༌། ཡོངས་གྲུབ་ཅེས་བརྗོད་པའི་སྒྲ་མིན་པའང་ཞིབ་ཆའི་རྣམ་གྲངས་སོ། ། ༼༡བ༣༣༽ ༼༡༽ རྣམ་འགྲེལ་ལས། གྲངས་ཅན་ལྟར་ན་སྔོ་སེར་སོགས་དངོས་པོའི་ངོ་བོ་གཅིག་ཉིད་ཕྱིར། །ངོ་བོ་ཐ་དད་དུ་བློ་མ་འཁྲུལ་བ་ལ་སྣང་བ་གང་ལས། ། ༼༤ཨ༽འབྱུང་ཞེས་པ་ཡིན་ལ་ཊཱིཀ་ཆེན་དུ་སྤྱི་གསལ་རྣམ་པ་ཐ་དད་མེད་པར་ཐལ་བ་ལ་སྦྱར་རོ། ། ༼༢༽ཡང་རྣམ་འགྲེལ་ལས། ཤེས་ལ་ཡོད་པ་སྟེ་སྣང་བའི་དོན་དེ་རྣམས། །འདི་ལྟར་༼༤ཀི༽དཔེར་ན། བ་ལང་ནག་རྒུར་ལྟ་བུ་ཡང་རིགས་མཐུན་པ་བ་ལང་དཀར་ཟལ་ལས་ལྡོག་པ་དང་རིགས་མི་མཐུན་པ་རྟ་ལས་ལོག་པ་སོགས་ལྡོག་པ་
སྣ་ཚོགས་ལ་ལྟོས་པའི༌༼༢༽ལྡོག་པའི་ངོ་བོ་ཅན། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཕྱི་མས་ལྡོག་པའི་དོན་ཡང་བཤད་ལ། ཡང་རྣམ་འགྲེལ་ལས། ཤིང་འཛིན་གྱི་བློ་དེ་ཡིས་ཇི་ལྟར་ཀུན་བརྟགས་པ། །དོན་གྱི་སྤྱི་དེ་ནི་དམ་པའི་དོན་དུ་མེད། ། ༼༤ཁི༽ཡོད་ན་ཤིང་འཛིན་རྟོག་པ་མ་འཁྲུལ་བར་འགྱུར་ལ། དེ་ལྟ་ན་དེ་ལ་ཤིང་སྤྱི་དང་ཤིང་གསལ་རྣམས་འདྲེས་པར་སྣང་བ་ལྟར་གྲུབ་དགོས་པས། ཤིང་གི་སྤྱི་གང་ལ་རྗེས་སུ་འགྲོ་བ་དེར། ཤུག་པ་ཡང་རྗེས་སུ་འགྲོ་དགོས་པ་ལས། གསལ་བ་ཤ་ཤུག་རྗེས་འགྲོ་མི་བྱེད་པར་མངོན་ཅིང༌། རྗེས་སུ་འགྲོ་བའི་སྤྱི་དོན་གཞན་ཡང་མེད་པའི་ཕྱིར། ཞེས་པའོ། །སྤྱི་གསལ་གཉིས་འབྲེལ་བ་རྫས་གྲུབ་ཡོད་ན་སྐྱོན་དེ་འབྱུང་བ་བཞིན། ཀུན་གཞི་དང་ས་བོན་ལྟ་བུ་རྟེན་བརྟེན་པར་འབྲེལ་བ་རྫས་གྲུབ་ཡོད་ན། རྟེན་པ་འདོད་པའི་ས་བོན་དང་ཀུན་གཞི་ཡང་རང་བཞིན་འདྲེས་པར་འགྱུར་བའི་ཕྱིར། ཀུན་གཞི་འདོད་པར་གཏོགས་དགོས་པ་ལྟར་གོང་མའི་ཆོས་དང་ཡང་རང་བཞིན་འདྲེས་པས་གོང་མའི་སར་གཏོགས་པས་ཁམས་འཆོལ་བར་འགྱུར་བ་སྟེ། འདི་ལ་དགོངས་ནས་དཀའ་འགྲེལ་དུ། ཤིང་མིན་ལས་ལྡོག་ངོ་བོ་དེ། །ཞེས་སོགས་དྲངས་པ་ཡིན་ཏེ། དེའི་ཐད་ཀྱི་རིགས་གཏེར་འགྲེལ་པར། ཤིང་མ་ཡིན་པ་ལས་ལྡོག་པ་དེ་དངོས་པོ་ཡིན་ན་ལོག་པའི་ཤིང་ཤ་བ་དང་གཅིག་གམ་ཐ་དད། ཞེས་སོགས་འབྱུང་སྟེ་གཞུང་གི་དོན་བཙལ་དགོས་པ་དུ་མ་ཞིག་ཡོད། ༼༥༽རྣམ་འགྲེལ་ལས། གཞན་ཡང་འབྲེལ་བ་བདེན་གྲུབ་མེད་དེ། སྒྲ་རྣམས་ཀྱིས་
ནི་བརྡར་བཏགས་པའི་དོན་དེ་སྟོན། །ལ་དེ་ནི་ཐ་སྙད་ཆེད་དུ་བྱས། །ཀྱང་ཐ་སྙད་དུས་དེ་ཚེ་བརྡ་དུས་ཀྱི་དོན་རང་གི་མཚན་ཉིད་འགག་ནས་མེད། །ལ་དེས་ན་དེ་ལ་བརྡ་དོན་དམ་པར་འཇུག་པ་མ་ཡིན། །ཞེས་གསུངས་པའི་ཕྱིར། ༼༤གི༽འདི་དག་དྲངས་པའི་དགོས་པ་ནི་སྒྲ་རྟོག་གི་འཇུག་ཚུལ་ཞིབ་པར་མ་ཤེས་ན། སེལ་བ་ལ་ལྟོས་པའི་ཐ་དད་དཔྱིས་ཕྱིན་པར་འཇོག་མི་ཤེས་ཤིང། དེའི་དབང་གིས་ཐ་དད་བྱས་ཚད་ངོ་བོ་སོ་སོར་འབྱེད་རྒྱུ་ཡོད་པའི་རགས་པ་ཞིག་ཏུ་གོ་ནས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཀྱི་རྣམ་དབྱེ་འཇོག་མི་ནུས་པའི་ལོག་རྟོག་སེལ་བའི་ཕྱིར་ཡིན་ནོ། །འདིའི་མན་ངག་ཕྲ་མོ་ཞིག་རྣམ་འགྲེལ་ཊཱིཀ་ཆེན་ཤོག་གུ་གོ་བདུན་པར་ཡོད་ཀྱང་མང་དོགས་ནས་མ་བྲིས། ཊཱིཀ་ཆེན་ཤོག་གུ་ང་ལྔ་བར་གསལ་བོར་འདུག །འདིས་ནི་བརྡ་དང་ཐ་སྙད་ཀྱི་ཁྱད་པར་ཀྱང་ཤེས་ཏེ། ཡུལ་དེ་ལ་དང་པོར་བཏགས་པ་བརྡ་དང༌། བརྡ་དེ་ཕྱིས་སུ་འཇགས་པའི་གནས་སྐབས་ལ་ཐ་སྙད་ཅེས་པའོ། །༼༡བ༣༤༽ ༼༡༽ དབུ་མ་སྣང་བ་ལས། མ་རིག་པའི་བག་ཆགས་ཀྱིས་བློ་འདི་སྒྲིབ་པ་འམ་འདུན་བློ་འདིས་དེ་ཁོ་ན་ཉིད་འགེབས་པ་ལྟ་བུ་ཀུན་ནས་སྒྲིབ་པར་བྱེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ༼༤ངི༽བདེན་གཉིས་རང་འགྲེལ་གྱིས། གང་ཞིག་གིས་སམ་གང་ཞིག་ལ། །ཡང་དག་སྒྲིབ་བྱེད་དེ་ཀུན་རྫོབ། །ཅེས་པ་རྩ་འགྲེལ་དང་ཡང་གཅིག་གོ །༼༡༽ཀུན་རྫོབ་ཀྱི་སྐད་དོད་སཾ་པྲྀ་ཏའི་སཾ་ཡང་དག་དང༌། པྲྀ་ཏ་སྒྲིབ་པར་བྱས་ཏེ། མདོ་ལས། ཡང་དག་ཀུན་རྫོབ་འདོད། །ཅེས་པ་ཡང་ཡང་དག་པ་བསྒྲིབས་ཞེས་པ་དེ་ཡིན་པའི་ཕྱིར། ༼༡བ༣༥༽ ༼༤༽ གཟུགས་སངས་འཕགས་ལ་སྣང་ཚུལ་
དང་གནས་ཚུལ་མི་མཐུན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་སྟེ། ༼༤ཅི༽ཡིག་ཆ་རྙིང་པར་སངས་འཕགས་ལ་རྫུན་པར་མ་སོང་བའི་དབང་དུ་བྱས་སྣང༌། ༼༦༽སངས་རྒྱས་ཀྱི་མིག་ཤེས་ཀྱི་དེ་ཡིན་པའི་ཕྱིར། ༼༤ཆི༽བརྒྱད་སྟོང་འགྲེལ་ཆེན་ལས། སངས་རྒྱས་ཉིད་ཀྱི་གནས་སྐབས་སུ་མི་ཤེས་པའི་རང་བཞིན་གྱི་དབང་པོ་ཡོངས་སུ་སྤངས་པ་ཡིན་པས། ཡིད་ཀྱི་བློ་དང་འདྲ་བར་དབང་བོས་བློའི་ཡུལ་ཡོངས་སུ་གཅོད་པས། གང་གི་ཕྱིར། བཅོམ་ལྡན་འདས་ཀྱི་རྣམ་པར་ཤེས་པ་ཐམས་ཅད་དང། ཡུལ་ཐམས་ཅད་པ་ཡིན་པར་འདོད་དེ། དེ་བས་ན་དྲི་མ་མེད་པའི་སྤྱན་ལ་སོགས་པས་མ་གཟིགས་པ་ལ་སོགས་པ་གང་ཡང་མ་མཆིས་སོ། །ཞེས་གསུངས་པའི་ཕྱིར་རོ། ། ༼༡ན༣༦༽ ༼༡༽ སྐལ་བཟང་མིག་འབྱེད་ལས། ཤེས་པ་ཡིན་པའི་ལོག་པའི་ཀུན་རྫོབ་མི་སྲིད་པའི་ཕྱིར། ཡུལ་ཅན་ལ་ཡང་ལོག་གཉིས་མི་འབྱེད་ཀྱི། ཡུལ་ཁོ་ན་ལ་ཡང་ལོག་གཉིས་འབྱེད་དོ། །ཞེས་གསུངས་པའི་ཕྱིར། ༼༤ཇི༽ཐལ་འགྱུར་བ་རྫུན་ཚིག་ཀྱང་འཇིག་རྟེན་ཤེས་ངོའི་ལོག་པའི་ཀུན་རྫོབ་ཏུ་འདོད་པས། འདིར་ཡང་ལོག་པའི་ཀུན་རྫོབ་ཏུ་འཇོག་དགོས་སམ་དཔྱད་དེ་ཡུལ་ཅན་ལ་ཞིབ་ཆ་གྱིས། ༼༤༽རྒྱང་ཕན་གྱི་འབྱུང་བ་ལས་གྱུར་པའི་སེམས་ལ་སོགས་པ་དང༌། རིག་པ་ཅན་གྱི་བེམ་པོ་སོགས་ཀྱང་ལོག་པའི་ཀུན་རྫོབ་སྟེ་ཀུན་རྫོབ་ལོག་པ་ཡིན་པའི་ཕྱིར་ཏེ། ༼༤ཉི༽འདི་ལ་ཁ་ཅིག་བཞི་བརྒྱ་པའི་འགྲེལ་པར། རང་གི་སྡེ་པ་རྣམས་ནི་བྱེ་བྲག་པ་ལྟར། རྫས་ཀྱི་རྡུལ་ཕྲ་རབ་ཁས་བླང་བར་མི་རིགས་སོ། །ཞེས་གསུངས་ལ། བྱེ་རིག་གཉིས་གྲུབ་
མཐའ་སྤྱི་འདྲ་བས་འདིས་ཀྱང་རྡུལ་རྫས་ཡན་གར་བ་འདོད་པ་ཡིན་ཟེར་ཡང༌། རྣམ་འགྲེལ་ངེས་ཀྱི་ཊཱིཀ་ཆེན་རྣམས་གུང་བསྒྲིགས་ན་བདེ་སོགས་ཕྱི་ནང་གི་བེམ་པོར་འདོད་པའི་གཞན་སྡེའི་ལུགས་གཉིས་བྱུང་བ་ལས་བྱེ་རིག་གཉིས་བདེ་བ་ནང་གི་བེམ་པོར་འདོད་ཅིང་བདག་དང་འདུ་འབྲེལ་གྲུབ་པའི་ཤེས་པ་ལྟར་མྱོང་བར་འདོད་པ་ཉིད་ལ་མངོན་ནོ། ། ༼༦༽དེའི་རང་འགྲེལ་ལས། ནི་ཞེས་བྱ་བ་ནི་བསྣན་པའི་དོན་ནམ་གོ་རིམ་བཟློག་པའོ། །ཞེས་གསུངས་པའི་ཕྱིར། ༼༤ཙི༽འདི་ལ་འགྱུར་ཁ་ཅིག་ཏུ། ནི་ཞེས་པ་ངེས་པར་བཟུང་བའམ་གོ་རིམ་བཟློག་པའོ། །ཞེས་འབྱུང་ལ། ནི་ཞེས་པ་ཡི་གེ་འབྲི་སྣོན་གྱིས་བསྣན་པ་ཁོ་ནའི་དབང་དུ་བྱས་ཏེ་ཀུན་བཏགས་ཞེས་པའི་མཇུག་ཏུ་བསྣན་ཟེར་ན། དེ་ནི། ཀུན༼ཁ༽་བཏགས་ནི། ཡང༼ཀ༽་དག་མིན། ཞེས་གོ་རིམ་བཟློག་པ་རང་གིས་ཆོག་འདུག་པས། དཔེ་ཁ་ཅིག་ཏུ་བརྣན་ནས་སམ། ཞེས་ར་མགོ་བྱས་འདུག་པ་ངེས་བཟུང་ལྟ་བུ་ཞིག་གི་བརྡ་རྙིང་ཡིན་ནམ་དཔྱད་དེ་གང་ལྟར་རྟོག་བཏགས་ཀྱི་སླད་དང་འདྲེས་པ་རྣམས་ལོག་པའི་ཀུན་རྫོབ་ཡིན་གྱི། གཞན་མིན་ཞེས་ངེས་བཟུང་གི་ཚིག་ཅིག་ཐོབ་ཚོད་དུ་འདུག་གོ །༈ ༼༡ན༣༧༽ ༼༤༽ བདེན་བཞི་ལ་ཤེས་པ་དང༌། སྤངས་པ་དང༌། མངོན་དུ་བྱ་བ་དང༌། སྒོམ་པར་བྱ་ལ། དོན་དམ་པར་ཤེས་སྤངས་མངོན་བསྒོམ་བཞི་བྱར་མེད་པར་འདོམས་པའི་གདམས་ངག་ཡིན་པའི་ཕྱིར། ༼༤ཚི༽བསྡུ་བར་བདེན་པ་བཞི་པོ་ཐམས་ཅད་ཀྱང༌། ཡོངས་སུ་ཤེས་པར་བྱ་བ་དག་ཡིན་པ་དེའི་ཚེ། ཅིའི་ཕྱིར་སྡུག་བསྔལ་གྱི་བདེན་པ་དག་ཁོ་ན་ཡོངས་སུ་ཤེས་པར་བྱ་ཞེས་གསུངས་ཞེ་ན། སྨྲས་པ།
སྡུག་བསྔལ་གྱི་བདེན་པ་ནི། མཚན་ཉིད་གཉིས་ཀྱིས་ཡོངས་སུ་ཤེས་པར་བྱ་བ་ཡིན་ཏེ། རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་ཀྱིས་སོ། །དེ་ལས་གཞན་པ་དག་ནི་རང་གི་མཚན་ཉིད་ཁོ་ནས་ཏེ། ཞེས་གསུངས་ཤིང༌། གཞན་ཡང་གསུངས་མོད་ཀྱང་ནད་དང་དེའི་རྒྱུ་ལ་སྦྱར་བའི་དཔེ་འདིའི་སྟེང་ནས་དཔྱད་ན་དཀའ་གནས་སུ་མི་སྣང་ངོ༌། ། ༼༧༽མཛོད་ལས། སེམས་ཅན་བརྗོད། རྒྱུད་དུ་གཏོགས་ཞེས་པ་ཙམ་མོ། ། ༼༡༽དེ་ལ་ཁོ་ན་རེ། བསོད་གྲགས་སོགས་དེ་ཆོས་ཅན། ཉེར་ལེན་གྱི་ཕུང་པོ་ཡིན་པར་ཐལ། སྡུག་བདེན་ཡིན་པའི་ཕྱིར། ༼༡བ༣༧༽ ༼༤༽ གསེར་འཕྲེང་ལས། ཀུན་འབྱུང་ལ་དེས་ཁྱབ་ཀྱང༌། སྡུག་བདེན་ལ་དེས་མ་ཁྱབ་པ་ནི། ཞེས་གསུངས་པའི་ཕྱིར། ༼༤ཛི༽བསྡུ་བར་ཡང་ཀུན་འབྱུང་བའི་བདེན་པ་གང་ཡིན་པ་དེ་ནི་སྡུག་བསྔལ་གྱི་བདེན་པ་ཡང་ཡིན་མོད་ཀྱི། སྡུག་བསྔལ་གྱི་བདེན་པ་ཡིན་ལ། ཀུན་འབྱུང་བའི་བདེན་པ་མ་ཡིན་པ་ཡང་ཡོད་དེ། ཞེས་གསུངས་ལ། མཛོད་ལས། སྡུག་བསྔལ་ཀུན་འབྱུང་འཇིག་རྟེན་དང༌། །ལྟ་གནས་སྲིད་པའང་དེ་དག་ཡིན། །ཞེས་རྣམ་གྲངས་སུ་གསུངས་སོ། །འདིའི་སྡུག་ཀུན་དངོས་ལ་མི་བྱེད་པར། སྒྲས་བརྗོད་ཙམ་དུ་འདོད་པའང་མི་རིགས་ཏེ། འོག་ཏུ་གནས་དྲུག་པར། བདེན་པ་དག་ནི་བཞིར་བཤད་དོ། །ཞེས་པའི་བཤད་པའང་དེ་ལ་བྱེད་དགོས་པས་འདི་དངོས་མིན་ན། དངོས་དེ་གང་དུའང་མ་བཤད་པར་ཐལ་བས་སོ། །དེས་ན་མཆིམས་ཊཱིཀ་ལས། འདིར་ཟག་བཅས་འབྲས་བུའི་ཆ་ཐམས་ཅད་ནི་སྡུག་བསྔལ་དང༌།
དེ་ཉིད་རྒྱུར་གྱུར་པའི་ཀུན་འབྱུང་དང༌། ཞེས་ལྡོག་ཆ་ནས་འབྱེད་པར་གསུངས་པས། བྱེ་སྨྲས་འཇོག་མཚམས་འདི་ཁྱབ་ཆེ་བར་སྣང་ལ་མདོ་སྡེ་པས་ནི་ཧ་ཅང་ཁྱབ་ཆུང་སྟེ། མདོ་ལས། ཀུན་འབྱུང་བའི་བདེན་པ་གང་ཞེ་ན། གང་འདི་དགའ་བའི་འདོད་ཆགས་དང་ལྷན་ཅིག་པའི་སྲེད་པ་སྟེ། དེ་དང་དེ་ལ་མངོན་པར་དགའ་བ་ཅན་ཡིན་ནོ། །ཞེས་པའི་ལུང་ལ་བརྟེན་ནས་སྲེད་པ་ཁོ་ན་ཀུན་འབྱུང་དུ་འདོད་ཀྱང༌། མདོ་དེ་ནི་གཙོ་བོའི་དབང་དུ་བྱས་པའམ། མངོན་པར་འགྲུབ་པའི་རྒྱུའི་དབང་དུ་བྱས་པ་ཡིན་ནོ། ། ༼༥༽ཁམས་གོང་མའི་སྐྱེ་བ་འཕེན་བྱེད་ཀྱི་ཉོན་མོངས་ཆོས་ཅན། ། ༼༤ཝི༽ཁ་ཅིག་གོང་མའི་རྣམ་སྨིན་གྱི་སྐྱེ་བ་འཕེན་པའི་ཉོན་མོངས་ཡོད་ན་རྣམ་སྨིན་ཡིད་འོང་འབྱིན་པའི་ལུང་མ་བསྟན་དུ་འགྱུར་རོ། །ཟེར་ཡང༌། འཕེན་བྱེད་ཀྱི་རྒྱུ་གསུམ་མེད་པར་འདོད་པ་དེ་བས་ཀྱང་མི་རིགས་སོ། །༼༡ན༣༨༽ ༼༢༽ ཡང་ཁ་ཅིག་ན་རེ། སྡུག་བསྔལ་ལ་དབྱེ་ན། སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་དབྱེར་ཡོད་ཟེར་ན། དེ་གསུམ་གང་རུང་ཡིན་ན། སྡུག་བསྔལ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཟག་བཅས་ཀྱི་ཚོར་བ་བདེ་བ་ཆོས་ཅན། ༼༤ཞི༽ཟག་བཅས་ཀྱི་ཚོར་བ་བཏང་སྙོམས་ལ་ཁྱབ་པ་འདུ་བྱེད་ཅེས་བརྗོད་པའི་རྒྱུ་མཚན་ནི། ཟག་བཅས་ཀྱི་ཚོར་བ་བདེ་སྡུག་གང་སྐྱེས་ཀྱང༌། འགག་པའི་ཚེ། དེའི་ངོ་བོར་བག་ལ་ཞ་ནས་ཆུད་མི་ཟ་བར་གནས་ཏེ། རྐྱེན་དང་འཕྲད་ཚེ་ལྡང་རུང་དུ་གནས་པ་སྟེ། གསོད་པའི་ཁྲིམས་མ་ཁྲོལ་བར་གནས་སྐབས་བདེ་བ་མྱོང་ཡང་མཐར་སྡུག་བསྔལ་
