(༡)ཕུར་པ་རྒྱུད་ལུགས་ཀྱི་ཆོས་ཀྱི་མཚན་བྱང་བཞུགས།། །།
(༢)ཕུར་པ་རྒྱུད་ལུགས་ཀྱི་ཆོས་ཀྱི་མཚན་བྱང་ལ། ཀ པ་ལ་ཆོས་འབྱུང་ངོ་མཚར་སྣང་བྱེད། ཁ པ་ལ་སྟོད་ལས་བྱང་ཆུབ་བསྒྲུབ་པའི་སྤྱི་ཆིངས་དྲྭ་བ་སྡོམ་པ། ག པ་ལ་དབང་ཆོག་དངོས་གྲུབ་རྒྱ་མཚོ། པ པ་ལ་བདག་འཇུག་བྱིན་རླབས་རོལ་མཚོ། ཅ པ་ལ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཤིང་རྟ། ཆ པ་ལ་བཀའ་མའི་ཡན་ལག་བརྒྱད་འགྲེལ་རྒྱུད་དོན་གསལ་བ། ཇ པ་ལ་སྒྲུབ་ཐབས་རྡོ་རྗེ་ཁྲོས་པའི་བཅུད་དུ་མ་དཔག་བསམ་ལྗོན་པ། ཉ པ་ལ་བདུད་རྩི་གསང་ནན་གྱི་འགྲེལ་པ། ཏ པ་ལ་བསྙེན་པའི་ལས་བྱང་བཀོལ་བའི་དུམ་བུ། ཐ པ་ལ་འཛབ་བསྐུལ། ད པ་ལ་ཉུལ་ལེ་བསྐྲོད་པའི་ཕོ་ཉའི་དགོས་བསྐུལ། ན པ་ལ་མངོན་རྟོགས་བསྡུས་པ་རྡོ་རྗེ་བཀོད་པའི་རྒྱན། པ པ་ལ་བསྐྱེད་རིམ་གྱི་དོགས་སེལ་དཀའ་གནད་མདུད་འགྲོ་ལ། ཕ པ་ལ་བསྙེན་སྒྲུབ་ཐམས་ཅད་ཀྱི་མཛོད་ཁང་རིག་འཛིན་གཞུང་ལམ། བ པ་ལ་ཚེ་སྒྲུབ་ཉི་ཟླའི་ཟབ་ཏོག །མ པ་ལ་སྤྲོས་
(༣)མེད་རྒྱུན་གྱི་རྣལ་འབྱོར། ཙ པ་ལ་བྱུག་བདུག་བྲབ་གསུམ་གྱི་སྒྲུབ་ཚུལ། ཚ །པ་ལ་སྨད་ལས་སྤུ་གྲི་རླུང་འཁོར་ཞེས་བྱ་བ་ངན་སྔགས་ཉེ་བར་བསྙེན་པ་མན་ངག་ལྟར་བཀྲལ་བ་ཆིག་བརྒྱུད་མ། ཛ །པ་ལ་ཕུར་སྲུང་ལྕམ་དྲལ་གྱི་གནད་ཡིག་དམ་ཅན་བླ་ཆགས། ཝ །པ་ལ་དམ་ཅན་ཉེ་བར་བསྙེན་པའི་ཕྲིན་ལས་སྨད་ལས་སྲོག་ཤིང་། ཞ པ་ལ་དེའི་ལེ་ལག་ལྷ་དབྱེའི་བསྐུལ། ཟ པ་ལ་སྨད་ལས་དམ་ཅན་ཉེ་བར་བསྙེན་པའི་མན་ངག་མ་མོ་མཁའ་འགྲོའི་ཞལ་ལུང་ཞེས་བྱ་བ་གསང་བའི་རྒྱ་ཅན། འ པ་ལ་དམ་ཅན་ལྕམ་དྲལ་གྱི་མཆོད་བསྐུལ། ཡ པ་ལ་ཞི་བའི་སྦྱིན་སྲེག་བདུད་རྩིའི་ཐིགས་པ། ར པ་ལ་དྲག་པོའི་སྦྱིན་སྲེག་རྟ་གདོང་རྔམས་ཞུགས། ལ པ་ལ་ཟོར་ལས་གནམ་ལྕགས་འབར་བ། ཤ པ་ལ་སྲི་གནོན་རྒྱ་གྲམ་ནག་པོ། ས པ་ལ་ཕན་གནོད་ལས་ཚོགས་རྡོ་རྗེ་ཕ་ལམ་བཅས་བཞུགས།། །།
(༤)ཕུར་པ་རྒྱུད་ལུགས་ལས་ཆོས་འབྱུང་ངོ་མཚར་སྣང་བྱེད་ཅས་བྱ་བ་བཞུགས། །
(༥)བཅོམ་ལྡན་འདས་ཕྲིན་ལས་ཀྱི་བདག་ཉིད་ལ་ཕྱག་འཚལ་ལོ། །ཕུར་པ་རྒྱུད་ལུགས་ཀྱི་ལོ་རྒྱུས་ལ་སྔོན་བྱུང་རྒྱུད་ཀྱི་ལུགས་དང་། ཕྱིས་བྱུང་མན་ངག་གི་ལུགས་སོ། །དང་པོ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཟག་པ་མེད་པར་མཉམ་པར་བཞག་པའི་ཚེ། རྡོ་རྗེ་འཛིན་པས་འདི་སྐད་ཅེས་བསྐུལ་ཏོ། །བདེ་ཆེན་ཞི་བ་ཆོས་ཉིད་མཆོག །སྟོན་པ་རྡོ་རྗེ་ཆོས་ཉིད་ཀྱིས། །ཨེ་མ་ཧོ་འདུལ་བར་འགྱུར་བ་ཡིན། །དེ་ལས་ལོངས་སྤྱོད་རྫོགས་པའི་སྐུ། །འཇིགས་བྱེད་ཆེན་པོའི་སྐུར་བཞེངས་ལ། །གདུག་པའི་ཚོགས་རྣམས་གདུལ་དུ་གསོལ། །ཞེས་བསྐུལ་བས། བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོའི་སྐུར་བཞེངས་ཏེ། ཐུན་མོང་མ་ཡིན་པའི་མཚན་མཆོག་གིས་མངོན་པར་སྤྲས་པའི་སྐུ་དེས། འོག་མིན་གྱི་གནས་ལྕང་ལོ་ཅན་གྱི་ཕོ་བྲང་དུ། འཁོར་སེམས་དཔའ་དང་སེམས་མ་རྣམས་ལ་དམ་ཆོས་བདུད་རྩི་ཕུར་པའི་ཆོས་རྣམས་སྐུའི་སྒོ་ནས་
(༦)འཇལ་བར་བསྟན་ཏེ། འཁོར་བའི་སྤོང་སྒྲིབ་ལས་ཀུན་རྣམ་པར་སྤངས་ཏེ་གྲོལ་བའི་ས་ལ་ལེགས་པར་གནས་སོ། །ཐུགས་རྗེའི་སྟོབས་ཀྱིས་ཕྱག་ན་རྡོ་རྗེས་མངོན་པར་བསྡུས་ཏེ། ཡང་སྙིང་འབྲུ་དགུའི་ཚུལ་དུ་ཐུགས་ཀར་བསྟན། དེ་ནས་སེམས་དཔའ་རྡོ་རྗེ་ཉིད་ཀྱིས་འདོད་ཁམས་མཐོང་བའི་ལམ་དུ་གྱུར་པ་རྣམས་ལ་དེ་མངོན་པར་བརྟག་པར་བྱ་བའི་ཕྱིར་ཕྱག་ན་རྡོ་རྗེ་ལ་བསྐུལ་ཏེ། འདོད་ཁམས་གནས་རིགས་ཉི་ཤུའི་སྟོན་པར་གཤེགས་སོ། །ཞེས་པས་མཚོན་ཏེ་རྒྱུད་སོ་སོའི་གླེང་གཞི་ལ་འཛུག་པ་ལྟར་རོ། །གཉིས་པ་ནི། སློབ་དཔོན་ཆེན་པོ་བྲ་བྷ་ཧ་སྟི་དང་། བི་མ་ལ་དང་། པདྨ་སམ་ཝ་ལ་སོགས་སངས་རྒྱས་ཀྱི་ས་ལ་བཞུགས་པའི་རིག་འཛིན་རྣམས་ཀྱིས་རྒྱུད་ལས་མན་ངག་ཏུ་བཏུས་ནས་རྣམ་པར་རིག་བྱེད་ཀྱི་བདག་རྐྱེན་ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཞིག་ལས་ཅན་སོ་སོར་
(༧)བཀའ་བབས་པའི་དོན་འགོག་ལམ་གྱི་བདེན་པའི་འབྲས་བུའི་ངོ་བོ་ཉིད་དུ་གྲུབ་པ་འཕགས་ཡུལ་ཆོས་ཀྱི་གན་མཛོད་ནས་གངས་རིའི་ཁྲོད་དུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་ཐུགས་བསྐྱེད་ལ་བརྟེན་ནས་མངོན་སུམ་དུ་སྣང་ཞིང་། དངོས་གྲུབ་ཐོབ་པའི་བརྒྱུད་པ་ཟམ་མ་ཆད་ལ་ཕུར་པ་རྒྱལ་པོ་ལུགས་དང་། ཇོ་མོ་ལུགས་དང་། ལྕམ་ལུགས་གཙོ་བོར་གྱུར་པའི་བཀའ་བབས་ཀྱི་ངེས་པ་ཐ་དད་མོད། དེ་དག་ལས་དང་པོ་ནི། རྒྱ་གར་གྱི་པཎྜི་ཏ་ཤྲཱི་ཛྙཱ་ན་དང་། སློབ་དཔོན་ཆེན་པོ་དང་། ལོ་ཙཱ་བ་དཔལ་གྱི་ཡེ་ཤེས་ཀྱིས་བསྒྱུར་བ་རྡོ་རྗེ་བཀོད་པ་རྣལ་འབྱོར་ཆེན་པོའི་རྒྱུད་ལེའུ་བཅོ་ལྔ་པ་མངའ་བདག་རྒྱལ་པོའི་ཐུགས་དམ་དུ་བཞག་པ་ཉིད་ལུགས་སྲོལ་འདིའི་བརྟེན་པའི་གཙོ་བོའི་མངོན་རྟོགས་ཀྱང་དེའི་ལུགས་སོར་བཞག་དང་། རྟན་དང་བརྟེན་པ་གཞན་རྣམས་ནི་ཡེ་ཤེས་རྩེ་མོ་དང་། རྡོ་རྗེ་ཁྲོས་པ་ལ་སོགས་པའི་རྒྱུད་དོན་སྒྲུབ་ཐབས་ལ་འཇུག་ཆེ་བའི་ཆ་བསགས་ཤིང་། འཇུག་སྒོ་དབང་གིས་མཚོན་པའི་ཕྲིན་ལས་ཀྱི་རིམ་པ་ཇི་སྙེད་ནི་རྩ་རྒྱུད་དང་རྣལ་འབྱོར་ཆེན་པོ་ལ་སོགས་པ་རྒྱ་ཆེ་ལ་དོན་ཟབ་པའི་ནང་ནས་བསྡུ་བ་བྱས་པའི་ཕྱིར་ན་གཙོ་བོའི་མངོན་རྟོགས་ལས་ཕུར་པ་རྒྱལ་པོ་ལུགས་ཀྱི་རྩ་བར་འདི་ཉིད་གཟུང་ངོ་། །ཇོ་མོ་ལུགས་ནི། སློབ་དཔོན་ཆེན་པོ་གཤེགས་ཁར་ཉུང་ལ་འདུས་པ་ཕུར་པ་རྩ་དུམ་གྱི་དོན་རྡོ་རྗེ་ཁོས་པ་རྩ་བཤད་གཉིས་ཀྱིས་བཀྲལ་ནས་མཁར་ཆེན་བཟའ་ལ་བསྟན་པས། ཇོ་མོས་མོན་ཁ་སེང་གེ་རྫོང་དུ་དཀྱིལ་འཁོར་རྣམ་པ་གསུམ་ལ་བརྟེན་ནས་བསྒྲུབས་པས་བདུན་གསུམ་ནས་ཕུར་པ་ཐམས་ཅད་བཞད་ཅིང་། འཕར་གཡོ་དང་འོད་འཕྲོ་བ་བྱུང་ཕ་མེས་ཀྱི་ཟ་འདྲེལ་གདེང་པའི་
(༨)ཕྱིར་བསྙེན་ཕུར་དྲིལ་བས་ནམ་མཁའ་ལ་དེང་ངེ་སོང་ནས་ཟ་འདྲེ་གནས་པའི་རྟེན་དང་བརྟེན་པ་ཆོང་བཅད། ཕུར་པ་དེ་ཇོ་མོའི་དཔོན་བརྒྱུད་རྣམས་ཀྱིས་གདེངས་པས་ཆོག་པ་བྱུང་བསམ་ཁར་ཆེན་འདྲེ་འདུལ་གྱི་བརྒྱུད་པར་གྲགས། ཇོ་མོས་རང་གི་མིང་པོ་དཔལ་གྱི་གཞོན་ནུ་ལ་བཤད། དེས་ལོ་རྒྱལ་བའི་བློ་གྲོས། དེས་མེ་ནུ་རྒྱལ་བའི་སྙིང་པོ། དེས་འབྲེ་ཤེས་རབ། དེས་འབྲེས་ལེ། དེས་ལག་ལྷག་རྡོ་རྗེ་བྱང་ཆུབ་ལ་བཤད་དེ་བསྒྲུབས་ཀྱང་ནུས་པ་མ་བྱུང་དེའི་ཚེ་ཁོས་ཆོས་ལ་ཐེ་ཚོམ་མ་ཟོས། རང་ཉིད་ལས་འཕྲོ་ཞན་པར་རྟོག་པས་རྟེན་འབྲེལ་མ་ལོག་མཁར་ཆེན་བཟའི་དངོས་སློབ་ཨ་ཙཱར་ས་ལེ་ཞེས་བྱ་བ་ཕུར་པ་གདེངས་པས་གཙང་ཆུ་ཡན་མན་དུ་ཆད་ཅིང་ཚེའི་རིག་འཛིན་ཐོབ་པ་དེ་དང་འཕྲད་པར་སྨོན་ལམ་བཏབ། དེའི་ཕྱོགས་སུ་མགོ་བསྟན་ནས་ཉལ་ཞིང་བསྒྲུབས་པས་ཨ་ཙཱར་ས་ལེ་མུ་ཏོ་བར་བརྫུས་པ་མར་འབྲོག་ཁོར་རིར་བྱུང་ནས་ལག་ལྷག་ལ་སྒྲུབ་བྱས་པས། ཨ་ཙཱར་ས་ལེར་དོགས་ནས་ཁྱེད་རང་འདིར་བཞུགས། ད་ལྟ་སྐྱན་མ་ངན་པས་ཟས་མེ་རྙེད་བྱས་ཏེ་དབྱར་ཐོག་གྲོ་སྟབས་ཆོས་ཞུ་བ་སྐང་མ་བྱས་པ་ཡོད་ཙན། སྟོན་སེར་པོ་ན་བའི་རྔ་གཤང་ཐོས་ནས་སྒྲུབ་ལ་འགྲོ་ཚད་པ་ལ། ཁྱེད་རང་ད་དུང་བཞུགས། ང་ཕ་སྤུན་དགྲར་ལངས་པ་གཅིག་མིན་པས། ང་ཡི་ཡུལ་ཞིང་ནི་ཁོང་ཆོས་འཕྲོག་ན། འདི་ཀུན་ཟད་པར་བྱས། དེ་ན་སང་ཡང་ཁྱེད་དང་སྡོང་བྱས་པས། ཨ་ཙཱ་ར་ན་རེ། དེ་ཚར་གཅོད་པའི་གདམས་ངག་ང་ལ་ཡོད་ཟེར་ནས་ཕྱིང་ཁུག་ནས་བེ་བུམ་དང་། ཕུར་པ་བཏོན་ནས་མན་ངག་ཇི་ལྟ་བ་བཞིན་བྱིན་ནོ། །དེར་ལག་ལྷག་གིས་བསྒྲུབས་
(༩)བས་ཤིང་སྡོང་པོ་བཅོ་ལྔ་སྟྭ་རེས་བཅད། གཅིག་ཕྱེད་ཙམ་ཆོད་ཙན་གཉིད་སད། རང་གི་མལ་དགྲལ་མཐུ་རྟགས་འོང་ཞེས་སྨྲས། དེའི་ཚེ་ཕ་ཚན་རྣམས་ལག་ལྷག་གིས་མཐུ་བྱས་དོགས་ནས་གསོད་པའི་གྲོས་བྱེད་ཅིང་། ར་བསད་པའི་ཤ་བསྡུ་ཚགས་བྱེད་ཙན་ཁང་པ་རྡིབ་ནས་མི་བཅོ་ལྔ་ཤི། གཅིག་རྐང་པ་ཆག །གཤིན་རྗེའི་མཐུ་མཁན་ལ་འཇིགས་པ་དགེ་བཤེས་ར་ལོ་ཙཱ་བ་ཡང་སྐྲག་པར་བྱས་པས་གཤིན་རྗེ་མཁན་པོ་ཕུར་པ་ལ་རྡུགས་ཞེས་གྲགས། དེའི་ཐུགས་ཀྱི་སྲས་བཞི་ནི། ཉང་བེར་སྔོན་ཅན། ཀྱི་གྱང་འགྱེལ། སྐྲངས་ཕུར་བུའི་མགོ །སྣ་ནམ་ཤེས་རབ་ཚུལ་ཁྲིམས་བཞི་ལས། ཉང་ལ་ཡིག་ཆུང་ཅན་གྱི་ལུགས་སུ་གནང་བའི་ཚུལ་ནི། ཉང་གིས་སློབ་དཔོན་གྱི་ཇོ་མོ་དང་མཛའ་བར་བྱས་པས་ཁོས་ཇོ་བོའི་།ཐུགས་དམ་རྩ་དུམ་བྱ་བ་ལ་བྱེད། འཁོར་གྱི་སྔགས་ཅན་དེ་མིན་བྱས་པས་ཁོས་སློབ་དཔོན་གྱི་དཔེ་སྣོད་དོམ་སྒྲོའི་ཞབས་བརྟོལ་ནས་དཔེ་བརྐུས་ཏེ་བྲིས་པ་སློབ་དཔོན་གྱི་མཁྱེན་ནས་དམ་ཉམས་བཀའ་རྐུན་ཁྱོད་དང་ང་མི་འགྲོགས་གསུངས། དེར་ཉང་ནད་དྲག་པོས་ཐེབས་པ་ལ། བར་པ་གཏང་གིན་བཤགས་པ་བྱེད་བྱས་ཀྱང་མ་གནང་། ཡང་ཡང་ཞུས་པས། ད་འོ་ན་དབེན་རྩེའི་ཕ་ལོགས་ལ་དབེན་རྩ་བ་རྩིགས། ཤ་ཁོག་བརྒྱའི་གཏོར་མ་ཐོང་། ཁྲབ་བརྒྱ་ཐམ་པས་བཤགས་པ་གྱིས་གསུངས་པ་ལྟར་བྱས་པས་ནད་ལས་ཐར། ད་གདམས་ངག་ཞུ་བྱས་པས། ཁྱོད་དང་འཕྲད་དུ་མི་རུང་གསུངས་ནས་
(༡༠)ཡིག་ཆུང་བྱས་ཀྱིན་བྱིན། དེ་ལ་དྲི་བ་དྲིལ་ན་མང་དུ་བྱུང་བས་ཉང་གི་ཡིག་ཆུང་ཅན་གྱི་ལུགས་སུ་གྲགས། ཁོས་བཀའ་བརྐུས་པས་བཀྲ་མི་ཤིས་པ་ཡིན་སྐད། སྐྲངས་ཕུར་བུ་མགོ་ལ་གནང་ཚུལ་ནི། སློབ་མས་བླ་མ་བཙལ། བླ་མས་སློབ་མ་བཙལ་བས། ཁོ་མགོ་བོ་རྒྱ་མདུད་ལ་སོགས་ཕུར་པ་བསྒྲུབ་པའི་མཚན་དང་ལྡན་པར་གཟིགས་ནས། དཀྱུས་ལ་གདམས་ངག་མཆན་དུ་བཏབ་ནས་གནང་བས། སྐྲངས་མཚེན་ཊི་ཀ་ཅན་གྱི་ལུགས་ཞེས་གྲགས། ཀྱི་གྱང་འགྱེལ་ནི། རྒན་པོ་བློ་བརྟུལ་བ་ཡིན་པས་མ་འཁྲུགས་པར་བཤད་པས་ནོར་བུའི་ལུགས་སུ་གྲགས། ཁོ་རྟོག་པ་ཉུང་བས་ཕུར་ཚུགས་སུ་སྒྲུབས་པས་གྲུབ་སྟེ། དགྲ་རྣམས་གྱང་གི་རྩ་བར་ཉི་མ་འདི་བ་ལ་ཕུར་པ་འཕངས་པས་བྱང་འགྱེལ་ཏེ་ཐམས་ཅད་ཤི་བས་དེ་ལྟར་དུ་གྲགས། སྣན་མ་ལུགས་ནི། ཁོང་ཤེས་རབ་ཆེ། བླ་མའི་ཐུགས་ཀྱིས་ཀྱང་ཟིན་པས། གདམས་ངག་ཐམས་ཅད་ཞལ་ནས་གསུངས་པས་གསུང་སྒྲོས་ཟིན་ཅིང་གནད་ལ་འཕོག་པའི་སྣན་མ་གདམས་ངག་ཅན་གྱི་ལུགས་ཞེས་གྲགས་ཏེ། ཡིག་ཆ་མཛད་པའང་ཤིན་ཏུ་དཔྱད་བཟོད། རྒྱུད་ལུགས་འདིའང་རྒྱུད་ཀྱི་ཁོག་ཕུབ། མན་ངག་སྣ་ནམ་ལུགས་དང་བསྟུན་པས་གཞན་ལ་མེད་པའི་གདམས་ངག་གོ །སྤྱིར་སྣ་ནམ་ལ་ལུགས་གཉིས་ཡོད་དེ། དྷ་ཏི་རྒྱས་འབྲིང་ལ་བརྟེན་པ་ཀྱི་སྐོར་དང་། ཞལ་གདམས་རྣ་བརྒྱུད་ལ་བརྟེན་པ་རིན་ཆེན་ཕྲེང་བའི་ལུགས་སོ། །
(༡༡)དེ་ལྟར་བཞི་པོ་ལ་མི་ཐེ་བའི་སྤྱང་ཀི་ར་ཆུང་ཞེས་པ་ལས་བརྒྱུད་པའང་ཡོད་དོ། །ཡང་ཕུར་པ་ལྕམ་ལུགས་སུ་གྲགས་པ་ནི། ཅོག་རོ་བཟས་སློབ་དཔོན་དངོས་ལ་ཐུག་ཀྱང་། སློབ་དཔོན་གྱིས་ནམ་མཁའ་ལ་དཀྱིལ་འཁོར་སྤྲུལ་པའི་ཚེ། དབང་ཡི་དམ་ལ་ཞུས་པས་ཡི་དམ་སློབ་དཔོན་གྱི་ཐུགས་ཀར་བསྡུས་པས་སྐལ་བ་ཆད། སླར་ཇོ་མོ་མཚོ་རྒྱལ་ལ་རྗེས་སུ་གནང་ནས་ཇོ་མོས་ཅོག་རོ་བཟའ་ལ་གདམས་པ་ལས་བརྒྱུད་པའོ། །ཕུར་པ་ལྷ་ནག་ནི། ཨོ་རྒྱན་ཡབ་ཡུམ་ནས་འདྲེ་ཨ་ཙཱ་རྱ་ས་ལེ། ལག་ལྷག་ནས་རིམ་པར་ཡར་འབྲོག་པ་གུ་རུ་བ་ཡང་དག །འདིས་རྫོགས་རིམ་གཙོ་བོར་འདོན་པ་ཕུར་པ་མྱང་འདས་ཀྱི་རྒྱུད་ཆེན་པོ་ལ་བརྟེན་ནས་ལྷ་ཐམས་ཅད་ནག་པོར་མཛད་པས་ལྷ་ནག་ཏུ་གྲགས་ལ། གཞན་རྒྱུད་སྡེ་ཕལ་ཆེར་མཐུན་པར་ལྷ་ཁྲ་ཤས་ཆེ། དེས་གྲུབ་ཐོབ་སྐོར་ཆུང་ལ་བཤད། དེས་རྒྱ་སྟོན་ཇོ་གདོང་། རྒྱ་ཆོས་བཀྲས། རྒྱ་ལམ་གྲགས་སོགས་ལ་བཤད་པས་བླ་མ་རྒྱའི་ལུགས་ཞེས་གྲགས། གཞན་ཡང་ཁྱུང་པོ་དང་། འགོས་དང་། རམ་དང་། དཔྱལ་དང་། སོ་དང་། ཟུར་དང་། གནུབས་དང་། གུར་དང་། རོག་དང་། རོང་ལུགས་ལ་སོགས་ཏེ་བརྒྱུད་ཚུལ་ཐ་དད་ཅིང་། དེ་དག་ཐམས་ཅད་ཀྱང་མཆོག་གི་དངོས་གྲུབ་ཐོབ་པ། ཐུན་མོང་ཙམ་དུའང་དགྲ་ཐུལ་བ་དང་། སྲིའུ་གསོས་པ་དང་། ལྷ་མ་སྲིན་བྲན་དུ་འཁོལ་བ་སོགས་མངོན་རྟགས་གཞན་ལས་མྱུར་བ་བྱུང་བས། གསར་མ་མཁན་པོ་རིལ་སོགས་
(༡༢)པས་ཀྱང་། དགྱེས་རྡོར་རམ་རྗེ་བཙུན་མ་ཆོས་ཟབ་ཀྱང་བྱིན་རླབས་ཕུར་པ་འདི་ལས་ཆེ་བ་མེད་ཅེས་བསྒྲགས་ཤིང་། གསར་མ་མ་དར་གོང་དུ་བོད་སྤྱིའི་ཡི་དམ་ཡང་ཕུར་བ་ཁོ་ན་ཡིན་པས་བརྒྱུད་པ་རབས་སུ་བསྔགས་འོས་པ་ཤ་སྟག་བྱུང་། ཁྱད་པར་ཕུར་པ་འདི་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་བདག་ཉིད་ཡིན་པས། ཕུར་པ་མཁན་པོ་ཚེ་རིང་། ལོངས་སྤྱོད་ལྡན། མཐུ་ཆེ་ཟེར་བ་ལྟར་སྔོན་བྱུང་དང་བསྟུན་ན་སློབ་དཔོན་ཆེན་པོས་ཙནྡན་གྱིན་གསལ་མེ་ཤོར་བ་ལ་བསྡིགས་པས་ནགས་ཚལ་སྔར་བཞིན་གྱུར། བི་མ་ལས་གངྒཱ་གྱེན་དུ་ལོག་པ་ལ་གདེངས་པས་ཀླུང་ཆེན་ཡན་མན་དུ་ཆད། བལ་པོ་ཤཱི་ལ་མཉྫུས་བྲག་མཁར་གོང་ཅན་ལ་གདེངས་པས་བྲག་རུ་དུམ་བུར་སོང་། ཇོ་མོ་མཁར་ཆེན་བཟས་སྤྱང་ཀིའི་རྗེས་ལ་བཏབ་པས་སྤྱང་ཀི་རྦབ་ཏུ་ཤོར། མེ་ནུ་རྒྱལ་བའི་སྙིང་པོས་བྱ་རོག་གིས་ཕྲེང་བ་ཁྱེར་བ་ལ་བསྡིགས་པས་བྱ་རོག་ཐང་ལ་ལྷུང་། ལོ་དཔལ་གྱི་བློ་གྲོས་ཀྱིས་དམག་གི་སྤང་ཁྱིམས་ལ་བཏབ་པས་མོན་དམག་ཆམ་ལ་ཕོབ། གྲུབ་ཆེན་འདར་ཕྱར་གྱིས་མུ་སྟེགས་འཕྲོག་བྱེད་ཀྱི་གྲིབ་མ་ལ་བཏབ་པས་འཕུར་འཕྲོར་ས་ལ་ལྷུང་། གཉགས་ཉྫཱ་ནས་ཕ་སྐུན་ཆམ་ལ་ཕབ་པ་སོགས་ཕྱིར་དགྲ་བགེགས་གཉིས་ལ་ཐེབས་པ་དང་ནང་དུ་རང་རྒྱུད་ཀྱི་ཉོན་མོངས་ལ་ཐེབས་པས་ཆོས་ཉིད་ཀྱི་རྟོགས་པ་མངོན་དུ་གྱུར་པ་བརྗོད་ཀྱིས་མི་ལྡང་ལ། མདོར་ན་ཕུར་བའི་རྒྱུད་སྡེ་བོ་ད་དུ་ཕེབས་ཙམ་ནས་བར་ཆད་གདོན་བགེགས་ཞི་བ་བལ་མུལ་ཡང་ལེ་ཤོད་ཀྱི་ལོ་རྒྱུས་སོགས་ལས་
(༡༣)ཡོངས་སུ་གྲགས་པས་མཚོན། ཡུལ་ལ་མངོན་སུམ་དུ་སྣང་བའི་མཐུ་རྩལ་དང་། ཡུལ་ཅན་ཆོས་ཉིད་དུ་གྲོལ་བའི་བྱིན་རླབས་བསམ་གྱིས་མི་ཁྱབ་པའི་རིག་འཛིན་གྱི་སློབ་དཔོན་ཆེན་པོས་ཀྱང་ཐུགས་དམ་གྱི་ངོ་བོ་ཉིད་དུ་མཛད། སྤྱིར་རྡོ་རྗེ་ཕུར་པའི་རྒྱུད་སྡེའི་རིང་ལུགས་ཟབ་ལ་བྱིངས་ཆེ། རྒྱ་ཆེ་ལ་རྣམ་གྲངས་མང་ཡང་ཚིག་དོན་གཉིས་ཀའི་ཆ་གླེགས་བམ་གྱི་དབུས་ན་གཏེར་དུ་གཏམས་བ་ལྟར་བཞུགས་པ་མངོན་དུ་འབྱུང་བའི་དུས་ལ་བབ་པ་ན། ཕུར་པ་རྣལ་འབྱོར་ཆེན་པོའི་རྒྱུད་ཕྱི་མ་ལས། འདི་ནི་ཀོ་ས་ལ་ཡི་གླིང་། །དེ་རིང་རིགས་ཅན་དེ་ལ་འབབ། །སྤྲུལ་པ་འཇིག་རྟེན་མི་གནས་ཚེ། །ཁྱོད་ཀྱི་སྤྲུལ་པ་པདྨའི་རྒྱལ། །དེ་ཡིས་ནུས་པ་དོན་བྱེད་འགྱུར། །ཞེས་ཅིག་ཆར་བའི་རིགས་ཅན་བི་མ་ལ་ལ་སྔོན་དུ་བབས་ཤིང་། ཕྱི་ནས་བདག་ཉིད་ཀྱི་ཚོགས་བདུན་རོལ་པའི་སྣང་ཆ་ལ་སྤ་གྲོ་སྟག་ཚང་ཡིན་རྒྱུ་བའི་ཕུག་བ་ཁ་ཤར་ལྷོར་བསྟན་བཞིག་ཏུ་རླངས་པ་དཔལ་སེང་གོས་དཀར་ཆས་ཞུགས་ཀྱིས་རྡོ་རྗེ་ཕུར་པའི་དབང་བསྐུར་རྫོགས་པར་བྱིན་པ་སོགས་ལྷ་དང་བླ་མའི་བྱིན་རླབས་ཀྱི་མཚན་མ་མང་དུ་ཐོབ་པའི་ཚེ། བཀའི་བསྡུ་བ་གསར་དུ་བྱས་ཤིང་། མངོན་རྟོགས་དང་དབང་ཆོག་གཉིས་ཀྱི་བསྡུ་བ་ཟིན་ཙམ་ནས་སྐྱ་བདག་པོ་དབང་སྡུད་སྙིང་པོའི་མནལ་ལམ་དུ་དེ་རེས་ཕུར་པ་ཁང་དུ་བླ་མ་རྫོགས་ཆེན་པ་ལ་ཡང་དག་གི་དབང་བསྐུར་ཞུས་ཤིག་ཅེས་བྱུང་བས། ཡང་དག་པའི་ཆོས་ཚུལ་དུ་ངེས་པ་རྙེད་ནས་དབང་གི་སྐོ་འཕར་དང་པོར་ཕྱེ་ནས་རིམ་པར་སྤེལ་བས་བྱིན་རླབས་ཀྱི་ཚན་ཁ་ཆེན་པོ་དང་། བསྟན་སྲིད་ཀྱིས་བདེ་ཐབས་ཀྱང་རྒྱ་ཆེན་པོ་འགྲུབ་པ་ཡིན་པས་ཡིད་བཞིན་གྱི་ནོར་བུ་ལྟར་གཅེས་སྤྲས་སུ་ཟུང་ཞིག །ཅེས་པའང་རིག་འཛིན་འཇིགས་མེད་གླིང་པས་གསང་རྒྱ་གྲོལ་ནས་ཡི་གེ་སྔ་མ་ལས་ཞིབ་ཏུ་བསྟན་པའོ། །དགེའོ། །དགེའོ། ། དགེའོ། །མངྒ་ལཾ།།
(༡༤)ཕུར་པ་རྒྱུད་ལུགས་ལས་སྟོད་ལས་བྱང་ཆུབ་སྒྲུབ་པའི་སྤྱི་ཆིངས་དྲྭ་བ་སྡོམ་པ་ཞེས་བྱ་བ་བཞུགས་སོ། །
(༡༥)ཤྲཱི་བཛྲ་ཀུ་མཱ་ར་ནཱ་མ། ཕུར་པ་རྒྱུད་ལུགས་ཞེས་བྱ་བའི་སྒྲ་དོན་ལས་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པར་བྱ་སྟེ། སྤྱིར་སྔགས་ཀྱི་སྡེ་སྣོད་ཐམས་ཅད་རྒྱུད་ལམ་བརྟེན་པར་མི་འབྱུང་ལ། དེའི་རང་བཞིན་ནི་མརྟྲ་ཡའི་སྒྲ་ལས་ཡིད་སྐྱོབས་པ་དང་། དེ་ཉིད་ཤེས་པ་དང་། སྙིང་རྗེའི་དོན་དུ་དྲངས་ལ། དེ་དག་གི་སླད་དུ་གསང་བའི་སྒྲ་ཞུགས་པ་ནི་རྟོགས་པར་དཀའ་ཞིང་སྦས་ན་འགྲུབ་པའི་དོན་ཡིན་ནོ། རང་གི་ངོ་བོའི་སྒོ་ནས་བརྗོད་ན་གཞིའི་རྒྱུད་ཅེས་བྱ་བ་ཁམས་བདེ་གཤེགས་སྙིང་པོ། ལམ་གྱི་རྒྱུད་ཅེས་བྱ་བ་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་རིམ་པ། འབྲས་བུའི་རྒྱུད་ཅེས་བྱ་བ་དངོས་གྲུབ་རྣམ་པ་གཉིས་བསྒྲུབ་བྱའི་རྒྱུད་ལ་རྟེན་ཅིང་འབྲེལ་འབྱུང་གིས་བསྐྱེད་པའོ། །དེ་ལས་ཐོག་མར་གཞིའི་རྒྱུད་བདེ་གཤེགས་སྙིང་པོའི་རང་བཞིན་ངོ་མ་ཤེས་ན་སྟོད་ལས་བྱང་ཆུབ་སྒྲུབ་པའི་དོན་མིང་རྐྱང་དུ་འཁྱམས་པས་དམ་པའི་བླ་མ་ལ་བརྟེན་ནས་གཤིས་ཀྱི་གནས་ལུགས་
(༡༦)རྟོག་དཔྱོད་སྣ་ཚོགས་ཀྱིས་གཏན་ལ་ཕབ་ནས་སེམས་དང་སེམས་བྱུང་གི་སྤྲོས་པ་ཉེ་བར་ཞི་བའི་དང་དུ་བཅོས་བསླད་མེད་པར་འཇོག་སྟེ། རྡོ་རྗེ་བཀོད་པ་ལས། ཨེ་མ་བདེ་གཤེགས་སྙིང་པོ་ནི། །ནམ་མཁའ་བཞིན་དུ་བརྟག་དཀའ་ཞིང་། །མེ་ལོང་བཞིན་དུ་གཟུང་དུ་མེད། །བྲག་ཆ་བཞིན་དུ་བརྗོད་དང་བྲལ། །བཅུད་ཀྱི་རྡོ་རྗེ་སྙིང་པོ་ནི། །བདག་དང་གཞན་དུ་དབྱེ་དུ་མེད། །བསྟན་དུ་མེད་པའི་ཆོས་ཉིད་འདི། །བརྗོད་དུ་མེད་ཀྱིས་གོ་བར་གྱིས། །ཞེས་སོ། །དེ་ལྟར་ཆོས་ཐམས་ཅད་རང་བཞིན་མེད་པར་གོ་ནས། །ལམ་གྱི་རྒྱུད་ལྟ་སྒོམ་སྤྱོད་གསུམ་དང་། དེའི་སྲོག་ཤིང་དམ་ཚིག་བཞི་ལ་བསྟན་པའི་ཚུལ། རྡོ་རྗེ་བཀོད་པ་ལས། དེ་ལ་ཕུར་པའི་ལྟ་བ་ནི། །ཡུལ་དུ་སྣང་བ་ཐམས་ཅད་ཀུན། །དབྱིངས་ཉིད་ནམ་མཁའ་ལྟ་བུའི་
(༡༧)དང་། །སེམས་སུ་སྣང་བ་ཐམས་ཅད་ནི། །མ་བཅོས་རིག་པའི་དེ་ཉིད་ཡིན། །དེ་ཉིད་དབྱེར་མེད་མཉམ་པར་ལྟ། །དེ་ཡི་ངང་དུ་ཐམས་ཅད་འདུས། །ཕུར་པ་ཞེས་ནི་ཡང་དག་བཤད། །བཙལ་དུ་མེད་པའི་ཆོས་ཉིད་ལ། །སྒོམ་དུ་མེད་པའི་འབྲས་བུ་ཤར། །ཐམས་ཅད་རང་བྱུང་འགག་པ་མེད། །རྒྱུ་དང་རྐྱེན་ལ་མི་ལྟོས་ཤིང་། །སྤྲོས་མེད་རང་བྱུང་ལྷུན་གྱིས་གྲུབ། །རྒྱུ་རྐྱེན་གཉིས་ལས་མྱ་ངན་འདས། །གདོད་ནས་མ་བཅོས་ཡེ་ནས་གྲུབ། །དུས་གསུམ་དབྱེར་མེད་མཉམ་པར་བལྟ། །དེ་ནི་ལྟ་བའི་མཆོག་ཡིན་ཏེ། །ལྟ་བ་དེ་ལས་འདས་གྱུར་ན། །འཁྲུལ་པས་ལམ་ནི་རྙེད་མི་འགྱུར། །དེ་ལ་ཕུར་པའི་སྤྱོད་པ་ནི། །རྩོལ་བ་མེད་པའི་དབྱིངས་ཉིད་ལ། །སྙིང་པོ་དྲན་པས་ལྷར་བསྐྱེད་ནས། །ཅི་འབྱོར་མཆོད་པ་ཕུལ་ནས་བྱུང་། །རང་གི་ལྷར་ནི་བརྟག་པར་བྱ། །འདོད་པའི་དོན་ལ་གསོལ་བ་གདབ། །བསྙེན་པའི་ཕྱིར་ནི་སྙིང་པོ་བཟླས། །ཐམས་ཅད་ཁོ་བོ་ཁྲོ་མོར་དམིགས། །འདོད་པའི་ལས་རྣམས་འགྲུབ་པར་བསམ། །མ་འགྲུབ་བར་དུ་བསྙེན་པ་བྱ། །ཞེས་ལྟ་བའི་དོན་སྒོམ་པས་ཉམས་སུ་བླང་ཞིང་། དེའི་ཐབས་ཀྱི་མཆོག་ཏུ་དཀྱིལ་འཁོར་དང་། ཕྱག་རྒྱ་དང་། སྔགས་དང་། མཆོད་པ་དང་། སྦྱིན་སྲེག་དང་། ཕྲིན་ལས་དང་། བརྟུལ་ཞུགས་ཀྱི་སྤྱོད་པ་སྟེ་རྒྱུད་ཀྱི་དངོས་པོ་རྣམས་དང་བྲེང་ཆགས་སུ་འཕྲེལ་བས་ཕུང་པོ་དང་རྣམ་པར་ཤེས་པ་རྡོ་རྗེའི་རང་བཞིན་དུ་བསྒྲུབ་པ་སྟེ། མཁས་པས་སྤྲོ་བསྡུ་བྱས་པ་ཡི། །པར་འཕྲོས་པས་ནི་དགྲ་བགེགས་
(༡༨)འདུལ། །སླར་འདུས་རང་གི་བག་ཆགས་བསྲེག །དེ་ནི་ལས་ཀྱི་རྡོ་རྗེ་འབར། །ཕུང་པོ་རྡོ་རྗེས་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཞེས་སོ། །འབྲས་བུའི་རྒྱུད་ནི། །ལྟ་སྒོམ་སྤྱོད་པ་གསུམ་རྒྱུན་ཆགས་སུ་འབྲེལ་བར་ཉམས་སུ་བླངས་པའི་དོན་ལ་དངོས་བསྟན་དང་། །རྗེས་སུ་མཐུན་པའི་རྒྱུད་དོན་འབྱོར་པས་ཐབས་ཤིན་ཏུ་མྱུར་བའི་རྒྱུ་ཚོགས་ལས་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ཕུར་བུའི་དོན་རྟོགས་པ་སྟེ། དངོས་པོར་སྣང་བའི་ཤེས་རབ་ལིངྒ་ལ། །རང་བྱུང་ཐབས་ཀྱི་རྒྱལ་པོའི་ཕུར་པས་བཏབ། །བཏབ་པ་ཉིད་ནས་བརྗོད་པའི་མཐའ་ལས་འདས། །ཞེས་དང་། ཕུར་པ་བྱང་ཆུབ་སེམས་གྱི་རྟགས། །བྱང་ཆུབ་སེམས་ཀྱི་ཕུར་པ་ཡིས། །སྲིད་གསུམ་འཁོར་བ་གདར་ཤ་གཅོད། །མ་བཏབ་བཞིན་དུ་ལྷུན་གྱིས་རྫོགས། །ཞེས་སོགས་རྒྱ་ཆེར་ཡོད་དོ། །དེ་ལྟར་གཞི་ལམ་འབྲས་བུ་གསུམ་གྱི་རྒྱུད་དོན་ལ་བྱང་ཆུབ་པས་རང་དོན་མཐར་ཕྱིན་པ་ནི་སྟོད་ལས་བྱང་ཆུབ་སྒྲུབ་པའི་ངོ་བོ་ཡིན་ལ། །གཞན་དོན་གྱི་གཙོ་བོ་སྨད་ལས་ལ་བརྟེན་ནས་ཞི་བའི་གདུལ་བྱར་མ་གྱུར་པ་རྣམས་ཀྱི་རྣམ་ཤེས་ཡེ་ཤེས་དབྱིངས་སུ་སྦྱར་བའི་ཚུལ་ནི་སྤྱོད་པའི་མཐའ་སྡུད་ཡིན་ཏེ་དེ་ཉིད་ལས། གྲུབ་པའི་རྟགས་ནི་བྱུང་བ་དང་། །གང་ལ་དམིགས་པའི་ངོ་བོ་ལ། །གདབ་པའི་ལས་རྣམས་བྱས་ནས་ནི། །རྣམ་ཤེས་ཡེ་ཤེས་དབྱིངས་སུ་སྦྱར། །ལྷག་མ་ལྷ་ལ་བསྟབ་པར་བྱ། །གཟིར་གནན་ལས་རྣམས་བྱས་ནས་ནི། །ལས་རྣམས་འགྲུབ་པར་གདོན་མི་ཟ། །
