ཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།
ཆེར་ཞིག་པའི་མོད་ལ། ཡུལ་དེ་འཁོར་ལོ་སྡོམ་པ་རིགས་ཐམས་ཅད་པའི་དཀྱིལ་འཁོར་དུ་ཤར། དབུས་ཀྱི་རྡོ་རྗེ་བཙུན་མོས་གདམས་ངག་འདི་སྩལ་ཏེ་སྐལ་པ་དང་ལྡན་བ་ལ་རྡོ་རྗེ་སེམས་དཔའི་གསེང་ལམ་སྟོན་པའི་ས་མཁན་ཆེན་པོར་གྱུར། ཏིང་ངེ་འཛིན་ལས་སད་པ་ན་སྔར་གྱི་བུ་མོ་དེ་ཉིད་དུ་སྣང་བས། སླར་ལམ་བསྡུས་པ་འདི་བསྟན་ནས། ལུང་བསྟན་དང་བཅས་སྔར་གྱི་མཁའ་འགྲོ་མ་སྡེ་བཞི་སེང་གེའི་གདོང་པ་ཅན་དང་ལྷ་ཡིས་ཀྱང་གདམས་པ་སྣ་རེ་བསྟན་པ་མི་བརྗེད་པའི་གཟུངས་ཀྱིས་བཟུང་བས་ཐམས་ཅད་ཀྱིས་མཚན་གྲུབ་ཐོབ་ཨོ་རྒྱན་པ་ཞེས་གསོལ། ཡུན་རྐྱང་པ་ན་སྐྱི་རོང་དུ་བྱོན། ཤར་གངས་སུ་གཡའ་བཟང་པ་སྣུབ་འདུལ་བ་འཛིན་པའི་དབོན་རིན་པོ་ཆེ་མཁར་ཆུ་བར་གྲགས་པ་དེ་བྱོན། གསོལ་བ་བཏབ་པས་མཁའ་འགྲོའི་བཀའ་རྒྱ་ཐེམས། ལུང་བསྟན་གྱི་སློབ་མར་དགོངས་ཏེ། གཞུང་ཡི་གེར་བཀོད། ཁོང་ནས་ཀྱང་དམིགས་རྐང་རེ་ལ་གསེར་ཞོ་དོའི་མེ་ཏོག་ཕུལ་ཏེ་ཞུས། ཁོང་རང་གི་བརྗེད་ཐོ་བསྡུས་པ་ཞིག་མཛད། སླར་མ་འདས་བར་དུ་སྦུ་ཊ་བ་མཁས་བཙུན་བསོད་ནམས་འོད་ཟེར། ཟུར་ཕུག་པ་རིན་ཆེན་དཔལ། རྒྱལ་བ་རང་བྱུང་བ། སྙེ་མདོ་ཐམས་ཅད་མཁྱེན་པ་སྐུ་མཆེད། ཆག་ལོ་དབོན་པོ་སོགས་མང་། སློབ་ཚོགས་བསམ་གྱིས་མི་ཁྱབ་པ་ལ་གནང་བས་ཟིན་བྲིས་མ། རྡོ་རྗེའི་ཚིག་རྐང་
ལ་འགྲེལ་པ་རྗེ་གྲུབ་ཐོབ་ཆེན་པོ་ཉིད་ལ་ཉིད་ཀྱི་གཅེན་ཞང་གཞོན་ནུ་དཔལ་གྱིས་དྲིས་པ་ལ་ལན་འདེབས་སུ་མཛད་པ་ཁོང་གིས་ཡི་གེར་བཏབ་པ་དང་། མཁས་བཙུན་བསོད་ནམས་འོད་ཟེར་པས་མཛད་བའི་ཊིཀ་ཆེན་དང་། མཁས་པ་ཤོང་སྟོན་དང་། སྙེ་མདོ་ཀུན་དགའ་དོན་གྲུབ་ཀྱིས་མཛད་པ་བཞི་ལ་འགྲེལ་ཆེན་བཞི་ཟེར། གཞན་མང་པོ་ཞིག་ཡོད་ཀྱང་བཀའ་ལུང་མི་སྣང་། ཟླ་སེང་པས་མཛད་པ་མན་ངག་གླེགས་བམ་དུ་འཐུས། མན་ངག་གི་གླེགས་བམ་ལ་དངོས་ཀྱི་སློབ་མ་རྣམས་ཀྱི་ནང་ནས་ཟླ་སེང་པ་ཁྲིད་གཉེར་ལ་རྒྱུན་རིང་། ཁོང་གིས་མཆེད་པོ་རྣམས་ཀྱི་ཟིན་བྲིས་ཀྱང་གཟིགས། དག་བསྡུར་རྗེ་ཨོ་རྒྱན་པ་ཉིད་ཀྱིས་མཛད་པས་ཁྲིད་ལུགས་འདི་ལ་སྙིང་པོར་བྱེད་དོ། །དེ་ཡང་འདི་དག་བུ་སྟོན་རིན་པོ་ཆེ་དང་། བླ་མ་དམ་པ་སོགས་ཆེན་པོ་རྣམས་ཀྱིས་ཀྱང་གསན་ནོ། ༈ །བླ་མེད་ཀྱི་རྒྱུད་སྡེ་སྤྱིའི་རྫོགས་རིམ་བསྙེན་སྒྲུབ་གསར་པ་ནི། ཨ་ནུ་ས་མ་རཀྴི་ཏ་སྟེ་དཔེ་མེད་འཚོ་ཞེས་པ་ཕྱི་ནང་རིག་པ་ལ་གོམས་པའི་ཐུགས་ཅན་དཔལ་ཁ་སརཱ་ཎིའི་དྲུང་དུ་ལོ་བཅུ་གཉིས་སུ་བཞུགས། དམིགས་པ་དང་རྟོག་བ་མེད་པའི་དེ་ཁོ་ན་ཉིད་ཀྱི་མན་ངག་བསྒོམས་པས་རྟོགས་པའི་ཁྱད་པར་ཅི་ཡང་མ་ཐོན་ནས་ཡིད་ཞུམ་པ་ན། རྡོ་རྗེ་རྣལ་འབྱོར་མས་བི་ཀྲ་མ་བུ་རིར་སོང་ཞིག །དེར་ཁྱོད་ལ་
རྟོགས་པ་འབྱུང་བར་འགྱུར་རོ་ཞེས་པའི་བཀའ་སྤྱི་བོར་བཞག་ནས་པཎྜི་ཏ་ཆེན་པོ་ལེགས་པའི་བུ་དཔལ་འཛིན་དང་ལྷན་ཅིག་བི་ཀྲ་མ་པཱུ་རིར་བྱོན་ཏེ། དུས་མཆོད་ཞིག་གི་ཚེ་ཐུགས་དམ་གྱི་རིམ་པར་ཞུགས་པས། ནམ་ཕྱེད་ན་བཅོམ་ལྡན་འདས་ཨ་བ་དྷ་ཏིའི་ཆ་བྱད་ཅན་བྱོན་ནས། བུ་དེ་ཁོ་ན་ཉིད་ནི་འདི་ཡིན་ནོ་ཞེས་མངོན་སུམ་དུ་གདམས་པ་སྩལ། དེ་ཐོབ་མ་ཐག་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་དེ་ནི་མི་སྣང་བར་གྱུར་ནསཾ། མཚན་མོ་འདས་པའི་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་དཔལ་འཛིན་ལ་སོགས་པའི་དོན་དུ་སྦྱོར་བ་ཡན་ལག་དྲུག་པའི་མན་ངག་མཛད། དེ་ལ་ཉི་མ་དཔལ་ཡེ་ཤེས་ཀྱིས་འགྲེལ་པ་ཡོན་ཏན་འགེངས་པ་ཞེས་མཛད་པ་གཉིས་དང་། །བོད་དུ་པཎ་ཆེན་ནགས་རིན་གྱིས་རྒྱལ་སྲས་མི་ཕམ་དགའ་བའམ། མཚན་གཞན་བྱམས་གླིང་པ་བསོད་ནམས་རྣམ་རྒྱལ། དཔལ་ཡིད་བཟང་རོལ་པའམ་མཚན་དངོས་འགོས་ལོ་གཉིས་པ་གཞོན་ནུ་དཔལ། འབྲུག་པ་རྒྱལ་དབང་རྗེ། ཁྲུས་ཁང་ལོ་ཙཱ་བ་བསོད་ནམས་རྒྱ་མཚོ་སོགས་ལ་གནང་ནས་སོ་སོས་ཁྲིད་ཡིག་རྒྱས་པར་མཛད་དོ། ༈ །ཡང་སཏྟ་རྒྱ་གར་ཤར་ཕྱོགས་ཀྱི། གརའི་མཁས་པ་ཆེན་པོ་ཤྲཱི་བ་ན་རཏྟའམ། མཚན་གཞན་མི་བསྐྱོད་རྡོ་རྗེ་ཞེས་པ་རྒྱལ་རིགས་སུ་འཁྲུངས། རྒྱལ་སྲིད་དང་དུ་མ་བཞེས་
པར་བླ་མ་ཆེན་པོ་སངས་རྒྱས་བསྐྱངས་ལ་རབ་ཏུ་བྱུང་། རིག་གནས་ལྔ་ལ་མཁས་པར་སྦྱངས། རྣལ་འབྱོར་གྱི་དོན་དུ་སིངྒ་ལཱི་དང་། རྒྱ་གར་ལྷོ་ཕྱོགས་དཔལ་འབྲས་སྤུངས་ཀྱི་མཆོད་རྟེན་དང་། །དཔལ་གྱི་རི་སོགས་གཟིགས། དེར་ཤ་བ་རི་དབང་ཕྱུག་ཞལ་གཟིགས། ཁྱོད་བྱང་ཕྱོགས་ཀྱི་རྒྱུད་དུ་སོང་ཞིག་དང་འདོད་པའི་དོན་འགྲུབ་པར་འགྱུར་རོ། །ཞེས་ཐོས་ནས་བལ་ཡུལ་དུ་བྱོན། འཕགས་པ་ཤིང་ཀུན་ཏུ་ཤ་བ་རི་དབང་ཕྱུག་གིས་གདམས་པ་འདི་སྩལ། འདོད་པའི་དོན་ཆེན་པོ་གྲུབ་པར་གྱུར་པ་ཡིན། ༈ །འབའ་ར་བ་རྒྱལ་མཚན་དཔལ་བཟང་ཞེས་སྟོད་འབྲུག་པའི་ཕྲིན་ལས་ཀྱི་བ་དན་འཛིན་པ་དེས་མཛད་པའི་ཁྱད་ཆོས་འདོད་ཆགས་དྲག་པོ་ལམ་དུ་བྱེད་པའི་ཆོས་བདེ་ཆེན་སྐོར་གསུམ་ཞེས་སྐུ་གསུང་ཐུགས་རྡོ་རྗེའི་ཉམས་ལེན་དང་ངོ་སྤྲོད་སོགས་སོ། ༈ །ངམ་རྫོང་པ་ཆེན་པོའི་སྙན་བརྒྱུད་ཞེས་དབང་དང་འབྲེལ་པའི་གདམས་པའི་སྐོར་ལ་ཕལ་ཆེར་མར་པ་མགོ་ལེགས་ནས། ངམ་རྫོང་སྟོན་པའོ། ༈ །སེམས་ཁྲིད་ཡིད་བཞིན་ནོར་བུ་དུང་མཚོ་རས་པའི་གཏེར་མ། ༈ །བླ་མ་ཞང་གི་ཟབ་ཆོས་སྐོར། དེ་ཡང་གཡུ་བྲག་པ་འགྲོ་བའི་མགོན་པོ་ཞེས་པ། བླ་མ་མང་པོའི་གདམས་པས་ཐུགས་ཀྱིས་མཛོད་གང་ཡང་ཆོས་ཐམས་ཅད་ཀྱི་གནས་ལུགས་མ་གཟིགས་ནས། རྗེ་སྒམ་པོ་པ་ཚུལ་
ཁྲིམས་སྙིང་པོ་ལ་རྗེས་སུ་འཛིན་པར་གསོལ་བ་བཏབ་པས། ཕྱག་རྒྱ་ཆེན་པོའི་རྟོགས་པ་ཤར་བ་ལ། ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་སོགས་པས་དངོས་སུ་གདམས་པ། ཞང་གི་བཀའ་རྒྱར་གྲགས་པའི་ཆོས་ལ། ཞང་རིན་པོ་ཆེའི་གསང་བའི་རྣམ་ཐར་སོགས་སོ། ༈ །དཔལ་སྟག་ལུང་ཐང་པའི་ཆོས་དྲུག་ཡིད་བཞིན་ནོར་བུ་ཐང་པ་སྔ་ཕྱིའི་བཀའ་འབུམ། སྟག་ལུང་ཕྱི་མས་བསྒྲིགས་པའི་ཆོས་སྐྱོང་གི་གསེར་པོད་སོགས་སོ། །འབྲི་གུང་པའི་ཟབ་ཆོས་དགོངས་གཅིག་སྐོར་ལ། རིན་ཆེན་དཔལ་གྱི་བཞེད་པ་དེ་དབོན་ཤེས་རབ་འབྱུང་གནས་ཀྱིས་ཟིན་བྲིས་སུ་བཏབ་པའི་རྡོ་རྗེའི་གསུང་། དགོངས་པ་གཅིག་པའི་ཆོས་སྡེ་ལ། ཁུ་དབོན་གཉིས་ཀྱི་རྣམ་ཐར། དགོངས་གཅིག་ཁོག་དབུབ། གསུང་བཞི་བཅུ་པ། འགྲེལ་པ་ལ་རྡོར་ཤེམ་དང་རིན་བྱང་མ་གཉིས་ལས། དང་པོ་ནི། ལྟ་སྒོམ་སྤྱོད་པའི་ཚོམས། འདུལ་བ་སོ་ཐར་གྱི་ཚོམས། བྱང་སེམས་བསླབ་བྱའི་ཚོམས། གསང་སྔགས་རིག་འཛིན་གྱི་ཚོམས། ཆོས་ཀྱི་འཁོར་ལོའི་ཚོམས། རྟེན་འབྲེལ་གནད་བསྡུས་ཀྱི་ཚོམས། སངས་རྒྱས་ཀྱི་སའི་ཚོམས། གཏམ་རྒྱུད། དགོངས་གཅིག་གིས་དཔྱད་བཅས་སོ། ༈ །རྡོ་རྗེ་ཐེག་རྩེར་མཚུངས་ཀྱང་བོད་ཡུལ་པས། །གསང་ཆེན་རྙིང་མ་ཞེས་བྱར་རིས་བཅད་པའི། །རྒྱུད་སྡེའི་
ཕུལ་འདི་ཐོས་བཟོད་སྐལ་བཟང་སྙམ། །བདག་ནི་རང་གི་བསོད་ནམས་བསྔགས་པར་བགྱིས། །ཞེས་སོ། ༈ །རྡོ་རྗེ་བཙུན་མོས་བྱིན་པའི་ཤེ་མོང་གིས། །རྡོ་རྗེ་ཐེག་པ་ཀུན་ལ་དབང་བསྒྱུར་པའི། །རྡོ་རྗེ་སློབ་དཔོན་དམ་པ་ཨ་བྷ་ཡ། །རྡོ་རྗེ་འཛིན་དབུས་བསྔགས་འོས་དེ་ལ་འདུད། །སློབ་དཔོན་ཨ་བྷ་ཡཱ་ཀ་ར་གུསྟ་ཞེས་པ་ཆོས་ཐམས་ཅད་ལ་སྟོན་པ་གཉིས་པ་ལྟ་བུ་དེ་སྔོན་གྱི་རབས་སུ་རྡོ་རྗེ་ཡན་ལག་མ་བསྙེན་པས་སྐུ་ཚེ་འདིར་རྡོ་རྗེ་རྣལ་འབྱོར་མ་དེ་མིའི་བུ་མོ་ལྟར་བརྫུས་ནས་སྔོན་བྲམ་ཟེའི་དུས་དང་ཕྱིས་ལན་གཉིས་བྱུང་བས་འདོད་པ་དོན་དུ་གཉེར་བ་ན། བྲམ་ཟེ་དང་དགེ་སློང་གི་བསླབ་པས་བསྡམས་པའི་དབང་གིས་ཕྱིར་བཟློག་པར་མཛད། ཕྱིས་སོ་སོམ་རི་པ་ལ་སོགས་པའི་བླ་མ་ཆེན་པོ་རྣམས་ཀྱིས་དེ་ནི་མ་ལེགས། དེ་རྡོ་རྗེ་བཙུན་མོ་མཆོག་གི་དངོས་གྲུབ་སྦྱིན་པའི་སླད་དུ་འོང་ཞེས་གསུངས་པས་འགྱོད་དོ། །རྗེ་བཙུན་མར་པ་ལས་རྗེ་བཙུག་སྟེ་གསོལ་བ་མང་དུ་བཏབ་པས་མནལ་ལམ་དུ་བྱོན། ཚེ་འདིར་ང་དང་ལྷན་ཅིག་སྤྱོད་པའི་མཐུ་མེད་ཀྱིས། །རྒྱུད་སྡེ་ཟབ་མོའི་འགྲེལ་པ་དང་། དཀྱིལ་འཁོར་གྱི་ཆོ་ག་མང་དུ་བརྩམས། མྱུར་དུ་སྐལ་བ་ཅན་དུ་འགྱུར་རོ། །ཞེས་ལུང་བསྟན་པས་མན་ངག་གི་སྙེ་མ་ལ་སོགས་པའི་རྒྱུད་འགྲེལ་དང་། ཕྲེང་བ་སྐོར་གསུམ་ལ་སོགས་མང་པོ་
ཞིག་མཛད་དོ། །དང་པོ་ཆག་ཆོས་རྗེ་དཔལ་གྱིས་པཎྜི་ཏ་ཆེན་པོ་བནྡྲ་ལ་གསན། དཀྱིལ་འཁོར་༢༨ཁོ་ནའི་དབང་བསྐུར་བས་དམིགས་གསལ་དུ་ཡོད་པ་དང་། ཁ་བསྐང་དགོས་པར་གསུངས་པ་ཐམས་ཅད་ཐོབ་པར་བཞེས། ཡར་ལུང་གྲགས་པ་རྒྱལ་མཚན་གྱིས་པཎྜི་ཏ་བི་བྷ་མི་ཤྲཱི་ལས་གསན་ནས་དཀྱིལའཁོར་་༤༢དབྱེ། ཕྱིས་ནགས་རིན་གྱིས་སྣེའུ་གདོངས་རྩེར་འགོས་སོགས་མཁས་གྲུབ་མང་པོར་གནང་། དེ་དག་བླ་མེད་འབའ་ཞིག་གི་དབང་བསྐུར་བ་ནི་ཕྲེང་བ་མཁན་པོ་རང་གི་བཞེད་པ་ཡིན་ལ། ཁ་ཆེའི་པཎྜི་ཏ་ཆེན་པོས་བོད་དུ་ལན་གཉིས་དེ་བཞིན་བསྐུར་ལ། བོད་རྣམས་རྒྱུད་སྡེ་སོ་སོར་ལ་ཕྱེ་བ་མོས་པས། དེ་ལྟར་མ་བསྐུར་ན་མི་ཐོབ་འདྲའོ་དགོངས་ཏེ། ཕྱི་མ་སོ་སོར་ཕྱེ་བར་མཛད་དོ། །དེ་ནས་རྗེས་འཇུག་རྣམས་ཀྱིས་ཀྱང་དེ་གཉིས་ཅི་རིགས་སུ་མཛད་དོ། །ཞེ་གཉིས་ཀྱི་བདུད་རྩི་རིགས་གསུམ་བསྣན་པའི་ཞེ་ལྔ་མ་ནགས་ཀྱིས་བཞེད་ལ་འབའ་ཞིག་དརླན་གྱི་ཐུགས་དམ། གཟའ་ཡུམ། ནོར་རྒྱུན་མ། རྣམ་རྒྱལ་བསྣན་པའི་ཞེ་ལྔར་བྱེད་ཀྱང་དེ་ནི་ཁ་འཕང་ཙམ་ཡང་མི་འབྱུང་བས་མི་འཐད་དོ། །དེ་དག་རྒྱུད་སྡེ་སོ་སོར་འབྱེད་ན་དབང་གི་བབས་ཡེ་ཤེས་ཐིག་ལེའི་ལུང་གི་རྗེས་སུ་འབྲང་བར་བྱ་ལ། བླ་མེད་ཀྱི་དབང་དུ་ན་གཞུང་གི་དངོས་བསྟན་དུ་ཟད་དོ། །
༈ །བཅོམ་ལྡན་སྙིང་རྗེའི་གཏེར་ཆེན་སྤྱན་རས་གཟིགས། །འཕགས་པའི་ཡུལ་དུ་དཔལ་ལྡན་ནཱ་རོ་པ། །ཁ་བ་ཅན་འདིར་འགྲོ་མགོན་འབྲུག་པ་ཞེས། །སྤྲུལ་པས་བསྟན་པ་འཛིན་དེར་ཕྱག་འཚལ་ལོ། །རཏ་གླིང་པད་གླིང་གཏེར་ལུང་དུ། ནཱ་རོ་པཎ་ཆེན་སྒྱུ་མའི་གར་བསྒྱུར་པ། །གཙང་པ་རྒྱ་རས་འབྲུག་དང་ར་ལུང་བྱོན། ཞེས་དང་། གཞན་ཡང་ཐུགས་རྗེ་ཆེན་པོ་དང་ཨོ་རྒྱན། དྭགས་པོ་སོགས་ཀྱི་སྤྲུལ་པའོ། ༈ །གྲུབ་ཐོབ་ཆེན་པོ་གླིང་སྤྲུལ་ར་མ་དཀར་མོས་ལུང་བསྟན་པས་ར་ལུང་དུ་གྲགས་སོ། །དེར་ཆོས་རྗེ་རིན་པོ་ཆེའི་སྐུ་འབགས་ཁམས་གསུམ་ཟིལ་གནོན་དང་། ཆོས་རྗེའི་གསེར་འབུམ་ཛམ་བུ་གླིང་གི་རྒྱན་སོགས་མང་། །ནང་རྟེན་ཁྱད་འཕགས་རིགས་བསམ་གྱིས་མི་ཁྱབ་བོ། །ཁྲི་རལ་གྱི་དུས་སུ་རྒྱ་འཇམ་དཔལ་གསང་བ་ཞེས་གྲགས་པས་ཉང་སྟོད་དུ་དཔལ་སྐྱེགས་ཀྱི་གནས་བཏབ། དེང་སང་གནས་རྙིང་དུ་གྲགས། ཙ་རི་ཏྲ་ཞེས་པ། རྒྱལ་དབང་རྗེས། མཁའ་སྤྱོད་དབང་པོ་ཞེས་བཤད། སེམས་དཔའ་རང་བྱུང་རྡོ་རྗེས། ཙ་རི་ཞེས་པ་བཞི་ཡིན་ཏེ། ཏྲ་ཡ་སྐྱོབས་པར་བརྗོད་པར་བྱ། །ཁམས་ནི་རྣམ་པ་བཞི་པོ་ལ། །བདེ་བ་ཆེན་པོས་སྐྱོབས་པའི་ཕྱིར། །ཞེས་མར་པས། ཙ་རི་ཏྲ་ནི་ལྷོ་ཕྱོགས་ཐག་ཉེ་བ་འདི་ན། རྡོ་རྗེ་ཕག་མོ་ཤ་དང་ཆང་གིས་མཆོད་པའི་གནས་
ཞེས་བྱ་བ་ཡོད་དེ། ཞེས་གྲོ་བོ་ལུང་ནས་གསུངས། གནས་སྒོ་འབྱེད་པ་པོ་ནི། བསྟན་པ་སྔ་དར་གྱི་དུས་སུ་སློབ་དཔོན་ཆེན་པོ་ཟིལ་ཆེན་གསང་བའི་ཕུག་ཏུ་ལོ་བདུན། ཟླ་བ་བདུན། ཞག་བདུན་གྱི་བར་དུ་སྒྲུབ་པ་མཛད། དེ་ལས་ཅུང་ཕྱི་བར་སློབ་དཔོན་བི་མ་ལ་ཕེབས། ཕོ་བྲང་ཁར་བཞུགས། བར་དུ་ཤར་ཕྱོགས་ལཱ་བ་པ་ཞེས་ཇོ་བོ་ཨ་ཏི་ཤའི་བླ་མ་དེ་ཕེབས་ནས་མཁའ་སྤྱོད་དུ་གཤེགས། ཇོ་བོས་གསང་ཕུའི་ལ་སྒང་ནས་འཁོར་ལོ་སྡོམ་པའི་ཕོ་བྲང་དུ་གཟིགས་ནས་བསྔགས་པ་མཛད། དེ་རྗེས་སྒམ་པོ་ཟླ་འོད་གཞོན་ནུས་ལུང་བསྟན་པ་བཞིན་སྐྱེས་བུ་ཡེ་ཤེས་རྡོ་རྗེ་དཔོན་སློབ་བཅུ་གཅིག་གིས་ལན་གསུམ་དུ་ཕེབས་མཐར་ཕོ་བྲང་གཡུ་མཚོ་གཟིགས་ནས་ནང་སྤྲུལ་པའི་ལྷ་ཚོགས་ཞལ་མངོན་སུམ་མཇལ། དེ་རྗེས་མི་ཐོག་གཅིག་ན་སྐྱོབས་པ་འཇིག་རྟེན་གསུམ་མགོན་གྱིས་རི་བོ་ཤཱནྟིའི་རྩེ་ནས་རྩ་རིའི་ཕྱི་ནང་གསང་བའི་གནས་ཚུལ་རྣམས་མངོན་སུམ་དུ་གཟིགས་ནས། གཉོས་ཆེན་པོ་རྒྱལ་བ་ལྷ་ནང་པ་སོགས་སློབ་མའི་མཆོག་གསུམ་བརྫངས། དེ་དང་དུས་མཚུངས་སུ་འགྲོ་མགོན་གཙང་པ་རྒྱ་རས་ཇོ་མོ་ཁ་རག་ན་བཞུགས་པའི་དུས་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱིས་ལན་གསུམ་དུ་བསྐུལ། མཐར་གྲུབ་ཐོབ་གླིང་གིས་ཀྱང་དག་པའི་སྣང་བར་བསྐུལ་ཏེ་ཕེབས་ནས་
ཕོ་བྲང་དུ་གཤེགས། ནང་སྤྲུལ་པའི་ལྷ་ཚོགས་ཞལ་གཟིགས། གཉོས་འགར་ཆོས་གསུམ་ལན་གསུམ་དུ་ཕེབས་པའི་ཕྱི་མ་ལ་སྤྲུལ་པའི་ལྷ་ཚོགས་ཞལ་མཇལ་ལོ། ༈ །གནས་དེར་མི་ཏྲའི་ལམ་ཡིག་ལས། ཙཱ་རི་ལུང་ཆུང་དུ་ཀླུ་བདུད་ནག་པོ་ཞེས་རྩ་ཁྱད་པར་ཅན་ཅིག་ཡོད་པར་གསུངས་སོ། །ཡང་། གནས་འདིར་ཅི་ལའང་སོམ་ཉི་བྱར་མི་རུང་སྟེ། ཙོང་ཁ་པ་ཆེན་པོ་གནས་སྐོར་ལ་བྱོན་དུས་རབ་ཏུ་བྱུང་བ་ཆང་འཐུང་དུ་མི་རུང་དགོངས་ནས་མ་གསོལ་བས་ཞབས་ལ་སྨྱུགས་ཚལ་ཟུག །གཤེགས་ལ་ཁད་ཐུག །གཞན་ཅི་བྱས་ཀྱང་མ་ཕན། གནས་ཆེན་དུ་ཆང་ལ་རྟོག་པ་བྱས་པས་ལེན་འདྲ་དགོངས་ཏེ་དམ་རྫས་གསོལ་བས་དྭངས་སོ། །ཞེས་ཉིད་ཀྱི་རྣམ་ཐར་དུ་འབྱུང་བ་བཞིན་ནོ། ༈ །མིག་དེ་ཝཱི་ཀོ་ཊ་ཞེས་གཡས་པ་དང་སྦྱར་པ་དེ་ནི་རྒྱ་གར་ཤར་ཕྱོགས་པཱ་ཊ་ལི་པུ་ཏྲ་ཞེས་ཆོས་རྒྱལ་མྱ་ངན་མེད་པའི་ཡུལ་དེ་ལ་ཡོད། གཡོན་དང་སྦྱར་བ་ནི་ལྷོ་བྲག་མཁར་ཆུ་སྟེ། འདི་ལ་ཕྱི་སྐུའི་འཁོར་ལོ་སྤྲུལ་སྐུ་ཟ་བྱེད་ཀྱི་མཁའ་འགྲོ་འདུ་བའི་གནས་བཞི་ཡོད་དེ། ཤར་མོན་ཁ་ནེ་རིང་བདུད་རྩི་སྨན་གྱི་ལྗོངས་ན་དཀར་མོ་སྐུ་ཡི་མཁའ་འགྲོ་མ་རྣམས་ཀྱིས་དྲག་ཏུ་ཉལ། ལྷོ་སྦས་ཡུལ་མཁན་པ་ལྗོངས་རྩི་བཅུད་འབྲས་བུའི་ཚལ། སེར་མོ་རྒྱས་པའི་མཁའ་འགྲོ་ལས་བྱེད་མ། ནུབ་ན་སྒྲུབ་མཚོ་པདྨ་
གླིང་། གཡུ་མཚོ་སློབ་དཔོན་ཆེན་པོའི་འགུགས་བྱེད་ཀྱི་ཕྱག་རྒྱས་སྤྲས་པ། དམར་མོ་དབང་གི་མཁའ་འགྲོ་མ་གནས་པ། བྱང་ན་སྨྲ་བོ་ཅོག་སྒྲོལ་བྱེད་གནམ་ལྕགས་འབར་བའི་རྡོ་རྗེ་ས་ལ་རྒྱུགས་པ་ལྟ་བུ། ལྗང་མོ་ལས་བྱེད་ཀྱི་མཁའ་འགྲོ་མ་རྣམས་ཉུལ་བ། དེའི་ནང་དུ་གསུང་གི་འཁོར་ལོ་ལོངས་སྐུ་འཇིག་རྟེན་གྱི་ཌཱ་ཀི་མ་རྣམས་གནས་པའི་ཞིང་། ཤར་ཕྱོགས་སུ་འོད་གསལ་ལྗོངས། ལྷོ་ཕྱོགས་སུ་དཔལ་གྱི་སེང་གེའི་རི་བོ། ནུབ་ཕྱོགས་སུ་ཚེ་ལམ་དཔལ་གྱི་རི་བོ། བྱང་ཕྱོགས་སུ་དཔལ་མཁོ་མཐིང་གི་ལྷ་ཁང་སྟེ་ཞི་རྒྱས་དབང་དྲག་གི་ལས་རབ་འབྱམས་འགྲུབ་པའི་གནས། དེའི་ནང་དུ་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོའི་གནས་ལྕགས་ཕུར་ཅན་རྡོ་རྗེ་བཙུན་མོའི་བྷ་ག །སྔོན་གྱི་དུས་སློབ་དཔོན་པདྨ། གནུབས་ནམ་མཁའི་སྙིང་པོ། སྦ་ཡེ་ཤེས་དབང་པོ། རྗེ་བཙུན་རས་ཆུང་ཞབས། ལྷག་པར་ཆོས་ཀྱི་རྒྱལ་པོ་གཙང་པ་རྒྱ་རས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མཛད་པའི་གནས། འདི་ཡི་ནང་དུ་མཆོད་རྟེན་མགོ་ལྔ་པ་བོད་ཁམས་མཐའ་དམག་བཟློག་པའི་རྟེན་འབྲེལ་དུ་གུ་རུ་ཆོས་དབང་གིས་བཞེངས་པ་ལྷ་མོ་མཁར་དཀྱིལ་འཁོར་བདག་པོའི་ཐབས་བདེ་བ་ཆེན་པོའི་རྡོ་རྗེ། དཔལ་གྱི་ཕུག་རིང་ཡང་དག་ཧེ་རུ་ཀའི་བྱིན་གྱིས་བརླབས་པའི་གནས། དུར་ཁྲོད་ལ་ཁ་དཔའ་བོ་དང་ཊཱ་
ཀིའི་ཚོགས་ཀྱི་འདུ་བར་ལོངས་སྤྱོད་པའི་ཞིང་། གཞན་ཡང་དཔལ་ཧེ་ཕུག་དང་། རྡོ་རྗེ་ཕུག །ཡིད་སྨོན་ཕུག །དཀྱིལ་འཁོར་ཕུག་སོགས་ངོ་མཚར་གྱི་བཀོད་པ་བགྲང་ལས་འདས། ཞིང་སྐྱོང་མ་དཔལ་རྡོ་རྗེ་སྣ་ཡོན་མ་དང་། ཞིང་སྐྱོང་འཇམ་དཔལ་ནཱ་ག་རཀཱའམ། མཚན་གཞན་སྨྱོན་ཁའི་བཙན་གྱིས་སྐྱོང་བ་སྟེ། ཀྵེ་ཏྲ་པཱ་ལ་ལུས་ཆེ་བ། ཞེས་དང་། དེ་བཱི་ཀོ་ཏྲར་སྣ་མོ་ཆེ། ༈ ལུས་མེད་མཁའ་འགྲོའི་ཆོས་སྡེའི་རྣམ་བཤད་ལས། མཚོན་བྱ་འབྲས་བུ་དང་། མཚོན་བྱེད་ལམ་གྱི་རྡོ་རྗེ་རྣལ་འབྱོར་མ་གཉིས། དང་པོ་ནི། ཆོས་ཐམས་ཅད་ཀྱི་འབྱུང་གནས་སོ། །གཉིས་པ་སྨིན་གྲོལ་ལམ་གྱི་རྒྱ་མདུད་བཤིག་པ། དམ་ཚིག་རང་སེམས་མེ་ལོང་ལྟ་བ། རིམ་གཉིས་མཉམ་པར་བཞག་པ། དང་པོ་ལ། དཔོན་སློབ་ཀྱི་འབྲེལ་པ། དབང་བཞི་བརྡས་མཚོན་པ། དེ་ལ་རྩོད་པ་སྤངས་པའོ། །གསུམ་པ་ལ། བསྐྱེད་པ་དང་། རྫོགས་པའོ། །དང་པོ་ལ། གཞན་གྱི་དེ་ཉིད་ཉེ་བར་བསྒྲུབ་པ། བདག་གི་དེ་ཉིད་ཉེ་བར་བསྒྲུབ་པ། རྣལ་འབྱོར་ཆེན་པོའི་དེ་ཉིད་ཉེ་བར་བསྒྲུབ་པའོ། །གཉིས་པ་ལ། གཞན་གྱི་དེ་ཉིད་ཆོས་སྐུ། བདག་གི་དེ་ཉིད་ལོངས་སྤྱོད་རྫོགས་སྐུ། རྣལ་འབྱོར་གྱི་དེ་ཉིད་སྤྲུལ་སྐུས་ལམ་དུ་བཤད་པ་གསུམ་ལས། དང་པོ་ལ། རྩ་རླུང་དྲྭ་མིག་འཁོར་ལོས་དྲོད་བསྐྱེད།