འབྱིན་པའི་ཁྲིམས་ཀྱིས་ཟིན་པ་ལྟ་བུ་སྟེ། བདེ་ལམ་སོགས་ལས་ཤེས་པར་བྱའོ། ། ༼༥༽དེ་བཅུ་དྲུག་ལྟ་ལོག་བཅུ་དྲུག་སྤྱད་པ་ལྡོག་ཆེད་དུ་གྲུབ་མཐའ་བཞི་ཀ་ལ་གྲུབ་པའི་ཕྱིར་ཏེ། ༼༤ཟི༽ཁྱད་ཆོས་བཅུ་དྲུག་ལྟ་ལོག་བཅུ་དྲུག་གི་གཉེན་པོར་སྦྱོར་ཚུལ་ལ་མི་གཙང་བའི་རྫས་སོ་གཉིས་སོགས་སུ་ཕྱེ་སྟེ་དཔྱད་པའི་ཚུགས་ཐུབ་ཀྱི་བདག་གཅིག་པུ་བས་སྟོང་བར་སྒོམ་པ་གཙང་བར་འཛིན་པའི་གཉེན་པོར་སྦྱར་རུང་ཡོད་སྣང་ཡང༌། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། ཅིའི་ཕྱིར་སྡུག་བསྔལ་གྱི་བདེན་པ་རྣམ་པ་བཞིས་བལྟ་བར་བྱ་ཞེ་ན། སྨྲས་པ། ཕྱིན་ཅི་ལོག་རྣམ་པ་བཞིའི་གཉེན་པོར་ཏེ། དེ་ལ་རྣམ་པ་གཅིག་ནི་ཕྱིན་ཅི་ལོག་གཅིག་གི་གཉེན་པོའོ། །རྣམ་པ་གཅིག་ནི་ཕྱིན་ཅི་ལོག་གཉིས་ཀྱི་གཉེན་པོའོ། །རྣམ་པ་ཐ་མ་གཉིས་ནི་ཕྱིན་ཅི་ལོག་གཅིག་གི་གཉེན་པོའོ། །ཞེས་གསུངས་པས། གཙང་བདེ་གཉིས་གཉེན་པོ་གཅིག་ལ་སྦྱར་ཞིང༌། བདག་ཏུ་ལྟ་བ་ལ་གཉེན་པོ་གཉིས་སྦྱོར་དགོས་ཏེ། རེད་མདའ་བའི་ཀུན་བཏུས་ཊཱིཀྐར། གཙང་བ་དང་བདེ་བའི་གཉེན་པོ་ནི་སྡུག་བསྔལ་བའི་རྣམ་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ལོག་ཞུགས་ལྷག་མ་གསེར་འཕྲེང་དུ་ལྟ་ཞིང༌། གཅིག་པུ་ནི་དུས་དང༌། འགྱུར་བ་ནི་རྩ་བའི་རང་བཞིན་གྱི་རྣམ་འགྱུར་ཡིན་ལ། སྡུག་བསྔལ་ཐར་བར་འཛིན་པ་ནི། རྒྱལ་དཔོག་པའི་གཞུང་ལས། ཁ་བ་རྒྱ་སྤོས་ཀུ་མུད་དང༌། །བ་ཞོ་བ་མོ་མུ་ཏིག་མདོག །གདུགས་དཀར་བཟུང་བའི་དབྱིབས་འདྲ་བ། །ཐར་པ་ཡིན་པར་རྒྱལ་བས་བཤད། །
ཞེས་པ་སྟེ། བཤེས་སྤྲིང་དུ། ས་ཆུ་མེ་རླུང་ཉི་ཟླ་བྲལ་ཐོབ་མཛོད། །ཅེས་ཟུར་ཟ་བ་ཡང་དེ་ཡིན་ལ། བརྟགས་པ་མཐའ་བཟུང་གི་དེ་ལུགས་འདིར་ཡོད་ཀྱང་སྡུག་ཀུན་གཉིས་སུ་ཕྱེ་བའི་སྡུག་བདེན་ཡིན་ལ། གྱ་ནོམ་པར་འཛིན་རྒྱུའི་བསམ་གཏན་གྱི་བདེ་བ་ཀུན་འབྱུང་ཡིན་པས་མི་འདྲའོ། །བྱེ་སྨྲས་ཐར་པ་ལྡོག་པ་འདོད་ཀྱང་མི་ལྡོག་པའི་ཐར་པ་མེད་པར་མི་འདོད་ལ། དེ་ལོག་པ་ཡང༌། འབྲས་ལས་ཉམས་པ་འཆི་བ་མེད། །ཅེས་སླར་འཁོར་བར་འཁོར་བ་མི་སྲིད་པས་འདི་ལོག་ཞུགས་སུ་འགྲོ་དོན་མེད་དོ། །རྒྱན་བཟང་བས། བདག་གཙོ་བོ་སོགས་རྒྱུ་གཅིག་པུ་དང༌། སྒྲའི་ཚངས་པ་འགྱུར་བས་བྱས་པར་འཛིན་པ་ཞེས་གསུངས། ༼༦༽དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། ཁྱབ་སྟེ། ༼༤འི༽རྣམ་འགྲེལ་ལས། གཟུང་དང་འཛིན་པའི་རྣམ་པ་ལས། །མཚན་ཉིད་གཞན་ནི་ཡོད་མ་ཡིན། །ཞེས་སོགས་སྐབས་དུ་མར་༼༧༽མཚན་ཉིད་ཀྱིས་མཚོན་པ་ལ་མཚན་ཉིད་ཐོག་མར་རྟོགས་པ་ལ་ལྟོས་པས། མཚན་ཉིད་རྫས་ཡོད་དང༌། མཚོན་བྱ་དེ་ལ་ལྟོས་པའི་བཏགས་ཡོད་དུ་བཤད་པའི་ཕྱིར། ༼༡བ༣༨༽ ༼༤༽ འཕེན་བྱེད་དགེ་བའི་ལས་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། ལས་ཀྱི་ཀུན་འབྱུང་བདེན་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། བླང་བྱ་ཡིན་པའི་ཕྱིར་ཞེས་སྤྱི་དོན་རོལ་མཚོར་བཤད་པའི་ཕྱིར། ༼༥༽བཞི་བརྒྱ་པ་ལས། ཡུལ་ནི་དགེ་བས་ཡིད་འོང་ན། །ཡུལ་དེའང་ངན་པར་རྩི་བ་ཡིན། །གང་ཞིག་བཏང་བ་ཤེས་འགྱུར་བ། །དེ་གྲུབ་པ་ཡིས་ཅི་ཞིག་བྱ། །ཞེས་དང༌། དེའི་འགྲེལ་པ་ལས།
ཡུལ་ཡིད་དུ་འོང་བ་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་ཞེས་བྱ་བ་འདོད་པའི་ཡོན་ཏན་ལྔའི་བདག་ཉིད་གང་ཡིན་པ་དེ་ནི། དགེ་བའི་ལས་ཀྱིས་འཐོབ་ན་དེ་ཉིད་ཐར་པ་འདོད་པའི་སེམས་ཅན་རྣམས་ཀྱིས་མི་གཙང་བས་བསྡུས་པའི་ཁྱི་ལྟར་སྨད་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། ༼༤ཡི༽བཞི་བརྒྱ་པ་འདིར་འཕེན་བྱེད་དགེ་བ་ཡང་བླང་བྱ་མ་ཡིན་པར་གསུངས་ལ། འཕངས་འབྲས་བདེ་བ་ཡང་སྡུག་བསྔལ་གྱི་རང་བཞིན་ཅན་དུ་གསུངས་པས། མཛོད་རང་འགྲེལ་ལས། རེ་ཞིག་བདེ་བ་ལ་སྐུར་བ་འདེབས་པ་དེ་ལ་འདི་འདྲི་བར་བྱ་སྟེ། ཞེས་སོགས་ཀྱི་ཕྱོགས་སྔ་ཡང་འཕགས་པ་ལྷ་ཡིན་པར་ཟླ་བས་གསུངས་སོ། །དེ་ལྟར་འདོད་པ་མཚུངས་པ་མིན་ནམ་ཞེ་ན། མིང་ཙམ་ལས་བློ་རྩེ་མི་གཅིག་སྟེ། དབུ་མ་པས། སྡུག་བསྔལ་ཆུང་འབྲིང་ཆེ་གསུམ་ལོག་ཙམ་གྱི་ཆ་ལ་བདེ་བ་ཆེ་འབྲིང་ཆུང་ངུར་བཏགས་པ་ལས་གཞན་དུ་བདེ་བ་རང་མཚན་པ་མྱོང་རྒྱུ་མེད་པར་འདོད་ལ། དངོས་སྨྲས་ཕར་བཏགས་ཀྱི་འཇོག་མཚམས་ཕྲ་མོ་མི་ཤེས་པས་སྡུག་བསྔལ་ལས་ལོགས་སུ་བདེ་བ་མེད་པར་གོ་ནས་སྐུར་འདེབས་སུ་བཤད་དེ། དེ་ནི་ལུགས་འདི་ལ་བདེན་པ་གཉིས་ཆར་ལས་ཉམས་པ་ཡིན་པའི་ཕྱིར། བརྒྱ་བའི་འགྲེལ་པར། གང་གིས་ན་སློབ་དཔོན་དབྱིག་གཉེན་གྱིས་འདི་སྐད་དུ། རེ་ཞིག་བདེ་བ་ལ་སྐུར་བ་འདེབས་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་ལ་དངོས་
པོའི་རང་བཞིན་ཉིད་དུ་གསུངས་པ་གང་ལ་ཡོད་ཅེས་པ་ནས། རྣམ་པར་རྟོག་པ་ལོག་པ་ཙམ་ལས་འབྱུང་བའི་ཕྱིར་དང་སྐྱེས་མ་ཐག་ཏུ་འཇིག་པའི་ཕྱིར། བདེ་བ་སྡུག་བསྔལ་བ་ཉིད་དོ། །ཞེས་པ་ནས། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། །ཞེས་པ་ནས། དེ་ནི་རྣམ་རྟོག་ལོག་པའི་ལམ་ངན་ཞུགས། །ཞེས་བཤད་དོ། །ཞེས་འཇུག་པ་ཡང་ཚུར་དྲང་ངོ༌། །མཛོད་འགྲེལ་ལས། དེ་ལྟ་བས་ན་བདེ་བའི་ཚོར་བ་ནི་རང་གི་མཚན་ཉིད་ཀྱིས་ཡོད་པ་ཁོ་ནའོ། །ཞེས་དང༌། སྡུག་བསྔལ་ཆུང་ངུ་ལ་སོགས་པ་བདེ་བ་ལ་སོགས་པའི་ཚོར་བར་རྣམ་པར་བཞག་ཏུ་མི་རུང་ངོ༌། །བསམ་གཏན་གསུམ་པ་ན་བདེ་བ་ཡོད་དོ། །ཞེས་འབྱུང་བས། སྡུག་བསྔལ་ཆུང་ངུར་ཡང་འགྱུར་ལ་ཞེས་སོགས་རྩོད་ཚུལ་མང་ཡང་བྲིར་མ་ལངས་ཏེ། མཛོད་འགྲེལ་གནས་དྲུག་པ་དང༌། བརྒྱ་བའི་རབ་བྱེད་གཉིས་པ་དང་བདུན་པའི་འགྲེལ་པ་སོགས་ལས་ཁོང་དུ་ཆུད་པར་བྱའོ། །དོན་བསྡུས་ན་ལམ་རིམ་ཆུང་ངུ་ལས། ད་ལྟའི་ཚོར་བ་བདེ་བ་ལ་སོགས་པ་ཕལ་མོ་ཆེ་ཞིག་ནི་སྡུག་བསྔལ་ཕྱིར་བཅོས་པ་ལ་བདེ་བའི་བློ་སྐྱེས་པ་ཡིན་གྱི། ཞེས་པ་ནས། སྡུག་བསྔལ་ཆུང་ངུ་རིམ་གྱིས་འགག་པའི་ཚེ་བདེ་བ་རིམ་གྱིས་སྐྱེས་པར་སྣང་བ་ཡིན་གྱི། ངོ་བོ་ཉིད་ཀྱི་བདེ་བ་ནི་མ་ཡིན་ཏེ། སླར་ཡང་བསྡད་དྲགས་ན་སྔར་ལྟར་སྡུག་བསྔལ་སྐྱེ་བའི་ཕྱིར་རོ། །ཞེས་གསུངས། ༼༧༽བརྒྱ་འགྲེལ་པ་ལས། དེ་རྣམས་ལ་ཆོས་ལ་ཆགས་པ་འཁོར་བའི་བཙོན་རའི་ཁང་པར་འཆིང་བ་ཉིད་ཡིན་ཏེ། ཞེས་གསུངས་པའི་ཕྱིར།
ཁྱབ་སྟེ། དེའི་རྒྱུ་མཚན་གྱིས་༼༤རི༽འཇིག་རྟེན་ན་ཆོས་སུ་གྲགས་པ་འཕེན་བྱེད་བསོད་ནམས་ཀྱི་ལས་སོགས་འཁོར་བའི་རྒྱུར་འགྲོ་བས། ༼༡ན༣༩༽ ༼༡༽ དེ་འདྲའི་ཆོས་སྤང་དགོས་པར་རྡོ་རྗེ་གཅོད་པར་བཤད་པའི་ཕྱིར་ཏེ། བརྒྱ་བའི་འགྲེལ་པར་མདོ་དྲངས་པ་ལས། གང་གི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་གཟིངས་དང་འདྲ་བར་ཀུན་ནས་ཤེས་པ་རྣམས་ཀྱིས་ནི་ཆོས་རྣམས་ཉིད་སྤང་བར་བྱ་བ་ཡིན་ན། ཆོས་མ་ཡིན་པ་དག་ལྟ་ཅི་སྨོས། ཞེས་གསུངས་པའི་ཕྱིར་རོ། ། ༼༤ལི༽འདིའི་ཆོས་གསུང་རབ་དང༌། ཞེས་པ་སྤོང་བ་སྒྲ་ཇི་བཞིན་དུ་མི་འཛིན་པ་དང་མདོ་སྔ་མའི་དོན་བདེན་ཞེན་སྤོང་བ་ཡིན་ནམ་བརྟགས་དགོས། ༼༢༽དེ་ལ་ཁོ་ན་རེ། དེ་ཆོས་ཅན། སྤང་བྱ་མ་ཡིན་པར་ཐལ། དགེ་བ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། དགེ་བ་ཡིན་ཀྱང་ཟས་དུག་ཅན་ལྟར་འཁོར་བར་འཆིང་བྱེད་ཡིན་པས་སྤང་དགོས་པའི་ཕྱིར། ༼༤ཤི༽རྣམ་འགྲེལ་ལས། གཅིག་ཏུ་དེ་ནི་སྡུག་བསྔལ་མིན། །ཕལ་ཆེར་དུག་བཅས་ཟས་བཞིན་ནོ། །ཞེས་གསུངས། ༈ ༼༣༽ཡང་ཁོ་ན་རེ། ལུང་རིགས་གཏེར་མཛོད་པ་སོགས་དེ་གང་རུང་ལ་སྤང་བྱ་མི་དགོས་པར་ཐལ། སྡུག་བདེན་དུ་གྱུར་པའི་འཕགས་པ་ཡོད། ཀུན་འབྱུང་བདེན་པར་གྱུར་བའི་ཚོགས་སྦྱོར་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། ལས་ཉོན་གྱིས་འཁོར་བར་སྐྱེ་བ་ལེན་པའི་འབྲས་གནས་དང་པོ་གསུམ་ཡོད་པའི་ཕྱིར་ན་མ་ཁྱབ། བསོད་གྲགས་སོགས་ཀྱིས། ཁྱབ་སྟེ། དེ་དག་སྡུག་བདེན་ཡིན་པའི་ཕྱིར་ཏེ། ཀུན་བཏུས་ལས། སྡུག་བསྔལ་
གྱི་བདེན་པ་གང་ཞེ་ན། སེམས་ཅན་སྐྱེ་བ་དང་སྐྱེ་བའི་གནས་ཀྱིས་ཀྱང་རིག་པར་བྱའོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་༼༤སི༽བསོད་གྲགས་ཀྱིས་ལུང་འདི་དང་གོང་གི་རྣམ་འགྲེལ་གྱི་ལུང་ལ་བརྟེན་ནས། ཉན་ཐོས་སྒོམ་ལམ་པ་ཡང་འཁོར་བ་པ་ཡིན་པར་བཤད་དོ། །༼༡བ༣༩༽ ༼༧༽ རིན་ཆེན་འཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ཞེས་གསུངས་པའི་ཕྱིར། ༼༤ཧི༽ལུང་འདིའི་ཕུང་པོར་འཛིན་པ་ཆོས་ཀྱི་བདག་འཛིན་ལ་བྱེད་ན། ཇི་སྲིད་དང་དེ་སྲིད་ཀྱི་དོན་རང་ རྒྱུད་པས་བཤད་མི་ནུས་སོ་ཞེ་ན། ཡིག་ཆའི་དྲངས་མཚམས་འདི་ལྟར་ན། ཆོས་ཀྱི་བདག་འཛིན་ལ་ལམ་གསུམ ་སྐྱེད་པའི་ནུས་པ་མ་ཉམས་པར་ཡོད་ཀྱི་བར་དུ་ངར་འཛིན་དེ་འབྱུང་ཞེས་དྲངས་དགོས་ལ། ཨ་བྷྱཱ་ཀ་ར་རང་གིས་ཉན་རང་རྣམས་སྟོང་ཉིད་རྟོགས་པར་བཞེད་འདུག་ཀྱང༌། དེས་རང་རྒྱུད་པ་སོགས་ཀྱིས་ལུང་དེའི་དགོངས་པ་ལེན་ཚུལ་སྐབས་ཀྱི་ཐུབ་དགོངས་ལས། རིན་ཆེན་འཕྲེང་བར་གསུངས་རྣམས་ཀྱང༌། ཁ་ཅིག་སྐད་ཅིག་མའི་བདག་མེད་པ་དང༌། ཁ་ཅིག་ཆོས་ཀྱི་བདག་མེད་དུ་སྦྱར་ཏེ། ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་རིགས་རྣམས་ཀྱི་ཐུན་མོང་བ་ཉིད་དུ་གསུངས་པའི་ཕྱིར་རོ། །ཞེས་ཟེར་རོ། །ཞེས་གསུངས་ཏེ། ཕུང་པོ་རང་རྐྱ་བར་ཞེན་པ་ལས་ང་རང་རྐྱ་བར་ཞེན་པ་འབྱུང་ཞེས་སོགས་སུ་སྦྱོར་རྒྱུ་ཡིན་ནམ་དཔྱད་པར་བྱའོ། ། ༼༡ན༤༠༽ ༼༢༽ ཡང་ཁ་ཅིག །སྡུག་བདེན་ཕྲ་མོ་མེད་པར་