(༡༩)དེ་ནི་ཕུར་པའི་སྤྱོད་པ་ཡིན། །ཞེས་སོ། །ཀུན་གྱི་སྲོག་ཏུ་གྱུར་པ་དམ་ཚིག་ནི། །ལྟ་སྒོམ་སྤྱོད་འབྲས་བཞི་པོ་དང་དབང་གི་དུས་འདོམས་པའི་བླང་དོར་རྣམས་བསྒྲུབ་པ་གཙོ་བོར་དང་དུ་བླངས་པས་རྒྱུ་འབྲས་དག་གྲོལ་དུ་འཛིན་པའི་ཐེག་པ་གཞན་ལས་ཁྱད་པར་དུ་བྱས་པའི་དངོས་གྲུབ་ཐོབ་པའི་ཚུལ། དེ་ལ་ཕུར་པའི་དམ་ཚིག་ནི། །སྒྲུབ་པ་དེ་ནི་གཙོ་རུ་བླང་། །དམ་ཚིག་དེ་ནི་མ་ཉམས་ན། །ལྟ་བ་ཉམས་ཀྱང་ལྟུང་མི་འགྱུར། །ལྟ་བ་དེ་དག་མ་ཉམས་ན། །སྤྱོད་པ་ཉམས་ཀྱང་ཉ་མ་མིང་། །སྤྱོད་པ་དེ་དག་མ་ཉམས་ན། །དམིགས་པའི་ལས་རྣམས་འགྲུབ་པར་འགྱུར། །ཞེས་སོ། །རྣམ་རྟོག་འཁོར་བའི་དྲྭ་བ་སྟེ། །དེ་ཉིད་ཡེ་ཤེས་ཆེན་པོའི་དབྱིངས། །སྦོམ་ལ་སངས་རྒྱས་ཞེས་བྱ་སྟེ། །ཐབས་ཀྱི་ནང་ནས་ཐབས་མཆོག་གོ །ད་ནི་ཡོག་གཞན་པ་དང་ཆོས་སྐད་ཐུན་མོང་མ་ཡིན་པ་རྡོ་རྗེ་ཕུར་པའི་ཏིང་ངེ་འཛིན་རྣམ་གསུམ་གྱི་དོན་ཅུང་ཟད་སྟོན་ཏེ། དེ་ལ་སྤྲོས་པའི་མཐའ་བཞིའམ་བརྒྱད་དང་བྲལ་བའི་སྟོང་ཉིད་ནི་འདུས་མ་བྱས་པའི་ཆོས་ཉིད་ཡིན་པས་འགྱུར་བ་མེད་ལ། གང་གིས་ཀྱང་མི་ཕྱེད་ཅིང་མི་ཤིགས་པའི་དོན་གྱིས་རྡོ་རྗེ་སྟེ། རྒྱུད་ལས། རྣམ་པ་ཀུན་མཆོག་ལྡན་པ་ཡི། །སྟོང་པ་ཉིད་ལ་རྡོ་རྗེར་བརྗོད། །ཅེས་སོ། །དེ་ཡང་རྫས་ཀྱི་རྡོ་རྗེ་ཕ་ལམ་ལ་ཁྱད་ཆོས་བདུན་ཡོད་པ་ལྟར། དེ་ཁོ་ན་ཉིད་དང་། ལྷ་དང་། སྔགས་ཀྱི་རྡོ་རྗེ་ཡང་མི་ཆེད་པ་ལ་སོགས་པའི་ཆོས་བདུན་དང་ལྡན་པས་རྡོ་རྗེའི་མིང་དང་དོན་རྟགས་སུ་བྱུང་ལ། དེ་
(༢༠)ལྟ་བུའི་ཤེས་རབ་ལ་རྣམ་པར་བརྟག་པའི་ཆ་ནས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དུ་བཏགས་ནས། དེས་གཟུང་འཛིན་གྱི་རྟོག་པ་མཐའ་དག་གཅོད་ཅིང་གཞོམ་པའི་ཕྱིར་རང་བཞིན་གྱི་ཁྲོས་པའི་སྒྲར་བྱུང་ངོ་། །རྫོགས་རིམ་མཚན་བཅས་དང་སྦྱར་ན་གཞན་ལུས་ཀྱི་དྲངས་པའི་འདོད་ཆགས་རྡོ་རྗེའི་ངོ་བོ་ཉིད་ལྷན་ཅིག་སྐྱེས་པའི་བདེ་ཆེན་དུ་ཤར་བའི་རྐྱེན་གྱིས་ཁྲོས་པ་སྟེ། ཞེ་སྡང་ལ་སོགས་པའི་ཕྲ་རྒྱས་ཐམས་ཅད་རང་བཞིན་མེད་པར་གཅོད་པས་ན། རྡོ་རྗེ་ཁྲོས་པས་ཞེ་སྡང་གཙང་། སོགས་སུ་བྱུང་ངོ་། །དེ་ལྟ་བུའི་སྟོང་ཉིད་ཕྱིན་ཅི་མ་ལོག་པ་རྟོགས་པའི་ངང་ན་སྒྲིབ་པ་སྤངས་པའི་སེམས་བསྐྱེད་རང་བཞིན་གྱིས་ཡོད་པའི་གདངས། སྨོན་ལམ་གྱི་དབང་ལས་དེ་ལྟར་མ་རྟོགས་པའི་སེམས་ཅན་གྱི་ཁམས་ལ་སྙིང་རྗེའི་རང་བཞིན་དྲ་སྣང་བ་ལ་ཀུན་སྣང་གི་ཏིང་ངེ་འཛིན་ཅེས་བྱ་སྟེ་ལྷག་བསམ་རྣམ་དག་གི་སེམས་བསྐྱེད་དོ། །རྣམ་པ་གཅིག་ཏུ་ན་འདུག་པའི་སྤྱོད་པ་ལ་ཞུགས་ཤིང་གཞན་དོན་ལ་དམིགས་པའི་སྙིང་རྗེ་ཆེན་པོ་དེ་དང་འགལ་ཟླར་གྱུར་པའི་ཞེ་སྡང་གི་སེམས་ནི་ནམ་དུའང་ལྷ་ནི་ཅིག་མི་འདུ་བས་ཞེ་སྡང་གཅོད་པའི་སྒྲ་ཞུགས་པའོ། །དེ་སྐད་དུ་རྒྱུད་ལས། བདུད་དང་སྲིན་པོའི་ང་རྒྱལ་མ་ཡིན་ཏེ། །འདུལ་བའི་དབང་གིས་རབ་རྔམས་མཆེ་བ་གཙིགས། །ཞེས་སོ། དེ་ལྟར་ཀུན་སྣང་གི་ཏིང་ངེ་འཛིན་དེ་ཉིད་མཆེད་པའི་ཡེ་ཤེས་སུ་ལངས་པས་ཡི་གེའི་རང་བཞིན་དུ་བྱུང་བ་ནི་ཕྲ་བའི་རགས་པ་རྒྱུའི་ཏིང་ངེ་འཛིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་ངོ་བོ་ཉིད་རྣམ་པར་རིག་བྱེད་དུ་མཚོན་པར་བྱེད་པའི་ཧཱུཾ་ཆེན་
(༢༡)སྔོན་པོ་མི་འགྱུར་བའི་ཁ་དོག་ཅན་ཆོས་ཉིད་ཅི་ཡང་མ་ཡིན་པའི་ནམ་མཁའ་ལས་ཆུ་ལས་ཆུ་བུར་རྡོལ་བའམ། ཆོས་ཀྱི་དབྱིངས་ནས་རིགས་པའི་ཚུལ་དུ་ཤར་བས་ན། མཚོན་ཆེན་སྔོན་པོ་འབར་བ་ཡི། །ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར། །ཞེས་སོ། །དེ་ཡང་བསྒྲུབ་བྱ་རང་ཉིད་ཀྱི་ཕུང་པོའི་རིགས་འདྲ་གནས་པའི་རྟེན་ལ་ཚེ་ཞེས་བྱ་སྟེ། འདོད་གཟུགས་གཉིས་སུ་དྲོད་དང་རྣམ་ཤེས་ཀྱི་རྟེན་བྱེད་པ། གཟུགས་མེད་དུ་རྣམ་ཤེས་གཅིག་པུའི་རྟེན་དུ་གྱུར་པའི་སྲོག་གི་ངོ་བོ་ཉིད་དུ་ཤར་བའི་ཕྱིར། སྲོག་གི་གོ་རུ་ཤར་བ་དང་། །ཞེས་སོ། དེ་ལྟ་བུའི་ཡི་གེའི་སླན་ཆད་ཀྱང་ཐུགས་སྲོག་ཏུ་གདགས་པའི་གཞི་ནི་དེ་ཉིད་དུ་རིག་པར་བྱའོ། །དེའི་རང་ལས་སྙིང་ལ་སོགས་པའི་གོ་ལྔའི་དོན་སྤྱིར་གོ་ཞེས་བྱ་བ་ནི། གོས་དང་། གོ་ཡུལ་དང་། གོ་འབྱེད་པ་དང་། གོ་དོན་སློངས་པ་དང་། གོ་བཟོ་དང་། གོ་བབས་ལ་སོགས་སྒྲ་འཇུག་པའི་ཡུལ་མང་ཞིང་བྱིངས་ཆེ་བ་ཞིག་ལས་འདིར་རང་རང་གི་ངོ་བོ་ཉིད་མ་འདྲེས་པར་གཟུང་བའི་ཡུལ་ལ་མ་གནས་ལ་སྒྲ་ཡངས་པར་འཇུག་པས་རྣམ་རྟོག་འདོད་རྒྱལ་བའི་རྣམ་སྨིན་གྱི་ལུས་དང་རྟེན་བརྟེན་བལྟ་བུར་སྦྱོར་བ་མ་ཡིན་ཀྱང་། ཐབས་བསྐྱེད་པའི་རིམ་པ་ཡོངས་སུ་འགྲུབ་པའི་བདག་པོའི་རྐྱེན་དང་། རྟེན་ཅིང་འབྲེལ་འབྱུང་གི་གོ་འབྱེད་པའི་དོན་དུ་སྦྱོར་ཤེས་པར་བྱའོ། །དེ་ནས་ཕུར་པོ་རྡོ་རྗེ་ལ་སོགས་པའི་སྒྲ་དོན་ནི་རང་ཐད་དུ་བཤད་ཟིན་ལ། སྲིད་པ་ཕུར་བུར་བསྒྲུབ་པ་ནི་ཡི་གེ་ནོར་བའི་ཕྱོགས་འབའ་ཞིག་ཏུ་ལྟུང་བ་མང་ན། འདི་ལྟ་སྟེ། ཕྱི་དོན་དུ་སྣང་བའི་ཁམས་གསུམ་མམ། ས་འོག་ས་
(༢༢)སྟེང་ས་བླ་སྟེ་སྲིད་པ་གསུམ་པོའི་རང་བཞིན་བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་རྟེན་དང་བརྟེན་པའི་ཡེ་ཤེས་ཀྱི་རོལ་པ་རྣམ་པར་དག་པའི་ཕུར་བུའི་ངོ་བོ་ཉིད་དུ་བསྒྲུབ་པའམ། སྣང་བ་རགས་པ་འདོད་ཁམས་ཀྱི་སྲིད་པ་སྐུ་ཕྱག་རྒྱ་ཆེན་པོ། ཕྱེད་སྣང་བས་གཟུགས་ཁམས་ཀྱི་སྲིད་པ་གསུང་གྲག་སྟོང་རྡོ་རྗེའི་རོལ་མོ། མི་སྣང་བ་གཟུགས་མེད་ཁམས་ཀྱི་སྲིད་པ་ཐུགས་རང་བཞིན་རྣམ་པར་མི་རྟོག་པའི་ཡེ་ཤེས་གཅིག་ཏུ་གྱུར་པའི་དེ་ཁོ་ན་ཉིད་ཀྱི་ཕུར་བུར་སྒྲུབ་པའི་དོན་རིག་ན་སྟོད་ལས་བྱང་ཆུབ་བསྒྲུབ་པ་གཟུགས་བརྙན་ལས་ལྡང་བར་འགྱུར་རོ། །བསྐྱེད་རིམ་རྟོག་པའི་དྲྭ་བ་ཙམ། །མ་ཡིན་ཏིང་འཛིན་རྣམ་གསུམ་གྱི། །ཕྱག་རྒྱ་ཆེན་པོར་སྡོམ་ཤེས་ན། །རིག་འཛིན་བཞི་ཡི་ས་ལ་སྙེག །རིག་འཛིན་འཇིགས་མེད་གླིང་པའི་རྟོགས་ཆོས་སོ། །དགེའོ། །མངྒ་ལཾ།།
(༢༣)བཅོམ་ལྡན་འདས་རྡོ་རྗེ་ཕུར་པ་རྒྱུད་ལུགས་ལས་དབང་ཆོག་དངོས་གྲུབ་རྒྱ་མཚོའི་འཇུག་དོགས་ཞེས་བྱ་བ་བཞུགས། །
(༢༤)བཅོམ་ལྡན་འདས་རྡོ་རྗེ་ཕུར་པ་རྒྱུད་ལུགས་ཀྱི་དབང་གི་ཆོག་དངོས་གྲུབ་རྒྱ་མཚོའི་འཇུག་དོགས་ཞེས་བྱ་བ། དཔལ་ཆེན་ཁྲག་འཐུང་བཛྲ་ཀུ་མཱ་ར་ལ་ཕྱག་འཚལ་ལོ། །དེ་ལ་རྡོ་རྗེ་ཐེག་པའི་ལམ་གྱི་འཇུག་སྒོའི་ཐོག་མ་ནི་དབང་ལ་མ་བརྟེན་པར་མི་འགྲུབ་སྟེ། རྡོ་རྗེ་ཁྲོས་པའི་བཤད་རྒྱུད་ལས། །བླ་མ་མཉེས་པར་མ་བྱས་ཤིང་། །དབང་གིས་སྨིན་པར་མ་བྱས་ན། །ཐོས་བསམ་སྒོམ་པ་དོན་མེད་འགྱུར། །དེ་བས་དབང་བསྐུར་མཆོག་ཐོབ་གྱིས། །ཞེས་དང་། ཕུར་བ་རྣལ་འབྱོར་ཆེན་པོ་ལས། །འཁོར་བ་དག་ལས་བྱང་ཆུབ་ཏུ། །སེམས་བསྐྱེད་སྨིན་པར་བྱེད་པ་སྟེ། །དབང་རྣམས་ཐོབ་པར་མ་བྱས་ན། །གང་ཡང་འབྲས་བུ་མེད་པར་འགྱུར། །ཞེས་སོ། །མཐར་གྱི་ཐོབ་བྱའི་འབྲས་བུ་ཡང་དབང་གི་ངོ་བོ་ཉིད་དུ་གནས་པ་ཡིན་ཏེ། དེ་ཉིད་ལས། སེམས་ཉིད་རྟོགས་ན་དབང་ཡིན་ཏེ། །ཐམས་ཅད་རང་རིག་ཕུར་བུ་ཡིན། །ཞེས་སོ། །དེ་བས་ན་གོ་འཕང་གང་ལ་བཀྲིབ་པོ་ཡང་ཡོངས་
(༢༥)གྲུབ་ཆེན་པོའི་བསྐྱེད་རིམ་ལ་གོམས་པའི་རྡོ་རྗེ་སློབ་དཔོན་ནི་མཆོག་ཡིན་ལ། མིན་ནའང་གཞིའི་བསྙེན་པ་སྔོན་དུ་སོང་ནས་གཞན་རྒྱུད་སྨིན་གྲོལ་གྱི་ནུས་པ་ཐོབ་ཅིང་ཆོ་གའི་བྱ་བ་ལ་མཁས་པ་དག་གིས་སློབ་མ་རྗེས་སུ་འཛིན་པར་བྱའོ། །དེ་ལ་དབང་བཞི་པོ་གང་དུ་བསྐུར་བའི་དཀྱིལ་འཁོར་ཡང་བཤད་རྒྱུད་ལས། རྡུལ་ཚོན་ལུས་དང་བྱང་ཆུབ་སེམས། །དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་མཆོག །བརྟེན་ནས་དབང་རྣམས་ཡང་དག་བསྐུར། །བུམ་པ་གསང་བ་ཤེས་རབ་དབང་། །བཞི་པ་མཆོག་གི་དབང་ཆེན་ཡིན། །ཞེས་པས། དང་པོ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་སྟ་གོན་དང་། །དངོས་གཞི་གཉིས་ལས། དང་པོ་ནི། རྣལ་འབྱོར་ཆེན་པོ་ལས། སློབ་དཔོན་སྟ་གོན་གནས་པ་དང་། །སློབ་མ་ལྷ་དང་བུམ་པ་རྣམས། །སྟ་གོན་གནས་པ་ཤེས་པར་བྱ། །ཞེས་ས་བཅད་བཞི་ལས། དང་པོ་སློབ་དཔོན་སྟ་གོན་ནི་བསྙེན་པ་ཞལ་གསོ་བ་ཉིད་ཡིན་ཏེ། རྡོ་རྗེ་ཁྲོས་པ་ལས། རྡོ་རྗེ་
(༢༦)རིགས་ཀྱི་སྲོག་ལ་ཡང་། །འབུམ་ཕྲག་གཅིག་ཏུ་ངེས་བཟླས་པས། །ཞེས་སོ། །གཉིས་པ་ལྷ་སྟ་གོན་གྱི་སྔོན་དུ་འགྲོ་བ་ནི། །ལྷ་ཡི་ལུང་ནི་བསྟན་པ་དང་། །ས་བརྟག་དཀྱིལ་འཁོར་དྲག་པོར་སྦྱངས། རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ནི། །གྲུ་གསུམ་གྲུ་བཞི་མཐིང་ནག་ལྡན། མ་ཏྲཾ་བསྒྲལ་ཞིང་བདུད་རྩི་ལྔ། །དུར་ཁྲོད་རྫས་གྱིས་བྱུག་པར་བྱ། །ཞེས་དང་། ཕྲིན་ལས་ཀྱི་རྒྱུད་ལས། དུར་ཁྲོད་ཆེན་པོའི་གནས་དག་ཏུ། །ས་བརྟགས་གཟུང་བྱིན་གྱིས་བརླབ། །དང་པོ་བརྟག་པའི་གནས་ཆེན་དེར། །སྔགས་མཁན་བྱ་བ་ཀུན་བྱས་ཏེ། །སྟ་གོན་གནས་པའི་བྱ་བ་བྱས། །ཞེས་པས་སྔར་མ་སྦྱངས་ཤིང་མདུལ་བའི་གནས་སུ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ནས་བརྟག་པ་དང་། བླང་བ་དང་། སྦྱང་བ་དང་། གཟུང་བ་དང་། བསྲུང་བ་སྟེ་ལྔའི་ཡིད་རིམ་པ་ལས། དང་པོ་ལའང་གཉིས། དང་པོ་མཚན་ཉིད་བརྟག་པ་ནི། གསང་དགོངས་ལས། ཀླུ་ཡི་མིག་དང་འབྱུང་པོའི་སྲང་། །ས་ཡི་བགེགས་དང་མ་རུངས་ས། །མི་ཤིས་པ་ཡིས་མིན་པར། །ལས་ཀྱི་བྱ་བ་གཞུང་བཤམས་ལ། །བཀྲ་ཤིས་དོན་གྱི་གནས་ཡིན་པས། །ཡུན་རིང་བསྲིངས་ན་འགྲུབ་པར་འགྱུར། །མེ་ཏོག་གླིང་དང་རིན་ཆེན་རི། །དཔག་བསམ་ཤིང་དང་སྐད་སྙན་བྱ། །འབྲུ་སྣ་ཚོགས་དང་གནས་ས་ལེགས། །དབྱིབས་ལེགས་ལུང་པ་རན་པ་རུ། །བཀྲ་ཤིས་གཞུང་བཟང་གནས་ཡིན་པས། །གནས་ཀྱི་དམ་པ་ཡིན་ཞེས་བཤད། །དྲག་པོའི་ལས་སུ་བྱ་བ་དང་། །དང་པོ་ཕུར་པ་བསྒྲུབ་པའི་གནས། །ནགས་རི་ཚེར་མ་ཅན་གྱི་ཤིང་། །གཅན་གཟན་གདུག་པ་སྣ་ཚོགས་ཡོད། །གནམ་ནི་གྲི་མདའ་རལ་གྲིའི་ཤུལ། །ས་ནི་གྲུ་གསུམ་མེད་པུང་འདྲ། །ལོགས་ལ་
(༢༧)དུར་ཁྲོད་ཡོད་པ་རུ། །མཁས་པས་བརྟགས་ཏེ་བཙལ་བྱས་ན། །འདི་ནི་ཕུར་བུ་སྒྲུབ་གནས་ཡིན། །ཅེས་དང་། མྱང་འདས་ལས། འཁོར་ལོའི་གནམ་ལ་པདྨའི་ས། །དབྱིབས་འདྲའི་ས་གཞི་རབ་ཏུ་བརྟག །རི་བོ་ཆེན་པོ་རབ་དབེན་པར། །ཡིད་འོང་མེ་ཏོག་བརྒྱན་པ་དང་། །ཡང་ན་སྡོང་གཅིག་མི་རེག་པ། །ལུང་གསུམ་མདོ་དང་དུར་ཁྲོད་གནས། །འབབ་ཆུ་ཆེན་པོའི་ངོས་སུ་བསྒྲུབ། །ཅེས་པས། སྡོང་གཅིག་མི་རེག་པ་ནི་ཤིང་གྲིབ་གཅིག་གིས་གཅིག་ལ་མི་རེག་པ་ཡིན་པར་རྒྱུད་ལས་བཤད་ཡོད་དོ། །གཉིས་པ་བྲ་བརྟག་པ་ནི། ཕུར་པ་གསང་རྒྱུད་ལས། ཉི་མ་རིམ་པར་འགྲོ་བ་བཞིན། །ལྟོ་འཕྱེའི་གཞུང་དུ་བརྟགས་ནས་སུ། །ཞེས་དང་། དེ་ནས་བུས་གང་ཙམ་དུ་བརྒོ། །ས་ཡི་རོ་ལྔ་བསལ་བྱས་ནས། །ས་དེ་ཉིད་ཀྱིས་དགང་བར་བྱ། །ཁངས་ནས་ལྷག་ན་དངོས་གྲུབ་རབ། ཁད་ཆད་ན་དངོས་གྲུབ་འབྲིང་། །མ་ཁེངས་གྱུར་ན་གཞན་དུ་སྤོ། །ཞེས་པ་ལྟར་ལྟོ་འཕྱེ་བརྟགས་ཏེ་བརྐོས་པའི་རོ་ལྔ་བསལ་བའི་ཤུལ་ཕྱུར་བུར་ཁོངས་ན་བཟང་། །མ་ཁོངས་ན་ངན་པས་སྦྱིན་སྲེག་ལ་སོགས་བྱའོ། །གཉིས་པ་བླང་བའང་གཉིས་ཏེ་རྒྱུད་དེ་ལས། ཡུལ་ལམ་ས་དེའི་བདག་པོ་ལ། བདེན་པས་བཀྲོལ་ལས་རིན་ནི་བཅལ། །ཅེས་པས་དང་པོ་ནི། གཟུགས་ཅན་གྱི་བདག་གིར་བྱས་ན་རིན་གྱིས་བརྔན་ནོ། །གཉིས་པ་མི་སྣང་བ་ལ་བླང་བའི་ཚུལ། རྒྱུད་ལ། །ཕྱི་ཡི་གཏོར་མ་བཏང་ནས་ནི། ཞེས་པས་ཆ་གསུམ་དང་ལྷ་ལ་མཎྜལ་ཟླུམ་པོ་བ་བྱུང་དང་དྲི་ཡིས་བྱུགས་པ་ལ་མེ་ཏོག་གིས་ཚོམ་བུ་བཀོད། ཆུ་གཅིག་དང་བཅས་པའི་ཕྱི་མཆོད་ལྔ་དང་གཏོར་མ་གསུམ་བཤམ། སྐྱབས་
(༢༨)སུ་འགྲོ་བ་དང་སེམས་བསྐྱེད་ནས་རྡོ་རྗེ་ཁྲོས་པའི་ང་རྒྱལ་བསྒོམ་སྟེ། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་པཾ་ལས་སའི་ལྷ་མོ་གསེར་བཙོ་མའི་མདོག་ཅན་བུམ་པ་བསྣམས་པ་བསྐྱེད་ནས། ཨཱོཾ་པྲཱི་ཐཱི་དྷེ་ཝི་ས་མ་ལ་ཛཛ ཞེས་བརྗོད་པས་སའི་ལྷ་མོ་ཀླུ་གཉན་ས་བདག་གིས་བསྐོར་བ་སྤྱན་དྲངས། ཛཧཱུྃ་བཾ་ཧོབསྟིམ། ཨོཾ་ཨཱཧཱུྃ་གིས་མཆོད་པ་བརླབ། རང་སྔགས་ལ་ཨརྒྷཾ་པུ་པདྨེ་ལ་སོགས་བཏགས་པས་ཉེར་སྤྱོད་དང་། ཨ་ཀཱ་རོས་གཏོར་མ་བསྔོ། སྐྱོབ་ང་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང་། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་དྲི། །དེ་ཕྱིར་ས་འདི་གནང་བར་མཛོད། །ཅེས་བརྗོད་པས། དེས་ཀྱང་། རྡོ་རྗེའི་འཛིན་པ་ཁྱོད་ཅེ་དགའ་བར་ལོངས་སྤྱོད་ཅིང་། །ཅེས་གནང་བ་བྱིན་པར་བསམས་ལ་གཏོར་མ་དང་པོ་འབུལ། སའི་ལྷ་མོ་བཛྲ་མུས་གཤེགས་གསོལ་བྱ། །གཏོར་མ་གཉིས་པ་གཞི་བདག་དཀར་ཕྱོགས་པ་ལ་ཨ་ཀཱ་རོས་བསྔོས་ནས། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོ་གཞན་དག་ལ། །ས་འདི་བདག་གིས་བླང་བར་བགྱི། །དཀྱིལ་འཁོར་དོན་དུ་སྩལ་དུ་གསོལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་བརྗོད་ལ་འབུལ། གསུམ་པ་ནག་ཕྱོགས་པ་ལ་བྱིན་ནས། དྲག་པོའི་ལས་འདི་མ་འགྲུབ་པར། །གནས་འདི་རྣལ་འབྱོར་བདག་གཡར་བས། །གཏོར་མ་བྱིན་པ་འདི་ལོང་ལ། །མ་གྲུབ་བར་དུ་གཞན་དུ་དེངས། །ཧཱུྃ་བཞིའི་སྔགས་དང་གུ་གུལ་གྱིས་བསྐྲད། གསུམ་པ་སྦྱང་བ་ནི། ལ་ཀ་
(༢༩)ས་གཡས་པའི་སོར་མོ་ལྔ་ཕྲལ་བ་རྡོ་རྗེ་རྩེ་ལྔ་པར་བསམ་པ་ཤར་དང་བྱང་ཅུང་ཟད་གཞོལ་བའི་སྟེང་གི་འཁོར་ཡུག་དུ་བསྐོར་ཞིང་ས་ལའང་བཞག་ནས། ཨོཾ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བརྗོད་ཅིང་རྡོ་རྗེ་ཕྱུང་བའི་འོད་ཟེར་གྱིས་སྣོད་བཅུད་དུ་འཛིན་པ་སྦྱངས། ཨཱོཾ་བྷུ་ཁཾ་ཞེས་བརྗོད་པས་ས་ཕྱོགས་ཐམས་ཅད་ནམ་མཁའི་རང་བཞིན་དུ་གྱུར་བར་བསྒོམ། བཞི་པ་བཟུང་བ་ནི། རང་ཉིད་གཞོན་ནུའི་ང་རྒྱལ་ལ་གནས་པའི་མིག་གཉིས་ཉི་ཟླ་མིག་འབྲས་ཧཱུྃ་ལས་ཡེ་ཤེས་ཀྱི་མེ་དཔུང་འབར། དགེགས་དང་ལོག་པར་འདྲེན་པའི་ཚོགས་ལ་གཟིར་བས་རྣམ་སྨིན་གྱི་ལུས་བསྲེགས་ཤིང་སེམས་ཆོས་ཉིད་ཀྱི་ངང་དུ་གསོས་པར་བསམས་ལ། རྐང་པ་རྡོ་རྗེའི་འགྲོས་ཀྱིས་བསྐོར་ཞིང་། ཨོཾ་སཱུརྱ་ཙནྡྲ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ། ཅེས་བརྗོད། སྤྲོ་ན་ལྷའི་རྣལ་འབྱོར་དང་མ་བྲལ་བས་ཆས་སུ་ཞུགས་ཏེ། རྐང་པ་བྱིན་གྱིས་བརླབས་ནས་གར་གྱིས་གཞི་བཅའ་བ་སྔོན་དུ་བཏང་སྟེ། ཁྲོ་བོ་བཅུའི་སྟངས་སྟབས་དང་ཕྱག་རྒྱ་སྒྲུབ་ཐབས་ན་ཡོད་པ་བཞིན་བྱ་བའི་གནས་དངོས་བསྟན་འདིར་ཡིན་ཏེ་གསང་རྒྱུད་ལས། །རྡོ་རྗེ་སྟབས་དང་རྡོ་རྗེ་རོལ་པའི་གར། །རྡོ་རྗེ་ལྟ་བས་ཀུན་བལྟས་ཏེ། །བར་ཆད་བགེགས་བསྐྲད་དཀྱིལ་འཁོར་བསྲུང་། །ཞེས་སོ། །ལྔ་པ་བསྲུང་བ་ནི། རྒྱ་གྲམ་གྱི་ཕྱག་རྒྱ་བསྟན་ལ་ཨོཾ་མེ་དི་ནི་བཛྲ་བྷནྡྷ་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད་པས་སྣང་བ་ཐམས་ཅད་རྡོ་རྗེའི་རང་བཞིན་དུ་གྱུར། ཨོཾ་བཛྲ་རཀྴ་རཀྴ་ཧཱུྃ་ཕཊ་ཀྱིས་བསྲུང་བར་བྱ་ཞིང་། ཤིས་བརྗོད་དང་སྨོན་ལམ་ཡང་བྱའོ། །དེ་ཡང་སྒྲུབ་པ་ཆེན་པོ་དང་འབྲེལ་ན་བཤད་རྒྱུད་ལས། བསྲུང་བའི་རིམ་པ་ཡང་དག་བྱ། དམ་སྲི་
(༣༠)བསྒྲལ་དང་མ་ཏྲཾ་བསྒྱེལ། །སྒོ་ལ་རིམ་དང་དེ་བཞིན་སྦྱར། །ཅེས་པ་ལྟར་ཕྱི་རོལ་གོམ་པ་བདུན་ཅུ་རྩ་གཞིའི་སར་རྒྱལ་ཐོག་ཟུག་ཅིང་། ཕྱོགས་བཞིའི་རྒྱལ་པོ་རྣམས་རང་གི་ཐུགས་ཀའི་འོད་ཟེར་དང་ལྷན་ཅིག་པའི་བཛྲ་ས་མཱ་ཛས་སྤྱན་དྲངས། ཛཧཱུྃ་བཾ་ཧོས་བསྟིམ། ཨཱོཾ་ངྷྲྀ་ཏ་རསྟྲ་ཡ་ཧཱུྃ་ཛ ཞེས་བཟླ། རང་སྔགས་དེ་ལ་ཨརྒྷཾ་སོགས་གདགས་ནས་ཉེར་སྤྱོད་དང་། ཨ་ཀཱ་རོས་གཏོར་མ་ཕུལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། སོགས་པས་ཕྲིན་ལས་བཅོལ་བས་དྲི་ཟའི་གདོན་བསྲུང་བའི་ལས་མཛད་པར་བསམ། ཏི་ཥཱ་བཛྲས་བརྟན་པར་བྱ། ཕྱོགས་གཞན་གསུམ་པོ་ལའང་དེས་འགྲེ་ཞིང་རང་སྔགས་ནི་ལྷོ་ཕྱོགས་བལ་བི་རུ་ངྟ་ཀ་ཧཱུྃ་ཛ ནུབ་ཕྱོགས་པ་ལ་བི་རུ་བ་ཀྵ་ཡ་ཧཱུྃ་ཛ བྱང་ཕྱོགས་བ་ལ་ཨཱོཾ་བི་ཤྲ་བ་ཎ་ཧཱུྃ་ཛ ཞེས་བསྒྱུར་ཞིང་རིམ་པར་གྲུལ་བུམ་དང་། ཀླུ་དབང་དང་། གནོད་སྦྱིན་གྱི་གདོན་མཚམས་གཅོད་པར་འདུན་པ་བསྐྱུར། དེ་ནས་བར་མཚམས་དམ་སྲི་གནན་པ་ནི། རཱུ་པ་བྱ་མགོ་ཅན་གྱི་སྙིང་གར། ཡ་མེད་མ་སྲི་གམ་པ་རི་མཱ་ར་ཡ་ཛེ ཞེས་བྲིས་པ་འབྲུབ་ཁུང་དུ་བཀོད། གསེར་སྐྱེམས་དང་། བདེན་བདར་དགུག་གཞུག་བྱས་ནས། དེའི་སྙིང་གར་ཕུར་པ་གདབ་ཅིང་། ཨཱརྱ་ཨ་ཙ་ལ་དམ་སྲི་བྷནྡྷ་བྷནྡྷ་མཱ་རལ་ཧཱུྃ་ཕཊ ཞེས་བཟླ། ཐུན་གྱིས་བྲབ། ཐོད་པ་མཚན་ངན་དུ་བཅུག་སྟེ་བསྒྲུབ་ཁང་གི་ཐེམ་པའི་ཕྱི་རོལ་དུ་མནན། རོ་གཡམ་རྒྱ་གྲམ་བྲིས་པས་མནན། འབྱུང་བ་ལྔས་རྒྱས་འདེབས། དེའི་སྟེང་དུ་དཔོན་སློབ་རྣམས་ལག་པ་ལུ་གུ་རྒྱུད་དུ་སྤྲེལ་ནས་སུཾ་བྷ་ནི་བཟླ་བཞིན་པར་བྲོ་བརྡུང་། དེ་ནས་སྒོ་བྱང་གདགས་པ་ནི། རོ་རས་སམ་ར་སོག་ལ་གཤེད་པོའི་སྐུ་སྔགས་བྱང་དང་བཅས་
(༣༡)པ་བྲིས་ལ་སྒོ་ཡ་ཐེམ་ཕྱི་མར་གདགས་སུ། བཛྲ་ས་མཱ་ཛཡེ་ཤེས་བ་སྤྱན་དྲངས། ཛཧཱུྃ་བཾ་ཧོས་བསྟིམ། ཨརྒྷཾ་ལ་སོགས་པས་མཆོད་ཅིང་གཏོར་མ་བསྔོ། ཧཱུྃ། ལྷ་སྲིན་སྡེ་བརྒྱད་འབྱུང་པོ་ཀུན། །ཁྱོད་ཀྱི་འཁོར་དང་གཡོག་ལགས་ན། རྣམ་པར་སྨིན་པའི་ཆོས་ཤོད་ལ། །བདག་གི་འབྲས་བུ་མ་ཐོབ་པར། །སྒོ་འདི་ཚུན་ཆད་མ་བཏང་ཞིག །ཅེས་མེ་ཏོག་དོར། དེ་རྗེས་གསར་མཚམས་མ་སྲི་མནན་པ་ནི། རྩ་བཤད་ཀྱི་རྒྱུད་ལས། རྟག་བདག་ཞེ་སྡང་ལས་འཁྲུལ་པ། །ཤིན་ཏུ་འཇིགས་པའི་རཱུ་ཏྲ་འདི། །སྔོན་ཡང་བསྐལ་པ་རེ་རེ་ལ། །བར་གཅོད་སྲིན་པོར་གྱུར་པ་སྟེ། །འདི་མ་བཏུལ་ན་སེམས་ཅན་དག །ཐམས་ཅད་མ་ལུས་དམྱལ་བར་འགྲོ། །ཞེས་པས་རྒྱུད་ཀྱི་གླེང་གཞི་དང་རྗེས་སུ་མཐན་བར་བསྒྲལ་བའི་ཚུལ་མ་ཏྲཾ་གྱི་གཟུགས་བྱས་པ་མགོ་བོ་ལྷོ་ནུབ། རྐང་པ་བྱང་ཤར་དུ་བསྟན་པ་གན་རྐྱལ་དུ་བཞག །ཡི་དམ་གྱི་ང་རྒྱལ་ལ་གནས་པས་ལྕགས་ཀྱུའི་ཕྱག་རྒྱ་དང་བཅས། ཧཱུྃ། དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་སྐུ་སྤྲུལ་པ། །རིག་འཛིན་ངེས་པ་མང་པོ་ལ། །དངོས་གྲུབ་འཕྲོག་པར་བྱེད་པ་ཡི། །རཱུ་ཏྲ་རྟག་པའི་རྒྱལ་པོ་འདི། །ཁྲོ་བོ་ཆེན་པའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་འདིར་ཁུག་ལ། །སྡུག་བསྔལ་ཉམས་སུ་མྱོང་བར་གྱིས། །མ་ཏྲཾ་ཀ་རཱུ་ཏྲ་ཛ དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པས་དངོས་གྲུབ་ལ་བར་དུ་གཅོད་པའི་བདུད་དང་ལོག་འདྲེན་ཐམས་ཅད་ཨཱ་ཀརྴ་ལ་ཛཏྲི་ཡཾ་ཛཛཧཱུྃ་བཾ་ཧོ་ས་བསྟིམ། རྣལ་འབྱོར་ཆེན་པོ་ལས། སྙིང་རྗེས་ཁྱོད་བསྒྲལ་དམ་ཚིག་ནི། །གསད་