བདེ་ཆེན་གསུང་གི་རིན་ཆེན་གྱིས་རྩེ་མོར་བགྲོད། རང་གྲོལ་ཕྱག་རྒྱ་ཆེན་པོས་བཟོད་པ་སྒྲུབ། སྤྱོད་པ་ཆུ་ལ་རལ་གྲིས་ཆོས་མཆོག་ཐོབ་པ་བཞིའོ། །གཉིས་པ་ལམ་གྱི་དྲོད་ཚད་བསྟན་པ་དང་། རིག་པ་ཡེ་ཤེས་སྒྲོན་མེ་བལྟམས་འཇུག་པ་གཉིས་སོ། །གསུམ་པ་ནི། དམ་རྫས་རྟོགས་པའི་ཉི་མ་འདེ་བ་དང་། རོ་སྙོམས་ཕྱི་ཡི་མེ་ལོང་བལྟ་བ་གཉིས་སོ། །དེ་ཡང་གཉལ་ཡངས་པ་ཅན་ཞེས་བྱ་བའི་གྲོང་ཁྱེར་ཆེན་པོའི་དབུས་སུ་དཔལ་གྱི་རི་བོའི་ངོགས་རྡོ་རྗེ་གདན་གྱི་གཙུག་ལག་ཁང་དུ་སླེབས་པའི་ཚེ། མཚན་ཐུན་ཐ་མ་རྫོགས། སྐྱ་རེངས་འཆར་ཀ་ཙམ་ལ་གཉིད་ཐུམ་དུ་སོང་བའི་རྨི་ལམ་དུ་སྲིན་ཡུལ་རྔ་ཡབ་ཀྱི་གླིང་ནས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་བརྫངས་པའི་ཕོ་ཉ་བ་སྲིན་པོ་གདོང་གཅིག་པ་མདོག་སྨུག་ནག་རའི་གཡང་གཞིས་སྨད་དཀྲིས་ཤིང་། མི་མགོ་ཡ་མགལ་གཅིག་ཐོད་དུ་བཅིངས་པ་གཉིས་བྱུང་ནས་སློབ་དཔོན་ཆེན་པོའི་བཀའ་ལས། ཁྱེད་ལ་ད་ལོ་དམ་སྲི་སྤུན་དགུའི་བར་ཆད་ཆེ་བར་འདུག་པས། གདམས་པ་འདི་ཉམས་སུ་ལོངས། ཕྱིས་ཀྱང་དེ་བཞིན་དུ་བྱས་ན་བར་ཆད་ལས་རྒྱལ་བར་འགྱུར་རོ། །ཞེས་བཀའ་སྩལ་ཏེ་ལོག་གོ་སྙམ་སེམས་པའི་མོད་དེ་ཁར་རང་གི་མདུན་གྱི་ནམ་མཁར། སྣམ་ལོགས་གཡོན་དུ་ཉེ་བའི་ཐད་ན་རིག་འཛིན་ཆེན་པོ་དྲག་པོ་
རྩལ་སྟོད་ཁྲོ་རྒྱལ། སྨད་ཕུར་པའི་དབྱིབས་ཅན་འཆད་པར་འགྱུར་བ་ཇི་ལྟ་བ། སྐུའི་རྒྱན་དང་སྔགས་ཕྱག་རྒྱ་མི་སྒྲིབ་ཅིང་དྲག་པོའི་སྔགས་སྒྲ་དང་བཅས་པ་མཐོང་བའི་མོད་ལ་ཟིལ་གྱིས་བརྒྱལ་བ་སྙམ་བྱེད་པ་ཞིག་བྱུང་སྟེ་མཐར་ཡལ་ལོ། །ཞེས་སོགས་བླ་མ་དྲག་པོ་ཀཱི་ལ་ཡའི་མན་ངག་ཏུ་གསུངས་སོ། ༈ །རྒྱུད་བཞིའི་དཀར་འགྲེལ་ལས། གཞན་དག་ན་རེ། འདི་ནི་གཡུ་ཐོག་པས་མཛད་དེ། གླེང་གཞི་ལ་སོགས་པ་རབ་བཏགས་སོ། །ཞེས་ཟེར་ལ། ལུགས་འཛིན་ཕལ་ཆེར་རྒྱུད་ཡང་དག་པར་འདོད་ཅིང་གྲྭ་པ་མངོན་ཤེས་ཀྱི་གཏེར་ནས་ཕྱུང་ཞེས་གྲགས་ཤིང་། རྙིང་མའི་རྒྱུད་འབུམ་ལས་ཀྱང་བྱུང་བས། དེའི་དབང་དུ་བྱས་ནས་བཤད་ལ། སྨན་གྱི་གྲོང་ཁྱེར་འདི་ཡང་བེཟླུརྒྱའི་འོད་ཀྱི་རྣམ་པར་སྣང་བྱེད་ཅེས་པ་སྨན་བླའི་ཞིང་དེ་ན་དང་། འདི་འཆད་པ་ཡང་གཞུང་ཉིད་ལས་སྨན་རྒྱལ་དུ་གསུངས་ཤིང་། འོ་སྐོལ་གྱི་སྟོན་པས་འཚོ་བྱེད་གཞོན་ནུ་གསོས། རི་བོ་སྤོས་ངད་ལྡན་དུ་ཁྲིད་ནས་དེའི་ཁེངས་པ་བཅོམ་ནས་སླར་ཟློས་བུར་གསུངས་པ་སྟེ། དཔེར་ན་བྱམས་པའི་སྨོན་ལམ་ལྟ་བུའོ། །འོ་ན་མཇུག་དོན་ལས། རྒྱ་གར་ལ་སོགས་པའི་སྨན་གྱི་བསྟན་བཅོས་ཐམས་ཅད་འདིར་འདུས་པར་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་མ་འོངས་ལུང་སྟོན་པ་སྟེ། དཔེར་ན་དུས་ཀྱི་འཁོར་ལོ་ལས། བོད་
དུ་བོད་ཀྱི་སྐད་ཀྱིས། ཞེས་གསུངས་ཀྱང་། དུས་འཁོར་གསུངས་པའི་དུས་བོད་ཆགས་པར་མི་འདོད་པ་བཞིན་ནོ། །ཞེས་སོ། ༈ །མཁའ་འགྲོ་མནྡཱ་ར་བ་ནི། ཁྱུང་པོས་མཇལ་བའི་ཚེ་ནི་གུ་མ། གཉན་ལོས་མཇལ་བའི་ཚེ་རི་སུལ་གྱི་རྣལ་འབྱོར་མ། རྗེ་མར་པས་མཇལ་ཚེ་མི་རུས་ཀྱི་རྒྱན་ཅན་ནམ། ཆུ་ཤིང་གི་སྙེ་མ་ཅན། རས་ཆུང་པས་མཇལ་བའི་ཚེ་གྲུབ་པའི་རྒྱལ་མོར་གྲགས་ཤིང་མཚན་དངོས་ཀྱང་དེའོ། །ཚེ་དཔག་མེད་ཀྱིས་བྱིན་གྱིས་བརླབས་ནས་རྣམ་སྨིན་གྱི་ལུས་མ་བསྡུས་པར་སྐལ་ལྡན་གྱི་ཚེ་བསྲིངས་ཞེས་རྗེས་སུ་གནང་བས་ད་ལྟ་ཡང་བཞུགས་པར་གྲགས་སོ། །ན་མོ་ཨ་མི་ཏོ་ཧོ། ཞེས་པ་རྒྱ་ནག་གི་ཡི་གེ༦། ༈ །ཕྱག་ཆེན་བསམ་གྱིས་མི་ཁྱབ་པར་བཤད་པའི། རྟ་མཆོག་ཛི་ནའི་ཞལ་ལྔ་ནི་འཇམ་དཔལ་བཤེས་གཉེན་དང་། གུཌྷཾ་ར་ཞེས་པ་ནི་བྱིའུ་གསོད་སྟེ་ཤྲཱི་སེངྷར་གྲགས་སོ། ༈ །དེ་བས་སྔོན་གྱི་ལྡེབ། ༣༨ སྔ་འགྱུར་སྐབས་མ་ཚང་། དེ་ཡང་ཀློང་སྡེ་རྡོ་རྗེ་ཟམ་པའི་ལོ་རྒྱུས་སྐབས་འཇོངས་ཆུང་བའི་རྣམ་ཐར་ནས། དེ་ནས་ཐག་རིང་ནས་ཞུ་བ་ཡང་མང་དུ་བྱུང་ཞིང་མང་དུ་འཕེལ། ཇོ་བོ་མཁར་ངེས་སུ་སྦལ་བུ་དོར་ལ་སྤྱན་དྲངས་ནས་གདམས་ངག་གསུངས་པས། ཉི་མ་སྔ་དྲོ་དང་པོ་ལ་འཇིགས་ནས། མྱང་དྷརྨ་སིདྷ་དང་། སློབ་དཔོན་གསེར་གཞུང་པ་དང་།
ཞེས་པའི་བར་མ་ཚང་། པཎྜི་ཏ་ནགས་ཀྱི་རིན་ཆེན་གྱི་ཞལ་ནས། སྐྱེ་བོ་མུ་སྟེགས་བ་རྣམས་རབ་ཏུ་སད་ཅིང་འདུལ་དོན་དུ། །ཡོངས་རྫོགས་ཟླ་བའི་ཞལ་ནི་རྣམ་པར་སྒེག་པའི་དཔྲལ་བ་ཡི། །གནས་ལས་ལྷ་སྲས་དབང་ཕྱུག་ཆེན་པོ་ངེས་འབྱུང་བས། །ལྷ་ཡི་ཤིན་ཏུ་ལྷ་དང་ཆེན་པོའི་མི་ཡི་དབང་ཕྱུག་ཁྱོད། །ཅེས་དང་། འདི་ན་དཔལ་མོར་རིམ་གྲོ་བསྙེན་བཀུར་སྦྱོར་བ་པོ་རྣམས་ནི། །གདུལ་དང་ངེས་པར་སད་ཕྱིར་བཅོམ་ལྡན་དབྱངས་ཅན་མ་འདི་དག་རྒྱལ་བའི་སྲས་པོ་ཁྱོད་ཀྱི་མཆེ་བའི་རྩེ་ལས་རབ་བྱུང་བས། །མངོན་འདོད་ཤེས་རབ་འབྲས་བུ་སྟེར་བ་དེ་ལ་བདག་ཕྱག་འཚལ། །ཞེས་བཤད་པ་འཇིག་རྟེན་དབང་ཕྱུག་གི་བསྟོད་པ་རིན་པོ་ཆེའི་ཕྲེང་བ་ལས་སོ། ༈ །རྡོ་རྗེ་ཐེག་པའི་ལམ་སྐོར་དགུར་གྲགས་པ་ལས། གྲུབ་ཆེན་བི་རཱུ་པའི་བཞེད་སྲོལ་ལམ་འབྲས་བུ་དང་བཅས་པ་ནི། ནག་པོ་པ། ཌ་མ་རུ་པ། ཨ་ཝ་དྷུ་ཏི་པ། ག་ཡ་དྷ་རའི་བར་བརྒྱུད་ནས། དེ་ཉིད་བོད་དུ་ལན་གསུམ་ཕེབས་པའི་དང་པོ་འབྲོག་མི། བར་པ་འགོས། ཐ་མ་གྱི་ཇོ་ཟླ་འོད་རྣམས་ལ་གནང་བའི་ལུགས་སྲོལ་ལས། བར་པ་ལ་ཀྱེ་རྡོར་རྒྱུད་རྐྱང་གི་སྨིན་གྲོལ་ལས་ལམ་འབྲས་མ་གནང་བས་གྲུབ་ཆེན་དེས་དངོས་སུ་གནང་བ་གཉིས་སོ། །འབྲོག་མི་ལ་གཞུང་ཚང་བ༧། མན་ངག་ཚང་བ་། གྲུབ་པ་ཐོབ་པའི་སློབ་མ་
གསུམ་ལས། གཉིས་པ་ནི། འབྲོམ་དེ་བ་སྟོན་ཆུང་ཙནྡྲ་བརྟི་ཞེས་གྲགས་པ་དང་། ལྷ་བཙུན་ཀ་ལི། སེ་མཁར་ཆུ་བ་གསུམ་ལས། དང་པོ་ལའང་འགའ་ཞིག་འཕེལ། ཕྱི་མ་ལ་ལམ་འབྲས་རབ་ཏུ་ཐོབ་པ་ཞང་སྟོན་སྐུ་མཆེད། འབྲིང་དུ་ཐོབ་བ་ཞྭ་མ་ལྕམ་སྲིང་། མཐའ་མ་སེ་སྒོམ་བྱང་ཡེ་རྣམས་སོ། །ཀྱེ་རྡོར་བཀའ་བབས་བཞི་ནི། མན་ངག་ལུགས། ཌོམྦི་ལུགས། མཚོ་སྐྱེས་ལུགས་། ནག་པོ་ལུགས་རྣམས་སོ། །དེ་ནས་ལམ་འབྲས་ཞང་ལུགས་སུ་གྲགས་པ་ནི། ཞང་དགོན་པ་བ། ཞྭ་མ་དཀོན་མཆོག །སློབ་དཔོན་ཉང་སྟོན། མཁན་པོ་སྨོན་མཁར་བའི་བར་དུ་བརྒྱུད་ཅིང་ཅུང་ཟད་འཕེལ། ལམ་འབྲས་ཞྭ་མ་ལུགས་ལ་སྔར་བྱོན་པ་མོ་རྒྱུད་ཕོ་རྒྱུད་གཉིས། ཕྱིས་བྱུང་བ་བསྲེས་པའི་ལུགས་དང་གསུམ་མོ། །དང་པོ་ནི། གྲུབ་པའི་དབང་མོ་མ་གཅིག་ཞྭ་མ་དང་། དེས་ཉང་སྒོམ་ཆེན་མོ། དེས་བླ་མ་སྨོན་མཁར་བ། དེས་གཉོས་ཆོས་ཀྱི་གཟི་བརྗིད། དེས་བླ་མ་ཀོ་བྲག་པ་སོགས་ལས་བརྒྱུད་དེ་དར་རྒྱས་སུ་གྱུར། བླ་མ་ཀོ་བྲག་པའི་ལུགས་ནི། ཀོ་བྲག་པ་བསོད་ནམས་རྒྱལ་མཚན་གྱིས་མཁན་པོ་སྨོན་མཁར་བ་ལ་ཞྭ་མ་མོ་བརྒྱུད་དང་། ཞང་དགོན་པ་བར་ཞྭ་མ་དཀོན་མཆོག་གིས་ཞུས་པ་ལམ་འབྲས་ཞང་ལུགས་སུ་གྲགས་པ་རྣམས་ཞུས་ནས་བསྒོམས་པས་དྲོད་
རྟགས་སྐྱེས། ལྷག་པར་གེགས་སེལ་ལ་མཁས་པར་བྱུང་། དེ་ལ་ལྷ་ལུང་པ་མཁའ་འགྲོ། རྒྱ་གར་ཡེ་ཤེས། གཉོས་རྡོ་རྗེ་སེང་གེ་གསུམ་གྱིས་ཞུས་ནས་འཕེལ། གཉིས་པ་ཞྭ་མ་ཕོ་ལུགས་སུ་གྲགས་པ་ལ། ལམ་འབྲས་སྤང་རྗེ་ལུགས་ནི། སེ་སྟོན་ལ་ཞྭ་མའི་མིང་པོ་རྗེ་ཁུང་བུ་ཞྭ་མ་ཆོས་ཀྱི་རྒྱལ་པོ། དེས་སེ་སྒོམ་བྲག་སྐྱབས་དང་། ཞྭ་མ་ཙིནྡྲ་གཉིས། དེ་གཉིས་ཀ་ལ་སྤང་རྗེ་ཉི་མ་གྲགས་དང་རྗེ་མར་ཇོ་བ་གཉིས་ཀྱིས་ཞུས་སོ། །སྔ་མར་ཟངས་ཕུག་པ་སོགས་ཀྱིས་ཞུས་ནས་དར། ལམ་འབྲས་མང་ལམ་ལུགས་ནི། ཞྭ་མ་ཙིནྡྲི་ལས། མང་ལམ་ཇོ་སྟན་སེང་གེ་བཟང་བོའམ། བྱང་ཆུབ་བཟང་པོའམ། རྣལ་འབྱོར་པ་ཀྱེ་ཡི་རྡོ་རྗེར་གྲགས་པའི་བཤེས་གཉེན་དེས་ཞུས་ཤིང་བསྒོམས་པས་གྲུབ་པ་བརྙེས་ནས་ཡིག་ཆ་ཡང་མང་དུ་མཛད་དོ། །གསུམ་པ་བསྲེས་པའི་ལུགས་ལ། ལམ་འབྲས་བཀའ་རྒྱ་མའམ་ཆ་གན་ལུགས་ནི། ས་པཎ་གྱི་སློབ་མ་ཀུན་མཁྱེན་པུ་ཧྲང་པ་སངས་རྒྱས་གྲགས་ལས་ས་ལུགས་དང་། མ་གཅིག་ཞྭ་མ་ནས། ཞང་རས། མང་ལམ། ཞིག་པོ། ཉང་རས། མ་གཅིག་གི་དེ་ལས་ཞྭ་མ་ལུགས་གཉིས་ཀ་བླ་མ་ཆ་གན་པ་དབང་ཕྱུག་རྒྱལ་མཚན་གྱིས་ཞུས་ཤིང་བསྒོམས་པས་ཉམས་རྟོགས་འཁྲུངས་ནས་ཡིག་ཆ་རྒྱ་ཆེར་མཛད། དེ་ལ་མཉམ་མེད་གྲགས་པ་རྒྱལ་མཚན་སོགས་
ཀྱིས་ཞུས་ནས་དར་རོ། །ཇོ་ནང་ལུགས་ནི། ཀུན་སྤངས་ཀུན་ཏུ་བཟང་པོ་དཔལ་མི་བསྐྱོད་རྡོ་རྗེར་གྲགས་པས་ཁ་ཆར་བ་རིན་ཆེན་འོད་ལ་ཞྭ་ལུགས་ཕོ་རྒྱུད་མོ་རྒྱུད་གཉིས་ཀ་གསན་ནས་ཉམས་བཞེས་གནང་། སེ་སྟོན་གྱིས་རྣམ་འཕྲུལ་མཐོང་བ་ལ་བསྟེན། ཞྭ་ལུགས། འབྲོམ་ལུགས། ས་ལུགས་གསུམ་བསྲེས་ནས་རྡོ་རྗེའི་ཚིག་རྐང་རྩ་འགྲེལ་མཛད། དེ་ལ་བྲག་ཁ་གྲགས་པ་སེང་གེ་སོགས་ཀྱིས་ཞུས་ཏེ་དར། དབང་རྒྱལ་ལུགས་ནི། ཇོ་ནང་ཀུན་སྤངས་ཆེན་པོའི་སློབ་མ་ལ་སྟོད་གཉོས་དབང་རྒྱལ་དུ་གྲགས་པ་དེས་ཞྭ་ལུགས་ཀྱི་ལམ་འབྲས་གསན་ནས་སྦྱོར་དྲུག་བསྲེས་ནས་ལམ་འབྲས་སྔ་མ་སུ་དང་ཡང་མི་མཐུན་པའི་རྟོག་བཟོ་ཆེན་པོ་བྱས་སོ། །ལམ་འབྲས་ལྕེ་སྒོམ་ལུགས་ནི། ས་ཆེན་གྱི་སློབ་མ་དཔལ་ཏལ་ཕུག་པ་དང་། ཡང་ས་ཆེན་ཉིང་སློབ་སློབ་དཔོན་ཇོ་བོ་ལ་ལྕེ་སྒོམ་རིན་པོ་ཆེས་ཞུས། བསྒོམས་པས་ཉམས་མྱོང་བསམ་གྱིས་མི་ཁྱབ་པ་ཤར། ལམ་འབྲིང་པོའི་ཡིག་ཆ་ཞིག་མཛད་པ་ཡང་ཕལ་ཆེར་ས་ལུགས་དང་མཐུན། དེས་སྤྲུལ་སྐུ་བརྩོན་འགྲུས་ལ་གནང་ནས་ཅུང་ཟད་འཕེལ། ལམ་འབྲས་ཕག་གྲུ་ལུགས་ནི། ཕག་མོ་གྲུ་པས་ས་ཆེན་ལོ་༡༢བསྟེན། མན་ངག་ཐོབ་པས་གཞུང་བཤད་དཔེ་མཛོད་མ་ཞེས་གྲགས་པ་མཛད་དོ། །གྱི་ཇོ་ལུགས༡། འབྲོམ་ལུགས༢།
ཞང་སྟོན་ལུགས༣། ཞམ་ལུགས་༤ ཀོ་བྲག་ལུགས༥། སྤང་རྗེ་ལུགས༦། མང་ལམ་ལུགས༧། ཆ་གན་ལུགས༨། ཇོ་ནང་ལུགས༩། དབང་རྒྱལ་ལུགས༡༠། ལྕེ་སྒོམ་ལུགས༡༡། ས་ལུགས༡༢། །མཁར་ཆུ་ལུགས༡༣། གཉོས་ལུགས༡༤། །ཉང་ལུགས༡༥། འགོས་ལོས་འགྱུར་བའི་རྡོ་རྗེའི་ཚིག་རྐང་དང་དབང་གི་རབ་དབྱེ་འདུག་པས་འགོས་ལུགས༡༦། ཕྱི་མ་ཕེབས་པའི་ཚེ་གཉོས་ལོ་ཙཱ་བ་ཡོན་ཏན་གྲགས་པ་ལ་ཡང་གསུངས་པར་ངེས་པས་གཉོས་ལུགས༡༧། གཞན་ཡང་གྲགས་པ་དང་། ས་པཎ་གཉིས་ཀའི་སློབ་མ་ནགས་ཕུག་༡༨པ་འཇམ་དབྱངས་ཤེས་རབ་འོད་ཟེར་ལས་འཕེལ་བ་དང་། གྲགས་པཎ་གཉིས་ཀའི་སློབ་མ་ཤར་བ་ཤེར་འབྱུང་གིས་གཞུང་བཤད་ཆེན་མོ་མཛད༡༩། ཡང་ཆོས་རྗེའི་སློབ་མ་ཚོགས་སྒོམ་པ་ཀུན་དགའ་དཔལ་ལས་གཉགས་སྙིང་པོ་རྒྱལ་མཚན། དེ་ལས་བར་སྟོན་དང་། རྒྱ་རྒན་ཐུགས་རྗེ་བསོད་ནམས་༢༠གཉིས་ཀྱིས་ཞུས་ཤིང་གཉིས་ཀས་ཡིག་ཆ་མཛད། ཡང་ཆོས་རྗེའི་སློབ་མ་དམར་སྟོན་ཆོས་ཀྱི་རྒྱལ་པོས་ལམ་འབྲས་གཞུང་བཤད་དམར་མ་སོགས་མཛད་པ་མཐའ་ཡས་སོ། །ཕྱིས་སུ་ངོར་རྫོང་ཚར་གསུམ་ལས་རྒྱ་ཆེར་འཕེལ་བ་ལགས། ༈ །གསང་འདུས་ཀླུ་སྒྲུབ་ལུགས་ལ། འགོས་ཀྱིས་པཎ་གྲུབ་མང་པོ་ལས་གསན། དེ་ལ་
སློབ་མ་ཀ་བ་ཚུགས་པ་བཞི། གདུང་ཐེག་པ་བརྒྱད་སོགས་ལས་ཚོགས་ཕྲིན་ལས་ལ་མཁས་པ་ཕྱམ་དང་དྲལ་མ་གཤིབས་པ་ལྟ་བུ་བསམ་གྱིས་མི་ཁྱབ་པ་ལས་དམར་སྟོན་སེང་རྒྱལ་དང་རྔོག་ཡེ་ཤེས་སེང་གེ་སོགས་ལ་བརྒྱུད་པས་རྔོག་ལུགས་ཞེས་གྲགས། མར་པ་ལོ་ཙཱས་ནཱ་རོ་པ་དང་། ནུབ་ཀུ་རུ་ཀྵེ་ཏྲར་ཡེ་ཤེས་སྙིང་པོ་ལ་གསན་པའི་སྔ་མར་གྲུབ་ཐོབ་ཀུ་སཱ་ལི་དང་། ཕྱི་མར་མཁས་པ་པཎྜི་ཏའི་བརྒྱུད་པར་འདོད། ཇོ་བོས་རོང་པ་འགར་དགེ་ལ་གནང་བ་ཇོ་ལུགས་སམ་རོང་ལུགས། ནི་སྐ་ལངྐ་དེ་བ་ལ་ཆག་ལོ་ཙཱ་བས་ཞུས་པ་ཆག་ལུགས། ཡང་རེ་བེ་བ་ལ་ཡང་ཞུས། ཤཱཀྲ་ཤྲཱི་ལས་ས་པཎ་གྱིས་ཞུས་པ་ས་ལུགས། དེ་ལ་དཔྱལ་ལོ་ཙཱ་བ་ཆོས་ཀྱི་བཟང་པོས་ཞུས་པ་དཔྱལ་ལུགས་ཏེ། སྔ་མ་ལྔ་དབང་བཤད་གཉིས་ཀ་དང་། ཕྱི་མ་དབང་རྒྱུད་དོ། །ཡེ་ཤེས་ཞབས་ལུགས་ནི། པདྨ་ཀ་ར་ལས་ལོ་ཆེན་རིན་བཟང་གིས་གསན་པ་དང་། བ་ལིཾ་ཨཱ་ཙརླ་ལས་གཉོས་ལོ་ཙཱ་བ་རྡོ་རྗེ་བླ་མས་གསན་པ་གཉོས་ལུགས་དང་། པུཎྱ་ཤྲཱི་ལས་རྭ་རྡོར་གྲགས་ཀྱིས་གསན་པ་རྭ་ལུགས་སོ། །བདེ་མཆོག་ལཱུ་ཧི་པ། ཕམ་མཐིང་པ་སྐུ་མཆེད་ནས་ཀློག་སྐྱ་ཤེས་རབ་བརྩེགས། དེས་མལ་ལོ། ས་ཆེན་སོགས་བརྒྱུད་པ་ས་ལུགས། བལ་པོ་བྷ་དན་པ་ལས་མར་པ་དངོས་ལ་བརྒྱུད་པ་མར་ལུགས། ཇོ་བོ་ཤཱནྟི་པ་
ནས་རོང་པ་འགར་དགེར་བརྒྱུད་པ་རོང་ལུགས་སམ་ཇོ་ལུགས། ཤཱཀ་ཤྲཱི་ནས། བི་བྷུ་ཏི་ཙནྡྲ་ནས་བརྒྱུད་པར་པཎ་ཆེན་ལུགས། ཀ་ཎ་ཤྲཱི། ཕམ་མཐིང་པ། བྷ་དན་གསུམ་ཀར་པུ་ཧྲང་ལོ་ཆུང་གྲགས་a མཆོག་གིས་གསན་པར་དབང་བཤད་གཉིས་ཀ་ཡོད། གཞན་ཡང་པུ་ཧྲང་པའི་བརྒྱུད་འཛིན་ལས་གྱེས་པ་དམར་ལུགས་དང་། པཎ་ཆེན་ཀྵི་ཏི་གནྡྷ་ནས་དཔྱལ་ཆོས་བཟང་ལ་བརྒྱུད་པ་དཔྱལ་ལུགས་ཏེ། བཤད་པ་ལ་མལ་གྱོ་དང་། པུ་ཧྲང་ལུགས་གཙོ་ཆེ། ཡང་སྦལ་ཡང་སྣང་ལུགས་ནི། ཇོ་བོ་རྗེ་ལ་ལོ་ཆེན་དང་། ནག་ཚོས་གསན་པའི་རྒྱུན་ལས་སྒོམ་པ་མང་སྒོམ་ལ་སྦལ་ཡང་སྣང་གིས་གསན་ནོ། །ནག་པོ་པའི་དབང་རྒྱུད་ནི་མལ་གྱོ་ལས་བརྒྱུད། དྲིལ་བུ ་པ་ཀློག་སྐྱ་ནས་མལ་གྱོ་དང་། ཁ་ཆེ་པཎ་ཆེན་ནས། སྤྱི་བོ་ལྷས་པ་སེང་གེ་དཔལ་ལ་བརྒྱུད་པ་ས་ལུགས་དང་། ཁ་ཆེ་ལུགས་གཉིས་དང་། དྲིལ་བུ ་པའི་ལྷ་བཅུ་གསུམ་མ་ནི། སུ་མ་ཏི་ཀཱི་རྟི་ནས་མར་པ་དོ་པ་ལ་བརྒྱུད་པའོ། །ལོ་པའི་མངོན་རྟོགས་རྩ་འགྲེལ། ཕྱི་རོལ་མཆོད་པ། ལག་མཆོད། གཏོར་ཆོག་ལྔ་ལ་ལུ་ཧི་པའི་སྨད་ལྔར་གྲགས། དང་པོ་རང་ཉིད་དང་། ཕྱི་མ་༤པྲཛྙཱ་རཀྵི་ཏས་མཛད། སྒྲུབ་དཀྱིལ་སྦྱིན་སྲེག་སྟེ་བསྐྱེད་རིམ་དང་། དབྱིད་ཐིག །གསང་བའི་དེ་ཉིད་གསལ་བ། ཨོ་ལ་པ་ཏི་སྟེ་རྫོགས་རིམ་སྟོན་པའི་
ནག་པོ་གཞུང་དྲུག །སྒྲུབ་ཐབས། དབང་གི་བྱ་བའི་རིམ་པ། རིམ་ལྔ་སྟེ་ དྲིལ་བུ ་སྐོར་གསུམ་ཞེས་གྲགས། མངོན་པ་ཀུན་བཏུས་བཤད་པ་སྔ་འགྱུར་གྱི་སྐབས་དཱ་ན། ཛི་ན་གཉིས་ལ་ཅོག་ཞང་། སྐབས་གསན་ནས་རིམ་པར་བརྒྱུད་པ་ལ། ཕྱིས་ལི་སྟོན་ཆོས་གྲགས་ལ་བྲང་ཏི་དར་མ་སྙིང་པོས་གསན་ནས་འཆད་ཉན་རྩལ་དུ་བཏོན། རྣལ་འབྱོར་རྒྱུད་འཇམ་དཔལ་གསང་ལྡན། འཇམ་དབྱངས་ནས་འཇམ་བཤེས། དེས་སྒེག་པའི་རྡོ་རྗེ་ནས་རིམ་པར་བོད་དུ་སྨྲ་ཏིས་ཤཱནྟིང་གབྷ་ལས་དར་བར་མཛད། ཆད་སྡེ་ངག་གི་དབང་ཕྱུག །ཁམ་པ་ཤེས་རབ་རྡོ་རྗེ། ཡང་ན་ཤིནྟཾ་གནྡྷ་ནས། ཉི་མའི་དངོས་གྲུབ། སྐྱི་བྱེ་མ་ལུང་པ། དེ་གཉིས་ཀ་ལས། ཤེར་རྡོར་གྱིས་གསན། དེ་ལ་རྔོག་ཆོས་སྐུ་རྡོ་རྗེ་ནས་རྔོག་པའི་ཕྱོགས་ལ་བཀའ་བབས་པར་བཤད་སྣང་ངོ་། ༈ །བསྟན་བཅོས་ཉེར་སྦས་སོགས་ཀྱིས་བྱེ་བྲག་བཤད་པའི་ནང་ཚན་འདུལ་བ་བྱེ་བྲག་བཤད་པ། དྲི་མེད་བཤེས་གཉེན་དང་ཁྱད་པར་བཤེས་གཉེན་སོགས་ཀྱིས་སོ་ཐར་གྱི་མདོ་བཀྲལ། དགེ་ལེགས་བཤེས་གཉེན་གྱིས་ལུང་མ་མོ་དང་། དུལ་ལྷས་རྣམ་འབྱེད། དགེ་བའི་བཤེས་གཉེན་གྱིས་ལུང་ཞུ་བ། ཚུལ་ཁྲིམས་བཤེས་གཉེན་གྱིས་ཕྲན་ཚེགས། ཕྱིས་དབྱིག་གཉེན་སློབ་མ་འདུལ་བ་རང་ལས་མཁས་པ་ཡོན་ཏན་འོད་ཀྱིས་མདོ་རྩ་དང་། རང་
འགྲེལ། ཆོས་བཤེས་ཀྱིས་རྒྱ་ཆེར་འགྲེལ་སོགས་མཛད། བོད་དུ་བཤད་རྒྱུན་ནི་བསྟན་པའི་གཏད་རབས་བདུན་གྱི་རྗེས། ཕྱིར་མི་འོང་བློས་མི་འབེབས། ཡོན་ཏན་འོད། ཤཱཀྱ་འོད་ཆོས་བཤེས་གཉིས། དེས་སེང་གེའི་གདོང་ཅན། དེས་དཱ་ན་ཛི་ན་གཉིས་ལ་སྐ་ཅོག་ཞང་གསུམ་གྱིས་གསན་ནས་དར། སྡོམ་རྒྱུན་ནི་འཕགས་པ་ཤཱ་རིའི་བུ་ནས་བརྒྱུད་བོ་དྷི་སཏྲ་ལས་བོད་དུ་དར་ཞིང་། བཤད་རྒྱུན་སྟོད་འདུལ་སྨད་འདུལ་གཉིས་ཀ་གཟུས་ནས་ཆུ་བོ་གཅིག་འདྲེས་སུ་གྱུར་པས་གཟུས་ལ་བུ་བཞིར་གྲགས་པ་སོགས་བྱུང་། ཁ་ཆེ་པཎ་ཆེན་གྱིས་ཀྱང་ས་པཎ་ལ་མདོ་རྩ་དང་། ཁྲོ་ཕུར་མེ་ཏོག་ཕྲེང་རྒྱུད་གསུངས་ནས། དེའི་རྒྱུན་ལས་ཕྱིས་སུ་བུ་སྟོན་རིན་པོ་ཆེ་དང་། ཀུན་མཁྱེན་རོང་སྟོན་སོགས་ལ་ལུགས་གསུམ་ཀ་བཀའ་བབས་པར་གྱུར། ༈ །མར་པས་ནཱ་རོ་པ་སྟེ་རྩོད་མེད་ཞབས་ལ་གཙོ་བོར་དགྱེས་རྡོར། དེས་ལུང་བསྟན་ཏེ་ནུབ་ཀུ་རུ་ཀྵེ་ཏྲར་ཡེ་ཤེས་སྙིང་པོར་གསང་འདུས། ཀུ་ཀུ་རི་པ་ལ་མ་ཧཱ་མཱ་ཡ། མེ་ཏྲི་པ་ལ་ཕྱག་ཆེན། རུས་པའི་རྒྱན་ཅན་མ་ལ་གདན་བཞི་སོགས་གསན། ཕྱིས་རྔོག་སྟོན་ཆོས་སྐུ་རྡོ་རྗེས་དེ་རྣམས་གསན། དེ་ཡང་དགྱེས་རྡོར་ལྷ་དགུ། བདག་མེད་ལྷ་མོ་བཅོ་ལྔ། གདན་བཞི་ཡབ་བཀའ་ལྷ་མང་། ཡུམ་བཀའ་ཡེ་ཤེས་དབང་ཕྱུག །མ་ཧཱ་མཱ་ཡཱ་ལྷ་ལྔ། གུར་རིགས་
བསྡུས་མཁའ་འགྲོ་ལྔ་སྟེ་མར་པ་ལས་བྱུང་བ་དྲུག་དང་། གནམ་བྱེ་མ་ལུང་པ་དང་ཁམ་པ་ཤེར་རྡོར་ལས་མཚན་བརྗོད་རྣལ་འབྱོར་རྒྱུད་ལྟར་བཀྲལ་བའི་བཤད་པ་དང་། འཇམ་དཔལ་གསང་ལྡན་གྱི་སྐོར་གསན་ཏེ་རྔོག་དཀྱིལ་བདུན་དུ་གྲགས་སོ། ༈ །ངོར་ལུགས་དཀྱིལ་འཁོར༧། ཀྱེ་གུར་སཾ་གསུམ། ལུ་ནག །གསང་འཇམ་རྣམས་སོ། །དགེ་ལྡན་པས་གསང་བདེ་འཇིགས་གསུམ་རྩལ་| བཏོན་བྱས། ཀར་ཕྱོགས་ཁ་ཅིག་བདེ་ཀྱེ་དུས་གསུམ་ལ་ནན་ཏན་མཛད། ནག་རྒྱལ་ཕག་གསུམ་ཞེས་པའང་སྣང་སྟེ་ཀཾ་ཚང་ལུགས་སོ། །བདེ་མཆོག་མཁའ་འགྲོ་རྒྱ་མཚོ་དང་། རྡོ་རྗེ་མཁའ་འགྲོ་དང་། སྡོམ་འབྱུང་དང་། བོང་ཞལ་ཅན་དང་། སྟོད་འགྲེལ་ལུགས་སོགས་མང་ངོ་། །རྙིང་ལུགས་བཀའ་མ། མདོ་སྒྱུ་སེམས་གསུམ། ལོ་དྲིལ་ནག་གསུམ། གཏེར་མ་བླ་རྫོགས་ཞི་དྲག་གཉིས་ཐུགས་གསུམ། ཞི་དྲག་གཉིས། བཀའ་རྣམ་གསུམ་དགོངས་སྔ་ཕྱི་བར་གསུམ་ཕུར་གསུམ་བཀའ་གཏེར་གཉིས་རྣམས་དར་སོ་ཆེ། བཀའ་འདུས། དགོངས་འདུས། རིག་འཛིན་ཡོངས་འདུས་སམ་གྲོལ་ཐིག་[ |གསུམ་ལ་དགོངས་འདུས་སྔ་ཕྱི་བར་གསུམ། བདེར་འདུས། གསང་རྫོགས། རང་ཤར་གསུམ་ལ་བཀའ་བརྒྱད་རྣམ་གསུམ། ཕུར་པ་ཇོ་ལུགས། འཁོན་ལུགས། ངོར་ལུགས་སོགས་བཀའ་མ་