ཐལ། སྡུག་བདེན་ཡིན་ན། སྡུག་བདེན་རགས་པ་ཡིན་དགོས་པའི་ཕྱིར་ན། ཐུན་མོང་གི་དབང་བྱས་ནས་མ་ཁྱབ། ༼༤ཨི༽ཐུན་མོང་སྨོས་པ་ཐལ་འགྱུར་བས་བདེན་འཛིན་གྱིས་ཐོག་མའི་མ་རིག་པ་བྱས་པའི་འཕངས་འབྲས་རྣམས་སྡུག་བདེན་དངོས་ཡིན་ཀྱང་སྡུག་བདེན་ཕྲ་མོར་ཡང་འདོད་པའི་ཕྱིར་ཡིན་ལ། དེ་བས་ལམ་བདེན་རགས་པ་ལམ་བདེན་དུ་མི་འདོད་ཀྱང་འདིར་ཐེག་དམན་གྱི་ལམ་བདེན་རྣམས་རགས་པར་འདོད་དོ། །མི་རྟག་སོགས་བཅུ་དྲུག་ལ་འདི་བས་ཕྲ་རགས་མི་འདོད་ཀྱང་ཐལ་འགྱུར་བ་འདོད་པས། རྗེ་དྲུང་ཤེས་རབ་དབང་པོའི་དབུ་མར་ལུགས་གཉིས་ཀར་མི་རྟག་པ་ལ་ཕྲ་རགས་ཁྱད་མེད་པར་བཤད་པ་འཐད་དཀའ་འོ། ། ༼༦༽རྒྱུད་བླ་མ་ལས། མེ་གསུམ་འཆི་དང་ན་བ་དང༌། །རྒ་བའི་མེ་གསུམ། ཞེས་དང༌། ༼༤ཀུ༽དེའི་ཚིག་དོན་དར་ཊཱིཀ་ལས། འཆི་བ་དང༌། ན་བ་དང༌། རྒ་བའི་མེ་གསུམ་རིམ་པ་བཞིན་དུ། སྣོད་ཀྱི་འཇིག་རྟེན་མཐའ་དག་སྲེག་པར་བྱེད་པ་དང། དམྱལ་བའི་ལུས་སྲེག་པར་བྱེད་པ་དང། བུད་ཤིང་སྲེག་པར་བྱེད་པས། དུས་མཐའི་མེ་དང༌། དམྱལ་བའི་མེ་དང༌། ཐ་མལ་གྱི་མེ་གསུམ་པོ་དེ་དང་འདྲ་བར་ཤེས་པར་བྱ་སྟེ། ལུས་གཏན་འཇོམས་པ་དང༌། ནད་མེད་པ་འཇོམས་པ་དང༌། དར་ལ་བབས་པ་འཇོམས་པས་སོ། །ཞེས་འཇོམས་ཚུལ་སྟོབས་ཆེ་འབྲིང་ཆུང་ གསུམ་ལ་སྦྱར་ནས་གསུངས་སོ། །༼༡བ༤༠༽ ༼༤༽ རྒྱུད ་བླ་དར་ཊཱིཀ་ལས། ལས་ཉོན་གྱི་མྱ་ངན་ལས་འདས་པ་ཡིན་ལ།
ཤེས་སྒྲིབ་ཀྱི་ཕྱོགས་ཀྱིས་བསྡུས་པའི་དབང་གིས་འཁོར་བར་འཁོར་བའོ། །ཞེས་གསུངས་པའི་ཕྱིར། ༼༤ཁུ༽གོང་དུ་རྒྱུད་བླ་མར། གཙང་བདག་བདེ་དང་ཞེས་པ་ནས། འདིའི་བར་གྱི་ལུང་དྲངས་པ་ཐམས་ཅད་ཀྱི་གནད་བསྡུས་ན། དགྲ་བཅོམ་གཉིས་དང་དག་ས་པ་ལ་ཡང་ཡིད་ཀྱི་རང་བཞིན་གྱི་ལུས་ལེན་པའི་སྐྱེ་བ་དང༌། དེའི་རྒྱུ་ཀུན་འབྱུང་ཕྲ་མོ་ཡོད་པས། འཁོར་བ་ཕྲ་མོའམ་སྡུག་བདེན་ཕྲ་མོ་ལས་བརྒལ་མི་ནུས་ལ། དེ་མ་སྤངས་བར་དུ་ཕར་ཕྱིན་བཞིའི་ནང་གི་བདེ་བ་དམ་པའི་ཕར་ཕྱིན་ཐོབ་མི་ནུས་ཏེ། རྒྱུད་བླར། ཡིད་ཀྱི་རང་བཞིན་ཕུང་པོ་དང༌། །དེ་རྒྱུ་ལོག་ཕྱིར་བདེ་བ་ཉིད། །ཅེས་གསུངས་པའི་ཕྱིར་ཞེས་བྱ་བའི་དོན་ནོ། ། ༼༡ན༤༡༽ ༼༢༽ མཛོད་ལས། སྦྱོར་ལམ་ཆོས་མཆོག་མན་ཆད་ནི་སློབ་མི་སློབ་གང་གི་ཡང་ལམ་མ་ཐོབ་པ་སོ་སོ་ཡི། །སྐྱེ་བོར་འདོད་དོ། །ཞེས་སོ། ། ༼༤གུ༽ཐལ་འགྱུར་བ་ཡང་དེ་ལྟར་འདོད་དེ། སྐྱབས་འགྲོ་བདུན་ཅུ་པར། གང་ཞིག་འཕགས་ལམ་མ་སྐྱེས་པའི། །བྱིས་རྨོངས་སོ་སོ་སྐྱེ་བོ་དག །དེ་དག་སློབ་དང་མི་སློབ་པ། །མིན་ཞེས་བསྟན་བཅོས་ལས་བཤད་དོ། །ཞེས་གསུངས་སོ། ། ༼༣༽ཡང་ཁ་ཅིག་ན་རེ། རང་འབྲས་སྡུག་བསྔལ་དངོས་སུ་སྐྱེད་པའི་ཟག་བཅས་དེ་ཀུན་འབྱུང་བདེན་པའི་མཚན་ཉིད་ཟེར་ན། གནས་གཙང་གི་སྐྱེ་བ་འཕེན་པའི་དགེ་བའི་ལས་ཆོས་ཅན། ༼༤ངུ༽དམ་ཆོས་ཀྱི་རྟེན་འབྲེལ་ལས། འོ་ན་གནས་གཙང་དུ་སྐྱེ་བ་འཕེན་བྱེད་ཀྱི་ལས་མེད་པར་ཐལ། དམ་བཅའ་འཐད་པའི་ཕྱིར་ན་འདོད་དེ། ཞེས་ལས་འདི་མེད་པར་བཤད་དོ། །
རྒྱུ་མཚན་ཡང་རྗེ་ཡབ་སྲས་ཀྱིས། འཕགས་པས་འཕེན་བྱེད་ལས་གསར་གསོག་མེད་པའི་སྐྱོན་སྤོང་དུ་འབྲས་བུ་ཆེ་བར་འཕེན་བྱེད་ཀྱི་ལས་དེ། དེར་སྐྱེ་བའི་རྒྱུར་བསྒྱུར་བར་གསུངས་ཀྱི། འཕེན་བྱེད་དུ་བསྒྱུར་བར་མ་གསུངས་པའི་ཕྱིར། ཞེས་འདོད་ཀྱང། དེ་འདྲའི་འཕེན་བྱེད་ལས་ཤིག་མེད་ན། ཕ་རོལ་པོ་དེས་འཕེན་བྱེད་ལས་དེ་འཕགས་པས་གསར་དུ་བསག་དགོས་པས། བདེན་པ་མཐོང་ལ་འཕེན་པ་མེད། །ཅེས་པ་དང་འགལ་སྙམ་དུ་རྩོད་པའི་ཚེ། ཁྱོད་ཀྱིས་ཟེར་རྒྱུའི་ལས་དེ་འདྲ་མེད་ཅེས་ལན་འདེབས་དགོས་པ་ལ། རྗེ་ཡབ་སྲས་ཀྱིས་དེ་ཡོད་པ་གཞིར་བཞག་གི་སྟེང་ནས་རྒྱུན་སྔར་ནས་བསགས་ཟིན་ཞེས་སྐྱོན་སྤོང་མཛད་པའི་ཕྱིར་དང༌། དེ་འཕེན་བྱེད་ལས་མིན་ན་འཕགས་པས་གསར་དུ་བསགས་ཀྱང་འགལ་བ་མེད་ལ། དེ་གསར་དུ་བསགས་པས་འཕེན་བྱེད་ལས་གསར་བསགས་མེད་པར་བཤད་པ་དང་འགལ་དོན་ཡང་མེད་ལ། དེ་འཕེན་བྱེད་དང་ལས་ཀྱི་ཀུན་འབྱུང་དངོས་མིན་ན། འབྲས་བུ་སྐྱེ་བ་ཡང༌། འཕངས་འབྲས་དང་སྡུག་བདེན་དངོས་མིན་དགོས་པས། གཟུགས་ཀྱི་སྐྱེ་སྲིད་བཅུ་བདུན་མེད་པར་གསུངས་ནུས་སམ། སྤྲོ་བྱ་མང༌། ༼༡བ༤༡༽ ༼༡༽ མཛོད་ལས། གསུམ་ལམ་བདུན་ནི་ལས་ཀྱང་ཡིན། །ཞེས་གསུངས་པའི་ཕྱིར། ༼༤ཅུ༽འདི་ཡང་བྱེ་སྨྲས་ལུགས་ཡིན་གྱི། མདོ་སྡེ་པ་ལས་ཉོན་གཉིས་ཀའི་གཞི་མཐུན་འདོད་དེ། མཛོད་རང་འགྲེལ་ལས། དཔེ་སྟོན་པ་རྣམས་ན་རེ། ཆེད་དུ་བསམ་པར་བྱ་བའི་མདོ་
ལས་གསུངས་པའི་ཕྱིར། བརྣབ་སེམས་ལ་སོགས་པ་ཁོ་ན་ཡིད་ཀྱི་ལས་ཡིན་ནོ་ཞེས་ཟེར་རོ། །ཞེས་གསུངས་པའི་ཕྱིར། ལས་ལམ་གྱི་སྒྲ་དོན་ཡང་འདི་ཁོ་ནར་མ་ངེས་ཏེ། ལས་གྲུབ་པ་ལས། ཇི་ལྟར་ན་སེམས་པ་ལས་ཀྱི་ལམ་ཡིན་ཞེ་ན། དེ་ནི་ལས་ཀྱང་ཡིན་ལ་བདེ་འགྲོ་དང་ངན་འགྲོ་གཉིས་ཀྱི་ལམ་ཡང་ཡིན་པས་ན་ལས་ཀྱི་ལམ་མོ། །ཡང་ན་ལུས་གཡོ་བ་ལས་ཀྱི་ལམ་སྟེ། སེམས་པ་ཞེས་བྱ་བའི་ལས་རྣམ་པ་གསུམ་པོ་དེ་ལ་བརྟེན་ནས་འཇུག་པའི་ཕྱིར་རོ། །ཞེས་སོགས་གསུངས་པའི་ཕྱིར། ༼༣༽དང་པོ་གྲུབ་སྟེ། ཐེག་བསྡུས་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས། །རྣམ་རྟོག་མེད་པའི་རྣམ་སྨིན་ནི། །སངས་རྒྱས་དཀྱིལ་འཁོར་གཉིས་སུ་སྟེ། །སྦྱོར་བ་དང་ནི་ཐོབ་པས་སོ། །ཞེས་གསུངས་པའི་ཕྱིར། ༼༤ཆུ༽འདི་ལ་ཐེག་བསྡུས་བཤད་སྦྱར་ལས། སྦྱོར་བ་དང་ནི་ཐོབ་པས་སོ། །ཞེས་བྱ་བ་ནི་རྣམ་པར་སྨིན་པའི་དོན་བརྗོད་ཀྱི་འདི་རྣམ་པར་སྨིན་པའི་རྒྱུ་མ་ཡིན་ཏེ། དེའི་གཉེན་པོ་ཡིན་པའི་ཕྱིར་རོ། །འདི་ནི་རྣམ་པར་སྨིན་པའི་དོན་གཞན་ཡིན་ཏེ། འདི་ལྟ་སྟེ། བདག་པོའི་དོན་ནོ་ཞེས་གསུངས་ཀྱང༌། བཤད་སྦྱར་འདིའི་གོང་འོག་ཏུ་བྱེ་སྨྲའི་བཤད་པའི་ཤན་ཞུགས་པ་མང་ཚོད་དུ་སྣང་ལ། ཐེག་བསྡུས་འགྲེལ་པ་དབྱིག་གཉེན་གྱིས་མཛད་པ་ལས། རྣམ་པར་མི་རྟོག་པའི་སྦྱོར་བ་ལ་ཞུགས་པའི་རྣམ་པར་སྨིན་པ་ནི་སྤྲུལ་བའོ། །རྣམ་པར་མི་རྟོག་པའི་དོན་ཐོབ་པའི་རྣམ་པར་སྨིན་པ་ནི་ལོངས་སྤྱོད་རྫོགས་པར་འགྱུར་རོ། །ཞེས་གསུངས་པ་གཞིར་བཞག་པར་སྣང་སྟེ། དོན་གསང་ལས།
འདིའི་ཐད་ལྟ་ཞོག་མཚན་ཉིད་ཀྱི་དོན་མན་ཆད་འགྱུར་མི་སྣང་ངོ༌། །དག་པའི་སྐུ་གསུམ་ཐོབ་ཅེས་པའི་ཐད་ཀྱི་དབྱིག་འགྲེལ་ལས། དག་པའི་སྐུ་གསུམ་ཐོབ་ཕྱིར་དང༌། །ཞེས་བྱ་བའི་དོན་ཏེ། དག་པ་སྨོས་པ་ནི་འདི་ལྟར་སྐུ་གསུམ་པོ་དེའི་དང་པོ་ས་དང་པོ་ཉིད་དུ་ཐོབ་པར་འགྱུར་ལ། བཅུ་པ་ལ་ནི་ཤིན་ཏུ་རྣམ་པར་དག་པར་འགྱུར་རོ། །ཞེས་སོགས་གསུངས་ཏེ། སློབ་ལམ་ལ་སྦྱར་ཡང༌། ཡིག་ཆའི་འདི་ཉིད་སྐབས་དང་འབྲེལ་ལོ། །༼༡ན༤༢༽ ༼༣༽ སྔོན་གྱི་ཁ་ཅིག །༼༤ཇུ༽སྔར་དྲངས་པའི་ཀུན་བཏུས་ཀྱི་ལུང་ལམ་གྱི་བདེན་པ་གང་ཞེ་ན། ལམ་གང་གིས་སྡུག་བསྔལ་ཡོངས་སུ་ཤེས་པ་དང༌། ཀུན་འབྱུང་སྤོང་བ་དང༌། འགོག་པ་མངོན་དུ་བྱེད་པ་དང༌། ལམ་སྒོམ་པ་སྟེ། འདི་ནི་ལམ་གྱི་མཚན་ཉིད་མདོར་བསྡུས་པའོ། །ཡང་ལམ་རྣམ་པ་ལྔ་སྟེ། ཚོགས་ཀྱི་ལམ་དང༌། སྦྱོར་བའི་ལམ་དང། མཐོང་བའི་ལམ་དང། སྒོམ་པའི་ལམ་དང། མཐར་ཕྱིན་པའི་ལམ་མོ། །ཞེས་སོགས་ལ་བརྟེན་ནས། ༼༣༽ཚོགས་ལམ་ཡང་ལམ་བདེན་ཟེར་ན། ༼༡བ༤༢༽ ༼༡༽ གོ་རིམ་ཡོད་དེ། སྤྱིར་གོ་རིམ་ལ་བཤད་པའི་རིམ་པ་སེམས་བསྐྱེད་དང་རིགས་ལྟ་བུ། ༼༤ཉུ༽ཕྱིན་དྲུག་ནི་རྒྱན་ལས། རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་པར་བསྟན་པ་ཡིན། །ཞེས་པ་ལྟར། ༼༡༽ངེས་དཀའ་སླའི་རིམ་པ་དང༌། ཡང་ན། དམན་དང་མཆོག་ཏུ་གནས་ཕྱིར་དང༌། །ཞེས་དམན་མཆོག་གི་རིམ་པ་ཕྱིན་དྲུག་ལྟ་བུ་སོགས་དུ་མ་ཡོད་པས་རྒྱུ་འབྲས་དོན་རིམ་བྱས་ན། རྒྱུ་དང་ལམ་དང་
སྡུག་བསྔལ་དང༌། །ཞེས་སོགས། སྐབས་བཞི་པ་ལྟར་བཤད་ཀྱང༌། འདིར་ནི་ཡུལ་ཅན་མངོན་རྟོགས་སྐྱེ་རིམ་ཡིན་པའི་ཕྱིར་ཏེ། སྡུག་བསྔལ་ནི་ནད་ལྟར་སྡུག་བསྔལ་བར་ཤེས་དགོས་པས་དང་པོར་བསྟན། ཕྱི་ཚུལ་དག་གིས་མིན་ཞེས་གསུངས་པས། ཀུན་འབྱུང་ནི་ནད་ཀྱི་རྒྱུ་ལྟར་དེའི་རྒྱུ་སྤང་བྱར་དེ་རྗེས་སུ་རྟོགས་པས་གཉིས་པར་བསྟན། ༼༣༽རྒྱུད་བླ་མ་ལས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེར་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རིག་པར་བྱ་ཞིང་བསྟེན་པར་བྱ། །༼༤ཏུ༽འགོག་པ་རྒྱུད་ལ་རིག་པར་བྱ་བ་སྟེ། མངོན་དུ་བྱ་བའི་དོན་ཡིན་གྱི། རིག་པར་བྱ་ཟེར་བ་མ་བརྟགས་པ་སྟེ། བདེ་བ་ལ་གནས་པ་རིག་པས་ཆོག་ན་ཚེགས་ཆུང་ངོ༌། ། ༼༥༽བདེན་བཞི་ཆོས་ཅན། འཕགས་པའི་བདེན་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། འཕགས་པས་གཟིགས་པ་ལྟར་གནས་ལ་བྱིས་པ་ཕལ་པས་མཐོང་བ་ལྟར་མི་བདེན་པས་དེ་ལྟར་བརྗོད་པའི་ཕྱིར་ཏེ། ཉན་ས་ལས། འཕགས་པ་རྣམས་ཀྱི་བདེན་པ་དེ་དག་དེ་ཁོ་ན་ལྟར་ཡིན་པའི་ཕྱིར་ཞེས་སོ། ། ༼༤ཐུ༽འཕགས་པའི་བདེན་པའི་སྒྲ་དོན་འདི་ཐལ་འགྱུར་བས་མི་བཞེད་དེ། དེས་འཕགས་པ་ཞེས་པ་དོན་དང་མཐུན་པར་གནས་པས། ཁྱད་པར་དུ་འཕགས་པའི་ཆ་ནས་ཡུལ་བདེན་བཞི་ལ་གཙོ་བོར་སྦྱར་ཞིང༌། འཕགས་པ་ཞེས་པ་འཕགས་པའི་གང་ཟག་ལ་བྱེད་ནའང༌། དེས་བསྟན་པའི་བདེན་པ་ཞེས་འཆད་ཀྱི་གྲུབ་མཐའ་འོག་མ་ལྟར་མི་འདོད་ལ་དེའི་ཚིག་ཟུར་གྱི་བདེན་པ་ཞེས་པའང་སྡུག་བསྔལ་བདེ་བའི་