(༣༢)གནན་བྱ་བ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེས་གཏམ་བྱས་ལ། །རྣམ་པར་ཤེས་པ་མྱ་ངན་འདའ། ཧཱུྃ། ཆོས་ལ་བལྟ་དང་གང་ཟག་བལྟ། །རྟག་ཆད་བལྟ་བའི་སྡིག་ཅན་ཁྱོད། །བདག་མེད་སྟོང་པའི་ཐོ་བས་གཞོམ། །འཇིགས་བྱེད་ཆེན་པོའི་ཞབས་ཀྱིས་མནན། །མ་རིག་སྒོ་ལྔའི་སྦུབས་ལས་དྲལ། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་ཕཊ། །ཅེས་རྩེ་གསུམ་གྱི་ཕྱག་རྒྱ་སྙིང་གར་བསྣུན་པས་གཟུགས་ཕུང་ཧཱུལ་གྱིས་ཞིག་པའི་ཁོག་པ་བྲོས་སྦྱང་བ་ནི། རྒྱུད་ལས། དུར་ཁྲོད་བདག་པོ་མ་ཏྲཾ་ནི། །བརྫིས་པའི་སྟབས་ཀྱིས་གནན་པར་བྱ། །ཞེས་དང་རྩ་བཤད་ལས། ཧཱུྃ། སྟོང་གསུམ་སྟོང་གི་ལོ་ཀ་ན། །དབུས་ཕྱོགས་སྟོང་གི་འཇིག་རྟེན་ན། །དྲེགས་པ་བསྣོལ་བའི་གདན་སྟེང་ནས། །རྡོ་རྗེ་ཁྲག་འཐུང་བྲོ་རར་ཆས། །ཞལ་གཅིག་ཕྱག་ གཉིས་མཐིང་ནག་སྐུ། །རྡོ་རྗེ་དབྱིངས་ཕྱུག་ཡུམ་ལ་འཁྱུད། རྡོ་རྗེ་ཐོད་ཁྲག་དཀྲུག་ཅིང་གསོལ། །དུར་ཁྲོད་ཆས་ཀྱིས་ལྷ་སྲིན་འདུལ། །རྡོ་རྗེ་གཤོག་པ་བར་སྣང་བརྐྱངས། །སྤྱན་གསུམ་དམར་ཟླུམ་སྟོང་གསུམ་བསྲེག །མཆེ་བ་གཙིགས་པ་བདུད་བཞི་འཇོམས། །ལྗགས་དམར་གློག་སྟོང་འཁྱུག་པ་ཡིས། །སྟོང་གསུམ་མ་ལུས་གསལ་བར་བྱེད། །ཧཱུྃ་གི་སྒྲ་ནི་འབྲུག་བཞིན་སྒྲོགས། །བརྐྱང་བསྐུམ་ཞབས་གཉིས་བྲོ་བརྡུངས་པས། །བདུད་ནི་ཕྱེ་མར་འཐག་པའི་བྲོ། །ཀླུ་ནི་ཡོངས་སུ་རྔོད་པའི་བྲོ། །བགེགས་རྣམས་མེར་ནི་བསྲེག་པའི་བྲོ། །མ་བདུད་ཐལ་བར་རློག་པའི་ཁྲོ། །དུར་ཁྲོད་འདི་རུ་བྲོ་བརྡུངས་པས། །དམ་ཉམས་གཤེད་ནི་བརླག་པར་འགྱུར། །ཨཱོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཕྱོགས་བཞིར་རིགས་བཞིའི་བྲོ་བརྡུངས་པས། །བར་ཆད་བགེགས་ནི་སྦྱར་པར་འགྱུར། །ཁྲོ་བཅུ་རྡོ་རྗེ་འགྲོས་ཀྱིས་བླངས། །
(༣༣)དྲག་པོ་བྱ་བའི་འགྲོས་ཀྱིས་བླངས། །བདུད་ཀྱི་སྒོ་ལ་འཇུག་ཐག་བཅད། །ས་ཡི་རྟེན་ཕུར་འོག་ཏུ་དགོད། །རྡོ་རྗེ་རྒྱ་གྲམ་ཐག་པས་དྲགས། །དཀྱིལ་འཁོར་སྟན་དུ་རཱུ་ཏྲ་བཞིན། །དུར་ཁྲོད་གཞལ་ཡས་ཁང་དུ་བཟུང་། །སྒྲུབ་པ་བྱེད་པའི་རྫས་སུ་བཟུང་། །ཐུགས་དམ་བསྐང་བའི་བདུད་རྩིར་བཟུང་། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཤཱནི༚ྟ་སྭཱ་ཧཱ། པུཥྚི༚་སྭཱ་ཧཱ། པ་ཤཾ་སྭཱ་ཧཱ། མཱ་ར་ཡ་ཕཊ། ཅེས་བརྗོད་ལ་ཡན་ལག་ལྔ་སོ་སོ་དང་། དོན་སྙིང་དང་། ནང་ཁྲོལ་དང་། མཚན་མ་བརྒྱད་དཀྱིལ་འཁོར་ཕྱོགས་མཚམས་བརྒྱད་དུ་བཀོད། བདག་གི་ཐུགས་ཀ་ནས་བྷྲཱུྃ་འཕྲོས་ལོག་པ་ལ་ཐིམ་པས་ཁོག་པ་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་གི་མཐའ་སྐོར་དུར་ཁྲོད་བརྒྱད་ཀྱིས་བསྐོར་བར་གྱུར་བར་བསམ་ཞིང་། ཁུ་ཚུར་དཔུང་མགོར་བསྣོལ་བ་དབྱེ་བ་དང་བཅས། ཧཱུྃ་པྲ་ཝེ་ཤ་ཡ་ཕཊ། ཅེས་ལན་བདུན་གྱིས་སྤྲུལ་པའི་དཀྱིལ་འཁོན་གྱི་སྒོ་དབྱེ། ཧཱུྃ་ཧཱུྃ་ཧཱུྃ། ཧ་ཧ་ཧ། ཕཊ་ཕཊ་ཕཊ། ཅེས་རྡོ་རྗེའི་གར་འགྲོས་གྱིས་ལན་གསུམ་བསྐོར་ནས་དཀྱིལ་འཁོར་གྱི་ནང་དུ་ཚུད་པར་བསྒོམ་མོ། །དེ་དག་ནི་གཞུང་དུས་བཅད་པའི་རིམ་པ་ཉེ་བར་བསྡུས་པ་སྟེ། སྤྱི་ཙམ་དུ་སའི་ཆོ་གའི་རིམ་པ་ཇི་ལྟར་སྨོས་པ་བཞིན་དུ་མ་གྲུབ་པ་དང་། གལ་ཏེ་སློབ་དཔོན་ནུས་ལྡན་གྱི་དཀྱིལ་འཁོར་གྱི་ཁང་པ་ཉིད་དུ་སྔོན་ནས་རུང་པར་བྱས་པ་ཡིན་ཀྱང་མི་མངོན་པ་ལ་བླང་བ་དང་། སྦྱང་བ་དང་། གཟུང་བ་རྣམས་བྱ་བ་ལེགས་ཤིང་། རས་བྲིས་ལ་བརྟེན་ཆོས་གཟུང་པ་དང་། བསྲུང་བ་ཙམ་བྱའོ། །དེ་ནས་དཀྱིལ་འཁོར་བྲི་བའི་གཞི་ལ་བ་དུད་རྩི་ལྔ་བྱུག་ཅིང་། ཨོཾ་བཛྲ་ཨ་མྲི་ཏ་མཎྜལ་ཧཱུྃ། ཁྲག་ཆེན་གྱིས་བྱུག་ཅིང་། ཨོ་རཀྟ་མཎྜལ་ཧཱུྃ། ཀླད་ཆེན་གྱིས་བྱུག་ཅིང་། ཨོཾ་ཀཾ་ཀ་པཱ་ལ་མཎྜལ་ཧཱུྃ། ཞེས་དང་
(༣༤)གྷ་སྟ་གོན་དངོས་ནི། བ་ཡི་རྣམ་ལྔ་རང་བཞིན་ཏེ། །ལྷ་ཡི་གནས་སུ་མེ་ཏོག་ནི། །ཚོམ་བུ་སྔོན་པོ་ལྷ་གྲངས་དགོད། །བདུད་རྩི་ལྔ་ཡི་ཐིག་ལེ་དགོད། །ཅེས་པས་དབུས་ནས་བཟུང་སྟེ་ལྷ་གནས་སོ་སོར་བདུད་རྩི་ལྔའི་ཐིག་ལེ་བཏབ་པ་ལ་འབྱུང་གིས་སྔགས་པའི་མེ་ཏོག་སྔོན་པོའི་ཚོམ་བུ་ལྷ་གྲངས་དང་མཉམ་པ་དགོད་བཞིན་པར། ཨཱོཾ་ན་མས་མརྟ་མཎྜལ་ཧཱུྃ། ཞེས་བརྗོད་ཅིང་། དེ་ཡང་། ཕུན་སུམ་ཚོགས་པ་ལྔ་ལྡན་པས། །དཀྱིལ་འཁོར་ལྷ་ལ་གསོལ་བ་གདབ་ཅེས་པས། ཆོ་ག་བཞིན་དུ་མངོན་དཀྱིལ་ནུས་ན་རབ། མ་ནུས་ན་ལྷ་གནས་སོ་སོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལྕ་སྔགས་ཙམ་ལ་བརྟེན་ནས་མོས་པས་བསྐྱེད་ལ་བདུན་རྣམ་དག་འབུལ་བ་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །ཅེས་སོགས་ལན་གསུམ་མཐར། རང་གི་ལྕེ་ཧཱུྃ་ལས་སྐྱེས་པའི་རྡོ་རྗེའི་རང་བཞིན་ཏུ་གྱུར། རྡོ་རྗེ་གཞོན་ནུའི་ལྷ་ཚོགས་རྣམས། །བདག་ལག་སན་ཅིང་དགོངས་སུ་གསོལ། །རྒྱལ་བ་མཆོད་དང་གཞན་དོན་དུ། །ནངས་པར་དཀྱིལ་འཁོར་བྲི་འཚལ་བས། །གནས་ཞིང་རྗེས་སུ་བསྟན་པར་མཛོད། །ཁྱེད་རྣམས་ལ་ནི་མཆོད་བྱེད་དང་། །སློབ་མ་རྗེས་སུ་གཟུང་བའི་ཕྱིར། །རབ་ཏུ་བསྙེན་ཏེ་འཇུག་འཚལ་ན། །སྟ་གོན་ལ་ནི་གནས་པར་མཛོད། །ཨོཾ་ཨཱཧཱུྃ་སྭ་ཧཱ། ཛྙཱ་ན་ཛ་ཡ་ཧཱུྃ་ ཕཊ། ཨཱོཾ་དྷ་པ་སིདྡྷི་ཧཱུྃ། རཏྣ་མཎྜལ་སིདྡྷི་ཧཱུྃ། བྷྲཱུྃ་བཏི་ཀར་སིདྡྷི་ཧཱུྃ། ཨ་མྲི་ཏ་ཨཱ་ཝེ་ཤ་ཡ་ཨ་ཨ། ཨོཾ་ཨཱཧཱུྃ། སིདྡྷི་ཀུ་རུ་ཡ་ཨཱ། པཉྩ་ལི་ཀ་ཨཱ་ཝེ་ཤ་ཡ་ཨཱ། ཀལྦོ་བྲིཀྵ་ཧཱུྃ་ཨཱ ཞེས་ལན་གསུམ་བརྗོད་ལ་སྟ་གོན་གྱི་ཡེ་ཤེས་པ་རྣམས་རྡོ་རྗེ་ཁུ་ཚུར་གྱིས་ནམ་མཁར་བཏེགས་ནས། ཨཱོཾ་བཛྲོ་ཏྟིཥིྛ་ལྷན། ཞེས་བརྗོད། གསུམ་པ་བུམ་པ་
(༣༥)སྟ་གོན་ནི། བུམ་པ་མཐིང་ཤུན་སྔོན་པོའི་མདོག་བསངས་ཤིང་དུར་ཁྲོད་རས་ཀྱིས་དཀྲི། ལྗོན་ཤིང་བཟང་པོས་ཁ་བརྒྱན་ཞིང་། །བདུད་རྩི་ལྔ་ཡིས་བུམ་པ་དགང་། །དབང་དང་བདུད་སེལ་གེགས་བསལ་པའི། །བུམ་པ་གསུམ་དུ་ཡང་དག་ངེས། །ཞེས་དང་། སྨན་ལྔ་འབྲུ་ལྔ་རིན་ཆེན་ལྔ། །སྤོས་དང་སྙིང་པོ་ལྔ་དག་དང་། ཁ་རྒྱན་མགུལ་རྒྱན་དེ་བཞིན་བཤམ། །ཞེས་པས་མཚན་ཉིད་སྤྱི་དང་བྱེ་བྲག་པ་ཚང་བའི་བུམ་པ་གསུམ་རྒྱུན་འབབ་ཀྱི་ཆུས་སུམ་གཉིས་བཀང་ལ་བཅུད་རྫས་ཉེར་ལྔའི་སྟེང་དུ་བདུད་རྩི་ལྔ་བསྣན་པའི་སུམ་ཅུ་བ་བཏབ། རྒྱ་ཤུག་དཀར་པོའི་ཁ་རྒྱན་དང་བཅས་སྟེགས་ལ་བཀོད། བུམ་པའི་ནང་དུ་ལྷ་ཚོགས་བསྐྱེད་པ་ལ་དམིགས་ནས་བཟླས་པ་བྱ་སྟེ། རྡོ་རྗེ་གཞོན་ནུའི་རིགས་ཀྱི་ལྷ། །ཡེ་ཤེས་ཁྲོ་བོ་ཐུགས་བསྐུལ་སྔགས། །ལྷ་ཡི་སྔགས་རྣམས་རབ་ཏུ་བཟླས། །ཁྲི་དང་སྟོང་གིས་དངོས་གྲུབ་འབྱུང་། །ཞེས་དང་། འཇིག་རྟེན་སྣང་བྱེད་ལས། །ཡབ་དང་ཡུམ་དང་ཤེས་རབ་ཐབས། །བུམ་པའི་ནང་དུ་བྱང་ཆུབ་སེམས། །ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་དབང་། །ཅེས་པ་ལྷར་ལས་མཐར་བུམ་པའི་ལྷ་འོད་བཞུ་བྱའོ། །བཞི་པ་སློབ་མ་སྟ་གོན་ནི། ཁྲུས་ནས་དབྱུང་། བགེགས་བསྐྲད། མཎྜལ་ཕུལ་ཏེ་འདུག་ནས་བཤགས་པ་བྱ་བ་ནི། རྡོ་རྗེ་ཁྲོས་པ་ལས། ཡེ་ཤེས་ལྔ་ལྡན་བླ་མ་རྡོ་རྗེ་འཛིན། །རྡོ་རྗེ་རིགས་ཀྱི་ལྷ་ཚོགས་དགོངས་སུ་གསོལ། །ཁྲག་འཐུང་ཁྲོ་བོ་ཁྲོ་མོས་བྱིན་གྱིས་རློབས། །བདག་གི་ལུས་ཀྱིས་སྲོག་གཅོད་མ་བྱིན་བླངས། །མི་ཚངས་སྤྱད་ཅིང་ཏིང་འཛིན་སྐུ་མ་གསལ། །སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །བདག་གི་ངག་གིས་རྫུན་དང་ཕྲ་མདང་། །ངག་འཁྱལ་ཚིག་
(༣༦)རྩུབ་བཟླས་བརྗོད་གྲངས་མ་སྐྱོལ། །རྡོ་རྗེ་བཟླས་པའི་དོན་ནི་མ་རྟོགས་ཏེ། །གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །བདག་གིས་སྣོད་ལྡན་སེམས་ཅན་ཐམས་ཅད་ལ། །བརྣབ་སེམས་གནོད་སེམས་ལོག་ལྟ་སྐྱེས་པ་དང་། །ཆོས་ཉིད་ཟབ་མོའི་དོན་ནི་མ་རྟོགས་ཏེ། །ལྟ་བ་ཐུགས་ཀྱི་དམ་ཚིག་ཉམས་པ་བཤགས། །སེམས་ཅན་ཐམས་ཅད་ཡེ་ནས་སངས་རྒྱས་རྒྱུ། །མ་རྟོགས་བདག་གིས་བརྔན་དང་སྐྱོན་དུ་བགྲངས། །སངས་རྒྱས་ཡོན་ཏན་མཐའ་ཡས་མ་བརྗོད་ཅིང་། །ཡོན་ཏན་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །སངས་རྒྱས་ཕྲིན་ལས་སྣ་ཚོགས་དཔག་མེད་ཀྱི། །སྙིང་རྗེ་ཆེན་པོས་སེམས་ཅན་དོན་མ་བྱས། །བདུད་རྩི་ལྔ་ལ་ལོངས་སྤྱོད་མ་ནུས་ཤིང་། །ཕྲིན་ལས་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །སྐྱེ་བ་རྣམ་བཞིས་བསྡུས་པའི་སེམས་ཅན་རྣམས། །ཆོས་སྐུ་རྣམ་དག་དབྱིངས་ལས་གཟུགས་སྐུར་སྣང་། །བདེ་བ་ཆེན་པོས་ཀུན་ལ་ཁྱབ་དམིགས་ཏེ། །ཡང་དག་དོན་མ་རྟོགས་པ་མཐོལ་ལོ་བཤགས། །ཨཱོཾ་ཨ་བཛྲ་ས་ཏྭ་ཨཱཧཱུྃ། ཞེས་སྙིང་ཐག་པ་ནས་བཤགས་སུ་བཅུག་སྟེ་རྒྱུད་དག་པར་བྱའོ། །དེ་ནས་སྡོམ་པ་བཟུང་བའི་གསོལ་གདབ་ནི། སྐྱེ་རྒ་ན་དང་འཆི་བ་ཡི། །ཆུ་སྲིན་པིར་སོགས་འཇིགས་བྱེད་ལས། །གདོན་པར་ནུས་པ་པྱོད་འབའ་ཞིག །དགའ་ཆེན་ཁྱོད་བདག་སྟོན་པར་བས། །མགོན་པོ་ཆེན་པོ་བདག་ལ་སྩོལ། །བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་བ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་ཆེན་པོས་གཟུང་དུ་གསོལ། །
(༣༧)ལན་གསུམ། སྡོམ་པ་བཟུང་བ་དངོས་ནི། ཞེ་སྡང་ཡོངས་སུ་དག་པའི་རྒྱུད་ལས། སོ་སོར་ཐར་པ་དང་པོར་བྱིན། །དེ་ནས་བྱང་ཆུབ་སྡོམ་ཆེན་བྱིན། །ད་ནས་དབུ་མའི་ཆོས་རྣམས་བཤད། །མཐར་ན་འབྲས་བུ་ཐེག་ཆེན་ཀྱི། །དབང་སྦྱིན་འབྲས་བུའི་རྒྱུད་འདི་བཤད། །ཅེས་སྡོམ་གསུམ་རིམ་པར་བཟུང་བའང་ཡོད་དེ། འདིར་རྩ་རྒྱུད་ཀྱི་རྗེས་སུ་འབྲངས་ནས་ཐེག་ཆེན་གྱི་རིགས་ལ་ནུས་པ་སད་པར་བྱ་ཕྱིར་སྨོན་འཇུག་སྤྱི་དང་བྱེ་བྲག་པ་སྟབས་གཅིག་ཏུ་བླང་བ་ཙམ་སྔགས་རང་གྱི་འགྲུབ་མཐར་དེས་ཤིང་དགག་བྱ་ཆུར་བས་འདིའི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་འཛིན་སོགས་དང་། །མཁའ་འགྲོའི་ཚོགས་རྣམས་དགོངས་སུ་གསོལ། །ཨོཾ་ཨཱཧཱུྃ། ཆོས་སྐུ་མཁའ་འདྲ་གཟུགས་སྐུ་འཇའ་ལྟར་སྣང་། །གསང་སྔགས་སྒྲ་སྙན་ལྟ་བུར་སྒྲ་བསྒྲགས་ཤིང་། །ཁྲོ་བོ་ཁྲོ་མོའི་ཚུལ་གྱིས་གདུག་པ་འདུལ། །བླ་མིང་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ལན་གསུམ་དང་། བདག་གི་ས་བྱང་ཆུབ་སེམས་མཆོག་ནི། །མ་ལུས་པ་ནི་བསྐྱེད་པར་བགྱི། །ངན་སོང་གསུམ་ལས་མ་གྲོལ་བ། །ལྷ་མི་གཉིས་སུ་དགྲོལ་བར་བགྱི། །མ་བསྒྲལ་བ་ཡི་ལྷ་མི་རྣམས། །བྱང་ཆུབ་ས་ལ་བསྒྲལ་བར་བགྱི། །དབུགས་མ་བྱུང་བའི་བྱང་ཆུབ་སེམས། །ས་བརྒྱད་པ་ལ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་པའི་མཐའ། །རྡོ་རྗེ་འཆང་ལ་རབ་ཏུ་དགོད། །ཨོཾ་ཨཱབཛྲ་སྭ་ཏྭ་ཧཱུྃ། ལན་གསུམ་གྱིས་བརྟན་པར་གཟུང་ངོ་། །དེ་ལྟར་བྱང་སའི་ཐུན་མོང་པའི་སྟེང་དུ་ཐ་མལ་གྱི་སྣང་ཞེན་ལྡོག་པའི་ཉེས་སྤྱོད་སྡོམ་པ། འཁྲུལ་སྣང་ཡེ་ཤེས་སུ་སྡུད་པའི་དགེ་བ་ཆོས་སྡུད། ལས་བཞིའི་ཕྲིན་ལས་ཀྱི་སྒོ་ནས་སེམས་
(༣༨)ཅན་དོན་བྱེད་དེ་བྱང་སྡོམ་བྱེ་བྲག་བ་འམ་དེ་ལས་འདའ་བར་བྱ་བ་མ་ཡིན་པའི་ཆ་ནས་དམ་ཚིག་ཏུ་བཏགས་པའི་གནས་རྣམས་བཟུང་ངོ་སྙམ་པས་འདིའི་རྗེས་ཟློས་མཐོང་། ཨོཾ་ཨཱབཛྲ་སཏྭ་ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །འགྲོ་བ་རིགས་དྲུག་སེམས་ཅན་རྣམས། །དུག་ལྔ་ཉོན་མོངས་ཚར་གཅད་ཕྱིར། །རིགས་ལྔ་ཕྲག་འཐུང་ཉིད་དུ་བརྗོད། ཨཱ འགྲོ་བ་རིགས་ལྔར་གསལ་བ་འདི། །རྟོག་འཇོམས་ཡེ་ཤེས་ལྔའི་རང་བཞིན། །ཡེ་ནས་སྐྱེ་མེད་ཆོས་སྐུ་ལ། །སྣང་བ་འཕྲུལ་པ་སྙིང་རེ་རྗེ། བཛྲཐམས་ཅད་རྡོ་རྗེའི་རང་བཞིན་ཏེ། །ཅིས་ཀྱང་མི་ཆོད་མི་ཤིགས་ཤིང་། །སྐྱེ་འགག་མེད་པ་རྡོ་རྗེའི་ངང་། །དེ་བཞིན་ཉིད་དུ་རྣམ་པར་དག །ས དབྱིངས་ལ་ངོ་བོ་མ་གྲུབ་ཀྱང་། །སྣང་བ་ཙམ་དུ་ཁྲག་འཐུང་སྐུ། །དུག་ལྔ་རྩད་ནས་གཅད་པའི་ཕྱིར། །རིགས་ལྔའི་ཁྲོ་བོ་རྣམ་པར་དག །ཏྭ རིགས་ལྔ་ཁྲོ་བོར་བསྒྲུབ་པ་ལ། །སྙིང་རྗེ་སེམས་ཅན་ལ་བསྐྱེད་ནས། །ཐར་བར་འདོད་པའི་བསམ་པ་ཡིས། །དམ་ཚིག་ལྔ་པོ་གཟུང་བར་བགྱི། ཧཱུྃ། ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས། །རིགས་ལྔ་འདུས་པའི་ཁྲོ་རྒྱལ་གཙོ། །རྡོ་རྗེ་གཞོན་ནུ་ཁྲོས་པའི་དཔལ། །སྐལ་ལྡན་རྣམས་ཀྱིས་ཐོབ་པར་ཤོག །ཅེས་ལན་གསུམ་གྱིས་ཐོབ་པར་ངེས་ཤེས་བསྐྱེད་དོ། །དེ་ནས་སློབ་མའི་སྐྱེ་མཆེད་ལྷའི་ཕྱག་རྒྱར་བྱིན་གྱིས་རློབ་པ་ནི། གནས་སོ་སོར་རྡོ་རྗེ་དང་བཅས་པའི་དྲིའི་ཐིག་ལེས་རེག་ཅིང་། ཨོཾ གཙུག་གཏོར་སངས་རྒྱས་ཁྲག་འཐུང་དཔལ། བཛྲ ལག་གཡས་རྡོ་རྗེ་ཁྲག་འཐུང་དཔལ། ས ལག་གཡོན་རིན་ཆེན་ཁྲག་འཐུང་དཔལ། ཏྭ རྐང་གཡས་ལས་ཀྱི་ཁྲག་འཐུང་དཔལ། ཨཱ རྐང་གཡོན་པདྨ་ཁྲག་འཐུང་དཔལ་ཧཱུྃ
(༣༩)།ཐུགས་ཀ་གསལ་བའི་དཀྱིལ་འཁོར་ཉིད། །ལུས་ཀྱི་དཀྱིལ་འཁོར་འདི་ཡིན་ནོ། །མཐོང་བས་རིགས་ལྔ་ཁྲག་འཐུང་སྐུ། །བཤགས་པས་ལུས་ངག་དག་པར་བྱེད། །ཨཱོཾ་བཛྲ་སཏྭ་ཧཱུྃ། །ཞེས་བརྗོད། རྒྱུད་ལས་སྲུང་བ་སོ་ཤིང་སྐྱོར་བའི་ཆུ། །ཀུ་ཤའི་སྔས་སྟན་སྟེང་དུ་ནི། །དུར་ཁྲོད་ཞིང་ལྤགས་སྟེང་ཉལ་རྨི་ལམ་བརྟག །ཅེས་པས། ཧཱུྃ་ལས་སྐྱེས་པའི་སྲད་བུ་དམར་པོ་སློབ་བུའི་ལུས་ཚད་དང་མཉམ་པ་གསུམ་ལྟ་བ་ལ་རྡོ་རྗེའི་མདུད་པ་གསུམ་དུ་བྱས་པ་ལས་ཆུས་བསངས་ཤིང་འཁྱིལ་བའི་སྔགས་ཀྱིས་བྱིན་གྱིས་བརླབས། ཁུ་རྡུལ་གཉིས་ཀྱི་ཆའི་བར་ཆད་བསྲུང་ཕྱིར་སྐྱེས་པའི་དཔུང་པ་གཡོན་དང་། བུད་མེད་ཀྱི་གཡས་སུ་བཅིངས་ཤིང་འཁྱིལ་པའི་སྔགས་དང་། ཨོཾ་སརྦ་བུདྡྷ་མི་ཏྲི་རཀྵ་རཀྵ་སརྦ་སྭཱ་ཧཱ། ཞེས་བཟླ་བཞིན་པར་ཕྱི་ནང་གི་བར་ཆད་བསྲུང་ཕྱིར་ཉིས་རིམ་དུ་བཅིངས། རྡོ་རྗེ་དང་བཅས་པའི་དྲི་ཆུས་མདུད་པ་ལ་རྒྱུ་གྲམ་དུ་རེག་པས་ལུས་རྡོ་རྗེའི་གོ་ཆས་ཞུ་ལུབ་ཏུ་གཡོགས་པར་བསྒོམ་ཞིང་། ལུས་ཀྱི་ཉེས་པ་དག་པ་དང་། །བསྲུང་དང་སྟ་གོན་གནས་པར་མཛོད། །ཨཱོཾ་བཛྲ་རཀྵ་རཀྵ་སྭཱ་ཧཱ། ཞེས་བརྗོད། དེ་ནས་སོ་ཤིང་གི་རྩ་བ་ཕུར་བུའི་རྣམ་པ་ཅན་ལ་རྩེ་མོར་མེ་ཏོག་གི་ཕྲེང་བ་གཅིངས་པ་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བྱིན་གྱིས་བརླབས་པ་སློབ་བུར་གཏད། དགོས་པ་ནི་ཕུར་པ་འཇིག་རྟེན་སྣང་བྱེད་ལས། དག་གི་ཉེས་པ་བསལ་བའི་ཕྱིར། །སོ་ཤིང་བྱིན་ལ་སོ་རྩ་ཕྲུད། །ཕྲིན་ལས་བཞི་ཡི་དངོས་གྲུབ་བརྟག །ཅེས་པས། ཁྲུ་གང་གྲུ་བཞི་པའི་མཎྜལ་པདྨ་འདབ་བརྒྱད་པ་མུ་ཁྱུད་ཀྱི་རྭ་བ་ཅན་ལ་དྲི་བཟང་དང་བ་བྱུང་གིས་སྤགས་པའི་ཚོམ་བུ་བཀོད་པའི་སྟེང་དུ་མཁའ་དབྱིངས་ཀྱི་རྒྱས་བཟུང་ནས་དངོས་གྲུབ་ཀྱི་ལྟས་བརྟག་པའི་
(༤༠)འདུན་པ་རྩེ་གཅིག་པས་དོར་དུ་འཇུག་ཅིང་ངག་ཏུ། ངག་གི་ཉེས་པ་བསལ་བ་དང་། །དབང་གི་ལྷ་རྣམས་བསྟན་དུ་གསོལ། །ཨོཾ་ཨཱ་ཛི༚་ཤམ་པ་ཏི་ན་ཧཱུྃ་ཕཊ། །ཅེས་བརྗོད། རིགས་ལྔའི་དངོས་གྲུབ་ཕྱོགས་བཞི་དབུས། །མཚམས་ཕྲན་སྟེང་མཁའ་འོག་ས་སྤྱོད། །རྩ་བ་རང་བསྟན་ལན་གསུམ་བསྐྱར། །གཡས་ཡོ་ཚེ་ཐར་གཡོན་ཡོ་སྦྱིན། །ཕྲེད་བསགས་མར་མེ་བརྒྱ་རྩ་སྦར། །ཀུན་ངན་བསགས་སྤྱད་རྒྱ་ཆེར་བྱ། །དེ་ནས་ཁྱོར་ཆུ་ནི། དུང་ཞལ་གྱི་ཆུ་བཾ་ལས་བདུད་རྩིའི་རྒྱ་མཚོར་གྱུར་པ་འབྲུ་གསུམ་གྱི་བྱིན་གྱིས་བརླབ། །སློབ་བུའི་ག་པ་གཡས་སུ་ལན་གསུམ་སྦྱིན། །ཅུང་ཟད་བཏུང་བའི་ལྷག་མ་དཔུང་པ་གཡོན་སྟེང་ནས་རྒྱབ་ཏུ་དོར་བས་སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག་པའི་མོས་པ་གྱིས་ཞེས་བརྡ་སྦྱར་ལ། སློབ་དཔོན་གྱིས། ཨཱོཾ་ཧཱུྃ་བི་ཤུད། དྷེ་སརྦ་ཧི་ནི་ཧཱུྃ་ཕཊ་པཱ་པཾ་དོ་ཤ་ཡས་རྦ་བི་ན་ལ་ཧཱུྃ་ཕཊ། བླུད་པས་ཡིད་ཀྱི་སྒྲིབ་པ་དག །སྟ་གོན་ལ་ནི་གནས་པར་མཛོད། །ཅེས་བརྗོད། ཀུ་ཤ་བསང་ཆུས་སྦྱངས། ཆུན་པོ་ཆེ་བ་ཧཱུྃ་དང་ཆུང་བ་དྷི་ལས་བྱུང་བའི་ཀུ་ཤ་སྔོན་པོ་རྩེ་རྩེ་མཉམས་ལ་རྨི་ལམ་མི་འཁྲུགས་པའི་ནུས་པ་ཅན་དུ་གྱུར་པ་ཆེ་བ་སྟན་གྱི་དོན་དུ་སློབ་དཔོན་གྱི་ལག་པ་གཡོན་དང་། ཆུང་བ་སྔས་ཀྱི་དོན་དུ་གཡས་པར་བཟུང་བ་བསྣོལ་ནས་གཏོད་ཅིང་། ཨཱོཾ་བཛྲ་ཏིཀྵྣ་པཾ། ཞེས་དང་། སློབ་མས། ཨཱོཾ་བཛྲ་ཏི་ཀུ་སིདྡྷི་ཧཱུྃ། །ཞེས་བླང་། དོ་ནུབ་བླ་མ་དང་དཀྱིལ་འཁོར་ལ་མོས་བརྩེ་གཅིག་པས་སྔས་བྱང་དུ་སྟོན་ལ་སེང་གེའི་ཉལ་སྟབས་ཀྱིས་བདུད་རྩེ་འཁྱིལ་བའི་སྔགས་བཟླ་བཞིན་བར་ཉོལ་ལན་ངས་པར་རྨི་ལམ་གང་ཡིན་པ་ངལ་སྨྲོས་ཤིག །ཅེས་བསྒོ། དེ་ཡང་གསང་དགོངས་ལས།
(༤༡)གསང་སྔགས་ཟབ་མོའི་དབང་མཆོག་འབྲས་བུ་ལ། །ལས་འཕྲོ་སྐལ་བར་ལྡན་དང་མི་ལྡན་པ། །ལུས་བཀྲུ་གོས་གཙང་གྱོན་ལ་ཉལ་བར་བྱ། །གསང་སྔགས་ཟབ་མོའི་དབང་མཆོག་ཐོབ་མི་ཐོབ། །རྡོ་རྗེ་སློབ་དཔོན་ཕྱག་ཆ་གནང་ཞིང་རྨི། །ཐུགས་ཀྱི་དངོས་གྲུབ་ཐོབ་པའི་རྟགས། །ལག་ཏུ་བྷནྡྷ་ཐོགས་པ་དང་། །ཀུན་གྱི་དམག་དཔོན་བྱེད་ཅིང་རྨི། །སྐུ་ལ་རྒྱན་ཆ་འདོགས་ཤིང་རྨི། །སྐུ་ཡི་དངོས་གྲུབ་ཐོབ་པའི་རྟགས། །གསེར་གཡུ་ལུས་ལ་བཏགས་པ་དང་། །གཞན་ཡང་ཟངས་ལྕགས་རིན་པོ་ཆེ། །བདག་ནི་རྟག་ཏུ་འཆང་ཞིང་རྨི། །ཡོན་ཏན་དངོས་གྲུབ་ཐོབ་པའི་རྟགས། །ལག་ཏུ་པདྨ་མེ་ཏོག་ཐོགས། །ཉི་དྲོ་ཟླ་གསལ་མེ་མཐོང་བ། །རྒྱ་མཚོ་ཆེན་པོ་བརྒལ་ཞིང་རྨི། །བདག་གི་ལུས་ཀྱང་བཤས་ནས་ནི། །ཤ་ཁྲག་མེ་ཡིས་ཟོས་ཤིང་རྨི། །གསུང་གི་དངོས་གྲུབ་ཐོབ་པའི་རྟགས། །མདའ་གཞུ་གོ་མཚོན་ཐོགས་པ་དང་། །རྩི་ཤིང་མང་པོ་སུམས་པ་དང་། །ནམ་མཁའ་ལ་ནི་འཕུར་ཞིང་རྨི། །ཕྲིན་ལས་དངོས་གྲུབ་ཐོབ་པའི་རྟགས། །ཞེས་སོ། །དེ་ལ་མཚན་མོ་ཐུན་བཞིར་བཅད། །དང་པོ་གསུམ་ནི་འདུ་བའི་འཁྲུལ། །ཐོ་རངས་བདེན་པས་རིག་པས་བརྟག །གཉིས་པ་དངོས་གཞི་ལ་གཉིས། དཀྱིལ་འཁོར་ཀྱི་བྱ་བ་དང་དབང་བསྐུར་བའོ། །དང་པོ་ནི། ཕྲིན་ལས་ཀྱི་རྒྱུད་ལས། དཀྱིལ་འཁོར་བརྐྱང་ནུལ་ཐིག་གདབ་ལ། །སྲད་བུ་ལྡ་དང་ལྡན་པ་ཡིས། །ཐིག་ནི་རབ་ཏུ་གདབ་པ་སྟེ། །ཞེས་པས། སྔར་ལྷ་སྟ་གོན་བྱས་པའི་གཞི་ལ་རཀྟ་དང་བདུད་རྩི་ལྔ་ལ་སོགས་པས་ཁྱིམ་མེད་པར་བྱུག་ཅིང་བརྐྱང་ནུལ་ལེགས་པར་བྱས་པ་ལ་ཐིག་གི་བྱ་བ་བསྒྲུབ་པ་ཡིན་ཏེ། གསང་བའི་དགོངས་
(༤༢)རྒྱུད་ལས། ཁམས་གསུམ་སྲིད་གསུམ་དབང་དུ་སྡུད་པའི་ཕྱིར། །རཀྟ་ཆགས་པའི་དབང་གིས་ཆག་ཆག་གདབ། །སྲིད་གསུམ་ཡེ་ནས་ཡེ་ཤེས་ཆེན་པོ་ལྔ། །གཏི་མུག་གསོགས་པའི་དུག་ལྔ་གནས་གཞོམ་ཁྱིར། །དམ་རྫས་བདུད་རྩི་ལྔ་ཡིས་ཆག་ཆག་གདབ། །རིན་ཆེན་སྣ་ལྔའི་ཁ་དོག་ཚོན་རྣམས་ནི། །འབྲུ་ལྔས་བྱིན་གྱིས་བརླབ་ཅིང་བྲི་བར་བྱ། །ཐབས་དང་ཤེས་རབ་གཉིས་མེད་ལས། །བྱང་ཆུབ་སེམས་ཀྱི་ཐིག་གདབ་བོ། །ཞེས་སོ། །དེ་ལ་ཐིག་ནི་དཔའ་བོའི་རིན་གྱིས་ཉོས་པའི་ས་བལ་གྱི་སྐུད་པ་ལྔ་ཚན་ལྔ་པའམ། །རྒྱུད་ལས། གཙང་མའི་སྤུ་དང་ཨ་ཤཏ་ཤུན། །ཞེས་པས་གཞོན་ནུ་མས་བཀལ་བའི་སྲད་བུ་ཚོན་སྣ་ལྔ་བསྲིད་དུ་དཀྱིལ་འཁོར་གྱི་ཉིས་འགྱུར་ལ་སྦོམ་ཕྲ་སྒོའི་ཉི་ཤུ་ཆར་བྱས་པ་སློབ་དཔོན་དང་གཟུངས་མ་གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་ལ་གནས་ཏེ་ཐིག་སྐུད་མ་དམིགས་པའི་ངང་ནས་རིགས་ལྔ་ཡབ་ཡུམ་གྱི་ངོ་བོར་གྱུར་པ་ཡབ་ཀྱི་སྐུར་བསྡུས་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་ཞུ་བ་ཡུམ་གྱི་མཁའ་ལ་སྤྲོས། ཛཛཛ ཞེས་ཡབ་ཡུམ་སོ་སོའི་རླུང་གི་འགྲོ་ལྡོག་དང་མཐུན་པར་ཡུམ་ལ་གཏད། རྟེན་འབྲེལ་སྙིང་པོས་རབ་ཏུ་གནས། སློབ་དཔོན་ཤར་དང་གཟུངས་མ་ནུབ་ཏུ་ཕྱོགས་པས། བྷྲཱུཾ་ཛྙཱ་ན་མ་དྷ་ལ་ཧཱུྃ། ཞེས་ལན་གསུམ་བརྗོད་ཅིང་ལྟེ་བའི་ཐད་ཀྱི་བར་སྣང་ལ་གཡས་པའི་མཐོ་བ་མཛུབ་ཀྱིས་བཟུང་། གཡོག་བས་ཐིག་སྐུད་བརྐྱང་ཞིང་སེ་གོལ་གཏོགས་པ་དང་བཅས་ཡེ་ཤེས་ཀྱི་ཐིག་ཚངས་ཐིག་གཉིས་ཙམ་མམ། བཞི་དང་བརྒྱད་དང་། བཅུ་དྲུག་ལ་སོགས་ཐིག་སྐོར་མ་ནོར་བར་གདབ་ཅིང་། ཐིག་གི་སྒྲ་ལས་བྲི་བྱའི་དཀྱིལ་འཁོར་ནམ་མཁའ་ལ་བཀྲ་ལམ་གྱིས་གསལ་བ་ལ་མཆོད་བསྟོད་ཀྱང་བྱ་བ་ཡིན་ཏེ། རྡོ་རྗེ་འབར་བ་ལས། ཐིག་