དང་། ཆོས་དབང་། སངས་གླིང་། རཏྣ་གླིང་པ་སོགས་གཏེར་མ་སྔ་ཕྱི་མང་། ༈ །དུས་འཁོར་རྒྱུད་འདི་བོད་དུ་གྱི་དུས་ཞབས་པ་ཤྲཱི་བྷ་དྲ་དང་། ཞང་རྒྱ་གར་བརྩེགས། ཇོ་ཟླ་འོད་ཀྱིས་འགྱུར། དེ་ནས་བཟུང་མར་འོད་བྱང་ཆུབ་ཤེས་རབ། རྨ་དགེ་བའི་བློ་གྲོས། བློ་གྲོས་སྙིང་པོ། བསོད་ནམས་ཡེ་ཤེས། འབྲོམ། འགོས། གཉན་དར་གྲགས། ལྡི་རི་ཆོས་གྲགས། རོང་གླིང་ལོ་ཙཱ། སྟེང་པ། རྭ་ཆོས་རབ། ཆག །ཤོང་ལོ། དབང་ལོ་རྣམ་གཉིས་འགྱུར་སོགས་ཉི་ཤུ་རྩ་ལྔ་ཙམ་བྱུང་། མན་ངག་གི་བཀའ་ནི། དུས་འཁོར་ཞབས་ཆུང་བ་ལས་ཁ་ཆེ་ཟླ་མགོན་གྱིས་གསན། དེ་ཉིད་པད་དཀར་གྱིས་ལུང་བསྟན་ནས་བོད་དུ་བྱོན། དེས་སྒོམ་པ་དཀོན་མཆོག་སྲུངས། དེས་སྒྲོ་སྟོན་གྲུབ་ཆེན་ཡུ་མོ་བ། མཁས་པ་ཀྲེ་བོ་མགོན་པོ། ལྡུམ་ར་སྒང་པ། སྙེ་མདོ་ཐམས་ཅད་མཁྱེན་པ། སྙེ་མདོ་བསོད་ནམས་དཔལ་དང་། ཀུན་དགའ་དོན་གྲུབ། དེས་རང་བྱུང་པ་སྟེ་ཀར་ལུགས། ཡང་ཡུ་མོ་ནས། གྲུབ་ཐོབ་སེ་མོ་ཆེ། འཇམ་གསར། ཀུན་མཁྱེན་ཆོས་སྐུ་འོད་ཟེར། འཕགས་བོད། བུ་རིན་པོ་ཆེ་སྟེ་ཕུ་ལུགས། ཀུན་མཁྱེན་ཆོས་འོད་ནས། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། བྱང་སེམས་རྒྱལ་བ་ཡེ་ཤེས། ཡོན་ཏན་རྒྱ་མཚོ། ཀུན་མཁྱེན་དོལ་བུ་པ་སྟེ་ཇོ་ནང་ལུགས་སམ། བཤད་པ་འབྲོམ་
འགྱུར་ལ་མཛད་པས་འབྲོམ་ལུགས། གྱི་ཇོ་ཟླ་བའི་འོད་ཟེར་གྱི་གསུང་ཁྲམ་པདྨ་འོད་ཟེར་གྱིས་བྲིས་པ་གྱི་ཇོ་ལུགས། རྩྭ་མི་ལོ་ཙཱ་ནས། གྲྭ་ལོ། ཞང་རིན་པོ་ཆེ་སོགས་ཚལ་ལུགས། ཙ་མི། གྲྭ་ལོ། ས་ཆེན་སོགས་ས་ལུགས། སེ་ལོ་ཙཱ། གཉོས་འོད་མ། བཀྲ་ཤིས་རིན་ཆེན། དེ་གཉིས་ལ་དུས་འཁོར་བ་སངས་རྒྱས་རྡོ་རྗེ། དེས་ཨོ་རྒྱན་པ། དེ་ལ་ལྷ་ཆེན་ཚུལ་ཁྲིམས་རྡོ་རྗེ། དེ་ལ་རྗེ་རང་བྱུང་པས་གསན་པ་སོགས་ཙ་མི་ལུགས། ཤེའུ་ལོ་ཙཱ། རྒྱ་ཐམས་ཅད་མཁྱེན་པ། སྙེ་མདོ་བ་ཡབ་སྲས་ཏེ་སྙེ་མདོ་ལུགས། ས་མནྟ་ཧཱུཾ། རྭ་ཆོས་རབ། དྲེ་བོ་མགོན་པོ་སོགས་དང་། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱིས་ཇོ་ནང་བཏབ། བྱང་སེམས་རྒྱལ་ཡེ་སོགས་ཀུན་སྤངས་བུ་བཞིར་གྲགས་པ་བྱུང་བ་དང་། ཕྱིས་དོལ་བུ་པ་ལ་སློབ་མ་ཀུན་སྤངས་ཆོས་གྲགས། ཕྱོགས་རྒྱལ་བ། ཉ་དབོན་པ། མ་ཏི་རྣམ་གཉིས་སོགས་བྱོན་ནས་སློབ་མ་མཁས་ཤིང་སྦྱོར་བ་ཡན་ལག་དྲུག་གི་རྣལ་འབྱོར་ལྷུར་ལེན་པ་མང་པོས་དབུས་གཙང་ཁམས་གསུམ་གྱི་རི་སུལ་ཐམས་ཅད་བཀང་། དེ་ནས་བརྒྱུད་དེ་བུ་ལ་བཀའ་བབས་པ་རྭ་ལུགས། རཏྣ་རཀཱི་ཏ་དང་། རི་བེནྡྲ་སོགས་ལ་ཆག་ལོ། དེས་གོ་ལུང་པ་མདོ་སྡེ་དཔལ། ཨོ་རྒྱན་པ་སོགས་ཆག་ལུགས། པཎ་ཆེན་ཤཱཀྱ་ཤྲཱི། དཔྱལ་ལོ་སོགས་པཎ་ཆེན་ལུགས་སམ་དཔྱལ་ལོ་ལུགས། ཤ་བ་རིས་བི་བྷུ་ཏི་ཙནྡྲ་དང་། ཕྱིས་ནགས་རིན་ལ་གསུངས་པ་
སོགས་མཐའ་ཡས་སོ། །གསང་འདུས་མར་འགོས་གཉོས་གསུམ། འཇིགས་བྱེད་རྭ་སྐྱོ་ཞང་གསུམ། བདེ་མཆོག་མར་དོ་མལ་ཇོ་ལོ་ཆུང་གསུམ། ཀྱེ་རྡོར་མར་འབྲོག་འགོས་གསུམ། དུས་འཁོར་རྭ་འབྲོམ་ཙ་གསུམ་ལས་བྱུང་ཞེས་བཤད་པའང་ཡོད། ༈ །མངོན་རྟོགས་རྒྱན་ལ་སློབ་དཔོན་ཐོགས་མེད༡། དབྱིག་གཉེན༢། འཕགས་པ་རྣམ་གྲོལ་སྡེ༣། བཙུན་པ་གྲོལ་༤ སྡེ་བཞིས་རང་རང་གི་བློ་གྲོས་དང་འཚམས་པའི་འགྲེལ་པ་རེ་བྱས། དེ་རྗེས་སློབ་དཔོན་སེང་གེ་བཟང་པོས་(རྒྱ་ཆེར་བཀྲལ། དེ་ཉིད་ཆོས་བཤེས། ཤེར་འབྱུང་བློ་གྲོས། གསེར་གླིང་པ་རྣམས་ཀྱིས་བསྐྱངས། དེ་ལ་ཟུར་ཟ་བར་བཞེད་ནས་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་རིན་འབྱུང་ཞི་བས་༦འགྲེལ་པ་སོགས་རྒྱ་ཆེར་མཛད། ཐོགས་མེད་ཀྱི་མན་ངག་གི་རྒྱུན་ལ་བརྟེན་ཀྱང་། དེཊཾ་སེ་ནཱ་དང་། དི་གི་རྡ་སྟིས་སྒོ་གསུམ་རྣམ་གྲངས་བཅུ་གཅིག་དང་། གཙོ་བོའི་དོན་གྱིས་༣༢བཀྲལ་ཚུལ་གཞན་མཛད་དོ། ༈ །བཀའ་གདམས་པ་ནི། ཇོ་བོའི་སློབ་མ་ཁུ་རྔོག་འབྲོམ་གསུམ། འབྲོམ་སྟོན་གྱི་སློབ་མ་རིགས་གསུམ་རྣམ་འཕྲུལ། པུ་ཏོ་བ་རིན་ཆེན་གསལ། སྤྱན་སྔ་ཚུལ་ཁྲིམས་འབར། ཕུ་ཆང་བ་གཞོན་ནུ་རྒྱལ་མཚན་གསུམ། དང་པོ་ནི། གཞུང་པར་གྲགས་ཤིང་སློབ་མ་ཤར་བ་ཡོན་ཏན་གྲགས་དང་། གླང་ཐང་པ་
གཉིས། རྡོ་རྗེ་སེང་གེ། རོག་དམར་ཞུང་བ། དོལ་པ་ཤེས་རབ་རྒྱ་མཚོ། འབན་སྒོམ་གུང་རྒྱལ་ཚུལ་ཁྲིམས་རྒྱལ་བ་སོགས་མང་དུ་བྱོན། བར་པ་ལ་གདམས་ངག་པ་དང་། ཕྱི་མ་ལ་མན་ངག་པ་ཞེས་གྲགས་པ་དང་། ཡང་ཇོ་བོའི་སློབ་མ་གུང་ཐང་པ་ནག་ཚོ་ལོ་ཙཱ་སོགས་དངོས་སློབ་བརྒྱད་དང་། ཉིང་སློབ་གཉིས་ཏེ་བཅུ་བསྟེན་པ་རོང་པ་ཕྱག་སོར་བ་སྟེ། འདི་ལ་གསོར་དགོན་པར་བཞུགས། བརྒྱུད་པ་དང་བཅས་པ་ལ་བཀའ་གདམས་འོག་མའམ་ནག་ཚོའི་བཀའ་བརྒྱུད་ཅེས་གྲགས། འདི་ལ་རོང་པའི་བུ་བཞིར་གྲགས་པ་སོགས་བྱུང་། དེ་ལྟར་ན་བཀའ་གདམས་གཞུང་པ། མན་ངག་པ། གདམས་ངག་པ། ནག་ཚོའི་བཀའ་བརྒྱུད་དེ་བཞི་ནི་རྩ་བ་ལྟ་བུ་ཡིན་ནོ། ༈ །བཀའ་བརྒྱུད་པ་ནི། དྭགས་པོ་ལྷ་རྗེའི་སློབ་མ་ཁམས་པ་མི་གསུམ་གྱི་ནང་ཚན་ཁམས་པ་དབུ་སེ་ལས་ཀརྨ་ཀཾ་ཚང་གི་བརྒྱུད་པ་དང་། ཕག་གྲུ་ལས་ཕག་གྲུ་བཀའ་བརྒྱུད་དང་། དྭགས་པོ་སྒོམ་ཚུལ་གྱི་སློབ་མ་ཞང་ལས་ཚལ་པ་བཀའ་བརྒྱུད་དང་། ཕག་གྲུའི་སློབ་མ་གླིང་རས་ལས་འབྲུག་པ་དང་། ཀྱུར་རིན་ཆེན་དཔལ་དང་། ཉེ་གནས་བཀྲ་ཤིས་དཔལ་གཉིས་ལས་འབྲི་སྟག་བཀའ་བརྒྱུད་དང་། རྒྱལ་ཚབ་རིན་ཆེན་མགོན་པོ་དང་། དེའི་དབོན་པོ་ཀུན་ལྡན་གཙང་པ་རས་ཆུང་གཉིས་ཀྱི་ཕྱི་མའི་དབོན་རྒྱུད་ཁྲོ་ཕུ་
ལོ་ཙཱ་བ་གནུབས་བྱམས་པའི་དཔལ་སོགས་ཁྲོ་ཕུ་བཀའ་བརྒྱུད་སྐོར་བྱོན། ༈ །ཤར་ཆེན་ཡེ་ཤེས་རྒྱལ་མཚན་གྱི་སློབ་མ་ས་བཟང་པ་ཀུན་དགའ་བཟང་པོ་ནི། བོད་ཆོས་རྒྱལ་སྐུ་ཞང་གི་རིགས་ཅོག་རོའི་གདུང་ལས་འཁྲུངས། གསན་བསམ་རྒྱ་མཚོའི་ཕ་རོལ་སོན། ༤༥པར་གཤེགས། ཐེག་ཆེན་ཆོས་ཀྱི་རྒྱལ་པོའི་སློབ་མ་བླ་བྲང་རྫོང་ཆུང་གི་རྗེས་འབྲང་ཀུན་དགའ་རྒྱལ་མཚན་ནི། ཞང་ཡེ་ཤེས་༧སྡེའི་རིགས་ལས་ཆུ་བྱི་ལོར་འཁྲུངས། སློབ་མ་དཔལ་ལྡན་ཆོས་སྐྱོང་། གཞོན་ནུ་རྒྱལ་མཆོག་སོགས་སོ། །གཡག་ཕྲུག་པ་ནི། རྩེ་ཐང་གི་ཆེན་པོ་བྱང་ཆུབ་རིན་ཆེན་པའི་སྲས་སུ་འཁྲུངས། ས་སྐྱ་རྩེ་ཐང་སོགས་སུ་མཚན་ཉིད་དང་། གོན་འགྱོ་ཡེ་ཤེས་དཔལ་ལས་གསུང་ངག་སོགས་གསན། རྗེས་འབྲངས་གོང་དཀར་དང་མུས་སྲད་པ་སོགས་སོ། །བུ་དོལ་གྱི་སློབ་མ་ཉ་བརྩོན་གཉིས་ཞེས་གྲགས་པའི་༧ མཁས་པའི་དབང་ཕྱུག་བརྩོན་འགྲུས་དཔལ་ལ་གཙོ་བོར་བསྟེན། སློབ་མའི་གཙོ་བོ་རོང་སྟོན་དང་། གཞོན་ནུ་རྒྱལ་མཆོག་སོགས་བྱུང་། རེད་མདའ་བ་ནི་ས་སྐྱ་དང་ཉེ་བར་འགར་གྱི་རིགས་ལས་འཁྲུངས། མ་ཏི་པཎ་ཆེན་སོགས་གཙོ་བོར་བསྟེན། དབུ་མ་ཐལ་འགྱུར་བའི་སྲོལ་ལྷག་པར་བཏོད། སློབ་མའང་གཞུང་ལུགས་རབ་འབྱམས་སྨྲ་བའི་བཤེས་གཉེན་བདུན་སོགས་བྱུང་། ནཱ་ལེནྡྲ་རོང་
རྔོག་ཕྱ་སྟོན་གྱི་སློབ་མ་བྱམས་ཆེན་སངས་རྒྱས་སྐྱེད་ཚལ། འཕེལ་དང་། གསེར་མདོག་ཤཱཀྱ་མཆོག་ལྡན། སངས་རྒྱས་འཕེལ་གྱི་སློབ་མ་གོར་མ་རྟ་ནག་པ་རྣམས་ཀྱིས་ཆོས་གྲྭ་སོ་སོར་བཏབ་ཅིང་མཚན་ཉིད་ལ་ཕན་པར་བྱུང་། ༈ ལམ་འབྲས་ལུགས་སྲོལ་བཅོ་བརྒྱད་ནི། བླ་ཆེན་འབྲོག་མི་དང་གྱི་ཇོ་ལས་༡བརྒྱུད་པ་གཉིས། སྔ་མ་ལས་འབྲོག་མའི་སྲས་ཨིནྡྲ་དང་རྡོ་རྗེ་ལས་བརྒྱུད་པའི་ལམ་|འབྲས༢། ཐུགས་ཀྱི་སྲས་འབྲོམ་དེ་བའི་ལམ་འབྲས༣། སེ་མཁར་ཆུང་བ་ནས་འཕེལ་བ་རབ་འབྲིང་ཐ་གསུམ་དུ་ཡོད་པའི། འབྲིང་དུ་ཐོབ་པ་ཞྭ་མ་ནས་འཕེལ་བ་ལས། ཕོ་རྒྱུད་མོ་རྒྱུད་བསྲེས་བརྒྱུད་དང་གསུམ། ཕོ་རྒྱུད་ལའང་། རྗེ་ཁུམ་བུ་པ་ཆོས་རྒྱལ་ནས་སེ་སྒོམ་གྲགས་རྒྱལ། རྗེ་མལ་ཇོ་བ་སོགས་ལས་འཕེལ་བའི་སློབ་བརྒྱུད་༤དང་། སྲས་ཞྭ་མ་ཙནྡྲི་ནས་སྦང་རྗེ་ཉི་མ་གྲགས་ལས་འཕེལ་བའི་སྲས་རྒྱུད་དེ་(གཉིས། མོ་རྒྱུད་ལའང་། ཞྭ་མའི་སློབ་མ་ཉ་༦སྒོམ། སྨོན་དཀར་བ་སྟོན་གཡུང་༧། དབོན་པོ་ཤེར་༥ཚུལ་གསུམ་ལས་འཕེལ་བའི་ལུགས་གསུམ། བསྲེས་རྒྱུད་ལས། ཞྭ་མ་ཕོ་མོ་བསྲེས་པ་དུམ་བུ་ཀོ་བྲག་པའི་ལུགས༩། ཞྭ་མ་ཕོ་མོ་གཉིས་དང་ས་ལུགས་གསུམ་བསྲེས་པ་ཆ་གན་ལུགས༡༠། འབྲོག་མི་ལུགས་དང་གྱི་ཇོ་ལུགས་བསྲེས་པ་ཇོ་ནང་ཀུན་སྤངས་༡༡ལུགས། །
ལམ་འབྲས་སྦྱོར་དྲུག་རྫོགས་ཆེན་གསུམ་བསྲེས་པ་ལ་སྟོད་དབང་རྒྱལ་གྱི་ལུགས༡༢། རབ་ཏུ་ཐོབ་པ་ཞང་གི་བརྒྱུད་པར། ས་ལུགས་ལ་སྔ་བུ་ཕག་གྲུ་ལུགས་དང་༡༣། ལྕེ་སྒོམ་ལུགས༡༤། ཕྱི་བུ་ལ་ཉེ་བརྒྱུད་དང་༡༥། རིང་བརྒྱུད་༡༦གཉིས། འབྲོག་མིའི་ཇོ་སྲས་གཉིས། ཞང་སྟོན་མཆེད་གཉིས་ཏེ་བཞིའི་གསུང་གཅེས་པ་བསྡུས་པ་མང་ལམ་ཞིག་པོའི་ལུགས༡༧། སེ་སྟོན་ལས་ཐ་མར་ཐོབ་པ་བྱང་ཆུབ་ཡེ་ཤེས་ཀྱིས་ཞིང་ཕུག་པ་ལ་གདམས་པའི་ལུགས་༡༨སོ། ༈ །ཆོས་འབྱུང་བསྟན་པ་རྒྱ་མཚོར་འཇུག་པའི་གྲུ་ཆེན་གྱིས་བཅད་ལ། བསོད་ནམས་བསྐྱེད་པའི་ཆེད་དུ་བསྟན་པ་ལ་བྱ་བ་བསྒྲུབ་པའི་ཚུལ། ཡིད་ཆེས་བསྐྱེད་པའི་ཆེད་དུ་བསྟན་པ་ཇི་ལྟར་བྱུང་བའི་ཚུལ། བརྩོན་འགྲུས་བསྐྱེད་པའི་ཆེད་དུ་བསྟན་པའི་གནས་ཚད་བཤད་པའོ། །དང་པོ་ལ། བཤད་སྒྲུབ་ཀྱི་ཕན་ཡོན་བསྟན་པ། བསྒྲུབ་བྱའི་ཆོས་ངོས་བཟུང་བ། བཤད་པ་ཇི་ལྟར་བྱ་བའི་ཚུལ་༤༥དངོས་སོ། ༈ །གཉིས་པ་ལ་སྟོན་པ་སངས་རྒྱས་བྱོན་ཚུལ། བསྟན་པ་དམ་ཆོས་དར་ཚུལ། དེ་ཉིད་བོད་དུ་བྱུང་༢༡༡ཚུལ་ལོ། ༈ ༈གསུམ་པ་ལ་བསྟན་པ་གནས་པའི་གཞི། བསྐལ་པའི་རྣམ་གཞག །བསྟན་པའི་གནས་ཚད་དངོས། བརྩོན་འགྲུས་བསྐྱེད་དགོས་པའི་རྒྱུ་མཚན་༣༤ ༨ནོ། །འདིའི་བསྟན་པ་ཕྱི་དར་གྱི་རྣམ་
གཞག་ལ། སྨད་ནས་ཇི་ལྟར་དར་བའི་ཚུལ་གྱིས་དགེ་ཚུལ་ཆུ་གཏོར་མར་གྲགས་པའི་ལོ་རྒྱུས་ཡན་ཆད་དཀོན་མཆོག་ལྷུན་གྲུབ་དང་། ལྷག་མ་སངས་རྒྱས་ཕུན་ཚོགས་ཀྱིས་ཁ་བསྐངས་བའོ། །པ་ཚབ་ནི། འཕན་ཡུལ་དུ་འཁྲུངས། ཁ་ཆེར་བྱོན། ལོ་༢༣སྦྱངས་པ་མཛད། སླར་དབུས་སུ་ཕེབས། ཤར་བས་ཀྱང་གྲོགས་མཛད་དེ་ཐལ་འགྱུར་བའི་སྲོལ་བཏོད། འབྲོག་མི་རིན་བཟང་| ལས་༣༣ཀྱིས་གཞོན། ཆུ་སྦྲུལ་ལ་མང་མཁར་དུ་འཁྲུངས། སྐུ་ཚེའི་སྟོད་ལ་བཤད་པ་དང་། སྨད་ལ་སྒྲུབ་པ་གཙོ་བོར་མཛད། དགུང་ལོ་༥༨པར་གཤེགས། གྱི་ཇོས་དུས་འཁོར། ཐོད་པ། རྡོ་རྗེ་བདུད་རྩི། བདེ་མཆོག་སོགས། བསྒྱུར། འགོས་ཁུག་པ་རྒྱལ་དུ་ལན་༣བྱོན། གྲུབ་༧༢ཐོབ། མཁའ་འགྲོ་མའི་བླ་མ་གཉིས་བསྟེན་ནོ། ༈ །དབང་བརྒྱ་ནི། ཟབ་པ་གཉིས་སུ་མེད་པ། ཀྱེ་རྡོར་བཀའ་བབས་བཞི་ལ་དབང་༧། བདག་མེད་མ། ཀྱེ་རྡོར་དྲག་པོ་གདན་༡༧ཅན། བདག་མེད་༢༣ལྷ་མོ། ཀྱེ་རྡོར་མཚོན་ཆ་༡ ༣ཅན། གུར། སཾ་བུ་ཊ། རྔོག་པའི་ཀྱེ་རྡོར། བདག་མེད། གུར། རྡོ་རྗེ་སྒྲོལ་མ། ཀུ་རུ་ཀུལླེ་ལྷ་ལྔ་སྟེ་དབང་ཀ་བཅོ་བརྒྱད། རྒྱ་ཆེ་བ་གཉིས་སུ་མེད་པ། དུས་འཁོར་སྐུ་གསུང་ཐུགས་ཡོངས་རྫོགས། དུས་འཁོར་ནས་གསུངས་པའི་ཕའི་རྒྱུད་འཁོར་ལོ་སྒྱུར་བ་དྲུག་པ།
གསང་འདུས་ལྷ་དགུ། ལྷ་བཅུ་གསུམ། ལྷ་བཅུ་དགུ། ལྷ་ཉེར་ལྔ། ལྷ་སོ་ལྔ། ལྷ་སོ་གཉིས། ལྷ་སོ་བཞི། མ་རྒྱུད་འཁོར་ལོ་སྡོམ་ཆེན། སྡོམ་ཆུང་། རིགས་ལྡན་ཁྱབ་འཇུག་སྦས་པའི་ལུགས་ཀྱི་ཕག་༡༣མོ་མ། སྒྱུ་འཕྲུལ་དྲྭ་༤༣བ་མ། ཞེ་ལྔ་མ། ཞེ་དགུ་མ་སྟེ་དུས་འཁོར་དབང་བཅུ་གསུམ། ཕ་རྒྱུད་གསང་འདུས་ལུགས་གསུམ། འཇིགས་བྱེད་ཞང་ལུགས་ཞེ་དགུ་མ། སྐྱོ་ལུགས་བཅུ་བདུན་མ། ས་ལུགས་དང་། རྭ་ལུགས་རོ་ལངས་བརྒྱད་བསྐོར། བཅུ་གསུམ་མ། ཤངས་ལུགས་ལྷ་བཅུ་གསུམ་མ། གཉོས་ལུགས་ལྷ་དགུ། ༡༣དགྲ་གདོང་༢༡གཉིས་རྭ་ལུགས། གཤེད་དམར་ལྷ་ལྔ། བཅུ་གསུམ་མ་སྟེ་བཅུ་བཞི་མ་རྒྱུད། ནག་པོ། ལཱུ་ཧི་པ། དྲིལ་བུ ་ལུས་དཀྱིལ། དྲིལ་ཆུང་ལྷ་ལྔ། ལ་བ་བཅུ་གསུམ་མ། མེ་ཏྲི་བཅུ་གསུམ་མ། དེའི་ཡུམ་ཀ་ཕག་མོ་བཅུ་གསུམ་མ། རྡོ་རྗེ་མཁའ་འགྲོ། མཁའ་འགྲོ་རྒྱ་མཚོ། ཐོད་པ་ཉེར་ལྔ་དང་ཉེར་དགུ་མ། མ་ཧཱ་མཱ་ཡཱ། གདན་བཞི་ཡབ་རྣལ་འབྱོར་ནམ་མཁའ། ཡུམ་ཡེ་ཤེས་མཁའ་འགྲོ་ལྷ་བཅུ་གསུམ། བདེ་མཆོག་སྙན་བརྒྱུད་ཡབ་ཀ་ལྷ༦༢། ཡུམ་ཀ་ལྷ་མོ་བཅོ་ལྔ། བདེ་མཆོག་འཁྲུལ་སྤོང་ལྷ༦༠། དེའི་ཡུམ་ཀ་༣༧ཕག་མོ་མ། མངོན་འབྱུང་ཡབ་ཀ །ཡུམ་ཀ །བདེ་མཆོག་སེར་༢མོ། ཡུམ་ཀ་༣༧ཕག་སེར། སྡོམ་འབྱུང་
༡༣མ། བོང་ཞལ་ཅན། བདེ་མཆོག་འཁོར་ལོས་སྒྱུར་དྲུག །བདེ་མཆོག་འཇམ་དཔལ་རྡོ་རྗེ་ལྷ༣༧། དེའི་ལུས་དཀྱིལ། བདེ་མཆོག་ནམ་མཁའ་དང་མཉམ་པ་ལྷ་ལྔ་སྟེ་མ་རྒྱུད་སྐོར༢༡། མི་གཡོ་བླ་མེད༩། སྒྲོལ་མ༡༧། སྒྲོལ་༣༨མ་ལུས་དཀྱིལ། འཁོར་ཆེན༢༨། ཕྱག་རྡོར་གཏུམ་པོ་ལྷ༢༠། རྡོ་རྗེ་ཕུར་པ། ཡང་དག་མེ་དགུ། སྤྱན་རས་གཟིགས་འགྲོ་འདུལ། ཚེ་དཔག་མེད་གྲུབ་རྒྱལ་ལྷ་མང་༣༤ ལྷ། ལྷ་བཅུ་གསུམ་མ། ལྷ་ལྔ། ཐིག་ལེ་བཅུ་དྲུག་སྟེ་ཟུར་བཀའ༡༢། རྡོར་དབྱིངས་དཔལ་ལྡན་བླ་མའི་ལུགས། ཀུན་རིག་ས་ལུགས། འཆི་བདག་འཇོམས་པ། འཇམ་དཔལ་གསང་ལྡན་ཏེ་བཞི། བྱ་སྤྱོད་སྐོར་ལ། སྤྱན་རས་གཟིགས་བཅུ་གཅིག་ཞལ། རྣམ་འཇོམས་མཐིང་༡༩ནག །གྲྭ་ལྔ། གདུགས་དཀར་ལྷ་མང་། ཚེ་དཔག་མེད་ཛེ་ཏཱ་རིའི་ལུགས། མི་འཁྲུགས་པ། ཨ་ར་པ་ཙ་ལྷ།། འོད་ཟེར་ཅན་མ་ལྷ། གཟའ་ཡུམ། ཐུབ་པ་དམ་ཚིག་གསུམ་བཀོད། མངོན་བྱང་། རིགས་གསུམ་༡༢སྤྱི་སྟེ། དྲིལ་བས་བརྒྱའོ། །གྲོལ་མཆོག་མགོན་བརྒྱ་ནི། གུར་པ་རི། ག་ཡ་དྷ་ར། ཤཱཀྱ་ཤྲཱིའི་ལྕམ་དྲལ། ལྷ་བརྒྱད། ལྷ་ལྔ། བཅུ་གཉིས་མ། བཅུ་བདུན་མ། ཡུམ་ཅན་མ། ཕུར་བུ་ཕྱི་ནང་གསང་བ། རུ་མཚོན། ཞལ་རྩ་མགོན། བསྙེན་སྒྲུབ་ལས་སྦྱོར། བྲམ་
ཟེའི་རིག་གཏད་གདོང་བརྙན་ཅན། སྔོ། སེར། དམར། ལྗང་། དཀར་པོ། བྲམ་ནག་བཤན་པ་དྲུག་བསྐོར། ཕྱག་བཞི་པ་དཔལ་རྐྱང་། གཙོ་འཁོར་གསུམ་པ། ལྷ་ལྔ། ལྷ་དགུ། ལྷ་བཅུ་གཉིས། དཀར། དམར། བུམ་དབང་༡༡། དབང་བཞི་རྫོགས་པ། དར་དམར་མ། སེང་གདོང་མ། སེང་ཞལ་འབར་མ། ཕྱག་དྲུག་པ་བར་ཆད་ཀུན་སེལ། བླ་མགོན་དབྱེར་མེད། གནད་དབབ་མཆིན་ཁ། གྲིབ་སེལ་སྔོ། དཀར། སེར། དམར། ལྗང་། རྒྱན་ཆེན། རྒྱན་ཆུང་། ཕྱག་སྟོང་སྤྱན་སྟོང་། ལྷ་མོ། འཁོར་བཞི། རྣམ་སྲས་དཀར། སེར། དམར། ལྗང་། ནག །གར་མཁན་མཆོག །མདུང་དམར་ཅན། གསང་སྒྲུབ། ཞང་བློན་ཕྱི་ནང་གསང་གསུམ། མི་ཏྲའི་གནོད་སྦྱིན༢། ཚོགས་བདག་དཀར་དམར། ཛཾ་བྷ་ལ་དཀར་དམར། སྲུང་མ༦༠། དཀར་པོ་༨༠། སྒྲོལ་མ༡༢། བརྟན་མ༡༢། ཕུར་སྲུང་༡༢། དཀར་བདུད། ལེགས་ལྡན་མཆེད་གསུམ། གྲི་གུག་ལྷ་ལྔ། མགོན་པོ་བཞི་སྦྲགས། ཞལ་དམར་ཅན། བེར་ནག་ཅན། མ་ནིང་། ཨ་གྷོ་ར། སྟག་ཞོན། ཏྲག་ཤད། ཁྱི་ཞལ་ཅན། འབྲང་ཞལ་མ། བེག་གདོང་། གྱིང་ལྔ། གཟའ་གདོང་། བཙན་བཀྲ། ལས་གཤིན། དུར་བདག །སྙན་བརྒྱུད་མགོན་པོ། རང་བྱུང་རྒྱལ་མོ། །
དུད་སོལ་མ། དམག་ཟོར་མ། ཙནྡྲི་ཀ །དཔལ་ལྷ། དཔལ་ལྡན་མ། ཚེ་རིང་མ། རྒྱལ་ཐང་། ཝ་རུ་ཎ། མཆོག་སྦྱིན། སྔགས་བདག །ཨ་པ་ར་ཙིཏྟཾ། ཧ་རི་སིདྡྷཾ། ཛཾ་སེར་ནག ། བེང་དམར། ལྷ་མོ་ནམ་མཁའི་གོས་ཅན་རྣམས་སོ།། ༈ །།ཐུགས་སྒྲུབ་ཡིད་བཞིན་ནོར་བུ་བསམ་པ་ལྷུན་གྲུབ་མའི་བཀའ་བབས་ཚུལ་གྱི་ལོ་རྒྱུས་མདོ་ཙམ་ནི། ཐོག་མར་རང་ལོ་བཅོ་ལྔ་པ་ཤིང་ཕོ་རྟའི་ལོའི་སྟོན་འབྲིང་ཁྲུམས་ཟླའི་ཚེས་བཅུའི་ཐོ་རེངས་ཁར་རྨི་ལམ་དུ་བྲག་དམར་མགྲིན་བཟང་ཡིན་རྒྱུའི་ལྷ་ཁང་ཞིག་གི་སྟེང་ངོས་སུ་སླེབས་པ་ན། བུད་མེད་དམར་མོ་དར་དང་རིན་པོ་ཆེའི་རྒྱན་ཅན་ལྷ་༧མོའི་ཆ་བྱད་ཀྱིས་མཛེས་པ་ཞིག་གི་ལག་གཡས་ན་མེ་ཏོག་དམར་པོ་ཁ་མ་བྱེ་བ་ཞིག་ཐོགས་འདུག་པ་རང་གི་ལག་ཏུ་བྱིན་མ་ཐག་ཁ་བྱེ་བའི་ནང་ནས་གླེགས་བམ་དམར་པོ་ཆུང་ངུ་ཞིག་བྱུང་བ་ཞལ་ཕྱེ་ནས་ཀློག་པར་བརྩམས་པ་ན་བརྡ་ཡིག་ཁོ་ནར་སོང་ནས་ཀློག་མ་ཤེས་པ། སླར་ཕྱག་གཡོན་ན་ཀ་པཱ་ལ་བདུད་རྩིས་གང་བ་ཞིག་བདག་ལ་གཏད་པ་འཐུང་བའི་མོད་ཤེས་པ་སྤྱི་བུན་པ་བཞིན་དུ་སོང་། བརྡ་ཡིག་ཐམས་ཅད་ཀྱང་ཐོགས་མེད་དུ་ཀློག་ཤེས་པས་གུ་རུའི་ཐུགས་སྒྲུབ་བདེ་གཤེགས་འདུས་པ་ཕྱི་ནང་གསང་བ་ཡང་གསང་དང་བཅས་པའི་སྐོར་ཚོ་ཤིན་ཏུ་མང་བ་ཞིག་འདུག་པ་སྤྲོ་བ་ཚད་ལས་འདས་པ་