རང་བཞིན་དུ་དོན་ལ་མི་གནས་པ་དེ་ལ་ལྟོས་པའི་བདེན་པ་དོན་དུ་གནས་པ་ཙམ་ལ་བྱ་སྟེ། དབུ་མའི་མཐའ་དཔྱོད་སེམས་བསྐྱེད་ལྔ་པ་དང༌། མཐའ་ཆོད་པར་ཤེས་འདོད་ན་རིགས་པ་དྲུག་ཅུ་པའི་འགྲེལ་པར་ལྟའོ། ། ༼༦༽རང་རྒྱུ་ཀུན་འབྱུང་བདེན་པ་ལས་སྐྱེས་པའི་ཆ་ནས་བཞག་པའི་ཟག་བཅས་ཀྱི་དངོས་པོ་དེ་སྡུག་བསྔལ་བདེན་པའི་མཚན་ཉིད་ཆ་བཞག་སྨོས་པས་འདི་འདྲའི་གང་ཟག་གཅོད། ༼༡ན༤༣༽ ༼༡༽ ངོ་བོའི་སྒོ་ནས་སྡུག་བསྔལ་གྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་དང༌། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་ཡོད། ༼༤དུ༽སྡུག་བསྔལ་གྱི་དབྱེ་བ་ནི། བྱང་ས་ལས། སྡུག་བསྔལ་གཅིག་དང༌། གཉིས་ཚན་དང༌། གསུམ་ཚན་ནས་བཅུ་ཚན་གྱི་བར་ང་ལྔ་དང༌། ལྷག་མ་ང་ལྔ་སྟེ། བརྒྱ་རྩ་བཅུ་གསུངས་པའི་ནང་ནས། ལམ་རིམ་རྣམས་སུ། བདུན་ཚན་གྱི་སྐྱེ་རྒ་ན་འཆི། མི་སྡུག་པ་དང་ཕྲད་པ། སྡུག་པ་དང་བྲལ་བ། འདོད་པ་བཙལ་ཏེ་མི་རྙེད་པ་བདུན་གྱི་སྟེང་དུ། དང་པོ་ཉེར་ལེན་གྱི་ཕུང་པོ་ལྔ་སྡུག་བསྔལ་བ་སྟེ། སྤྱི་དེ་ཉིད་བསྣན་པས་བརྒྱད་གཙོ་བོར་གསུངས། སྡུག་བསྔལ་དྲུག་ནི་རིགས་དྲུག་གི་སོ་སོའི་སྡུག་བསྔལ་ལོ། །བཤེས་སྤྲིང་གི་ངེས་མེད་དྲུག་དང༌། བྱང་སའི་ངེས་མེད་དྲུག་སོགས་ལ་ཁ་ཅིག་སྦྱར་བ་ལམ་རིམ་དང་མི་མཐུན། ༈ ༼༡བ༤༣༽ ༼༣༽ ཡུམ་ལས། གཟུགས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། གཟུགས་ཉིད་ཡང་དག་པར་རྗེས་སུ་མི་མཐོང༌། ཞེས་སོགས་ཀྱིས་
དཀོན་མཆོག་བཤད་པ་དེ་འཆད་པར་རྩ་འགྲེལ་འདི་བྱུང༌། ༼༤ནུ༽མདོའི་དོན་གཟུགས་ལ་རྣམ་མཁྱེན་གྱིས་བདེན་པར་མི་ཞེན་པ་དེ་ལ་མི་སྦྱོར་བའི་དོན་དུ་འདོད་པ་སྐབས་དོན་གཙོ་བོ་མིན་ཏེ། འདིའི་དོན་བསྡུས་ན་འགྲེལ་པར་བཤད་པའི་ཚེ་རྣམ་མཁྱེན་ལ་གཟུགས་ཀྱིས་ཚུར་མི་སྦྱོར་བར་གསུངས་པ་གང་ཞིག །ཚུར་ཞེན་པ་ཡོད་མེད་ཀྱི་ཐ་སྙད་མེད་པའི་ཕྱིར། དེས་ན་འདིའི་དོན་དེ་གཉིས་ཐ་སྙད་ཙམ་དུ་ཕན་ཚུན་ཡུལ་ཡུལ་ཅན་དང༌། དབྱིངས་དང་རིག་པར་སྦྱར་ཡང་དོན་དམ་པར་དེ་ལྟར་སྦྱར་ནས་བཞག་ཏུ་མེད་པའི་དོན་ནོ། ། ༼༧༽མཛོད་ལས། སངས་རྒྱས་སུ་བྱེད་པའི་ཆོས་དང་དགེ་འདུན་བྱེད་པའི་ཆོས། །རིམ་པ་བཞིན་མི་སློབ་པ་དང་སློབ་མི་སློབ་གཉིས་ཀ་དང་ཕྱི་མ་འདི་ལ་སངས་རྒྱས་ཀྱི་ལམ་མེད་དོ། །ཞེས་གསུངས་པའི་ཕྱིར་དང༌། རང་འགྲེལ་ལས། ཡང་ན་གང་དག་བརྙེས་པས་སྟོབས་ཀྱིས་ཆོས་ཐམས་ཅད་ཐུགས་སུ་ཆུད་པར་སྤྱོད་པའི་ཕྱིར་སངས་རྒྱས་ཡིན་པའོ། །ཞེས་གསུངས་པའི་ཕྱིར། ༼༡ན༤༤༽ ༼༡༽ ཡང་ཁོ་ན་རེ། མཛོད་ཀྱི་བྱེ་སྨྲའི་ལུགས་ལ། སངས་རྒྱས་ཀྱི་གཟུགས་ཕུང་སངས་རྒྱས་མ་ཡིན་པར་ཐལ། རང་འགྲེལ་ལས། གཟུགས་ཀྱི་སྐུ་ནི་སངས་རྒྱས་མ་ཡིན་ཏེ། སྔ་མ་དང་ཕྱི་མར་ཡང་བྱེ་བྲག་ཁྱད་པར་མེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། བྱེ་སྨྲ་སྔ་མ་དག་གིས་འདོད་ཚུལ་ཡིན་པའི་ཕྱིར། ༼༤པུ༽རྟེན་སངས་རྒྱས་མིན་ན། སངས་རྒྱས་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའི་མཚམས་མེད་མེད་པར་ཐལ་བའི་རྩོད་པ་དང༌། བྱེ་སྨྲས་མིག་ལ་གནོད་པས་མིག་ཤེས་ལ་གནོད་
པ་བཞིན། རྟེན་ལ་གནོད་པས་དེ་ལ་གནོད་པར་འཇོག་ཅེས་ལན་འདེབས་ཚུལ་མཛོད་རྩ་འགྲེལ་ན་མང་ཡང་མ་བྲིས་པས་དེར་ལྟོས། དབུ་མ་སྙིང་པོར་ཡང༌། སྟོན་པའི་རྣམ་པར་མི་རྟོག་བློ། །སྐུ་ལ་བརྟེན་པ་མ་ཡིན་ཏེ། །ལུས་ཅན་ཡིན་ཕྱིར་བ་རྫི་ཡི། །ལུས་ལ་ཇི་ལྟ་བ་བཞིན་ཟེར། །ཞེས་ཕྱོགས་སྔ་བཀོད་ནས་ལན་དངོས་མི་གསལ་ཡང༌། དེ་དག་གིས་བཀོད་པའི་རྒྱུ་མཚན་ལྟར་སྣང་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་བསྙུན་པ་དང༌། སྐུ་ཚེ་ཐུང་བ་དང༌། སྐྱོ་བའི་གསུང་བྱོན་པ་དང༌། གཞན་ལ་དྲི་བ་དང༌། འདོད་པ་སྤྱད་པ་དང༌། ལུས་ཀྱིས་གདུང་བ་ལམ་དུ་འཁྲུལ་པ་དང༌། ཕྱི་རོལ་པ་ལས་ཐར་ལམ་བཙལ་བར་གསུངས་པ། དྲང་དོན་དགོས་དབང་ཁོ་ན་ཡིན་པར་རྟོག་གེ་འབར་བ་ལས་ཆེས་རྒྱས་པར་འབྱུང་བས་དེར་གཟིགས་འཚལ་ལོ། ། ༼༢༽ཡང་ཁ་ཅིག །དེའི་གཟུགས་ཕུང་སངས་རྒྱས་ཡིན་ཟེར་ན། དེ་མི་འཐད་པར་ཐལ། བྱེ་སྨྲ་སྔ་མས་དེའི་རྟེན་གཟུགས་ཕུང་སངས་རྒྱས་མ་ཡིན་པར་འདོད་པའི་ཕྱིར་ཏེ། མངོན་པ་སྡེ་བདུན་གྱི་ནང་ཚན། བསྟན་བཅོས་གདགས་པ་ལས། གང་དག་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དེ་ནི་མི་སློབ་པ་སངས་རྒྱས་སུ་བྱེད་པའི་ཆོས་དག་ལ་སྐྱབས་སུ་འགྲོའོ། ། ༼༧༽གཞན་ཡང༌། གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང༌། །ཞེས་པའི་རང་འགྲེལ་ལས། གང་ཞིག་ཅེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་དབང་དུ་བྱས་ནས། ཞེས་དང༌། མཛོད་ལས། སངས་རྒྱས་སུ་འགྱུར་གཞན་རང་རྒྱལ་ལ་དྲོད་རྩེ་བཟོད་པ་གསུམ་
ནས་ཡང༌། །འཇུག་ཞེས་དང༌། ཞུ་བ་ལས། བཙུན་པ་སངས་རྒྱས་ལས་ཀྱི་ཁ་སྐོང་གི་གྲངས་སུ་བསྐང་སྟེ་བགྱིད་པར་རུང་ངམ་ཨུ་བ་ལི་མ་ཡིན་ནོ། །ཞེས་གསུངས་པ་རྣམས་ཀྱི་དོན་མ་གྲུབ་པར་ཐལ། ༼༤ཕུ༽མདོ་འདི་དག་གི་དོན་བསྡུས་ཏེ། མདོ་རྩ་བར། རྒྱལ་བ་ནི་མི་མཐུན་པ་བྱེད་པ་ཉིད་མ་ཡིན་ནོ། །ཁ་སྐོང་བ་ཉིད་མ་ཡིན་ནོ། །ཞེས་གསུངས་པའི་ཐད་ཀྱི་རྒྱ་ཆེར་འགྲེལ་ལས། དེ་ནི་དཀོན་མཆོག་གཞན་ཡིན་པས། དགེ་འདུན་གྱི་ལས་མི་མཐུན་པར་བྱེད་པ་ཉིད་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་དཀོན་མཆོག་ཀྱང་ཡིན་པ་འདྲ་ཞིག་གསུངས་པ་འཇིག་རྟེན་གྱི་གྲགས་ཚོད་དང་བསྟུན་པ་ཙམ་ཡིན་ཏེ། དགེ་སློང་བཞི་སྡེ་དེ་ལ་དགེ་འདུན་དཀོན་མཆོག་གི་ཐ་སྙད་མཛད་ནས་དེ་དང་དཀོན་མཆོག་སོ་སོ་བར་གསུངས་ཀྱང་གྲུབ་མཐའ་སུ་ཡང་མི་འདོད་པའི་ཕྱིར་རོ། །༼༡བ༤༦༽ ༼༡༽ ཐེག་ཆེན་འཕགས་པ་ཡིན་ན་རིག་གྲོལ་གྱི་ཡོན་ཏན་བརྒྱད་ཀ་དང་ལྡན་པས་ཁྱབ་པའི་ཕྱིར། ༼༤བུ༽འདི་ལྟར་བརྒྱད་དུ་ཕྱེ་བ་གསེར་འཕྲེང་ལས་ཧ་ཅང་འཐད་པའི་ཕྱོགས་སུ་མ་མཛད་ཀྱང་གསེར་འཕྲེང་ལས་བཀག་ཟེར་བ་བབ་ཅོལ་དུ་སྣང་ངོ༌། ། ༼༣༽ཡང་དེ་ཉིད་ལས། ཐམས་ཅད་མཁྱེན་པའི་ཆོས་ཉིད་ནི། །སེམས་ཅན་ཐམས་ཅད་ལ་ཡོད་པ། །མཐོང་ཕྱིར་ཇི་སྙེད་ཡོད་པ་ཉིད། །ཅེས་དང༌། ༼༤མུ༽ལུང་འདི་ལ་འཁྲུལ་ནས་ཇི་སྙེད་པ་རིག་པའི་འཛིན་སྟངས་ལ་སངས་རྒྱས་སུ་འགྱུར་རུང་གི་ཆོས་ཉིད་འཇོག་པ་མི་རིགས་ཏེ། དེ་དོན་དམ་དང༌། དེས་སེམས་ཅན་ལ་ཁྱབ་པ་ཀུན་རྫོབ་ཡིན་ཞིང༌།
འདིར་ཕྱི་མའི་རྣམ་པ་ཅན་ཡིན་པའི་ཕྱིར། གསེར་འཕྲེང་ལས། དེས་ན་དང་པོས་ཆོས་ཉིད་རང་གི་ངོ་བོ་དང༌། ཕྱི་མས་དེ་གནས་པ་རྟོགས་པའོ། །ཞེས་གསུངས་པའི་ཕྱིར། ༼༣༽ཡང་དེ་ཉིད་ལས། དེ་ལྟར་རྟོགས་པ་གང་ཡིན་དེ། །སོ་སོ་རང་ཤེས་མཐོང་བ་ཉིད། ། ༼༤ཙུ༽ལུང་འདིའི་དོན་དར་ཊཱིཀ་ལས། ཇི་ལྟ་བ་དང་ཇི་སྙེད་པ་འཕགས་པ་རྣམས་ཀྱིས་མངོན་སུམ་དུ་རྟོགས་པ་གང་ཡིན་པ་དེ་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱིས་མཐོང་བ་ཉིད་དོ། །ཞེས་ཡེ་ཤེས་སྔ་མ་གཉིས་ཀྱི་སྤྱི་ལ་སྦྱར་བ་ཡང་རུང་ལ། རྣམ་པ་གཅིག་ཏུ་ན་རྒྱུད་བླ་ཐལ་འགྱུར་བའི་རང་གཞུང་ཡིན་པས། འདིར། བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །ཞེས་ཕྱིར་མི་ལྡོག་པའི་དགེ་འདུན་ཁོ་ནར་སྦྱར་བ་དང༌། དམན་སྒྲིབ་ལས་གྲོལ་བར་བཤད་པ་དང༌། ཐོགས་སྒྲིབ་ཡང་ཅི་རིགས་ལས་གྲོལ་བར་གསུངས་པ་དང༌། ཆགས་སྒྲིབ་བམ་ཉོན་སྒྲིབ་ཟད་པར་སྤངས་པ་ཡིན་པས། སྤངས་པ་འགོག་བདེན་དེ་རྣམས་རང་སྟེང་དུ་མཐོང་བའི་ཡེ་ཤེས་གཅིག་ལ་སོ་སོ་རང་རིག་པར་བཞག་ན། ཐལ་འགྱུར་བའི་གྲུབ་མཐའི་ཁོག་དང་འགྲིག་པར་སྣང་ལ། རྩ་བར་ཡང་འདིའི་མཇུག་ཏུ་གྲོལ་བའི་ཡོན་ཏན་བཤད་པ་འགྲེལ་པས་ཀྱང་ཁ་མ་ཕྲལ་བར་བཤད་དེ། དེ་ལྟ་བུའི་འབྲེལ་མ་གོ་བར་ཡོན་ཏན་བརྒྱད་དུ་སོ་སོར་བགྲང་ན་གནད་མི་གོ་བས་གསེར་འཕྲེང་གི་ཟུར་ཟ་ཡང་དེ་ལ་ཡིན་གྱི་ཡོན་ཏན་བརྒྱད་དུ་ཕྱེ་བ་ཙམ་ལ་མིན་ནམ་སྙམ། ༼༡ན༤༧༽ ༼༦༽ ཡང་ཁོ་ན་རེ།.....རོང། སློབ་ལམ་ཆོས་ཅན། མཐར་ཐུག་གི་སྐྱབས་མིན་ཏེ། བརྫུན་པ་བསླུ་བའི་ཆོས་ཅན་ཡིན་པའི་
ཕྱིར། ཞེས་པའི་སྦྱོར་བ་དེ། རྒྱུད་བླ་མ་ལས། བསླུ་བའི་ཆོས་ཅན་ཕྱིར། །ཞེས་དང༌། ཆོས་རྣམ་གཉིས་ཞེས་གསུངས་པའི་དོན་སྦྱོར་རྣམ་དག་ཟེར་ན། ༼༤ཚུ༽འདིའི་འཁྲུལ་གཞི་ནི་ཐོགས་འགྲེལ་ལས། ལམ་ནི་འདུས་བྱས་ཀྱི་མཚན་ཉིད་དུ་གཏོགས་ལ། འདུ་བྱས་ཀྱི་མཚན་ཉིད་དུ་གཏོགས་པ་གང་ཡིན་པ་དེ་ནི། རྫུན་པ་བསླུ་བའི་ཆོས་ཅན། གང་རྫུན་པ་བསླུ་བའི་ཆོས་ཅན་དེ་ནི། མི་བདེན་པ། གང་མི་བདེན་པ་དེ་མི་རྟག །གང་མི་རྟག་པ་དེ་སྐྱབས་མ་ཡིན་ནོ། །ཞེས་པ་འདི་ཡིན་ལ། དར་ཊཱིཀ་ལས་རྐང་པ་གཉིས་པའི་དོན་འདུ་བྱས་ཀྱི་ཆོས་ལ་རྫུན་པས་ཁྱབ་པའི་དོན་དུ་མ་སྦྱར་བར། འདུ་བྱས་ཀྱི་ཆོས་སུ་གཏོགས་པའི་ལམ་བདེན་དེ་ནི་ཞེས་མཚན་གཞིར་བཟུང་སྟེ། རང་དོན་ལམ་གྱི་བསྒྲོད་པ་མཐར་ཐུག་པ་ལྟར་སྣང་ཡང་མི་གནས་པའི་རྫུན་པ་ཞེས་སོགས་སུ་སྦྱར་བས། ༈ ༼༡བ༤༧༽ ༼༤༽ དཔེར་ན། སངས་རྒྱས་ལ་སངས་རྒྱས་ཀྱི་ཡེ་ཤེས་དོན་དམ་དང༌། དེའི་སྐུ་གཟུགས་གསེར་མདོག་ཀུན་རྫོབ་པ་དང༌། ༼༤ཛུ༽འདི་སངས་རྒྱས་སུ་འཇོག་པ་ནང་གི་སྤངས་རྟོགས་ལ་ལྟོས་དགོས་ཀྱི། དེ་མེད་པར་འཇོག་མི་ནུས་པ་ནོར་བུའི་ཟ་མ་ཏོག་དང་འདྲ་བར་གསུངས་པས་ཀུན་རྫོབ་སངས་རྒྱས་ཞེས་བཏགས་ཀྱང་སྤྱིར་དོན་དམ་པའི་སངས་རྒྱས་ཡིན་ཏེ། འོག་ཏུ་དྲངས་པའི་ཐུབ་དགོངས་ལས། དོན་དམ་པ་ནི་སྐུ་གསུམ་གྱིས་ཡང་དག་པར་བསྡུས་པའོ། །ཞེས་དང༌། དེའི་མཆན་བུར། ཆོས་ལོངས་སྤྲུལ་པའི་སྐུ་གསུམ་གྱིས་ཡང་དག་པར་བསྡུས་པ་ཞེས་འབྱུང་བའི་ཕྱིར་རོ། །ཁོ་ན་རེ། འདིའི་སྤྲུལ་སྐུ་དོན་དམ་པའི་སངས་རྒྱས་སུ་འགྲུབ་ཀྱང༌། དེས་གཟུགས་སྐུ་དོན་དམ་པའི་སངས་