(༤༣)སྐུད་ཡེ་ཤེས་ལྔ་ལྡན་པ། །ལྟེ་བར་ཁུ་ཚུར་གཡོན་གྱིས་གཟུང་། །ལས་ཀུན་བྱེད་པས་བཟུང་ནས་ནི། །ནམ་མཁར་བཏབ་པས་རང་བཞིན་དང་། །ཏིང་འཛིན་དཀྱིལ་འཁོར་གསལ་བར་བྱེད། །གཟུགས་བརྙན་གསལ་ཕྱིར་ས་ཐིག་གདབ། །ཅེས་སོ། །དེ་ནས་ཐིག་གདབ་པ་ནི། ཕྲིན་ལས་ཀྱི་རྒྱུད་ལས། ལྷ་དང་གཉིས་མེད་གནས་པའི་ཐིག །མཆོད་བྱས་ཡེ་ཤེས་ཐིག་ནི་གདབ། །གཉིས་པས་གཟུགས་བརྙན་ཐིག་གདབ་པོ། །ཅེས་པས། ཐིག་སུད་ཟུར་པ་ཡོང་ན་དང་། མེད་ན་དེའི་ཡེ་ཤེས་པ་བཛྲ་མུས་གཤེགས་པ་ལ་ཐིག་སྐུད་གཉིས་པའི་ཐ་སྙད་བཏགས་པའི་ལས་ཐིག་དེ་ཉིད་བདུད་རྩི་ལྔ་དང་དཀར་ཚལ་གྱིས་སྔགས། ཐིག་ཆེན་བརྒྱད་ནས་བརྩམས་ཏེ་རིམ་པར་གདབ་ཚུལ་རྡོ་རྗེ་འབར་བ་ལས། ཤར་ནས་ནུབ་ལ་ལྷོ་ནས་བྱང་། །ཕྱི་ཡི་ཕྱོགས་བཞིར་རབ་ཏུ་གདབ། །མེ་དང་བདེན་བྲལ་མཚམས་གནས་ཏེ། །གྲུ་ཡི་ཐིག་ནི་མཉམ་པར་གདབ། །ཅེས་དང་། ཕྲིན་ལས་ཀྱི་རྒྱུད་ལས། ཚང་ས་ཐིག་དང་པོ་གདབ་པ་སྟེ། །ཚངས་ཐིག་གཉིས་པའང་དེ་བཞིན་གདབ། །དེ་བཞིན་ཕྱོགས་མཚམས་མ་འཁྲུལ་གདབ། །ཆ་བརྒྱད་དེ་བསྲེས་བཅུ་དྲུག་ཆ། །ཆ་ཕྲན་དྲུག་ཅུ་རྩ་བཞིར་གདབ། །དབུས་ཀྱི་ཕྱི་རོལ་བཅུ་དྲུག་བསྐོར། །ཕྱི་རིམ་སྒོ་དང་རྒྱན་དུ་བྱ། །ཞེས་བཤད་ཀྱང་རྒྱུད་ཐིག་འཇུག་པ་མི་བདེ་བས་མན་ངག་ཐིག་གིས་གསལ་བར་བྱས་པ་ནི། དང་པོ་ཚངས་ཟུར་ཐིག་ཆེན་བརྒྱད། །བྱ་རྗེས་ལ་བརྟེན་བཏབ་བྱས་ནས། །འཁོར་ལོའི་ཏོག་ནས་ཏོག་པར་གྱི། །མཚན་མ་ཚངས་ཐིག་རྩེ་ལ་བཏབ། །མཚན་མ་རེ་དང་ལྟེ་བའི་འཛོམ། །སྐེད་གཏུབས་
(༤༤)།ཐུར་ནས་གྲུ་བཞིར་གདབ། །རྩ་ཐིག་གམ་ནི་རྩིག་པའི་ནང་། །རྩ་ཐིག་དེ་དང་མཚན་མའི་བར། །ཕྱེད་གཏུབས་དེའི་ཡང་ནང་གཤེགས་པ། །སྒོ་ཚད་དམ་ནི་ཆ་ཆེན་གཉིས། །ཆ་ཆེན་ནང་མའི་མཐའ་གཉིས་གདབ། །རྩིག་པ་འདོད་སྣམ་ཕ་གུ་ཡིན། །ཕྱི་མའི་ཕྱེད་གདབ་ཕྱི་མའང་གདབ། །དྲ་ཕྱེད་ཤར་བུ་མདའ་ཡབ་བོ། །སྒོ་དང་སྒོ་ཁྱུད་ལ་སོགས་ཕྱིར། །ཚངས་པའི་གཡས་གཡོན་ཆ་ཆེན་ནི། །ཉིས་རེ་གདབ་པའི་ནང་མ་ནི། །ཕྱེད་གདབ་ཕྱི་མའང་གདབ་པར་བྱ། །དེའི་ཕྱི་ཆ་ཕྲན་བཞི་རུ་བགོ། །རིམ་བཞིན་སྒོ་ཁྱུད་སྒོ་འགྲམ་འོག། །རྩིག་མུན་ཀ་བ་ཀ་རྒྱན་ནོ། །རྟ་བབས་བཞི་པོ་ཆ་ཕྲན་རེ། །དང་པོའི་ཞེང་དང་ཀ་རྒྱན་མཉམ། །གཉིས་གསུམ་བཞི་པ་ཆ་རེ་བསྐུམ། །ཆུ་སྐྱེས་ཞེང་ནི་སྒོ་ཚད་ལ། །སྲིད་དུ་ཆ་ཕྲན་གཅིག་ཉིད་དོ། །འཁོར་ལོ་སྲིད་ཞེང་ཆ་ཕྲན་གཉིས། །གདུགས་ནི་ཆ་ཕྲན་ཏོག་དང་བཅས། །མུན་མཐོད་གླང་རྒྱབ་དབྱིབས་བྱ་ཕྱིར། །རྟ་རྣམ་གཉིས་པའི་ཕྱི་ཐིག་དང་། །ཚངས་ཐིག་རྒྱ་གྲམ་ཐེབས་ས་ནས། །ཆ་ཕྲན་གཉིས་བསྐོར་དབུས་མ་ཡིན། །རྟ་སྣམ་དང་པོའི་ཕྱི་ཐིག་དང་། །སྒོ་ཆད་གཡས་གཡོན་ཕྲད་མཚམས་ནས། །རང་རང་ཆ་ཕྲན་གཉིས་གཉིས་བསྐོར། །ནང་ཐིག་ཕྱིས་པ་མུན་པར་སྤྲེལ། །དེ་དག་ཀ་རྒྱན་རྩེར་བསྐྱེད་བསྐོར། །རྡོ་རྗེ་ར་བའི་ནང་ཐིག་ཡིན། །དེ་ནས་འཕྲེད་གཉིས་གྱེན་དུ་གཅིག །བྱིན་ལ་ར་བའི་ཕྱི་མཐའ་བསྐོར། །ཕྱི་རིམ་པདྨ་ཆ་ཆེན་ཕྱེད། །མཚན་བཟང་སུམ་ཅུ་རྩ་གཉིས་གྲངས། །ལྷ་སྣམ་དུར་ཁྲོད་ཆ་ཆེན་རེ། །ཐིག་འདི་ཕྱིར་སྔ། མི་འོང་། རྡོར་ཆ་ཕྱེད་མེ་རི་གཅིག །ཅེས་འདོམས་སོ། །དེའི་ཚེ་ཐིག་ལ་མི་འགོང་བའི་འདུན་པ་བསྒྱུར་བའང་། རྡོ་རྗེ་འབར་བ་ལས། ཡེ་ཤེས་
(༤༥)ཐིག་ལ་མི་འགོ་སྟེ། །ཏིང་འཛིན་འོག་ནས་འཛུལ་བར་བྱ། །ཞེས་སོ། །དེ་ནས་ནང་དང་ལྷ་གནས་ཚུལ། །ལྟེ་བ་ཆ་ཆེན་བཞི་ཟླུམ་སྐོར། །དབུས་སུ་ཆོས་འབྱུང་མཐིང་ནག་བྲི། །ཕྱི་རོལ་རྩིབས་བཅུར་ཆ་ཆེན་གཅིག །ཆོས་འབྱུང་དབུས་སུ་གཙོ་བོའི་མཚན། །མདུན་དུ་སྒྲོལ་ཡུམ་ཟླ་གམ་དམར། །གསུམ་པོའི་གཡས་གཡོན་སྲས་བཞི་དང་། །རྒྱབ་ཏུ་གཅིག་པའི་ལྷ་མཚན་བྱ། སྤྱི་དྲིལ་ཞི་ཆེན་བཞི་ཟླུམ་སྐོར། །རྩིབས་བཅུའི་སྟེང་མ་ཤར་གྱི་ཤར། །འོག་མ་ནུབ་ཀྱི་ནུབ་བྱས་པའི། །ཁྲོ་བཅུ་སོ་སོའི་ལྷ་མཚན་དང་། །རྩིབས་མཆན་གཡས་གཡོན་ཕྲ་ཕྱག་བཀོད། །ཁྱམས་བཞིར་དབང་མོ་བདུན་བདུན་དང་། །སྒོ་ལ་སྒོ་སྲུང་མུ་རན་ལ། །དམ་ཅན་བཅུ་གཉིས་རྒྱུད་སོ་སོའི། །རང་ལུགས་དེ་མ་ཐག་ཏུ་སྟོན། །ཆེ་ཆུང་གི་ཚད་ནི། སོར་བཞི་ས་ནས་བཟུང་ནས་ནི། །ཇི་སྲིད་དཔག་ཚད་རྒྱང་གྲགས་པར། །སེམས་ཅན་བསམ་པའི་དབང་གིས་ནི། །ཚད་རྣམས་ངེས་པར་མ་གསུངས་སོ། །ཞེས་བཤད་ཀྱང་། རེ་ཞིག་གནས་དང་འབྱོར་བའི་དབང་དུ་བྱས་ན་ཡེ་ཤེས་རྩེ་མོ་ལས། སོར་མོ་ཉིས་བརྒྱ་རྩ་བཅུ་བརྒྱད། །མཁས་པས་དཀྱིལ་འཁོར་ཚད་དུ་བྱ། །ཞེས་སོ། །དུར་ཁྲོད་ལས་བྱུང་བའི་ཚོན་རྣམས་ཀྱང་དཔའ་བོ་འབྲུ་ལྔས་བརླབས་ཏོ་དགྱེ་བའི་ཚུལ་ཕྲིན་ལས་ཀྱི་རྒྱུད་ལས། སྔོན་པོ་ལ་སོགས་ཚོན་རྣམས་ནི། །དབང་པོ་འབྲུ་ལྔས་བྱིན་གྱིས་བརླབས། །གཞུང་དང་མཐུན་པར་ཚོན་བཀྱེ་སྟེ། །ཞེས་དང་། གཞན་ཡང་། རྡུལ་ཚོན་ཁ་བ་བབ་བབ་ཞིན། །གཡས་ནས་བསྐོར་ཏེ་རྒྱུན་མི་གཅད། །ཅེས་སོ། །རྣམ་བཞི། རྡོ་རྗེ་འབར་བ་ལས། གྲུ་བཞི་བ་ལ་སྐོ་བཞི་པ།
(༤༦)འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བཅས། བར་ཁྱམས་སྒོ་ཁྱུད་ལྡན་པ་ལ། །རྟ་བབས་ཀྱིས་ནི་མཛེས་པ་དང་། །ཧཱ་ར་ཧཱ་ར་ཕྱེད་ཉི་ཟླ། །དྲིལ་བུ་དར་དཔྱངས་འཕན་ལ་སོགས། །ཐོད་སྦྲུལ་ཉ་ཟླས་བརྒྱན་པ་ལ། །ཞེས་སོ། ཀརྨ་གུ་རུས་རྒྱུད་ལས། །ལྟེ་བ་ནག་པོ་འཁོར་ལོ་སེར། །གསེར་བྱམས་ཝ། ཁྱམས་གཉིས་དགོས་པ་འོག་གི་ཤེས་སོ། །དེ་ཡི་གོང་རས་ནག་པོར་བྱ། །གསེར་བྱམས་སེར་ལ་ཁྲག་ཁྱམས་དམར། །གྲུ་ཆད་ལྗང་གུ་ལྕགས་རི་ནག །ཅེས་པ་དང་ཡང་བསྟུན་ནོ། །གཞན་ཡང་གསང་བའི་དགོངས་རྒྱུད་ལས། །འཁོར་ལོ་བརྒྱད་ཐིག་དག་ཏུ་གདབ། །དབུས་སུ་དྲག་པོ་གྲུ་གསུམ་ལ། །ཟླ་གམ་དམར་པོ་དབང་གི་ཚུལ། །ད་འབྱུག་ཉེར་བརྒྱད་ཀྱི་གནས་ཡེ་ཤེས་རྩེ་མོ་ལས་བཤད་པའི་རྣམ་པར་གསོད་བྱེད་ཀྱི་ཁྲོ་བོ་རྣམས་ཀྱི་གནས་མཚོན་པ་ཡིན་ནོ། །ཟླུམ་པོ་གྲུ་བཞི་རྒྱས་པའོ། །གྲུ་ཆད་བཞིས་ནི་རྣམ་པར་བརྒྱན། །གྲུ་བཞི་སྒོ་ཁྱད་བཞི་དང་ལྡན། །ཅེས་དང་། ལས་བཞི་སོ་སོའི་དཀྱིལ་འཁོར་གྱི་རྣམ་གཞག་ཀྱང་དེའི་ལེའུ་གསུམ་པས་སྟོན་ལ། གཞན་རྣམས་སྒྲུབ་ཐབས་དང་བསྟུན་པར་བྱའོ། །དེའི་ཚེ་སྤྱོད་ཡམ་གཟབ་པའི་ཚུལ་ཡང་། ངས་སྐུད་པ་ཆད་ན་སློབ་དཔོན་འཆི། །ཐིག་སྣེ་ཤོར་ན་སློབ་བུ་འཆི། །ཕྱོགས་འཁྲུལ་པས་ནི་གཉིས་ཀ་ཉམས། །རྒྱུན་ཆད་ལམ་ལ་གནོད་པར་འགྱུར། །དེ་ཕྱིར་མཁས་པས་བསྒྲིམས་ཏེ་བྱ། །ཞེས་དང་། དེ་ཡང་ཐོག་མར་སློབ་དཔོན་དང་དེ་ན་དཔོན་སློབ་ཐམས་ཅད་ཀྱིས་གཡས་སུ་འཁོར་བར་སྲབ་འཐུག་མེད་ཅིང་སྙོམས་པར་བྲིས་ནས་རྩིག་པ་སྤྲེལ་བའི་ཚེ་བྲ་བརྟག་པའི་ཚུལ་ཡང་ཀུ་ཀུ་རཱ་ཛས། རེ་ཁཱ་དམའ་བས་མི་འགྲུབ་ཅིང་། ཡོན་པོས་གདུང་བསྐྱེད་པར་བྱེད། ཆད་པས་སློབ་དཔོན་སློབ་མ་དག །འཆི་འམ་ན་གང་
(༤༧)འགྱུར་བ་ཡིན། །ཆད་ལྷག་ལས་ནི་ནད་འབྱུང་ཞིང་། །ཕྱོགས་འཁྲུལ་རྨོངས་པའི་གནས་སུ་འགྱུར། །ཞེས་པ་ལྟར་རོ། །དེ་ནས་སློབ་དཔོན་ནམ་རྒྱལ་ཚབ་ཀྱིས་ལྷ་མཚན་དགོད་པའི་ཚུལ་ནི་ཡེ་ཤེས་རྩེ་མོ་ལས། ལས། ལ་ལུང་ཐོབ་གང་ཡིན་པས། །ཕྱག་རྒྱ་དགོད་པ་བརྩམ་པར་བྱ། །དབུས་མི་མཉམ་པ་ནི་རྡོ་རྗེ། །མིག་སྨན་གྱི་ནི་མདོག་དང་འདྲ། །གཙོ་བོ་གྲངས་དང་མཉམ་པ་ཡི། །རྩེ་མོ་འཕྲོ་བ་དབུས་སུ་བཞག །རྩིབས་བརྒྱད་པ་ནི་འབར་བ་སྟེ། །མདུན་དུ་ཡང་དག་གནས་པར་བྱ། །རྡོ་རྗེ་མཛེས་པ་ད་ལྟར་རོ། །འོད་ཟེར་དུ་མའི་རིན་པོ་ཆེ། །རང་གི་གནས་སུ་གཞག་པར་བྱ། །ཞེས་པའི་ལྟེ་བ་ལ་རྡོ་རྗེ་རྩེ་གསུམ་ནག་པོ་དང་། སྲས་མཆོག་ལྔ་ལ་སོ་སོའི་རིགས་ཀྱི་ཕྱག་མཚན་རང་མདོག །རྩིབས་བརྒྱད་ལ་ཁྲོ་བཅུ་སོ་སོའི་རིགས་ཀྱི་མཚན་མ་ཡོངས་དག་གི་རྒྱུད་དང་བསྟུན་ན། བརྒྱ་བྱིན་ཕྱོགས་སུ་རྡོ་རྗེ་ལ་གདངས་བྲི། །མེར་ནི་རྡོ་རྗེ་རིན་ཆེན་བྲི། །གཤིན་རྗེའི་ཕྱོགས་སུ་རྡོ་རྗེ་མདའ། །བདེན་བྲལ་ཕྱོགས་སུ་རྡོ་རྗེ་གཞུ། །ཆུ་བདག་རྡོ་རྗེ་ཀྱོ་བ་བྲི། རླུང་གི་ཕྱོགས་སུ་རྡོ་རྗེ་མེ། །གནོད་སྦྱིན་ཕྱོགས་སུ་རྡོ་རྗེ་དབྱུག །དཔང་ལྡན་རྡོ་རྗེ་རྩེ་གསུམ་བྲི། །ཤར་སྟོད་རྡོ་རྗེ་ཐོད་པ་བྲི། །ནུབ་སྨད་རྡོ་རྗེ་རྐང་པ་བྲི། །ཞེས་སོ། །དེ་ཡང་སྟེང་རྣམ་རྒྱལ་ཤར་གྱི་ཤར་དང་། འོག་སྟོབས་པོ་ཆེ་ནུབ་ཀྱི་ནུབ་ཏུ་བཀོད་ཅིང་རྩིབས་མཆན་རྣམས་འཁུར་བ་གཉིས་གཉིས་དང་ལྷག་མ་རྣམས་ནི། ཀརྨ་ཀུ་རུའི་རྒྱུད་ལས། དེ་ཡི་ཕྱི་རོལ་སྣམ་བུ་ལ། སྲུང་མ་རྡམས་ནི་སྤེལ་མར་བཀོད། །ཐོང་གཤོལ། །སྒོ་ལ་སྒོམ་བཞི་རྣམས་ཏེ། །ལྕགས་རིལ་ནི་དབང་ཕྱུག་མ། །དོན་གྱི་སངས་རྒྱས་ཡིན་མོད་ཀྱང་། །བྲན་གྱི་ཚུལ་དུ་མུར་ན་བཞུགས། །
(༤༨)ཞེས་བཤད་ཀྱང་འདིར་རྩ་བཤད་ཀྱི་རྗེས་སུ་འབྲངས་ནས་དབང་མོ་ཉེར་བརྒྱད་ཁྱམས་བྱི་ཕྱོགས་བཞིར་བཞུགས་པ་ལྟར་བཀོད་དེ། །དེ་ལྟར་བཀོད་ནས་སྟ་གོན་གྱི་དུས་ན་མ་ཤེས་པ་ནམ་མཁར་བཞུགས་པ་རྣམས་ཕྱག་རྒྱ་བཞི་སྔགས་དང་བཅས་པས་དལ་ལ་བསྟིམ་མོ། །དེ་ནས་རྒྱན་དང་མཆོད་རྫས་དཀྲམ་པའི་ཚུལ་ཡང་གསང་རྒྱུད་ལས། །ཕྱི་ནང་གསང་བའི་མཆོད་རྫས་དང་། །མདའ་དང་ཕུར་བུ་རལ་གྲི་དང་། །མེ་ལོང་དར་སྣ་སྲུང་སྐུད་དང་། །ཞེས་དང་། ཕྲིན་ལས་ཀྱི་རྒྱུད་ལས། དྲག་པོའི་རྫས་རྣམས་རབ་ཏུ་གསོག །ལྷུ་དུམ་བཅད་འཕྲོ་དུམ་བུ་དང་། །སྒལ་ཚིགས་ཀླད་པ་ཁྲག་དང་མགོ། །གྲུག་སུམ་མཐིང་ནག་གཏོར་མར་བཅས། །དུག་སོགས་དྲག་པོའི་རྫས་རྣམས་མ་དག །མཁའ་འགྲོའི་རྫས་དང་བཅས་པ་ནི། །བསགས་ཏེ་མཆོད་པ་བྱ་བ་ཡིན། །ཞེས་པས་དཀྱིལ་འཁོར་གྱི་རྒྱན་དང་མཆོད་རྫས་དྲག་པོར་འོས་པ་དག་དང་། སྔར་སྟ་གོན་དུ་གྲུབ་པའི་བུམ་པ་གསུམ་ལ་སོགས་དབང་རྫས་རྣམས་མ་ཚང་པ་མེད་པར་འདུ་བའོ། །གཉིས་པ་དབང་གི་བྱ་བ་ལ་གསུམ། དཀྱིལ་འཁོར་སྒྲུབ་པ་དང་། བདག་ཉིད་འཇུག་པ་དང་། གཞན་ལ་དབང་བསྐུར་བའོ། །དང་པོ་ནི། རྩ་རྒྱུད་ལས། རྫས་རྣམས་ཕུན་སུམ་ཚོགས་ལྡན་པ། །ལྷ་རྣམས་བསྒྲུབ་པ་ཚུལ་བཞིན་བྱ། །ཞེས་པས་བསྐྱེད་རྫོགས་ལ་གོམས་པ་བརྟན་པས་བདག་མདུན་བུམ་གསུམ་འཇུག་པ་གཅིག་པའང་རུང་ལ། །མོས་པས་སྤྱོད་པ་རྣམས་ནི་སོ་སོར་ཆོག་ཐ་དད་བས་དམིགས་རྣམ་བྱེད་པ་ཉིད་ལེགས་སོ། །གཉིས་པ་བདག་འཇུག་ནི། གསང་དགོངས་ལས། གསོལ་གདབ་དབང་ཡང་ནོད་པར་བྱ། །སྐུ་དང་གསུང་དང་ཐུགས་དང་ནི། །ཡོན་ཏན་ཕྲིན་ལས་ལྔ་རུ་
(༤༩)བསྐུར། ཕྱོགས་བཅུ་སྲོག་ལ་དབང་བསྐུར་བས། །སྲོག་ནི་ཡེ་ཤེས་གྱུར་ནས་ནི། ཁམས་གསུམ་སྒྲོལ་བའི་དབང་བསྐུར་རོ། །ཞེས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་ལྷའི་རྣམ་པར་སྤྱན་དྲངས་ཏེ། རིག་པའི་དབང་ལྔ་བསྐུར་བའི་བྱ་བ་མཛད་པའི་ཚེ་བདེ་སྟོང་ཟུང་དུ་འཇུག་པའི་ཉམས་གསར་དུ་སྐྱེས་པ་ལ་དབང་རྣམ་པ་བཞིའི་རིམ་པ་དང་། བྱང་ཆུབ་སེམས་ཀྱི་རང་བཞིན་བུམ་དབང་གི་ཆུས་དྲི་མ་མཐའ་དག་སྦྱངས་ནས། ཆུ་ལྷག་མ་གྱེན་དུ་ལྡོག་པ་ཉིད་རིགས་ལྔའི་དབུ་རྒྱན་དུ་གྱུར་བར་མོས་པ་ནི་དཀྱིལ་འཁོར་གསུམ་གྱི་སྲོག་ཡེ་ཤེས་སུ་དབང་བསྐུར་བ་དང་། དེ་ལས་བདག་ཉིད་ཀྱང་གདོད་ནས་གྲུབ་པའི་དཀྱིལ་འཁོར་དུ་གསལ་བའི་གནས་གསུམ་དུ་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་ལ་ཕྱག་མཚན་གསུམ་དང་ས་བོན་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་གྱི་ལས་དང་ཉོན་མོངས་པ་སྦྱངས། མ་རྟོགས་པར་འཁོར་བའི་རང་བཞིན་རྟོགས་པ་བྱང་ཆུབ་ཀྱི་སེམས་སུ་བསྒྲལ་ནས་བདག་དང་གཉིས་སུ་མེད་པར་བསྡུ་བ་ནི་ཁམས་གསུམ་གྱི་སྲོག་ལ་དབང་བསྐུར་བཞེས་བྱ་སྟེ། སྔ་མ་ལས། ཁམས་གསུམ་ཡེ་ནས་སངས་རྒྱས་ཡིན། །རྟོག་པའི་དབང་གིས་འཁོར་བ་རྣམས། །གཉིས་མེད་བྱང་ཆུབ་སེམས་སུ་བསྒྲལ། །སླར་འདུས་བདག་ལ་དབང་བསྐུར་རོ། །ཞེས་སོ། །འདི་ནི་ཕུར་པ་རང་ལུགས་ཀྱི་བདག་འཇུག་གི་དོན་པོ་སྔོན་ཆད་གཞན་གྱིས་མ་རྟོགས་པ་མང་སྟེ། རྣམ་པའི་བྱ་བ་སློབ་མ་ལ་ཇི་ལྟར་བསྐུར་བའི་ཆོ་གས་འཇུག་གོ །གསུམ་པ་ལ་གཉིས། དཀྱིལ་འཁོར་དུ་བཞུགས་
(༥༠)པ་དང་། །དེ་ལ་དབང་བསྐུར་བའོ། །དང་པོ་ནི། །རྩ་རྒྱུད་ལས། དར་དཀར་ཡོལ་བསྲེས་པ་རུ། །རྫས་དང་ལག་ཆ་ཀུན་བཀྲམ་ནས། །སློབ་མ་ལྔའམ་གཅིག་ཀྱང་རུང་། །གདོང་གཡོགས་དར་གྱིས་རབ་དཀྲིས་ལ། །དག་པའི་ཁྲུས་ཀྱིས་བསྐྲུས་བྱས་ནས། །རིན་ཆེན་སྣ་ཚོགས་སྙིམ་པར་བཟུང་། །ཞེས་དང་། སྐུ་གསུང་།ཐུགས་ཀྱི་ཡིག་འབྲུ་ཡིས། །དེ་ཡི་ལུས་ངག་ཡིད་གསུམ་བཀྲུ། །ཞེས་པས་འབྲུ་གསུམ་བཟླས་པའི་ལས་བུམ་གྱིས་ཁྲུས་བྱ། སློབ་མའི་བདུད་དང་བགེགས་བསལ་ཏེ། །ཡོན་ནི་ཁྲུས་ནི་ལེན་དུ་གཞུག །ཅེས་པས་བགེགས་བསལ་བའི་ཕྱིར་ཕྱི་རོལ་པ་ལ་གཏོར་མ་བྱིན་ནས་བསྐྲད་པ་དང་། བདུད་བསལ་བའི་ཕྱིར་རྒྱུད་ལས། ཁྲོ་བོ་ཡིག་འབྲུ་ཕྱག་མཚན་གྱི། །འཕྲོ་འདུས་བར་དུ་གཅོད་པ་བསལ། །ཅེས་པས་ཁྲོ་མོ་རྡོ་རྗེ་སྡེར་མོ་སོགས་ཀྱི་དྲག་སྔགས་བཟླས་པའི་ལས་བུམ་གྱི་ཁྲུས་ནས་དབྱུང་བ་དང་། བློ་བཅོས་པའི་ཆོས་བཤད་པ་སོགས་སྤྱི་ལྟར་བྱས་ནས། ཡིད་མཆོག་ཏུ་བྱ་བའི་ཕྱིར་མི་གདར། །བཛྲ་ཙཀྵུ་རྦྡྷ་ནྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱ། ཞེས་འཆིང་། ཨ་ཁཾ་ཝཱི་ར་ཧཱུྃ། ཞེས་ནམ་མཁའི་དཔའ་བོ་བོས་ནས་མེ་ཏོག་གཏད་པས་རིགས་ལྔའི་ས་བོན་རང་རང་ལས་སྐྱེས་པའི་མེ་ཏོག་གི་ཕྲེང་བ་སོ་སོའི་ས་བོན་གྱིས་མཚན་པ་རེ་སྙི་མ་པར་བཟུང་བར་བསྒོམ། དེ་ནས་སློབ་མ་རྣམས་ཀྱིས་ཡོལ་བའི་ཕྱི་རིལ་ནས་གསོལ་བ་གདབ་པ་ནི་ཁ་ཤད་རྒྱུད་ལས། ཁྲག་འཐུང་རྡོ་རྗེ་ཧེ་རུ་ཀ །བདག་གི་བདུད་རྩི་ལྔས་མཆོད་དེ། །བདག་ནི་རབ་ཏུ་བསྒྲལ་སླད་དུ། །མི་ཕྱེད་རྡོ་རྗེ་བདག་ལ་སྩོལ། །ལན་གསུམ། སློབ་དཔོན་གྱིས། སྐལ་ལྡན་རིག་འཛིན་རིགས་ཀྱི་བུ། །ལྷག་པའི་
(༥༡)བསམ་པ་བཟང་པོའི་ཕྱིར། །ད་ལྟའི་དུས་ནས་སེམས་བསྐྱེད་ནས། །བུ་ཁྱོད་དགའ་བ་ཅི་ལ་དགའ། །ཞེས་པའི་ལན་དུ་སློབ་བུས། བདག་ནི་སྐལ་བཟང་བདེ་ཆེན་ལ། །བདེ་ཆེན་མཆོག་ལ་བདག་དགའ་སྟེ། །བླ་མེད་བྱང་ཆུབ་འཐོབ་བྱའི་ཕྱིར། །ཁྲག་འཐུང་དཔལ་ལ་བདག་དགའོ། །ཞེས་བརྗོད་པ་ལ་དམ་ཚིག་བསྒྲགས་ནས་སྡོམ་པ་ཐུན་མོང་བ་བྱིན་པ་ནི་ཕྲིན་ལས་ཀྱི་རྒྱུད་ལས། དྲག་པོའི་ལས་ཀྱི་དཀྱིལ་འཁོར་འདིར། །རིགས་ཀྱི་བུ་ཁྱོད་འཇུག་པར་བྱོས། །སྤྱི་དང་ཁྱད་པར་ལྷག་པ་ཡི། །དམ་ཚིག་གཉན་ལས་ཁྱོད་མ་འདའ། །དཀྱིལ་འཁོར་གསང་བ་མ་མཐོང་ཞིང་། །གསང་བ་དམ་པ་མ་མཐོང་ལ། །གསང་བ་དམ་པ་སྨྲ་མ་བྱེད། །ཁྱོད་ཀྱིས་སེམས་ཅན་སྲོག་མ་གཅོད། །མ་བྱིན་ལེན་པ་རྫུན་ལ་སོགས། །མི་དགེའི་ལས་རྣམས་སྤང་བར་བགྱི། །ཞེས་དང་ཐེག་ཆེན་གྱི་རིགས་སད་པར་བྱེད་པའི་སྨོན་འཇུག་སྟབས་གཅིག་པ་སྔར་སྟ་གོན་བཞིན་དུ་བྱིན་ནས་རྡོ་རྗེའི་རྣལ་འབྱོར་དུ་སེམས་བསྐྱེད་པའི་ཕྱིར་གསོལ་བ་གདབ་པ་ནི། རྩ་རྒྱུད་ལས། རྡོ་རྗེ་ཡེ་ཤེས་ཆེན་པོ་ཡི། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟེ། །དེ་རིང་བདག་ལ་དབང་བསྐུར་ཤོག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། །མ་ལུས་གཞུང་བཞིན་བསྒྲུབ་ནས་ནི། །སྐུ་གསུང་ཐུགས་ཀྱི་ཕུར་པ་བཞིན། །ཡེ་ཤེས་རྡོ་རྗེ་དཀྱིལ་འཁོར་དུ། །བདག་གིས་དད་པས་འཇུག་པར་བགྱི། །རྡོ་རྗེ་འཇོམས་བྱེད་ཆེན་པོ་ཡིས། །བདག་ལ་དབང་མཆོག་དེ་རིང་གསོལ། །ལན་གསུམ། སློབ་དཔོན་གྱིས། ད་ནི་ཡེ་ཤེས་རྡོ་རྗེ་སྟེ་
(༥༢)ཉོན་མོངས་རྣམ་རྟོག་འཇོམས་པའི་ཕྱིར། །འཇོམས་བྱེད་རྡོ་རྗེ་ཆེན་པོ་འདི། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །ཞེས་བརྗོད་ནས་སློབ་བུའི་སྙིང་གར་རྡོ་རྗེ་བཞག་ལ། ཁྱོད་གཞན་དོན་དུ་སངས་རྒྱས་སྒྲུབ་པར་འདུན་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ཉིད་སྙིང་གར་ཟླ་བ་ཉ་གང་བའི་སྟེང་དུ། དོན་དམ་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་རྩེ་ལྔ་པ་འོད་ཟེར་ལྔ་ལྡན་གྱི་རྣམ་པ་ཅན་དུ་སྒོམ་ལ་ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ཨཱོཾ་སརྦ་ཡོག་ཙིཏྟ་ཨུཏྤ་ཏ་ཡ་མཱི། ཞེས་ལན་གསུམ། འཇོམས་བྱེད་ཆེན་པོའི་དཀྱིལ་འཁོར་དུ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། །རྣམ་རྟོག་འཇོམས་ཕྱིར་ཡེ་ཤེས་གསལ། །སངས་རྒྱས་བདག་ལ་དབང་ལྡན་ཤོག །ཅེས་སྨོན་པ་མ་གདབ། དེ་ནས་སྔགས་སྡོམ་བྱེ་བྲག་པ་གཟུང་བའི་ཕྱིར་མོས་པ་བརྟན་པོས་འདིའི་རྗེས་ཟློས་མཛོད། ཅེས་བརྡ་འཕྲོད་པར་བྱས་ལ། ཧཱུྃ། སངས་རྒྱས་ཀུན་གྱི་འགྲུབ་པའི་གཞི། །བླ་མེད་རྡོ་རྗེའི་དམ་ཚིག་སྟེ། །དམ་ཚིག་འདི་ནི་གཟུང་བར་བགྱི། །བླ་མ་རྡོ་རྗེ་སློབ་དཔོན་དང་། །དཀོན་མཆོག་མཁའ་འགྲོ་མ་ཡང་གཟུང་། །ཕྱག་རྒྱ་སྔགས་རྣམས་རྒྱུན་མི་གཅད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བ་ཆེན་པོ་སྨྲ་མི་བྱ། །འདི་ནི་རྩ་བ་ལྔ་རྣམས་གཟུང་། །བསྒྲུབ་དང་བསྲུང་པའི་དམ་ཚིག་མཆོག །ཞེ་སྡང་གཏི་མུག་ཆགས་བརྐྱལ། དཀར་དམར་ལྡང་སེར་མཐིང་གའི་མདོག །དག་པའི་སྣོད་བཅུད་མི་དོར་རོ། །ཡན་ལག་བཅུ་ཡི་དམ་ཚིག་མདོ། བདག་གིས་བརྟན་པོར་གཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤང་ངོ་། །ལན་གསུམ་གྱིས་སྔགས་སྡོམ་ཐོབ་པར་ངེས་ཤེས་བསྐྱེད་དོ། །དེ་ནས་དཔལ་
(༥༣)བཞག་པ་ནི། དབང་ཐོབ་བྱ་དཀྱིལ་འཁོར་གྱི་བྱ་བ་ལ་བརྟེན་ནས་ཐོབ་ཀྱང་། དབང་འཛིན་པ་དམ་ཚིག་ལ་བརྟེན་ནས་འཛིན་པ་ཡིན་པས་ནན་ཏུར་དུ་སྨོས་པ་སྟེ་རང་སྔགས་ཀྱིས་བཟླས་པའི་དམ་ཆུ་བྱིན་ལ། དེ་རིང་ཁྱོད་ཀྱི་སྙིང་ལ་ནི། །རྡོ་རྗེ་སེམས་དཔའ་ཡང་དག་གནས། །གལ་ཏེ་ཚུལ་འདི་དྲལ་གྱུར་ན། །སྐད་ཅིག་གིས་ནི་དྲལ་ཏེ་གཤེགས། །དེ་བས་དམ་ལས་མ་བདའ་ཞིག །ཨཱོཾ་བཛྲ་རོང་ཋ་ཀ་ཧཱུྃ། དེ་རིང་ཕན་ཆད་བུ་ཁྱོད་ཀྱི། །ཕྱག་ན་རྡོ་རྗེ་ང་ཡིན་གྱི། །ང་ཡིས་སྨྲས་པ་ཐམས་ཅད་ཀྱང་། །ངེས་པ་ཁོ་ནར་བྱ་དགོས་སོ། །བདག་ལ་སྨད་པར་མ་བྱེད་ཅིག །གལ་ཏེ་སྨད་པར་བྱས་ན་ནི། །ཚེ་ཡི་འདུ་བྱེད་བྱས་ནས་ཀྱང་། །དམ་ཆུ་འདི་ཡིས་རྐྱེན་བྱས་ནས། །རྡོ་རྗེ་དམྱལ་བར་འཕྱུར་ཏ་རེ། །སྐལ་དང་ལྡན་པ་རིགས་ཀྱི་བུ། །ཁྱོད་ཀྱིས་བསྲུང་བར་བྱ་བ་ནི། །ལྷ་དང་བླ་མ་སྤུན་མི་སྤང་། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །གསང་བ་གཞན་ལ་སྤེལ་མི་བྱ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་སྟེ། །རྩ་བའི་དམ་ཚིག་ངེས་ཐུབ་ན། །དམ་ཆུ་འདི་ཡིས་རྐྱེན་བྱས་ནས། །ཡེ་ཤེས་སེམས་དཔའ་ཉིད་དུ་འགྱུར། །ཅེས་དང་། གསང་དགོངས་ལས། ཁྱོད་ལ་དམ་ཚིག་འབོག་པ་ནི། །ཡི་དམ་ལྷ་ལ་རྟག་པར་གནས། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །བླ་མ་མིག་གི་འབྲས་ལྟར་བལྟ། །རྡོ་རྗེ་སྤུན་ལ་བརྩེ་གདུང་ཆེ། །གསང་བའི་མན་ངག་ཐབས་མཆོག་འདི། །སྣོད་ངན་གཞན་ལ་མི་སྤེལ་ལོ། །རྒྱུད་འགྲེལ་བློ་ཞེན་བསྒྲུབ་ལ་ཞུགས། །སྦྱོར་སྤྲོལ་མཆོད་པ་རྒྱུན་མི་གཅད། །རྫས་དང་ལག་ཆ་རྟག་ཏུ་འཆོངས། །ལྟ་བ་ནམ་མཁའ་བཅོས་པ་མེད། །སྒོམ་པ་དང་བཞག་བླང་དོར་བྲལ། །སྤྱོད་
(༥༤)པས་གཞི་བཞིན་དུ་གྱིས། །དམ་ཚིག་འཇིགས་པའི་མཁར་བཞིན་བསྲུང་། །གསང་བའི་དམ་ཚིག་འདའ་བར་དཀའ། །གསང་སྔགས་སྟོན་པའི་སློབ་དཔོན་ལ། །སྨད་སེམས་འཕྱ་སེམས་བྱས་ན་ནི། །དངོས་གྲུབ་མེད་ཅིང་དམྱལ་བར་ལྟུང་། །སྲོག་ལ་བར་ཆད་མྱུར་དུ་འོང་། ཨ་མྲྀ་ཏ་ན་རཀྐ་ན། ཅེས་བརྗོད། དེ་ནས་ལྷ་དང་སྐལ་བ་མཉམ་པའི་རྟེན་འབྲེལ་སྒྲིག་ཕྱིར་འཇུག་པ་དངོས་ནི། རྒྱུད་ལས། ཁྲུས་དང་གཙང་སྦྲ་དྲི་ཞིམ་ལུས། །སྣ་ཚོགས་རྒྱན་གྱིས་རྣམ་པར་བརྒྱན། །ཧཱུྃ་སྙེམས་བྱམས་པའི་སྒྲ་ཡང་སྒྲོགས། །ཧི་ཧི་འཇིག་པའི་སྒོ་ཕྱེ་ནས། །དཀྱིལ་འཁོར་ཆེན་པོར་ཞུགས་པར་གྱུར། །ཞེས་པས། ཧཱུྃ་ཛབཾ་ཧོ ཧི་ཧཾ། ཞེས་ཚད་མེད་བཞི་དང་མཐུན་པའི་སྒོ་དབྱེ་བར་བསམ་ཞིང་། སློབ་མའི་ལག་པ་ནས་བཟུང་ལ་ཤར་སྒོ་ནས་རིམ་པར་གཡས་སྐོར་གྱིས་སྒོ་བཞིར་ཁྲིད་པར་མོས་ལ། །ཨོཾ་རཏྣ་པུཥྤེ་ཨ་བཱི་ར་ཧཱུྃ་ཁཾ། ཞེས་ཀྱང་བརྗོད། སློབ་མ་རྣམས་ཀྱིས། ཨོཾ་ནཱ་མ་ཏེ་ཧཱུྃ། ཨོཾ་ནཱ་མ་མེ་ཧཱུྃ། ཨཱོཾ་ན་མོ་ནཱ་མ་ཧཱུྃ། ཞེས་སྒོ་སོ་སོར་སྐུ་གསུང་ཐུགས་ཕྱག་བྱ་བ་ཡན་ནི་ཕྱི་འཇུག་གོ །ནང་འཇུག་ནི། ཐོག་མར་སློབ་མའི་རྣམ་སྨིན་གྱི་ཕུང་པོ་སྦྱངས་ནས་དཀྱིལ་འཁོར་གྱི་བདག་པོའི་སྲས་སུ་བྱ་བའི་ཚུལ་བཤད་རྒྱུད་ལས། སྲས་ཀྱི་མཆོག་ཏུ་རབ་ཏུ་དམིགས། །ཁྲག་འཐུང་འདུས་པའི་དཀྱིལ་འཁོར་ལ། །དབང་ནི་རབ་ཏུ་བླང་བར་བྱ། །ཞེས་པས་དང་པོར་གསོལ་བ་གདབ་པ་ནི། ཧཱུྃ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །རང་ཉིད་རྡོ་རྗེ་ཆོས་ཉིད་ལས། །འབར་བའི་ཁྲོ་བོ་མི་བཟད་པའི། །སྐུ་ཡི་དབྱིག་ཏུ་སྲས་བསྐྱེད་ཅིག །ཅེས་བརྗོད་པས། དཀྱིལ་འཁོར་གྱི་བདག་པོ་ཡབ་ཡུམ་བདེ་བ་ཆེན་པོའི་