སྐྱེས་པའི་མོད། བུད་མེད་དེས་ལུང་བསྟན་གྱི་རྣམ་པ་མང་ཞིག་ཟེར་ནའང་། མ་འོངས་གཙུག་ལག་འདི་ཡི་འགྲམ༔ ཡིད་བཞིན་རིན་ཆེན་དངོས་སུ་འབྱུང་༔ ཞེས་སོགས་ཚིག་རྣམས་འགའ་རེ་མ་གཏོགས་བརྗོད། དེ་ནས་གླེགས་བམ་དེ་ཉིད་འོད་དམར་པོ་ཞུ་ནས་རང་ལ་ཐིམ་པས་ཚིག་དོན་ཐམས་ཅད་བཀྲ་ལམ་མེར་གསལ་བ་སྙམ་བྱེད་པའི་ངང་ནས་གཉིད་སད། དེ་མ་ཐག་ཕྱི་སྒྲུབ་ཀྱི་ལས་བྱང་རྒྱས་པ་ཞིག་བྲིས་པ་ཐུགས་སྒྲུབ་བར་ཆད་ཀུན་སེལ་དང་དབྱིབས་མཚུངས་པ་ལ། སྒྲུབ་སྡེ་བརྒྱད་ཀྱང་ཚང་བ་ཞིག་དང་། ནང་སྒྲུབ་ཀྱི་རྒྱུན་ཁྱེར་ཙམ་བྲིས་པ་ནི་ད་ལྟའི་བསམ་པ་ལྷུན་གྲུབ་མ་འདི་ཇི་ལྟ་བ་གཙོ་རྐྱང་གི་རྣམ་པ་ལ། གུ་རུ་བཅུ་གསུམ་ལུས་དཀྱིལ་ལ་བཀོད་པ་ཞིག་སྣང་ནའང་། དེ་དག་སྤེལ་བར་སྐབས་སུ་མ་བབས་པས་རང་ཉིད་ཀྱིས་ཅུང་ཟད་ཉམས་སུ་བླངས་ཤིང་། ཕྱིས་དཔེ་ཡང་གཏེར་དུ་བསྡམས། གསང་སྒྲུབ་ནི་ཐུགས་རྗེ་ཆེན་པོ་ཞི་དྲག་དང་། ཡང་གསང་ཕག་མོའི་སྐོར་སོགས་སྣང་ནའང་ཡིད་ངོར་གསལ་བ་ལས་ཡི་གེར་མ་བྲིས། དེ་ནས་རང་ལོ་སོ་གཅིག་པ་ལྕགས་ཕོ་ཁྱིའི་ལོའི་སྨོན་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུར་ལྕགས་ཟམ་ཆུ་བོ་རིའི་བླ་བྲང་ནས་ཀྱང་ཡོན་སྦྱར་ཞིང་། རང་ཉིད་ཀྱིས་ཀྱང་ཁྲ་འབྲུག་ནས་ལུང་བསྟན་གྱི་རྣམ་པ་རྙེད་པ་བཞིན་བོད་ཁམས་བདེ་ཐབས་སུ་
དམིགས་པས། གུ་རུའི་སྒྲུབ་གནས་ནམ་མཁའ་ལྡིང་དུ་ཚོགས་ཀྱི་མཆོད་པ་བརྒྱ་ཕྲག་ཐལ་བ་དང་། གནས་གྱི་དབུ་རྩེར་ཕྱིན་ཏེ་བསང་དང་། གསེར་སྐྱེམས་དང་། ལྷ་སྲིན་དམ་བསྒྲགས་སོགས་བགྱིས་པའི་ཚེ། ཇོ་མོ་ཁ་རག་གི་ཕྱོགས་ནས་གཙོ་བོར་མཆོད་པའི་འཇའ་སྤྲིན་ཡ་མཚན་པ་ནམ་མཁའ་ཁེངས་ཤིང་གསལ་སྣང་ལའང་གུ་རུ་བདེ་བ་ཆེན་པོ་གཙོ་འཁོར་གྲངས་མེད་པ་ནམ་མཁའི་ཁམས་གང་སྟེ་སྤྲུལ་པའི་སྒྱུ་འཕྲུལ་མཐའ་ཡས་པས་བོད་ཁམས་དབུགས་འབྱིན་སྩོལ་བའི་ཉམས་དང་། ལོ་བསྐོར་གཅིག་གི་བར་དུ་བོད་ཡུལ་དབུས་སུ་མཐའ་དམག་གི་འཇིགས་པ་མི་འབྱུང་བའི་མཚན་མ་ཁྱད་པར་ཅན་ཐོབ། དེའི་ཕྱི་ལོ་ལྕགས་མོ་ཕག་གི་སྣོན་ཟླའི་ཚེས་བཅུར་རྒྱངས་ཡོན་པོ་ལུང་གི་གུ་རུའི་སྒྲུབ་ཕུག་ཏུ་སླེབ། ཚོགས་ཀྱི་མཆོད་པ་རྒྱ་ཆེར་བགྱིས་ཤིང་དེ་ནུབ་ཕུག་པ་ནང་དུ་གནས་པའི་ཚེ། སྒྲུབ་ཕུག་གི་སྒོ་གོང་དེར་འོད་འཁྱིལ་ལེ་འདུག་པ་གཏེར་མཚན་དུ་ངེས་ཤིང་འདུན་པ་གཏད་པས། གུ་རུའི་སྐུ་ཚབ། བསམ་པ་ལྷུན་གྲུབ་མའི་སྒྲུབ་ཐབས་མན་ངག་དང་བཅས་པ་སོགས་བཞུགས་པར་མཐོང་ཞིང་། ཆོས་ཀྱི་རྣམ་གྲངས་དང་མངོན་རྟོགས་སོགས་ཡིད་ངོར་ཤིན་ཏུ་གསལ་བ་ཞིག་བྱུང་། སླར་རང་ལོ་སོ་དགུ་པ་ས་ཕོ་རྟའི་ལོའི་ནག་པ་ཟླ་བའི་ཚེས་བཅུར་སྒྲུབ་ཐབས་ཡོན་ཏན་གཏེར་
མཛོད་ཀྱི་ཚོགས་མཆོད་བགྱིས་པའི་ཐོ་རངས་ནམ་མཁའ་ནས་ཐོད་ཕྲེང་རྩལ་གྱི་ཛཔྲ་དབྱངས་ཞིག་གྲགས་པའི་རྐྱེན་གྱིས་གཉིད་ཧར་རེ་སད་པ་དང་། ལུས་རྡུལ་ཞུམ་མེ་བའི་ངང་མི་གནས་འོད་ཟེར་གྱི་སྤུ་གུ་རྩ་བ་ཕྲ་ལ་ཁ་གཡེལ་བ་ཞིག་ལྷོ་རྒྱུད་ཀྱི་གནས་འདི་ཡིན་ངོ་མི་འཚལ་བ། ཆུ་བོ་ཆེན་པོ་འབབ་ཅིང་། བྲག་རི་སུལ་མང་ཞིག་གི་རྩ་འདབས་སུ་ཟུག་པས། དེ་ན་གུ་རུ་རིན་པོ་ཆེའི་སྐུ་ཚབ་ཁྲུ་གང་བའི་ཚད་བདེ་བ་ཆེན་པོའི་རྣམ་པ་མངོན་རྟོགས་ཇི་ལྟ་བ་དང་། ཆོས་སྐོར་རྣམས་ཤོག་སེར་གླེགས་བམ་ཆེན་པོ་ཞིག་གི་རྣམ་པར་མངོན་སུམ་ལྟ་བུར་མཐོང་ཞིང་། རྟོག་པ་བཅུག་པ་ན་སྐུ་དང་ཤོག་སེར་སོགས་ད་ལྟའི་ཚད་ཇི་ལྟ་བུ་དང་། དེའི་ནང་དུ་གང་བཞུགས་པའང་ཡིད་ངོར་ལམ་ལམ་གསལ་བ་ཞིག་བྱུང་བས་རྐྱེན་བྱས། རྣམ་པ་ཀུན་ཏུ་དེ་ཁོ་ན་དྲན་ཅིང་། དེའི་རྒྱུ་མཚན་ཞིབ་པར་གཏེར་ཆེན་རིན་པོ་ཆེའི་མདུན་སྔ་ཕྱིར་སྙན་འབུལ་དང་། གུ་རུ་བདེ་བ་ཆེན་པོའི་སྐུ་ཐོག་མར་ཙཀླུ་ཞིག་ལ་བྱས། དེ་ཞལ་ཐང་དུ་བཤུས། སླད་ནས་ལོ་དེའི་སྨིན་དྲུག་ཟླ་བའི་ཡར་ཚེས་ལ་ད་ལྟ་པདྨ་ཤེལ་ཕུག་ཏུ་བཞུགས་པའི་གསེར་ཟངས་ཀྱི་སྐུ་རང་གི་ལུས་ཚད་དང་མཉམ་པ་འདིའང་བཞེངས་པ་ཡིན་ལ། གཏེར་ཆེན་རིན་པོ་ཆེར་རྒྱུ་མཚན་ཕུལ་བ་དེ་ཁོ་ན་ཁ་བྱང་གི་ཚུལ་དུ་གྱུར་ནས། རྗེ་ཉིད་ལའང་གསལ་སྣང་ལུང་བསྟན་
ཁྱད་པར་ཅན་གྱིས་མཚམས་སྦྱར་ཏེ། ས་རྟ་སྨིན་དྲུག་ཟླ་བའི་ཚེས་བཅུ་ལ་ཙི་རྐེའི་ཆུ་བོ་འདུས་པའི་ནོར་བུ་སྤུན་གསུམ་བྲག་ནས་ཚེགས་མེད་པར་དངོས་གྲུབ་ཏུ་བཞེས་ཤིང་། མགོ་ཟླའི་ཡར་ཚེས་ནས་བརྩམས་ཏེ་བདག་ཅག་དཔོན་སློབ་རྣམས་ཀྱིས་གཏེར་སྒྲུབ་ཀྱི་རྣམ་པ་ཞག་བདུན་དུ་བགྱིས། དེའང་ཐོག་མར་ཤོག་བུ་ལ་བརྡ་ཡིག་སོགས་ཅིའང་མི་འདུག་པ། བདུད་རྩི་ལྔའི་རིལ་བུའི་ཆུ་ལ་སྦང་ཞིང་དཀྱིལ་འཁོར་གྱི་དབུས་སུ་བཞག་སྟེ་བསྒྲུབས་པས། ཞག་ལྔ་ན་བརྡ་ཡིག་གྲོང་ཁྱེར་བདུན་བཀྲ་ལམ་གྱིས་ཤར་བའི་ངོ་མཚར་དང་བཅས། ཟླ་བ་དེའི་ཚེས་བཅུར་ལས་བྱང་ནས་བརྩམས་ཏེ་གཏེར་སྟོན་རིན་པོ་ཆེས་གསུང་རིམ་བཞིན་དུ་ཡི་གེར་བྱས། ཇི་ལྟར་གསུངས་པ་དང་རྗེས་སུ་མཐུན་པར་བདག་ངེས་པ་ཅན་ཤར་བས་གཅིག་ལ་གཅིག་ཡིད་ཆེས་པས་འཁྲུལ་པ་བྲལ་བར་གཏན་ལ་ཕེབས། དབང་ལུང་མན་ངག་རྣམས་ཀྱང་ཆིག་རྫོགས་སུ་བསྩལ། ཕྱི་ལོ་དོན་གྲུབ་ཅེས་པ་ས་མོ་ལུག་གི་ལོའི་དབོ་ཟླའི་དཀར་ཕྱོགས་ནས་དབུ་བརྩམས་སྒྲུབ་ཁང་བླ་བྲང་ཕན་བདེ་ཀུན་ཁྱབ་གླིང་དུ། ཞབས་དྲུང་རིན་པོ་ཆེ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོ་སོགས་བདག་ཅག་འདུས་པ་རྣམས་ཀྱིས་ཐུགས་སྒྲུབ་རྣམ་གཉིས་ཟུང་འབྲེལ་གྱི་ཚོམ་བུ་ཚོགས་སྒྲུབ་ཞག་བཅུའི་བར་དུ་སྒྲུབ་
པའི་ཚེའང་། རྨི་ལམ་གྱི་སྣང་ཆར། གཞལ་མེད་ཁང་རྒྱ་ཁྱོན་བཀོད་པ་བསམ་གྱིས་མི་ཁྱབ་པའི་དབུས་སུ། ཐུགས་སྒྲུབ་གཉིས་ཀྱི་ལྷ་ཚོགས་རྣམས་མངོན་སུམ་བཞིན་དུ་བཞུགས་པའི་གཙོ་བོའི་ཞལ་ནས་གདམས་ངག་དང་། རྗེས་སུ་བསྟན་པ་གསུང་བ་སྙམ་བྱེད་པ་སོགས་དང་། གསོལ་འདེབས་ཚུལ་བཞིའི་སྒོ་ནས་འཆད་པའི་མན་ངག་དང་། གཏེར་སྲུང་སོ་སོས་ཀྱང་ཕྲིན་ལས་བསྒྲུབ་པའི་ཉམས་སོགས་བྱིན་གྱིས་བརླབས་པའི་མཚན་མ་མང་དུ་བྱུང་ཞིང་། དེ་ལྟར་རང་ལོ་བཅོ་ལྔ་པ་ནས་བརྩམས་སྔ་ཕྱིར་ཤར་བའི་གསལ་སྣང་ཐམས་ཅད་ལ། ལྷའི་ངོ་བོ་གཅིག་པ་ཙམ་ལས། སྐུའི་རྣམ་འགྱུར་ཟླདང་། སྒྲུབ་པའི་ཐབས་དང་། སྔགས་ཀྱི་བྱེ་བྲག་ཕལ་ཆེར་ཐ་དད་པ་ལ། གཙོ་བོ་ནི་གཅིག་པ་ཁོ་ན་ཤར་ཞིང་། ས་རྟ་ལོར་ཤར་བའི་གསལ་སྣང་དང་། ཕྱིས་གཏེར་ཆེན་རིན་པོ་ཆེས་ཤོག་སེར་འབེབས་པའི་སྐབས་གསལ་སྣང་བྱུང་བ་ཐམས་ཅད་ནི་ཚིག་སྣ་རིང་ཐུང་དང་རྒྱས་བསྡུས་ཅུང་ཟད་ལས་གཅིག་པ་ཁོ་ནར་སྣང་། དེ་ལ་སྤྱིར་གོ་སྟོད་འོད་འབར་བྲག་གི་གཏེར་བྱོན་ལུང་བྱང་སྙིང་གི་མེ་ལོང་ལས། དེ་ནས་ཡང་དག་བཤད་བྱ་བ༔ བྱང་རྒྱུད་ཕྱོགས་ཀྱི་དམག་དཔུང་ཞིག བོད་ཡུལ་དབུས་འདིར་སླེབས་པ་ན༔ བོད་ཁམས་བསྟན་པ་ཉམས་ལ་ཐུག དེ་ཚེ་པདྨའི་ཐུགས་བསྐྱེད་མཐུས༔ ཟ་
ཧོར་རྒྱལ་པོའི་གདུང་མཐར་རུ༔ ཡབ་གཅིག་ཁྲི་སྲོང་སྤྲུལ་པ་འབྱུང་༔ པཎ་གྲུབ་ཁ་ཡར་འགའ་ཚོགས་ཏེ ད་ལྟའི་བསྒྱུར་བཤད་ཆོས་རྣམས་ཀུན༔ དེ་དུས་ཅུང་ཟད་འཆད་ཉན་བྱེད༔ དེ་ནས་ཕལ་ཆེར་ནུབ་ཉེའི་དུས༔ བི་མ་མི་ཏྲས་བྱིན་བརླབས་པ༔ ཁྲི་སྲོང་སྤྲུལ་པ་དགེ་སྦྱོང་ཚུལ༔ ལྕགས་ཁམས་འབྲུག་གི་ལོ་པ་ནི༔ སྐྱེས་བུ་བློ་རྩལ་ལྡན་པ་འབྱུང་༔ སྙིང་པོའི་བསྟན་པ་གསལ་བར་བྱེད༔ བོད་ཁམས་བདེ་ཐབས་སྣ་ཚོགས་སྤེལ༔ ཁྱད་པར་བདག་གིས་དངོས་ཉམས་དང་༔ རྨི་ལམ་ཚུལ་དུ་བྱིན་བརླབས་པས༔ འཇམ་དཔལ་སྤྲུལ་པའི་རྒྱལ་པོ་ཉིད༔ གྲུབ་པ་མཆོག་གི་ཚུལ་བཟུང་སྟེ༔ མཐར་ཐུག་ནོར་བུ་སྐོར་ལྔ་སོགས༔ ཟབ་མོའི་གཏེར་སྒོ་འགའ་ཞིག་འབྱེད༔ ཡང་ན་བཀའ་རྙིང་བསྟན་པ་སྐྱོང་༔ འབྲེལ་ཚད་སྨིན་གྲོལ་ལམ་ལ་བཀོད༔ མདོ་སྔགས་སྤྱི་དང་སྙིང་པོའི་སྲོལ༔ གྲུབ་པ་བརྙེས་པའི་རིང་ལུགས་རྣམསཿ དབུས་གཙང་མདོ་སྨད་ཀུན་ཏུ་དརཿ ཅེས་སོགས་དང་། བྱེ་བྲག་བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་ལོ་རྒྱུས་ཤེལ་གྱི་ཕྲེང་བ་ལས། བཀའ་བསྡུ་འཆད་ཉན་བསྒོམ་སྒྲུབ་ཀྱིས༔ དབུས་གཙང་མདོ་སྨད་ཀུན་ཏུ་དར༔ འདི་ནས་འཕྲོ་ལུས།། །།༅། །བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་འཁྲི་ཤིང་ལས། གང་ཐུགས་དྲི་བྲལ་ཤེལ་ལ་
ཆགས་ཚོན་འཛིན་པ་མིན་པ་ཉིད། །ཡིད་ནི་སྙིང་རྗེས་བརླན་པ་གང་གི་སྐྱོན་རྣམས་མ་ལུས་བསྐམས། །གང་གིས་ཁྲོ་བ་མེད་ལ་རང་གིས་འཁོར་བའི་དགྲ་མངོན་བཅོམ། །ཀུན་མཁྱེན་དེ་ཡིས་ཁྱེད་ལ་དགེ་ལེགས་གཡོ་བ་མེད་གྱུར་ཅིག །དམ་པའི་གྲིབ་བསིལ་དང་ལྡན་བརྟན་པའི་ཆོས་ཀྱི་རྩ་བས་བསྐོར་ཞིང་བསོད་ནམས་ར་བར་གནས། །བློ་དང་རིག་པ་སྙིང་རྗེ་ལ་སོགས་ཆུ་ཡིས་རྣམ་མཛེས་རྒྱས་པའི་ཡལ་ག་ཅན། །ཆོག་ཤེས་དྲི་མེད་ཡལ་འདབ་གྲགས་སྙན་མེ་ཏོག་རྟག་ཏུ་དམ་པའི་འབྲས་བུ་ནི། །བསམ་ཀུན་ཡོངས་སུ་རྫོགས་པར་མཛད་པ་དཔལ་ལྡན་མཆོག་གི་ལྗོན་པ་རྣམ་པར་རྒྱལ་གྱུར་ཅིག ༈ །གང་གིས་ལེགས་པའི་ཡིད་ཅན་རྣམས་ཀྱི་ཡིད་ནི་ཀུན་དགའ་མཉན་ལྡན་རིག་པར་བྱེད། །གང་གི་མཐུ་ཡིས་གདུག་རྣམས་ཀྱི་ཡང་ཡོངས་སུ་འདྲིས་པའི་མུན་པ་ཞི་བར་བྱེད། །གང་གི་བསོད་ནམས་གྲངས་མེད་གྲངས་ཀྱི་ཚིག་གི་ཆད་ཀྱི་ཡུལ་དུ་མི་འགྱུར་བ། །འགྲོ་བ་ཐུལ་བའི་མགོན་པོ་རབ་རྒྱས་མཐུ་ལྡན་དེ་ཉིད་གཅིག་པུ་འབྱུང་བ་ཡིན། ༈ །གང་གིས་མཆོད་འོས་མཆོད་པར་བསྒྲུབ་ལ་མེ་ཏོག་ལ་སོགས་ཏེ། །སེམས་མེད་རྣམས་ཀྱང་འོས་པའི་སེམས་དང་ལྡན་པ་ཉིད་དུ་འགྱུར། །རྒྱལ་ལ་གུས་པའི་ཁྱད་པར་བསྟེན་པ་རྣམས་ལ་བསྔགས་འོས་ཤིང་། །དད་པ་རབ་རྒྱས་བདུད་རྩིའི་རྒྱུན་
ཐིགས་དེ་དག་རྒྱལ་གྱུར་ཅིག ། །བདེ་བ་དྲི་མེད་ཆུ་གང་ཞི་བ་ཡི། །ཁ་བའི་རླབས་ལྡན་རྒྱལ་བ་བསྟེན་པ་དག །ཐོབ་ནས་འཁོར་བའི་མྱ་ངམ་ཐང་ལ་ནི། །ཡོངས་འཁྱམས་སྲིད་པའི་གདུང་བ་གཏོང་བར་བྱེད། ༈ །རྒྱ་ཆེ་སྡིག་པའི་མུན་པ་འཇུག་པ་དག་ནི་རབ་སྤངས་ནས། །འཕྲལ་ལ་སྙིང་རྗེའི་འོད་ཟེར་སྣང་བ་རབ་ཏུ་རྒྱས་པ་ཡིས། །སྐྱོན་སེལ་ཅི་ཡང་ཡོངས་སུ་གདུང་བ་དག་ཀྱང་འཕྲོག་བྱེད་པ། །སངས་རྒྱས་འོད་སྟོང་ལྡན་པས་དམ་པའི་ལམ་ནི་སྟོན་པར་བྱེད། ༈ །གཟའ་ཡི་བདག་པོའི་སྣང་བས་རྗེས་བཟུང་བས། །མུན་པའི་ཚོགས་ཀྱིས་རྣམ་པར་ཟུམ་གྱུར་པའི། །འདམ་སྐྱེས་ཆུ་དང་བཅས་པ་རྣམས་དག་ཀྱང་། །མཁས་པའི་ཅོད་པན་དུ་འོས་ཉིད་དུ་འགྱུར། ༈ །ལུས་ཅན་ལུས་དང་དེ་བཞིན་ཡིད་ཀྱི་ནི། །སྲིད་པའི་རང་བཞིན་གནད་ཆེན་འཕྲོག་བྱེད་པ། །འཇིག་རྟེན་ཀུན་གྱི་འཇིག་རྟེན་ཕ་རོལ་གཉེན། །སངས་རྒྱས་བཅོམ་ལྡན་བདུད་རྩིའི་གཏེར་ཉིད་དོ། ༈ །དམན་པའི་སྦྱིན་པས་སྐྱེ་བོ་དམན་པ་རྣམས་ཀྱི་གདུང་བ་སེལ། །ཚུལ་ཁྲིམས་ཀྱིས་ནི་སྐྱེ་བོ་དམ་པའི་ཡིད་དག་[ཚིམ་པར་བྱེད། །ཤེས་རབ་སྟོབས་ཀྱིས་ཀྱང་ནི་དབེན་པ་དང་བྲལ་གཏི་མུག་འཕྲོག །བརྩོན་འགྲུས་ཀྱིས་ནི་འཇིགས་སུ་རུང་བའི་འཇིགས་པ་ཟློག་པར་བྱེད། ༈ །དོ་ཤལ་རབ་གསལ་གོས་མཆོག་
ཅོད་པན་དང་། །གདུགས་དང་རྔ་ཡབ་དཀར་པོ་འཛུམ་པའི་དཔལ། །མཆོག་གི་ལོངས་སྤྱོད་སྐལ་བཟང་དགའ་སྟོན་གྱིས། །བདག་ཉིད་ཆེན་པོའི་ལེགས་བྱས་གསལ་བར་བྱེད། ༈ །ལེགས་པའི་ལམ་ལ་ཡིད་ལ་རེ་བ་རབ་རྒྱས་གྲུབ་གྱུར་ཅིག །དམ་པའི་ལེགས་བྱས་དྲི་མེད་འཇུག་ངོགས་གཙང་མ་བསྔགས་པར་འོས། །འཇིགས་རུང་འཁོར་བའི་ཆུ་སྲིན་འབྱུང་གནས་དག་གི་ཟམ་སྟེགས་གྱུར། །དམ་པའི་གྲོགས་ཉིད་དགེ་བ་སྤྲོ་བའི་རང་བཞིན་ཕོ་ཉ་ཡིན། ༈ །གང་གི་བསམ་པ་བླ་མེད་བྱང་ཆུབ་འདོད། །བདུད་རྩིའི་ཕོ་ཉ་དང་པོ་ཟླ་ཚེས་བཞིན། །བསོད་ནམས་ཀྱིས་ནི་གསར་དུ་འཇུག་བྱེད་པ། །སྙིང་སྟོབས་རྒྱ་མཚོ་སུ་ཞིག་དེར་ཕྱག་འོས། ༈ །བསོད་ནམས་རབ་འབར་བསམ་པ་དྲི་མེད་རྣམས། །ཡོན་ཏན་ལ་ཆགས་ནམ་ཡང་ནོར་མ་ཡིན། །རྣལ་འབྱོར་ལ་སྤྱོད་ལོངས་སྤྱོད་དག་ལ་མིན་། །རྡུལ་གྱི་ཆགས་བྲལ་ལ་དགའ་འདོད་ལ་མིན། ༈ །མེ་ཏོག་དུས་སུ་རབ་ཞུགས་ཤིང་། །ལང་ཚོ་ཅན་གྱི་བརྟན་འཕྲོག་ཚེ། །སྙེ་མ་དང་འགྲོགས་བུང་པ་ནི། །ཡང་དག་རྒྱུ་བ་སུ་ཡིས་ཟློག ༈ །ཆོས་ཀྱི་རྒྱལ་པོའི་ཕོ་བྲང་ནི། །བསོད་ནམས་ཁང་པ་བསྔགས་འོས་ཤིང་། །བདེན་དང་བརྟུལ་ཞུགས་སྦྱིན་པ་དང་། །བརྩེ་བའི་རང་བཞིན་གྱིས་རྟག་བསྟེན། །གཟི་བརྗིད་ལ་བརྟེན་ལྷ་རྣམས་
ཀྱིས། །གང་གི་གྲགས་པ་མངོན་མཆོད་པ། །རབ་གསལ་ཞེས་བྱའི་ས་བདག་དེ། །དེར་ནི་ས་ཡི་ཐིག་ལེར་གྱུར། །ཅེས་སོ། ༈ །བདུད་རྩིའི་ཆུ་གཏེར་མ་བསྲུབས་ཤིང་། །ནོར་རྒྱས་ཐང་ཡང་མ་བཅད་ལ། །རི་བོ་བསྒྲིལ་བ་མེད་པར་ནི། །གླང་པོ་མཆོག་འདི་སུ་ཡིས་བསྐྲུན། ༈ །གང་འདིར་བཅད་བརྡར་བསྲེགས་པས་ཀྱང་། །གཞན་གྱི་དོན་ལ་བསླུ་མེད་པ། །འགྲོ་འདིར་བསོད་ནམས་ཙནྡན་གྱི། །རྐང་འཐུང་དེ་དག་རྒྱལ་གྱུར་ཅིག ༈ །ཇི་སྲིད་ཚ་ཟེར་གྱིས་གདུང་དང་། །ཇི་སྲིད་རླུང་ནི་སྐྱེད་བྱེད་པ། །དེ་སྲིད་གང་གི་བཀའ་དང་ནི། །གྲགས་པ་རབ་ཏུ་གཞོམ་མེད་གྱུར། ། ༈ །མི་དམན་ཀུན་ཏུ་དགའ་བའི་གཉེན། །ཧ་རི་ཙནྡན་བཞིན་དུ་བསིལ། །ལྷོ་ཡི་ཕྱོགས་ཀྱི་རླུང་གིས་བཞིན། །དམ་པ་རྣམས་ཀྱི་གདུང་བ་འཕྲོག ༈ །གང་འདི་རྒྱ་མཚོར་ནོར་བུར་སྟེར། །རིང་ནས་རྣ་བའི་བདུད་རྩི་སྟེ། །སློང་བ་ཡང་དག་འོངས་རྣམས་ཀྱིས། །དེར་ནི་བཏུང་བའང་གཞན་ལས་སོ། ༈ །རབ་རིབ་ཅན་ལ་སྣང་བ་ཕོངས་པའི་དུག་ལ་ནོར་བུ་ལྷུང་ལ་འཆེལ་བའི་ལག་པ་སྟེ། །སློང་ལ་དཔག་བསམ་ལྗོན་པ་འགྲོ་ལ་རྒྱལ་བའི་ཤིང་རྟ་ལམ་གཞན་དག་གི་ལམ་གྱི་བརྒྱགས། །སྡུག་བསྔལ་ནད་ལ་སྨན་ཆེན་དང་ནི་སྲིད་པའི་འཇིགས་པ་ཀུན་འཁྲུགས་བསམ་པ་དབུགས་འབྱིན་པ། །
གདུང་བ་དག་ལ་བརྟེན་པའི་མཛའ་བཤེས་ཆོས་ནི་དམ་པ་རྣམས་ཀྱི་གཉེན། ༈ །དེ་ནས་དེ་ཡི་རིན་ཆེན་བདུན། །དེ་ཚེ་བྱུང་གྱུར་འཁོར་ལོ་རྟ། །ནོར་བུ་གླང་པོ་བུད་མེད་དང་། །ཁྱིམ་བདག་དམག་དཔོན་སྔོན་འགྲོ་བའོ། །ཞེས་སོ། །དམ་པའི་མཛོད་ན་གནས་པའི་དཔལ། །རྟག་ཏུ་འདི་ཡིས་རབ་སྟེར་ཞེས། །གང་ཞིག་མཐོང་ན་པདྨོ་ཅན། །ཟུམ་པར་རབ་ཏུ་ཕྱོགས་པ་བཞིན། ༈ །གསལ་བའི་དོན་སྟེར་ཡིད་བཞིན་ནོར། །དཔག་བསམ་ལྗོན་པ་ལ་སོགས་ཡོད། །རྙེད་དཀའི་དོན་ནི་རབ་སྟེར་མཆོག །ཁྱོད་ལྟ་བུ་ནི་ཤིན་ཏུ་ཉུང་། ༈ །འདར་ལྡན་འཁྲི་ཤིང་རབ་སྨྲས་པ། །བུང་བ་མྱོས་ཚོགས་སྒྲ་དང་ནི། །ཡལ་འདབ་རབ་ཏུ་གཡོ་བ་ཡི། །ལག་པ་དག་གིས་བཟློག་པ་བཞིན། ༈ །ཡང་ན་བརྣག་པ་རྒྱ་ཆེ་བའི། །སློང་བ་སུ་ཡིས་ཡོངས་རྫོགས་ཏེ། །ཨ་གསྩ་ཡི་ཁྱོར་ཆུ་ཡིས། །ཧུབ་ཏུ་རྒྱ་མཚོ་ཆེན་པོ་སོང་། ༈ །བདུད་རྩི་ལ་ནི་སུ་ཞིག་སྡང་། །ཙནྡན་ལ་ནི་སུ་མི་སྲེད། །ཟླ་བ་ལ་ནི་སུ་གུས་དམན། །དམ་པ་རྣམས་ལ་སུ་མི་འདོད། ༈ །དགེ་བའི་སྨོན་ལམ་དག་པའི་གཟི་བརྗིད་དང་། །དབེན་པའི་དྲི་མེད་སྣང་བའི་རྟོགས་བྱེད་ལྡན། །གང་ཞིག་ཡོངས་སུ་བསྒྲགས་པ་ཙམ་ཉིད་ན། །སྲིད་པའི་རྨོངས་འཕྲོག་དེ་ཉིད་བསྔགས་པར་འོས། ༈ །ཀུན་ལ་ཉི་མའི་འོད་ཟེར་སྙོམས།
ཆུ་འཛིན་དག་གིས་ཆར་པ་སྙོམས། །སེམས་ཅན་ཀུན་ལ་ཐུགས་བརྩེ་བ། །བཅོམ་ལྡན་འདས་ཀྱི་གཟིགས་པ་སྙོམས། ༈ །དེར་ནི་སྙིང་རྗེའི་དཔག་བསམ་ཤིང་། །སྙིང་སྟོབས་མེ་ཏོག་འབྲས་བུ་ཆེ། །རབ་ཏུ་ཞི་བའི་བདུད་རྩི་ཡིས། །ཡང་དག་དྲན་པ་དེ་ཡིས་མཐོང་། ༈ །བསོད་ནམས་དྲི་བཟང་རྒྱས་གྱུར་ཅིང་། །སྙིང་རྗེའི་གེ་སར་འཁྲིགས་གྱུར་པ། །བཅོམ་ལྡན་ཞལ་གྱི་པདྨོ་ལས། །གསུང་གི་སྦྲང་རྩི་མཆོག་གཅིག་ཐོབ། ༈ །སྐྱེས་བུ་རྣམས་ཀྱི་དཔྲལ་བ་ཡངས་པའི་རྡོ་ཡི་གླེགས་བུ་ལ། །བདེ་མེད་ལས་ཀྱིས་སྤྲུལ་པ་གསལ་བའི་རྟགས་ཅན་གཟོད་དག་གིས། །སྐྱེ་དང་འཆི་བ་རབ་སྤོས་ཡི་གེ་དག་ཏུ་བཀོད་གྱུར་པ། །འདི་དག་རྣམས་ནི་ལག་པས་ཡོངས་སུ་ཕྱིས་པས་བསྐྱོད་པ་མིན། །ཅེས་སོ། ༈ །གང་གི་སྲང་གི་ཚད་ཀྱིས་ནི། །ལྷན་པོའི་དེ་ཉིད་གྲངས་རིག་པ། །དེས་ཀྱང་བདེར་གཤེགས་ཡོན་ཏན་གྱི། །དམ་པའི་ལྕི་བ་ཉིད་མི་རྟོགས། ༈ །དེར་ནི་དྲི་མེད་གསལ་ཞིང་མཛེས། །ཆ་ཤས་ཀྱིས་ནི་ཡོངས་སུ་རྫོགས། །མི་དམན་ཀུན་དགའ་རྒྱས་གྱུར་པ། །སུ་ཡི་ཟླ་བ་བཞིན་མ་གྱུར། ༈ །འཁོར་བར་ནོར་ནི་སྒྲུབ་པ་ལ། །བག་ཆགས་གོམས་ལས་ལུས་ཅན་རྣམས། །རྨོངས་པས་འདིར་ནི་གསེར་གྱི་རི། །ཐོབ་ཀྱང་ཡོངས་སུ་ཚིམ་པ་མེད། ༈ །གྲགས་པ་འགྲོ་
གསུམ་གངྒཱ་དང་། །མཐུ་ཡིས་རྣམ་པར་བརྒྱན་པའི་དཔལ། །འདི་དེ་བསོད་ནམས་འཁྲི་ཤིང་གི། །མེ་ཏོག་རབ་འཐོན་དང་པོ་ཡིན། ༈ །སྐལ་ལྡན་རྣམས་ལ་མི་ཤེས་པ་ནི་ལེགས་པའི་རང་བཞིན་ལས་བྱུང་དགེ་ཉིད་གྱུར། །རྨོངས་པ་རྣམས་ལ་དགེ་བ་མི་ཕན་ཉིད་འགྱུར་འདི་ནི་རིམ་པ་འདི་ཡིས་མཚོན། །མཚན་བྱེད་སྨག་རུམ་མུན་པ་སྨན་གྱི་ནགས་ལ་མཆོག་ཏུ་མཛེས་པ་རབ་ཏུ་སྟེར། །གང་ཡང་ཉི་མའི་གཟི་བྱིན་ནུབ་འདི་རིགས་ཀྱི་མིག་ནི་ཀུན་ཏུ་ཉམས་པར་བྱེད། ༈ །ཚེ་ཡི་རྒྱན་ནི་ཡོན་ཏན་ཏེ། །ཡོན་ཏན་རྒྱན་ནི་དབེན་པའོ། །འདི་ཡི་རྒྱན་ནི་རབ་ཞི་སྟེ། །རབ་ཞིའི་རྒྱན་ནི་ཆགས་བྲལ་ལོ། ༈ །ཨ་མྲ་འཁྲི་ཤིང་གཞུ་ལ་གདའ། །བཀོད་པ་ཨ་མྲའི་མཚོན་དང་ལྡན། །རྒྱལ་གྱུར་ཅིག་ཅེས་བདག་དྲེགས་ལ། །སློང་མོ་བ་བཞིན་ཁུ་བྱུག་སྒྲོགས། ༈ །གླང་པོ་རི་བོའི་སྟེང་དེ་ན། །ལན་བུ་གཡོ་བའི་བུང་བ་ཅན། །རྒྱལ་པོ་དཔྱིད་དང་འགྲོགས་པ་ཡི། །གསར་པ་ཕྲེང་ཅན་མ་དེ་མཛེས། ༈ །འཁོར་བའི་ནགས་ནང་རྣམ་པར་ཡངས་པ་འདིར། །རང་བཞིན་གྱིས་གཡོ་དུས་ཀྱི་བུང་བ་དག །རང་དགར་འབབས་པས་འགྲོ་སྲོག་མེ་ཏོག་གི། །གེ་སར་ཚོགས་ལ་ཁམ་ཟས་བྱེད་པ་ཉིད། །ལོངས་སྤྱོད་རྦ་རླབས་དག་དང་མཚུངས་ཤིང་རི་དྭགས་འཇིགས་པའི་མིག་ལྟར་གཡོ། །དལ་འབྱོར་