རྒྱས་སུ་མི་འགྲུབ་ཟེར་ན་ཡང་མིན་ཏེ། སངས་རྒྱས་སུ་འཇོག་པ་སྐུའི་སྒོ་ནས་མ་ཡིན་པར་ནང་གི་སྤངས་རྟོགས་ཀྱི་སྒོ་ནས་བཞག་པས་སྤངས་རྟོགས་ཁོ་ན་ལ་ཀུན་རྫོབ་དང་དོན་དམ་པའི་སངས་རྒྱས་ཀྱི་དོན་གཉིས་གཉིས་བཤད་པའི་སྔ་མའི་དོན་དམ་གྱི་དོན་ཚང་ལ་གཟུགས་སྐུ་དང་སྐུ་གཟུགས་གཉིས་ལ་དེ་མ་ཚང་བས་རྒྱུ་མཚན་མཚུངས་པའི་ཕྱིར་དང༌། དོན་དམ་པའི་འཇོག་ཚུལ་ཕྱི་མ་དགོས་དོན་མཆོག་གམ་མཐར་ཐུག་གི་དོན་ཚང་བར་འདྲ་ལ། དེའི་སྒོ་ནས་དོན་དམ་པའི་སངས་རྒྱས་སུ་འཇོག་རུང་ན། གཉིས་ཀ་རུང་མཉམ་ཡིན་དགོས་པའི་ཕྱིར་དང༌། འོག་ཏུ་དོན་ཡང་ཡིན། དམ་པའང་ཡིན་ལ་སངས་རྒྱས་དཀོན་མཆོག་ཀྱང་ཡིན་ན་དོན་དམ་པའི་སངས་རྒྱས་དཀོན་མཆོག་ཡིན་དགོས་པར་གསུངས་པས་ཀྱང་ཤེས་པའི་ཕྱིར་རོ། ། ༈ ༼༥༽དགེ་འདུན་ལ་འཕགས་པའི་རིག་གྲོལ་དོན་དམ་པ་དང༌། ཀུན་རྫོབ་པ་འཕགས་པ་དང་ཚོགས་སྦྱོར་བ་ལྟ་བུ་ཡིན་པའི་ཕྱིར་ཏེ། ༼༤ཝུ༽འདི་ཡང་སྒྲ་དོན་གྱི་སྟེང་ནས་ཤེས་པར་བྱ་སྟེ། ཟླ་བས། སྐྱེས་བུ་གང་ཟག་ཟུང་བརྒྱད་པོ། །མི་ཕྱེད་དགེ་འདུན་ཞེས་བཤད་དོ། །ཞེས་དང༌། དར་ཊཱིཀ་ལས། འཕགས་པའི་གོ་འཕང་ཐོབ་པ་ན། སྐྱབས་གནས་ཡང་དག་ལ་ཡང་དག་ཡིན་མིན་གྱི་ཐེ་ཚོམ་གྱི་ས་བོན་སྤངས་པས་སྐྱབས་གནས་དང་མི་ཕྱེད་པས་ཁྱབ་པའི་ཕྱིར། དགེ་འདུན་དཀོན་མཆོག་ཏུ་རྣམ་པར་བཞག་གི །སོ་སོའི་སྐྱེ་བོ་ལ་ནི་མ་ཡིན་ཏེ། ཚེ་འཕོས་ནས་སྟོན་པ་གཞན་གྱི་ཁ་ཕྱིར་འབྲང་བ་སྲིད་པའི་ཕྱིར། ཞེས་གསུངས། ༈ ༼༡ན༤༨༽ ༼༡༽ ཐུབ་དགོངས་
ལས། འདིར་སངས་རྒྱས་ནི་གཉིས་ཏེ། དོན་དམ་པ་ནི་སྐུ་གསུམ་གྱིས་ཡང་དག་པར་བསྡུས་པའོ། །ཐ་སྙད་པ་ནི་སྐུ་གདུང་གི་མཆོད་རྟེན་དང་སྐུ་གཟུགས་དང་མཆོད་རྟེན་དང་བྱང་ཆུབ་སེམས་དཔའི་མཆོད་རྟེན་དང་གཟུགས་ཏེ། ཞེས་གསུངས་པའི་ཕྱིར། ༼༤ཞུ༽མདོ་མྱང་འདས་ལས། བསོད་སྙོམས་གང་གསོལ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དང༌། བསོད་སྙོམས་གང་གསོལ་ནས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་བསོད་སྙོམས་དེ་གཉིས་ཀའང་འབྲས་བུ་མི་མཉམ་པ་མེད་པའོ། །ཞེས་པ་འདིས་ཀྱང་སངས་རྒྱས་དང་བྱང་སེམས་ཡོན་གནས་སུ་ཁྱད་པར་མེད་པར་གསུངས་པས། བྱང་སེམས་ཐམས་ཅད་ཀྱང་ཀུན་རྫོབ་པའི་སངས་རྒྱས་སུ་འགྲུབ་སྟེ། ཟླ་བའི་སྐྱབས་འགྲོ་བདུན་ཅུ་པ་ལས་ཀྱང༌། ཤར་རིའི་ལུང་ལས། དགྲ་བཅོམ་གྱིས། །བྱང་ཆུབ་སེམས་དཔར་ཕྱག་བྱ་སྟེ། །དེ་ནི་དཀོན་མཆོག་གསུམ་གཞན་མིན། །སངས་རྒྱས་ཁུངས་སུ་གཏོགས་པར་འདོད། །ཅེས་ཉན་ཐོས་དགྲ་བཅོམ་གྱིས་ཀྱང་ཕྱག་བྱ་བར་གསུངས་པའི་རྟགས་ཀྱིས་ཀུན་རྫོབ་པའི་སངས་རྒྱས་སུ་སྒྲུབ་ལ། ཤར་རིའི་སྡེ་པའི་ལུང་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་ཇི་ལྟ་བ་དེ་ལྟར་ཡང༌། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡུལ་ཡང་མ་ལགས་པས། བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཞེས་ཨ་བྷྱཱས་དྲངས་པ་དེ་ཡིན་ནམ་སྙམ་ལ། སྡེ་པ་སོ་སོའི་ལུང་གིས་རང་རང་ལ་བྱང་ཆུབ་སེམས་དཔའ་རྣམས་དགྲ་བཅོམ་
གྱིས་ཀྱང་ཕྱག་འོས་སུ་སྒྲུབ་སྣང་བ་དེར་ལྟོས། ༈ ༼༡བ༤༨༽ ༼༢༽ ཐོགས་འགྲེལ་ལས། འདིར་བསྟན་དགེ་འདུན་ཞེས་པ་འདི་ནི་ཐེག་པ་གསུམ་དང་ལྡན་པའི་སློབ་པའི་ཚོགས་ཀྱི་ཚིག་བླ་དྭགས་སོ། ། ༈ ༼༡ན༤༩༽ ༼༣༽ དགོངས་རྒྱན་ལས། བྱང་ཆུབ་སེམས་དཔའ་རྣམས་ནི་འདི་ལྟར་དགེ་འདུན་གྱིས་བསྡུས་པ་ཡང་སྟེ་དེ་རྣམས་ནི་སངས་རྒྱས་ཀྱི་མྱུ་གུ་ཐ་སྙད་པའི་སངས་རྒྱས་ཏེ་རྒྱུའི་དངོས་པོའི་རྒྱུན་གཅིག་པའི་ཕྱིར། ༼༤ཟུ༽ནྱ་གྲོ་དྷའི་མྱུ་གུ་དང་ནྱ་གྲོ་དྷའི་ལྗོན་ཤིང་གི་རྒྱུན་བཞིན་ནོ། །ཞེས་གསུངས་པའི་ཕྱིར། ༈ ༼༤༽དར་ཊཱིཀ་ལས། ཉེ་རྒྱུ་དག་ས་གསུམ་ལ་དཀོན་མཆོག་གསུམ་རིམ་གྱིས་གྲུབ་པའི་ཚུལ་དང༌། ཞེས་གསུངས་པའི་དོན་ཡོད་པའི་ཕྱིར། ༼༤འུ༽འདིའི་ཚུལ་ཡང་ས་བརྒྱད་པར་རྡོ་རྗེའི་ལུས་རྗེས་མཐུན་པ་ཐོབ་པ་དང༌། དགུ་པར་སོ་སོ་ཡང་དག་པར་རིག་པ་བཞི་རྗེས་མཐུན་པ་ཐོབ་པའོ། །ཞེས་རླུང་ལྟར་གྲགས་ལ། ས་བཅུ་པར་ལོངས་སྐུའི་འཁོར་གྱི་གཙོ་བོར་གྱུར་པའོ། །ཞེས་ཁ་ཅིག་སྨྲ་ཞིང༌། གཞན་དག་མི་སྨྲ་བའི་བརྟུལ་ཞུགས་འཛིན་ནོ། །དཔྱད་པར་བྱ་སྟེ། དབུ་མའི་མཐའ་དཔྱོད་ལས། བྱང་ཆུབ་སེམས་དཔའི་རྡོ་རྗེའི་ལུས་ཡོད་ཅིང༌། དེ་ཆོས་སྐུ་བཏགས་པ་བ་དང༌། རྡོ་རྗེའི་ལུས་མཚན་ཉིད་པ་ཡིན་པའི་ཕྱིར། ཞེས་པ་ཇི་ལྟར་དྲངས། དེར་མ་ཟད་འདི་དང་བར་པ་གཉིས་ཡི་གེ་ཙམ་མཐོང་ཡང་དོན་གྱི་འབྲེལ་མ་གོ་བའི་རྟགས་དང༌། ཐ་མ་ནི་ཡི་གེ་ཙམ་ཡང་མ་མཐོང་བའི་རྣམ་འགྱུར་ཏེ། ཁྱེད་ཅག་གིས་དེའི་སྐུ་དེ་རྣམ་པ་སངས་རྒྱས་དང་འདྲ་ཙམ་དང༌། ཆོས་ལ་ཡང་སོ་རིག་རྗེས་མཐུན་པ་ཁོ་རང་འཇོག་རྒྱུ་དང༌། དགེ་འདུན་ལ་ཡང་
ས་བཅུ་པ་བ་ཁོ་རང་འཇོག་པར་བསམ་འདུག་ཀྱང༌། སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་སྔར་དྲངས་པའི་གཟུངས་རྒྱལ་གྱི་གླེང་གཞི་མདོར་བསྟན་གྱི་ཚིག་དེ་ཆ་གསུམ་དུ་བྱས་ནས་ས་བརྒྱད་པར་འབད་རྩོལ་རགས་པ་མེད་པར་གང་སྣང་བདེན་སྟོང་མཉམ་པ་ཉིད་དུ་གཟིགས་པས་སངས་རྒྱས་དང༌། ས་དགུ་པར་སོ་རིག་རྗེས་མཐུན་པ་བཞིའི་སྒོ་ནས་གང་ཟག་སོ་སོ་ལ་ཡུལ་གྱི་སྐད་རིགས་དང་རྣམ་གྲངས་མཐའ་ཡས་པས་ཆོས་སྟོན་པས། ཆོས་དཀོན་མཆོག་བཏགས་པ་བ་འདི་ནི་གཙོ་བོ་ལུང་གིས་བསྡུས་པ་ཡིན་ལ། དགེ་འདུན་ཡང་ས་བཅུ་པ་ནས་གཞན་དོན་གོ་རིམ་དུ་བྱེད་པའི་སྒྲུབ་པ་ཐོབ་པས། རང་ལ་སློབ་མའི་ཚོགས་མཁས་ཤིང་དུལ་བ་མཐའ་ཡས་པ་འབྱུང་བ་ལ་བྱེད་ཀྱི། རང་དེར་འགྱུར་བའི་དོན་མིན་པའི་གནད་ཀྱིས། དར་ཊཱིཀ་ཏུ་ཡང༌། དཀོན་མཆོག་གསུམ་རིམ་གྱིས་གྲུབ་པ། ཞེས་གསུངས་ཀྱི་ཐོབ་པ་ཞེས་མ་གསུངས་སོ། །ལུང་འདིར་མ་བྲིས་པས་ཐོགས་འགྲེལ་གྱི་དབུར་བལྟ། ས་བརྒྱད་པའི་སྐུ་དེ་མི་འདོར་ན། དེ་འཕོས་མ་ཐག་གི་ཚེ་སྔ་མའི་ལུས་སེམས་རྟེན་བརྟེན་པའི་འབྲེལ་བ་ཆད་མ་ཆད་སོགས་ཙམ་ཞིག་མཁས་པའི་དབང་པོ་རྣམས་ཀྱི་ཞལ་ན་ཡང་གསལ། ༈ ༼༡བ༤༩༽ ༼༤༽ རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་གསུངས་པའི་ཕྱིར། ༼༤ཡུ༽འདིའི་ཡོན་ཏན་གསུམ་པ་ནི། དར་ཊཱིཀ་ལས། སྒྲ་དང་རྣམ་པར་རྟོག་པ་གཞན་གྱིས་རྐྱེན་གྱི་རྟོགས་ཚུལ་རྫོགས་པའི་ཚུལ་གྱིས་རྟོགས་
པར་བྱ་བ་མ་ཡིན་པའོ། །ཞེས་པའི་དོན་དུ་བསམ་ནས། སྤྱི་དོན་རོལ་མཚོ་ལས། རང་སྣང་ཡུལ་དུ་བྱེད་པའི་བློ་ལ་སྣང་བ་ལྟར་རྗོད་བྱེད་ཀྱི་སྒྲ་དང་རྟོག་པས་ཇི་ལྟ་བ་བཞིན་རྟོགས་མི་ནུས་པའི་ཡོན་ཏན་ཞེས་ཡེ་ཤེས་རང་ཉིད་གཞན་གྱིས་རྟོགས་དཀའ་བའི་དོན་དུ་སྦྱར་ནས་ཇི་ལྟ་བ་མཁྱེན་པའི་ཡོན་ཏན་ཟུར་དུ་བགྲང་བ་ནི་སྔོན་མེད་པའི་འདུས་མ་བྱས་སོགས་ཀྱི་ཡོན་ཏན་དགུ་པ་ཡིན་ལ། དར་ཊཱིཀ་ཀྱི་དོན་ཡང༌། དོན་དམ་བདེན་པ་འདིས་གཟིགས་པ་ལྟར་གཞན་གྱིས་རྟོགས་མི་ནུས་པའི་དོན་ཡིན་གྱི། འདི་གཞན་གྱིས་རྟོགས་མི་ནུས་པའི་དོན་མ་ཡིན་ལ། དེའི་ཕྱིར་འདི་ཉིད་ཇི་ལྟ་བ་མཁྱེན་པའི་ཡོན་ཏན་ཡིན་པས། དེ་ཟུར་དུ་བགྲང་མི་དགོས་ཏེ། དར་ཊཱིཀ་ལས། རང་བཞིན་རྣམ་དག་དང་གློ་བུར་རྣམ་དག་དང༌། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་རྣམ་པ་གསུམ་ཞེས་གསུངས་པའི་ཕྱིར། ཇི་སྙེད་པ་མཁྱེན་པ་སོགས། རང་དོན་གྱི་སྐུ་ཡིན་ཀྱང་འདིར་གཞན་དོན་གྱི་སྐུར་བཤད་པའི་དགོས་པ། དར་ཊཱིཀ་ལས། ཐུགས་རྗེ་དང་ནུས་པ་གཞན་དོན་དུ་བཞག་པ་ནི་གཟུགས་ཀྱི་སྐུ་གདུལ་བྱ་ལ་དངོས་སུ་སྣང་ནས་ཆོས་སྟོན་པ་དེ་གཉིས་ཀྱི་ལག་རྗེས་ཡིན་པའི་དབང་དུ་བྱས་ནས་རྣམ་པར་བཞག་པའོ། །ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཞན་དོན་དུ་བསྡུས་པ་ནི་ཐུགས་རྗེ་འཇུག་པའི་རྒྱུའི་དབང་དུ་བྱས་པ་སྟེ། ཞེས་འགྲོ་བའི་ངང་ཚུལ་གཟིགས་པ་ལ་སྦྱར་རོ། ། ༈ ༼༦༽སྒྲ་རྟོག་གིས་མཐའ་བཞིར་བསམ་དུ་མེད་པ་དང༌། ༼༤རུ༽འདིར་མཐའ་བཞི་ཡང་སྒྲས་ཇི་ལྟ་བ་བཞིན་ཡོད་པ་དང༌། མེད་པར་བརྗོད་དུ་མེད་པ་དང༌།
རྟོག་པས་ཇི་ལྟ་བ་བཞིན་ཡོད་པ་དང་མེད་པ་བཟུང་དུ་མེད་པ་ཞེས་འདྲེན་པ་མི་རིགས་ཏེ། ཐོགས་འགྲེལ་ལས། མེད་པ་དང༌། ཡོད་པ་དང༌། ཡོད་མེད་དང༌། གཉིས་ཀ་མ་ཡིན་པ་སྟེ། རྣམ་པ་བཞི་ཀ་ལྟར་ཡང་རྟོག་གེའི་ཡུལ་མ་ཡིན་པའི་ཕྱིར། ཞེས་གསུངས་པས་སོ། །དར་ཊཱིཀ་ལས། མེད་པ་དང༌། ཡོད་པ་དང༌། ཡོད་མེད་གཉིས་ཀ་དང༌། དེ་ལས་གཞན་དུ་ཡང་ཡོད་མེད་གཉིས་ཀ་མ་ཡིན་པ་རང་བཞིན་གྱིས་གྲུབ་པར་བརྟགས་པར་མི་ནུས་པའི་སྤྲོས་པའི་མཐའ་བཞི་དང་བྲལ་བའོ། །ཞེས་རང་བཞིན་རྣམ་དག་གི་ཆ་དོན་དམ་པའི་བདེན་པར་གསུངས་པ་ཤིན་ཏུ་ལེགས་ཏེ། འདིའི་ཐད་ཀྱི་དཔལ་འཕྲེང་གི་མདོ་ཐོགས་འགྲེལ་དུ་དྲངས་པ་ལས། འཇམ་དཔལ་སྐྱེ་བ་མེད་ཅིང་འགག་པ་མེད་པ་ལ་ནི་སེམས་དང་ཡིད་དང་རྣམ་པར་ཤེས་པ་མི་འཇུག་གོ །ཞེས་གསུངས་པའི་ཕྱིར། སེམས་ཡིད་རྣམ་ཤེས་གསུམ་ལ་ཊཱིཀ་བྱེད་དུ་མས་ཀུན་གཞི་ཉོན་ཡིད་འཇུག་ཤེས་གསུམ་ལ་སྦྱར་བ་སྟུག་པོ་བཀོད་པའི་མདོ་ལྟར། སེམས་ཙམ་ལུགས་ལ་རུང་ཡང་འདིར་ཆེས་མ་འབྲེལ་བས་ཕུང་ཁམས་སྐྱེ་མཆེད་གསུམ་མམ། དུས་གསུམ་མམ། ཡང་ན། དར་ཊཱིཀ་ལྟར་རྟེན་བརྟེན་པ་སོགས་ལ་སྦྱར་རོ། ། ༈ ༼༡ན༥༢༽ ༼༤༽ རྒྱན་ལས། ཀུན་ཏུ་འགྲོ་དང་ཁས་ལེན་རྟོགས་དང་ཟིལ་གནོན་པར། །དབྱེ་བའི་རང་བཞིན་དོན་རྣམ་བཞི་ཡི་ཁྱད་པར་གྱིས། །ཐེག་པ་མཆོག་ཕྱིར་དཀོན་མཆོག་སྐྱབས་རབ་སོང་བ་གང༌། །དེ་ཉིད་སྐྱབས་སུ་སོང་བ་རྣམས་ཀྱི་མཆོག་ཅེས་བྱ། །ཞེས་གསུངས་པའི་ཕྱིར། ༼༤ལུ༽དེ་ཡང་ལམ་རིམ་ལས། ཇི་ཙམ་གྱིས་སྐྱབས་སུ་སོང་བའི་ཚུལ་ནི། བསྡུ་བ་ནས་