(༥༥)རྦ་རླབས་གཡོས། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད་པའི་སྒྲ་དང་འོད་ཟེར་གྱིས་སློབ་མའི་རྣམ་སྨིན་གྱི་ཕུང་པོ་སྦྱངས། རྣམ་པར་ཤེས་པ་ལ་ངོ་བོ་ཉིད་མེད་པ་ནི་ཆོས་ཀྱི་སྐུ། དེའི་ངང་ལས་ལོངས་སྤྱོད་རྫོགས་པའི་རང་བཞིན་ཧཱུྃ་དུ་གྱུར་པ་ཡབ་ཀྱི་ཞལ་ནས་དྲངས། ཡུམ་གྱི་བྷ་གར་རྡོ་རྗེ་གཞོན་ནུར་སྨིན་པས་སྐུ་གསུམ་རྫོགས། བཛྲ་ས་མ་ཡ་ཛ ཞེས་བརྗོད་པས་ཕྱིར་ཕྱུད་སྟེ་ཡབ་ཀྱི་ཕྱག་རིགས་ལྔ་ཡབ་ཡུམ་དུ་གྱུར་པས་བླང་། ས་མ་ཡ་ཧོ ས་མ་ཡ་སྟྭ་མ། ཞེས་བརྗོད་པས་བདེ་བའི་རླབས་ཀྱིས་དབང་བཞི་བསྐུར། དེ་ལ་ཡེ་ཤེས་དབབ་པའི་ཕྱིར་སྦོས་རོལ་བྱ་ཞིང་རྫས་ཀྱི་སྦྱོར་བ་དམིགས་བསལ་བསྲེག་པ་དང་བཅས། ཧཱུྃ། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། སངས་རྒྱས་ཕྲིན་ལས་རྫོགས་མཛོད་པ། དབང་དང་བྱིན་རླབས་བདག་གསོལ་ཅིག །སངས་རྒྱས་འདུས་པ་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་སུ་བྱིན་གྱིས་རློབས། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨཱ་བེ་ཤ་ཡ་ཧཱུྃ་ཕཊ། ཞེས་ལན་མང་དུ་བརྗོད་ཅིང་། སློབ་མས་ལུས་ངག་ཡིད་གསུམ་དྲང་པོར་བྷག་པས་འདར་བ་དང་། གཡོ་བ་དང་ །སཾ་སྐྲི་ཏའི་སྒྲ་དང་། བརྡ་སྐད་དང་། གླུ་དང་ཉམས་དགའ་བ་དང་། བག་ཕེབས་པ་དང་། རྟོག་པ་ཐོད་རྒལ་དུ་སྐྱེ་བ་ནི་དབང་ལས་བྱུང་བའི་ཡེ་ཤེས་མ་ནོར་བ་ཉིད་དེ། མདོར་ན་སྒོ་གསུམ་ལ་བླང་དོར་མེད་པའི་སྤྱོད་པ་སྣ་ཚོགས་འཆར་རོ། ཕེགས་རྟགས་བྱུང་མ་ཐག་སྤྱི་བོར་རྡོ་རྗེ་རྒྱ་གྲམ་འཇོག་ཅིང་། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། མགུ་ལ་པྲ་ཏལ་ཧཱུྃ་ཕཊ། ཞེས་བརྗོད་
(༥༦)པས་བརྟན་པར་བྱ། དེ་ནས་རིགས་དང་ལས་འབྲེལ་བ་རྟག་པའི་ཕྱིར་དཀྱིལ་འཁོར་དངོས་སམ། རེ་ཁཱའི་ནང་དུ་མེ་ཏོག་སྔོན་པོ་སྣ་ཚོགས་ཕྱི་རོལ་དུ་མ་འདས་བར་དོར་ཞིང་བཤད་རྒྱུད་ལས། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །རྡོ་རྗེ་རིགས་ཀྱི་མེ་ཏོག་དོར་ནས་ཀྱང་། ཁྲག་འཐུང་རྡོ་རྗེ་རིགས་ཀྱི་ལྷ་ཚོགས་ཀྱི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རབ་འབྱམས་རྣམས། །སྐལ་ལྡན་རིག་འཛིན་བདག་ལ་སྩལ་དུ་གསོལ། །བདག་ནི་རྡོ་རྗེའི་རིགས་སུ་གཟུང་དུ་གསོལ། ཨོཾ་བྷོ་བྷི་ཙིཏྟ་བཱུ་རྩ་ཧོ། །དེ་ནས་བླ་མས་རིགས་དེ་དང་མཐུན་པའི་མིང་གདགས་ཤིང་དངོས་གྲུབ་ཐོབ་པར་ལུང་བསྟན་ནས་ལྷག་པའི་ལྷ་དེས་རྗེས་སུ་འཛིན་པའི་རྟེན་འབྲེལ་སྒྲིག་ཕྱིར་སླར་ཅོད་པན་སྤྱི་བོར་བཅིངས་ཤིང་། དེ་རིང་ཕན་ཆད་བུ་ཁྱོད་ཀྱི། །མིང་ནི་རྡོ་རྗེ་ཆེ་གེ་མོ། །རྡོ་རྗེ་ཀུན་གྲག་ཡིན་པར་ངེས། །རྡོ་རྗེའི་མཚན་གྱིས་ཀུན་གྲགས་ཤོག །ཅེས་དང་། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །བྱང་ཆུབ་རྡོ་རྗེ་ལམ་ནས་སྤྱན་དྲངས་ནས། །ཁྲག་འཐུང་རྡོ་རྗེ་རིགས་ཀྱི་ལྷ་ཚོགས་ཀྱི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རབ་འབྱམས་རྣམས། །སྐལ་ལྡན་རིག་འཛིན་ཁྱོད་ལ་སྦྱིན་པར་བྱ། །པུཥྤེ་ཨཱ་ཝེ་ཤ་ཡ་ཨཱ་ཨཱ། ཞེས་བརྗོད། དེ་ནས་མིག་དབྱེ་བ་ནི་རྩ་བཤད་ཀྱི་རྒྱུད་ལས་དངོས་སུམ་བསྟན་ཀྱང་། རྣལ་འབྱོར་ཆེན་པོ་ལས། མིག་དབྱེ་དཀྱིལ་འཁོར་དོན་རྟགས་རབ་ཏུ་བསྟན། ཞེས་པས། སློབ་དཔོན་གྱིས་མིག་ཐུར་ཐོགས་ལ། སྔོན་ཚེ་མིག་མཁན་རྒྱལ་པོ་ཡིས། །གསེར་གྱི་གཙགས་བུ་ཐོགས་ནས་ནི། །མིག་གི་ལིང་ཏོག་བསལ་བ་ལྟར། །ཐུགས་རྗེ་ཡེ་ཤེས་ཐབས་ལྡན་པས། །མི་ཤེས་རྨོངས་པའི་རབ་རིབ་དང་། །
(༥༧)མ་རིག་མུན་པ་བསལ་དུ་གསོལ། །དེང་ཁྱོད་རྡོ་རྗེ་སེམས་ཀྱིས་ནི། །མིག་ཀུན་ངེས་པར་འབྱེད་མཛད་པའི། །མིག་འབྱེད་པ་ལ་བརྩོན་པར་བྱེད། །རྡོ་རྗེའི་མིག་ཏུ་བླ་མེད་འགྱུར། །ཨཱོཾ་བཛྲ་ཛྙཱན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ། ཅེས་གདོང་གཡོགས་ཕྱེ། དེ་ནས་དཀྱིལ་འཁོར་བསྟན་པ་ནི། །ཆོས་རྣམས་གཟུགས་བརྙན་འདྲ་བ་ཡི། །རང་བཞིན་དག་པར་རློག་པ་མེད། །གཟུགས་བརྙན་གསལ་བའི་དཀྱིལ་འཁོར་དུ། །ཀུན་གྱིས་དྲི་མ་མེད་མཐོང་ཤོག །དཀྱིལ་འཁོར་ཉིད་ལ་ད་ལྟ་ཉིད། །དད་པའི་ཤུགས་ཀྱིས་བལྟ་བར་གྱིས། །ཁྱེད་ཀྱང་སངས་རྒྱས་རིགས་ལས་སྐྱེས། །སྔགས་དང་ཕྱག་རྒྱའི་བྱིན་རླབས་ཀྱིས། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། བཛྲ་མཎྜལ་བྲ་ཝེ་ཤ་ཡ་ཧོ། །ཨེ་མ་སྣོད་དང་ལྡན་པའི་བུ། །ཁྱེད་ནི་དཀྱིལ་འཁོར་ཆེན་པོ་འདིའི། །ཚོན་རྩི་མཐོང་བས་སྡིག་ལས་གྲོལ། །དེ་ཕྱིར་དད་པ་རབ་ཏུ་བསྐྱེད། །རྟགས་ཀྱི་དཀྱིལ་འཁོར་ཆེན་པོ་ནི། །དོན་གྱི་འོག་མིན་ཉིད་ཡིན་ཏེ། །བྱང་ཆུབ་ཕྱོགས་ཀྱི་ཆོས་ཀུན་དང་། །ས་ལམ་འབྲས་བུའི་ཡོན་ཏན་རྫོགས། །དེ་ན་བཞུགས་པའི་སངས་རྒྱས་ཀུན། །རང་གི་སེམས་སུ་ཤེས་པར་གྱིས། །སེམས་ནི་ཆོས་ཉིད་ལ་གནས་པས། །རང་བྱུང་ལྷུན་གྲུབ་དཀྱིལ་འཁོར་ཡིན། །ཞེས་མཐོང་བ་སྤྱིར་བསྟན་ནོ། །སྤྲོས་པ་ལ་དགའ་ཞིང་། །རྟེན་དང་བརྟེན་པའི་དག་སྦྱོར་ཇི་བཞིན་དུ་རྟོགས་པར་འདོད་ན་ངག་བརྒྱས་གྱུར་བརྗོད་པ་ལ་གཉིས། དང་པོ་རྟེན་གཞལ་ཡས་ཁང་གི་དག་པ་ནི་གསད་དགོངས་ལས། གཞལ་ཡས་གསལ་བའི་དོན་རྟགས་ནི། །གཞལ་ཡས་གྲུ་བཞིར་བྱུང་བ་ནི། །ཚད་མེད་བཞི་ཡི་དོན་རྟགས་
(༥༨)ཡིན། །ཕྱོགས་བཞིར་སྒོ་བཞི་བྱུང་བ་ནི། །རྣམ་ཐར་ཡེ་ཤེས་དོན་རྟགས་ཡིན། །རྟ་བབས་ཡང་དག་སྤང་བ་བཞི། །ཡེ་ནས་རྣམ་པར་དག་པའི་དོན་རྟགས་ཡིན། །དྲ་བ་དྲ་ཕྱེད་བརྒྱན་པ་ནི། །ཉོན་མོངས་གནས་སུ་དག་པར་དོན་རྟགས་ཡིན། །ཞིང་སྨུག་ཀ་བ་བརྒྱད་བཏེགས་པ། །འཕགས་པའི་ལམ་བརྒྱད་དོན་རྟགས་ཡིན། །ཚངས་པའི་གདུང་ལྔ་བཀྱེ་བ་ནི། །དུག་ལྔ་གནས་སུ་དག་པའི་དོན་རྟགས་ཡིན། །ཉི་ཟླའི་ཀ་གདན་ཀ་ཞུ་ནི། །ཐབས་དང་ཤེས་རབ་དོན་རྟགས་ཡིན། །ཞིང་གི་ཡ་ཁལ་མ་ཁལ་གྱིས། །ཡ་ཐེམ་མ་ཐེམ་བྱས་པ་ནི། །ཕ་མའི་ཆགས་སྡང་གནས་སུ་དག་པའི་དོན་རྟགས་ཡིན། །སྦྲུལ་ནག་སྐྱེས་བུ་བྱས་པ་ནི། །འཁོར་བཞེ་སྡང་བསད་པའི་དོན་རྟགས་ཡིན། །དུར་ཁྲོད་ཆེན་པོས་བརྒྱན་པ་ནི། །ཉོན་མོང་ཆོ་འཕྲུལ་སྔོན་དུ་ཕྱུང་། །ཡང་སྤྲུལ་སུམ་སྤྲུལ་གཏོང་ཅིང་ཟ་བའི་དོན་རྟགས་ཡིན། །འདོད་ཡོན་ལྷ་མོས་བརྒྱན་པ་ནི། །ལོངས་སྤྱོད་ལྔ་ལྡན་དོན་རྟགས་ཡིན། །རིན་ཆེན་ཕ་གུ་ལ་སོགས་བརྒྱན། །ཚུལ་ཁྲིམས་རྣམ་པར་དག་པའི་རྟགས། །རིན་ཆེན་སྣ་ལྔའི་རྩིག་པས་བརྒྱན། །ཡེ་ཤེས་ལྔ་ཡི་དོན་རྟགས་ཡིན། །ཟུར་སྒོར་རྒྱལ་མཚན་བཞི་ཡིས་བརྒྱན་པ་ན། །རྣམ་རྟོག་བདུད་ལས་རྒྱལ་བའི་དོན་རྟགས་ཡིན། །དཔག་བསམ་ཤིང་གིས་བརྒྱན་པ་ནི། །ཐུགས་རྗེས་ཡོངས་ལ་ཁྱབ་པའི་དོན་རྟགས་ཡིན། །རི་དྲགས་ཤ་རས་བརྒྱན་པ་ནི། །བྱང་ཆུབ་སེམས་དཔས་བསྐོར་བའི་དོན་རྟགས་ཡིན། །ཆོས་ཀྱི་འཁོར་ལོ་བསྐོར་བ་ནི། །ས་བཅུའི་བྱང་ཆུབ་སེམས་དཔའ་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་རྟགས་ཡིན། །ཞིང་གི་གདུགས་དང་འཕན་གྱིས་བརྒྱན་པ་ནི། །ས་ལ་
(༥༩)གནས་པའི་བྱང་ཆུབ་སེམས་དཔའ་ལ། །སོ་སོར་ཡང་དག་དོན་ནི་སྟོན་པའི་རྟགས། །ནང་ནི་ཐོད་པའི་གཞལ་ཡས་ཁང་། །གཟུང་འཛིན་གཉིས་དང་བྲལ་བའི་དོན་རྟགས་ཡིན། །དབུས་སུ་གྲུ་གསུམ་མཐིང་ནག་བྱུང་བ་ནི། །ཆོས་ཀྱི་དབྱིངས་ཉིད་སྐྱེ་མེད་ལས། །སྐུ་གསུང་ཐུགས་གསུམ་བྱུང་བའི་དོན་རྟགས་ཡིན། །ཟླ་གམ་དམར་པོ་གསུམ་དུ་བྱུང་བ་ནི། །སྲིད་གསུམ་དབང་དུ་སྡུད་པའི་དོན་རྟགས་ཡིན། །འཁོར་ལོ་རྩིབས་བརྒྱད་བྱུང་བ་ནི། །དོན་གྱི་འཁོར་ལོ་རྒྱས་པར་བསྐོར་བའི་དོན་རྟགས་ཡིན། །ཕོ་བྲང་ཟླུམ་པོར་བྱུང་བ་ནི། །སྐྱེ་མེད་ལྷུན་གྱིས་གྲུབ་པའི་དོན་རྟགས་ཡིན། །དཀར་པོ་ཟླུམ་པོར་བྱུང་བ་ནི། །ཞི་བ་ཆེན་པོའི་དོན་རྟགས་ཡིན། །སེར་པོ་གྲུ་བཞིར་བྱུང་བ་ནི། །རྒྱས་པ་ཆེན་པོའི་དོན་རྟགས་ཡིན། རྡོ་རྗེ་ར་བས་བསྐོར་བ་ནི། །ཐུགས་ནི་ཡང་དག་དོན་རྟགས་ཡིན། །ཅེས་སོ། དེ་ཡང་ནང་དུ་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་ལ་ཚང་བའི་ཚུལ་ནི། གསང་དགོངས་ལས། རྐང་པ་རླུང་གི་དལ་ཡིན་ཏེ། །འདོམས་ནི་མེ་ཡི་དཀྱིལ་འཁོར་རོ། །གསུས་བ་ཆུ་ཡི་དཀྱིལ་འཁོར་ཏེ། །ཕོ་བ་ས་ཡི་དཀྱིལ་འཁོར་ཡིན། །བྲང་ནི་ཀེང་རུས་རི་རབ་སྟེ། །མགོ་བོ་ཐོད་པའི་གཞལ་ཡས་ཁང་། །རྩ་གནས་དབུས་ན་ལྷ་ཚོགས་བཞུགས། །ཞེས་པས་རྡོ་རྗེའི་ལུས་ནི་གསང་སྔགས་བླ་མེད་ཀྱི་གདོད་ནས་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ཡིན་ཏེ། འདོམ་གང་གྲུ་བཞི་པས་དལ་གྲུ་བཞི་ཡོད་པ་མཚོན། འཁོར་ལོ་ལ་ནི་དབུས་ཀྱི་ཕོ་བྲང་ཆེན་པོ། ཁ་སྣ་དང་འོག་སྒོ་གཉིས་ནི་འཇུག་པའི་སྒོ་བཞི། །མིག་གཉིས་དང་རྣ་བ་གཉིས་ནི་ལྐོག་གྱུར་ཡེ་ཤེས་ཆེན་པོའི་སྒོ་བཞི། སྙིང་གི་ཕྱོགས་བཞི་ནས་
(༦༠)འབྱུང་བཞིའི་རླུང་རྒྱུ་བས་བར་གྱི་སྒོ་བཞི། རྐང་བརྒྱད་ཀ་བ། རྩ་བརྒྱད་གདུང་མ། རྩ་ཕྲན་དྲལ་ལྕམ། རུས་པ་རྩིག་པ། ཤ་ནི་འདོད་སྣམ། ཆིལ་བུ་ཕ་གུ། །རུས་པ་དྲ་ཕྱེད། །སེར་མོ་ཤར་བུ། །སོར་མོ་མདའ་ཡབ། ཚིགས་པ་རྟ་བབས། རྣ་བ་རི་དྭགས། ཐོད་ཝ་གས་གདུགས། སྐྲ་རྣམས་དར་དབྱངས། ཚངས་བུ་གཏོག །པགས་པ་རྡོ་རྗེ་གུར། པ་སྤུ་མེ་རི། ཕྱི་རོལ་གྱི་རྩ་རྣམས་སྲུང་བའི་འཁོར་ལོའི་རིམ་པའོ། །དེ་དག་ཀྱང་གསང་བར་རང་སེམས་ལ་ཚད་སྟེ། སེམས་ཉིད་ལ་མཐའ་དབུས་མེད་པས་སྟོང་པ་ནམ་མཁའི་དལ། སེམས་གཅིག་ཏུ་མི་གནས་པས་གཡོ་བ་རླུང་གི་དལ། སེམས་ལས་ཡོན་ཏན་ཐམས་ཅད་འབྱུང་བས་གཤེར་བ་ཆུའི་དལ། སེམས་གང་གིས་ཀྱང་མི་བཤིགས་པས་སྲ་བ་སའི་དལ། སེམས་ཀྱི་རང་བཞིན་འོད་གསལ་ཞིང་རྣོ་བས་བསྲེགས་པ་མེའི་དལ། སེམས་ལ་འཁོར་འདས་ཐམས་ཅད་བརྟེན་པས་རི་རབ། སེམས་ལ་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་འདུས་པས་གཞལ་ཡས་ཁང་། ཀུན་གཞིའི་རྣམ་ཤེས་རྒྱ་མ་ཆད་པས་ལྟེ་བ་ཟླུམ་པོ། ཉོན་མོངས་པའི་ཡིད་ཟུར་རྣོ་བས་ལྷ་སྣམ་གྲུ་བཞི། ཡིད་ཀྱི་རྣམ་ཤེས་གདངས་ཕྱེད་བས་རྟ་བབས། སྒོ་ལྔའི་རྣམ་ཤེས་ཀུན་ཏུ་འཇུག་པས་སྒོ་བཞི་བ་གླང་མིག་དང་བཅས་པ་སྟེ། རྒྱུ་དུས་ན་རྩ་ཐིག་རླུང་གསུམ་གྱི་དག་བྱའི་སྒྲིབ་པ་ཉིད་འདིར་ཕྱི་ནང་གཞན་གསུམ་གྱི་དཀྱིལ་འཁོར་དུ་ཤར་བའི་བརྡ་དོན་རྟགས་གསུམ་གྱིས་མཚོན་པར་བྱས་པས་དོན་གྱི་ཡེ་ཤེས་ཕྱི་རོལ་ནས་བཙལ་དུ་མེད་པའི་གནས་ལུགས་མཐོང་བ་ཡིན་ནོ། གཉིས་པ་ནི་གཞལ་ཡས་ཁང་དེ་ན་བཞུགས་པའི་བརྟེན་
(༦༡)པ་ལྷའི་ཚོགས་དེ་དག་ཀྱང་འཁོར་བ་དང་རྣམ་པ་མཐུན་པའི་ཁྲོག་ཏུམ་ཅན་རང་རྒྱུད་པར་བཟུང་ན་རཱུ་ཏྲ་དང་སྲིན་པོ་བཞིན་དུ་འཁོར་བའི་གོ་འཕང་ལས་གཞན་དུ་མ་ཡིན་པའི་ཚུལ་བཤད་པའི་རྒྱུད་ལས། ལྟ་ཉིད་གཞི་རྩམ་བྲལ་ན། །ཡང་དག་དོན་གྱི་ཕུར་པ་མིན། །འཛིན་པས་བཅིངས་པའི་ལྷ་ཉིད་ནི། །གཞི་དང་རྩ་བ་བཅས་པ་སྟེ། ངེས་པ་ཅན་དུ་གྱུར་བས་ན། །བྱ་བཅོལ་མེད་པའི་ཡེ་ཤེས་མིན། །དོན་གྱི་ཕུར་པ་གཞི་རྩ་བྲལ། སྣང་བ་ཙམ་དུ་བསྟན་པ་སྟེ། རང་རང་རྒྱུད་དུ་འཛིན་པ་མེད། །ཅེས་པས་ཆོས་སྐུའི་དབྱིངས་ལས་རེ་ཞིག་གཟུགས་སྐུའི་རྣམ་པར་རོལ་པ་བརྡ་དང་རྟགས་ཀྱིས་མཚོན་པར་བསྟན་པའི་རྣམ་དག་འདི་ལྟར་དུ་བལྟ་བར་བྱ་སྟེ་བཤད་རྒྱུད་ལས། དབུ་གསུམ་ཕྱག་དྲུག་རྡོ་རྗེའི་གཤོག་པ་ཅན། །དབུ་གསུམ་རྣམ་ཐར་གསུམ་གྱི་དབུ། །དབུས་ནི་མཐིང་གར་བསྟན་པ་ནི། །ཆོས་ཀྱི་སྐུ་ལ་འགྱུར་བ་མེད་པ་དང་། །ཞེ་སྡང་རྩད་ནས་གཅོད་པའི་རྟགས། །གཡས་ནི་དཀར་བར་བསྟན་པ་ནི། །ཆོས་ཀྱི་སྐུ་ལ་ཉེས་པ་མེད་པ་དང་། །ཉོན་མོངས་ནང་དུ་དག་པའི་ཕྱིར། །གཡོན་ནི་དམར་བར་བསྟན་པ་ནི། །ཐུགས་རྗེ་ཐབས་ཀྱི་ཆགས་པ་དང་། །འདོད་ཆགས་རྩད་ནས་བཅད་པའི་རྟགས། །སྤྱན་མིག་དགུ་རུ་བསྟན་པ་ནི། །འཁོར་བའི་ས་དགུ་འཛོམས་པ་དང་། །ཐེག་པ་དགུ་དང་ལྡན་པའི་ཕྱིར། །མཆེ་བ་བཅུ་གཉིས་བརྟེན་པ་ནི། །སྐྱེ་མཆེད་བཅུ་གཉིས་རྩད་ནས་གཅོད་པ་དང་། །ཤ་ཟ་གདུག་པའི་མཆེ་བ་དམར་བའི་ཕྱིར། །ཤངས་ནི་གསུམ་དུ་བསྟན་པ་ནི། །སྐུ་གསུམ་ལྷུན་གྱིས་གྲུབ་པ་དང་། །དུག་གསུམ་རྩད་ནས་གཅེད་པའི་ཕྱིར། །ཞལ་ནི་གསུམ་དུ་བསྟན་
(༦༢)པ་ནི། །དུག་གསུམ་ཞལ་དུ་གསོལ་བ་དང་། །སྟོང་གསུམ་སྒྲ་ཡིས་དགང་བའི་ཕྱིར། །བ་སྤུ་གྱེན་དུ་འཁྱིལ་བར་བསྟན་པ་ནི། ཁམས་གསུམ་འཁོར་བའི་གནས་ནས་དྲང་བ་དང་། སྐུ་གསུམ་ལྷུན་གྱིས་གྲུབ་པའི་ས་ལ་དགོད་པའི་ཕྱིར། །རལ་པ་ཁམས་ནག་གྱེན་དུ་འཁྱིལ་བར་བསྟན་པ་ནི། །གདུག་པ་ཅན་རྣམས་དབང་དུ་བསྡུ་བ་དང་། །སྲིད་པའི་རྩེ་མོ་ཟིལ་གྱིས་གནོན་པའི་ཕྱིར། །ཕྱག་དྲུག་ཡེ་ཤེས་དྲུག་གི་རང་བཞིན་ཏེ། །གཡས་ཀྱི་དང་པོ་རྡོ་རྗེ་རྩེ་དགུ་བསྣམས་པ་ནི། །ས་དགུ་ལྷུན་གྱིས་གྲུབ་པ་དང་། །ཐེག་པ་དགུ་དང་ལྡན་པའི་ཕྱིར། །བར་པ་རྡོ་རྗེ་རྩེ་ལྔ་བསྣམས་པ་ནི། །ཡེ་ཤེས་ལྔ་དང་ལྡན་པ་དང། །རིགས་ལྔ་འགྲོ་བའི་དོན་མཛད་ཕྱིར། །གཡོན་གྱི་དང་པོ་མེ་དཔུང་བསྣམས་པ་ནི། །ཡེ་ཤེས་མེ་རུ་འབར་བ་དང་། །འཁོར་བ་ཉོན་མོངས་བསྲེག་པའི་ཕྱིར། །གཡོན་གྱི་བར་མ་ཁ་ཊྭཱཾ་རྩེ་གསུམ་བསྣམས་པར་བསྟན་པ་ནི། །དུག་གསུམ་རྩད་ནས་གཅོད་པ་དང་། །རིགས་གསུམ་མགོན་པོ་རྣམས་དང་གཉིས་སུ་མེད་པའི་ཕྱིར། གཡས་གཡོན་ཐ་མ་རྡོ་རྗེ་རི་རབ་ཕུར་བུ་འདྲིལ་བར་བསྟན་པ་ནི། །ཐབས་དང་ཤེས་རབ་གཉིས་སུ་མེད་པ་སྟེ། ཁམས་གསུམ་གདུག་པ་མ་ལུས་བསྒྲལ་བའི་ཕྱིར། །དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ་བ་ནི། །རྣམ་ཤེས་ཚོགས་བརྒྱད་རྩད་ནས་གཅོད་པའི་རྟགས། །གླང་ཆེན་ཀོ་རློན་སྐུ་ལ་གསོལ་བར་བསྟན་པ་ནི། གཏི་མུག་རྩད་ནས་བཅད་ནས་ཀྱང་། །ཐུགས་རྗེ་ཐབས་དང་ལྡན་པའི་ཕྱིར། །ཞིང་ཆེར་གཡང་གཞི་སྐུ་ལ་གསོལ་བར་བསྟན་པ་ནི། །འདོད་ཆགས་རྩད་ནས་གཅོད་པ་དང་། །ཐུགས་རྗེ་ཆགས་པར་ལྡན་པའི་ཕྱིར། །སྟག་གི་ཤམ་ཐབས་སྐུ་ལ་བརྒྱན་པ་ནི། །
(༦༣)ཞེ་སྡང་རྩད་ནས་བཅད་པ་དང་། །ཐུགས་རྗེ་ཐབས་དང་ལྡན་པའི་ཕྱིར། །ཐོད་པ་སྐམ་པོས་དབུ་ལ་བརྒྱན་པ་ནི། །ཆོས་ཀྱི་སྐུ་དང་གཉིས་སུ་མེད་པ་དང་། །སྐྱེ་བ་མེད་པའི་དོན་རྣམས་གྲུབ་པའི་ཕྱིར། །ཐོད་པ་རྙིང་པས་སྐུ་ལ་བརྒྱན་པར་བསྟན་པ་ནི། །ལོངས་སྤྱོད་སྐུ་དང་གཉིས་སུ་མེད་པ་དང་། །ཐམས་ཅད་ཀུན་ཏུ་ལོངས་སྐུར་བས་མ་མི་ཁྱབ་པའི་ཕྱིར། །ཐོད་པ་ཚལ་བུས་སྐུ་ལ་བརྒྱན་པར་བསྟན་པ་ནི། །སྤྲུལ་པའི་སྐུ་དང་གཉིས་སུ་མེད་པ་དང་། །སྤྲུལ་སྐུ་འགྲོ་བའི་དོན་དུ་ཅིར་ཡང་སྣང་། །ཞག་གི་ཟོ་རིས་སྐུ་ལ་བརྒྱན་པ་ནི། །འདས་པའི་སངས་རྒྱས་རྣམས་དང་གཉིས་སུ་མེད་པ་དང་། །མར་མེ་མཛད་དང་བསྟན་པ་གཅིག་པའི་ཕྱིར། །ཐལ་ཆེན་ཚོམ་བུས་སྐུ་ལ་བརྒྱན་པ་ནི། ད་ལྟར་སངས་རྒྱས་རྣམས་དང་གཉིས་སུ་མེད་པ་དང་། །བཅོམ་ལྡན་འདས་དང་བསྐལ་པ་གཅིག་པའི་ཕྱིར། །རཀྟའི་ཐིག་ལེས་སྐུ་ལ་བརྒྱན་པ་ནི། །མ་བྱོན་སངས་རྒྱས་རྣམས་དང་གཉིས་སུ་མེད་པ་དང་། །རྒྱལ་བ་བྱམས་པའི་བསྟན་པ་གཅིག་པའི་ཕྱིར། །རྡོ་རྗེའི་གཤོག་པས་སྐུ་ལ་བརྒྱན་པ་ནི། །མ་མོ་མཁའ་འགྲོ་ཟིལ་གྱིས་གནོན་པ་དང་། །ཐམས་ཅད་ཀུན་ཏུ་དབང་དུ་སྡུད་པའི་ཕྱིར། །སྦྲུལ་ཆེན་རིགས་བཞིས་སྐུ་ལ་བརྒྱན་པར་བསྟན་པ་ནི། །གདུག་པ་ཀླུ་རྣམས་རྩད་ནས་གཅོད་པ་དང་། །ཞེ་སྡང་འཇོམས་པའི་རྒྱན་ནི་རིགས་བཞིར་བསྟན་པའི་ཕྱིར། ཞབས་བཞི་མངོན་པར་བསྟན་པ་ནི། །རྫུ་འཕྲུལ་བཞི་ཡི་རང་བཞིན་ཏེ། །གཡས་གཉིས་བསྐུམ་བར་བསྟན་པ་ནི། །ཕོ་གཉིས་འགྲམ་པར་བརྫིས་པ་དང་། །ཐབས་ཉིད་ཤེས་རབ་རང་བཞིན་ཏེ། །གཡོན་གཉིས་བརྐྱང་བར་བསྟན་པ་ནི། །མོ་ཉིད་
(༦༤)ནུ་ཕྲག་བརྫིས་པ་དང་། །ཤེས་རབ་ཐབས་ཀྱི་རང་བཞིན་ཕྱིར། །རྡོ་རྗེ་བ་སྤུ་ཁྲོ་བོས་གཏམས་པར་བསྟན་པ་ནི། །འཇིགས་པ་མེད་པར་དབང་དུ་སྡུད་པ་དང་། །ཐམས་ཅད་ཀུན་ཏུ་སྤྲུལ་པར་ཁྱབ་པ་དང་། །འཇིགས་མེད་ཁྲོ་བོ་འདུལ་བའི་ལྷ། །འཁོར་ལོ་རྒྱས་འདེབས་དགྱེས་པ་སྐོང་བའི་ཡུམ། །རྡོ་རྗེ་རིགས་ཀྱི་གཙོ་མོ་ཡུམ་ཆེན་མོ། །སྐུ་མདོག་མཐིང་གར་བསྟན་པ་ནི། །འགྱུར་བ་མེད་པའི་རང་བཞིན་ཏེ། །ཐམས་ཅད་ཆོས་སྐུར་གཅིག་པ་དང་། །དོན་རྣམས་ཐམས་ཅད་ཐབས་སུ་ཆུད་པའི་ཕྱིར། །སྤྱན་མིག་གཉིས་སུ་བསྟན་པ་ནི། །ཐབས་དང་ཤེས་རབ་གཉིས་སུ་མེད་པ་དང་། །འཁོར་འདས་གཉིས་ལ་གཟིགས་པའི་ཕྱིར། །ཞལ་ནི་གཅིག་ཏུ་བསྟན་པ་ནི། །ཡབ་ལ་དགྱེས་པར་བཞད་པ་དང་། །དུག་ལྔ་ཞལ་དུ་གསོལ་བའི་ཕྱིར། །མཆེ་བ་བཞི་རུ་བསྟན་པ་ནི། །སྐྱེ་བ་རྣམ་བཞི་རྩད་ནས་གཅོད་པ་དང་། །གདུག་པའི་ཚེམས་འདྲ་རྔམ་པའི་ཤ་ཟའི་ཕྱིར། །ཤངས་ནི་གཅིག་ཏུ་བསྟན་པ་ནི། །ཆོས་རྣམས་ཆོས་སྐུར་གཅིག་པ་དང་། །དྲི་ཡི་མཆོད་པ་མཉམ་པའི་ཕྱིར། །གཡས་པ་ཡབ་ལ་འཁྱུད་པ་ནི། །ཤེས་རབ་ཐབས་ལ་ཆགས་པ་དང་། །དགྱེས་པ་ཆེན་པོ་བསྐང་བའི་ཕྱིར། །གཡོན་པ་བྷནྡྷ་རཀྟ་བསྣམས་པ་ནི། །ཡུམ་གྱི་ཆགས་པ་སེལ་བ་དང་། །འདོད་ཆགས་རྩད་ནས་གཅོད་པའི་ཕྱིར། །དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ་བ་ནི། །སྡུག་བསྔལ་བརྒྱད་པོ་རྩད་ནས་བཅད་ནས་ཀྱང་། རྣམ་པ་ཐམས་ཅད་ཆོས་ཉིད་དབྱིངས་སུ་སྩོལ། ཞབས་གཉིས་མངོན་པར་བསྟན་པ་ནི། རྐང་གཉིས་ཀུན་ལ་བརྩེ་བར་དགོངས་པ་དང་། བདེ་བར་གཤེགས་པའི་ཐུགས་དམ་དགྱེས་བསྐང་ཕྱིར། །
(༦༥)ཞེས་སོ། །དེ་ལྟར་བདག་ཉིད་རྩ་བའི་དཀྱིལ་འཁོར་གྱི་དག་པ་བརྗོད་ནས་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་ལའང་འདི་ལྟར་ཤེས་པར་བྱ་སྟེ། ཕྱོགས་རང་བཞིན་མེད་པར་མ་རྟོགས་ཤིང་མི་དགེ་བ་བཅུའི་ཀུན་ཏུ་རྟོག་པ་ཅན་རྣམས་ནི་ཕྱོགས་བཅུའི་གདོན་གྱི་གཞན་དབང་ཅན་ཡིན་པས་དེ་དག་གདུལ་བའི་གཉེན་པོར་དབང་བཅུ་དངས་བཅུའི་ངོ་བོ་ཉིད་ཁྲོ་བོ་ཡབ་ཡུམ་བཅུ་སྤྲུལ་པ་ཕྲ་ཐབས་ཉི་ཤུ་དང་བཅས་པར་བསྟན་པའང་། གཤད་རྒྱུད་ལས། དྲེགས་པ་ཕྱོགས་སྐྱོང་འདུལ་བའི་ལྷ། །ཀུན་ཀྱང་སྲིན་པོའི་ཆ་བྱད་ཅན། །གཉེན་པོས་གདུལ་བའི་ཡུམ་མཆོག་དང་། །ཡབ་ཡུམ་སྤྲུལ་པས་གདུལ་བྱེ་འདུལ། །ཞེས་པ་སྟེ། མཚན་དོན་དང་མཐུན་པའི་དག་བརྗོད་ནི་ལེའུ་བཅུ་གསུམ་པ་ལས། ཧཱུྃ་ནི་ཡེ་ཤེས་ལྔ་ལྡན་ཞིང་། །ཀཱ་ཡིས་དུག་ལྔ་འཇོམས་པར་བྱེད། །རས་ནི་རྣམ་རྟོག་དབྱིངས་སུ་ཐིམ། །ཡུམ་ཆེན་མི་ཕྱེད་རྡོ་རྗེ་སྟེ། །སངས་རྒྱས་སྐྱེད་པར་བྱེད་པའི་ཡུམ། །སེམས་ཅན་བུད་དྷ་འགྱུར་བྱེད་ཚེ། །མི་ཕྱེད་ཡེ་ཤེས་རྡོ་རྗེ་སྟེ། །སྒྲ་འབྱིན་བྲག་ཆ་ལྟར་སྣང་མ། །མ་ནི་སྤྲུལ་པ་བསྐྱེད་པའི་ཡུམ། །སྤྲུལ་པ་རོལ་པ་འགག་མེད་ཉིད། །ཕག་པ་མ་རིག་མུན་པ་སེལ། །རྨིགས་བུས་འདམ་རྫབ་སྐེམ་པར་བྱེད། །འོད་གསལ་བདུད་འཇིགས་རྣམ་པར་རྒྱལ། །སྣང་བ་མུན་སེལ་རྡོ་རྗེ་སྙེམས། །སྣང་བ་སྣ་ཚོགས་སྟག་གི་མགོ། །བྱ་རྒོད་ནམ་མཁའ་ལྟ་བུ་སྟེ་དབྱུག་པས་ལོག་རྟོག་འཇོམས་བྱེད་ཅིང་། །སྔོན་པོས་མཚན་མའི་རྣམ་རྟོག་འཇོམས། །གཉིས་མེད་རྡོ་རྗེ་སྡེར་མོ་སྟེ། །ལས་རྣམས་མི་རྟོག་དབྱིངས་སུ་ཐིམ། །གཡག་མགོ་དབྱིངས་ལས་འགྱུར་བ་མེད། །བྱ་རོག་ཆོས་དབྱིངས་རྣམ་པར་དག །གཤིན་ནི་