སྐད་ཅིག་མཚོན་བྱ་སྐྱེ་བའི་ཆུ་གཏེར་རྣམ་པར་གསལ་བའི་གློག །ལུས་ཀྱི་པདྨ་ལང་ཚོ་གསར་པའི་ཉི་འོད་གཞོན་ནུ་དམར་པོ་གཡོ། །སྲོག་གི་ཐིགས་པ་སྲིད་པའི་མྱ་ངམ་ཐང་ལ་མྱུར་དུ་འཇིག་པར་འགྱུར། ༈ །དམ་པའི་བདུད་རྩིས་བརླན་པའི་ཞལ་དང་རི་བོང་ཅན་ཟེར་དག །སྡུག་བསྔལ་ཞི་བྱེད་བདེ་བ་ཕུན་སུམ་ཚོགས་པ་སྦྱིན་པར་བྱེད། །སྐྱེ་བོ་རྣམས་ནི་ཡང་དག་འཚོ་བྱེད་རབ་རིབ་འཕྲོག་པར་བྱེད། །དམ་པའི་ཡིད་ཀྱི་མཚོ་ནི་རྣམ་པར་རྒྱས་ཤིང་དགོད་པར་བྱེད། ༈ །དམ་པའི་སེམས་ལ་གནས་པའི་དམ་པ་རྣམས་ཀྱིས་ཡོངས་འདྲིས་བདུད་རྩི་དག་པས་ཀྱང་། །ཤིན་ཏུ་མཉེས་གཤིན་ཚིག་ནི་སྔ་མ་བས་ཀྱང་མཉན་འོས་སྟོན་ཟླའི་འོད་ཆགས་པས། །སྤྱོད་པའི་ཀུན་དགའི་ཚོགས་སྟེར་གཞན་པ་ཅི་ཞིག་ཡིད་ནི་མེ་ཏོག་པས་ཀྱང་འཇམ། །སྐྱེ་བོ་ལེགས་པའི་ཧ་རི་ཙནྡན་པས་ཀྱང་ཡོངས་གདུང་མཆོག་ཏུ་ཟློག་པར་བྱེད། ༈ །དེ་ཡིས་དཔུང་རྒྱན་ཅོད་པན་གྱི། །འོད་ཀྱི་ཡལ་འདབ་རྒྱས་གྱུར་པ། །སྤྲིན་གྱི་ཕྲེང་བ་བརྒྱ་བྱིན་གྱི། །གཞུ་ཡིས་ཁྱབ་པ་བཞིན་དུ་མཐོང་། ༈ །གང་ཞིག་སྙིང་སྟོབས་ལྡན་པའི་སྙིང་སྟོབས་ཀྱི། །ཁྱད་པར་སེམས་ཅན་ཐམས་ཅད་བདེ་བའི་རྒྱུ། །ལུས་ནི་ཞིག་ཀྱང་ཁྲོ་བའི་མེ་རྣམས་ལ། །མཆོག་ཏུ་ཞི་བར་འགྱུར་དེ་རྒྱལ་གྱུར་ཅིག ༈ །ཞེས་པ་བདེར་
གཤེགས་ཞལ་གྱི་པདྨ་ལས་འཁྲུངས་པ། །ཡིད་འོང་སྦྲང་རྩིའི་གཟུགས་བརྙེན་རབ་ཏུ་དང་བའི་གསུང་། །བུང་བའི་ཚོགས་བཞིན་དགེ་སློང་རྣམས་ཀྱིས་རབ་འཐུངས་ནས། །རབ་ཏུ་དགའ་བ་རྒྱས་པ་ཅི་ཡང་བྱུང་བར་གྱུར། ༈ །འཇིག་རྟེན་དག་ན་མཚོན་བྱེད་པས། །སྐྱེ་བོ་མཆོག་དང་དམན་པར་མཚོན། །ཉི་མས་ཐམས་ཅད་རབ་གསལ་ཞིང་། །སྨག་རུམ་མུན་པས་ཀུན་འཆིང་བྱེད། ༈ །གང་ཞིག་གཞན་གྱི་བུད་མེད་ལ། །ལུས་ཀྱིས་ཡོངས་འཁྱུད་བདག་གིར་བྱེད། །དེ་ནི་དམྱལ་བའི་མེ་ལྕེ་ལ། །ཕྱེ་མ་ལེབ་བཞིན་སླར་འཁྱུད་ཐོབ། ༈ །སྦྱིན་པའི་གྲོགས་སུ་སྐད་ཅིག་ཏུ་གྱུར་པ། །དེ་དག་སྦྱིན་བདག་འབྲས་བུ་མཚུངས་པར་ཐོབ། །གཞན་ལ་ཕན་པར་བརྩོན་པས་ཞུགས་རྣམས་ཀྱི། །གྲོགས་སུ་བསོད་ནམས་ལས་མེད་མི་འབྱུང་ངོ་། ༈ །གྲགས་སྙན་ལྡན་པ་དེ་ཡི་ནི། །སྦྱིན་ཁང་ཀུན་ཏུ་གྲགས་པའི་ཚེ། །དཔག་བསམ་ཤིང་ལ་སྐྱེས་བུ་རྣམས། །གུས་པ་མཆོག་ཏུ་ཆུང་བར་གྱུར། ༈ །འགྲོ་བའི་ཉོན་མོངས་དུག་གི་སྐྱོན། །འཕྲོག་ཅིང་སྙིང་རྗེ་རྒྱས་པ་ཡི། །བདུད་རྩིས་ཡང་དག་རྫོགས་པའི་ཐུགས། །གང་པོ་ཁྱོད་ལ་ཕྱག་འཚལ་ལོ། ༈ །ཆོག་ཤེས་འབྱོར་པ་ཐོབ་གྱུར་པས། །སྐལ་བ་བཟང་པོ་མཆོག་ཏུ་མཛེས། །ཡིད་ནི་ཆགས་བྲལ་གྱིས་བརྒྱན་པ། །སེམས་ཅན་དག་པའི་མཚན་
ཉིད་ཡིན། ༈ །གང་ན་ཉི་མས་མུན་སྟེར་ཟླ་བ་ནི། །མེ་ཡི་ཆར་པ་འབེབས་བྱེད་བདུད་རྩི་ལས། །རབ་ཁྲོས་ནག་པོ་བརྩེགས་པ་སྐྱེས་གྱུར་ཀྱང་། །སྨན་མཛད་ཁྱོད་ལས་གཞན་ལ་འཚེ་མི་འབྱུང་། ༈ །སྙིང་སྟོབས་ཀྱིས་ནི་ཉི་མའི་འོད་ཟེར་མུན་པ་བཞིན་དུ་གསལ། །ཆོས་དག་གིས་ནི་རིན་ཆེན་ཚོགས་རྣམས་མཁའ་ལས་འབབ་པར་འགྱུར། །བརྟན་པ་ཡིས་ནི་རྒུད་པ་ཐམས་ཅད་རབ་ཏུ་ཞི་བར་འགྲོ། །སྦྱིན་པ་ཡིས་ནི་ཕྱོགས་རྣམས་ལོངས་སྤྱོད་སྐལ་བ་བཟང་པོར་འགྱུར། ༈ །གཞན་ལ་ཕན་པ་འཇེབས་པའི་མཐུ་དང་ནི། །ཀུན་གྱི་ཉེར་འཚོ་འབྱོར་པ་ཆེན་པོ་སྟེ། །འབྲས་བུ་ཆེར་འོས་འདི་དག་དགེ་རྣམས་ཀྱི། །བསོད་ནམས་མྱུ་གུའི་འབྲས་བུ་དང་པོ་ཡིན། ༈ །སངས་རྒྱས་གཟི་བརྗིད་རྣམ་པར་དག །སྙིང་རྗེ་བདུད་རྩིའི་རྒྱ་མཚོ་སྟེ། །སེམས་ཅན་ཀུན་གྱི་གཉེན་གཅིག་པུ། །རྟག་ཏུ་སད་ལ་ཕྱག་འཚལ་ལོ། ༈ །གྲྭ་གཉིས་དམར་བ་ཁྱོད་ཀྱི་སྤྱན། །པདྨོའི་འོད་ལྡན་གདྨ་བཞིན། །དྲི་མ་འཁྲུད་བཟོད་དག་བྱེད་པ། །འདི་ཡིས་བདག་ལ་རེག་པར་མཛོད། ༈ །རང་དོན་ལ་འཇུག་ཆགས་པ་དང་བྲལ་ཞིང་། །གཞན་ལ་ཕན་པར་རྟག་ཏུ་བརྩོན་རྣམས་ཀྱིས། །གྲུབ་པ་ཉོན་མོངས་རྣམས་ལ་མི་འཇིགས་ཤིང་། །གདུང་དང་གེགས་བྲལ་གཟིར་བྱེད་མིན་པར་འགྱུར། ༈ །དེ་གདོང་ཆུ་
སྐྱེས་དག་གིས་ཕྲལ་ལ་བཅོམ་པས་མཚན་མོའི་ཡིད་འོང་ཉམས་པ་བསྟེན། །དེ་ཡི་སྨིན་མའི་རྣམ་འཕྲུལ་དག་ལ་ངོ་ཚ་ཡིད་སྲུབས་གཞུ་ནི་གུག་པར་གྱུར། །ཡིད་འོང་ཡལ་འདབ་མདངས་འཕྲོག་དེ་ཡི་མཆུ་སྒྲོས་དམར་བ་དག་གིས་གཟིར་གྱུར་ཏེ། །ཆགས་བྲལ་ཉིད་ཐོབ་བིལྤ་དག་ནི་ནགས་ཀྱི་ས་ལ་ཡང་དག་བརྟེན་ནམ་སྙམ། ༈ །མཐའ་དག་འཇིག་རྟེན་སྣང་བ་སྤྲོ་སླད་ཉི་མ་འོད་ཟེར་འགྱེད། །བདུད་རྩིའི་ཆར་མཆོག་དབབ་སླད་ཟླ་བ་རྫོགས་པ་ཉིད་དུ་འགྲོ། །སེམས་ཅན་བསྒྲལ་བའི་སླད་དུ་དགེ་བའི་ཟམ་སྟེགས་ཆེན་པོ་ནི། །ཁ་ཅིག་འགྲོ་བ་འདི་སྙེད་བསྔགས་པར་འོས་པའི་སྐྱེ་བ་འཛིན། །ཤཱཀྱའི་གྲོང་ཁྱེར་དག་ཏུ་སྔོན། །རྒྱལ་པོ་དཔལ་ལྡན་ཟས་གཙང་བྱུང་། །གྲགས་པ་རི་བོང་ཅན་བསྐྱེད་པ། །བདུད་རྩིའི་ཆུ་གཏེར་གཞན་པ་བཞིན། ༈ །འཇིག་རྟེན་དགའ་བྱེད་བྱང་ཆུབ་སེམས། །དེ་ཡི་ལྷུམས་སུ་བཟུང་བ་ནི། །འོ་མཚོའི་རླབས་ཀྱི་ཟླ་བ་བཞིན། །དཀར་བའི་འོད་དང་ལྡན་པར་གྱུར། །བུ་རམ་ཤིང་སྐྱེས་རྒྱལ་པོའི་རྒྱུད། །དེར་ནི་ལྷུམས་ན་གནས་པ་དེར། །གཏེར་དང་ལྡན་པའི་ས་གཞི་བཞིན། །དགེ་བའི་མཚན་ཉིད་ཀྱིས་མཚོན་གྱུར། ༈ །མཁའ་ཡི་ཆུ་རྒྱུན་གྱིས་བཀྲུས་པ། །དེ་ཡི་གྲགས་པ་དཀར་བའི་གདུགས། །སྙིང་སྟོབས་འཛུམ་པའི་རྔ་ཡབ་བཅས། །དེར་ནི་ལྷ་
རྣམས་དག་གིས་བཟུང་། ༈ །བྱང་ཆུབ་འོ་མའི་རྒྱ་མཚོ་ཆེ། །སྙིང་སྟོབས་དག་པ་འདི་ཡི་ནི། །གསུང་གི་བདུད་རྩི་མཁས་པ་དག །སྐལ་ལྡན་རྣམས་ཀྱི་ཉེར་འཚོར་གྱུར། ༈ །མཛེས་པའི་སྤྱོད་ཚུལ་དང་ལྡན་ཡོན་ཏན་སྡུད་པར་འོས་གྱུར་ཅིང་། །རིན་ཆེན་འོད་ཟེར་རྣམ་དག་དམ་པའི་སྣང་བ་རྒྱས་པར་བྱེད། །ནད་མེད་མུ་ཏིག་རང་བཞིན་འགྲོ་བའི་རྒྱན་ནི་སྐྱེད་བྱེད་པ། །གང་ཞིག་དགེ་བས་རྗེས་འབྲེལ་མིང་ཆེན་རིགས་དེ་འགའ་ཞིག་ཡིན། ༈ །མི་བདག་གཟུགས་ཅན་སྙིང་པོས་ཨུ་དྭ་ཡ་ན་ལ་སྤྲིངས་པ། །བདེ་བར་གཤེགས་པའི་ཞབས་པད་བཀོད་པས་བསོད་ནམས་ཉེ་གྱུར་པ། །སྐབས་གསུམ་གྲོང་གི་ཁྱད་པར་རྒྱ་ཆེ་མ་ག་དྷ་ཡུལ་ནས། །དགེ་བ་བྱས་པའི་གཟུགས་ཅན་ས་ཡི་བདག་པོ་གཟུགས་ཅན་སྙིང་། །ཆོས་ཀྱི་གཉེན་གྱིས་ས་གཞིའི་ཐིག་ལེ་ཁྱོད་ལ་རབ་སྨྲས་པ། །རི་བོང་མཚན་མའི་འོད་ལྡན་བཅོམ་ལྡན་སྐུ་གཟུགས་ཆགས་སྡང་དུག་ནི་ཉམས་པར་བྱེད། །སྲེད་པ་ཡང་དག་ཞི་བྱེད་སྲིད་པའི་རྨོངས་ཆེན་ནད་ཀྱི་ཕན་དང་སྨན་པ་དང་། །རབ་དྭངས་མངར་བའི་བསོད་ནམས་བཅུད་ལེན་ཁྱོད་ཀྱི་མིག་གི་སྣོད་དུ་རབ་བླུགས་པ། །འདི་ནི་ཁྱོད་ལ་རབ་སྤྲིངས་སྐལ་ལྡན་མགྲིན་པའི་བར་དུ་རབ་ཏུ་འདོད་པས་འཐུང་། །དམ་པའི་ལམ་ལ་རྣམ་པར་སྦྱོར་ཞིང་ཡོན་ཏན་ཚོགས་རྣམས་འཛིན་
པར་རྟག་ཏུ་སློབ། །བྱ་བ་ངན་ལས་རྣམ་པར་བཟློག་ཅིང་བརྟན་པའི་བདེ་བ་འཐོབ་ལ་མཆོག་ཏུ་བསྐུལ། །རྒྱུན་ཆད་མེད་པ་ཉིད་དུ་བདག་ཉིད་ཀུན་གྱི་ཟོལ་མེད་ཕན་པ་སྐྱེད་བྱེད་པ། །དམ་པའི་དགེ་བའི་གྲོགས་ཀྱི་ཡིད་འོང་ཕན་པ་འདི་ལས་མཆོག་ནི་ཅི་ཞིག་བྱ། །ཞེས་སོ། ༈ །གང་ཞིག་ནགས་སོང་ཤིང་ཤུན་ལྡན་གྱུར་ཀྱང་། །སློང་རྣམས་རྒྱུན་དུ་དོན་རྒྱས་ཉིད་དུ་བྱེད། །སྤྱོད་ཚུལ་མཛེས་ལྡན་དེ་དང་ཙནྡན་གྱི། །ངང་ཚུལ་དག་ནི་སུ་ཡིས་བསམ་མི་བྱ། ༈ །བསོད་ནམས་མི་དམན་ས་ཡི་དབང་། །སློང་བ་ཀུན་གྱི་དཔག་བསམ་ཤིང་། །ཕོངས་པའི་གདུང་བ་མཆོག་ཏུ་འཕྲོག །སྙིང་སྟོབས་འོ་མའི་རྒྱ་མཚོ་ཐོབ། ༈ །ལེགས་བཤད་རྣམས་དང་མཐུན་རྣམས་དང་། །དོག་པ་རྣམས་ཀྱང་རྒྱས་པ་ནི། །གསར་པ་ཁོ་ན་ཡིད་འཕྲོག་སྟེ། །བུད་མེད་རྣམས་ཀྱི་ལང་ཚོ་བཞིན། ༈ །ཁྱོད་ནི་ཡོན་ཏན་ལྡན་པའི་གྲོགས། །སྒྱུ་རྩལ་པདྨོ་ལྡན་པས་མཛེས། །ཤར་ཚེ་སྐྱེ་བོ་མཐའ་དག་ནི། །སྣང་བཅས་ལེགས་པའི་ལམ་དུ་འགྲོ། ༈ །ས་སྐྱོང་མཁས་ན་རིག་པའི་རྩེ་དགས་སྤྲོ་ལ་མཆོག་ཏུ་རེག་པར་འགྱུར། །དཔའ་ནག་ཡུལ་གྱི་རོལ་པ་དང་འགྲོགས་བརྟུལ་ཞུགས་བརྟུལ་ཞུགས་འཛིན་པར་འགྱུར། །བླུན་ན་རྨོངས་ཤིང་གཡོ་ན་རྣམ་པར་གཡོ་ལ་གདུག་ན་མ་རུངས་སྤྱོད། །གང་གང་ས་བདག་བྱེད་
པ་དེ་དེ་མཐའ་དག་སྐྱེ་བོ་བྱེད་པར་འགྱུར། །མེ་ཏོག་འབྱུང་གནས་ལེགས་པ་ཡི། །མེ་ཏོག་རྒྱས་བྱེད་ཉམས་དང་ལྡན། །ས་བདག་རང་ཉིད་མཁས་པ་ནི། །སྐྱེ་རྒུའི་བསོད་ནམས་ཉིད་ཀྱིས་འབྱུང་། ༈ །རྒྱ་ཆེར་གྲགས་པ་བསྟེན་པའི་བསྔགས་འོས་རི་བོང་ཅན་ལྟར་མཛེས། །གཙུག་གི་ནོར་བུ་གཞན་གྱི་དོན་ལ་སྐྱོ་བ་མེད་པའི་དུང་། །གང་གི་སྲོག་ནི་སོང་བར་གྱུར་ཀྱང་ལེགས་པའི་སྒྲ་ཡི་གནས། །བཀྲ་ཤིས་གཏེར་གྱིས་འཇིག་རྟེན་དག་ནི་དགེ་བ་རྒྱས་པར་བྱེད། ༈ །གང་དག་མཐོང་བས་ཞེ་སྡང་དུག་གི་ནི། །ཚ་བ་རབ་ཏུ་ཞི་བ་ཉིད་གྱུར་ཅིང་། །བདུད་རྩིའི་རོ་བསིལ་སྐྱེ་བོ་དམ་པ་ཡི། །ཟླ་བ་དེ་དག་སུ་ཡིས་ཕྱག་འོས་མིན། ༈ །ཕྱོགས་ཀྱི་མཛེས་པའི་རྣ་རྒྱན་དང་། །མཚུངས་པར་ཡོན་ཏན་དམ་པ་བཀོད། །གང་ཞིག་གྲགས་པའི་མཆོད་རྟེན་གྱིས། །འགྲོ་མཛེས་དེ་དག་རྒྱལ་གྱུར་ཅིག ༈ །རྒུད་པའི་གདུང་བ་ཞི་བྱེད་གཟིགས་པ་རབ་ཏུ་དར་བའི་རོ་དག་གིས། །སྐྱེས་བུ་རྣམས་ནི་ནད་དང་བྲལ་མཛད་སྲིད་པས་ཟིལ་མནན་འཁྲུགས་པའི་སྨན་པ་གང་། །ངེས་པར་དགེ་བ་མཐའ་ཡས་བསྐྱེད་པའི་ནོར་འཛིན་གྲུབ་པའི་བདུད་རྩི་ནི། །རྫོགས་པའི་སྙིང་རྗེ་ནང་དུ་འཛིན་པ་དེ་དག་མི་སྨད་ཕྱག་བྱར་འོས། ༈ །གཞན་གྱི་ཡོངས་གདུང་མཐོང་གྱུར་ན། །འཕྲལ་ལ་འཕོས་ཏེ་དམ་
པ་ཡི། །མེ་ལོང་རྣམས་ནི་གདུང་འགྱུར་ཏེ། །ཉི་མ་མེ་ཤེལ་རང་བཞིན་བཞིན། ༈ །སྨན་པ་སྐྱོན་མེད་བདེ་ལེགས་བཀའ་དྲིན་དང་། །ཆོས་ཀྱི་མན་ངག་དམ་པའི་སྨན་དག་ཀྱང་། །འཁོར་བ་རིང་པོའི་རིམས་ཀྱིས་བསྐམས་རྣམས་ཀྱི། །དཔུང་གཉེན་ཞི་བའི་བཅུད་ལེན་དེ་དག་ཡིན། ༈ །ཤིན་ཏུ་རབ་གསལ་གྲགས་པའི་ཚོན་རིས་ཡོན་ཏན་རིན་ཆེན་རྒྱན། །མ་ཉམས་སྦྱིན་པའི་མེ་ཏོག་དང་ལྡན་བདེན་པའི་བྱུག་པ་བྱས། །གང་གི་དཔལ་ནི་ཚུལ་ཁྲིམས་གཙང་མའི་དུ་གུ་ལས་མཛེས་པ། །དེ་ཉིད་གཅིག་བུ་ལེགས་བྱས་ལ་འོས་འཁོར་ལོས་བསྒྱུར་བ་ཡིན། ༈ །སྦྱིན་ལས་ཕྱིར་ཕྱོགས་རྣམས་ལ་ནོར་གྱིས་ཅི། །སྡང་བས་དབང་བྱས་རྣམས་ལ་ཐོས་པས་ཅི། །ཡོན་ཏན་མཆོག་སྤངས་རྣམས་ལ་གཟུགས་ཀྱིས་ཅི། །ཚུལ་ཁྲིམས་བཏང་བ་རྣམས་ལ་རིགས་ཀྱིས་ཅི། ༈ །གང་གི་གྲགས་པ་བདུད་རྩི་ཡི། །རྦ་རླབས་ཀྱིས་ནི་ཕྱོགས་ཀུན་ཁེངས། །ཡོན་ཏན་རིན་ཆེན་ཆུ་གཏེར་ཆེ། །དཔལ་ལྡན་རྒྱལ་པོའི་སྲས་པོ་ཡོད། ༈ །གདེངས་ཅན་གནས་ན་རྙེད་པར་དཀའ། །མི་ཡི་ཡུལ་ན་གཏམ་ཉིད་ཅི། ། མཛེས་སྡུག་རྒྱ་འདི་མཐོ་རིས་སུའང་། །གསར་དུ་མངོན་པར་འཁྲུངས་སམ་སྙམ། ༈ །གང་གི་ཚིག་གི་རྒྱ་ཆེ་མཚུངས་པ་ཡང་། །ཅི་ཡང་ཡོད་མིན་ཕུལ་དུ་བྱུང་བའི་སྒྲ། །ནམ་ཡང་ཙུ་ཏའི་ནགས་སུ་
བདག་གིས་ནི། །ཐོས་པ་ཁུ་བྱུག་གི་མིན་བུང་བའི་མིན། ༈ །སྙིང་སྟོབས་ཀྱིས་འཛུམ་རོ་ལྡན་སྙིང་རྗེ་ཟླ་བའི་འོད་ཀྱིས་རེ་བ་སྐོང་། །མཛེས་ཤིང་མཐའ་དག་མུན་པ་ཞི་སླད་དཀར་པོའི་ཕྱོགས་ལ་རྣམ་པར་གནས། །རྟག་ཏུ་ཀུན་དགའ་རྣམ་འགྱུར་མེད་ཅིང་མཆོག་གི་བདུད་རྩི་རྣམ་པར་སྤྲོ། །གདུང་བ་རབ་ཞིའི་གྲོགས་པོ་སངས་རྒྱས་ཟླ་ཉིའི་གཟུགས་ལ་ཕྱག་འཚལ་ལོ། །གང་ཞིག་རྟག་ཏུ་ཡུལ་གྱི་སྐྱོན་ལས་ཕྱི་རོལ་ཕྱོགས་གྱུར་ཅིང་། །རབ་མང་ཕ་རོལ་ཕྱིན་ལ་བརྟེན་པའི་སེམས་ནི་དབང་གྱུར་པ། །གཞན་དག་ཕན་ལ་མཆོག་ཏུ་མངོན་ཞེན་རྟེན་ཅིང་ཀུན་རྟོག་གི། །དཔག་བསམ་ལྗོན་པ་དེ་དག་བདག་ལ་དགེ་བ་སྟེར་གྱུར་ཅིག ༈ །མ་རིག་པ་ཡི་རྩ་བ་ཅན། །འཁོར་བའི་ལྗོན་པ་རྣམ་བཀྲ་ཀུན། །ཤིས་དང་བརྗོད་དང་གཞོམ་པར་ནི། །ཀུན་མཁྱེན་ལས་གཞན་སུ་ཡིས་ནུས། །ལེགས་རྨོས་ཞིང་ལ་རབ་ཉུང་གང་བཏབ་དང་། །བྱས་ཤེས་དག་ལ་ཕན་པ་གང་བྱས་དང་། །ཡོན་ཏན་དག་གིས་མཐོ་ལ་གང་བྱིན་པ། །དེ་ནི་ལོ་མ་སྟོང་ཕྲག་འབེལ་བར་འགྱུར། ༈ །བདུད་རྩི་རོ་ཡི་ཆར་བཞིན་མི་འདོད་སེལ། །འདོད་པ་དམ་པའི་གཟིགས་པ་གང་ལྷུང་བས། །ལྷུང་བ་རྣམས་ཀྱང་བསོད་ནམས་ཀྱིས་མཐོ་བའི། །བསྔགས་པར་འོས་པར་མཛད་པ་རྒྱལ་གྱུར་ཅིག ༈ །ཟླ་བའི་ཀུན་
དགའ་ཉི་མའི་རབ་གསལ་དང་། །མེ་ཡི་ཚ་བ་རླུང་གི་མགྱོགས་པ་དང་། །སྙིང་རྗེ་ལ་དགའ་སྐྱེ་བོ་ཆེ་རྣམས་ཀྱི། །གཞན་ལ་ཕན་པ་ལྷན་སྐྱེས་རང་བཞིན་ཡིན། ༈ །སྟོན་པའི་ཐུགས་རྗེ་བདུད་རྩིའི་ཆུ་gབོ་ནི། །མ་ལུས་བདེ་དང་དགེ་བའི་ཕོ་ཉ་སྟེ། །སྲིད་པའི་མྱ་ངམ་གདུང་བསིལ་གྲིབ་མ་དང་། །མ་བཞིན་སྐྱེད་པར་བྱེད་པ་རྒྱལ་གྱུར་ཅིག ༈ །དགེ་བའི་པདྨོ་ཅན་ནི་རྩ་བ་བཙུགས་ནས་རབ་བསྐྱེད་༧ དང་པོའི་རྒྱུ། །སྣ་ཚོགས་ཕུན་ཚོགས་འཁྲི་ཤིང་གསར་པ་གསང་བའི་རབ་སྐྱེད་སྐྱེད་ཚལ་པ། །སྲེད་པའི་གདུང་བ་རབ་ཏུ་ཞི་བྱེད་ཁ་བའི་འཛུམ་ལྡན་གངྒཱའི་རྒྱུན། །དམ་པའི་ལམ་མཆོག་གསལ་བར་བྱེད་མཁས་སྣང་བ་དག་ནི་བསོད་ནམས་ཉིད། ༈ །ཐོས་པའི་སྐྱོག་གིས་བཏུང་བྱའི་བདུད་རྩི་སྙན་པ་དག་གི་རྒྱུན། །དྲི་བཟང་ཁང་པ་བཞིན་གྱི་པདྨོའི་གནས་སུ་སྒྲོགས་བྱེད་པ། །བུང་བའི་ན་ཆུང་དང་མཚུངས་ཡབ་ཀྱི་སྐད་ལ་བཏུད་ནས་ནི། །སྙན་ངག་རྒྱ་ཆེའི་ཁྱད་པར་ལྷག་མ་བདག་གིས་རྫོགས་པར་བྱ། ༈ །གང་གི་དཔག་བསམ་ཤིང་ལས་འཁྲུངས། །རྟག་ཏུ་གསར་པ་གསར་པའི་དཔལ། ། གྲགས་པའི་མེ་ཏོག་བསོད་ནམས་ཀྱི། །དྲི་བཟང་རྒྱས་པ་རྣམ་པར་མཛེས། ༈ །དཔྱིད་ཀྱི་དཔལ་མོ་དག་གི་རྣ་བའི་རྒྱན། །རི་བོའི་ངོས་ལ་མྱ་ངན་མེད་པ་མཛེས། །གྲོང་ཁྱེར་མ་ཡི་རྐང་པས་བསྣུན་
པ་ལས། །ཡལ་འདབ་གསར་པ་དག་ལ་ཚོན་འཕོས་བཞིན། ༈ །ཟླ་བའི་རྩེ་དགར་མངོན་ཕྱོགས་པའི། །ཀུ་མུད་ལྡན་པ་མཐོང་གྱུར་ནས། །ཁྲོ་བས་ཞུམ་བཞིན་པདྨ་ཅན། །གཟི་བྱིན་ཉམས་བཞིན་ཟུམ་པར་གྱུར། ༈ །ཀྱེ་མ་ནམ་མཁའི་སྐྱེད་མོའི་ཚལ། །རྒྱུ་སྐར་མེ་ཏོག་འཛུམ་ལྡན་པ། །རི་བོང་ཅན་འགྲོགས་དགའ་བ་ཡི། །མཚན་མོ་ཡིས་ནི་གཏོང་མི་བྱེད། ༈ །འདི་ནི་ནུ་མ་རབ་མཛེས་པ། །དོ་ཤལ་ཁུར་གྱིས་རབ་ཏུ་བསྒྲིབས། །མཛེས་སྡུག་སྒྲིབ་པར་བྱེད་པ་ཡི། །ཤིན་ཏུ་མང་བའི་རྒྱན་གྱིས་ཅི། ༈ །གྲོགས་མོའི་ལག་པས་བསྐྱོད་པའི་རྔ་ཡབ་རྩེས། །རྣ་བའི་ཨུཏྤལ་ཡལ་འདབ་ལྷུང་གྱུར་པ། །འགྲམ་པར་རེག་པས་སྐད་ཅིག་དེ་རབ་མཛེས། །རྟག་ཡོན་ཟླ་བས་བརྒྱན་པའི་མཚན་མོ་བཞིན། ༈ །དེ་ནས་ཤར་གྱི་རི་རྩེར་རི་བོང་ཅན། །འོད་ཟེར་ཕྲེང་བ་ཤེལ་གྱི་དྲྭ་བས་བསྡམས། །བ་གམ་ཆེར་འཛེགས་དགའ་སྟོན་ཆེན་པོ་ལ། །གྲུབ་པའི་བུ་མོའི་གར་ལ་བལྟ་བ་བཞིན། ༈ །དེ་ནས་ཉམས་དགའ་དགའ་སྟོན་ཆེན་པོ་དང་། །ཕྲེང་བ་དོ་ཤལ་རབ་འབར་དབུ་བ་གཡོ། །གྲུབ་པའི་ན་ཆུང་འཇིག་རྟེན་རྣམ་པར་མཛེས། །ཟླ་ཤར་བདུད་རྩིའི་རྒྱ་མཚོ་འཕྱུར་བ་བཞིན། ༈ །དམ་པའི་སྙིང་སྟོབས་ཆུ་གཏེར་ཁྱོད་ཀྱི་ལུས། །འགྲོ་བའི་མིག་དང་སྲོག་གྱུར་བསྐལ་པར་
ནི། །འཇིག་ཀྱང་མི་འཇིག་མངོན་སུམ་རྟེན་བྱེད་ཀྱི། །བདུད་རྩི་ཉེ་འདི་ལེགས་པར་ལྡན་གྱུར་ཅིག ༈ །དེ་ནས་བྱང་ཆུབ་སེམས་དཔའི་སྤྱི་བོར་ལྷ་ཡི་བདག་པོ་ཡིས། །ལག་པའི་པདྨ་མཛེས་པས་རབ་གཏེར་མེ་ཏོག་རྒྱས་པའི་ཆར། །བུང་བའི་ཚོགས་ཀྱིས་སྒྲ་ཡི་ཡོན་ཏན་བསྟོད་བྱས་སྒྲ་དབྱངས་བཞིན། །འཆི་མེད་དགའ་བའི་ཚོགས་ཀྱིས་ཕྱོགས་ནི་ཡོངས་སུ་གང་བ་བབས། ༈ །སྐབས་དེར་ཙནྡན་འཁྲི་ཤིང་རླུང་གཞོན་གྱིས། །བསྐྱོད་པའི་ཤུགས་རིང་གླལ་བ་བསྟེན་རྣམས་ལ། །འདོད་པའི་གྲོགས་པོར་གྱུར་པ་དཔྱིད་ཀྱི་དུས། །མངོན་པར་འདོད་པའི་སྐྱོད་ཚུལ་རབ་ཏུ་བརྟན། ༈ །དེར་ནི་གློ་བུར་འདར་ཞིང་གཡོ་ལྡན་སྒྲ་དག་སྒྲོག་པར་བྱེད་པའི་འོག་པག་ལ། །འཇིགས་པས་རབ་ཏུ་བྱིན་པའི་བཞིན་ཡང་གོས་དག་བྱིན་ནས་ལྐུགས་པར་བྱས། །ངོ་ཚས་མི་སྨྲ་དང་ལྡན་བཞིན་དུད་དེ་ཡི་རྣ་བའི་ཨུཏྤལ་ལྷུང་བ་ལ། །འཁོར་ཞིང་རྒྱུ་བའི་བུང་བ་རྣམས་ཀྱི་སྒྲ་ཡིས་བདག་ལ་ལེགས་པར་འོངས་སམ་བྱས། ༈ །འདོད་པའི་ཀུ་མུད་ཚལ་གྱི་ཟླ་བའི་རི་མོ་སུ་ཞིག་དེ། །མིག་གི་པདྨོ་རྣམ་པར་རྒྱས་པའི་རྒྱུར་ནི་བདག་གིས་མཐོང་། །གང་གི་མཛེས་པའི་རྣམ་འཕྲུལ་བདུད་རྩིའི་ཆུ་བོ་འཐུངས་པ་ཡིས། །ཚ་བའི་དུག་ཏུ་གསལ་བྱེད་རྨོངས་པ་རྟག་ཏུ་རྒྱས་པར་གྱུར། ༈ །ཕ་མ་དག་ལ་ཕྱག་འཚལ་དེ་