གསུངས་པའི་ཚུལ་བཞི་སྟེ། ཡོན་ཏན་ཤེས་པ་དང༌། ཁྱད་པར་ཤེས་པ་དང༌། ཁས་བླངས་པ་དང༌། གཞན་དུ་མི་སྨྲ་བའི་སྐྱབས་སུ་སོང་བའོ། །ཞེས་གསུངས་ལ། ཐུབ་དགོངས་ལས། རྒྱུ་བཞིས་སྐྱབས་སུ་འགྲོ་བར་རིགས་པར་བྱ་སྟེ། ཡོན་ཏན་ཤེས་པ་དང༌། ཁྱད་པར་ཤེས་པ་དང༌། ཁས་བླངས་པ་དང༌། སྟོན་པ་གཞན་བསྟེན་པ་མ་ཡིན་པས་སོ། །དེ་རྣམས་ཀྱི་སྔ་མ་སྔ་མ་ཕྱི་མ་ཕྱི་མའི་རྒྱུ་སྟེ་ཞེས་སོགས་གསུངས་པ་སྔ་མ་དང་དོན་གཅིག་ལ། འདི་ཙམ་སྐྱབས་འགྲོ་དཔྱིས་ཕྱིན་པ་ཀུན་ལ་དགོས་ཀྱང༌། མདོ་སྡེ་རྒྱན་གྱི་ཐེག་ཆེན་ཐུན་མོང་མ་ཡིན་པ་སྟེ། དམིགས་པའི་ཁྱད་པར་སེམས་ཅན་ཀུན་གྱི་དོན་སྒྲུབ་པའི་ཕྱིར་རང་གི་མོས་པའི་ཡུལ་ཐེག་པ་གསུམ་གྱི་རྟོགས་རིགས་རྫོགས་པའི་གེགས་ཤེས་བྱའི་སྒྲིབ་པ་ཡང་དག་པའི་ཡེ་ཤེས་ཀྱིས་བཅོམ་པ་ལས་འབྲས་བུ་འཁོར་ཞི་རོ་གཅིག་པ་མི་གནས་པའི་མྱང་འདས་འགྲུབ་པའི་ཀུན་ཏུ་འགྲོ་བ་བཞི་དང༌། ངོ་བོའི་ཁྱད་པར་འབྲས་བུའི་སྐྱབས་དེ་རང་ལ་སྒྲུབ་པར་ཁས་བླངས་པའི་ཚུལ་གྱིས་སྐྱབས་སུ་སོང་བས་རྒྱལ་བའི་རིགས་སུ་སྐྱེ་ཞིང༌། དེར་སྐྱེས་པའི་རྒྱལ་པོའི་བུ་དང་བློན་པོ་ཆེན་པོ་ལྟར་ཡོན་ཏན་དུ་མ་འགྲུབ་པ་དང༌། ལམ་དུ་མ་ཞུགས་པ་དང༌། ཞུགས་པ་ན་ཡོན་ཏན་དུ་མ་རིམ་གྱིས་རྟོགས་པ་སྟེ་ཐོབ་པ་དང༌། ཉན་རང་ཟིལ་གནོན་གྱི་ཁྱད་པར་བཞི་དང་ལྡན་པའོ། །བློ་བརྟན་གྱི་འགྲེལ་བཤད་ལས། བདག་མེད་པ་ཉིད་རྟོགས་པས་ན་རྟོགས་པ་ཁྱད་ཞུགས་སོ། །ཞེས་བཤད་ཀྱང༌། ཡེ་ཤེས་ཀུན་འགྲོའི་དོན་ལས་གཞན་མི་སྣང་བས་འཐད་དཀའ་འམ་དཔྱད། ཁྱད་
པར་རྒྱས་པར་ནི་འགྲེལ་པ་འགྲེལ་བཤད་རྣམས་ལ་བལྟ་སྟེ། འདིར་གཞུང་གི་མཚམས་འབྱེད་ཚུལ་དང༌། དོན་གྱི་འབྲེལ་ལ་དཔྱོད་པའི་སྒོ་ཙམ་ལེགས་པར་ཕྱེ་ཡོད་དོ། ། ༈ ༼༥༽ཕར་ཕྱིན་བསྡུས་པ་ལས། སེམས་ཅན་རྣམས་ལ་སྙིང་བརྩེ་ཞིང༌། །བདེར་གཤེགས་ཡོན་ཏན་ཐོབ་མོས་ན། །དེ་བཞིན་གཤེགས་པ་ཐམས་ཅད་ལ། །མདོར་བསྡུས་སྐྱབས་སུ་སོང་བ་ཡིན། །ཞེས་དང། ཡང་དེ་ཉིད་ལས། བྱང་ཆུབ་མཆོག་གི་ཕྱོགས་ཀྱི་ཆོས། །བདག་དོན་མ་ཡིན་གཞན་དོན་དུ། །སྙིང་རྗེ་ཆེན་པོ་སྤྱོད་བྱེད་ན། །ཆོས་ལ་སྐྱབས་སུ་སོང་བ་ཡིན། །ཞེས་དང༌། ཡང་དེ་ཉིད་ལས། བྱང་ཆུབ་སེམས་མཆོག་མི་ལྡོག་དང༌། །དབང་དང་ཚད་མེད་ཡོན་ཏན་གྱིས། །བརྒྱན་པའི་ཡོན་ཏན་གང་འཚོལ་བ། །དེ་ནི་དགེ་འདུན་སྐྱབས་སོང་ཡིན། །ཞེས་གསུངས་པའི་ཕྱིར། ༼༤ཤུ༽ལུང་འདི་གསུམ་གྱི་དོན་ཐེག་ཆེན་པ་སངས་རྒྱས་ལ་སྐྱབས་སུ་འགྲོ་ཚུལ་སངས་རྒྱས་ཟུར་དུ་བཞག་ནས་ལྷ་སྐུ་ལ་ཕྱག་འཚལ་བ་ལྟར་སྐྱབས་སུ་འགྲོ་བ་མ་ཡིན་གྱི། སེམས་ཅན་རྣམས་ལ་སྙིང་བརྩེ་བས་དེ་དག་སྒྲོལ་བའི་ཆེད་དུ་རང་ཉིད་སངས་རྒྱས་ཀྱི་ངོ་བོར་སྒྲུབ་པར་འདོད་པ་ཡིན་པའི་ཕྱིར། རྒྱན་ལས། འདི་ནི་དེ་དངོས་འདོད་པས་ཁས་ལེན་དེ་ཡང་སྙིང་བརྩེ་ལས་རིགས་བྱ། །ཞེས་སོ། །ཚིགས་བཅད་གཉིས་པའི་དོན་ཡང༌། མ་བཏུང་བར་ཕྱག་འཚལ་བས་སྨན་གྱིས་མི་ཕན་པ་ལྟར། རྒྱུད་དང་མ་འདྲེས་པའི་ཆོས་ནི་སྐྱབས་དངོས་སུ་མི་འགྱུར་བས། སངས་རྒྱས་སྨན་པ་དེས་བསྟན་པའི་ཆོས་ཀྱི་སྨན་ལ་ཐེག་པ་ཆེན་པོའི་ཆོ་ག་བཞིན་དུ་སྤྱད་ན་ཤེས་བྱའི་སྒྲིབ་པའི་ནད་སེལ་ཏེ། སྐབས་
འདིའི་སྐྱབས་དངོས་སུ་བྱས་ནས་སྐྱོབ་ཚུལ་ཡིན་ནོ། །གསུམ་པའི་དོན། རྒྱང་རིང་པོར་འགྲོ་བའི་ལམ་གྲོགས་ནི། དེར་སོན་གྱི་བར་དུ་མི་ལྡོག་པ་ལམ་བར་གྱི་མཐུན་རྐྱེན་རྣམས་ལ་དབང་འབྱོར་བ། གྲོགས་ལ་བརྩེ་ཞིང་བྱམས་པ་ཞིག་ལ་བརྟེན་དགོས་པ་ལྟར། འདིར་ཡང་ཕྱིར་མི་ལྡོག་སོགས་ཀྱི་ཡོན་ཏན་ཅན་ཞིག་ནི། སྐྱབས་འགྲོའི་ཡུལ་གྱི་དགེ་འདུན་ཡིན་ནོ། །འདིར་ཚོལ་བ་ཞེས་པ་ཡོན་ཏན་དེ་དག་རང་གིས་ཚོལ་བ་ལ་བྱས་ན་གཉིས་པ་དང་ཟློས་པས་དེ་འདྲའི་ཡོན་ཏན་ཅན་གྱི་གྲོགས་ཚོལ་བའམ། དེ་འདྲ་འཚོལ་བའི་གྲོགས་དགེ་འདུན་ལ་ལམ་གྱི་ཟླ་གྲོགས་ཞུ་བ་ཅི་རིགས་སུ་སྦྱོར་དགོས་པས་འདིའི་འགྱུར་ཧ་ཅང་བདེ་བ་མི་སྣང༌། ༈ ༼༡བ༥༢༽ ༼༡༽ དར་ཊཱིཀ་ལས། སྐྱབས་འགྲོ་འདི་ལ་གོ་བ་ལེགས་པར་ཆགས་ན་གསུང་རབ་དགོངས་འགྲེལ་དང་བཅས་པ་མ་ལུས་པ་སྐྱབས་འགྲོ་བྱས་པའི་ཡན་ལག་ཏུ་ཤེས་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། ༼༤སུ༽འདིའི་གནད་ཀྱིས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་ངོ་བོའི་ལྡོག་ཆའམ། རྒྱུའི་ལྡོག་ཆའམ། བྱེད་པ་སྟེ་འཕྲིན་ལས་ཀྱི་ལྡོག་ཆ་ནས་སངས་རྒྱས་ཀྱི་ཡོན་ཏན་སྟོན་བྱེད་ཁོ་ན་ཡིན་ནོ། །ཞེས་རྗེ་བཙུན་ཡེ་ཤེས་རྒྱལ་མཚན་གསུངས་ཏེ། གསུང་རབ་གདམས་པར་ཤར་བའི་ལེགས་བཤད་དོ། ། ༈ ༼༣༽སྐྱབས་ཀྱི་དོན་དང་ཡོངས་སུ་སྐྱོབ་པའི་དོན་ཉོན་མོངས་ནས་ཐེག་དམན་གྱི་བར་ལས་སྐྱབས་པ་དང་སྐྱོབ་པའི་དོན་ཡིན་ཏེ། རྒྱན་གྱི་བྱང་ཆུབ་ཀྱི་སྐབས་ལས། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའམ། ཉོན་མོངས་པའི་ལམ་ལས་སྐྱོབ་ཚུལ་སྟོན་པར། རྟག་ཏུ་ཉོན་མོངས་ཚོགས་ཀུན་
དང༌། །ལས་ཀྱི་ཀུན་ཉོན་ནམ་ཉོན་མོངས་ལས་སྐྱོབ་ཚུལ་སྟོན་པར་ཉེས་པར་སྤྱོད་པ་ཐམས་ཅད་དང༌། །ཚེའི་ཀུན་ཉོན་ནམ་སྡུག་བསྔལ་གྱི་ལམ་ལས་སྐྱོབ་ཚུལ་སྟོན་པར། རྒ་དང་འཆི་བ་དག་ལས་ཀྱང། །སངས་རྒྱས་ཉིད་ནི་ཡོངས་སུ་སྐྱོབ། །ནས། ༼༤ཧུ༽འཚེ་བ་དག་ནི་ཐམས་ཅད་དང༌། །ངན་སོང་དང་ནི་ཐབས་མིན་དང༌། །འཇིག་ཚོགས་ཐེག་པ་དམན་པ་ལས། ། ༈ ༼༤༽དེ་ཕྱིར་སྐྱབས་ཀྱི་དམ་པ་འོ། །ཞེས་གསུངས་པའི་ཕྱིར། ༼༤ཨུ༽ཚིགས་བཅད་ཕྱི་མ་འདི་འགྲེལ་པ་འགྲེལ་བཤད་སོགས་ལས་སྐྱེས་བུ་གསུམ་ལ་སྦྱར་བ་མི་སྣང་ཡང༌། རྐང་པ་དང་པོ་གཉིས་ཀྱིས་ཆུང་ངུ་ཕལ་པ་དང༌། ཁྱད་པར་ཅན་གཉིས་ཚེ་འདིའི་གནོད་འཚེ་སོགས་དང༌། ཕྱི་མར་ངན་སོང་ལས་སྐྱོབ་ཚུལ་དང༌། རྐང་པ་གསུམ་པས་སྐྱེས་བུ་འབྲིང་རྣམས་འཇིག་ལྟ་སོགས་ཉོན་སྒྲིབ་ལས་སྐྱོབ་ཚུལ་དང་ཆེན་པོ་རྣམས་ཐེག་དམན་གྱི་ཡིད་བྱེད་ལས་སྐྱོབ་ཚུལ་བསྟན་པར་གསལ་ལ། མདོ་སྡེ་རྒྱན་གྱི་གཞུང་གོང་འོག་གང་ནའང་སྐྱེས་བུ་གསུམ་ལ་སྦྱར་ནས་བཤད་དགོས་པ་ཤིན་ཏུ་མང་བས་སླར་བཤད་པར་སྨོན། ༈ ༼༡ན༥༣༽ ༼༡༽ ཡང་ཁོ་ན་རེ། དོན་དམ་པའི་སྐྱབས་གསུམ་འགལ་བར་ཐལ། ཀུན་རྫོབ་པའི་སྐྱབས་གསུམ་འགལ་བའི་ཕྱིར་ན་མ་ཁྱབ་སྟེ། ༼༤ཀེ༽སེམས་ཙམ་པ་དང་མདོ་སྡེ་སྤྱོད་པ་བ་རྣམ་ཤེས་བདག་གི་མཚན་གཞིར་འདོད་པས་ཀུན་རྫོབ་པའི་སྐྱབས་གསུམ་ཀའི་གཞི་མཐུན་དུ་འདོད་དགོས་པར་སྣང་ལ། རྣལ་འབྱོར་སྤྱོད་པ་བ་དེ་ལྟར་མ་ཡིན་པར་ཕུང་པོའི་ཚོགས་ཙམ་གྱི་ང་ཞིག་འཇོག་སྟེ། འགྲེལ་ཆེན་ལས། རྒྱུན་ཉིད་ཀྱིས་ནི་གང་ཟག་ཅེས་བྱ་བ་ནི་གཅིག་གོ །ཞེས་དང༌། ཕར་ཕྱིན་ལམ་ཊཱིཀ་ལས། སློབ་དཔོན་གྱིས་
ཕུང་པོའི་རྒྱུན་གང་ཟག་ལ་འཇོག་པས་གང་ཟག་བདེན་པར་འཛིན་པ་ནི་ཕུང་པོ་ལས་བདེན་པར་འཛིན་པ་ཡིན་ལ། ཞེས་གསུངས་པའི་ཕྱིར། ༈ ༼༡བ༥༤༽ ༼༣༽ རྣམ་འགྲེལ་ལས། ཡུལ་མཐོང་བ་བག་ཆགས་ཙམ་ལས། དོན་གྱི་ནུས་པ་ལྟོས་མེད་ན། །བར་ཆད་ལ་སོགས་ཡོད་ན་ཡང༌། །དབང་སྐྱེ་བློ་ནི་སྐྱེ་བར་འགྱུར། །ཞེས་གསུངས་པའི་ཕྱིར། ༼༤ཁེ༽འདིར་དྲངས་པའི་ལུང་གི་འབྲེལ་དང༌། འོག་ཏུ། དང་པོའི་བག་ཙམ་སྲོག་ཆགས་ཕལ་ཆེར་ལ། །ཞེས་པ་ལྟར་ཕ་མ་ལས་ཐོབ་པའི་འཕངས་འབྲས་ཀྱི་མིག་གིས་བདག་རྐྱེན་བྱས་པའི་མིག་ཤེས་ཕལ་བ་ཞིག་སྐབས་འདིའི་ཤའི་མིག་ཤེས་ཙམ་པོ་དེ་ཡིན་པར་མངོན། ༈ ༼༡བ༥༦༽ ༼༣༽ རྒྱན་ལས། དབང་བོ་ལྔ་རྣམས་གཞན་འགྱུར་ན། །དོན་ཀུན་འཇུག་དང་ཐམས་ཅད་ཀྱི། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འབྱུང༌། །ཞེས་དང༌། ༼༤གེ༽འདིར་ཆ་བའི་ཕར་ཕྱིན་ལས། ཡང་ན་བརྒྱ་ཕྲག་དང༌། བཅུ་གཉིས་ཞེས་ཕྱེ་ནས། མཚན་སོ་གཉིས་དང༌། དཔེ་བྱད་བརྒྱད་ཅུ་སྟེ། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཞེས་ཀྱང་བཤད་རུང་བས། དེ་ལྟ་ན་གོ་སླ་བ་ཉིད་དོ། །ཞེས་བཤད་ཀྱང༌། དབྱིག་འགྲེལ་ལས། དེ་ལའང་སོ་སོར་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འབྱུང་བ་ལ། ཞེས་འབྱུང་ཞིང༌། བློ་བརྟན་གྱིས་ཀྱང་གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་དང༌། པད་དཀར་ལ་ཞལ་འཕང་མཛད་པའི་སྔ་མར་མི་གསལ་ཡང༌། ཕྱི་མ་འདིར་དྲངས་པ་འདི་ཡིན་པས་ཐུན་མོང་དུ་སྦྱར་བ་དང༌། གྲངས་བསྡུས་པ་མི་འཐད་པར་སེམས་སོ། ། ༈ ༼༡ན༥༧༽ ༼༤༽ དབྱེ་ན་གནས་དང་གནས་མིན་མཁྱེན་པ་མ་གཏོགས་པའི་ཤེས་པ་དགུ་ཡོད།
༼༤ངེ༽གནས་དང་གནས་མིན་མཁྱེན་པ་དང་ཡུལ་མཚུངས་པའི་མངོན་སུམ་ཡོད་ན། ལས་འབྲས་ཀྱི་འབྲེལ་བ་ཕྲ་མོ་རྟོགས་པའི་དེ་ཡོད་པར་འགྱུར་ཞིང༌། འདིར་ཆོས་ཀྱི་སྤྱན་གསར་ཐོབ་ནས་ཡོད་པའི་དབྱེ་བ་བསྟན་པའོ་ཞེས་ཁ་ཅིག་འདོད་ལ། དབང་པོའི་རིམ་པ་རྟོགས་པའི་ཚེ་ཆོས་ལ་གུས་པ་དང་ཆོས་སྤངས་པའི་རྣམ་སྨིན་གྱིས་དབང་པོ་རྣོ་རྟུལ་དུ་འགྱུར་བ་དང༌། ཚེ་སྔ་མར་སྦྱངས་པ་དང་ལྡན་མི་ལྡན། བསོད་ནམས་དང་བསོད་ནམས་མ་ཡིན་པ་ཇི་ལྟ་བུ་ལྡན་པ་དང༌། རྣམ་པར་ཤེས་པའི་ཁམས་ལ་སོགས་པ་ཤེས་པས་ལས་ཀྱི་རྣམ་པར་སྨིན་པ་དང༌། ཚེ་སྔ་མ་དང༌། འཆི་འཕོ་བ་དང༌། འཇིག་རྟེན་གྱི་ཁམས་དུ་མ་ཤེས་པ་སོགས་ཡོད་ཀྱང༌། དེའི་ཡུལ་ལ་ལས་འབྲས་ཀྱི་འབྲེལ་བ་འོང་དོན་མེད་པའི་རྒྱུ་མཚན་གྱིས་ཡིན་ནམ་དཔྱད། ༈ ༼༡བ༥༧༽ ༼༢༽ ཡུམ་འདི་ལ་སྤྱོད་པའི་བྱང་ཆེན་མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་འཐོབ་སྟེ། ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ། །ཞེས་པ་ནས། དགེ་སློང་སུམ་བརྒྱས་ཆོས་གོས་གྱོན་པ་ཕུལ་ནས་སེམས་བསྐྱེད་པས། བསྐལ་པ་དྲུག་ཅུ་རྩ་གཅིག་གི་རྗེས་སུ་བསྐལ་པ་སྐར་མ་ལྟ་བུ་ལ་རྫོགས་པའི་སངས་རྒྱས་དཔལ་ཆེན་པོ་ཞེས་བྱ་བར་ལུང་བསྟན་པའི་བར་གྱི་མདོ་ལས་མངོན་ཤེས་དྲུག་བཤད་པའི་དོན་སྟོན་པར། རྩ་འགྲེལ་འདི་བྱུང༌། ༼༤ཅེ༽འདི་མདོ་སྡེ་བསྐལ་བཟང་ལས། བསྐལ་པ་བཟང་པོ་འདིའི་འོག་ཏུ་སངས་རྒྱས་མེད་པའི་བསྐལ་པ་དྲུག་ཅུ་འབྱུང་ངོ༌། །དེའི་འོག་ཏུ་བསྐལ་པ་སྙན་པ་ཆེན་པོ་ཞེས་བྱ་བ་འབྱུང་སྟེ། བསྐལ་པ་གཅིག་པོ་དེ་ལ་སངས་རྒྱས་ཁྲི་འབྱུང་ངོ༌། །