(༦༦)གཟུང་དང་འཛིན་པ་དང་། །དམྱལ་བའི་ཁམས་ནི་དཔག་མེད་ཀྱང་། །དོན་དམ་དབྱིངས་ལ་ཡོད་མ་ཡིན། །རྗེ་ནི་ཆོས་ཀྱི་དབྱིངས་སུ་ཐིམ། །དུར་ཁྲོད་རོལ་པ་དཔག་མེད་ཀྱང་། །བདག་པོ་མཁའ་དབྱིངས་རྣམ་པར་དག །ཤ་བ་སྐྱེ་འགག་མེད་པ་ཉིད། །འུག་པ་ཤེས་རབ་དབྱིངས་ཉིད་དེ། །ལོ་ཀ་ཆོས་བརྒྱད་ཉིད་ཀྱི་སེམས། །རྟག་ཏུ་ཡེངས་ཤིང་གནས་པ་ཡང་། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱི། །མི་གཡོ་ཐིག་ལེ་ཉག་གཅིག་གོ །སེམས་ཅན་དོན་བྱེད་ཐམས་ཅད་ཀྱང་། །དམ་པའི་དབྱིངས་ནི་དོན་ཡིན་ནོ། །རྡོ་རྗེ་གཉིས་མེད་ཟུང་འཇུག་དང་། །གཏུན་ཁུང་སྣང་བ་འཇོམས་བྱེད་མ། །དོན་དམ་ཉིད་ལས་མ་གཡོས་སོ། །ཐིག་ལེ་ཉག་གཅིག་གཟིག་གི་མགོ། །ཁྭ་ཏ་ནམ་མཁའ་ལྟ་བུར་ཁྱབ། །རྟ་མགྲིན་རྟ་སྐད་སྒྲ་སྙན་ལྟ་བུ་སྟེ། །རྡོ་རྗེ་སྟོང་པའི་ངང་ཉིད་ཀྱིས། །ཁྲོ་བར་སྣང་བ་གཏུམ་པོའོ། །བྱི་ལས་གཟུང་འཛིན་རྣམ་རྟོག་འཇོམས། །པུ་ཤུད་བཟང་ངན་རྣམ་རྟོག་རྣམས། །དོན་དམ་ཉིད་ལས་དོན་མ་ཡིན། །ཉོན་མོངས་ཉེ་བའི་ཉོན་མོངས་རྣམས། །རྟོག་མེད་མཁའ་དབྱིངས་གཞན་མི་ཐུབ། །མི་ཤེས་རྡོ་རྗེ་འབིགས་བྱེད་མདའ། །མཚན་མ་འཇོམས་པར་བྱེད་སྙེམས་མ། །སྤྱང་ཀིའི་མགོ་ནི་ཡེ་སངས་རྒྱས། །རྣམ་རྟོག་ཕྲ་མོར་སེམས་བྱེད་ཀྱང་། །ཡང་དག་ཉིད་བལྟ་ཁྲ་ཡི་མགོ། བདུད་ནི་བཞི་པོ་སྣང་བྱེད་པ། །རྩི་ཡིས་མི་ཤིགས་ཀློང་དུ་ཐིམ། །འཁྱིལ་ནི་བདེ་བ་ཆེན་པོའི་ངང་། །གཅིག་དང་དུ་མ་དང་བྲལ་ཞིང་། །རྟོག་མེད་དབྱིངས་ནི་རླུང་འབྱིན་མ། །ཉི་མ་ལྟ་བུའི་གཟི་བརྗིད་ཀྱིས། །མུན་པའི་ཚོགས་འཇོམས་སེང་གེའི་མགོ། །ཡོད་མེད་གཉིས་ལས་འདས་པ་ཡི། །མཐའ་གཉིས་བྲལ་བ་ཕ་ཝང་མགོ། །ལུས་
(༦༧)ངག་ཡིད་གསུམ་སྣང་བ་ཡང་། །དོན་དམ་ཉིད་ལ་ཡོད་མིན་ཏེ། །འཁོར་བ་ལས་འདས་ཁམས་གསུམ་རྒྱལ། །མི་ཤེགས་རྡོ་རྗེ་ལོག་འགྲོ་འཇོམས། །གཟུང་འཛིན་ཤེས་པ་རྟོག་པ་གསོད། །ཕ་རོལ་ཕྱིན་མ་ཡིན་པ་སྟེ། །སྤྱོད་པ་བརླང་པོ་དོམ་གྱི་མགོ། །གང་དུ་མི་གནས་སྲེ་མོ་མགོ །དོན་དམ་བདེན་པས་སེམས་ཅན་གྱི། །ཉོན་མོངས་འཇོམས་བྱེད་སྟོབས་པོ་ཆེ། །རྡོ་རྗེ་དོན་དམ་བདེན་པ་སྟེ། །དག་པ་མཁའ་དབྱིངས་ཀློང་དུ་བསྐྱོད། །བུད་དྷ་སྐྱེད་པའི་ཡུམ་ཡིན་ལ། །ཡེ་ཤེས་ཐོགས་མེད་དྲེད་ཀྱི་མགོ། །ལོག་པའི་ལམ་ཞུགས་སུམ་བྱེད་ཅིང་། །དེ་བཞིན་ཉིད་གནས་བྱི་བའི་མགོ། །ཞེས་སོ། །དེ་ལྟར་ཡབ་ཡུམ་སོ་སོའི་ཡེ་ཤེས་ཀྱི་སྤྲུལ་པ་བུ་བཅུའང་། ཉོན་མོངས་པ་ཟ་བྱེད་སྟག་དང་། ཤེས་བྱ་ལ་ཐོགས་མེད་དུ་རྔམ་བ་གཟིག་དང་། རྩོལ་སྒྲུབ་ཟིལ་གྱིས་གནོན་པའི་བྱི་ལ་དང་། སྦྱོར་སྒྲོལ་དབྱིངས་སུ་དག་པའི་སྤྱང་ཀི་དང་། ཞེ་སྡང་སྐྱོན་གྱིས་མི་འཇིགས་པའི་སེང་གེ་དང་། ཁྲོ་གཏུམ་བྱམས་པར་སྦྱོར་བའི་དོམ་སྟེ་དྲུག་པོ་ནི་ཡབ་ཀྱི་ཞེ་སྡང་ལས་བསྐྱེད་ཅིང་ཞེ་སྡང་གི་སྙིགས་མ་རུས་པ་མཐར་རྒྱས་པའི་ཟ་བྱེད་མཆེ་བ་ཅན་ཞེས་བྱ་སྟེ། དེ་ཀུན་ཀྱང་རྒྱུད་ཀྱི་གླེང་གཞིའི་དུས་ན་པ་ཡེ་ཤེས་ཀྱི་ཁྲོ་བོ་ཡིན་པས་ལུས་ལྷར་སྣང་ལམ་གདུག་པ་བྱོལ་སོང་གི་རིགས་ལས་མགོ་བོ་དེ་ཉིད་དུ་སྣང་བས་ཕྲ་མེན་མ་ཞེས་བྱའོ། །དེ་བཞིན་དུ་འགྲོ་དོན་ལ་ཆགས་ཐོགས་མེད་པའི་བྱ་རྒོད་དང་། ཆོས་ཉིད་མི་འགྱུར་བའི་བྱ་རོག་དང་། མི་ཤེས་མུན་པ་ལ་གཟིགས་པའི་འུག་པ་དང་། སྡུག་བསྔལ་ཀྱི་མཚང་དབྱིངས་སུ་བསྣོལ་བའི་ཁྭ་ཏ་དང་། འཇབ་པུར་ཐབས་ཤེས་སུ་འབྲེལ་བའི་པུ་ཤུད་དང་། ཉོན་
(༦༨)མོངས་ཀྱི་བྱ་གཅན་འདུལ་བའི་ཧོར་ཁྲ་དང་དྲུག་པོ་ནི་ཡུམ་གྱི་འདོད་ཆགས་ལས་བསྐྱེད་པས་འདོད་ཆགས་ཀྱི་སྙིགས་མ་ཁྲག་མཐར་རྒྱས་པའི་གསོད་བྱེད་གཤོག་པ་ཅན་ཞེས་བྱའོ། །དེ་བཞིན་དུ་གཅད་སྨེའི་རྣམ་རྟོག་འཇོམས་པའི་དུར་ཕག་དང་། ཆོས་ཉིད་འཕོ་འགྱུར་མེད་པའི་གཡག་དང་། མཚན་མའི་བག་ཆགས་འཇོམས་པའི་ཤ་བ་དང་། འཁོར་བའི་རླན་དང་བྲལ་བའི་རྨིགས་བུ་དང་། རྣམ་རྟོག་སྐྱེ་མེད་དུ་གྲོལ་བའི་སྲེ་མོ་དང་། ཅིར་ཡང་གཟུང་འཛིན་ལས་གྲོལ་བའི་བྱི་བ་དང་དྲུག་པོ་ནི་ཡབ་ཡུམ་གཉིས་སུ་མེད་པའི་གཏི་མུག་ལས་བསྐྱེད་ཅིང་གཏི་མུག་གི་སྙིགས་མ་ཤ་མཐར་རྒྱས་པའི་བྱ་བ་ལ་རྨོངས་པ་སྟེ། བྱེད་ལས་ཀྱི་སྒོ་ནས་དུར་ཕག་ནི་གསོད་པའི་མཆེ་བ་ཙན་དང་། ཤ་བ་ནི་ང་ཡིར་འཛིན་པའི་མཆེ་བ་ཅན་དང་། གཡག་ནི་རོལ་བརྟག་པའི་མཆེ་བ་ཅན་ཏེ་གསུམ། རྨིགས་བུ་ནི་རྟག་འཛིན་ཐོབ་པའི་གཤོག་པ་ཅན་དང་། སྲེ་མོང་ནི་དུག་ཙམ་ཆེ་བའི་གཤོག་པ་ཅན་དང་། བྱི་བ་ནི་བརྐུ་བ་ལ་དགའ་བའི་ལས་ཀྱི་གཤོག་པ་ཅན་ཏེ་གསུམ། དྲེད་དང་ཕ་ཝང་གཉིས་ནི་དུག་གསུམ་ཆ་མཉམ་པས་མཐའ་ལ་མི་གནས་པའི་བརྡ་སྟེ་ཡཀྴ་འབར་བའི་རྒྱུད་ལས། ཞེ་སྡང་རུས་པའི་མཐའ་ལ་མཆེ་བ་རྒྱས། །འདོད་ཆགས་ཁྲག་གི་མཐའ་ལ་བྱ་གཤོག་རྒྱས། །གཏི་མུག་ཤ་ཡི་མཐའ་ལ་སྒྲ་མི་ཤེས། །དེ་ཕྱིར་དུག་གསུམ་འཇོམས་པའི་དྲེད་མོ་ལ། །ཤེས་བྱ་མ་རྨོངས་རྟོགས་པའི་ཡེ་ཤེས་མངའ། །དུག་གསུམ་འཇོམས་མཛད་གཤོག་རླབས་ཕ་ཝང་ལ། །མ་རིག་མུན་པ་སེལ་བའི་ཡེ་ཤེས་མངའ། །ཞེས་དང་། བརྟེན་པའི་ལྷ་རྣམས་ལ་ཐུན་མོང་དུ་གྱུར་པའི་སྒོམ་བཞི་ནི་བཤད་རྒྱུད་ལས། སྣང་བ་སྟོང་པས་འགུགས་བྱེད་མ། །ལྕགས་ཀྱུས་ཡེ་ཤེས་ས་
(༦༩)ལ་དགོད། །སྟོང་པ་བཅོ་བརྒྱད་ཞགས་པ་ཡིས། །མི་རྟོག་རྟོག་པ་འཆིང་བྱེད་མ། །ཡོད་དང་མེད་པའི་ཕྱོགས་སྤངས་ཤིང་། །སྙིང་རྗེ་མི་ཕྱེད་ལྕགས་སྒྲོག་མ། །སྟོང་པ་ཉིད་ཀྱི་སྒྲ་བསྒྲགས་པས། །མཚན་མ་རི་རྣམ་པར་རྟག་པ་འཇོམས། །ཤེས་རབ་ཕ་རོལ་ཕྱིན་མ་ཉིད། །གཟུང་འཛིན་དང་བྲལ་དྲིལ་བུམ། །ཞེས་སོ། །དེ་བཞིན་དུ་ཕུར་པ་རྫས་ཀྱི་དཀྱིལ་འཁོར་གྱི་སྒྲ་དོན་ནི་རྡོ་རྗེ་བཀོད་པ་ལས། ཕུར་བུའི་རང་བཞིན་དོན་བསྟན་པ། །ཕུར་ནི་ཆོས་ཀྱི་དབྱིངས་ཞེས་བྱ། །ཕ་ནི་བླ་མ་ཆེན་པོར་བསྟན། །ཕུར་ནི་ཆོས་ཀྱི་དབྱིངས་ཞེས་བྱ། །པ་ནི་རིག་པའི་ཡེ་ཤེས་ཡིན། །ཕུར་ནི་སྐྱེ་བ་མེད་པའི་དབྱིངས། །པ་ནི་འགག་པ་མེད་པའི་དོན། །གཉིས་སུ་མེད་པར་ཕུར་པའི་ངང་། །ཕུར་ནི་ཐབས་ཀྱི་རྒྱལ་པོ་ཡིན། །པ་ནི་ཤེས་རབ་ཡུམ་གྱི་དོན། །གཉིས་སུ་མེད་པ་རྡོ་རྗེའི་ངང་། །ཕུར་པ་ནམ་མཁའི་མཐའ་དང་མཉམ། །ཕུར་པ་ཁྱབ་གདལ་ཉི་ཟླ་འདྲ། །ཀུན་ལ་སྙོམས་པའི་ངོ་བོར་སྣང་། །ཕུར་བ་ཆོས་ཀྱི་དབྱིངས་ཉིད་ཡིན། །ཕུར་པ་ནམ་མཁའི་མཚན་ཉིད་ཡིན། །ཕུར་པ་སེམས་ཀྱི་སེམས་ཉིད་ཡིན། །ཕུར་པ་རྒྱུད་ཀྱི་རྒྱལ་པོ་ཡིན། །ཕུར་པ་ལུང་གི་མན་ངག་ཡིན། །ཕུར་པ་མན་ངག་ངེས་པའི་དོན། །ཅེས་སོ། །དེ་ཡན་ནི་ནང་དུ་འཇུག་པའི་ཆོ་གའོ། གཉིས་པ་དབང་བསྐུར་བ་དངོས་ནི། །རྣལ་འབྱོར་ཆེན་པོ་ལས། རྒྱུད་དང་ལུང་དང་མན་ངག་གི །མན་ངག་རྣམ་གཉིས་སྟོད་སྨད་དོ། །སྟོད་ལ་དྲུག་སྟེ་སྨད་ལ་བཅུ། །གཉིས་སུ་ཤེས་བྱ་ཏིང་ངེ་འཛིན། །སྨད་ནི་གཟས་པ་པོ་ཡི་ལས། །ཞེས་སྟོད་སྨད་ཀྱི་ལས་གཉིས་སུ་བསྡུ་བ་ཡང་། སྐབས་འདིར་དབང་གི་རྩ་བ་
(༧༠)རྣམ་པ་བཞས་སྟོད་ལས་བྱང་ཆུབ་བསྒྲུབ་པའི་དོན་བསྟན་པ་དང་། ཕྲིན་ལས་སྣ་ཚོགས་པའི་བདག་ཉིད་བསྒྲུབ་པ་དང་འབྲེལ་བར་སྨད་ལས་དྲག་པོ་སྒྲོལ་དབང་བསྟན་པ་དང་། ཐམས་ཅད་ཀྱི་སྲོག་དམ་ཚིག་གི་རང་བཞིན་བསྟན་པ་དེ་གསུམ་དུ་དབྱེ་བའོ། །དང་པོ་ནི། རྩ་རྒྱུད་ལས། ཕན་དང་ནུས་པའི་བྱིན་རླབས་དབང་། །རིམ་པ་བཞིན་དུ་བསྐུར་བར་བྱ། །ཞེས་པའི་དོན་སྟོད་ལས་བྱང་ཆུབ་བསྒྲུབ་པ་ལ་གདེང་གསུམ་གཅེས་པའི་འཇུག་སྒོ་ནི་རྩ་བའི་དབང་རྣམ་པ་བཞི་ལམ་བརྟེན་པར་མི་འགྲུབ་ཅིང་། བཞི་པོའང་འདི་ལྟར་སྲོག་ཆགས་རྣམས་ལ་ལུས་སྟོབས་དང་མཚུངས་པའི་ཐེག་པ་ཆེ་ཆུང་ཡོད་པ་ལྟར་གོང་ནས་གོང་དུ་ཁྱད་ཞུགས་པའི་ཚུལ་སངས་རྒྱས་མདུད་པ་ལས། སེམས་ཅན་བསམ་པའི་དབང་གིས་ན། །རྟ་དང་གླང་པོ་མ་ཧེ་དང་། །རྔ་མོ་རི་བོང་ཁ་ལ་རྣམས་བཞིན། །ཕན་དང་ནུས་དང་ལྟ་དང་ཞུགས། །ཕྱི་ཡི་དབང་དང་ནང་གི་དབང་། །གསང་བའི་དབང་དང་ཐབས་ཀྱི་དབང་། །ཇི་ལྟར་གསུངས་ཀྱང་རྣམ་པ་བཞི། །བུམ་པའི་དབང་དང་གསང་བའི་དབང་། །ཤེས་རབ་ཡེ་ཤེས་དབང་མཆོག་ལས། །དེ་བཞིན་བཞི་བའི་དབང་དུ་གསུངས། །ཞེས་ཕྱི་ཕན་པའི་དབང་དང་ནང་ནུས་པ་འཇུག་པའི་དབང་གཉིས་ནི་བུམ་དབང་དུ་བསྡུ་བ་ཡིན་ཏེ། སྔ་མ་ལས། བུམ་པའི་དབང་ཞེས་བྱ་བ་ལ། །བདག་པོའི་དབང་དང་རྣམ་པ་ལྔ། །ཞེས་སོ། །གཉིས་པ་གསང་དབང་དང་ཤེས་རབ་ཡེ་ཤེས་ཀྱི་དབང་གཉིས་ནི་སྦྱོར་བ་བཞིའི་རང་བཞིན་དུ་བལྟ་བས་ན་ལྟ་བ་བཞི་དང་ལྡན་པ་སྟེ། གསང་བའི་དབང་ཞེས་བྱ་བ་ལ། །ལུས་དང་ཡིག་འབྲུའི་སྦྱོར་བ་དང་། །རྩ་དང་ཡིག་འབྲུའི་སྦྱོར་བ་དང་། །རླུང་དང་ཡིག་འབྲུའི་སྦྱོར་
(༧༡)བ་དང་། །སེམས་དང་ཡིག་འབྲུའི་སྦྱོར་བ་ཡི། །གང་ཡང་གང་དུ་གཟུང་བར་བྱ། །གསང་བ་དེ་ནི་དམ་པའོ། །ཞེས་སོ། །དེ་ལ་ལུས་དང་ཡིག་འབྲུའི་སྦྱོར་བ་ནི་དབང་པོའི་གནས་གཉིས་ལ་སོ་སོར་ས་བོན་གྱི་ཡི་གེ་བསྐྱེད་པ་དང་། རྩ་དང་ཡིག་འབྲུའི་སྦྱོར་བ་ནི་འཁོར་ལོ་ལྔ་སོ་སོའི་རྩེ་འདབ་ཏུ། །ཨ་ཀ་ཙ་ཊ་ཏ་པ་ཡ་ཤ །ལ་སོགས་པའི་ཡིག་འབྲུ་བསྒོམ་པ་དང་། རླུང་དང་ཡིག་འབྲུའི་སྦྱོར་བ་ནི་ཡི་གེ་དེ་དག་ལ་དམིགས་ནས་སྲོག་རྩོལ་འགོག་པ་དག་སེམས་དང་ཡིག་འབྲུའི་སྦྱོར་བ་ནི་རླུང་སེམས་དབྱེར་མེད་ཀྱི་བདེན་པས་ཀུན་ལ་ཁྱབ་པ་སྟེ། ཕན་ཚུན་རྟེན་དང་བརྟེན་པའི་རང་བཞིན་དུ་གནས་པའི་ཕྱིར་རོ། །གསང་བའི་དབང་དེ་ཉིད་ཀྱང་ངག་དང་སེམས་ལ་བསྐུར་བ་གཉིས་སུ་ནང་གསེས་པས་ཕྱི་མའི་དབང་རྟེན་གྱི་སྒྲ་ལས་ཤེས་རབ་ཡེ་ཤེས་ཀྱི་དབང་དུ་འགྲུབ་སྟེ། ཤེས་རབ་ཡེ་ཤེས་དབང་ཞེས་པ། །ཤེས་རབ་མ་ཡི་མཚན་ཉིད་དེ། །ཞེས་དང་། འབྱུང་བ་བཞི་ཡི་མཚན་ཉིད་ཀྱིས། །བསྡུ་བ་རྣམ་བཞིའི་དོན་དང་མཐུན། །ཞེས་སོ། །དེ་ལྟར་གསང་དབང་གཉིས་པོའི་རྐྱེན་ལས་བྱུང་བའི་དཔེའི་ཡེ་ཤེས་ལ་བརྟེན་ནས་དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སློབ་མའི་རྒྱུད་ལ་ཡང་དག་པར་ཞུགས་པས་ན་ཞུགས་པ་ཞེས་བྱ་སྟེ་ཐབས་ལ་བརྟེན་ནས་འགྱུར་བས་ན་ཐབས་ཀྱི་ལམ་ཞེས་བཤད་པ་ཡིན་པར་བདག་ཉིད་ཁོ་ནས་རིག་པ་ཡིན་ནོ། །དེ་ཡང་དམ་པས་རིགས་ནི་སྤྱོད་པ་བརླང་ཞིང་དངོས་སྣང་ལ་བདེན་འཛིན་ཆེ་བས། དེ་དག་པའི་སྣོད་བཅུད་ཀྱིས་ལྡོག་པའི་ཆེད་དུ་བུམ་པའི་དབང་དང་། བྲམ་ཟིན་རང་གི་གསང་ཚིག་བསྲུང་བ་སོགས་སངས་རྒྱ་བའི་དགོས་པ་མེད་པའི་སྤྱོད་པ་གཟོ་བ་ཁོ་ན་ཆོས་སུ་སེམས་
(༧༢)པས་དེ་ཐེག་པ་ཆེན་པོ་བླང་དོར་མེད་པའི་ཆོས་ཀྱིས་ལྡོག་པའི་ཆེད་དུ་གསང་བའི་དབང་དང་། རྗེའུ་རིགས་ནི་འདོད་ཡོན་ལ་གདུང་ཞིང་སེམས་ཀྱི་རྟོག་དཔྱོད་རྣོ་བས་དེ་ཐབས་ཀྱིས་ལམ་དུ་སློང་བ་ལ་སློང་བའི་ཕྱིར་ཤེར་དབང་དང་། རྒྱལ་རིགས་ནི་འབྱོར་པས་སྙེམས་ཤིང་ཐམས་ཅད་ཟིལ་གྱིས་གནོན་པ་ལ་དགའ་བས་རང་ཉིད་ལ་མཆོག་ཏུ་འཛིན་པ་དེ་མཉམ་པ་ཉིད་ལ་གནས་པའི་བརྟུལ་ཞུགས་ཆེན་པོའི་ཤེས་རབ་ཡེ་ཤེས་ཀྱིས་ལྡོག་པའི་ཕྱིར་དབང་བཞི་པ་བསྟན་པར་རིག་པར་བྱ་སྟེ། སྔ་མ་ལས། དང་པོ་དབང་གི་བསྐུར་ས་ནི། །སེམས་ཅན་རྟོག་པ་ལྡོག་པའི་ཕྱིར། །དམངས་ཀྱི་རིགས་ལ་བུམ་པ་བཞག །བྲམ་ཟེའི་རིགས་ལ་གསང་དབང་སྟེ། །རྗེ་ཡི་རིགས་ལ་ཤེས་རབ་དབང་། །དེ་བཞིན་རྒྱལ་པོ་བཞི་པ་སྟེ། །རིམ་པ་དེ་བཞིན་ཤེས་པར་བྱ། །ཞེས་དང་། །ཡན་ལག་ལུས་ནི་ཤན་པ་སྟེ། །དྲ་བ་ཅན་ལ་བུམ་པ་སྦྱིན། །ངག་གི་ལས་ནི་བྲམ་ཟེ་སྟེ། །འཇིག་རྟེན་ཅན་ལ་གསང་བ་སྦྱིན། །སེམས་ཀྱི་ལས་ནི་རྗེའུ་སྟེ། །ལྷན་ཅིག་སྐྱེས་ལ་ཤེས་རབ་དབང་། །ཡོན་ཏན་ཕྲིན་ལས་རྒྱལ་པོ་སྟེ། །ཀུན་ཀ་ཚོགས་ལ་བཞི་བ་བསྐུར། །ཞེས་སོ། །དེ་ལྟར་དབང་རྣམས་བཞི་ལས་དང་པོ་ཕྱེ་དཀྱིལ་དྲང་དོན་གྱི་བསྐྱེད་རིམ་རྣམས་ཉན་དུ་རུང་བའི་སྐལ་པ་སྟེར་བྱེད་ཕྱི་ཕན་པའི་དབང་ལྔ་ནི། བཤད་རྒྱུད་ལས། བུམ་པ་རྡོ་རྗེ་རིལ་བུ་དང་། །ཐོབ་པ་རྡོ་རྗེ་མིང་དུ་གྲགས། །ཞེས་དང་། བསྐུར་ཚུལ་ཡང་དབང་རྫས་གཞིན་ལག་ལས་མི་བརྒྱུད་དེ་རྡོ་རྗེ་འབར་བ་ལས། དབང་བསྐུར་བ་ཡི་རིམ་པ་དང་། །སྦྱིན་སྲེག་ལས་རྣམས་བྱེད་དོན་དུ། །དཀྱིལ་འཁོར་གྱི་ནི་ཡོ་བྱད་རྣམས། །སློབ་དཔོན་གྱིས་ནི་ཁྱེར་བར་བྱ། །སློབ་མས་ཁྱེར་ན་
(༧༣)དམ་ཚིག་ཉམས། །ཞེས་སོ། །འདི་ལ་དང་པོ་རྡོ་རྗེ་མི་བསྐྱོད་པའི་ཆུང་བང་ནི། རྣམ་བུམ་སྤྱི་བོར་བཞག་ལ། བཤད་རྒྱུད་ལས། བཛྲ། གསང་གསུམ་དམ་ཚིག་ལས་བྱུང་བ། །ཡབ་ཡུམ་གཉིས་མེད་བདེ་ཆེན་ལས། །བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་འདིས། །རྡོ་རྗེ་རིགས་ཀྱི་དབང་བསྐུར་རོ། །ཨཱོཾ་བྷོ་དྷི་ཙིཏྟ་ཨཱ་དར་ཤ་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩ་མཱཾ། རིགས་ཀྱི་བུ་ཁྱོད་ལ་རྡོ་རྗེ་མི་བསྐྱོད་པའི་ངོ་བོ་བུམ་པའི་ཆུས་དབང་བསྐུར་ཞིང་ཉེ་རེག་བྱས་པས་ལུས་ཀྱི་སྒྲིབ་པ་དག །སངས་རྒྱས་ཐམས་ཅད་ཀྱི་སྐུ་རི་དབང་ཐོབ། གཟུགས་ཀྱི་ཕུང་པོ་རྡོ་རྗེ་མི་བསྐྱོད་པ་དང་། ཆུའི་ཁམས་མཱ་མ་ཀཱིའི་རང་བཞིན་དུ་གནས་གྱུར། ཞེ་སྡང་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་རྡོ་རྗེ་རིགས་ཀྱི་སྐུ་རྣམ་པ་ཐམས་ཅད་ཀྱི་བདག་ཉིད་འགྱུར་བ་མེད་པ་ཐོབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །ཞེས་ལུང་བསྟན། དེ་ནས་རིན་འབྱུང་དབུ་རྒྱན་གྱི་དབང་ནི། །དབང་འདི་ཐོབ་ནས་སངས་རྒྱས་ཐམས་ཅད་ཀྱི་རྒྱལ་ཐབས་ལ་དབང་བས་ན་རིགས་ལྔའི་དབུ་རྒྱན་ལ་ཐོབ་པ་ལྔའི་སྒྲ་ཆགས་པ་སྟེ། དེ་ཉིད་མགོ་ལ་བཀོན་ནས། ས། སངས་རྒྱས་ཀུན་གྱི་རྒྱལ་སྲིད་ཆེ། །ཐོབ་པ་ལྔ་ཡི་དབང་བསྐུར་བ། རིན་ཆེན་རིགས་ཀྱི་དབང་བསྐུར་མཆོག །རིན་ཆེན་ཁྲག་འཐུང་བརྟེན་གྱུར་ཅིག །ས་མནྟ་རཏྣ་བཛྲ་ཨ་བྷི་ཥིཉྩ་མཾ། དིགས་ཀྱི་བུ་ཁྱོད་ལ་དབུ་རྒྱན་འདི་བཀོན་པ་ཙམ་གྱིས། སྒོ་གསུམ་གྱི་རྨོངས་པའི་སྒྲིབ་པ་དག །སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་དབང་ཐོབ། ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་དང་། སའི་ཁམས་སངས་རྒྱས་སྤྱན་མར་གནས་གྱུར། ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་
(༧༤)ཤེས་སུ་གྲོལ་ཏེ། སངས་རྒྱས་རིན་ཆེན་རིགས་ཀྱི་ཡོན་ཏན་ཐམས་ཅད་མཁྱེན་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །སྣང་མཐའ་རྡོ་རྗེའི་དབང་ནི། ཨ སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །རྡོ་རྗེ་གསུང་གི་དོན་མཛད་པ། །པདྨ་ཁྲག་འཐུང་རྡོ་རྗེ་དཔལ། །རྡོ་རྗེ་ཆོས་ཀྱི་དབང་བསྐུར་རོ། །བཛྲ་ཨ་བྷི་ཥིཉྩ་མཱཾ། པྲ་ཏ་པྲ་ཝེ་ཤ་ཛྙཱ་ན་ཨ་བྷི་ཥིཉྩ་མཱཾ། རིགས་ཀྱི་བུ་ཁྱོད་ལ་སྣང་བ་མཐའ་ཡས་ཀྱི་རང་བཞིན་རྡོ་རྗེའི་དབང་བསྐུར་བས། ངག་གི་སྒྲིབ་པ་དག །སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དབང་ཐོབ། འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་དང་། མེའི་ཁམས་གོས་དཀར་མོར་གནས་གྱུར། འདོད་ཆགས་སོ་སོར་རྟོག་པའི་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་པདྨའི་རིགས་ཀྱི་གསུང་འགག་པ་མེད་པའི་ཆོས་ཀྱི་སྒྲ་དབྱངས་ཐོབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །དོན་ཡོད་གྲུབ་པ་དྲིལ་བུའི་དབང་ནི། ཏྭ། མཁའ་འགྲོ་ཀུན་གྱི་དྲིལ་བུའི་དབང་། །རྟོག་མེད་ཆོས་ཀྱི་སྒྲ་འབྱིན་ཞིང་། །ལས་ཀྱི་ཁྲག་འཐུང་ཕྲིན་ལས་བདག །ཤེས་རབ་ དྲིལ་བུའི་དབང་བསྐུར་རོ། །ཀྲི་དྱ་ཨ་ནུཥ།།།ན་བཛྲ་ཨ་བྷི་ཥིཉྩ་མཱཾ། རིགས་ཀྱི་བུ ་ཁྱོད་ལ་ དྲིལ་བུ ་འདི་གཏད་པ་ཙམ་གྱིས་ཉོན་མོངས་པ་བག་ལ་ཉལ་གྱི་སྒྲིབ་པ་དག །སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་དབང་ཐོབ། འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པ་དང་རླུང་གི་ཁམས་དམ་ཚིག་སྒྲོལ་མར་གནས་གྱུར། ཕྲག་དོག་བྱ་བ་གྲུབ་པའི་ཡེ་ཤེས་སུ་གྲོལ་ཏེ་འགྲོ་བའི་དོན་བྱེད་པར་འགྱུར་རོ། །རྣམ་པར་སྣང་མཛད་མིང་གི་དབང་ནི། རྡོར་དྲིལ་སྤྱི་བོར་འཁྲོལ་ཞིང་། སྔར་གྱི་གསང་མིང་དཀྱིལ་འཁོར་བའི་ལྷ་ཚོགས་རྣམས་ཀྱིས་འུར་དིར་བསྒྲགས་པར་བསམས་ནས། ཨཱོཾ།
(༧༥)རྡོ་རྗེ་མིང་གི་ཆོས་ཉིད་དེ། །ཅིས་ཀྱང་མི་ཚུགས་མི་ཤིགས་ཏེ། །སངས་རྒྱས་ཁྲག་འཐུང་ངོ་བོ་ཉིད། །རྡོ་རྗེ་མིང་དུ་དབང་བསྐུར་རོ། །དྷརྨ་དྷཱ་ཏུ་བི་ཤོ་དྷ་བཛྲ་ཨ་བྷི་ཥིཉྩ་མཱཾ། རིགས་ཀྱི་བུ་ཁྱོད་ལ་རྣམ་པར་སྣང་མཛད་ཀྱི་ངོ་བོ་མིང་ཆེ་གེ་མོ་བཏགས་པ་ཙམ་གྱིས་ཡིད་ཀྱི་སྒྲིབ་པ་དག །སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དབང་ཐོབ། །རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་སྣང་མཛད་དང་། །ནམ་མཁའི་ཁམས་ཆོས་ཀྱི་དབྱིངས་ཕྱུག་མར་གནས་གྱུར། གཏི་མུག་ཆོས་དབྱིངས་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་དེ་བཞིན་གཤེགས་པའི་ཐུགས་རྣམ་པར་མི་རྟོག་པ་ཐོབ་ནས། འགྲོ་བའི་དོན་བྱེད་པར་འགྱུར་རོ། །དེ་ལྟར་རིགས་དབང་ལྔ་ཐོབ་པའི་བྲལ་ཐོབ་ནི། ཕྲེང་བ་ལས། སངས་རྒྱས་ལྔར་ནི་རྣམ་དག་པའི། །དབང་བསྐུར་ལྔ་ཐོབ་རྒྱུད་པས་ནི། །མ་རིག་པ་དང་བྲལ་བས་ན། །ཡེ་ཤེས་ལྔ་ནི་ཐོབ་པར་འགྱུར། །ཅེས་པ་ལྟར་རོ། །དེ་ནས་རིགས་དབང་ལྔའི་མཐའ་རྟེན་དུ་སྣང་ཞེན་ལྷ་སྐུར་རྫོགས་བྱེད་རྣམ་རྒྱལ་བུམ་པའི་དབང་ནི་བུམ་པ་སྤྱི་བོར་བཟུང་ལ། རྩ་རྒྱུད་ལས། ཧཱུྃ། དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་གཉིས། །གཡོན་ནས་ཡུམ་གྱི་ཡབ་ལ་འཁྱུད། །ཕྱག་གིས་བུམ་པ་རབ་ཏུ་བླངས། །ཡེ་ཤེས་དབང་གི་ཆུ་བོ་འདི། །ཉོན་མོངས་མ་གོས་དཀར་ལ་འཚེར། །སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །སྤྱི་བོར་བུམ་པས་དབང་བསྐུར་བས། །ཉོན་མོངས་གསུམ་དང་དུག་གསུམ་སྦྱོངས། །དབང་གི་ཆུ་བོ་རྒྱུན་བཞིན་འབབ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། དཱིཔྟ་ཙ་ཀྲ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གཏོར་ཞིང་བླུད་དོ།
(༧༦)སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་དབང་ནི། གཙོ་བོའི་སྐུ་སྤྱི་བོར་བསྐུར་ལ། ཧཱུྃ། ཀུན་ཏུ་བཟང་པོའི་རོལ་པ་ལས། །ཐུགས་རྗེས་ཁམས་གསུམ་གདུག་པ་འདུལ། །གཉེན་པོས་ལས་སུ་རུང་མཛད་པའི། །འཇིགས་བྱེད་གཉེན་པོའི་དབང་ཐོབ་ཤོག །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཀཱ་ཡ་ཨ་བྷི་ཥིཉྩ་མཱཾ། དར་ལེ་བརྒན་ལ་སྔགས་བྱང་བྲིས་པ་མགྲིན་པར་བཟུང་ལ། ཧཱུྃ། གསུང་གི་རང་བཞིན་མཚོན་བྱེད་པའི། །ལེ་བརྒན་འབར་བའི་ཁ་དོག་ལ། །སྙིང་པོ་ནུས་པའི་དོན་དང་ལྡན། །ནུས་པ་ཅན་གྱི་དབང་ཐོབ་ཤོག །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཝཱ་ཀྐ་ཨ་བྷི་ཥིཉྩ་མཱཾ། ཕུར་པ་སྙིང་གར་བཞག་ལ། ཧཱུྃ། ཙིཏྟ་སྨུག་པོའི་གཞལ་ཡས་ནས། ཁམས་གསུམ་དབང་གི་བདག་པོ་སྟེ། །བརྐྱང་བསྐུམ་རབ་ཏུ་གདེངས་པ་ཡིས། །གདུག་པ་འཇོམས་པའི་དབང་ཐོབ་ཤོག །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཙིཏྟ་ཨ་བྷི་ཥིཉྩ་མཱཾ། ཡོན་ཏན་དང་ཕྲིན་ལས་གཉིས་ཀའི་དབང་ཡེ་ཤེས་སེམས་དཔའི་ཙ་ཀ་ལི་སྙིང་གར་གཏད་ལ། ཧཱུྃ། ཐུགས་ཀ་རིན་ཆེན་ཟུར་བརྒྱད་ལས། །ཕྲིན་ལས་སྣ་ཚོགས་ལྷུན་གྱིས་གྲུབ། །ཐམས་ཅད་ཀུན་ལ་རང་བཞིན་གནས། །ཡེ་ཤེས་སེམས་དཔའི་དབང་ཐོབ་ཤོག །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། གུ་ཎ་ཀརྨ་ཨ་བྷི་ཥིཉྩ་མཱཾ། དེ་ནས་དུར་ཁྲོད་ཆས་བརྒྱད་ཀྱི་དབང་ནི། ཧཱུྃ། ཞིང་ཆེན་གཡང་གཞིས་འདོད་ཆགས་རྩད་ནས་གཅོད། །གླང་ཆེན་ཀོ་རློན་ཐུགས་རྗེ་སྟོབས་ཀྱི་བདག །སྟག་ཤམ་ཡོན་ཏན་ཕྲིན་ལས་རྒྱས་པའི་རྟགས། །བདུད་ཆས་དཔའ་བོའི་དབང་རྣམས་ཐོབ་པར་ཤོག །ཧཱུྃ། ཐོད་པ་སྐམ་པོ་ཆོས་ཀྱི་སྐུ་ཡི་རྟགས། །ཐོད་