དག་ཞབས་ཀྱི་པདྨོར་གཙུག་གི་ནོར་བུས་ཆགས། །དེ་དག་དགའ་བའི་མཆི་མ་ཟགས་པས་དབུ་མར་དགའ་སྟོན་ལེགས་པར་བསྒྲུབས། །སྙིང་སྟོབས་ཆུ་གཏེར་བསོད་ནམས་ཚོགས་ནི་ཡོངས་རྫོགས་སྤྲིན་གྱི་བཞོན་པས་སྐད་ཅིག་ལ། །གསལ་བར་འཁོར་ལོས་བསྒྱུར་བའི་དཔལ་གྱི་མཚན་མོ་རིན་ཆེན་རྣམས་ནི་ཡང་དག་ཐོབ། ༈ །བསམ་པ་དྲི་མ་མེད་པ་རྣམས་ནི་མཆོག་ཏུ་ཚིམ་བྱེད་ཅིང་། ། མཛེས་ཤིང་རབ་དང་སྐལ་བཟང་ལེགས་སྤྱད་དག་དང་རབ་ཏུ་ཀུན། །དེ་བཞིན་གཤེགས་པ་བཅོམ་ལྡན་འདས་ཀྱི་སྐུ་དང་སྙན་ངག་དག །རྣམ་པར་རྒྱས་པ་འདི་ནི་འགྲོ་རྣམས་དགའ་བའི་སླད་གྱུར་ཅིག ༈ ༈བྱང་ཆུབ་སེམས་དཔའི་གནས་སྐབས་སུ། །གང་ཞིག་ས་བདག་རབ་གསལ་གྱིས། །གླང་ཆེན་མཐོང་ནས་ཞི་བ་ཐོབ། །དེ་བཞིན་གཤེགས་དེས་ཁྱོད་ལ་སྲུངས། ༈ །ཀུན་ལས་མཐོ་ཞིང་བདེར་གཤེགས་ཡོན་ཏན་དག་དང་ལྡན། །བཟང་ཞིང་རབ་མང་བརྩོན་འགྲུས་སྟོབས་དང་བཟོད་པ་ཅན། །མི་དགེའི་རྩ་བ་སྲིད་པའི་ལྗོན་པ་རབ་འཇོམས་པ། །རྒྱགས་པ་ཟློག་མཛད་བཅོམ་ལྡན་དེ་ལ་ཕྱག་འཚལ་ལོ། །འཇིག་རྟེན་དུ་ནི་ཇི་སྲིད་སྒྲོལ་མ་སྙིང་རྗེ་དར་བབས་ཀྱིས་གཟིགས་ཤིང་། གྲུབ་སླད་གུས་ལྡན་དགེ་བ་རྣམས་ལ་མ་ཚང་མེད་པའི་འབྲས་བུ་སྒྲུབ། །ཇི་སྲིད་འཇིག་རྟེན་མགོན་པོ་དྲི་མེད་
དགེ་བའི་བསམ་གཏན་བློ་ལྡན་པ། དེ་སྲིད་མཁས་པའི་ཞལ་གྱི་དགའ་བསྐྱེད་སངས་རྒྱས་གཏམ་འདི་གནས་གྱུར་ཅིག །ཇི་སྲིད་སངས་རྒྱས་སྲིད་པ་མཐའ་དག་བསྒྲལ་ནས་རབ་ཏུ་རྒྱས་གྱུར་ཅིང་། །ཇི་སྲིད་ཆོས་ནི་ལེགས་བྱས་ལམ་དག་རབ་གསལ་རིན་ཆེན་སྒྲོན་མར་གྱུར། །ཇི་སྲིད་དགེ་འདུན་ཆགས་སྡང་ཡིད་ལ་དགེ་བའི་ཚོགས་སྦྱིན་དེ་སྲིད་དུ། །དཔག་བསམ་འཁྲི་ཤིང་གསར་པ་རྒྱལ་བའི་ཡོན་ཏན་གཏམ་འདི་གནས་གྱུར་ཅིག །ཇི་སྲིད་ས་གཞི་རབ་མང་ས་འཛིན་ལས་འབབ་གཡོ་བའི་ཆུ་ཡི་ཕྲེང་ལྡན་ལྷག་མ་ཡི། །མགོ་ལ་གདེངས་ཀ་རིན་ཆེན་འོད་ཟེར་རྒྱས་པ་རྨ་བྱའི་གདུགས་ཀྱི་རྗེས་སུ་སྤྱོད། །ཇི་སྲིད་ས་གཞི་པདྨ་དག་ལ་ལྷུན་པོའི་ཟེའུ་འབྲུའི་རྣམ་པའི་མཛེས་པ་འཛིན་བྱེད་པ། །དེ་སྲིད་སྟོན་པའི་གཏམ་འདི་འགྲོ་བའི་རྣ་རྒྱན་དག་ཏུ་རབ་ཏུ་གནས་པ་བསྟེན་གྱུར་ཅིག །ཨེ་ཏི་ཀྱེ་མེནྡྲ་བྱཱ་སོ་མེནྡ་བི་ར་ཙི་ཏཱ་ཡཾ། ཨཱ་བ་ཏ་ན་ཀལྤ་ལ་ཏཱ་ནཱ་མཱ་ཏ།། ༈ །།རྩ་རྒྱུད་ལས། དེ་ཚེ་ཆུ་བོ་རབ་དགའ་བ། །བཟང་པོ་གསེར་ལྡན་འགྲམ་དག་ཏུ། །ལྷ་རྣམས་ཀྱི་ནི་ཚོགས་ལ་སོགས། །འདུས་པ་དག་ནི་འབྱུང་བར་འགྱུར། །ཞེས་སོགས། ཡང་། ཡི་གེ་ད་དང་ལ་དང་པོར། །སྡོམ་བརྩོན་གང་ཞིག་རབ་གསུངས་དང་། །ཡི་གེ་ར་དང་བ་དང་པོར། །དགེ་སློང་གང་ཞིག་རབ་འབྱུང་གསུངས། །སྟོན་
པའི་བསྟན་པ་གསལ་བྱེད་པ། །འབྱུང་བར་འགྱུར་བ་ཐེ་ཚོམ་མེད། ༈ །དེ་ནས་ཡི་གེ་པ་དང་ཀ །དང་པོ་དག་ཏུ་བརྗོད་པ་དང་། ཞེས་དང་། ཡི་གེ་ན་ཞེས་སྡོམ་བརྩོན་བསྒྲགས། །ཞེས་དང་། དེ་ལས་གཞན་པ་ཡི་གེ་ར། །དང་པོར་ཡི་གེ་བ་གྲགས་དང་། །སྟོན་པའི་གཟུགས་བརྙན་ཡིད་འོང་བྱེད། །བློ་ལྡན་དང་པོར་ཡི་གེ་མ། །ཞེས་དང་། དེ་བཞིན་འཇིག་རྟེན་སྦྱིན་གནས་འགྱུར། །སྲིད་པ་གསུམ་གྱི་མཐར་ཡང་བྱེད། །སྔགས་དང་རྒྱུད་ལ་མངོན་བརྩོན་པས། །གྲགས་པ་འཛིན་པར་ཤེས་པར་བྱ། །ཞེས་དང་། སྔགས་དང་རྒྱུད་ལ་མངོན་བརྩོན་པ། །རྒྱལ་པོའི་ལུགས་ལ་ཉེ་བར་གནས། །དེ་ཚེ་མི་བཟད་དུས་དག་ཏུ། །འཇིག་རྟེན་ཀུན་ལ་འབྱུང་བར་འགྱུར། །ཞེས་དང་། ཡི་གེ་ཨ་མིང་བདག་ཉིད་ཆེ། །སྟོན་པའི་བསྟན་པ་གཅེས་འཛིན་བྱེད། །བློ་ལྡན་ཡོན་ཏན་ཀུན་གྱིས་བཀུར། །ཞེས་དང་། གཙོ་བོ་མྱ་ངན་མེད་པ་ཡི། །དེ་འོག་རྒྱལ་པོ་བྱུང་བ་ནི། །མྱ་ངན་བྲལ་ཞེས་རྣམ་པར་གྲགས། །འཇིག་རྟེན་ཆོས་ཀྱིས་སྤྱོད་པར་ལྡན། ༈ །འཇམ་དཔལ་རྩ་རྒྱུད་ལས། ཀོ་སའི་རྒྱལ་པོ་གསལ་རྒྱལ་དང་། །གཟུགས་ཅན་སྙིང་པོ་དེ་བཞིན་གཞན། །རྒྱལ་རིགས་གཙོ་བོ་འཆར་བ་དང་། །དམག་བརྒྱ་པ་ནི་ཡང་དག་འབྱུང་། །ལག་བཟང་གཞུ་བཟང་ཞེས་བྱ་
དང་། ཞེས་སོགས་ནས། འདི་དག་རྒྱལ་པོའི་རིགས་སུ་གསུངས། །ས་སྲུང་སྟོན་པ་མཆོད་བྱེད་པའོ། །ཤཱཀྱ་སེང་གེ་མི་ཡི་མཆོག །སངས་རྒྱས་མངོན་དུ་ལྟ་བར་འགྱུར། །དེ་ཡང་དེ་ནས་ཆོས་ཐོས་ནས། །ཡུན་རིང་ཕུན་སུམ་ཚོགས་པ་འཐོབ། །ངེས་པར་བྱང་ཆུབ་འདོད་ནས་ཀྱང་། །ཞི་ནས་ཞི་བ་འཐོབ་པར་འགྱུར། །ཞེས་དང་། མ་སྐྱེས་ཞེས་བྱའི་རྒྱལ་པོ་དེས། །ངེས་པར་བྱང་ཆུབ་གཞོལ་བར་གྱུར། །ཅེས་དང་། དེ་ཚེ་མི་ཟད་ཆེན་པོ་ཡི། །གྲོང་ཁྱེར་མེ་ཏོག་ཅན་དུ་ནི། །མྱ་ངན་མེད་ཅེས་བྱ་བ་ཡི། །རྒྱལ་པོ་ས་ནི་སྐྱོང་བྱེད་པ། །ཞེས་སོགས་ནས། དེ་ནི་ཡིད་གཞུངས་རིམ་གྱིས་སུ། ། རྙེད་པར་དཀའ་བའི་བྱང་ཆུབ་ཐོབ། །འཇམ་དཔལ་རྩ་བའི་རྒྱུད་ལས། དེ་བཞིན་གཤེགས་པའི་བསྟན་འདི་ལ། །རྣམ་པ་སྣ་ཚོགས་བྱ་བ་བྱེད། །བྱང་གི་ཕྱོགས་ལ་བརྟེན་ནས་ནི། །དེ་ཡི་ཚེ་ན་འབྱུང་བར་འགྱུར། །ལྷ་ལྡན་ཡུལ་ཞེས་བྱ་བ་ཡི། །གངས་ཅན་རི་ཡི་ནང་གནས་པའི། །རྒྱལ་པོ་མི་ཡི་ལྷ་ཞེས་པ། །ལི་ཙྪ་བི་རྣམས་རིགས་སུ་འབྱུང་། །ཞེས་སོ། །ཡང་། རྒྱ་ཡུལ་ཀུན་ལ་བརྟེན་པ་ཡི། །རྒྱལ་པོ་དབྱིག་གི་སྙིང་ཞེས་བྱ། །སྡེ་ཆེན་སྟོབས་ཀྱང་ཆེ་བ་དང་། །བློན་པོ་རྒྱ་ཆེ་ཉིད་དང་ནི། །སྐྱེ་བོའི་རྩ་ལག་རབ་ཏུ་མང་། །ཀླ་ཀློས་བཏུད་དང་རྣམ་པར་རྒྱལ། །སྟོན་པའི་བསྟན་པ་དེ་གཙོར་
བྱེད། །ཅེས་དང་། བྱང་ཆུབ་སེམས་དཔའ་དཔའ་བོ་ཆེ། །འཇམ་པའི་དབྱངས་ནི་འོད་ཆེན་པོ། །མངོན་སུམ་དེ་ཡི་ཡུལ་དག་ན། །བྱིས་པའི་གཟུགས་ཀྱིས་བཞུགས་པ་ཡིན། །ཅེས་དང་། །གཞོན་ནུས་ཡོངས་སུ་བཤད་པ་ཡི། །རིག་པ་འདི་ནི་དེ་ཡུལ་དུ། །དེ་ནི་མྱུར་དུ་འགྲུབ་འགྱུར་གྱི། །རིག་པ་གཞན་ནི་ནམ་ཡང་མིན། །ཅེས་དང་། ཁ་བ་ཅན་གྱི་ནང་དག་ཏུ། །སཱ་ལའི་ནགས་ནི་ཡང་དག་འབྱུང་། །ཞེས་དང་། བརྒྱ་ཡིས་གྲངས་ཀྱིས་བགྲང་བ་ཡི། །དེ་དག་བཅུ་ལ་སྟོང་ཕྲག་གཅིག །སྟོང་ཕྲག་བཅུ་ལ་ཁྲི་ཡིན་ཏེ། །ཁྲི་བཅུ་ལ་ནི་འབུམ་ཕྲག་གཅིག །འབུམ་ཕྲག་བཅུ་ལ་ས་ཡ་སྟེ། །ས་ཡ་བཅུ་ནི་བྱེ་བ་ཡིན། །བྱེ་བ་བཅུ་ལ་དུང་ཕྱུར་ཏེ། །དུང་ཕྱུར་བཅུ་ནི་ཐེར་འབུམ་ཡིན། །ཅེས་སོགས་གསུངས་སོ། །སྟོན་པའི་གསུང་རབས་སྟེང་དུ། །དུས་མཐར་འཇིག་རྟེན་ཉམས་པ་ན། །སྡོམ་བརྩོན་རྒྱལ་པོའི་ཚུལ་གྱིས་ནི། །འབྱུང་བར་འགྱུར་བ་ཐེ་ཚོམ་མེད། །ཅེས་སོགས་རྒྱས་པར་ལུང་བསྟན་ཏོ།། ༈ །།ན་མསྶརྦ་ཛྙཱ་ཡ། གནས་ཕུན་སུམ་ཚོགས་པ་ནི། །འདི་ལྟར་བསྟན་རྩིས་ལ་མདོ་རྒྱུད་ནས་གསུང་ཚུལ་ཐ་དད་པའི་དབང་གིས། མཁས་པ་རྣམས་བཞེད་སྲོལ་མི་མཐུན་པ་མང་ན་ཡང་། དཾཥཱ་ས་ནའི་འབུམ་ཊི་ཀ་དང་། དབྱིག་གཉེན་ཞབས་ཀྱི་གནོད་འཇོམས། སློབ་
དཔོན་འཇམ་དཔལ་གྲགས་པ་སོགས་ཀྱི་བཞེད་པ་བཞིན། མཁས་པ་ཕལ་ཆེར་ལྔ་སྟོང་དུ་འཐད་པར་བཞེད་ལ། དེ་བཞིན་སངས་རྒྱས་ཀྱི་འཁྲུངས་རྩིས་ཀྱང་མི་མཐུན་པ་མང་ཡང་། རྗེ་བཙུན་ས་སྐྱ་པའི་དགོངས་པ་ནི། ལུགས་ཀྱི་བསྟན་བཅོས་ཞེས་བྱ་བ་ལ། གཡུལ་བརྟན་འོག་ཏུ་ཉིས་སྟོང་དང་། །དགའ་བྱེད་འོག་ཏུ་བརྒྱད་བརྒྱ་ན། །ཞེས་སོགས་བཤད་པ་བཞིན། རྩོད་དུས་ཀྱི་རྒྱལ་པོ་སྐྱབས་སེང་མཆེད་ལྔའི་གཅེན་གཡུལ་བརྟན་ནས་བརྩམས་ལོ་ཉིས་སྟོང་ཉེ་བ་ན་སྟོན་པ་ས་ཕོ་འབྲུག་ལ་སྐུ་བལྟམས། བརྒྱད་ཅུ་པ་མེ་ཕག་ལ་གཤེགས། དེ་ནས་བརྒྱ་དང་སོ་བདུན་ན་དགའ་བྱེད་འབྱུང་ཞེས་རྟོག་གེ་འབར་བར་བཤད་པས། སློབ་དཔོན་བསོད་ནམས་རྩེ་མོ་དང་། ཆོས་རྗེ་ས་པཎྜི་ཏས་འདི་ལ་བརྟེན་ནས་བསྟན་རྩིས་བརྩམས་པར་བཞེད་ཅིང་། དེས་ན་ལྔ་བརྒྱ་ཕྲག་བཅུ་ལས། དང་པོར་དགྲ་བཅོམ། གཉིས་པར་ཕྱིར་འོང་། གསུམ་པར་རྒྱུན་ཞུགས་ཏེ་ཡེ་ཤེས་ཁོང་ཆུད་ཀྱི་ལེའུ་གསུམ། དེ་ནས་ལྔ་བརྒྱ་ཕྲག་གསུམ་ལ་རིམ་བཞིན། ཤེས་རབ། །ཏིང་འཛིན། ཚུལ་ཁྲིམས་བསླབ་པ་གཙོར་སྟོན་གསུམ་ལ་སྒྲུབ་པའི་དུས་ཀྱི་ལེའུ་ཟེར། དེ་ནས་ལྔ་བརྒྱ་ཕྲག་གསུམ་ལ། མངོན་པ། མདོ་སྡེ། འདུལ་བ་རྣམས་སྟོན་པ་མང་དུ་འབྱུང་བས་ན་ལུང་གི་ལེའུ་གསུམ། བཅུ་པ་ལྔ་བརྒྱ་ཕྲག་ཐ་མ་ལ་
རབ་བྱུང་རྟགས་ཙམ་མ་གཏོགས་ལྟ་སྤྱོད་རྣལ་མ་མེད་པས་རྟགས་ཙམ་འཛིན་པའི་ལེའུར་བཞེད་པ་ལས། མངོན་པའི་དུས་ཀྱི་ལྔ་བརྒྱ་ཕྲག་གཅིག་གི་སྟེང་ནས་ཉིས་བརྒྱ་དང་ལྔ་ཐལ། དྲུག་ཏུ་སླེབ་པ་རབ་བྱུང་གསུམ་པའི་ནང་གི་བག་མེད་ཅེས་པ་ཆུ་གླང་ལོའི་ཁྲུམས་ཟླའི་ཡར་ཚེས་ལ། ཁ་བ་ཅན་གྱི་སའི་དུམ་བུ་གསུམ་པའི་བར་པ། རུ་ལག་གི་སའི་ཆ། གཙང་སྟོད་གྲམ་ཕ་ཡུལ་གྱི་ཁྱད་པར་དགེ་བ་བརྒྱད་དམ་བཅུ་ཚང་བ། བླ་མ་མཉམ་མེད་པས། རྡོ་རྗེའི་རང་བཞིན་རྡོ་རྗེའི་གདན་ལ་བྱང་གི་འདབ་ཆགས་ས་ཡི་སྙིང་པོ་དཔག་ཚད་བཅུ་ཕྲག་བཅུ་བགྲོད་པ། །ཞེས་དང་། ཡང་དེ་ཉིད་ཀྱིས། ཤར་རི་འགྲོ་ལྡན་སྤྱི་གཙུག་ལྟར་མཐོ་ལྷོ་ན་རྟ་མཆོག་རྒྱུག་ལྟའི་ཆུ། །ནུབ་རི་མཚན་མ་རྨ་བྱའི་མདོངས་ལྡན་བྱང་རི་ལྷུན་པོ་འདབ་བཟང་རི། །རི་དྭགས་རྒྱལ་པོ་བཞད་པའི་གདོང་པ་དབུས་ཀྱི་ས་འཛིན་དཔལ་ཀུན་འཛིན། །དེ་ཕྱིར་རྒྱལ་བའི་གདན་ས་མཆོག་འདི་བྱང་ཆུབ་སྙིང་པོ་མ་ལགས་གྲང་། །ཞེས་ཤར་རི་བྲག་ཆུང་གླང་པོའི་གཙུག་ལྟར་མཐོ་བ། ལྷོར་གྲུབ་ཆུ་རྟ་མཆོག་རིན་ཆེན་ལྟར་རྒྱུག་པ། ནུབ་ཆུ་མིག་རྫིང་ཁ་རྨ་བྱའི་མདོངས་དང་ལྡན་པ། བྱང་དཔོན་པོ་རི་མཁའ་ལྡིང་གི་གཤོག་པ་ལྟར་བརྒྱངས་པ། དབུས་ཀྱིས་དཀར་ལོགས་འདི་རི་དྭགས་ཀྱི་རྒྱལ་པོ་སེང་གེ་མངོན་པར་འགྱིང་
བ་དང་འདྲ་བ། ཉི་མ་འཆར་སྔ་ཞིང་ནུབ་བུལ་བ། ལྷོ་ཕྱོགས་ཀྱི་རི་རིན་ཆེན་ཕུང་པོ་བརྡལ་བ་ལྟ་བུ། ཇོ་མོ་སྟག་འཚེར་གདུགས་ཀྱི་དབྱིབས་སོགས་ལོགས་བཀྲ་ཤིས་རྟགས་བརྒྱད། གནམ་འཁོར་ལོ་རྩིབས་བརྒྱད། ས་པདྨ་འདབ་བརྒྱད་དགེ་མཚན་ཐམས་ཅད་མངོན་པར་ཚང་བ་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོ་ཞེས་གྲགས་པའི་སྤྲིང་ཡིག་སྲིད་པ་གསུམ་ན་གསལ་བ་དེ་ཉིད་དུ། སྟོན་པ་ཕུན་སུམ་ཚོགས་པ་གདུང་རབ་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་ནི། ཡུལ་མཐོ་ཞིང་གཙང་བ་མངའ་རིས་ཀྱི་སྟོད་དམ། བྱང་གི་ཤེལ་ཚྭ་རྒྱལ་མོའི་གང་འགྲམ་དུ་འོད་གསལ་གནམ་ལྷ་མཆེད་གསུམ་བྱོན། གཅུང་པོ་གཡུ་སེར་སྲས་བཞི་བྱོན་པ་ཡབ་བཅས་ལྷ་ཡུལ་དུ་བྱོན། བར་པ་གཡུ་རིང་དང་དམུ་བཟའ་ལྡེམ་བུ་ལས། སྲས་མ་སངས་སྤུན་བདུན་བྱོན་པའི་གཅེན་དྲུག་ཡབ་བཅས་པའང་ལྷ་ཡུལ་དུ་གཤེགས། བདུན་པ་མ་སངས་སྤྱི་རྗེ་དང་ཐོག་ལྕམ་འུར་མོའི་སྲས་དཔའ་བོ་སྟག །དེ་དང་ཀླུ་ལྕམ་དྲ་མའི་སྲས་སྟག་པོ་འོད་ཅན་ཏེ། འདི་རྣམས་བར་སྣང་ལ་བཞུགས་པར་བཞེད། དེ་དང་མོན་བཟའ་འཚོ་མོ་རྒྱལ་གྱི་སྲས་གཡའ་སྤང་སྐྱེས་རྣམས་ནི་ལྷའི་གདུང་རབས་སོ། །དེས་སྲིན་པོ་ཁྲག་མིག་མ་བསད། དེའི་ཆུང་མ་གཡའ་འབྲུག་སི་ལི་མ་འཕྲོག་སྟེ་ཁབ་ཏུ་བཞེས་པས། ལྷ་དང་སྲིན་པོ་འཐབ་པའི་བར་དུ་སྐྱེས་པས་
འཁོན་བར་སྐྱེས། དེ་དང་བཙན་བཟའ་ལྕམ་བུ་སྒྲོན་གྱི་སྲས་དཀོན་པ་རྗེ་གུང་སྟག་གམ་ཆེའམ་འཁོན་དཔལ་པོ་ཆེ། དེ་དང་རླངས་བཟའ་ནེའུ་ཆུང་མའི་སྲས་གཅེན་ཀླུ་དབང་སྲུང་དང་། །གཅུང་རྡོ་རྗེ་རིན་ཆེན། ཕྱི་མའི་ལྕམ་འགྲོ་མགོན་གཡང་ལོན་སྐྱིད་ལ། སྲས་བདུན་བྱོན་པའི། ཆེ་བ་མང་ཡུལ། དེ་འོག་གུང་ཐང་། དེ་འོག་སྲིད། དེ་འོག་གཉལ་ལོ་རོ། དེ་འོག་མྱང་ཤ་བ་རྣམས་ལ་སྐུ་བརྒྱུད་འཕེལ་ཡང་ངོས་འཛིན་དང་བྲལ་ཞིང་སྐུ་བརྒྱུད་མ་འཁྲིགས་སྡེ་གསུམ་དུ་གྲགས། དྲུག་པ་ཤེས་རབ་ཡོན་ཏན་གཡའ་ལུང་དུ་བཞུགས། སྲས་གཉིས་ཀྱི་ཆུང་བ་ཁ་བ་སོ་སྟག་ཏུ་བྱོན་པས། ལ་སྟོད་བྱང་གི་འཁོན་ཚོ་རྣམས་འཕེལ་བར་བཤད། ཆེ་བ་ཡོན་ཏན་འབྱུང་བ་ལ་སྲས་གསུམ་བྱོན་པའི་སྲས་ཚུལ་ཁྲིམས་རྒྱལ་པོ་སྟེ། དེ་ལ་ཡང་སྲས་གསུམ་བྱོན་པའི་བར་པ་བརྡལ་བའི་ཚང་ཚིང་དུ་བྱོན། ཐོག་མཐའ་གཉིས་གཡའ་ལུང་དུ་བཞུགས་པའི་ཆེ་བ་གཙུག་ཏོར་ཤེས་རབ་ལ་སྲས་བདུན་གཅུང་དང་བཅས་པ་ལ་འཁོན་ཚོ་བརྒྱད་དུ་གྲགས་པའི་ལྔ་པ་དགེ་སྐྱབས་ཤབ་ཏུ་བྱོན་པའི་སྲས་གཉིས་ཀྱི་གཅུང་ལས་ཤབ་སྟོད་ཀྱི་འཁོན་ཚོ་གྱེས། གཅེན་པོ་དགེ་མཐོང་སྲས་བལ་པོ། དེ་སྲས་ཤཱཀྱ་བློ་གྲོས། དེ་སྲས་ཤེས་རབ་ཚུལ་ཁྲིམས་དང་། དཀོན་མཆོག་རྒྱལ་པོ་གཉིས་ལས། ཤེས་རབ་ཚུལ་ཁྲིམས་
གཉིས་གསང་སྔགས་སྔ་འགྱུར་གྱི་བདག་པོ་གྲུབ་པའི་སར་བཞུགས་པ་ཤ་སྟག་བྱོན། ཀླུ་དབང་སྲུང་སྐུ་མཆེད་ནི་མཁན་སློབ་གཉིས་ཀྱི་སློབ་མ་ཡིན། གཞན་རྣམས་མ་ངེས། འཁོན་དཀོན་མཆོག་རྒྱལ་པོ་ཤིང་ཁྱིར་འཁྲུངས། ཡབ་དང་། གཅེན་འབྲོག་མི། འཁྱིན་ལོ་ཙཱ་བ། སེ་སྟོན། འགོས་ལོ། པཎྜི་ཏ་ཤེས་རབ་གསང་བ། རྨ་ལོ་ཙཱ། མལ་ལོ། བ་རི། གནམ་ཁའུ་པ་སྐུ་མཆེད། འཁོན་སྐྱི་ཆུ་བ། སྐྱུ་ར་ཨ་སེང་སོགས་ལས་གསན་པ་རྒྱ་ཆེར་མཛད། བཞི་བཅུ་པ་ཆུ་གླང་ལོར་ས་སྐྱ་བཏབ། ང་དགུ་པ་ཆུ་སྤྲེལ་ལོར་ཡུམ་གུ་གུར་ཞང་མོར་ས་ཆེན་འཁྲུངས། རེ་དགུ་པ་ཆུ་རྟར་གཤེགས། དེ་སྲས་ས་ཆེན་ཀུན་དགའ་སྙིང་པོས། འཇམ་དབྱངས། སྒྲོལ་མ། མི་གཡོ་བ། བིར་ཝ་པ། ནག་པོ་པ། །ག་ཡ་དྷ་ར། ནགས་ཁྲོད་པ། ཀོ་ཏྲ་ལི། ཡབ། བ་རི་བ། བྲང་ཏི་དར་མ་སྙིང་པོ། ཁྱུང་རིན་ཆེན་གྲགས། དཔལ་མེ་དིག་པ། མེས་ལྷང་འཚེར། ཁའུ་པ། སྐྱི་ཆུ་བ། མལ་ལོ། པུ་ཧྲང་ལོ་ཆུང་། སྐྱུ་ར་ཨ་སྐྱབས། པདྨ་དྭི ཛྷཱ་ན་བཛྲ། བྷ་དྲ་རཱ་ཧུ་ལ། དགེ་བཤེས་རྔོག །དཔལ་རྒྭ་ལོ་སོགས་ལས་གསན་པ་རྒྱ་ཆེར་མཛད། ཞལ་སློབ་ཀྱང་། མཆོག་ཐོབ་གསུམ། བཟོད་ཐོབ་བདུན། གཞོན་ནུའི་སར་གནས་པ་གཅིག། གཞན་ཡང་དཔལ་ཆེན་ཧྥ་ལོ། ཟླ་རྒྱལ། ཕག་
གྲུ། རྟ་ནག་ཕག་སྟོན། རྒྱལ་ཚྭ་ཏལ་ཕུག་པ། དབྱར་སྟོན་སྡུམ་པ། གཤེན་རྡོར་སེང་། གཤེན་དགོན་དཀར་བ། ཞང་སྟོན་སུམ་ཐོག་པ་དང་། སྤྱི་དམར་བ། བྲག་དམར་གཞུ། སྐྱུ་ར་ཨ་སེང་། ནེ་ཙོ་སྦལ་སྟོན། ལྷོ་བྲག་དཀར་སྟོན། འཛང་སྟོན་འཛའ་ནེ། བསོད་ནམས་རྡོ་རྗེ། གཉགས་སྟོན་དབང་རྒྱལ། རྒྱ་སྒོམ་ཚུལ་ཁྲིམས་བྲག། མི་ཉག་པྲཛྙཱ་ཛྭ་ལ། ཁམ་པ་སྒ་སེང་། འ་འུ་མ་སོགས་བསམ་གྱིས་མི་ཁྱབ། རེ་བདུན་པ་ས་སྟག་ལ་གཤེགས། དེ་ལ་བཙུན་མོ་དང་ཚ་རོང་དང་ཇོ་ལྕམ་ཕུར་མོར་སྲས་ཀུན་དགའ་འབར། གཉིས་པ་ཚ་རོང་འོད། སྒྲོན་མའི་སྲས་བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན། དཔལ་ཆེན་འོད་པོ་སྟེ་གསུམ་བྱོན། དེ་ཡང་དཔལ་ཆེན་འོད་པོ་ཡབ་ང་དགུ་པ་ལྕགས་རྟ་ལ་འཁྲུངས། ལྕམ་གར་བུ་ཉི་ཁྲི་ལ་ས་པཎ་དང་། ཟངས་ཚ་བསོད་ནམས་རྒྱལ་མཚན་གཉིས་བྱོན། ང་བཞི་པ་ཆུ་ཕག་ལ་གཤེགས། ཕྱི་མ་ཡབ་སོ་ལྔ་བཞེས་པ་ཆུ་འབྲུག་ལ་འཁྲུངས། ང་དྲུག་ས་ཕག་ལ་གཤེགས། །དེ་ལ་བཙུན་མོ་ལྔ་ཡོད་པའི་དང་པོ་ཚ་སྣ་ཀུན་སྐྱིད། རྒྱལ་པོའི་སྲས་སུ་འཕགས་པ་རིན་པོ་ཆེ་དང་། འགྲོ་མགོན་ཕྱག་ན་པདྨོ་གཉིས་འཁྲུངས། ཕྱི་མའི་བཙུན་མོར་མགལ། ཆོས་འབུལ། ཞྭ་ལུ་མཁའ་འགྲོ་འབུམ་གསུམ་ལས་ཕྱི་མའི་སྲས་དྷརྨ་ཕ་ལ། དེའི་
ལྕམ་དཔལ་སྟག་གཉིས་ཀྱི་ཕྱི་མར་རཏྣ་བྷ་དྲ་བལྟམས། ཟངས་ཚའི་བཙུན་མོ་གཉིས་པ་ཆུ་མདོ་མར། །རིན་ཆེན་རྒྱལ་མཚན་ལྕམ་བཅས་བྱུང་། གསུམ་པ་གུང་ཐང་ལྷ་གཅིག་མཛེས་མ་བསོད་ནམས་འབུམ་དང་། ཉི་འབུམ་ཞེས་ལྕམ་གཉིས་དང་། བཞི་པར་གཡའ་ལུང་ཧོར་ལྕམ་ལའང་སྲས་མོ་གཅིག །ལྔ་པ་མཛེས་མའི་ཉེ་གནས་རྡོ་རྗེ་གདན་ལ། ཡབ་ང་ལྔ་ས་ཁྱིར་ཡེ་ཤེས་འབྱུང་གནས་འཁྲུངས། སོ་བདུན་ཤིང་ཁྱིར་གཤེགས། དེ་ལ་བཙུན་མོ་ལྷས་འབུམ་མའི་སྲས་སུ། ཡབ་ཀྱིས་ཉེར་ལྔ་བཞེས་པ་ཆུ་ཁྱི་ལ་བདག་ཉིད་ཆེན་པོ་བཟང་པོ་དཔལ་བལྟམས། རེ་གསུམ་ཤིང་བྱིར་གཤེགས། དེ་ལས་སྨན་རྩེ་མ་དང་། ལུང་ཞུད་བཙུན་མོ་དྲུག་སྟེ་བདུན་གྱི། དང་པོ་སྨན་རྩེའི་སྲས་ཆུང་ངུ་ནས་གཤེགས། ༈ །ལུང་ཕུད་དང་པོ་རྒྱལ་པོའི་ལྕམ་མུ་དགོན་གྱི་སྲས་སུ་བསོད་ནམས་བཟང་པོ་ལྕམ་སྲིང་གཉིས། བསོད་ནམས་བཟང་པོའི་བཙུན་མོ་བུདྡྷ་གན་གྱི་སྲས་སུ་རཏྣ་བྷ་དྲ་བཅས། ༈ །ལུང་ཕུད་གཉིས་པ་མང་མཁར་སོག་སྦེ་ངང་མོར། ཏི་ཤྲཱི་ཀུན་དགའ་བློ་གྲོས་བྱོན་པ་སྟེ་སྤྱི་ལ་དབང་བསྒྱུར་བའི་གདུང་རབས་སྲས་སུ་གྲགས་པ་རྣམས་སོ། ༈ །དེ་ལས་གྱེས་པ་གཞི་ཐོག་བླ་བྲང་གི་གདུང་རབས་ནི། ལུང་ཕུད་གསུམ་པ་གླང་མཚོན་སྤེ་མ་ནམ་མཁའ་རྒྱལ་མོར། ཡབ་ཞེ་བཞི་
པ་ཤིང་སྦྲུལ་ལོར་མཁས་བཙུན་ནམ་མཁའ་ལེགས་པ་འཁྲུངས། སོ་དགུ་པ་ཆུ་ལུག་ལ་གཤེགས། ཡབ་དང་ཆོས་རྗེ་ནོར་བཟང་དཔལ་སོགས་བསྟེན་ཅིང་། ཞལ་སློབ་བླ་མ་དམ་པ་སོགས་སོ། །ནམ་མཁའ་བཤེས་གཉེན་དང་ནམ་མཁའ་རྒྱལ་མཚན་གཉིས་ནི་དེའི་གཅུང་ངོ་། །མཁས་བཙུན་ཆེན་པོའི་བཙུན་མོ་ངམ་རིང་ཁང་གསར་མ་དགེ་འདུན་འབུམ་ལ། ཡབ་སོ་ལྔ་ས་ཡོས་ལོར་ཀུན་དགའ་རིན་ཆེན་འཁྲུངས། རེ་གཅིག་པ་ས་ཡོས་ལ་གཤེགས། དེའི་དབུ་བླ་ནི། ཆོས་རྗེ་བླ་མ། མཉམ་མེད་གྲགས་རྒྱལ། ཞང་སྟོན་དབང་ཕྱུག་རྒྱལ། མགོན་རྒྱལ། འཇམ་སྔོན། གུང་རུ་སོགས་བསྟེན་ཅིང་ཞལ་སློབ་ཀྱང་མང་རབ་བྱུང་འདྲ། བཙུན་མོ་གཉིས་ཀྱི་དང་པོ་ཉི་ཐོག་ནམ་སར་བློ་གྲོས་རྒྱལ་མཚན་འཁྲུངས། དེའི་བཙུན་མོ་ས་སྐྱ་རྒྱལ་མོ་སྐྱིད་ལ་ཀུན་དགའ་དབང་ཕྱུག་བལྟམས། བཙུན་མོ་གཉིས་པ་མཉམ་མེད་དབོན་མོ་མ་གཅིག་དགེ་མ་ལ། གྲགས་པ་བློ་གྲོས། ཀུན་དགའ་བློ་གྲོས། གཞན་ཡང་ལྕམ་གཅིག་བཅས་འཁྲུངས། གྲགས་བློའི་བཙུན་མོ་བྲག་དཀར་མར་བློ་གྲོས་དབང་རྒྱུ་ཕྱུག་འཁྲུངས་པ་རྣམས་ནི་གཞི་ཐོག་བླ་བྲང་བའི་གདུང་རབ་བོ། ༈ །དེ་ནས་བླ་བྲང་རིན་ཆེན་སྒང་བའི་གདུང་རབས་ནི། ལུང་ཕུད་དྲུག་པ་ཞྭ་ལུ་གཞོན་འབུམ་གྱི་སྲས་སུ་ཀུན་དགའ་ཉི་མ། དོན་ཡོད་