བསྐལ་པ་སྙན་པ་ཆེན་པོ་དེའི་འོག་ཏུ་སངས་རྒྱས་མེད་པའི་བསྐལ་པ་བརྒྱད་ཁྲི་འབྱུང་ངོ༌། །དེའི་འོག་ཏུ་བསྐལ་པ་སྐར་མ་ལྟ་བུ་ཞེས་བྱ་བ་འབྱུང་ངོ༌། །བསྐལ་པ་དེ་གཅིག་ལ་སངས་རྒྱས་བརྒྱད་ཁྲི་འབྱུང་ངོ༌། །ཞེས་གསུངས་པ་འདི་དང་ཅུང་མི་འདྲ་བ་དཔྱད་དགོས་ལ། འདི་མངོན་ཤེས་ལ་འདོམས་པར་འགྲོ་ཚུལ་ནི། ཉི་སྣང་ལས། དེའི་དུས་སུ་ལུང་བསྟན་པའི་གདམས་ངག་གི་འབྲས་བུ་དུས་གཞན་དུ་ཐོབ་པར་བསྟན་པའི་དོན་གྱིས་གསུངས་པ་ཡིན་ནོ། །ཞེས་མ་འོངས་པ་ཆགས་ཐོགས་མེད་པར་གཟིགས་པའི་མངོན་ཤེས་རང་ལ་མངའ་བར་བསྟན་པའི་སྒོ་ནས་གདུལ་བྱ་ལ་ཡང་དེ་སྒྲུབ་པར་འདོམས་པས་བསྡུ་བ་བཞིའི་ནང་གི་དོན་མཐུན་དོན་སྤྱོད་གཉིས་ཡིན་ནོ། ། ༈ ༼༥༽མཛོད་ལས། བསམ་གཏན་དག་གིས་ལམ་རྣམས་སླ། །ས་གཞན་དག་གིས་དཀའ་བ་ཡིན། །ཞེས་གསུངས་པའི་ཕྱིར། ༼༤ཆེ༽མཛོད་ཀྱི་ལུང་འདི་མཐོང་བཞིན་དུ་ད་དུང་འདི་ལམ་སྤྱིའི་དབང་དུ་བྱས་པ་ཡིན་གྱི། མངོན་ཤེས་ཉེར་བསྡོགས་ལ་བརྟེན་པ་མི་སྲིད་ཅེས་ཡིག་འཇོག་མཁན་མང་པོས་བྲིས་སྣང་བ་མི་འཐད་དེ། འདིའི་རྩ་བ་ཆོས་མངོན་པའི་མདོ་ལས། དགེ་སློང་དག་ལམ་ནི་རྣམ་པ་བཞི་སྟེ། མངོན་པར་ཤེས་པ་བུལ་ལ་དཀའ་བའི་ལམ་དང༌། མངོན་པར་ཤེས་པ་མྱུར་ལ་དཀའ་བའི་ལམ་དང༌། མངོན་པར་ཤེས་པ་བུལ་ལ་སླ་བའི་ལམ་དང༌། མངོན་པར་ཤེས་པ་མྱུར་ལ་སླ་བའི་ལམ་མོ་ཞེས་གསུངས་པའི་ཕྱིར། ༈ ༼༦༽ཁྱབ་སྟེ། ༼༤ཇེ༽དེའི་མཇུག་ཏུ། བློ་རྟུལ་མངོན་ཤེས་བུལ་བ་དང༌། །གཅིག་ཤོས་
ཀྱིས་ནི་མངོན་ཤེས་མྱུར། །ཞེས། ༼༦༽སྐྱེ་དཀའ་ལ་མྱུར་བ་དང་བུལ་བ་གཉིས་བཤད་པའི་ཕྱིར། ༈ ༼༡ན༥༨༽ ༼༦༽ འབུམ་གྱི་གནོད་འཇོམས་ལས། བྱང་ཆུབ་སེམས་དཔའ་ཡོངས་སུ་དག་པ་རྣམས་ཀྱི་མངོན་པར་ཤེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ལ་སོགས་པས་གོང་མ་རྣམས་ཀྱི་མཐུ་ལ་སོགས་པ་ཤེས་པ་ལ་ཐོགས་པ་མེད་དེ། ཞེས་གསུངས་པའི་ཕྱིར། ༼༤ཉེ༽འདིར་འཇིག་རྟེན་པའི་ཐུགས་མངོན་དུ་མཛད་པ་དེ་ཉིད་བྱང་སེམས་ཀྱི་མངོན་ཤེས་ཀྱི་ཡུལ་དུ་འགྱུར་བའི་དོན་ཡིན་པར་བླ་མ་རྣམས་གསུངས་ལ། འཇིག་རྟེན་པའི་ཐུགས་མངོན་དུ་བྱས་ཚུལ་ཡང༌། གཞི་བསྡུ་བར། དེ་བཞིན་གཤེགས་པས་འཇིག་རྟེན་པའི་ཐུགས་ཀྱིས་འོང་བར་བྱ་བའི་དགོངས་པ་བསྐྱེད་པ་རིགས་པའི་ཕྱིར་རོ། །ཞེས་དང༌། མཛོད་འགྲེལ་དུ། འཇིག་རྟེན་པའི་སེམས་མངོན་དུ་བྱས་པའི་ཚེ་འཕགས་ལམ་མེད་ཀྱང༌། ཐོས་པ་ལྡན་པར་བཤད་པ་ལྟར་ན། སེམས་བྱེ་བྲག་པ་ཀུན་རྫོབ་རྣམ་ཅན་ཞིག་བཞག་དགོས་ལ། རྟོག་གེ་འབར་བ་ལས། ལྷ་དག་གིས་ཀྱང་བཅོམ་ལྡན་འདས་ཀྱིས་སྐབས་གནང་བས། ཐུགས་ལ་བལྟས་ནས། ཞེས་པ་ནས། གཞན་དུ་ན་བཅོམ་ལྡན་འདས་ཀྱི་ཐུགས་སུས་ཀྱང་ཤེས་པར་མི་ནུས་སོ། །ཞེས་པ་ལྟར་ན། འཇིག་རྟེན་པའི་ཐུགས་མངོན་དུ་བྱས་པའི་དོན། ཐུགས་དེ་དག་གིས་རྟོགས་ནུས་པར་བྱིན་གྱིས་བརླབས་པ་ཙམ་ལ་བྱ་ཡི། ཤེས་པ་མི་འདྲ་བ་ཞིག་བསྐྱེད་དགོས་པ་མིན་ལ། ལུང་འདི་ལྟར་ན་དེ་ལྟར་བྱས་ཚེ་ལྷ་ཕལ་བས་ཀྱང་རྟོགས་ནུས་ལ། སྤྱིར་སེམས་ཅན་སུས་ཀྱང་རྟོགས་མི་ནུས་པ་འདྲ་ཞིག་འདུག་པས་ཞིབ་དཔྱོད་དགོས། ༈ ༼༡ན༥༩༽ ༼༤༽
དབྱེ་ན། རྫུ་འཕྲུལ་གྱི་དེ། ལྷའི་རྣ་བའི་དེ། ༼༤ཏེ༽འདིར་བདག་རྐྱེན་ལྷའི་རྣ་བ་སོགས་ནི། འཕངས་འབྲས་ཀྱི་རྣ་དབང་དེའི་ཐན་ཀོར་དུ་བསམ་གཏན་གྱི་སས་བསྡུས་པའི་འབྱུང་བ་རྒྱུར་བྱས་པ་ལས་ཤ་ཁྲག་སོགས་དང་མ་འབྲེལ་བའི་དབང་པོ་དྭངས་པ་མེ་ལོང་དང༌། གཟུགས་བརྙན་གྱི་ཚུལ་དུ་འབྱུང་བ་ཡིན་གྱི། བྱང་སེམས་ཁ་ཅིག་དང༌། འཁོར་སྒྱུར་དང༌། ཁྱིམ་བདག་ལྟ་བུ་ལྷའི་མིག་དང་འདྲ་བས་དེར་བརྟགས་པ་ཙམ་མ་ཡིན་པར་མཛོད་འགྲེལ་ལས་གསུངས་སོ། ། ༈ ༼༡བ༦༢༽ ༼༥༽ ཡང་ཁ་ཅིག་ན་རེ། ཡོངས་འཛིན་གྱི་ཁྱད་པར་དེ་གཉིས་ལ་ཐེག་ཆེན་གྱི་ལམ་གྱི་ལུས་ཡོངས་རྫོགས་སྟོན་པའི་བཤེས་གཉེན་ཡོད་པ་དང་མེད་པས་ཟེར། ཆོས་རྒྱུན་གྱི་ཏིང་ངེ་འཛིན་ལ་བསམས་ཏེ། ལ་ལས་སྟོན་པ་མཆོག་སྤྲུལ་གྱིས་དེ་ལྟར་སྟོན་པ་ཡོད་མེད་ཀྱིས་ཟེར། ལ་ལས་༼༤ཐེ༽ལེའུ་བརྒྱད་མ་མ་མཐོང་བར་འགྲེལ་ཆུང་དང༌། རྒྱན་སྣང་ཙམ་ལ་བལྟས་ནས་སློབ་དཔོན་གྱི་ལུགས་ལ་ཕྱིའི་ཡོངས་འཛིན་ཁོ་ནའི་སྒོ་ནས་ཁྱད་པར་དུ་འཕགས་ཚུལ་བཤད་པ་ཡིན་ལ། འཕགས་པས་ཉི་སྣང་དུ་རྐང་པ་དང་པོས་ནང་གི་ཡོངས་འཛིན་ཐབས་མཁས་དང༌། གཉིས་པས་ཕྱིའི་ཡོངས་འཛིན་བཤེས་གཉེན་བསྟན་པར་གསུངས་པས་ཕྱི་ནང་གི་ཡོངས་འཛིན་ཚང་མ་ཚང་གི་སྒོ་ནས་ཁྱད་འབྱེད་དགོས་པས། ༈ ༼༥༽འཕགས་སེང་གི་ལུགས་གཉིས་ཐ་དད་པ་སྐད་ཟེར་རོ། ། ༈ ༼༦༽དེར་ཐལ། དེ་ལྟར་མདོ་ཉི་ཁྲི་ལས་གསུངས་ཤིང༌། དེ་དང་སྦྱར་བའི་ཚེ་མདོའི་དབང་གིས་འཕགས་སེང་གཉིས་ཀྱང་བཞེད་ཚུལ་མཚུངས་པར་གསལ་བའི་ཕྱིར་ཏེ། ༈ ༼༡ན༦༣༽ ༼༤༽ འགྲེལ་
པ་ལས། ཡོངས་སུ་འཛིན་པ་དང་བྲལ་བ་དང༌། ཞེས་སོ། ། ༼༤དེ༽འདིར་ལེའུ་བརྒྱད་མ་དྲངས་པས་སློབ་དཔོན་གྱི་བཞེད་པ་ཡང་འཕགས་པ་དང་མཐུན་པར་བསྟན་ཅིང༌། འགྲེལ་པར་ཡོངས་སུ་འཛིན་པ་དང་བྲལ་གསུངས་པ་ཡང་གཉིས་ཀ་ཡོངས་འཛིན་དུ་མཚུངས་པས་ཚིག་གཅིག་ལ་བསྡུས་པ་ཡིན་གྱི། ཕྱིའི་ཡོངས་འཛིན་ཁོ་ནར་སྦྱོར་བ་མི་འཐད་པས། དེ་གོ་ཆེད་དུ་ལེའུ་བརྒྱད་མ་དྲངས་པའི་དོན་བསྡུར་འགྲེལ་ཆུང་དྲངས་སོ། །༈ ༼༡བ༦༣༽ ༼༣༽ འདིའི་སྦྱོར་ལམ་བཞི་དང་མཐོང་སྤང་གཟུང་འཛིན་གྱི་རྟོག་པ་མངོན་གྱུར་བཞི་རིམ་བཞིན་ཉམས་སྨད་བྱེད་ཀྱི་སྤོང་གཉེན་དུ་སྦྱོར་བའི་ཕྱིར། ༼༤ནེ༽ཐལ་འགྱུར་བ་དམིགས་པ་སོ་སོ་བ་བསྡུས་ནས་དང༌། རྣམ་པ་རིག་པའི་རྣམ་གྲངས་མང་ཉུང་ཡོད་ཀྱང༌། མཐོང་ལམ་དུ་མཐོང་སྤང་བདེན་འཛིན་སྤོང་ཞིང༌། སྦྱོར་ལམ་དུ་ཉམས་སྨོད་པ་འདྲ་བས། རྣམ་རྟོག་བཞི་དང་ལྡན་ཚུལ་གྱི་ཁྱད་དཀའ་སྟེ། གྲོགས་སོགས་ཀྱི་སྟོབས་ཀྱི་ནུས་པ་ཆེ་ཆུང་ཞིག་འབྱེད་རྒྱུ་ཡིན་ནམ་དཔྱད། དམན་པའི་ལམ་གྱིས་གང་ཟག་གི་བདག་འཛིན་རགས་པ་མངོན་གྱུར་པ་དེའི་ཚེ་ཉམས་སྨོད་པར་རང་རྒྱུད་པ་འདོད་ཀྱང༌། ཆགས་བྲལ་སྔོན་སོང་དུ་མི་འགྱུར་ཚུལ་གྱི་ཞིབ་ཆ་དགོས། མཁས་གྲུབ་རྟོག་གེ་སྣང་བར། སྤང་བྱར་ལྡན་པས་དེའི་ཁྱད་ཆོས་སུ་འགྲོ་ན་ཤེས་སྒྲིབ་བག་ཆགས་དང་བཅས་པ་སངས་རྒྱས་ཀྱི་ཁྱད་ཆོས་སུ་འགྱུར་ཞེས་བཀག་ནས། རང་ལུགས་ཡེ་ཤེས་དེའི་ངེས་ངོར་བདེན་མེད་རྟོགས་ཀྱང་སྣང་ངོར་གཟུང་འཛིན་ཀུན་བྱང་སོགས་སུ་བདེན་པར་སྣང་བ་ལ་བྱེད་ཅེས་རང་ཡིན་གྱི་ཚུལ་དུ་གསུངས་ཤིང། མཐོང་སྤང་སོགས་སུ་གསུངས་པ་དེའི་ཟག་པ་དང་
བཅས་པ་ལ་བཀྲལ་ལོ། ། ༈ ༼༡༧༠༽ ༼༥༽ སྒྲ་གཅིག་པུ་བརྗོད་ཚེ་དེ་ཡིན་པའི་ཕྱིར་ན་མ་ཁྱབ། ༼༤པེ༽སྟེ། སྤྱིར་སྒྲ་བྱས་པ་ཡིན་ཞེས་བརྗོད་པའི་ཚེ་ཀ་བུམ་སོགས་ཀྱི་བྱས་པ་ཡིན་པ་གཅོད་པས་ཁྱད་པར་གཞན་སྤོང་ཡིན་ཀྱང་སྒྲ་གཅིག་པུ་དམིགས་ཀྱིས་བཀར་ཏེ་བྱས་སམ་མ་བྱས་དྲིས་པ་ལ་བྱས་པ་ཡིན་ཞེས་བརྗོད་པའི་ཚེ་བརྗོད་འདོད་ཀྱི་དབང་གིས་ཀ་བུམ་སོགས་ཀྱི་བྱས་པ་གཅོད་དོན་མེད་པས་ཁྱད་པར་གཞན་མི་སྤོང་ཡིན་ཏེ། སྤོང་མི་སྤོང་བརྗོད་འདོད་ཀྱི་དབང་གིས་མ་གཏོགས་སྒྲའི་ངོས་ནས་འབྱེད་དཀའ་བའི་ཕྱིར་རོ། །༈ ༼༡ན༧༢༽ ༼༤༽ ཤེས་སྒྲིབ་གཟུང་རྟོག་ཡིན་པའི་ཕྱིར། དེར་ཐལ། སྐབས་ལྔ་པ་ནས་བཤད་པའི་ཤེས་སྒྲིབ་འཇུག་པ་གཟུང་རྟོག་དགུ་དང༌། ཤེས་སྒྲིབ་ལྡོག་པ་གཟུང་རྟོག་དགུ་ཡོད་པའི་ཕྱིར་ཏེ། ༈ ༼༡བ༧༢༽ ༼༦༽ ཤེས་སྒྲིབ་གཟུང་འཛིན་གྱི་རྟོག་པ་གཉིས་དམིགས་ཡུལ་ཁོ་ནའི་སྒོ་ནས་འཇོག་པའི་ཕྱིར། ཁྱབ་སྟེ། ༼༤ཕེ༽དེ་ལྟར་བྱས་ན་དེའི་ཡུལ་ལ་གཟུང་འཛིན་གཉིས་སུ་ཕྱེ་བའི་གཟུང་བ་ཁོ་ན་མ་གཏོགས་མི་ཡོང་དགོས་པ་གང་ཞིག ། ༈ ༼༦༽སྐྱེ་མཆེད་བཅུ་གཉིས་ཀྱི་གཟུགས་སོགས་ཡུལ་དྲུག་གཟུང་བ་དང། མིག་སོགས་ཡུལ་ཅན་དྲུག་འཛིན་པ་ཡིན་པའི་ཕྱིར་ཏེ། གསེར་འཕྲེང་ལས། སྐྱེ་མཆེད་དང། ཤེས་པ་དང། ཤེས་བྱ་དང། བདག་དང་བདག་གི་བའི་དབང་དུ་བྱས་པའོ། །དང་པོ་ལྟར་ན་ཡུལ་དྲུག་གཟུང་བ་དང། དབང་པོ་དྲུག་འཛིན་པའོ། །གཉིས་པ་ལྟར་ན་བེམ་པོ་ཐམས་ཅད་གཟུང་བ་དང། རིག་པ་ཐམས་ཅད་འཛིན་པའོ། །གསུམ་པ་ལྟར་ན་བདག་ནི་གཟུང་བ་དང། བདག་གི་བ་ནི་འཛིན་པའོ། །ཞེས་གསུངས་པའི་ཕྱིར། ༈ ༼༡བ༧༣༽ ༼༣༽ འཛིན་རྟོག་ལ་རྫས་འཛིན་དང་རྫས་འཛིན་རྟོག་པའི་ཁྱད་པར་མ་ཕྱེད་པ་ཁ་ཅིག་ན་རེ།
༈ ༼༡བ༧༤༽ ༼༡༽ ཉི་སྣང་ལས། ཆོས་ཐམས་ཅད་བདག་མེད་པ་ཡིན་ནོ། །ཞེས་སོ་སོ་སྐྱེ་བོས་ཀྱང་རྟོགས་པ་མིན་ནམ། ནས། སོ་སོ་སྐྱེ་བོ། དེ་དག་གིས་ནི་མོས་པ་ཡིད་ལ་བྱེད་པ་ལ། འདིར་འཕགས་པ་ནི་དེ་ཁོ་ན་ཡིད་ལ་བྱེད་པ་བརྗོད་པར་འདོད་པས། ༼༤བེ༽དེ་གཉིས་ལ་བཏགས་པ་ཙམ་དུ་འཆར་ཚུལ་ཤུགས་ཆེ་ཆུང་ཆེས་མི་འདྲ་སྟེ། དེའི་ཕྱིར་ཁྱོད་ཀྱི་རྩོད་པ། ༼༤༽སྙིང་པོ་མེད་དོ། །ཞེས་གསུངས་པའི་ཕྱིར་དང། ༈ ༼༣༽ཉི་སྣང་ལས། དེའི་ཚིག་ནི་ཐ་སྙད་པ་ཕ་རོལ་བོས་གོ་ཆེད་ཡིན་གྱི་དོན་དམ་པ་དངོས་གནས་ལ་ངའོ་སྙམ་དུ་ཞེན་ནས་མིན་པ་དེས་ན་སྙིང་པོ་མེད་དོ། །ཞེས་གསུངས་པའི་ཕྱིར་དང། ༈ ༼༤༽རྣམ་བཤད་ལས། སྤྱིར༌འཛིན་རྟོག་གཉིས་ཀའང་སྐྱེ་འཕགས་གཉིས་ཀའི་རྟེན་ཅན་དུ་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། ༈ ༼༡ན༧༥༽ ༼༦༽ ཉི་སྣང་ལས། གཟུང་བའི་རྣམ་པར་རྟོག་པ་ཡིན་ལ་འཛིན་པའི་རྣམ་པར་རྟོག་པ་ནི་མ་ཡིན་པ་ཞེས་བྱ་བ་མུ་བཞི་སྟེ། མུ་དང་པོ་ནི། གཟུགས་ལ་སོགས་པའི་ཡུལ་དྲུག་གོ །ཞེས་གསུངས་པའི་ཕྱིར། ༼༤མེ༽ཉི་སྣང་གི་ལུང་དེས་གཟུགས་སོགས་ཡུལ་དྲུག་ལས་ཚིག་ཟིན་ལ་མ་བསྟན་ཡང། དེ་ལོངས་སྤྱོད་བྱར་བདེན་པར་ཞེན་པའི་ཡུལ་ཅན་གཟུང་རྟོག་དང་པོར་གོ་བའི་དོན་ནོ། ། ༈ ༼༡བ༧༥༽ ༼༦༽ མདོ་ལས། གཟུང་རྟོག་སྤྱིར་བསྟན་པའི་རྟོག་པ་ཡིན་ན་རྣམ་བྱང་གཟུང་རྟོག་ཡིན་དགོས་པའི་ཕྱིར་ཏེ། ༼༤ཙེ༽གསེར་འཕྲེང་ལས། འདིའི་དོན་གཟུང་རྟོག་ཚན་གཉིས་ཀྱི་དང་པོ་དངོས་ཙམ་ལ་བརྟེན་པ་ཞེས་པ། དེ་ནི་ཀུན་བྱང་གཉིས་ཀའི་ཡུལ་ཅན་དང། གཉེན་པོའི་རྟེན་ཅན་ནི་རྣམ་བྱང་ཁོ་ནའི་ཡུལ་ཅན་ཡིན་པས་དང་པོ་གང་ཡིན་དེས་གཉིས་པའི་དམིགས་