(༧༧)པ་རྙིང་པ་ལོངས་སྤྱོད་རྫོགས་པའི་རྟགས། །ཐོད་པ་ཚལ་བུ་སྤྲུལ་པ་སྐུ་ཡི་རྟགས། །སྐུ་གསུམ་མཚོན་བྱེད་ཐོད་པའི་དབང་ཐོབ་ཤོག །ཧཱུྃ། རིགས་བཞི་ཀླུ་རྣམས་མ་ལུས་འདུལ་བའི་རྟགས། །གདུགས་སྤྲུལ་ནི་རིགས་བཞིས་སྐུ་ལ་བརྒྱན། །ཞེ་སྡང་ཆེན་པོ་གནས་སུ་འཇོམས་མཛད་པ། །གདུག་པ་ཆས་ཀྱི་དབང་རྣམས་ཐོབ་པར་ཤོག །ཧཱུྃ། ཞག་གི་ཟོ་རིས་དམ་རྫས་བཅུད་ཀྱི་རྒྱན། །ཐལ་ཆེན་ཚོལ་བུ་འཁོར་བ་འཇོམས་པའི་རྟགས། །རཀྟའི་ཐིག་ལེ་ཐུགས་རྗེ་ཆགས་པའི་རྟགས། །མཚན་མ་རྣམ་པ་གསུམ་གྱི་དབང་ཐོབ་ཤོག །དེ་ནས་ཆས་དབང་ནི། ཧཱུྃ། རང་བྱུང་རྒྱལ་པོ་ལྷ་ཡི་རྒྱན། །མཛེས་པས་རབ་ཏུ་བརྒྱན་པ་སྟེ། །ལྷ་ལ་རབ་ཏུ་མཛེས་པས་བརྒྱན། །དབུ་རྒྱན་ཅོད་པན་དབང་ཐོབ་ཤོག །ཧཱུྃ། ཡེ་ཤེས་མེ་དཔུང་འཁོར་བ་བསྲེག་པའི་རྟགས། །ཡེ་ཤེས་མེ་རི་ལྗང་སེར་དམར་བའི་འོད། །མདོར་ན་ཡེ་ཤེས་ལྔ་ཡི་རང་བཞིན་ཏེ། །དུག་ལྔ་བསྲེག་པའི་དབང་རྣམས་ཐོབ་པར་ཤོག །ཧཱུྃ། ཁམ་ནག་རལ་པ་ཀུན་གྱི་རྒྱན་དུ་བཅིངས། །སྲིད་པའི་རྩེ་མོ་ཟིལ་གྱིས་གནོན་པའི་རྟགས། །གཏི་མུག་ཆེན་པོ་རྩད་ནས་བཅད་ནས་ཀྱང་། དབུ་སྐྲ་རལ་པའི་དབང་མཆོག་ཐོབ་པར་ཤོག །ཧཱུྃ། ཚོན་གང་སྐུ་ཡི་བ་སྤུའི་བུ་ག་རྣམས། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཅིར་ཡང་སྣང་། རྡོ་རྗེ་ཕུར་པ་རབ་ཏུ་ཀཱི་ལ་ཡ། །གདུག་པ་འཇོམས་པའི་ལྷ་རྣམས་དབང་ཐོབ་ཤོག །ཧཱུྃ། ཡེ་ཤེས་རྡོ་རྗེ་རབ་ཏུ་འབར་བ་ཡི། །རྡོ་རྗེ་གཤོག་པས་ཁམས་གསུམ་ཟིལ་གྱིས་གནོན། །གདུག་བྱེད་རང་བཞིན་མེད་པར་གནོན་མཛད་པ། །རྡོ་རྗེའི་གཤོག་པའི་དབང་མཆོག་ཐོབ་པར་ཤོག །ཧཱུྃ། རྡོ་རྗེ་ཐོད་ཁྲག་
(༧༨)རབ་ཏུ་གསོལ་བ་ཡིས། ཁམས་གསུམ་ཆགས་པ་རབ་ཏུ་ཞི་བར་མཛད། །འདོད་ཆགས་རྩད་ནས་གཅོད་བྱེད་ཐོད་པའི་དག །རཀྟ་ཆེན་པོའི་དབང་མཆོག་ཐོབ་པར་ཤོག །ཧཱུྃ། ཅོད་པན་རབ་ཏུ་འཕུར་བྱེད་པའི། །ལྷ་མོ་ལྔ་དང་ལྡན་པའི་མཆོད་པ་ཡིས། །མཆོད་པ་རྒྱ་ཆེར་མཆོད་པའི་དབང་ཐོབ་ཤོག །དེ་ནས་ཕྱག་མཚན་གྱི་དབང་ནི། ཧཱུྃ། རྣམ་ཐར་དགུ་དང་རབ་ལྡན་པའི། །ཐེག་པ་དགུ་ཡི་སྒོ་གནས་ནས། །ཁྱད་པར་ཆེན་པོ་ངན་སོང་འཇོམས། །ས་དགུ་གནོན་པའི་དབང་ཐོབ་ཤོག །ཧཱུྃ། ཡེ་ཤེས་ལྔ་དང་རབ་ལྡན་པའི། །རྡོ་རྗེ་རྩེ་ལྔ་ཡེ་ཤེས་ལྔ། །འགྲོ་བ་ལྔ་ནི་རབ་ཏུ་འདྲེན། །དུག་ལྔ་འཇོམས་པའི་དབང་ཐོབ་ཤོག ཧཱུྃ། ཡེ་ཤེས་མེ་དཔུང་འབར་པ་སྟེ། །ཐུགས་མཆོག་རབ་ཏུ་འབར་བའི་རྟགས། །འཁོར་བའི་སྡུག་བསྔལ་ཐམས་ཅད་བསྲེག །ཉོན་མོངས་སྲེག་པའི་དབང་ཐོབ་ཤོག །ཧཱུྃ། མཚོན་གྱི་རྒྱལ་པོས་རཱུ་ཏྲ་སྒྲོལ། །སྐུ་གསུམ་ལྷུན་གྲུབ་རྩེ་མོས་མཚོན། །ངན་སོང་གསུམ་པོ་རྟག་ཏུ་སྒྲོལ། །དུག་གསུམ་རྩད་གཅོད་དབང་ཐོབ་ཤོག །ཧཱུྃ། ཐུགས་རྗེའི་ཕུར་པས་གདུག་པ་འདུལ། །བགེགས་ཀྱི་རྒྱལ་པོ་སྒྲོལ་མཛད་པ། །འཁོར་བ་ཚར་གཅོད་དབྱིངས་སུ་སྒྲོལ། །གདུག་པ་འདུལ་བའི་དབང་ཐོབ་ཤོག །གཉིས་པ་ནང་ནུས་པ་འདུག་པའི་དབང་ནི། བཤད་རྒྱུད་ལས། ནུས་པ་བསྐྱེད་པར་བྱེད་པ་ཡིས། །རྡོ་རྗེ་ནང་གི་དབང་ལྔ་སྟེ། །ཐོས་སྒོམ་སྨྲ་བྱེད་ཕྲིན་ལས་དབང་། །ཞེས་པས་སྐྱེ་མཆེད་རྣམས་ཧེ་རུ་ཀ་ལྔའི་རང་བཞིན་དུ་བྱིན་གྱིས་བརླབ་པ་ནི། རིན་ཆེན་ཁྲག་འཐུང་གི་ས་བོན་རྣ་བར་བསྐུར་ལ་གསལ་འཕྲོ་བསྟིམ་གསུམ་གྱི་དམིགས་པའི་བྱེ་བྲག་ཤེས་པས། ས། ཉན་བྱེད་རྣ་
(༧༩)བའི་གཞལ་ཡས་སུ། །གསལ་བ་རིན་ཆེན་ངོ་བོ་ཉིད། །ས་ཡི་ཕྱག་རྒྱའི་ཚོགས་མཆོག་ལས། །རིན་ཆེན་ཁྲག་འཐུང་གསལ་འཕྲོ་བསྟིམ། །ས་ཨ་བྷི་ཥིཉྩས། དབང་དེ་བསྐུར་ཞིང་སྨིན་པ་ཡི། །གསང་བའི་དབང་མཆོག་དམ་པ་ལས། །གསང་བ་གཞན་ལས་བསྙེན་པར་བྱ། །གསང་བའི་དོན་ཉིད་རྟོགས་བྱ་ཞིང་། །གསང་བ་གཞན་དུ་སྨྲ་མི་བྱ། །ཞེས་དམ་ཚིག་གི་བསྟན་པ་ནི་ཀུན་ལ་འགྲེའོ། །རྡོ་རྗེ་ཁྲག་འཐུང་གི་ས་བོན་སྙིང་གར་བསྐུར་ལ། བཛྲ། བསམ་བྱེད་སྙིང་གི་གཞལ་ཡས་སུ། །གསང་བ་རྡོ་རྗེའི་ངོ་བོ་ཉིད། །ཡི་གེ་ཕྲེང་བའི་ཚོགས་མཆོག་ལས། །རྡོ་རྗེ་ཁྲག་འཐུག་གསལ་འཕྲོ་བསྟིམ། །བཛྲ་ཨ་བྷི་ཥིཉྩ་ཧཱུྃ། དུས་གསུམ་རྒྱལ་བའི་སྨྲས་ཆེན་པོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གདན། །རྒྱལ་བ་ཐམས་ཅད་མཉེས་མཆོད་ལས། །རྒྱལ་བ་ཀུན་དང་མཉམ་པར་སྦྱོར། །པདྨ་ཁྲག་འཐུང་གི་ས་བོན་ལྕེ་ལ་བསྐུར་ལ། ཨཱ སྨྲ་བྱེད་ལྕེ་ཡི་གཞལ་ཡས་སུ། །གསལ་བ་ཨ་ཡི་ངོ་བོ་ཉིད། །ཨ་ཡི་ཕྱག་རྒྱའི་ཚོགས་མཆོག་ལས། །པདྨ་ཁྲག་འཐུང་གསལ་འཕྲོ་བསྟིམ། །ཨཱ ཨ་བྷི་ཥིཉྩ་ཨཱ ཆོས་ཀྱི་བདུད་རྩི་བླ་ན་མེད། །དད་ལྡན་སྐྱེས་བུ་ངོམ་པར་བྱོས། །རབ་འབྲིང་ཐ་མའི་བློ་ཅན་ལ། །མཐུན་པར་གསང་བསྒྲག་གཞན་དུ་མིན། །དོན་འགྲུབ་ཀྱི་ས་བོན་ལག་མཐིལ་གཉིས་སུ་བསྐུར་ལ། ཏྭ། ལག་མཐིལ་གཉིས་ཀྱི་གཞལ་ཡས་སུ། །གསལ་བ་རྒྱ་གྲམ་ངོ་བོ་ཉིད། །ཏྭ་ཡི་ཕྱག་རྒྱའི་ཚོགས་མཆོག་ལས། །ལས་ཀྱི་ཁྲག་འཐུང་གསལ་འཕྲོ་བསྟིམ། །ཏྭ་ཨ་བྷི་ཥིཉྩ་ཏྭ། ཁྱོད་ནི་རྡོ་རྗེ་ལས་ཡིན་པས། །
(༨༠)ལས་རྣམས་མ་ལུས་ཀུན་གྱིས་ཤིག །ཕོ་ཉ་འདུ་འཕྲོ་མང་པོ་ཀུན། །ཁྱོད་ཀྱི་དགོས་པ་བྱེད་པར་འགྱུར། །རྣམ་སྣང་གི་ས་བོན་སྤྱི་བོར་བསྐུར་ཏེ། ཨཱོཾ། བསྐྱོད་ཆེན་ཡན་ལག་གཞལ་ཡས་སུ། །གསལ་བ་ཨཱོཾ་གྱི་ངོ་བོ་ཉིད། ཨོཾ་ཨཱབཛྲ་སཏྭ་ཧཱུྃ་ལས། །རིགས་ལྔ་ཁྲག་འཐུང་སྐུ་རུ་གསལ། །ཨཱོཾ་ཨ་བྷི་ཥིཉྩ་ཨཱོཾ། ཕྱོགས་བཅུ་དུས་གསུམ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། །དཀྱིལ་འཁོར་ཀུན་གྱི་སྦྱིན་པ་ཁྱོད། །དཀྱིལ་འཁོར་ཀུན་གྱི་མངའ་བདག་འགྱུར། །དེ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་ནི། ཕུར་པ་ཕྲིན་ལས་ཀྱི་རྒྱུད་ལས། མིང་དང་ཆུ་དང་དམ་ཚིག་གསུམ། །རྡོ་རྗེ་རིལ་བུའི་ཕྱག་རྒྱ་དང་། །རྡོ་རྗེ་བརྟུལ་ཞུགས་སྐྱབས་སྦྱིན་གྱི། །སློབ་དཔོན་དབང་ནི་རབ་ཏུ་སྦྱིན། །ངན་སོང་གནས་ནི་དབང་གིས་འཇོམས། །ཞེས་པས་དང་པོ་གཉིས་ནི་རིགས་དབང་ལྔའི་ཁོངས་སུ་ལྡན་ལ། དམ་ཚིག་གསུམ་ལ་སོགས་པའི་ཚུལ་སློབ་མ་གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་ལ་གནས་པ་ལ། ཐུགས་ཀྱི་དམ་ཚིག་རྡོ་རྗེ་གསོར་བ་དང་། གསུང་གི་དམ་ཚིག་ དྲིལ་བུ ་འཁྲོལ་བ་དང་། སྐུའི་དམ་ཚིག་ཐབས་ཤེས་ཟུང་དུ་འཇུག་པའི་ཚུལ་དུ་བསྣོལ་ནས་འཁྱུད་རྒྱ་བྱེད་པ་སྟེ་དམ་ཚིག་གསུམ་བྱིན་ཞིང་། རྒྱལ་ཚབ་ཏུ་འོས་པའི་སློབ་བུ་ཡིན་ན་ཁྲི་ལ་བཞག་སྟེ་འཁོར་ལོ་དང་། པོ་ཏི་དང་། དུང་དཀར་དང་། ཕྱག་ཤི་ཀྱང་གཏད། ཧཱུྃ། ཐབས་ཀྱི་སྤྱོད་པས་གཞན་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི། །དབང་དང་བྱིན་རླབས་འདིར་སྩལ་ཏོ། །ཨཱོཾ་བྷི་དྷི་ཙིཏྟ་ས་མ་ཡ་སྟྭམ་ཨ་བྷི་ཥིཉྩ་ཨཱ རིགས་ཀྱི་བུ་ཁྱོད་ལ་རྡོ་རྗེ་དང་ དྲིལ་བུ ་འདི་གཏད་ཅིང་དམ་
(༨༡)ཚིག་གསུམ་བྱིན་ནས་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་ནས། རྣམ་པ་ཐམས་ཅད་མཁྱེན་པའི་བདག་ཉིད་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རང་བཞིན་སྔགས་ཀྱི་ལྟ་སྤྱོད་ཟབ་མོའི་ཐབས་ཤེས་ཟུང་འབྲེལ་བརྫོགས་ནས་འཁོར་བ་མ་སྤངས་རང་བཞིན་མེད་པར་དག །སྐུ་གསུམ་འདུ་འབྲལ་མེད་པས་འགྲོ་བའི་དོན་དཔག་ཏུ་མེད་པར་བྱེད་པའི་རྟེན་འབྲེལ་འགྲིགས་པ་ཡིན་ནོ། །ཅེས་གཟེངས་བསྟོད། དེ་ལྟར་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་ནས་སློབ་མས་ཀྱང་སློབ་དཔོན་གྱི་གོ་འཕང་བརྙེས་པར་བྱ་སྟེ། རྡོ་རྗེ་འབར་བ་ལས། དབང་བསྐུར་གནང་བ་ཐོབ་ནས་ནི། །ཉན་དང་བསམ་པ་ལ་སོགས་པས། །བླ་མའི་རྒྱུད་ལ་གནས་པ་རྣམས། །སྦྱངས་ཤིང་རྟོགས་པར་མ་བྱས་ན། །གཅེར་བུ་ལག་པ་སྟོང་པར་འགྲོ། །ཞེས་སོ། །དེ་ཡང་། རྡོ་རྗེ་ཁྲོས་པ་ལས། །དབང་བསྐུར་ཡི་དམ་ལྷར་བསྐྱེད་ལ། །ལུས་ཀྱི་དཀྱིལ་འཁོར་རྫོགས་པར་བྱ། །ཞེས་པས་སློབ་མའི་ལུས་ཀྱི་དངོས་པོར་འཛིན་པ་དག་པའི་ཕྱིར་ལྷ་དབང་བསྐུར་བའི་ཚུལ་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས་ཇི་ལྟར་བསྟན་པ་ཉིད་དབང་བསྐུར་ཟབ་མོའི་དག་བྱ་དག་འབྲས་ལས་ཡིན་ལུགས་ཀྱི་དོན་ལ་སྦྱོར་བའི་ཕྱིར་དཀྱིལ་འཁོར་གྱི་བདག་པོའི་ཐུགས་ཀ་ནས་ཆུ་ལ་ཆུ་བུར་རྡོལ་བ་བཞིན་བྱུང་བའི་ལྷ་ཚོགས་རྣམས་གནས་སོ་སོར་ཐིམ་པའི་མོས་པ་མཛོད། །ཅེས་བརྡའ་སྦྱར་ལ། སྤྱི་བོར་གཙོ་བོའི་སྐུ་བཞག་ལ། དངོས་པོར་འཛིན་པ་གནས་སུ་དག་པའི་ཕྱིར། །བཅོམ་ལྡན་རྡོ་རྗེ་གཞོན་ནུས་དབང་བསྐུར་རོ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ་དཱིཔྟ་ཙ་ཀྲ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ། སྲས་མཆོག་ཡབ་ཡུམ་བཅུའི་སྐུ་སྟོན་ཅིང་། །གཟུགས་
(༨༢)ཀྱི་ཕུང་པོ་གནས་སུ་དག་པའི་ཕྱིར། །ནམ་མཁའི་རྩལ་བུདྡྷ་ཧེ་རུ་ཀ །ཨོཾ་བུདྡྷ་ཀཱི་ལི་ཀཱི་ལ་ཡ་ཧེ་རུ་ཀ་ཨ་བྷི་ཥིཉྩ་མཱཾ། རྣམ་ཤེས་ཕུང་པོ་གནས་སུ་དག་པའི་ཕྱིར། །ས་ཡི་རྩལ་བཛྲ་ཧེ་རུ་ཀ །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧེ་རུ་ཀ་ཨ་བྷི་ཥིཉྩ་མཱཾ། ཚོར་བའི་ཕུང་པོ་གནས་སུ་དག་པའི་ཕྱིར། །ཆུ་ཡི་རྩལ་རཏྣ་ཧེ་རུ་ཀ །ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་ཧེ་རུ་ཀ་ཨ་བྷི་ཥིཉྩ་མཱཾ། འདུ་ཤེས་ཕུང་པོ་གནས་སུ་དག་པའི་ཕྱིར། །མེ་ཡི་རྩ་ལ་པདྨ་ཧེ་རུ་ཀ །ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་ཧེ་རུ་ཀ་ཨ་བྷི་ཥིཉྩ་མཱཾ། འདུ་བྱེད་ཕུང་པོ་གནས་སུ་དག་པའི་ཕྱིར། །རླུང་གི་རྩ་ལ་ཀརྨ་ཉེ་རུ་ཀ །ཨཱོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་ཧེ་རུ་ཀ་ཨ་བྷི་ཥིཉྩ་མཱཾ། འབྱུང་བ་ལྔ་ནི་རྒྱལ་བའི་ཡུམ་ལྔའི་མཁའ། །སྲས་མཆོག་རིགས་ལྔ་ཡབ་ཡུམ་དབང་བསྐུར་རོ། །ཁྲོ་བོ་བཅུའི་སྐུ་གནས་སོ་སོར་བསྐུར་ལ། ཧཱུྃ། ཞེ་སྡང་གནས་སུ་དག་པའི་ཕྱིར། །རྣ་བའི་གནས་ཀྱི་རྩ་ལ་ནི། །ཁྲོ་བོ་རྣམ་པར་རྒྱལ་བས་དབང་བསྐུར་རོ། །ཨཱོཾ་བཛྲ་ཀྲོ་ཏ་བི་ཛེ་ཡ་ཧཱུྃ་བཛྲ་ཀྲོ་དྷི་ལཱ་སེ་གེ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ། ང་རྒྱལ་གཞེས་སུ་དག་པའི་ཕྱིར། །དཔུང་གཡས་གནད་ཀྱི་རྩ་ལ་ནི། །ཁྲོ་བོ་གཤིན་རྗེ་གཤེད་པོས་དབང་བསྐུར་རོ། །ཨཱོཾ་བཛྲ་ཀྲོ་ཏ་མ་མཱནྟ་ཀ་ཧཱུྃ་བཛྲ་ཀྲོ་ཏི་སྟྭ་མ་བྷ་ནི་ཧཱུྃ་ཨ་བྷི་ཥིཉྩ་མཱཾ། འདོད་ཆགས་གནས་སུ་དག་པའི་ཕྱིར། །མཚན་མའི་གནད་ཀྱི་རྩ་ལ་ནི། །ཁྲོ་བོ་རྟ་མགྲིན་རྒྱལ་པོས་དབང་བསྐུར་རོ། །ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་བཛྲ་ཀྲོ་དྷི་ཙན་བྷ་རེ་ཡེ་ཏི་ཧཱུྃ་ཨ་བྷི་ཥིཉྩ་མཱཾ། ཕྲག་དོག་གནས་སུ་དག་པའི་ཕྱིར། །མིག་འབྲས་གནད་ཀྱི་རྩ་ལ་ནི། །ཁྲོ་བོ་བདུད་རྩི་འཁྱིལ་པས་དབང་བསྐུར་རོ། །ཨཱོཾ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་བཛྲ་ཀྲོ་དྷི་བ་ཡི་པ་ཏཾ་
(༨༣)ཧཱུྃ་ཨ་བྷི་ཥིཉྩ་མཱཾ། གཏི་མུག་གནས་སུ་དག་པའི་ཕྱིར། །ལྟེ་བའི་གནད་ཀྱི་རྩ་ལ་ནི། །ཁྲོ་བོ་སྟོབས་པོ་ཆེ་ཡིས་དབང་བསྐུར་རོ། །ཨཱོཾ་བཛྲ་ཀྲོ་ཏ་མ་ཧཱ་བ་ལ་ཧཱུྃ་བཛྲ་ཀྲོ་དྷི་ཙུན་ཏ་མུ་ནེ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ། རྫུན་དུ་སྨྲ་བ་གནས་སུ་དག་པའི་ཕྱིར། །ལྕེ་ཡི་གནད་ཀྱི་རྩ་ལ་ནི། །ཁྲོ་བོ་དབྱུག་པ་སྔོན་པོས་དབང་བསྐུར་རོ། །ཨཱོཾ་བཛྲ་ཀྲོ་ཏ་ནཱི་ལ་དཎྜ་ཧཱུྃ་བཛྲ་ཀྲོ་དྷི་ཏི་རུ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ། སྲོག་གཅོད་གནས་སུ་དག་པའི་ཕྱིར། །དཔུང་གཡོན་གནད་ཀྱི་རྩ་ལ་ནི། །ཁྲོ་བོ་མི་གཡོ་མགོན་པོས་དབང་བསྐུར་རོ། །ཨཱོཾ་བཛྲ་ཀྲོ་ཏ་ཨཱརྱ་ཨ་ཙ་ལ་ཧཱུྃ་བཛྲ་ཀྲོ་དྷི་མུ་ཁ་ལ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ། མ་བྱིན་ལེན་པ་གནས་སུ་དག་པའི་ཕྱིར། །རྐང་གཡས་གནད་ཀྱི་རྩ་ལ་ནི། །ཁྲོ་བོ་གཞན་གྱིས་མི་ཐུབ་དབང་བསྐུར་རོ། །ཨཱོཾ་བཛྲ་ཀྲོ་ཏ་ཨ་པ་རཱ་མི་ཏ་ཧཱུྃ་བཛྲ་ཀྲོ་དྷི་ཤདྱ་ཡ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ། གནོད་སེམས་གནས་སུ་དག་པའི་ཕྱིར། །རྐང་གཡོན་གནད་ཀྱི་རྩ་ལ་ནི། །ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་དབང་བསྐུར་རོ། །ཨཱོཾ་བཛྲ་ཀྲོ་ཏ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ་བཛྲ་ཀྲོ་དྷི་མཱ་ར་ན་ཧཱུྃ་ཨ་བྷི་ཥིཉྩ་མཱཾ། ལོག་པར་ལྟ་བ་གནས་སུ་དག་པའི་ཕྱིར། །མིག་གཡོན་གནད་ཀྱི་རྩ་ལ་ནི། །ཁྲོ་བོ་ཧཱུྃ་ཀཱ་ར་ཡིས་དབང་བསྐུར་རོ། །ཨཱོཾ་བཛྲ་ཀྲོ་ཏ་ཧཱུྃ་ཀཱ་ར་ཧཱུྃ་བཛྲ་ཀྲོ་ཏི་ཙིན་དྷ་ཡ་ཏི་ཧཱུྃ་ཨ་བྷི་ཥིཉྩ་མཱཾ། དེ་ལྟར་བདག་ཉིད་རྩ་བའི་དཀྱིལ་འཁོར་གྱི་རོལ་པ་ལས་མཚན་མ་རྫས་ཀྱི་དཀྱིལ་འཁོར་དུ་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་གྱི་དབང་ཐོབ་པའི་ཡོན་ཏན་ནི། བཤད་པའི་རྒྱུད་ཆེན་པོ་ལས། གཙོ་བོ་ཉིད་ཀྱི་དབང་ཐོབ་ན། །ཅི་བསམ་ལས་རྣམས་འགྲུབ་པར་འགྱུར། །ཧཱུྃ་མཛད་ཆེན་པོའི་དབང་ཐོབ་ན། །ཐོག་དང་སེར་བའི་ལས་རྣམས་འགྲུབ། །རྣམ་པར་རྒྱལ་བའི་
(༨༤)དབང་ཐོབ་ན། །སྨྱོ་འབོག་ལས་རྣམས་ཐུལ་བར་འགྱུར། །དབྱུག་སྔོན་ཅན་གྱི་དབང་ཐོབ་ན། །ཉོན་མོངས་མེ་ནི་བསྲེག་པར་འགྱུར། །གཤིན་རྗེ་གཤེད་པོའི་དབང་བསྐུར་ན། །སྒྲོལ་བ་ཆེན་པོའི་དབང་ཡང་ཐོབ། །མི་གཡོ་མགོན་པོའི་དབང་ཐོབ་ན། །ཞེ་སྡང་རང་རྒྱུད་ནོན་པར་འགྱུར། །རྟ་མགྲིན་རྒྱལ་པོའི་དབང་ཐོབ་ན། ཁམས་གསུམ་དབང་དུ་སྡུད་པར་འགྱུར། །གཞན་གྱིས་མི་ཐུབ་དབང་ཐོབ་ན། །ཉོན་མོངས་ཤམ་དངས་བྱེད་པར་འགྱུར། །བདུད་རྩི་འཁྱིལ་པའི་དབང་ཐོབ་ན། ཁམས་གསུམ་གདུག་པ་གསོད་པར་འགྱུར། ཁམས་གསུམ་རྣམ་རྒྱལ་དབང་ཐོབ་ན། །གང་ཡིན་དངོས་པོ་འཛིན་པར་འགྱུར། །སྟོབས་པོ་ཆེ་ཡི་དབང་ཐོབ་ན། །འདུལ་བ་ཆེན་པོའི་དབང་ཐོབ་འགྱུར། །སྲས་མཆོག་དྲུག་གི་དབང་ཐོབ་ན། །འཇིག་རྟེན་དྲེགས་པ་འདུལ་པར་འགྱུར། །དུར་ཁྲོད་རྫས་ཀྱི་དབང་ཐོབ་ན། །བདུད་ཀྱི་རྒྱལ་པོ་འདུལ་བར་འགྱུར། །སྐུ་གསུང་ཐུགས་ཀྱི་དབང་ཐོབ་ན། ཁམས་གསུམ་སྤྲུལ་པས་འགེངས་པར་འགྱུར། །རྡོ་རྗེ་ཕུར་བའི་དབང་ཐོབ་ན། །དྲེགས་པ་ཅན་རྣམས་འདུལ་བར་འགྱུར། །བཀྲ་ཤིས་དམ་པའི་རྫས་ལ་བརྟེན། །དམ་པ་དེ་ཉིད་ཐོབ་གྱུར་ན། །ལེགས་པའི་ཡོན་ཏན་བརྗོད་ལས་འདས། །རྡོ་རྗེ་ཚེ་ཡི་དབང་ཐོབ་ན། །ཚེ་ཡི་རྡོ་རྗེ་ཉིད་དུ་འགྱུར། །ལོངས་སྤྱོད་གཏེར་གྱི་དབང་ཐོབ་ན། །ཟད་མེད་འཕེལ་བའི་དབང་དང་ལྡན། །དབང་ལ་ཡོན་ཏན་བརྗོད་ལས་འདས། །དབང་རྣམས་རྫོགས་པར་མ་གྱུར་ན། །རྫ་བྱས་བེ་འུར་ལུས་པ་འདྲ། །དབང་རྣམས་ཐོབ་པར་མ་གྱུར་ན། །ཉི་ཁྲི་ཆིག་སྟོང་སྟོན་ནུས་ཀྱང་། །རྒྱལ་པོ་དམངས་སུ་
(༨༥)བབ་པ་འདྲ། །ཤིང་ལ་བཙུགས་འཕྲུ་བྱས་པ་འདྲ། །དེ་ཕྱིར་དབང་ལ་ནན་ཏན་བྱ། །ཞེས་སོ། །དེ་ནས་ཕྲ་ཕྱག་སོ་སོའི་ཙ་ཀླི་སྤྱི་བོར་བསྐུར་ལ། བཏང་སྙོམས་བྱང་ཆུབ་སེམས་དང་ལྡན། །ཕྲ་མེན་ཕག་གི་མགོ་ཅན་དབང་བསྐུར་རོ། །བཛྲ་སུ་ཀ་ར་མུ་ཁཛྛ་ཨ་བྷི་ཥིཉྩ་མཱཾ། གཡོ་སྒྱུ་བྱང་ཆུབ་སེམས་དང་ལྡན། །ཕྲ་མེན་སྨིག་བུའི་མགོ་ཅན་དབང་བསྐུར་རོ། །བཛྲ་ཀ་ཤ་མུ་ཁཛྛ་ཨ་བྷི་ཥིཉྩ་མཱཾ། དཔའ་རྩལ་བྱང་ཆུབ་སེམས་དང་ལྡན། །ཕྲ་མེན་སྟག་གི་མགོ་ཅན་དབང་བསྐུར་རོ། །བཛྲ་བྱ་གྷྀ་མུ་ཁཛྛ་ཨ་བྷི་ཥིཉྩ་མཱཾ། ཐོགས་མེད་བྱང་ཆུབ་སེམས་དང་ལྡན། །ཕྲ་མེན་བྱ་རྒོད་མགོ་ཅན་དབང་བསྐུར་རོ། །བཛྲ་གྲིད་ཌྟ་མུ་ཁཛྛ་ཨ་བྷི་ཥིཉྩ་མཱཾ། གཟི་བརྗིད་བྱང་ཆུབ་སེམས་དང་ལྡན། །ཕྲ་མེན་གཡག་གི་མགོ་ཅན་དབང་བསྐུར་རོ། །བཛྲ་ཙ་མར་མུ་ཁཛྛ་ཨ་བྷི་ཥིཉྩ་མཱཾ། རང་རིག་བྱང་ཆུབ་སེམས་དང་ལྡན། །ཕྲ་མེན་བྱ་རྟོག་མགོ་ཅན་དབང་བསྐུར་རོ། །བཛྲ་ཀཱ་ཀ་མུ་ཁཛྛ་ཨ་བྷི་ཥིཉྩ་མཾ། གཙང་མ་སྲོང་བྱེད་བྱང་ཆུབ་སེམས་དང་ལྡན། །ཕྲ་མེན་ཤ་བའི་མགོ་ཅན་དབང་བསྐུར་རོ། །བཛྲ་ཧ་ར་མུ་ཁཛྫ་ཨ་བྷི་ཥིཉྩ་མཱཾ། ཕྲ་ལ་གཏིང་ཟབ་བྱང་ཆུབ་སེམས་དང་ལྡན། །ཕྲ་མེན་འུག་པའི་མགོ་ཅན་དབང་བསྐུར་རོ། །བཛྲ་ཧུ་ལུ་མུ་ཁཛྫ་ཨ་བྷི་ཥིཉྩ་མཱཾ། འཁོར་བ་རྔམ་བྱེད་བྱང་ཆུབ་སེམས་དང་ལྡན། །ཕྲ་མེན་གཟིག་གི་མགོ་ཅན་དབང་བསྐུར་རོ། །བཛྲ་བྱ་གྀ་མུ་ཁཛྫ་ཨ་བྷི་ཥིཉྩ་མཱཾ། མི་འཆོར་འཇོམས་བྱེད་བྱང་ཆུབ་སེམས་དང་ལྡན། །ཕྲ་མེན་ཁྭ་ཡི་མགོ་ཅན་དབང་བསྐུར་རོ། །བཛྲ་བ་ཡ་ཏི་མུ་ཁཛྫ་ཨ་བྷི་ཥིཉྩ་མཱཾ། གཟེ་མྱུར་འཇོམས་བྱེད་
(༨༦)བྱང་ཆུབ་སེམས་དང་ལྡན། །ཕྲ་མེན་བྱི་ལའི་མགོ་ཅན་དབང་བསྐུར་རོ། །བཛྲ་པ་ཙ་ལ་མུ་ཁཛྫ་ཨ་བྷི་ཥིཉྩ་མཱཾ། ཐབས་མཁས་རྫུ་འཕྲུལ་བྱང་ཆུབ་སེམས་དང་ལྡན། །ཕྲ་མེན་པུ་ཤུད་མགོ་ཅན་དབང་བསྐུར་རོ། །བཛྲ་བག་ཤི་མུ་ཁཛྫ་ཨ་བྷི་ཥིཉྩ་མཱཾ། རྔམ་མགྱོགས་གསོད་བྱེད་བྱང་ཆུབ་སེམས་དང་ལྡན། །ཕྲ་མེན་སྤྱང་ཀིའི་མགོ་ཅན་དབང་བསྐུར་རོ། །བཛྲ་ཤྭ་ན་མུ་ཁཛྫ་ཨ་བྷི་ཥིཉྩ་མཱཾ། འཛིན་ཅིང་མགྱོགས་བྱེད་བྱང་ཆུབ་སེམས་དང་ལྡན། །ཕྲ་མེན་ཁ་ཡི་མགོ་ཅན་དབང་བསྐུར་རོ། །བཛྲ་ཙན་དྷ་མུ་ཁཛྫ་ཨ་བྷི་ཥིཉྩ་མཱཾ། གཉེན་པོ་གཞལ་མེད་བྱང་ཆུབ་སེམས་དང་ལྡན། །ཕྲ་མེན་སེང་གེའི་མགོ་ཅན་དབང་བསྐུར་རོ། །བཛྲ་སིང་ཧ་མུ་ཁཛྫ་ཨ་བྷི་ཥིཉྩ་མཱཾ། ཤེས་རབ་ཐབས་མཁས་བྱང་ཆུབ་སེམས་དང་ལྡན། །ཕྲ་མེན་ཕ་ཕྲང་ཅན་དབང་བསྐུར་རོ། །བཛྲ་ཏི་ཏཱི་ལ་མུ་ཁཛྫ་ཨ་བྷི་ཥིཉྩ་མཱཾ། གཏུམ་ཞིང་གདུག་པ་བྱང་ཆུབ་སེམས་དང་ལྡན། །ཕྲ་མེན་དོམ་གྱི་མགོ་ཅན་དབང་བསྐུར་རོ། །བཛྲ་དག་ཤི་མུ་ཁཛྫ་ཨ་བྷི་ཥིཉྩ་མཱཾ། མགྱོགས་ཤིང་གཟེ་བའི་བྱང་ཆུབ་སེམས་དང་ལྡན། །ཕྲ་མོན་སྲེ་མོང་མགོ་ཅན་དབང་བསྐུར་རོ། །བཛྲ་ན་ཀུ་ལ་མུ་ཁཛྫ་ཨ་བྷི་ཥིཉྩ་མཱཾ། རྩོལ་ཆེན་ཐོགས་མེད་བྱང་ཆུབ་སེམས་དང་ལྡན། །ཕྲ་མེན་དྲེད་ཀྱི་མགོ་ཅན་དབང་བསྐུར་རོ། །བཛྲ་རིག་ཤ་མུ་ཁཛྫ་ཨ་བྷི་ཥིཉྩ་མཱཾ། བསྐུངས་མཁས་སྒྲོལ་བྱེད་བྱང་ཆུབ་སེམས་དང་ལྡན། །ཕྲ་མེན་བྱི་བའི་མགོ་ཅན་དབང་བསྐུར་རོ། །བཛྲ་དུང་ཀཾ་ཤི་མུ་ཁཛྫ་ཨ་བྷི་ཥིཉྩ་མཱཾ། ཡན་ལག་བཞི་ལ་སྒོམ་བཞི་སོ་སོར་བསྐུར་ལ། སྙིང་རྗེ་བྱང་ཆུབ་སེམས་དང་ལྡན། །ལག་གཡས་
(༨༧)ལྕགས་ཀྱུ་མ་ཡི་དབང་བསྐུར་རོ། །བཛྲ་ཨངྐུ་ཤ་ཛཨ་བྷི་ཥིཉྩ་མཱཾ། བྱམས་པ་བྱང་ཆུབ་སེམས་དང་ལྡན། །ལག་གཡོན་ཞགས་པ་མ་ཡི་དབང་བསྐུར་རོ། །བཛྲ་པཱ་ཤ་ཧཱུྃ་ཨ་དྷི་ཥིཉྩ་མཱཾ། དགའ་བ་བྱང་ཆུབ་སེམས་དང་ལྡན། །རྐང་གཡོན་ལྕགས་སྒྲོག་མ་ཡི་དབང་བསྐུར་རོ། །བཛྲ་སྥོ་ཊ་བཾ་ཨ་བྷི་ཥིཉྩ་མཱཾ། བཏང་སྙོམས་བྱང་ཆུབ་སེམས་དང་ལྡན། །རྐང་གཡས་ དྲིལ་བུ ་མ་ཡི་དབང་བསྐུར་རོ། །བཛྲ་གྷཎྜེ་ཧོཨ་བྷི་ཥིཉྩ་མཱཾ། ལུས་འདི་དངོས་སྦྱོར་འཛིན་པ་རྣམས། །རྟོག་པའི་དབང་གིས་འཛིན་པ་ལས། །ལུས་འདི་ཡེ་ནས་མངོན་སངས་རྒྱས། །ཡེ་ནས་རྒྱལ་བའི་དཀྱིལ་འཁོར་ཡིན། །བསྐྱེད་ཀྱང་མི་དགོས་རང་བཞིན་གནས། །ཞེས་པ་བརྗོད་ལ་རོལ་མོས་བྱིན་དབབ་པར་བྱའོ། །དེ་ནས་ཕུར་སྲུང་དམ་ཅན་མ་མོ་བཅུ་གཉིས་མིང་པོ་དང་བཅས་པའི་དབང་ནི་ཤིན་ཏུ་གཉན་པས་སྣོད་དང་སྦྱར་ཏེ་བསྐུར་བར་བྱ་བ་ནི། ཧཱུྃ། འཇིག་རྟེན་ཁམས་རྣམས་དབང་དུ་སྡུད་པ་ཡི། །ལྕགས་ཀྱི་སྤྱང་མོས་ཁམས་གསུམ་དབང་དུ་སྡུད། །མངགས་པའི་ཕོ་ཉའི་ཚུལ་ཏེ་རྔམས་པའི་གདངས། །དབང་སྡུད་དམ་ཅན་དབང་མཆོག་ཐོབ་པར་ཤོག །ཧཱུྃ། ཁྱི་མོ་རལ་པ་ཁམས་གསུམ་དངས་པའི་བདག ཁམས་གསུམ་ཟས་སུ་ཟ་བའི་རྐན་སྒྲ་ཅན། །སྲིད་གསུམ་སྐོམ་དུ་འཐུང་བའི་ཧུབ་སྒྲ་ཅན། །དམ་ཅན་མཁའ་འགྲོའི་དབང་མཆོག་ཐོབ་པར་ཤོག །ཧཱུྃ། འཕར་བ་ལྕེ་བརྒྱད་སྣང་སྲིད་སིལ་ཕུར་འདོན། ཁམས་གསུམ་ཀུན་ཏུ་ཕྱོགས་བཞིའི་དམག་དཔུང་འཇོམས། །ང་རོ་ཆེན་པོ་ཕྱོགས་བཅུ་ཀུན་ཏུ་སྒྲོགས། མཁའ་འགྲོ་དགྱེས་པའི་དབང་མཆོག་ཐོབ་པར་ཤོག །ཧཱུྃ། ཟངས་ཀྱི་ཝ་