རྒྱལ་མཚན། བསོད་ནམས་རྒྱལ་མཚན་ཏེ་སྐུ་མཆེད་གསུམ་ལས། དོན་ཡོད་རྒྱལ་མཚན་ཡབ་ཉེར་དགུ་པ་ལྕགས་ཁྱིར་འཁྲུངས། སོ་ལྔ་ཤིང་སྤྲེལ་ལ་གཤེགས། དེས་ཡབ་དང་བསོད་ནམས་གྲགས་པ། དཔལ་ལྡན་སེང་གེ། གྲགས་པ་སེང་གེ། དཔང་ལོ་ཙཱ་བ། བསོད་ནམས་དཔལ། རྒྱལ་སྲས་ཐོགས་མེད། ཆོས་དཔལ་བཟང་སོགས་བསྟེན་ནས་ཚོགས་ཆོས་གསུངས། ཞལ་སློབ་ཀྱང་ཤིན་ཏུ་མང་། དེའི་བཙུན་མོ་ཞྭ་ལུ་མ་ཡོན་ཏན་དཔལ་འབུམ་གྱི་སྲས་སུ་ཉི་མ་རྒྱལ་མཚན་དང་། ཟླ་བ་རྒྱལ་མཚན་གཉིས་བལྟམས་པའི་ཕྱི་མ་ལ། བླ་ཆེན་ཀུན་དགའ་རྒྱལ་མཚན་ཞེས་གྲགས་པ་དེ་ཡབ་སོ་ལྔ་ཤིང་སྤྲེལ་ལ་འཁྲུངས། ས་ཁྱི་དོན་ལྔར་གཤེགས། དེའི་བླ་མ་ནི། བླ་མ་དམ་པ། མཉམ་མེད་གྲགས་རྒྱལ་སོགས་བསྟེན། ཞལ་སློབ་ཀྱང་ས་བཟང་འཕགས་པ། ཐེག་ཆེན་ཀུན་དགའ་བཀྲ་ཤིས་སོགས་སོ། །བཙུན་མོ་ཞྭ་ལུ་མ་ནམ་མཁའ་རྒྱལ་མོར། ཡབ་ང་ལྔ་པ་ས་སྟག་ལོར་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་འཁྲུངས། དོན་ལྔ་ཆུ་འབྲུག་ལ་གཤེགས། དེས་ཡབ་དང་། ཐེག་ཆེན་རྗེ་བསོད་ནམས་རྒྱལ་མཆོག །རྡོ་རྗེ་རྒྱལ་མཚན་སོགས་ལ་བསྟེན། དེའི་གཅུང་བདག་ཆེན་ཞྭ་ལུ་བ་བསོད་ནམས་རྒྱལ་མཚན་ལྕམ་མོ་གཉིས་དང་བཅས་པར་སྲས་ལྕམ་སྲིང་བཞིར་གྲགས། ནམ་མཁའ་
རྒྱལ་མཚན་བཙུན་མོ་ཁྲོ་མདའ་མ་དཔལ་འབྱུང་རྒྱལ་མོར་སྲས་མོ་བཞི། སྲས་གཉིས་ཀྱི་ཆེ་བ་རྒྱ་གར་ཤེས་རབ་རྒྱལ་མཚན་དང་། ཆུང་བ་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་ནོ། ༈ །བདག་ཆེན་ཞྭ་ལུ་བའི་བཙུན་མོ་ཡུམ་མ་གཅིག་ཀུན་དགའ་འབུམ་ལ་གྲགས་པ་རྒྱལ་མཚན་འཁྲུངས་ཏེ། དེ་རྣམས་ནི་བླ་བྲང་རིན་ཆེན་སྒང་པའི་གདུང་རབས་སུ་གྲགས་པའོ། ༈ །དེ་ནས་ལྷ་ཁང་བླ་བྲང་པའི་ལ་གདུང་རབས་ནི། ལུང་ཕུད་བཙུན་མོ་བཞི་པ་ཤ་གཟུགས་མ་ཀུན་དགའ་ནམ་མཁའི་རྒྱལ་མཚན་ཞེས་བྱ་བའི་སྲས་སུ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་དང་། ཀུན་དགའ་རྒྱལ་མཚན་གཉིས་འཁྲུངས་པའི། ཕྱི་མ་ཡབ་ཞེ་དགུ་པ་ལྕགས་ཁྱིར་འཁྲུངས། ཞེ་དགུ་ས་ཁྱིར་གཤེགས། དེ་ལ་བཙུན་མོ་གཉིས་ཀྱི། དང་པོ་ཁ་ཕྱར། ཡབ་ཉེར་གསུམ་ཆུ་སྤྲེལ་ལ་ཆོས་ཀྱི་རྒྱལ་མཚན་འཁྲུངས། ཉེར་བརྒྱད་ས་ཕག་ལ་གཤེགས། བཙུན་མོ་གཉིས་པར་ལུང་བསོད་ནམས་དཔལ་མོའི་སྲས་སུ་གཅུང་པོ་བློ་བཟང་རྒྱལ་བ་འཁྲུངས། ཆོས་ཀྱི་རྒྱལ་མཚན་གྱི་བཙུན་མོ་དང་པོ་ཆུ་མདོ་རྒྱལ་མོ་མཚོར་ཐེག་ཆེན་ཆོས་ཀྱི་རྒྱལ་པོ་དང་། གཉིས་པ་ཉང་སྟོད་སྲས་སྐྱབས་ལ་དྷརྨ་དྷ་ཛ་དང་། རྡོ་རྗེ་རིན་ཆེན་གཉིས་བལྟམས། གསུམ་པ་ལྷོ་པ་དཔལ་ལྡན་འབུམ་ལ་བསོད་ནམས་བཀྲ་ཤིས་ཡབ་ཉེར་
གཅིག་ཆུ་འབྲུག་ལོར་འཁྲུངས། ང་དྲུག་མེ་ཕག་ལ་གཤེགས། དེའི་དབུ་བླ་ནི། གཞི་ཐོག་པ་ཀུན་རིན། མ་ཏི་པཎ་ཆེན། ཆོས་རྗེ་བླ་མ་སོགས་བསྟེན། ཞལ་སློབ་ཀྱང་མང་དུ་བྱུང་། དེའི་བཙུན་མོ་བྱང་མོ་མ་གཅིག་ནམ་པར། ཡབ་གཤེགས་པའི་ས་ཕོ་བྱི་ལོར་བདེ་ལེགས་བཀྲ་ཤིས་བལྟམས། དེའི་དགུང་གྲངས་དབུ་བླ་ཞལ་སློབ་སོགས་མི་གསལ། དེའི་བཙུན་མོ་བྱང་བདག་སྲས་མོར། བསོད་ནམས་རྒྱལ་མཚན། ཤཱཀྱ་སེང་གེ། དོན་གྲུབ་རྒྱལ་མཚན། བསམ་འགྲུབ་རྒྱལ་མཚན་ཏེ་སྲས་བཞི་བྱོན། ཤཱཀྲ་སེང་བཙུན་མོ་དང་པོ། བོ་གཅུང་དཔོན་མོན། ཀུན་བཀྲས། ཀུན་རྒྱལ། ཀུན་སྙིང་། སྟེ་གསུམ། གཉིས་པ་མ་གཅིག་ཡུམ་བར་རིན་ཆེན་རྒྱལ་མཚན་ཞེས་སྐུ་མཆེད་མཚན་འདྲ་བ་རྣམ་གཉིས་འཁྲུངས། ཀུན་དགའ་རྒྱལ་མཚན་བཙུན་མོ་གླིང་ཁ་དཔོན་དཀར་མོར་ཆོས་ཀྱི་རྒྱལ་མཚན་དང་། ཀུན་དགའ་ལེགས་པ་འཁྲུངས་པ་རྣམས་ནི་ལྷ་ཁང་བླ་བྲང་པའི་གདུང་རབས་སོ། ༈ །དེ་ནས་དུས་མཆོད་བླ་བྲང་ཞེས་ད་ལྟའི་རྩ་བའི་གདུང་རབས་ནི། ལུང་ཕུད་ལྔ་པ་རེ་མདའ་མ་ཉི་མ་རིན་ཆེན་གྱི་སྲས་སུ་ཉི་མ་ལྕམ་གཅིག །ཀུན་དགའ་ལེགས་འབྱུང་དང་གསུམ་འཁྲུངས་པའི། ཕྱི་མ་ཡབ་ཞེ་བདུན་ས་སྤྲེལ་ལ་བལྟམས། ཉེར་དགུ་མེ་བྱིར་གཤེགས། དེའི་བཙུན་མོ་དང་པོ་གུང་ཐང་ཀུན་
སྐྱོང་མར་ལྕམ་གཅིག་འཁྲུངས། གཉིས་པ་ངམ་རིང་དགེ་འདུན་འབུམ་གྱི་སྲས་བསོད་ནམས་བློ་གྲོས་དང་། སྐུ་འབྲིང་ནི་ཆུང་ངུར་གཤེགས། གྲགས་པ་རྒྱལ་མཚན་ཏེ་རྣམ་པ་གསུམ་གྱི་ཕྱི་མ་ཡབ་གཤེགས་པའི་མེ་བྱིར་འཁྲུངས། ཞེ་གཉིས་ས་སྦྲུལ་ལ་གཤེགས། དེས་ཆོས་རྗེ། གཅེན་བྲག་ཕུག་པ། མཉམ་མེད་པ་སོགས་བསྟེན་ནས་ཞལ་སློབ་མི་གསལ་བ། དེའི་བཙུན་མོ་དང་པོ་ལྷ་རིན་མར་ཀུན་དགའ་ལེགས་པའི་བློ་གྲོས་དང་། རྣམ་སྲས་རྒྱལ་མཚན་མཆེད་གཉིས་བྱོན། གཉིས་པ་སྟག་ཚང་སྲས་འདྲེན་མར་འཇམ་དབྱངས་ཆོས་རྒྱལ་བལྟམས་པ་ལས། རྣམ་སྲས་རྒྱལ་མཚན་ཡབ་ཉེར་ལྔ་པ་ལྕགས་ཁྱིར་འཁྲུངས། ཞེ་དགུ་ས་བྱིར་གཤེགས། བླ་མ་དམ་པ་དང་། བསོད་ནམས་བློ་གྲོས་སོགས་བསྟེན། དེའི་བཙུན་མོ་དང་པོ་རྟ་ནག་གྲུ་གུར་དབང་ཀུན་དགའ་ལེགས་པའི་བློ་གྲོས་དང་། གཉིས་པ་ཡན་འབྲོག་བསོད་ནམས་འབུམ་དང་། ཡབ་བཞི་བཅུའི་ཚེ་ནམ་མཁའ་ལེགས་པ་འཁྲུངས། ཞེ་དྲུག་ཤིང་བྱིར་གཤེགས། དེས་འབྲོམ་སྟོན་སེང་གེ་བསྟེན། ཞལ་སློབ་ཀྱང་མང་དུ་ཡོད་སྙམ། སྐུ་མཆེད་དུ་གཏོགས་པའི་ལྕམ་ལྔའང་འཁྲུངས། བཙུན་མོ་དང་པོ་ཡར་འབྲོག་དཔལ་ཆེན་ལ་ལྕམ་གཉིས་དང་། གཉིས་པ་མི་ཉག་བཙུན་མ་སྐྱིད་ལ་ནམ་མཁའ་རྒྱལ་མཚན་ཡབ་སོ་བདུན་ཤིང་
ཡོས་ལོར་འཁྲུངས། ཉེར་དགུ་ཆུ་ལུག་ལོར་གཤེགས། དེའི་བླ་སློབ་མི་གསལ་ཞིང་། ལྕམ་ལྔའང་འཁྲུངས། བཙུན་མོ་དང་པོ་ཤངས་མཐོང་སྨོན་པར་ལྕམ་གཅིག །གཞོན་པར་སློབ་དཔོན་རིན་ཆེན་རྒྱལ་བ་འཁྲུངས། གསུམ་པ་རྣམ་གླིང་དཔལ་འབྱོར་བཟང་མོར་ཡབ་ཉེར་བཞི་པ་ས་སྟག་ལ་ནམ་མཁའ་བཀྲ་ཤིས་འཁྲུངས། ཞེ་དྲུག་ཆུ་ཕག་ལ་གཤེགས། དེས་སྟག་ཚང་ལོ་ཙཱ། མི་ཉག་གྲགས་རྡོར་སོགས་བསྟེན་ཅིང་ཞལ་སློབ་ཀྱང་མང་དུ་བྱོན། བཙུན་མོ་དམའ་ཟེ་ཧོར་མོ་ཚེ་བརྟན་གྱི་སྲས་སུ་ས་ལོ་ཀུན་དགའ་བསོད་ནམས། ངག་གི་དབང་ཕྱུག །འཇམ་དཔལ་གྲགས་པ། སངས་རྒྱས་ཚེ་བརྟན་ཏེ་སྐུ་མཆེད་བཞི་བྱོན། ཕྱི་མ་ཡབ་སོ་ལྔ་ཆུ་བྱིར་བལྟམས། ལྔ་བཅུ་ལྕགས་གླང་ལ་གཤེགས། དེས་མུས་ཆེན་སངས་རྒྱས་རིན་ཆེན། ས་ལོ་འཇམ་པའི་རྡོ་རྗེ་སོགས་བརྟེན་ཅིང་ཞལ་སློབ་ཀྱང་མང་དུ་བྱོན་སྙམ། ཡར་འབྲོག་བུ་འདྲེན་སྐྱིད་ཁབ་ཏུ་བཞེས། སྲས་སྐུ་མཆེད་གཉིས་བྱོན་པའི་དང་པོ་ནས་ཕྱིས་བྱོན་རྩེ་དོང་བླ་བྲང་པའི་གདུང་རབས་རྣམས་མཆེད་པ་སྟེ། དེ་ཡང་བདག་ཆེན་ཀུན་དགའ་བསམ་འགྲུབ་ཡབ་ཉེར་བཞི་ཤིང་ཕག་ལོར་འཁྲུངས། ང་བརྒྱད་ཆུ་སྤྲེལ་ལ་གཤེགས། ས་ལོ། དཀོན་ལྷུན། ཀུན་དགའ་ལེགས་གྲུབ། སྨིན་གླིང་ལོ་ཆེན་སོགས་བསྟེན། ཞལ་སློབ་ཀྱང་མང་ངོ་། །
བཙུན་མོ་བདེ་སྐྱིད་གླིང་པ་མ་གཅིག་ལ། ཡབ་སོ་ལྔ་ས་བྱར་ཀུན་དགའ་བདེ་ལེགས་བལྟམས་ཤིང་། བཞི་བཅུ་ས་བྱིར་གཤེགས། དེས་ཀུན་དགའ་ལེགས་གྲུབ། ཀུན་དགའ་རྒྱལ་མཚན། ཡབ་དཀོན་མཆོག་དཔལ་ལྡན། ཐར་པཎ། བྱམས་པ་རབ་བརྟན་སོགས་བསྟེན། ཞལ་སློབ་ཀྱང་མང་། བཙུན་མོ་རྟ་ནག་བྱ་བཟང་དཔལ་བུ་ཁྲིད་ལ། རྩེ་དོང་ཁྲི་ཆེན་བསོད་ནམས་ལྷུན་གྲུབ། ཚེ་དབང་ཧོར་སོགས་བསོད་ནམས་རྒྱལ་མཚན། འཇིག་རྟེན་རྒྱ་ཧོར་རྣམ་གསུམ་ལས། ཕྱི་མ་ཡབ་སུམ་ཅུ་ས་སྟག་ལ་བལྟམས། ཞེ་བརྒྱད་ཤིང་གླང་གཤེགས། གཅེན་བགྲེས་པ། ཐར་པཎ། བྱམས་པ་རབ་བརྟན། ཆོས་འོད་ཟེར་སོགས་བསྟེན། ཞལ་སློབ་ཁ་ཤས་བྱུང་། བཙུན་མོ་སྟག་ལུང་མ་ནོར་འཛོམས་བུ་ཁྲིད་ལ། བསོད་ནམས་བློ་གྲོས། བྱམས་པ་བསོད་ནམས་ལྷུན་གྲུབ། ངག་དབང་བསོད་ནམས་ལྷུན་གྲུབ་གསུམ་བྱོན་པའི་ཕྱི་མ་ཡབ་སོ་དྲུག་ཆུ་གླང་ལོར་འཁྲུངས། རེ་བཞི་མེ་འབྲུག་ལ་གཤེགས། དེས་གཅེན་དང་། ཨ་མེས་ཞབས་སོགས་བསྟེན། ཞལ་སློབ་ཀྱང་འགའ་ཞིག་བྱུང་། བཙུན་མོ་ཡོལ་གདོང་མ་ནོར་བུ་ཁྲིད་ལ། བསྟན་འཛིན་དབང་། བསོད་ནམས་འཕགས་པ། བསོད་ནམས་དབང་རྒྱལ་གསུམ་ལས། ཕྱི་མ་ཡབ་སོ་དྲུག་པ་ཤིང་བྱར་བལྟམས། རེ་དྲུག་
ལྕགས་སྟག་ལ་གཤེགས། དེས་གཅེན་བགྲེས་པ། ངག་དབང་བསྟན་རྡོར་སོགས་བསྟེན། ཞལ་སློབ་ཀྱང་འགའ་ཞིག་བྱུང་། བཙུན་མོ་སྟག་ལུང་མ་བཀྲ་ཤིས་ཚེ་རིང་ལ། ཀུན་དགའ་ཚེ་དབང་རིག་འཛིན་དང་། ངག་དབང་ནོར་བུ་རྒྱན་པ་གཉིས། ཡང་ཕལ་མོ་ཞིག་ལས་སྲས་གཅིག་སྟེ་གསུམ་བྱོན་པའི་ནོར་བུ་རྒྱལ་མཚན་གྱི་བཙུན་མོར་བྱ་སྒོམ་ཚེ་རིང་བུ་ཁྲིད་བཞེས་མོད། ཡབ་སྲས་དེ་རྣམས་ཀྱི་ཚརིང་གདན་ས་འཐོར་ནས་ཡུན་རིང་སོང་བས། ཕྱིས་ངག་དབང་ཀུན་དགའ་བློ་གྲོས་ཀྱིས་དགུང་ལོ་བཅོ་ལྔ་བཞེས་པའི་ཚེ་སླར་ཕྱག་ཏུ་འབྱོར་ཏེ། ཕྱིས་བྱོན་རྩེ་གདོང་བླ་བྲང་གི་གདུང་རབས་སུ་གྲགས་པ་རྣམས་སོ། ༈ །གོང་གི་ཀུན་དགའ་བསམ་འགྲུབ་ཀྱི་གཅུང་སྔགས་འཆང་ཀུན་དགའ་རིན་ཆེན་ཡབ་ཉེར་དྲུག་པ་མེ་གླང་ལོར་འཁྲུངས། རེ་བརྒྱད་ཤིང་སྤྲེལ་ལ་གཤེགས། ས་ལོ་དཀོན་ལྷུན། འཕགས་ཆེན་བཀྲ་ཤིས་དཔལ་ལྡན། སྤྱན་སྔ་ངག་དབང་ཆོས་གྲགས། རྗེ་བཙུན་སངས་རྒྱས་སེང་གེ། མཁན་ཆེན་ལེགས་པའི་བློ་གྲོས་བརྟེན་ནས་ཞལ་སློབ་དང་མཛད་པ་རྒྱ་ཆེ། བཙུན་མོ་གསུམ་གྱི་དང་པོ་ཤར་གླིང་མར་སྲས་མོ་གཉིས། གཉིས་པ་གདོང་དགའ་མར་བགྲེས་པ་བསོད་ནམས་ལེགས་འཛོམ་ལས། འཇམ་དབྱངས་བསོད་ནམས་དབང་པོ་དང་སྲས་མོ་གསུམ། གསུམ་པ་གཞོན་པ་བཀྲ་
ཤིས་དཔལ་གྱི་བུ་ཁྲིད་ལས། ཡབ་ཞེ་བདུན་པར་སྔགས་འཆང་གྲགས་པ་བློ་གྲོས་འཁྲུངས། ང་ལྔ་མེ་སྦྲུལ་ལ་གཤེགས། དེས་ཡབ་དང་། གཅེན། སྤྱན་སྔ་དཀོན་མཆོག་རྒྱལ་པོ། ཐར་པཎ་སོགས་བསྟེན། ཞལ་སློབ་ཀྱང་མང་། བྱང་བདག་ལྷ་སྲས་བསོད་ནམས་རྒྱལ་པོར། སྲས་དྲུག་བྱོན་པའི་དང་པོ་གཉིས་དང་། བཞི་པ་ཆུང་ངུ་ནས་གཤེགས། གསུམ་པ་སྒར་ཆེན་མཐུ་སྟོབས་དབང་ཕྱུག །ལྔ་པ་སྔགས་འཆང་ཀུན་དགའ་དབང་རྒྱལ་དང་། དྲུག་པ་འཇམ་མགོན་ཨ་མེས་ཞབས་ཀུན་དགའ་བསོད་ནམས་ཡབ་སོ་ལྔ་མེ་བྱ་ལོར་བལྟམས། ས་ཕག་རེ་དྲུག་ལ་གཤེགས། ཁུ་བོ་མཆེད། ཁྲི་ཆེན་བསོད་ནམས་ལྷུན་གྲུབ། གཅེན་པོ་གཉིས། གཅིག་ཆོས་མུས་ཆེན་སངས་རྒྱས་རྒྱལ་མཚན། ཐར་པཎ། མོ་པ་སྤྱན་སྔ་ཀུན་དགའ་དོན་གྲུབ། ནགས་དགོན་སྦྱིན་པ་གྲགས། འབུམ་ཆེན་ཀུན་དགའ་དཔལ། རྡོ་རྗེ་འཆང་དབང་རབ། མཁན་ཆེན་ངག་ཆོས་ལ་སོགས་བསྟེན། ཞལ་སློབ་མཐའ་ཀླས། སྐུ་མཆེད་གསུམ་ལ་སྡེ་སྲིད་ལྷན་རྩེ་མའི་ཉེ་གནས། ཚ་ཤོད་མཐོང་སྨན་བུ་སྲིང་མ་བཀྲ་ཤིས་དཔལ་གྱི་བུ་བསྐྱེད་ཅེས་བྱ་བ་ཁབ་ཏུ་བཞེས་པར་ལྕམ་གཅིག་དང་། གདུང་གཅིག་ཕེབས་པ་ཆུང་ངུ་ནས་གཤེགས། དེ་ནས་ཀོ་ཅག་འགྲོ་མགོན་འཇིགས་བྲལ་གྱི་སྲས་མོ་ཨཽ་ཌྱིན་
སྐྱབས་མ་བཞེས་པར། ཡབ་ཞེ་གཉིས་པ་ས་སྟག་ལ་འཇམ་དབྱངས་བསོད་ནམས་དབང་ཕྱུག་བལྟམས། ཞེ་བརྒྱད་ཤིང་གླང་ལ་གཤེགས། དེས་ཡབ། ངག་དབང་རྣམ་རྒྱལ། རིན་ཆེན་བསོད་ནམས་མཆོག་གྲུབ། ཀ་སྤེ་བ་བསྟན་པ་རབ་རྒྱས། བྱང་བདག་བསོད་ནམས་གྲགས་པ། ལ་རུ་བ་ངག་དབང་དཔལ་བཟང་སོགས་བསྟེན་ནས་ཉིད་ཀྱི་རིགས་སྲས་སོགས་ཞལ་སློབ་ཀྱང་མང་དུ་བསྐྲུན། མགོན་དེའི་བཙུན་མོར་བདག་ཆེན་ཤར་པ་པད་དཀར་བུ་ཁྲིད་བཞེས་པར་ཡབ་བཅུ་དགུ་མེ་སྤྲེལ་ལོར་ངག་དབང་ཀུན་དགའ་བཀྲ་ཤིས་འཁྲུངས། ང་དྲུག་ཤིང་ཡོས་ལ་གཤེགས། དེས་འཇམ་མགོན་ཨ་མེས་ཞབས། ཡབ་རྗེ། ངག་དབང་རྣམ་རྒྱལ། བསྟན་པ་རབ་རྒྱས། ལྷུན་གྲུབ་དཔལ་ལྡན། བཟང་པོ་རྒྱལ་མཚན། སངས་རྒྱས་ཕུན་ཚོགས། སྨིན་གླིང་ལོ་ཆེན། ཛ་ལུང་པ། བཅོ་བརྒྱད་ཆེན་མོ་སོགས་བསྟེན། ཞལ་སློབ་ཀྱང་མང་། དེའི་གཅུང་གཞོན་ནུ་ནས་གཤེགས། བཙུན་མོ་དང་པོ་སྣེའུ་གདོང་མ་བཀྲ་ཤིས་དབང་མོར་སྲས་མི་མངའ། ཕྱིས་བཅོ་བརྒྱད་པའི་སྲས་མོ་བསྟན་|འཛིན་བསོད་ནམས་བཟང་མོར་གདུང་གཉིས་བལྟམས་ཀྱང་ཆུང་ངུ་ནས་གཤེགས། དེས་ཡབ་རྗེ་བསོད་ནམས་རིན་ཆེན་ཡབ་ལྔ་བཅུ་བཞེས་པ་ཤིང་བྱིར་འཁྲུངས། སོ་བདུན་པ་ལྕགས་བྱར་གཤེགས།
དེས་ཡབ་རྗེ། བསྟན་འཛིན་ཕུན་ཚོགས། བཅོ་བརྒྱད་པ་མཁྱེན་བརྩེ་རབ་བརྟན། བྱམས་པ་ལྷ་དབང་རིག་འཛིན། མཆོད་དཔོན་དཀོན་མཆོག་བློ་གྲོས། སྤྲོ་ལུང་བ་མང་ཐོས་བསོད་ནམས་ཆོས་འཕེལ། གོང་དཀར་བློ་གྲོས་དབང་ཕྱུག །ངོར་ཆེན་བསོད་ནམས་བཟང་པོ། ཐར་རྩེ་རྡོ་རྗེ་འཆང་། ཐུབ་བསྟན་ཚུལ་ཁྲིམས་བཟང་པོ། ལྷ་ཁང་མཁན་པོ་དབང་ཕྱུག་ཕུན་ཚོགས། ཛ་ལུང་པ་ཕྲིན་ལས་རྡོ་རྗེ་སོགས་བསྟེན། ཞལ་སློབ་ཀྱང་མང་། ཐར་རྩེ་རྗེ། གནས་གསར་རྗེ། བྲག་རྩ་རྗེ། ཀུན་བློ་སྐུ་མཆེད་སོགས་བསྟན་འཛིན་མང་དུ་བསྐྲུན། དེ་ལ་བཙུན་མོ་དང་པོ་བཞད་ཆོས་མའི་སྲས་གཉིས་ཆུང་ངུ་ནས་གཤེགས། ཕྱི་མ་འགྲོ་མགོན་མ་བསོད་ནམས་དཔལ་གྱི་དབང་མོ་དེ་ཉིད་ནི་ལང་གྲོ་དཀོན་མཆོག་འབྱུང་གནས་ཀྱི་རྒྱུད་ཀོ་ཅག་སྔགས་པ་འགྲོ་མགོན་པའི་སྲས་མོ་སྟེ། དེ་ལ་སྲས་མོ་བཞི་དང་རྒྱུད་གསུམ་སྟེ་བདུན་བྱོན་པ་ལས། དྲུག་པའི་བཙུན་མོར་སྒེར་མ་བཀྲ་ཤིས་དབྱངས་ཅན་ལས་ད་ལྟའི་རྗེ་བཙུན་གྲུང་འདི་ཉིད་དང་། གསུམ་པ་ནི་ས་ཆེན་ཀུན་དགའ་བློ་གྲོས་ཡབ་ཉེར་ལྔ་ས་བྱར་འཁྲུངས། ང་ལྔ་ཆུ་ཡོས་ལ་གཤེགས། དེའི་བཙུན་མོ་དང་པོ་རུ་ཐོག་ཚེས་ལུང་རྒྱལ་མོའི་སྲས་མོ་ཕུན་ཚོགས་ཚེ་རིང་མར་ལྕམ་གཅིག་དང་། གཉིས་པ་སྐལ་བཟང་བདེ་སྐྱིད་བུ་ཁྲིད་ལས།
ཡབ་སོ་ལྔ་པ་ཆུ་ལུག་ལོར་དབང་སྡུད་སྙིང་པོ་དང་། སོ་བརྒྱད་མེ་ཁྱི་ལོར་ཀུན་དགའ་ཕན་བདེ་རྒྱ་མཚོ་སྐུ་མཆེད་གཉིས་འཁྲུངས་སོ། །སརྦ་མངྒ་ལཾ།། ༈ །།སྤྱིར་ལོ་མགོ་འཛིན་ཚུལ་ལ། དུས་འཁོར་དང་གསེར་འོད་སོགས་ནས་ཡར་ངོ་སྔོན་འགྲོའི་ནག་ཟླ་ལུག་ཁྱིམ་དང་། མཆིམས་སོགས་འདུལ་འཛིན་སྔོན་མ་རྣམས་ཁྲུམས་ཟླའི་ཚེས་བཅུ་དྲུག་ནས་དང་། ཤཱཀྱ་ཤྲཱི་སོགས་འདུལ་འཛིན། ཁ་ཅིག་ཐ་སྐར་ཟླ་བའི་ཚེས་བཅུ་དྲུག་ནས་དང་། འདུལ་འཛིན་ཕྱི་མ་རྣམས་སྨིན་ཟླའི་ཚེས་བཅུ་དྲུག་དང་། ཁྱུང་དང་ཕུག་ལུགས་སོགས་ནག་རྩིས་པ་དང་། འཇིག་རྟེན་པ་ཡོངས་གྲགས་མགོ་ཟླའི་ཚེས་གཅིག་ནས་དང་། བོད་རྒྱལ་པོའི་རྗེས་འབྲངས་རྣམས། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། དགུན་ཟླ་འབྲིང་པོ་ནས་བརྩམས་ནས། །ཉི་མ་བྱང་དུ་བགྲོད་པའི་དུས། །ཟླ་བ་རྣམ་པ་བཅུ་གཉིས་ནི། །རིམ་ནི་རིམ་པ་བཞིན་དུ་བཞག །ཅེས་གསུངས་པ་དང་བསྟུན་དགུན་ཟླ་འབྲིང་པོ་རྒྱལ་ཟླ་དང་། ནག་རྩིས་པ་ཁ་ཅིག་ཀྱང་དེ་བཞིན། ཧོར་ལུགས་དང་ནག་རྩིས་པ་ཁ་ཅིག་གསོ་དཔྱད་པ་རྣམས་རྟ་ཟླ་ནས་དང་། མདོ་ལུགས་པ་ཁ་ཅིག་དབོ་ཟླ་ནས་ལོ་མགོ་འཛིན་པ་སོགས་རྣམ་གྲངས་མང་ཡང་། རང་ལུགས་བོད་རྒྱལ་པོའི་རྗེས་སུ་འབྲངས་ཏེ་རྒྱལ་ཟླ་ནས་འཛིན་པ་ལགས།། །།༅། །འཇམ་དཔལ་རྩ་
རྒྱུད་ཀྱི་ལེའུ་ཐ་མ་ལས་འཕགས་ཡུལ་དང་། བོད་དང་། རྒྱ་ནག་སོགས་ཀྱི་རྒྱལ་པོ་ཤིན་ཏུ་མང་བ་ལུང་བསྟན། དེ་དག་གི་བར་བར་དུ་ཀླུ་སྒྲུབ། ཐོགས་མེད། དཔའ་བོ། ཆོས་གྲགས་པ། ཀུན་སྙིང་སོགས་ལུང་བསྟན་པར་སྣང་ངོ་།། ༈ །།རྗེ་བཙུན་གྲགས་པའི་སློབ་མ་གྲགས་པའི་མཐའ་ཅན་བཞི་ནི། གསལ་བ་དབང་ཕྱུག་གྲགས། ནུབ་པ་རིག་འཛིན་གྲགས། དཀར་ཤཱཀྱ་གྲགས། བནྡེ་གཤིན་རྗེ་གྲགས་རྣམས་སོ། །ཆོས་དྲུག་ལུགས་གསུམ་ནི། མེས་ཚོན་པོ། རྨོག་ལྕོག་པ། གཙང་གཞེར་ནས་བརྒྱུད་པ་གསུམ་མོ། ༈ །གྲོལ་མཆོག་ནི། གློ་བོ་མ་ཐང་དུ་གཉགས་སྟོན་ཤཱཀྱ་མུ་ནེའི་རིགས་ལས་འཁྲུངས། དགུང་ལོ་གསུམ་པར་དྲུང་ཆོས་རྗེར་སྐྱབས་སྡོམ་དང་། ཕྱི་ལོ་དགེ་བསྙེན་བཞེས། སྐབས་དེར་མདོ་སྡེ་དང་སྐྱེས་རབས་ཀློག་པས་ཕལ་ཆེར་ཐུགས་སུ་ཆུད། བདུན་པར་དྲུང་ཆོས་རྗེར་གཤེད་དམར་ལྷ་ལྔའི་དབང་གསན། གསང་མཚན་ཞེ་སྡང་རྣམ་པར་དག་པའི་རྡོ་རྗེར་གསོལ། ཞེན་པ་བཞི་བྲལ་གྱི་ཉམས་ཁྲིད་གསན་པས་ཉམས་རྟོགས་ཁྱད་པར་ཅན་འཁྲུངས། གཞུང་ཆེན་རྣམས་ཐུགས་ལ་བཟུང་། བཅུ་པར་དྲུང་ལས་དགེ་ཚུལ་བཞེས། དབང་ལུང་མང་དུ་གསན། དེ་ནས་གསེར་མདོག་ཅན་དུ་ཕེབས། དྲུང་རིན་པོ་ཆེ་ཨ་མོ་གྷ་སིདྡྷཱ་ར་མཚན་ཉིད་
དང་། ཡོངས་འཛིན་དུ་མར་སྔགས་ཕྱོགས་རྒྱ་ཆེར་གསན་པས་མཁས་གྲུབ་ཆེན་པོར་གྱུར། ངོར་ཨེ་ཝཾ་དུ་བསྙེན་པར་རྫོགས། དབང་བརྒྱ། ཁྲིད་བརྒྱ། མགོན་བརྒྱ་སོགས་དམ་པའི་ཆོས་རྒྱ་མཚོ་ལྟ་བུ་འཆད་ཉན་མཛད། མི་ཆེན་ཐམས་ཅད་ཀྱིས་བླ་མར་བཀུར་བས་ཕྲིན་ལས་ཆེ། རྒྱས་པར་རྗེ་ཉིད་ཀྱིས་མཛད་པའི་རྣམ་ཐར་སྐལ་བཟང་དད་པའི་ཤིང་རྟ་འདྲེན་བྱེད་དུ་གསལ། དེ་སྐྱེ་བ་ཕྱི་མར། རྒྱ་གར་ག་ཡ་ཞེས་པའི་གྲོང་ཁྱེར་དུ་དགའ་བྱེད་ས་སྐྱོང་དང་། དེའི་ཕྱི་མ་ཐམས་ཅད་མཁྱེན་པ་ཏ་ར་ནཱ་ཐ་སྟེ། རྗེ་འདི་ཡུལ་དབུས་འབྲང་ཞེས་བྱ་བའི་གྲོང་དུ་ཆོས་འཁོར་སྙིང་པོ་ཞེས་བྱ་བར་ཤིང་ཕག་ལོར་འཁྲུངས། རྗེ་ཉིད་ཀྱི་མེས་པོ་དང་། སྟག་ལུང་རིན་པོ་ཆེ། རྡོ་རིང་དབོན་པོ་ཀུན་དགའ་རྒྱལ་མཚན། བྲག་སྟོད་པ་ལྷ་དབང་གྲགས་པ། ཇོ་ནང་པ་སྤྲུལ་སྐུ་བྱམས་པའི་མཚན་ཅན་སོགས་མཁས་གྲུབ་ཀྱི་བླ་མ་མང་དུ་བསྟེན། དམ་པའི་ཆོས་རྒྱ་མཚོ་ལྟ་བུ་གསན། རྒྱ་གར་གྱི་པཎྜི་ཏ་འགའ་དང་། ཁྱད་པར་གྲུབ་ཆེན་སངས་རྒྱས་སྦས་པ་སོགས་ལས་ཀྱང་ཟབ་ཆོས་བཞེས་ཤིང་ལོ་ཙཱ་ཡང་མཛད། མེ་ཡོས་ལོར་རྟག་བརྟན་ཕུན་ཚོགས་གླིང་བཏབ། ལེགས་བཤད་མཆོག་ཏུ་ཆེ་བའི་བཀའ་འབུམ་པོད་བཅུ་དྲུག་ཙམ་སྤར་ལ་བཞུགས། རྒྱས་པར་རྗེ་རང་གིས་མཛད་པའི་རྣམ་ཐར་དུ་གསལ། དེའི་སྐུ་སྐྱེ་ནི་