པར་ཡང་དམིགས་ལ་གཉིས་པ་གང་ཡིན་དེས་དང་པོའི་དམིགས་པ་ཆ་ཙམ་ལ་མ་དམིགས་པས་ཁྱབ་པར་གསུངས་སོ། །འོག་ཏུ་ཉོན་མོངས་གཟུང་རྟོག་དགུ་གསུངས་ཀྱང། ཉི་སྣང་ལས། དངོས་པོ་ཙམ་ལ་བརྟེན་པ་ཞེས་འབྱུང་ཞིང། ཙམ་སྒྲའི་དོན་ཀུན་བྱང་བྱེ་བྲག་ཏུ་མ་བཅད་པར་ཐུན་མོང་དུ་དམིགས་པ་ལ་གསུངས་སོ། །དེ་མཚན་ཉིད་ཀྱི་དབང་དུ་བྱས་ཞེས་པའི་གཅིག་པུ་དེ་ཡིན་གྱི། དགུ་ཚན་དང་པོ་དེ་མ་ཡིན་ནོ་སྙམ་ན། འདིར་དངོས་པོ་ཞེས་པ་རྩ་བའི་གཞི་ཞེས་པའི་འབྲེལ་བ་ཡིན་ཞིང། དེ་ནི་སོ་སོར་རྣམ་པ་དགུ །ཞེས་པའི་དེ་སྒྲ་གོང་གི་གཞི་ལའང་འཇུག་དགོས་པའི་ཕྱིར་ཏེ། གསེར་འཕྲེང་སྟེང་ནས་དཔྱད་རྒྱུ་དུ་མ་ཡོད་མོད་ཀྱང་མ་སྤྲོས། ༈ ༼༡ན༧༨༽ ༼༡༽ གཟུང་བ་རང་བཞིན་མེད་པ་མན་ཆད་ཀྱི་ཆོས་ཐོས་པས་གསོ་བར་བྱ་བ་རང་རྒྱལ་གྱི་རིགས་ཟེར་བ་ལ། ཡང་ཁ་ཅིག་ན་རེ། རང་རྒྱལ་གྱི་རིགས་གཟུང་བ་རང་བཞིན་མེད་པའི་ཆོས་ཐོས་པས་གསོ་བའི་དོན་གཟུང་བ་ཕྱི་དོན་མེད་པ་དང་བདེན་མེད་གང་རུང་དགོས་པས་མི་འཐད་ཟེར། ༼༤ཚེ༽འདི་ལ་ཡིག་ཆ་རྙིང་པར་རྒ་ཤི་མ་རིག་པའི་འཁྲུལ་སྣང་ཙམ་ལས། དོན་གཞན་གྱིས་སྟོང་པར་རྟོགས་པ་ལ་བྱེད་གསུངས་པ་ནི། མེད་པའི་རྣམ་པ་ནས་བཟུང་སྟེ། །ཞེས་སོགས་ཀྱི་ཐད་དང་འགྲིག་པར་སྣང་ངོ་། ། ༈ ༼༡བ༧༨༽ ༼༡༽ མངོན་རྟོགས་བཅུའི་ནང་གི་ཆོས་དང། དོན་དང། དེ་ཁོ་ན་དང། རྗེས་ལ་དང། དཀོན་མཆོག་དང། ཀུན་ཏུ་མི་འབྱུང་བ་དང་མཐར་ཐུག་པའི་མངོན་པར་རྟོགས་པ་བདུན་དང། ཉན་ཐོས་ཀྱི་མངོན་རྟོགས། རང་རྒྱལ་གྱི་མངོན་རྟོགས། སངས་
རྒྱས་ཀྱི་མངོན་རྟོགས་ཏེ་བཅུ་པོ་དེ་ཡིན་པའི་ཕྱིར། ༈ ༼༡ན༧༩༽ ༼༦༽ དཔེ་དགུ་ཚན་གཉིས་ཀྱིས་ཀྱང་བསྟན་པའི་ཕྱིར། ༼༤ཛེ༽རིགས་འདི་དཔེའི་སྒོ་ནས་སྟོན་པར། རྒྱུད་བླ་མ་ལས། དེ་ཡི་རང་བཞིན་ཆོས་སྐུ་དང། །དེ་བཞིན་ཉིད་དང་རིགས་ཀྱིས་ཏེ། །ཞེས་པའི་ཆོས་སྐུ་ལ་དྲང་ངེས་ཀྱི་མདོ་གཉིས། རྟོགས་པའི་བསྟན་པ་སྟེ་གསུམ། དེ་བཞིན་ཉིད་དང་བཞི། རིགས་ལ་རང་བཞིན་གནས་རིགས་དང། རྒྱས་འགྱུར་གཉིས་ཏེ་དྲུག །རྒྱས་འགྱུར་ལ་ཡང། ཆོས་སྐུར་འགྱུར་རུང་དང། གཟུགས་སྐུ་གཉིས་ལ་འགྱུར་རུང་སྟེ། དོན་དགུ་པོ་མཚོན་བྱེད་དཔེ་དགུ་སྟོན་པར། སངས་རྒྱས་སྦྲང་རྩི་སྙིང་པོ་བཞིན། །གསེར་བཞིན་གཏེར་བཞིན་ལྗོན་པ་བཞིན། །རིན་ཆེན་སྐུ་དང་འཁོར་ལོ་ཡིས། །བསྒྱུར་བ་བཞིན་དང་གསེར་གཟུགས་བཞིན། །ཞེས་བྱུང། རིགས་དེ་སྒྲིབ་བྱེད་དགུ་འཆད་པར། ཆགས་དང་སྡང་དང་རྨོངས་དང་དེའི། །ཀུན་སྡང་དྲག་དང་བག་ཆགས་དང། །མཐོང་སྒོམ་ལམ་སྤང་མ་དག་དང། །དག་པའི་ས་ལ་བརྟེན་པ་ཡི། །དྲི་མ་རྣམ་དགུ །ཞེས་བྱུང། ཀུན་སྡང་དྲག་དང་ཞེས་དུག་གསུམ་གྱི་མངོན་གྱུར་པ་གསུམ་གཅིག་ཏུ་བགྲངས་སོ། །དེ་མཚོན་བྱེད་དགུ་སྟོན་པར། པདྨ་སྲོག་ཆགས་བུང་བ་དང། །སྦུན་པ་དང་ནི་མི་གཙང་དང། །འབྲས་ཤུན་གོས་ཧྲུལ་བུད་མེད་ཀྱི། །མངལ་དང་ས་ཡི་སྦུབས་ན་ཡང། །ཞེས་བྱུང། དེ་དག་མཚོན་ཚུལ་སོགས་རྒྱུད་བླ་རྩ་འགྲེལ་དུ་གསལ་ལོ། ། ༈ ༼༦༽རྒྱུད་བླ་མ་ལས། དེ་ལྟར་རྒྱལ་བའི་སྙིང་པོ་ཡིས། །རྣམ་གཞག་རྣམ་པ་བཅུ་ཞེས་བརྗོད། ། ༼༤ཝེ༽རྣམ་གཞག་རྣམ་པ་བཅུའི་སྒོ་ནས་རིགས་གཏན་ལ་ཕབ་སྟེ།
རྒྱུད་བླ་མ་ལས། ངོ༡་བོ་རྒྱུ༢་འབྲ༣ས་ལ༤ས་ལྡ༥ན་འཇུ༦ག་པ་དང། །གན༧ས་སྐབས་དེ་བཞིན་ཀུ༨ན་ཏུ་འགྲོ་བའི་དོན། །རྟག་ཏུ་མི༩་འགྱུར་ཡོན་ཏན་དབྱེ༡༠ར་མེད་ནི། །ཞེས་པས་མདོར་བསྟན་ནས། རྒྱས་པར། རིན་ཆེན་ནམ་མཁའ་ཆུ་དག་བཞིན། །ཞེས་སོགས་རང་སྤྱི་གཉིས་ཀྱི་སྒོ་ནས་ངོ་བོ་ལ་སྦྱར། ཐེག་མཆོག་ལ་མོས་ས་བོན་ཤེས་རབ་ནི། །ཞེས་སོགས་རྒྱུ་ལ་སྦྱར། གཙང་བདག་བདེ་དང་རྟག་ཉིད་ཀྱི། །ཞེས་སོགས་ཀྱིས་འབྲས་བུའི་དོན་དུ་བཤད་པ་སོགས་ལེགས་བཤད་བླ་ན་མེད་པ་དུ་མ་རྗེ་བཙུན་དམ་པའི་ཞལ་ལས་ཐོས་ཀྱང་ཤོག་ཆུང་འདིའི་འདབས་སུ་མ་ཤོང། ༈ ༼༡ན༨༡༽ ༼༥༽ མཛོད་ལས། སངས་རྒྱས་གཉིས་དང་ཉན་ཐོས་བདུན། །དེ་དགུ། ཞེས་པ་ལྟར། དབྱེ་ན་དགྲ་བཅོམ་དགུའི་རིགས་དགུ་ཡོད། ༈ ༼༡བ༨༡༽ ༼༤༽ མདོ་ལས། སྐྱེ་མཆེད་དྲུག་གི་ཁྱད་པར་གང་ཡིན་པ་སྟེ། ཞེས་གསུངས་པའི་ཕྱིར། ༼༤ཞེ༽འདིའི་དོན་ཡང་ན་སྐྱེ་མཆེད་དྲུག་ལ་བཏགས་པའི་གང་ཟག་གི་གདགས་གཞིའི་རྣམ་ཤེས་སྟེང་དུ་བག་ཆགས་འཇོག་ཅེས་པའི་དོན་ཡིན་གསུངས། ༈ ༼༤༽སྒོ་ལྔའི་རྣམ་ཤེས་གནས་འགྱུར་སྤྲུལ་སྐུར་བཙུན་པས་བཞེད་པའི་ཕྱིར། ༼༤ཟེ༽ཞེས་གསུངས་པ་འདི་ལྟར་ན་མིག་ཤེས་ཀྱི་སྟེང་ན་ཡང་སངས་རྒྱ་རུང་གི་བག་ཆགས་ཡོད་པས་བག་ཆགས་འཛིན་པའི་ཤེས་པ་ལ་ཀུན་གཞིར་མ་ངེས་སོ། ། ༈ ༼༡ན༨༢༽ ༼༣༽ རིགས་དྲུག་ནི་གོ་སླ། ༼༤འེ༽ཐེག་པ་གསུམ་གྱི་རིགས་གསུམ། ངེས་མ་ངེས་ཀྱི་རིགས་གཉིས། རིགས་ཆད་དང་དྲུག་གོ ། ༈ ༼༡བ༨༢༽ ཀླུ་སྒྲུབ་ཀྱིས། དག་ཕྱོགས་ས་དང་འོད་ཟེར་དང། །ཕྱུག་
དང་མིག་དང་རྡོ་རྗེ་དང། །མཐོ་རིས་ཆུ་དང་དོན་དགུ་ལ། །མཁས་པས་གོ་སྒྲ་ངེས་པར་གདགས། །ཞེས་གསུངས་པ་ལྟར། གོ་སྒྲ་ས་ལ་བྱས་ནས་སས་བསྡུས་པ་སྐྱོབ་པས་དེར་བརྗོད་པའི་ཕྱིར་ཏེ། ༼༤ཡེ༽གོ་ཏྲ་ཞེས་པའི་གའི་ན་རོ་ཨུ་ན་ཞེས་པར་བསྒྱུར་བའི་གའི་སྲོག་ཏུ་ཞུགས། ཞབས་ཀྱུ་ག་ལ་བཏགས་པས། གུ་ཎ་སས་བསྡུས་དང། ཕྱོགས་སོགས་ལ་འཇུག །ཏྲའི་ཏ་དང་ར་སོ་སོར་ཕྲལ་བས་ཏ་ར་སྒྲོལ་བའམ་སྐྱོབ་པ་སྟེ། གསང་འདུས་རྩ་རྒྱུད་ལས། ཏྲ་ནི་སྐྱོབ་པར་བྱེད་པའི་དོན། །འཇིག་རྟེན་སྤྱོད་ལས་རྣམ་གྲོལ་བར། །ཞེས་སོགས་གསུངས་པའི་ཕྱིར། ༈ ༼༡བ༨༤༽ ༼༣༽ གཉེན་པོ་བར་ཆད་མེད་ལམ་གྱི་ངོས་སྐལ་གྱི་སྤང་བྱ་སྐྱེ་འགྱུར་གྱིས་སྤོང་བ་དབུ་སེམས་ཀྱི་ལུགས་དང། འགག་འགྱུར་གྱིས་སྤོང་བ་བྱེ་སྨྲའི་ལུགས་གཉིས་ཀ་གཅིག་ཏུ་བསྲེས་པའི་ཕྱིར། ༼༤རེ༽དངོས་གཉེན་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དང། དེའི་སྤང་བྱ་འགག་པ་ལ་མངོན་དུ་ཕྱོགས་པའི་ཚུལ་གྱིས་སྤོང་བ་ནི། སྐྱེ་འགྱུར་གྱི་སྤོང་ལུགས་དང། སྤང་གཉེན་གཉིས་ཅིག་ཅར་མཛོ་སྦྲེལ་གཡང་ལ་ལྷུང་བ་ལྟར་འགག་པ་ནི་འགག་འགྱུར་གྱི་སྤོང་ལུགས་སོ། ། ༈ ན་བདག་ཉིད་ཆེན་པོ་ཞེས་འདུག་པས་བློ་ལྡན་ཤེས་རབ་ཡིན་ནམ་དཔྱོད།༼༡བ༩༦༽ ༼༦༽ གསེར་འཕྲེང་ལས་འདི་བྱང་ཡེའི་བཞེད་པར་བཤད་དོ། ། ༈ ༼༢བ༠༠༽ ༼༣༽ མངོན་མཐོ་ལ་ལྟོས་ནས་ཀྱང་དེར་ངེས། ༼༤ལེ༽མདོ་སྡེ་རྒྱན་ལས། ལོངས་སྤྱོད་དང་ལུས་ཕུན་སུམ་ཚོགས་པ་དང། །འཁོར་རྩོམ་ཕུན་སུམ་ཚོགས་པ་མངོན་མཐོ་དང། །རྟག་ཏུ་ཉོན་མོངས་དབང་ཉིད་མི་འགྲོ་དང། །བྱ་བ་རྣམས་ལ་ཕྱིན་ཅི་མ་ལོག་པའོ། །འདི་
མངོན་མཐོ་ལ་ལྟོས་པའི་དྲང་ངེས་སྒྲུབ་བྱེད་དང། ༈ ༼༣༽དོན་གཉིས་སྒྲུབ་པས་ཀྱང་དེར་ངེས། ༼༤ཤེ༽འདིའི་སྒྲུབ་བྱེད། སེམས་ཅན་དོན་ནི་རབ་བརྩོན་པའི། །གཏོང་དང་མི་གནོད་བཟོད་པས་བྱེད། །གནས་དང་གྲོལ་བ་གཞིར་བཅས་པ། །རང་དོན་རྣམ་པ་ཐམས་ཅད་པའོ། །ཞེས་གསུངས། ༈ ༼༣༽གཞན་དོན་རྣམ་པ་ཐམས་ཅད་པས་ཀྱང་དེར་ངེས། ༼༤སེ༽འདིའི་སྒྲུབ་བྱེད། མི་འཕོངས་པ་དང་རྣམ་པར་མི་འཚེ་དང། །རྣམ་འཚེ་བཟོད་དང་བྱ་བས་མི་སྐྱོ་དང། །དགའ་བྱེད་ལེགས་པར་བརྗོད་པ་དེ་ཡི་ཕྱིར། །གཞན་གྱི་དོན་ནི་རང་གི་དོན་ཡིན་ནོ། །ཞེས་གསུངས། ༈ ༼༣༽ཐེག་ཆེན་ཐམས་ཅད་སྡུད་པ་ལས་ཀྱང་དེར་ངེས། ༼༤ཧེ༽འདིའི་སྒྲུབ་བྱེད། ལོངས་སྤྱོད་མངོན་པར་མི་དགའ་དང། །རབ་གུས་གཉིས་ལ་མི་སྐྱོ་དང། །རྣམ་འབྱེད་རྣམ་པར་མི་རྟོག་པ༌། །ཐེག་ཆེན་མཐའ་དག་འདིར་ཟད་དོ། །ཞེས་གསུངས། ༈ ༼༣༽ཐབས་ཀྱི་རྣམ་པ་ཐམས་ཅད་པའི་དབང་དུ་བྱས་ནས་ཀྱང་དེར་ངེས། ༼༤ཨེ༽འདིའི་སྒྲུབ་བྱེད། ཡུལ་རྣམས་ལ་ནི་མ་ཆགས་ལམ། །དེ་ཐོབ་རྣམ་གཡེང་སྡོམ་པའི་གཞན། །སེམས་ཅན་མི་གཏོང་འཕེལ་བ་དང། །སྒྲིབ་པ་རྣམ་པར་སྦྱོང་བའི་གཞན། །ཞེས་གསུངས། ༈ ༼༢བ༠༡༽ ༼༣༽ རྒྱུ་དང། རྣམ་སྨིན་དང། སྨོན་ལམ་དང། སོ་སོར་རྟོག་པའི་སྒོམ་པ་བཞི་དང། ༼༤ཀོ༽སྒོམ་ཚུལ་གྱི་ནང་གསེས་དབྱེ་བ་འདི་དག་ལ་རྩ་ཚིག་མེད་ཀྱང། དབྱིག་འགྲེལ་གསལ། ༈ ༼༤༽ལྔ་པ་དབང་འབྱོར་ལ་སྐུ་ངོ་བོ་ཉིད་སྐུ་ལོངས་སྐུ་དང། སྤྱོད་པ་སྤྲུལ་སྐུ་དང། སྟོན་པ་ཕྱིན་དྲུག་
ལ་དབང་འབྱོར་པ་སྒོམ་པ་གསུམ་རྣམས་ཡོད་པའི་ཕྱིར་ཏེ། ༈ ༼༥༽ཕྱིན་དྲུག་རེ་རེ་ལ་ངོ་བོ་ཉིད་དང། རྒྱུ་དང། འབྲས་བུ་དང། ལས་དང། སྦྱོར་བ་དང། འཇུག་པ་དང་དྲུག་གི་སྒོ་ནས་རབ་ཏུ་དབྱེ་བ་དེ་ཡིན་པའི་ཕྱིར་ཏེ། རྒྱན་ལས། སྦྱིན་པ་ལ་སྦྱར་ན་དོན་རྣམས་གཏོང་བར་བྱེད་པ་དང། ། ༼༤ཁོ༽འདིས་ངོ་བོ། རྩ་བ་སེམས་པ་ལ་བརྟེན་པ། །འདིས་རྒྱུ། ལུས་དང་ལོངས་སྤྱོད་ཕུན་ཚོགས་དང། །འདིས་འབྲས་བུ། གཉིས་རྗེས་འཛིན་དང་རྫོགས་བྱེད་དང། །འདིས་ལས། དེ་ཡང་སེར་སྣ་མེད་ལྡན་དང། །འདིས་ལྡན་པ། ཆོས་དང་ཟང་ཟིང་མི་འཇིགས་གཏོང། །འདིས་འཇུག་པའི་ཁྱད་པར་བསྟན་ཞེས་དབྱིག་འགྲེལ་གསུངས། ༈ ༼༧༽བདུན་པ་མི་མཐུན་ཕྱོགས་ཉམས་པར་བྱས་ཚུལ་ཡོད་དེ། མི་མཐུན་ཕྱོགས་༼༤གོ༽ལོངས་སྤྱོད་ལ་ཆགས་པ༡། ཕྱི་བཤོལ་ལ་ཆགས་པ༢། མཆོག་འཛིན་ལ་ཆགས་པ༣། ལན་ལ་ཆགས་པ༤། རྣམ་སྨིན་ལ་ཆགས་པ༥། མི་མཐུན་ཕྱོགས་ལ་ཆགས་པ༦། རྣམ་གཡེང་ལ་ཆགས་པ༧་སྟེ། ༼༧༽ཆགས་པ་བདུན་ཅི་རིགས་ལས་གྲོལ་བའི་ཕྱིར་ཏེ། ༈ ༼༢ན༠༢༽ ༼༡༽ བརྒྱད་པ་ཕར་ཕྱིན་གྱི་ཡོན་ཏན་རྒྱ་ཆེ་བ་ལ་ངོ་མཚར་བ་རང་གཞན་གྱི་དགའ་བདེ་བླ་ན་མེད་པ་ཡོད་དེ། སོ་སོའི་ཡོན་ཏན་ཚིགས་བཅད་ཉེར་གཉིས་ཀྱིས་བཤད་པའི་ཕྱིར་ཏེ། རྒྱན་ལས། སངས་རྒྱས་སྲས་རྣམས་༼༤ངོ༽འདིར་ཚིགས་བཅད་ཉེར་གཉིས་དང། དབྱིག་འགྲེལ་དུ་ཉེར་གསུམ་བྱུང་ཡང་རྩ་བར་ཚིགས་བཅད་སོ་དྲུག་འདུག་པས་བསྡུ་ལུགས་དཔྱད་དགོས། ༼༢༽ཞེས་སོགས་ནས། བརྩོན་འགྲུས་ལྡན་པ་ཐོབ་པས་ཕམ་པ་མེད། །ཅེས་པའི་བར་འབྱུང་བའི་ཕྱིར། འདིར་ཤོག་
གྲངས་དང་ཐིག་འཕྲེང་གི་ཨང་ཡིག་རྣམས་དང། ཉིན་སྲིབ་ཀྱི་རྟགས་སུ་ན་ཡིག་དང་བ་ཡིག་འཇོག་དགོས་རྣམས། བཀྲ་ཤིས་འཁྱིལ་གྱི་ཕར་ཕྱིན་སྐབས་དང་པོའི་པར་རྙིང་དང་བསྟུན་ཚེ། དེར་ཤོག་གྲངས་ཀྱི་ཁ་ཡིག་ནོར་ཡོད་པ་རྣམས་ཀྱང་མ་བཅོས་པར། དེ་དང་མཐུན་པར་པར་དུ་བརྐོས་པ་ལགས་སོ།། མདྒ་ལཾ།། །།