ཁལ་ཁ་རྗེ་བཙུན་དམ་པ་བློ་བཟང་བསྟན་པའི་རྒྱལ་མཚན་ནོ།། ༈ །།མཆོག་ཟུང་གི་རྗེས་སུ་འབྲངས་ནས། ཀོ་ཀི་ཡི་ཀ་གཉིད་སད་དེ་བདས་ཀྱང་རྫུ་འཕྲུལ་གྱིས་ལམ་འགགས་ཏེ་མ་ཟིན། །དེར་སྟོན་པས་རྟེན་འབྲེལ་ལུགས་འབྱུང་ལུགས་ལྡོག་བཤད་པས་རྒྱུན་ཞུགས་དགྲ་བཅོམ་པའི་བར་དུ་བསྟོད། རྒྱལ་བྱེད་ཀྱི་ཚལ་དུ་དབྱེན་འདུམས་ཀྱི་མཆོད་རྟེན་ཡང་བརྩིགས་སོ། ༈ །མྱ་ངན་ལས་འདས་ཀར་དགེ་སློང་རྣམས་ལ་འདུ་ཤེས་བཅུ་པའི་མདོ་གསུང་གི་ཐ་མར་བསྟན། ༈ །འཇམ་དཔལ་རྩ་རྒྱུད་ལས། དེ་འོག་རྭ་ལ་དེ་འོག་བསྒྲེངས། །ཞེས་སོ། ༈ །རྒྱལ་མེ་ཏོག་ཐང་ནི་འོལ་དྭགས་མཚམས་སུ་རྗེ་དགེ་འདུན་རྒྱ་མཚོས་བཏབ། ༈ །སློབ་དཔོན་མཚན་བརྒྱད་ཀྱི་རྣམ་༢༡༢ཐར་མཚམས་ཉུང་བསྡུས་ཤིག་ཡོད། ༈ །ལྡེབ་ལ་༢༠༤རྙིང་མའི་བསྟན་བཅོས་ཡོད་ཚུལ་མང་དུ་སྣང་། ༈ །དགོངས་པ་ཡང་ཟབ་ལས། ཀྲོ་ཏ་ལོ་ཀོཏྟ་ར་ཞེས༔ ཁྲོ་བོ་འཇིག་རྟེན་འདས་པར་འགྱུར༔ ནོར་བུའི་བང་མཛོད་ལས། ང་ཡི་གསུང་གི་གདུལ་བྱ་ཡིསཿ བོད་ལ་བདེ་སྐྱིད་འབྱུང་འདོད་ན༔ ཡར་ངོའི་ཚེས་བཅུ་ནམ་ཤར་ཚེ༔ ཨོ་རྒྱན་པདྨའི་སྤྲུལ་པ་འབྱུང་༔ ཞེས་དང་། རཏྣ་གླིང་པའི་གཏེར་བྱོན་ཡང་སྙིང་འདུས་པའི་བསྐུལ་བྱང་ལས། ང་ཉིད་སྲིན་ཡུལ་འགྲོ་བའི་ཚེ༔ བོད་ཀྱི་རྒྱལ་པོའི་སྔགས་སློབ་
ལ༔ འབྱུང་ངོ་ཅོག་གི་ཚེས་བཅུ་ལ༔ ང་ཉིད་འབྱོན་པའི་དབུ་བསྙུངས་བཞེས༔ པདྨ་འབྱུང་གནས་གཞན་མི་བསླཐེ་ཚོམ་སྤོངས་ཤིག་རྗེས་འཇུག་རྣམས༔ ལས་སུ་རུང་བའི་བློ་ཡོད་ན༔ འདི་ལྟར་ང་ཡི་ཚེས་བཅུ་ལཿ བརྩོན་ཅིང་གསོལ་བ་འདེབས་པའི་བུ༔ འཁོར་བར་ལྷུང་ན་ངས་ཤེས་ཀྱི༔ བློ་སྙིང་བྲང་གསུམ་ང་ལ་གཏོད༔ ཅེས་སོ། །དེ་ཡང་སྟག་ཟླ་ཕྱག་རྒྱ་ཆེན་པོ་དང་ལྷུན་གྲུབ། སྦྲུལ་ཟླར་ཚེ། སྤྲེལ་ལ་ལྷུན་གྲུབ། ཕག་ལ་རྣམ་སྨིན་རིག་འཛིན་ཐོབ། ཡོས་ལ་ཞི། རྟ་ལ་རྒྱས། བྱར་དབང་། བྱི་བར་དྲག་པོ་འགྲུབ། འབྲུག་གིས་ལུས་ཀྱི་ནད་གདོན་ཞི། ལུག་གིས་ཚེ་བསོད་བུ་ནོར་འཕེལ། ཁྱིར་གང་འདོད་འགྲུབ། གླང་ལ་མི་མཐུན་ཕྱོགས་དང་དགྲ་བགེགས་ཞི་བར་གསུངས། དེ་ཡང་བདེ་མཆོག་རྩ་རྒྱུད་ལས༢༧། དེ་ལྟར་རྟག་ཏུ་མཆོད་བྱས་ནས། །གུས་པའི་ཡིད་ཀྱིས་གཏོར་མ་བྱིན། །རང་འདོད་ལས་ལ་རྣལ་འབྱོར་པས། །ཆོ་ག་ཇི་བཞིན་སྦྱིན་བར་བྱ། །མར་གྱི་ངོ་ཡི་ཚེས་བཅུ་དང་། །ཟླ་བ་ཡར་ངོ་གང་རུང་ལ། །ཞེས་དང་། ཡང་ཐོག་མར་མཁའ་འགྲོ་རྒྱ་མཚོ་སོགས་ཀྱི་ལོ་མགོ་དང་སྦྱར་ཏེ་རྒྱལ་ཟླ་ངོས་བཟུང་དགོས་པར། ཀུན་སྤྱོད་ལས། དགུན་ཟླ་འབྲིང་པོ་ལ་སོགས་ཀྱི། །བཅུ་པ་ལ་ནི་གུས་པས་མཆོད། །ཅེས་དང་། སྤྱིར་གཏོར་ཚོགས་གསོག་པར་འདོད་ན་
ཡར་ངོ་དང་། སྡིག་པ་ཞི་བར་འདོད་ན་མར་ངོའི་བཅུ་སོགས་སུ་མཆོད་པ་འབད་པར་བཤད། ༈ །རྒྱལ་དབང་ལྔ་པ་རིན་པོ་ཆེའི་རྣམ་ཐར་དུ་ཀུ་ལའི་གོས་བཟང་༣༦༤། ཀ་པ་འབྲི་གུང་སྒམ་པ་ཤཱཀ་རིན་གྱིས། གདན་ས་དཔལ་གྱི་ཕག་གྲུ་དེ། །ཆུ་མིག་བརྒྱ་རྩའི་མགོ་བོ་ཡིན། །ཅེས་དྲངས། རི་བོ་བདེ་ཆེན་ཧོར་རྡོ་རྗེ་ཚེ་བརྟན་སྐྱིད་པ་དཔལ་བཟང་པོས་བཏབ་པར་གྲགས། དེའི་བསྟན་འགྱུར་གྱི་ཁྲོད་དུ་ཞྭ་ལུས་བསྒྱུར་བའི་མཛོད་འགྲེལ་གནམ་ལྕགས་ཐོག་གཟེར་ཀྱང་ཡོད། ༈ །ཐོག་མར་ཚིག་བཀྲ་ལེགས་ཁྱད་ཀྱིས། གང་ཟག་ཡིན་ན་ལྷ་མ་ཡིན་པ་བུད་ཟེར་ན། སྟོན་པ་ཤཱཀྱ་ཐུབ་པ་ཆོས་ཅན་སོགས་སོ། ༈ །རྭ་བསྒྲེངས་ནང་རྟེན་གྲས། ཇོ་བོ་འཇམ་རྡོར། གདུང་རྟེན་དངུལ་གདུགས་མ། དབུ་ཡོན་མ་ཆེ་ཆུང་སོགས་སོ། །འབྲོམ་སྟོན་ཆོས་ཁྲི། ༈ །པཎ་ཆེན་བསོད་ནམས་གྲགས་པའི་རྒྱུད་སྡེ་སྤྱི་རྣམ། ༈ །འབྲས་སྤུངས་སུ། ཕ་ཝང་ཁ་པའི་སྙན་བརྒྱུད་ལྟ་བ་སྤྱི་ཁྱབ། སྐྱབས་འགྲོའི་རྣམ་བཤད། བདེ་སྨོན་ཁྲི་ཀ་སོགས། དཔང་ལོའི་ཚོགས་གསུམ་གསལ་བ། ༈ །རྩེ་དང་ལྔ་མཆོད་པར་གསེར་གླིང་པའི་ཐུགས་དམ་རྟེན་ཐུབ་པ་གསེར་གླིང་མ་སོགས། ༈ །བསམ་གཏན་གླིང་ནི་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དང་། ཡར་ཀླུང་པ་སེང་གེ་རྒྱལ་མཚན་ཁུ་དབོན་
གྱིས་བྱིན་གྱིས་བརླབས་པའི་གནས་ཁྱད་པར་འཕགས་པ་ཡིན། སྙེ་ཐང་དུ་ཤཱཀྱ་ཤྲཱིའི་ཐུགས་དམ་རྟེན་སྒྲོལ་མ་རྫ་སྐུ། བཀྲ་ཤིས་རྡོ་ཁམ། ༈ །རྒྱ་ནག་ཏུ་ཕེབས་སྐབས་རྒྱལ་པོ་དགུང་ལོ་༡༧པའང་ཟིལ་ཤིན་ཏུ་ཆེ་བར་སྣང་གསུངས། རིན་སྤུངས་དང་ཉ་བར་ཆོས་ལུང་ཚོགས་པར་ནང་རྟེན། རྣམ་སྲས་ལྗང་ཡུལ་མ་གཏེར་བྱོན་འཁྲུལ་མེད། ཤཱ་རིའི་བུའི་ཚེམས། རྫ་སྐུ་གཉིས། ཀླུ་སྒྲུབ་ཀྱི་ཕྱག་བཟོ་ཤིང་ཤ་པ་ལའི་སྤྱན་རས་གཟིགས། པཎ་ཆེན་གྱི་སྣམ་སྦྱར། ཇོ་བོའི་རྒྱ་དཔེ་སོགས་མང་པོ་ཡོད། ཐར་པ་ལ་ནཱ་རོའི་ཐུགས་དམ་རྟེན་ཀྱེ་རྡོར་བྲིས་ཐང་། ཁ་ཆེ་པཎ་ཆེན་དང་དཔྱལ་ལོའི་ལྷུང་བཟེད། པཎ་ཆེན་མཁར་གསིལ། དུང་རང་སྐད་མ་རྒྱ་དཔེ་སོགས་ཡོད། ༈ །ཞྭ་ལུ་རི་སྦུག་ཏུ་བིརླ་པའི་བུམ་པར་བུ་སྟོན་གྱིས་རྒྱུད་སྡེ་བཞིའི་དབང་གི་ཆུ་བོ་རྣམས་གཅིག་ཏུ་བསྡུས་པའི་རྒྱུན་ཉམས་མེད། བུའི་བྲོ་གཞུ། རྡོར་དྲིལ། རྒྱ་དཔེ། བསིལ་བྱེད་སོགས་ཡོད། ༈ །སྒམ་པོ་སྤྲུལ་སྐུ་བློ་བཟང་ཕྲིན་ལས་རྣམ་རྒྱལ་ངེས་དོན་གྲུབ་པའི་ཤིང་རྟ་གཏེར་རྫུན་ཡིན་ཚུལ་ཞིབ་པར་འདུག ༈ །སྐྱིད་གྲོང་གི་ཇོ་བོ་འཕགས་པ་ཝ་ཏི་བལ་བོད་ཀྱི་བདེ་གཟར་ལ་བརྟེན་ནས་དབུས་ཕྱོགས་སུ་ཕེབས་རྩེར་བཞུགས། དེ་དང་དུས་མཚུངས་སུ་སྨིན་གཏེར་གཙུག་ཕུད་བཞེས་ཚུལ་འདུག ༈ །གཟིམས་
འབྲས་སྤུངས་ཁང་གོང་སྤྲུལ་སྐུ་འདའ་ཀར་ཐུགས་འཁྲུལ་ཚུལ་འདུག །ལྡེབ་༢༥༩གཏེར་སྟོན་བདུད་འདུལ་རྡོ་རྗེ་ཟོག་པོ་གཏེར་རྫུན་མཁན་དུ་ངེས་ཤེས་གཏིང་ནས་འདྲོང་ཚུལ་གྱི་རྒྱུ་མཚན་གཏེར་ཆོས་སྤྲུལ་སྐུ་སྙིང་ཐིག་ཏུ་དགེ་ལུགས་སྨད་ཅིང་། ཚེ་ཡང་ཕུར་གསུམ་དུ་བསྔགས་བརྗོད་སོགས་ནང་འགལ་དུ་མ་འདུག་ཚུལ་གསུངས། ༈ །བྱམས་པ་ཆོས་འཁོར་མ་ཆོས་རྒྱལ་ཀྲི་ཀའི་མཆོད་རྟེན་ཡིན་ཚུལ། ༈ །གྲ་ནང་རྒྱལ་གླིང་ཚོགས། མཁར་ཆུ་དུར་ཁྲོད་ལ་ཁ། ༈ །མདོ་སྡུད་བྱམས་ཆོས་བཞི་སྐད་གཉིས་ཤན་སྦྱར། གསོ་དཔྱད་གཅེས་བསྡུས་རིན་ཆེན་ཕྲེང་བ། མཁྱེན་བརྩེ་ལོ་ཙཱ་བའི་སྡེ་ཚན་བདུན་པ། ༈ །ཁྲི་སྲོང་ལྡེ་བཙན་དུས། རབ་བྱུང་ངུར་སྨྲིག་དབུ་ཟླུམ་དང་། །སྔགས་པ་གོས་དཀར་ལྕང་ལོ་ཅན། །ཅེས་གསུངས། ༈ །མཆིམས་ཕུ་དགེའུ་ཕུག་ཏུ་འདྲ་སྐུ་གདན་དྲངས་ཚེ་ངོ་མཚར་ཁྱད་འཕགས་བྱུང་ཚུལ་སྣང་། ༈ །བདུད་འདུལ་བ་བསམ་ཡས་ཆོས་སྐྱོང་གིས་བསྐུལ་ནས་ལན་གསུམ་དུ་གདན་དྲངས་ཀྱང་མ་འདྲོངས་པའི་ཚུལ་སྣང་། ༈ །རྒྱུད་འབུམ་ལུང་རྒྱུན་ངོར་ལུགས་[ཁུངས་བཙུན་པར་གསུངས། ༈ །ཁ་པར། འཕན་༢༨༠གདའ་དཔལ་ལྡན་རྩེ་དང་། རྩེ་དྭང་བསམ་གཏན་གླིང་གཉིས་སྲུང་མ་རང་བཞིན་འདུ་བའི་གནས་ཀྱི་མཆོག་ཏུ་བསྔགས། ༈ །རྡོར་བྲག་པད་
ཕྲིན་ལ་བསམ་གཏན་གླིང་པའི་ཨ་ཏི། ཉང་གི་རྣམ་ཐར་ཟངས་གླིང་མ། གཏེར་ཁ་འོག་མའི་མཛད་པ་བཅུ་གཅིག་སོགས་ཕུལ་རབ་སྣང་། ༈ །ཚེས་བཅུ་བཞི་ལ་འབྲུག་པའི་སློབ་དཔོན་བླ་མ་ལ་སྔོན་པ། ཁམས་སྡེ་དགེའི་བླ་མ་དཔོན་ཕུན་ཚོགས་གཉིས་འཇིག་རྟེན་ཕ་རོལ་གྱི་ལྟད་མོར་སོང་བ་ལ་གཏོང་རག་གཏོང་ཚུལ་སོགས་སྣང་། ༈ །དཔལ་ལྡན་ཤ་བ་རི་དབང་ཕྱུག །དྲང་སྲོང་རིག་པའི་བློ་གྲོས། གྲུབ་ཐོབ་བཱ་ལི་པ་གསུམ་དངུལ་ཆུའི་འཇའ་ལུས་འགྲུབ་ནས་ད་ལྟའང་བྲི་པར་པ་ཏར་ཡོད། བོད་དུ་གྲུབ་ཆེན་ཨོ་ཌི་པས་འགྱུར། ༈ ༼ཁ༽ འབྲས་སྤུངས་སུ་སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེའི་གསུང་རྒྱུན་སྔགས་འཆང་ནམ་མཁའ་རིན་ཆེན་གྱིས་བྲིས་པའི་གསང་སྙིང་འགྲེལ་པ། ཁོག་ཕུབ་སྒྲོལ་ཆེན་ཉིད་ཀྱིས་མཛད་པ། སྨན་ལུང་པ་མི་བསྐྱོད་རྡོ་རྗེས་མཛད་པའི་འགྲེལ་པ། སྤྱི་དོན། ཆོས་ཚོམས་བསྡུས་དོན་སོགས་མ་མཉེས་ཚུལ། ༈ །གསང་འདུས་ལས་བྱང་རྩ་གསུམ་དགྱེས་པའི་རོལ་གར། རྒྱལ་སྲས་བསྟན་པའི་ཉི་མའི་ངོར་སོ་ཐར་སྡོམ་རྒྱུན་གསོལ་འདེབས་བརྩམས། ༈ །གཡུང་ཊི་ཀ་པར་མཉེས་༩༩ཚུལ་སྣང་། ༈ །གཙང་ཆུང་ཆོས་གྲགས་བཟང་སྤྱོད་ཊཱི་ཀ་སྤར་ཡོད། འབྲུམ་པས་བསྙུན་ཚེ་མཚན་མོ་ཚད་འཁྲུལ་བྱུང་རབ་འདུག ༈ །སྟག་ལུང་སངས་རྒྱས་དབོན་གྱིས། རྒྱ་
བོ་གདོང་ནས་གཏེར་བཞེས་ཚུལ་ཡོད། ༈ །ཨའི་བསྙེན་ཚད་མ་སོང་ན་སློབ་བཤད་མི་བཤད་ཚུལ་འདུག ༈ །ཕུར་པ་ལྷ་ཁྲལ་ས་ལོའི་ཀྱེ་རྡོར་གྱི་འབྱིན་འཇུག་བྱས་པ་ཁུངས་མེད་ཚུལ། ༈ །སྟོང་འཁོར་ཞབས་དྲུང་ཡོན་ཏན་རྒྱ་མཚོ་སེ་རར་ཐུགས་གཉེར་མཛད་སྐབས་གྲྭ་པ་ཁ་བརྒྱག་ཞིག་གིས། བདག་མེད་ཡིན་ན་ཡོད་པས་ཁྱབ་པའི་སྐུ། །དེ་ལ་སྐྱོན་ནི་གཏོང་མཁན་མེད་པའི་ཟླགསུང་། །བཏང་ན་གར་འགྲོ་འདིར་འགྲོ་མེད་པའི་ཐུགས། །ཁ་བཏགས་རྒྱ་མཚོའི་མགོན་ལ་གསོལ་བ་འདེབས། །རིན་ཆེན་རིལ་བུ་རིགས་སྔ་ཕྱི་གསུམ་ཙམ་སྦྱོར་ཚུལ་འདུག ༈ །རིམ་གྲོ་གང་བ ལའང་མི་བསླུ་བའི་འབྲས་བུ་འབྱུང་བ་གཞིར་བཅས་ཀྱང་ཚེ་རབས་སྔོན་མ་མང་པོར་གཞན་གྱི་ཡན་ལག་བཅད་པས་མཚོན་ལས་ཚབ་པོ་ཆེ་བསགས་ཚད་ནས་སྨན་བླ་བཟང་སྤྱོད་སོགས་སྡིག་བཤགས་ཀྱི་རིགས་རྣམས་འཕྲོད་ངོ་ཆེ་བ་ཞིག་སྣང་། གངས་དཀར་ཆོས་སྡེར་ཡང་དག་གི་སྒྲུབ་མཆོད་འཛུགས་སྐབས། དཔལ་ལྡན་བླ་མའི་ཕུར་པའི་མངོན་དཀྱིལ་རྙིང་མ་བཀའ་མའི་དགོངས་དོན་འཁྲུལ་མེད་ལ་སོགས་གཤིས་ལྷ་ཁ་སྤོས་ཀྱང་བཏུབ་ཙམ་ཡོད་མོད། བདག་པོ་ཀུན་རིན་པས་མཛད་པ་ཞིག་སྣང་བ་ནི་འཁྲུལ་པས། གསར་དུ་ཕྲིན་ལས་རྒྱུད་དོན་སྣང་བ་དང་། དཀྱིལ་ཆོག་ཧཱུྃ་མཛད་ཞལ་ལུང་གཉིས་
མཛད་ཚུལ་སྣང་། ༈ །སྟག་ཚང་ལོ་ཙཱ་བའི་སྨན་བླའི་མདོ་ཆོག་རྒྱང་ངོས་ཀྱི་བསྔགས་བརྗོད་གནང་འདུག །ལམ་གྱི་གཙོ་བོ་རྣམ་གསུམ་གྱི་འགྲེལ་པ་ལུང་རིག་གཏེར་མཛོད་ཅེས་ཁྱད་འཕགས་ཤིག་མཛད་ཚུལ་འདུག ༈ །ཛ་བྷིར་གྱི་གཏུམ་མོ་ཉམས་སུ་བཞེས་པའི་བསྔགས་བརྗོད་མང་། །བདག་པོ་ཀུན་རིན་པས་ཚར་ཆེན་བཀྲོངས་རྩིས་ཀྱི་དམག་དྲངས་པའི་སེལ་ད་དུང་ཡོད་ཚུལ་འདུག ༈ ༈དོལ་ཆུ་མིག་དཀར་མོར་སྨོན་ལམ་ལོག་པའི་དམ་སྲི་མཐུ་རྩལ་ཅན་ཞིག་བྱུང་༢༥༧བ་ལ་གསར་རྙིང་འདྲེ་ཐོགས་པའི་སྔགས་འཆང་མང་པོས་དུས་གཅིག་ཏུ་བསྲེག་ཚུལ་ཞིབ་པར་ཡོད། མངའ་རིས་ཟླ་བ་རྒྱལ་མཚན་གྱིས་ཐུགས་རྗེ་ཆེན་པོ་རྩ་གསུམ་སྙིང་ཏིག་སོགས་བསྐུར་བར། དུས་གང་གིས་མི་རྣམས་གཡོ་སྒྱུ་ཆེ་བས་ཚིག་གི་སྦྱོར་སྡེ་ཙམ་ལ་ཡིད་བརྟན་མི་འདུག་གཤིས་གཏེར་སྐུ་འགངས་ཅན་རྣམས་ཀྱི་དྲུང་དུ་བརྟག་པ་ཕུལ་བ་ལེགས་ཕྱོགས་བབས་པས་ཁོང་རང་ལ་འཕྲོད་ལན་དང་གླང་བུ་མཁར་དུ་མི་ཆེད་གཉེར་གཏོང་བའི་འགྲོ་དོན་ཕྲིན་ལས་ཆུ་འབབས་སུ་སྐྱོངས་འཇུག་པའི་བསླབ་སྟོན་བྱས། ༈ །༢༤༦ག་པར། ཚད་མ་ལར་སྟོད་ལུགས་ཀྱི་ཊི་ཀྲ་ས་བཅད་ཐར་ལམ་གསལ་བྱེད་དང་། འབྲུ་བསྣོན་གྲྭ་ཊིཀ །དབུ་ཕར་གཉིས་ཀྱི་དོགས་གཅོད་རྣམ་བཤད་དགོངས་པ་རབ་གསལ་དང་
སྙིང་པོ་རྒྱན། མཛོད་ཀྱི་དོགས་གཅོད་གཞུང་བརྒྱ་པ་དངོས་གྲུབ་དཔལ་འབར་གྱི་ཡིག་ཆ། འདུལ་བ་ལུང་རིག་གཏེར་མཛོད། སྔོན་རྒྱ་ནག་རྒྱལ་པོས་ཡོང་འདུས་ཐང་ཀ་ཞིག་བྲིས། དེ་ལ་རྒྱས་བཏབ་ནས་འདིའི་རྒྱ་སུས་བཤིགས་པའི་དུས་རྒྱལ་ས་འཆོར་བས་མ་བཤིག་ཅེས་པའི་ཁ་ཆེམས་བཞག་པར་བརྟེན་མི་རབས་བདུན་ཙམ་གྱི་བར་བཤིགས་མཁན་མ་བྱུང་ཡང་ཁྲུང་ཅི་རྒྱལ་པོས་བཤིགས་པས་ཐང་ཀར་མན་ཇུའི་མི་ལ་རྒྱ་ནག་གི་ཟས་འབྲེལ་ཅིང་འདུད་པའི་ཚུལ་འདུག་པ་དེ་འདྲའི་རྟེན་འབྲེལ་གྱིས་རྒྱལ་སའང་ཤོར་ཚུལ་སོགས་གླེངས། ༈ །རྗེ་བཙུན་བཀའ་འགྱུར་བའི་རྣམ་ཐར་དད་པའི་རླབས་ཕྲེང་ཚིག་དོན་གཉིས་ཀ་ལེགས་པོ་ཡོད་ཚུལ་གསུངས། ༈ །གཙང་སྟོད་དར་མགོན་གྱི་བརྒྱུད་པ་དགེ་སློང་ཞབས་ཕན་ལྷུན་གྲུབ་ཟེར་བ་གསོ་རིག་གི་སྦྱངས་སྟོབས་དང་ཐོས་རྒྱ་ཆེ་བ་ཞིག་བྱུང་བར་བསྟན་རྒྱུན་ལ་བསམས་ནས་དཔོན་ཚང་བྱང་ངོས་སྨན་རྒྱལ་ཚེ་དབང་དང་དཔོན་ཚང་དཀྱིས་སྤ་བ། ཆོས་རྗེ་ན་བཟའ་གླིང་པ། དྲུང་མཚོ་ལྷག་བསམ། དར་མོ་སྨན་རམ་པ། སློབ་མ་དང་སྤྱབཅས་པ་སུམ་ཅུ་སྐོར་ལ་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ། ཟིན་ཏིག་གཅེས་བཏུས། གསེར་བྲེ། བྱང་པ་རིགས་ལྡན་རྣམ་རྒྱལ་གྲགས་བཟང་གིས་མཛད་པའི་བཤད་རྒྱུད་འགྲེལ་ཆེན་སོགས་
ལུང་དང་མན་ངག་མང་དུ་སྤེལ་བཅུག །ཅེས་དང་། ཚེ་བདག་གི་གཅེས་པའི་འཁོར་ལོ་བཅུ་གསུམ་ཆབ་གཅིག་ཏུ་བརྩེགས་པས་འབྲི་གུང་ཆོས་གྲགས་པའི་ཕྱག་ལེན། ༈ །པཎ་ཆེན་ཤཱཀ་མཆོག་པའི་ཚད་མ་རྣམ་འགྲེལ་ཊཱི་ཀ་ཀུན་བཟང་ཆོས་ཀྱི་རོལ་མཚོ། ༈ །བསྟན་པ་ཕྱི་དར་ལ་ཤྲཱི་བྷུ་མི་ཨཱརླ། གནམ་བསྐོས་ཀྱི་སྡེ་སྲིད་ཕག་མོ་གྲུ་པ་གུའི་གུང་། བྱང་པ་རིགས་ལྡན་ཏཱ་དབེན་གུ་ཧཱུཾ། ཁྲོམ་གེ་སར་གྱི་མག་པ་རྒྱལ་མཁར་རྩེ་པ། སྒེར་རིགས་རིན་ཆེན་སྤུངས་པ། སྡེ་སྲིད་གཙང་པ་སོགས་ཀྱི་དུས་རིན་ཆེན་རྒྱན་ཆའི་སྲོལ་དོད་ཚུལ་འདུག ༈ །མཐའ་བཞིའི་རྒྱལ་པོ་ལ་ནི། ཤར་ན་རྒྱ་ནག་དང་ཁྲི་ཟློསྟན་། ལྷོ་ན་རྒྱ་གར་དང་ཁ་ཆེ། ནུབ་སྟག་སྡེ་དང་གཟིག་ཕན། བྱང་ཁྲོམ་དང་གེ་སར་ཞེས་པའོ། །མདོར་ན་སྟོད་ཛཱ་ཏིའི་དྲི་བསུང་འཐུལ་བ་ནས། སྨད་ཟ་འོག་ཐགས་སུ་འཐགས་པའི་ཡུལ་གྲུ་ཡན་aཆད་། འཛིན་ཆེ་ཆུང་དགུ། ལག་ཡང་སུམ་བརྒྱ་རེ་གཉིས། གསེར་མདོང་། དངུལ་མདོང་། གནས་བརྟན་ཕྱག་མཆོད་ལ་མཆོད་པ་སྣ་༢༢བདུན། གཏོར་ཟླུམ། ཉན་ཐོས་དཀར་གསུམ་མངར་གསུམ་གྱི་མཆོད་པ་བཅས། དཔལ་རི་སྤྲུལ་སྐུ་ངག་དབང་པདྨ་སྣང་རྩེ་ཕྱོགས་ལ་དད་པ་གོ་ལོག་པའི་ཚུལ་སྣང་། འདུལ་བའི་ལས་ཆོག་མཐའ་གཅོད་བཅས་པ་འཁྲུལ་སྤོང་རྣམ་རྒྱལ་གསེར་མདོག །ཞྭ་
ལུ་པ་ཡེ་ཤེས་རྒྱལ་མཚན་གྱི་བྱམས་སྨོན་འགྲེལ་པ་ཚོགས་གཉིས་ཆུ་རྒྱུན། ཁམས་༡༧༡རྫོགས་ཆེན་པདྨ་རིག་འཛིན་དང་སྙིང་ཐིག་སྐོར་ལ་ཞིབ་ཆའི་རྒྱུ་མཚན་མང་དག་དང་པོར་འདུག ༈ །རིག་འཛིན་རྒོད་ལྡེམ་ཟངས་མཛོད་ནས་བཞེས་པའི་མངའ་བསྐྱེད་ནོར་བུའི་བང་མཛོད་ལས། བོད་ལ་བདེ་སྐྱིད་འབྱུང་འདོད་ན༔ ཡར་ངོའི་ཚེས་བཅུའི་ནམ་ཤར་ཚེ༔ ཨོ་རྒྱན་པདྨའི་སྤྲུལ་པ་འབྱུང་༔ དེ་དུས་ང་ལ་མོས་པ་ཡི༔ རབ་ཀྱིས་བསྐྱེད་རྫོགས་གནས་ལུགས་ལྟོས༔ ཕྱི་ནང་གསང་བའི་སྒྲུབ་པ་ཚུགས༔ སེམས་བསྐྱེད་བསམ་པ་བཟང་པོ་ཡིས༔ འགྲོ་དྲུག་ཐུགས་རྗེས་འདྲེན་པ་ཡི༔ ལས་དང་སྨོན་ལམ་རྒྱ་ཆེར་ཐོབ༔ འབྲིང་གི་ལུས་ངག་ཡིད་གསུམ་གྱིས༔ སྒྲིབ་སྦྱོང་ལས་ལ་བརྩོན་པར་གྱིས༔ ཞེས་སོ། ༈ །གངས་ཅན་གྱི་ལྗོངས་ཀྱི་བླ་དཔོན་རྣམས་ཀྱི་ཐོབ་ཆེ་ཆུང་གི་ཡི་གེ་ཚིག་དོན་རབ་གསལ་དང་། གདན་ཡིག་ཞིབ་མོ་རྣམ་དག་རབ་གསལ་མེ་ལོང་ཞེས་བྱ་བ་བྲིས་པར་སྣང་། འདིའི་ས་བོན་ཙམ་ལྡེབ་༡༣༩ཕྱི་ནས། ༡༤༢ཕྱི་བར་ཡོད། ༈ །རྒྱ་ནག་རྒྱལ་པོའི་ཁབ་ཏུ་ཕེབས་སྐབས། འདི་ལྟར། ཕོ་བྲང་ཆེན་པོ་འདིའི་འོག་ཏུ་ཝུའུ་ཀྱང་བཅུ་གསུམ། ཞང་ཆེན་རེ་རེའི་མཁར་མོ་ཆེའི་མི་དཔོན་ཀུན་མིན་རེ་རེ། ཀུན་མིན་རེ་རེའི་འོག་ཏུ་ཐིའི་ཏུའུ་བཅུ་གསུམ། ཐིའི་ཏུའུ་རེ་རེའི་འོག་ཏུ་
ཙོང་ཡ་བཅུ་གསུམ། ཏུའུ་ཡི་བཅུ་གསུམ། བང་ཡི་བཅུ་གསུམ། ཐོང་ཡེ་བཅུ་གསུམ་ཡོད་ཅིང་། མཁལ་མོ་ཆེ་རེ་ལ་དམག་མིའི་གྲངས་ཏིལ་རྒྱ་ནག་གི་བྲེ་བོ་ཆེ་ལྔའི་གྲངས་ཡོད་པའི་རྒྱལ་ཁབ་ཆེན་པོ་ལྕགས་རི་དཀར་པོ་སེར་པོ་གྲོ་བོ་སྟེ་རིམ་པ་གསུམ་གྱིས་བསྐོར་བའི་ལྕགས་རི་ཕྱི་མའི་ཤར་ལྷོ་ནུབ་བྱང་མཐར་དག་ལ་ཚ་ཁ་རེ་འགྲོ་དགོས་པའི་ཁོར་ཡུག་ཤིན་ཏུ་ཡངས་པ། ནང་ཐམས་ཅད་ཁྱིམ་གྱིས་ཡོངས་སུ་གཏམས་པ། ཕོ་བྲང་ནང་མའི་ཕྱི་རོལ་དུ་རྒྱལ་སྲིད་སྣ་བདུན་དང་ཁྲིམས་ཀྱི་རུ་མཚོན། གདུགས་དང་བ་དན་སྣ་ཚོགས་བསྒྲེང་བ། སྙན་བརྗིད་ཀྱི་རོལ་མོ་མང་པོ་སྒྲ་འཁྲོལ་བ། རྔམས་འཇིགས་ཡིད་དུ་འོང་བ་རྣམ་ཐོས་སྲས་ཀྱི་ཁང་བཟང་ལྟ་བུ། ཞེས་གསུངས་སོ།། ༈ །།རྒྱལ་དབང་ལྔ་པ་རིན་པོ་ཆེའི་རྣམ་ཐར་ཁ་པར༡༤༠། སྔོན་ཆད་གདན་༡༤༣ཡིག་སོགས་པར་བཀབ་མི་སྣང་བས་མཐོ་དམན་ངེས་མེད་བྱུང་ཚེ་བསྙད་འདོགས་རེ་འཁང་གི་རྒྱུ་དང་ཤེས་ལྡན་འགས་ཁྲེལ་གནས་སུ་མི་བྱེད་པའི་ངེས་པ་མི་འདུག་གཤིས་འདི་གའི་ཁྲི་ལ་ཆ་ལྔ་བྱས་པའི་ཆ་བཞིའི་རྩིས་གདན་ས་གོང་འོག་གཉིས། དེའང་རྩེ་གདོང་གི་ཞལ་ངོ་ཆོས་ཀྱི་རྒྱལ་པོ་འཕགས་པའི་བཞུགས་ཁྲི་པདྨོ་ཅན་དུ་ཁྲི་འདོན་མ་མཛད་པའི་རིགས་ལ་གདན་ས་གོང་ལས་ཅུང་དམའ་བ། ཆ་ཕྱེད་བཞི་པ་སྣེའུ་གདོང་རྩེ། སྟག་