(༨༨)མོས་སྣང་སྲིད་གདུག་པ་འདུལ། །རི་རབ་རྩེ་ནས་བསྙིལ་བའི་དབང་མོ་ཆེ། །ཙིཏྟ་དོན་སྙིང་ཟ་བའི་རྐན་སྒྲ་ཅན། །དབང་སྡུད་མཁའ་འགྲོའི་དབང་མཆོག་ཐོབ་པར་ཤོག །ཛྭ་ལ་ཛྭ་ལ་བཛྲ་མ་མ་མུགྟ་ལ་ཡེ་ཛ་བ་དུ་མན་དྷི་ཤྭ་རི་ནི་ལ་པུ་ཙི་ཧཱུྃ་བྷྱོ་ཧཱུྃ་བྷྱོ་ཨ་བྷི་ཥིཉྩ་མཱཾ། ཧཱུྃ། ཁམས་གསུམ་ནད་ཀྱི་བདག་མོར་དབང་བསྒྱུར་མ། །འཇིག་རྟེན་ཁམས་ཀུན་ཁྱབ་པའི་བྱ་མ་རྟ། །མི་ཕྱུགས་ཀུན་ལ་མང་མཛད་དབང་མོ་ཆེ། །གདུག་པ་མ་མོའི་དབང་རྣམས་ཐོབ་པར་ཤོག །ཧཱུྃ། དུས་གསུམ་ཀུན་ཏུ་རྒྱས་པའི་སྐུ་བརྙེས་པ། །བསྟན་པ་རྒྱས་པའི་སླད་དུ་ཕྲིན་ལས་མཛད། །སེར་ནག་ཆེན་མོ་ཁམས་གསུམ་ཀུན་གྱི་བདག །མཁའ་འགྲོ་དབང་སྡུད་དབང་རྣམས་ཐོབ་པར་ཤོག །ཧཱུྃ། ལས་སུ་ཤ་ཁྲག་རོལ་རྔམ་པའི་ཡུམ། །ཁྲག་ཐུང་དམར་ནག་སྲིད་གསུམ་དབང་དུ་སྡུད། །སྟོང་ཁམས་དགེ་སྡིག་བྱར་བྱེད་པའི་ཡུམ། །དད་པ་སྟོབས་ལྡན་མཁའ་འགྲོའི་དབང་ཐོབ་ཤོག །ཧཱུྃ། ཕྲིན་ལས་སྣ་ཚོགས་མཐར་ཕྱིན་གྲུབ་པ་མོ། །རྒྱ་མཚོའི་གཏིང་གི་ཀླུ་རྣམས་འདུག་བྱེད་མ། །ལྗང་ནག་ཆེན་མོ་ཕྲིན་ལས་མཐར་ཕྱིན་མ། །མཁའ་འགྲོ་མཐུ་ཡི་དབང་རྣམས་ཐོབ་པར་ཤོག །མ་ཐ་མ་ཐ་བཛྲ་ཏྲ་ག་རཀྴ་མ་ཏེ་ཧེ་དུན་བྷྱོ་མ་ཧཱ་ཀཱ་ལ་ཡཀྴ་ནག་མོ་ཧེ་དུན་བྷྱོ་ཨ་བྷི་ཥིཉྩ་མཱཾ། ཧཱུྃ། བདུད་ཀྱི་རིགས་རྣམས་དབང་དུ་སྡུད་མཛད་མ། །མཐིང་ནག་བདུད་ཀྱི་ཆས་སུ་རབ་ཏུ་ཞུམས། ཁམས་གསུམ་བདུད་དཔུང་འཇོམས་པའི་དབང་མོ་ཆེ། །གདུག་པ་བདུད་འདུལ་དབང་རྣམས་ཐོབ་པར་ཤོག །ཧཱུྃ། འཇིག་རྟེན་གནོད་བྱེད་རབ་ཏུ་འདུལ་མཛད་མ། །སེར་བས་རྒྱས་པའི་རང་བཞིན་མཚོན་མཛད་པ། ཀི་ཀང་ལས་ཀྱི་བསྐལ་
(༨༩)པར་འདུལ་མཛད་པ། །མཁའ་འགྲོ་མཐུ་བྱིན་དབང་རྣམས་ཐོབ་པར་ཤོག །ཧཱུྃ། ཁམས་གསུམ་གང་འདུལ་དབང་གི་བདག་མོ་སྟེ། །རཀྴ་སྲིན་པོ་བྲ་བྱེད་དབང་དུ་སྡུད། །དཔལ་གྱི་བཀའ་ཉན་ཁྲག་གི་དྲི་སྣོམ་མ། །དབང་ཕྱུག་ཆེན་མོའི་དབང་རྣམས་ཐོབ་པར་ཤོག །ཧཱུྃ། གདུག་པ་ཀླུ་རྣམས་རབ་ཏུ་འདུལ་མཛད་མ། །ནད་ངན་ཕྲིན་ལས་དབང་གི་བདག་མོ་སྟེ། །ཀླུ་ལ་མངའ་མཛད་ནད་ཀྱི་བདག་མོ་ཡང་། །ལས་རྣམས་མཐར་ཕྱིན་དབང་རྣམས་ཐོབ་པར་ཤོག །ཀ་ཏང་ཀ་ཏེ་ཛ་ཡེ་བི་ཛ་ཡེ་ཨ་ཛི་ཏེ་ཨ་པར་རྩི་ཏི་སུ་ཀི་བྷ་ཡ་བྷ་ར་ཙིཏྟཾ་ཡོ་གི་ཤྭ་རི་ཡ་མ་ཙིཏྟ་ཧཱུྃ་ཕཊ་ཨ་བྷི་ཥིཉྩ་མཱཾ། ཧཱུྃ། འཇིག་རྟེན་དྲེགས་པ་འདུལ་བའི་ལས་མཛད་མ། གྲངས་དང་ལྡན་པ་མ་ནོར་རིམ་པར་ལྡན། །རྣམ་བཞི་རྟོག་པའི་ཁྱད་པར་སྟོན་མཛད་པ། །ཡང་དག་དོན་དང་ལྡན་པའི་དབང་ཐོབ་ཤོག །རྣལ་འབྱོར་ཆེན་པོ་ལས་མིང་པོ་གསུམ་ལས་མ་བཤད་པ་ལྟར། ཧཱུྃ། མ་ཧཱ་ཀཱ་ལ་མདོག་ནག་སྟེ། །བེ་ཅོན་ཕུར་བུ་རྒྱན་དང་ལྡན། །རྒྱལ་པོ་དཀར་པོ་ཀིང་ཀར་ཕུར། །བསེ་ཡི་སྐྱེས་བུ་བསེྭ་ཁྲག་གསོལ། །དམར་པོ་འཇིགས་པ་ཕྱག་གཉིས་ན། །སེ་མདའ་སེ་གཞུ་ཕུར་བ་འདྲིལ། །མིང་པོ་གསུམ་གྱི་དབང་བསྐུར་རོ། །ཀཱ་ལ་མ་ཏྲཾ་མ་ཧཱ་ཀཱ་ལ་ར་ཏི་ཡེ་ཀཱ་ལ་རཱུ་པ་ཧཱུྃ་ཕཊ། ཀཱ་ར་མཱ་ཀཱ་རཱ་ཡ་ཏྲི་ཙ་པ་ལ་ཏྲི་ལ་ཐུན། མར་ས་ནི་ར་ཤ་ནི་ར་ཤ་བྷི་ཀུ་ལན་ཤུ་ལན་ཧཱུྃ་ཕཊ་ཨ་བྷི་ཥིཉྩ་ཧཱུྃ། དེ་ལྟར་བུམ་པའི་དབང་བསྐུར་བས་བསྐྱེད་རིམ་སྒོམ་པའི་སྣོད་དུ་གྱུར། །ཞི་བའི་ལས་འགྲུབ། །ལུས་རགས་པ་བཞིན་ལག་གི་རྣམ་པ་ཐ་མལ་དུ་འཛིན་པ་དང་། ཕྲབ་རྩའི་རྣམ་གྲངས་ཐ་དད་པ་སྤྱངས་པས་སྐུ་རྡོ་རྗེའི་རང་བཞིན་དུ་རྣམ་པར་དག །ལམ་བསྐྱེད་པའི་རིམ་པ་དང་དགའ་བའི་ཡེ་ཤེས་ལ་བརྟེན་ནས་བཅུ་གཅིག་ཀུན་ཏུ་འོད་ཀྱིས་
(༩༠)ནོན། སྤྲུལ་པའི་སྐུ་འགྲུབ་པའི་སྐལ་བརྒྱུད་ལ་བཞག་པ་ཡིན་ཏེ། བཤད་རྒྱུད་ལས། སློབ་མའི་ལུས་ནི་དག་ཅིང་སྨིན། །རྡོ་རྗེའི་ལུས་ནི་རྣམ་པར་དག །དེ་ནི་བུམ་པའི་དབང་ཡིན་ཏེ། །ལྷ་ཡི་སྐུ་ནི་རྣམ་དག་པ། །མྱུར་དུ་ཐོབ་སྟེ་ཐེ་ཚོམ་མེད། །ཅེས་སོ། །གཉིས་པ་གསང་དབང་ནི་རྡོ་རྗེ་སློབ་དཔོན་ལུས་ཀྱི་དཀྱིལ་འཁོར་དུ་བསྐུར་བ་ཡིན་ཏེ། བཤད་རྒྱུད་ལས། རྡོ་རྗེ་སློབ་དཔོན་དཔའ་བོ་ཆེ། །ཡབ་ཡུམ་བདེ་བ་སྦྱོར་བའི་སྒྲས། །བྱང་སེམས་དཀར་དམར་ཐིག་ལེའི་དབང་། །ཞེས་པས་གསུང་རྡོ་རྗེའི་རང་བཞིན་ནི་གསང་དབང་གི་ངོ་བོ་ཡིན་ལ། བྱང་ཆུབ་ཀྱི་སེམས་དེ་ཉིད་སློབ་མའི་དག་བྱའི་རྩ་བ་ངག་གི་རང་བཞིན་རླུང་ལ་འདྲེས་པར་བྱ་བའི་སླད་དུ་བདེ་སྟོང་གཉིས་སུ་མེད་པའི་འདོད་ཆགས་རྗེས་སུ་ཆགས་པའི་མེས་བཞུ་བའི་ཚུལ། དེ་ཉིད་ལས། རྡོ་རྗེ་ཐེག་པ་ལ་མོས་པའི། །བུ་མོ་མཚན་བཟང་ལྡན་པ་བཙལ། །ཐབས་ཀྱི་རྡོ་རྗེ་གཞོན་ནུ་སྟེ། །དེ་ཉིད་ཤེས་རབ་བདེ་བའི་ཡུམ། །རྡོ་རྗེའི་ལམ་ནས་པདྨོར་འཁྱིལ། །བདེ་བ་ཐུགས་ཀྱི་ཐིག་ལེ་སྤྲོ། ཟག་མེད་ཉི་ཟླའི་སྙིང་པོ་དེ། །སློབ་མའི་ངག་ལ་ཡང་དག་སྦྱིན། །ཞེས་པས་མཁའ་གསང་དངོས་གནས་མ་ཡིན་པར་རྣམ་པ་དང་ས་བོན་གྱི་རང་བཞིན་དུ་རློབ་པ་དང་། བརྡ་དང་བརྡ་ལན་གྱིས་རྗེས་ཆགས་བསྐུལ་ཏེ་འདུ་ཤེས་གསུམ་ལྡན་གྱི་སྙོམས་པར་ཞུགས་པ་སོགས་ཤེར་དབང་ལྟར་ཤེས་པར་བྱས་ནས་མས་བརྟན་གྱི་རྟེན་འབྲེལ་ལུགས་ལས་ལྡོག་པ་དེ་ཉིད་སྐལ་མེད་དང་ཉན་ཐོས་ཀྱི་ཐེག་པ་ཅན་གྱིས་མཐོང་
(༩༡)བ་ལྟ་ཅི། ཐོས་སུ་ཡང་མི་རུང་བས་གསང་ཞེས་བྱ་བའི་སྒྲ་ཞུགས་ལ་དེ་ཉིད་སློབ་བུའི་ལྕེ་ཐོག་ཏུ་བྱིན་པ་ནི་དབང་སྟེ། དེའང་དངོས་འཛིན་དག་པའི་སློབ་མས་རྡོ་རྗེ་ནོར་བུའི་ཅེ་ནས་མྱོང་བ་ཐབས་བདེ་བ་ཆེན་པོའི་གསང་དབང་པདྨའི་སྣ་རྩེ་ནས་མྱོང་བ་ཤེས་རབ་སྟོང་པ་ཉིད་ཀྱི་གསང་དབང་། མཁའ་གསང་དུ་འདྲེས་པ་ཡབ་ཀྱི་ལྕེས་བླངས་ཏེ་བྱིན་པ་འདིར་དངོས་བརྟན་གྱི་གཉིས་མེད་བདེ་བ་ཆེན་པོའི་གསང་དབང་སྟེ། ལྔ་པ་རྒྱའི་ཐ་མལ་གསང་སྔགས་མོས་པས་སྤྱོད་པའི་སྐབས་འདར། དབོན་སློབ་གཉིས་ཀའི་ཆ་ནས་དེ་ལྟར་རྔོ་ཐོགས་པ་མ་མཆིས་ན། ཀུན་ཏུ་བཟང་པོའི་སྤྱོད་པ་ཁྲེལ་བག་ཡོད་པ་ཉིད་ཁ་ན་མ་ཐོ་བ་ཆུང་བས་གསང་དངས་ཙམ་པོ་བ་ཉིད་ལག་ལེན་ལ་གདབ་པ་ལྟར་ལེགས་པས། དཀྱིལ་འཁོར་གྱི་བདག་པོ་ཡབ་ཡུམ་སྙོམས་པར་ཞུགས་པ་དམོས་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་བདེ་སྐྱོང་གི་སྣོད་དུ་བསྐྱིལ་བ་བདུད་རྩི་ལྔ་དང་སྦྱར་ནས་ལྕེ་ཐོག་ཏུ་བྱིན་ལ། ཧཱུྃ། བདེ་ཆེན་ཐིག་ལེ་ཡབ་ཡུམ་བཅུ། །རྡོ་རྗེའི་ལམ་ནས་པདྨོར་འཁྱིལ། བུ་ཡི་ལྕེ་ལ་དབབ་པར་བྱ། །སྙིང་གི་དཀྱིལ་དུ་གཟུང་བར་གྱིས། །ཨཱོཾ་བྷོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱ སློབ་མས་དང་དུ་བླངས་ནས། ཀཱ་ཡ་སིདྡྷི་ཨཱོཾ། ཝཱ་ཀ་སིདྡྷི་ཨཱ ཙིཏྟ་སིདྡྷི་ཧཱུྃ། ཨོཾ་ཨཱཧཱུྃ་མ་ཧཱ་སུ་ཁ་ཧོ །ཞེས་བརྗོད། དེ་ལྟར་གསང་དབང་བསྐུར་བས་སྒྲོན་མ་ལྔ་དང་བདུད་རྩི་ལྔ་བརྟེན་ཞིང་ལམ་ཙཎྜ་ལི་དང་། བཟླས་བརྗོད་བྱེད་པ་ལ་དབང་། རྒྱས་པའི་ལས་འགྲུབ། །ངག་བྱ་ངག་གི་རང་བཞིན་ཕྲ་བའི་རླུང་ལ་ཞུ་བདེ་ལས་སྐྱེས་པའི་བྱང་ཆུབ་ཀྱི་སེམས་ཀུན་རྫོབ་པ་
(༩༢)འདྲེས་པས་ཕྲ་བ་རླུང་དང་རགས་པ་ངག་གི་སྒྲིབ་པ་སྦྱངས། གསུང་རྡོ་རྗེའི་རང་བཞིན་དུ་རྣམ་པར་དག །མཆོག་དགའི་ཡེ་ཤེས་ལ་བརྟེན་ནས་མ་ཆགས་པདྨ་ཅན་གྱིས་ནོན། ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་སྐལ་བརྒྱུད་ལ་བཞག་པ་ཡིན་ཏེ། རྒྱུད་ལས། གསང་བ་བྱང་སེམས་རྡོ་རྗེ་དང་། རྡོ་རྗེ་གསུང་ནི་རྣམ་པར་དག །ཅེས་སོ། །དབང་གསུམ་པ་ནི། ཡུམ་གྱི་མཁའ་གསང་དུ་ཐབས་ཤེས་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་བསྐུར་བ་སྟེ། རྡོ་རྗེ་ཁྲོས་པའི་དབང་ལེ་ལས། །གསང་བའི་དབང་རྣམས་བསྐུར་བའི་ཕྱིར། །དབང་གི་སྟེགས་བུ་རབ་བརྩིགས་ལ། །ཤ་རྩི་དཀར་ལ་ལྕང་ལོའི་སྐྲ། །པདྨའི་མཆུ་ལ་སོ་ཚོགས་དམ། །སྨིན་མཚམས་བར་ཡང་མ་ཆད་པ། །ཚེས་བརྒྱད་ཟླ་བའི་མིག་འདྲ་བ། །ཞེས་དང་། བཤད་རྒྱུད་ལས། ཤེས་རབ་བཅུ་དྲུག་ལོན་པ་ཡི། །བུ་མོ་མཚན་དང་ལྡན་པ་ལ། །ཞེས་པ་ལྟར་རམ། རིགས་དང་ལོ་གྲངས་མ་ངེས་པའང་རྡོ་རྗེ་བཀོད་པ་ལས། སྨེ་ཤ་ཅན་ལ་སོགས་པ་ཡི། །བཅུ་གཉིས་དང་ནི་བཅོ་བརྒྱད་དང་། །ཡང་ནི་ཉི་ཤུ་རྩ་གཅིག་ལ། །ཕྱག་རྒྱའི་དཀྱིལ་འཁོར་གསལ་བཀོད་དེ། །རྣམ་གསུམ་ཚུལ་དུ་ནན་ཏན་བྱ། །ཧ་ཅང་སྦོམ་མིན་ཕྲ་བ་མིན། །སྨིན་མཚམས་རིང་ཞིང་ཤ་མདོག་དཀར། །སྨེ་བའི་ག་ཤལ་ཡོད་པ་དང་། །ཞེས་སོ། །དེ་ལྟ་བུའི་དབང་རྟེན་གྱི་ལུས་བྱིན་གྱིས་རློབ་པའི་ཚུལ་ཡང་། སྤྱི་བོར་ཨཱོཾ་ལ་སྙིང་གར་ཧཱུྃ། །མཚན་མར་ཨཱསྟེ་རྣམ་གསུམ་དཀོད། །ཅེས་དང་། དུས་གསུམ་གྱི་དེ་བཞིན་གཤེགས་པ་སྲས་
(༩༣)དང་བཅས་པ་བདེ་བ་ཆེན་པོའི་མཆོད་པ་ལེན་པའི་ཕྱིར་དུ་དབང་རྟེན་གྱི་ལུས་ལ་བསྐྱེད་པ་ཡང་། སློབ་དཔོན་སྣང་བའི་ཐུགས་རྗེ་བསྐྱེད། །ཡུམ་གྱིས་དུས་གསུམ་བདེ་གཤེགས་བསྐྱེད། །ཅེས་པ་ལྟར་རོ། །དེ་ལྟ་བུའི་བསྐྱེད་རིམ་ལ་མོས་པ་བརྟན་པའི་རིག་མ་དབང་གིས་རྒྱུད་སྨིན་ཞིང་སྲིད་པའི་འདོད་པ་དག་པའི་དགའ་བཞིའི་རྒྱུ་རྩལ་ལ་གོམས་པ་དེ་ཉིད། དབང་གསུམ་པ་བསྐུར་བའི་ཡུལ་གྱི་གསང་གནས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་ནོར་བུའི་རྩེ་མོ་ཨཱོཾ་གྱིས་མཚན་པར་འདུ་ཤེས་པ་དང་། ཡུམ་གྱི་མཁའ་གསང་ཨཱལས་པདྨ་འདབ་མ་བརྒྱད་པའི་ཟེའུ་འགྲུར་ཧྲཱིཡིག་གིས་མཚན་པ་ཡི་གེར་འདུ་ཤེས་པ་དང་། ཐབས་ཀྱི་ནང་ནས་ཐབས་སུ་གྱུར་པ་ལ་བརྟེན་ནས་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་སུམ་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་ཏེ། འདུ་ཤེས་གསུམ་དང་ལྡན་པའི་སློབ་མའི་ལག་ཏུ་བྱིན་ལ་རྟོགས་པ་བསྐྱེད་པ་ནི། ཧཱུྃ། བདེ་བ་ཐུགས་ཀྱི་སེམས་དཔའ་ཆེ། །ཡབ་ཡུམ་གཉིས་མེད་མུ་ཏིག་གི །ཁུ་འཕང་བྱང་སེམས་ཕབ་པ་ཡིས། །དུས་གསུམ་བླ་མ་སངས་རྒྱས་དང་། །མཁའ་འགྲོའི་ཚོགས་ལ་བདེ་ཆེན་གྱིས། །བྱང་ཆུབ་སེམས་ཀྱི་མཆོད་པ་ཕུལ། །རྡོ་རྗེ་བདེ་ཆེན་ཐིག་ལེའི་དབྱིངས། །ཟག་མེད་དབྱིངས་སུ་མི་རྟོག་སྐྱེ། །དེ་བས་བློ་མཆོག་ལོངས་སྤྱོད་ཅིག །ཅེས་བརྗོད་པ་ན་དབང་རྟེན་དེས་ཀྱང་སློབ་བུའི་རྒྱུད་ལ་ཐིག་ལེ་བཅུ་དྲུག་དང་དགའ་བ་བཅུ་དྲུག་ལ་བརྟེན་ནས་དེ་ཉིད་རྣམ་པ་བཅུ་དྲུག་གི་ཡེ་ཤེས་བསྐྱེད་པའི་ཕྱིར་ལུས་གཅེར་བུར་བྱས་ནས་གསང་བའི་དཀྱིལ་འཁོར་ངོ་མ་
(༩༤)བཞིན་དང་། །ཧཱུྃ། ཡབ་ཆེན་ཆོས་ཀྱི་དབྱིངས་མཐོང་བའི། །པདྨ་དག་ལ་འོ་བྱེད་དམ། །དེ་ལས་བྱང་ཆུབ་སེམས་འཁྱིལ་བའི། །ཟག་མེད་བདེ་བ་ལོངས་སྤྱོད་དམ། །ཞིས་དྲིས་པ་ནས། སློབ་མ་བློ་ཆེན་སྐལ་བ་དང་ལྡན་པ་སྔགས་ཀྱི་ཀུན་ཏུ་སྤྱོད་པ་དང་མྱུར་ལམ་གྱི་དམ་ཚིག་ལ་ཤིན་ཏུ་གུས་པས་ཕྱག་འཚལ་ཞིང་མེ་ཏོག་འཐོར་བ་དང་བཅས། །ཨེ་མ་ཧོ། ཤེས་རབ་ལྷ་མོ་ཡུམ་ཆེན་མོ། །ཆོས་ཀྱི་དབྱིངས་ལ་འོ་བྱེད་དོ། །བྱང་ཆུབ་སེམས་མཐོང་ཐིག་ལེ་ལས། །རྟག་ཏུ་གུས་ཤིང་བདེ་བ་སྦྱོར། །ཞེས་བརྗོད་པས་སློབ་མ་ལ་ཐ་མལ་གྱི་ཀུན་རྟོག་མེད་པར་མཐོང་ནས་ཤིན་ཏུ་དགྱེས་ཏེ་གསང་ཆེན་རྡོ་རྗེ་ཐེག་པའི་ཐབས་མཆོག་ཏུ་གྱུར་པའི་ལམ་འདི་ལམ་བརྟེན་པར་ཤེས་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་བ་དག་ཐབས་གཞན་གྱིས་འདག་པར་མི་ནུས་པས། མཆོག་གི་དངོས་གྲུབ་རང་རིག་བདེ་ཆེན་ཡེ་ཤེས་ཆེན་པོའི་འབྱུང་གནས་ཡིན་པར་རྟོགས་པ་བསྐྱེད་པ་ནི། གར་དང་ལྡན་པས་ཡང་དག་བསྐྱོང་། །བདེ་ཆེན་སྒྱུ་མའི་བརྡ་མཚོན་ཏེ། །གཉིས་ཤོར་གཉིས་མཉམ་དབུས་དག་ཏུ། །དབྱིངས་ཀྱི་བདེ་ཆེན་བྱུང་བ་དེ། །རང་རིག་ཡེ་ཤེས་དེ་ལ་ཡོད། །ཅེས་བརྗོད་ནས་རྟོག་པ་མེད་པར་སློབ་མའི་པང་དུ་བྱོན། ཛཧཱུྃ་བཾ་ཧོ ཞེས་བརྗོད་པས་ལྕགས་ཀྱུའི་རྒྱས་ཕྲག་པ་ཕན་ཚུན་སྦྲེལ། ཞགས་པའི་རྒྱས་སྟོད་སྨད་ཟུང་དུ་འཇུག །ལྕགས་སྒྲོག་གི་རྒྱས་དབང་པོའི་རེག་པ་འཕྲོད། དྲིལ་བུའི་རྒྱས་ཐབས་ཤེས་སྙོམས་པར་ཞུགས་པ་ལ་ཡབ་ཀྱིས། །ས་མ་ཡ་ཧོ །ཞེས་རང་གི་དམ་
(༩༥)ཚིག་གང་ཡིན་དང་དུ་བླང་པར་བརྡ་སྦྱར་བས། ཡུམ་གྱིས། ས་མ་ཡ་སྟྭཾ། ཞེས་དམ་ཚིག་དེ་ཉིད་དང་དུ་བླབས། ཡབ་ཀྱིས་ཨ་ནུ་རཱ་ག་ཡ་ཧོ། །ཞེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་ཆགས་པའི་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་དུ་ང་རྒྱལ་བཟུང་བས། ཡུམ་གྱིས་བྱང་། ཨ་ནུ་རྭ་ག་ཡཱ་མི། ཞེས་རྗེས་སུ་ཆགས་པའི་ང་རྒྱལ་ཉམས་བརྟས་པར་མཛད། ཧཱུྃ་ཧཱུྃ་ཧཱུྃ། དང་། ཨ་ཨ་ཨ ཞེས་པས་དབུ་མའི་མར་སྣར་བདེ་བའི་རྒྱུན་ལམ་གྱི་རྩ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་བཙལ་ཞིང་ཡང་དག་པར་བསྐུར་བས་རྗེས་ཆགས་ཀྱི་རླུང་གཡོས། དེས་ཙཎྜ་ལི་རབ་ཏུ་འབར་ནས་སྤྱི་བོའི་ཧཾ་ཡིག་ལས་ཞུ་བདེའི་ཡེ་ཤེས་བསྐྱེད་པའི་ཚུལ་གནས་ཀྱི་སྒོ་ནས་ངོས་བཟུང་ན། མགྲིན་པ་དང་། སྙིང་ག་དང་། ལྟེ་བ་དང་། གསང་གནས་བཞི་ཡིན་ཏེ། ཕྲིན་ལས་ཀྱི་རྒྱུད་ལས། སྲུ་བ་དང་སྲུབ་པའི་ཐབས་དག་ལས། །མི་རྟོག་པ་ནི་རབ་ཏུ་སྐྱེ། །དགའ་དང་མཆོག་ཏུ་དགའ་བ་དང་། །མངོན་དགའ་རང་བཞིན་དགའ་བ་སྟེ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། །བགྲོང་བྱེད་མན་ངག་དག་གིས་སོ། །དང་པོ་དགའ་བའི་དུས་སུ་ནི། །དབུགས་ནི་རྒྱུ་བ་བཅུ་དྲུག་ལ། །ཆུ་ཚོད་ལྔ་པར་སྦྱར་བྱས་ཏེ། །བཟུང་དང་བཟློག་པ་དེ་བཞིན་བྱ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ནི། །ཆུ་ཚོད་སུམ་ཅུ་གཉིས་ལྡན་བྱ། །དབྱུག་གུ་དྲུག་ཅུ་རྩ་བཞི་ཡིན། པ་རུ་འབྲིང་པོ་ཞོ་གང་། ལྗིད་དེས་གཞལ་བའི་ཟངས་སྲང་བཅུ་གཉིས་ལ་སྣོད་རྒྱར་སོར་མོ་བཅུ་གཉིས་འབང་སོར་བརྒྱད་
(༩༦)པའི་དབུས་གསེར་འོལ་མ་སེ་སུམ་ཅུ་ལ་སོར་དྲུག་པའི་ཐུར་མ་ཕྲ་སྦམ་སྙོམས་པ་བུག་པ། དེ་རྐུ་དངས་པའི་སྟེང་དུ་བཞག་ནས་ཁེངས་པའི་བར་དབྱུ་གུ་གཅིག་གོ །དེའི་རིང་ལ་གང་ཟག་ནད་མེད་སྙོམས་པ་གཅིག་གི་དབུགས་སུམ་བརྒྱ་སུམ་ཅུ་རྩ་ཕྱེད་དང་བརྒྱད་རྒྱུ། དེ་ཙམ་རེ་རེ་ཉི་བའི་རྩ་འདབ་རེ་རེ་ནས་རྒྱུ་བའི་དེ་ལྟ་བུ་དྲུག་ཅུ་རྩ་བཞི་རེ་ཉིན་ཞག་ཕྲུགས་གཅིག་ལ་རྒྱུའོ། །དེ་ལྟ་བུ་གཉིས་ལ་ཆུ་ཚོད་གཅིག་དེ་ཡི་བར་ལ་དབུགས་དྲུག་བརྒྱ་འདུན་ཅུ་རྩ་ལྔ་རྒྱུ། དེ་ལྟ་བུ་སུམ་ཅུ་སོ་གཉིས་ཏེ་སྤྱི་བོའི་རྩ་འདབ་སོ་གཉིས་ལས་དེ་ཙམ་རེ་རྒྱུའོ། དེ་ལྟ་བུ་གཉིས་ལ་འཕེབ་གཅིག་བྱ་སྟེ་སྟོང་སུམ་བརྒྱ་ལྔ་བཅུའོ། །དེ་ལྟ་བུ་བཅུ་དྲུག་ལོངས་སྤྱོད་འཁོར་ལོའི་རྩ་འདབ་བཅུ་དྲུག་ལ་འོད་ཞིང་རྒྱུའོ། །དེ་ཙམ་པ་གཉིས་ལ་ཞུན་ཕྱེད་པ་གཅིག་སྟེ་ཉིས་སྟོང་བདུན་བརྒྱའོ། །དེ་སྙིང་གའི་རྩ་འདབ་བརྒྱད་ལ་འཕོ་ཞིང་རྒྱུའོ། །ཐུན་ཚོད་གཉིས་ལས་ཐུན་ཚོད་གཅིག་སྟེ་ལྔ་སྟོང་བཞི་བརྒྱའོ། །དེ་བཞི་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་སྟེ་ཉིན་ཞག་ཕྲུགས་གཅིག་གི་རླུང་ཡིན་ནོ། །ཕྲ་མོའི་ཐུན་ནི་དྲུག་ཅུ་བཞི། །ཆེན་པོ་ཐུན་བཞི་ཐུན་བརྒྱད་ཡིན། །དགའ་བའི་གནས་སུ་དབུགས་དང་ནི། །ཐུན་ཚོད་ཆུ་ཚོད་རྩིས་བྱས་ཏེ། དེ་བཞིན་མཆོག་དགའི་དུག་སུ་ནི། །ཐུན་ཚོད་ཆུ་ཚོད་དེ་བཞིན་བསླབ། །བདེ་བ་གང་སྐྱེས་གནས་དེར་ནི། །མན་ངག་དག་ཀྱང་དེར་བསྟན་བྱ། །དེ་དོན་མན་ངག་བཅས་པ་ནི། །ཤེས་རབ་ཡེ་ཤེས་དབང་དུ་བཤད། །ཅེས་རྡོ་རྗེའི་ལུས་ཀྱིས་བཟུང་བའི་ནང་གི་ཡུལ་ཉི་ཤུ་རྩ་བཞི་ལ་རླུང་སེམས་འཇུག་པའི་ཆ་རྣམས་སྲོག་རྩོལ་གྱི་མཐུས་པ་ཅིངས་པས་འཁོར་ལོ་གསུམ་ལས་གྱེས་པའི་རྩ་ཕྲན་བདུན་ཁྲི་ཉིས་སྟོང་དུ་རླུང་དང་དང་སམ་ཟིན་པས་བདེ་བའི་ཡེ་ཤེས་གསར་དུ་འཁྲུངས་
(༩༧)ཁུ་རྡུལ་རླུང་གསུམ་དག་པའི་ཆ་ནས་ལམ་གྱི་ཡོན་ཏན་མ་ལུས་པ་རྫོགས། དེའང་ངེས་པའི་དོན་དུ་དགའ་བ་བཞིའི་ཡེ་ཤེས་དང་སྦྱོར་ན་དབང་དང་པོ་གསུམ་དང་མཐུན་པ་ནི་རྟོག་བཅས་ཀྱི་དགའ་བ་ཡིན་ལ་དབང་བཞི་པ་དང་མཐུན་པ་ནི་རང་བཞིན་གྱིས་རྟོག་མེད་དགའ་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་ལ་རང་བཞིན་བརྒྱད་ཅུའི་རྟོག་ཚོགས་དབྱིངས་སུ་ནུབ་པས་སྣང་བ་སྟོང་པ་མཆེད་པ་ལས་སྣང་བ་གཡོ་བྱེད་ཀྱི་རླུང་དང་བཅས་པས་སྟོང་པས་ཤིན་ཏུ་སྟོང་པ་ཉེར་ཐོབ་ལ་མཆེད་པ་རླུང་དང་བཅས་པས་ཀྱང་སྟོང་པས་ན་སྟོང་པ་ཆེན་པོ་སྟེ། རགས་པའི་རླུང་སེམས་ཀྱིས་བསླད་པའི་ཆ་ཐམས་ཅད་ལས་འདས་པའི་ཆོས་ཉིད་མ་འཁྲུལ་པ་གང་ཡིན་པ་དེ་གསང་སྔགས་ལམ་གྱི་ཐབས་ཟབ་མོ་ལ་བརྟེན་ཏེ་སྙིང་གའི་རྩ་མདུད་གྲོལ་བ་ལས་བྱུང་བ་ཡིན་ཏེ་རྡོ་རྗེ་འབར་བ་བསྐལ་པ་དུམ་བུའི་རྒྱུད་ལས། སེམས་ནི་མིང་བཞིའི་ཕུང་པོ་སྟེ། །ཕུང་པོའི་རྟེན་ནི་འབྱུང་བ་ལྔ། །འབྱུང་བའི་རྟེན་ནི་རྩ་རྣམས་སོ། །རྩ་རྣམས་བརྟེན་པ་སྲོག་གི་རླུང་། །སྲོག་རླུང་བརྟེན་པ་བྱང་ཆུབ་སེམས། །དེ་རྣམས་གྱེན་དུ་ཡར་ལྡོག་པས། །སེམས་ནི་རླུང་རྟེན་རླུང་ནི་རྩ། །རྩ་རྣམས་འབྱུང་བ་ལྔར་གནས་པ། །ཡབ་ཡུམ་བཅུ་རུ་ཡེ་ནས་གནས། །ཞེས་དང་། རྒྱལ་བའི་དཀྱིལ་འཁོར་མ་ལུས་ནི། །སྐུ་གསུང་ཐུགས་ཡོན་ལྔ་ལ་འདུས། །རིགས་ལྔར་སྣང་བ་ཡེ་ཤེས་དངོས། །དེ་ཡི་བྱིན་རླབས་སྤྲུལ་པ་ནི། །ཇི་ལྟར་འདོད་པའི་ཡིད་བཞིན་ཚུལ། །
(༩༨)ཁྲོ་བོ་ཁྲོ་མོའི་རྣམ་སྤྲུལ་ཡང་། །གུད་ན་མེད་དེ་དེ་ལས་སྤྲུལ། །སྤྲུལ་པ་རྣམས་ནི་རྒྱུ་ལས་སྤྲུལ། །རྒྱུ་ནི་རིག་པ་བྱང་ཆུབ་སེམས། །སེམས་ཉིད་ཡི་གེ་ཨར་སྣང་བ། །ཨ་མཐོང་ཆོས་ཀྱི་དབྱིངས་ཀྱང་མཐོང་། །མ་གཡོས་ལྟ་བའི་རྒྱས་བཏབ་ན། །དཀྱིལ་འཁོར་ཐམས་ཅད་བསྒོམ་པ་ཡིན། །ཞེས་པས་དབང་གསུམ་པའི་ཉམས་མྱོང་ལ་བརྟེན་ནས་བཞི་པའི་མཚོན་དོན་ཤེས་པ་ཡིན་པའི་ཚུལ་འོག་ཏུ་སྟོན་ལ་རྡོ་རྗེ་ཁྲོས་པའི་རྒྱུད་ལས་ཀྱང་། དེ་ཡི་ཤེས་རབ་ཡེ་ཤེས་ཀྱི། །དབང་གིས་རྡོ་རྗེ་ཐུགས་ཉིད་དག །རྡོ་རྗེ་སེམས་དཔའི་བྱིན་རླབས་ཀྱིས། །སེམས་ཉིད་མཁའ་དང་མཚུངས་པེར་མཐོང་། ཞེས་སོ། །དེ་ལྟར་དབང་གསུམ་པའི་རིམ་པ་དེ་དག་ཀྱང་སྒོམ་དོན་ལ་དེ་ལྟར་ཤེས་པར་བྱ་བ་ལས་རེ་ཞིག་ཚངས་པར་སྤྱོད་པའི་གེགས་སུ་འགྱུར་བ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་སྟོབས་སུ་མི་འགྱུར་ཞིང་། གནང་བཀག་མི་ཤེས་པ་ཐམས་ཅད་ལས་དང་པོ་པ་ཁོ་ན་ཡིན་པས་ན་ཚོད་དང་། རིགས་གཟུགས་དང་། ཆོ་འབྲང་ལ་སོགས་ལ་དཔག་ཏུ་མི་རུང་བས་མཚོན་པ་བརྡའི་དབང་རིག་ཙཀ་དང་། དྲིལ་བུ ་དང་། ཁ་ཊྭཱཾ་ཀ་ལ་སོགས་པ་ལ་བརྟེན་ནས་བསྐུར་བ་ཉིད་ལག་ལེན་ལ་གནས་པའོ། །དེའི་ཕྱིར་ཐུན་མོང་ཙམ་དུ་དག་པ་བརྗོད་པ་ནི། དེ་ལྟར་དབང་གསུམ་པ་བསྐུར་བས། དངོས་སམ་ཡིད་ཀྱི་སྣ་ཚོགས་གཟུགས་
(༩༩)ཅན་སྒོམ་པ་ལ་དབང་། དབང་གི་ལས་འགྲུབ། །དགའ་བ་བཞིའི་མས་བརྟན་གྱི་དཔེའི་ཡེ་ཤེས་ལ་བརྟེན་ནས་རགས་པ་ཐིག་ལེའི་སྒྲིབ་པ་དང་། ཕྲ་བ་ཡིད་ཀྱི་སྒྲིབ་པ་སྦྱངས། དེ་ཉིད་རྣམ་པ་བཅུ་དྲུག་གི་དོན་མངོན་དུ་བྱས་ནས་ཆོས་ཀྱི་སྐུ་འགྲུབ་པའི་སྐལ་བ་རྒྱུད་ལ་བཞག་པ་ཡིན་ནོ། །དབང་བཞི་པ་ནི་དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་དུ་བསྐུར་བ་ཡིན་ཏེ། བཤད་རྒྱུད་ལས། ཆོས་སྐུ་མངོན་སུམ་མཐོང་བའི་ཚེ། །མཆོག་གི་དབང་དུ་དེ་ཉིད་ངེས། །ཞེས་དང་། བཞི་པ་མཆོག་གི་དབང་ཆེན་ཡིན། །ཞེས་པས་བསྐུར་མ་ཐག་པའི་ཤེར་དབང་གི་དགའ་བའི་ཡེ་ཤེས་བཞི་པ་དགའ་བྲལ་ཆེན་པོའམ། རང་བཞིན་ལྷན་ཅིག་སྐྱེས་པའི་དཔེའི་ཡེ་ཤེས་ཆེན་པོས་རྟོགས་པར་བྱ་བ་སྟེ། ཕྲིན་ལས་ཀྱི་རྒྱུད་ལས། བཞི་པའི་དབང་ནི་བསྐུར་བྱ་སྟེ། །རླུང་གི་རང་བཞིན་ངེས་ཤེས་ཤིང་། །པོ་ལ་ཀ་ཀོ་ལ་སྦྱར་ལ། །རང་བཞིན་བདེ་སྐོར་ཕན་ཚུན་འབྱུང་། །གཟུང་དུ་ མེད་དེ་བརྗོད་དུ་མེད། །རྟོག་པ་ཀུན་དང་བྲལ་བ་ཡི། །རང་བཞིན་འོད་གསལ་དེར་གནས་པ། །ཚིག་ཚོགས་དབང་གི་རང་བཞིན་བྱིན། །རྟོག་པའི་བག་ཆགས་འཇོམས་པར་བྱེད། །དབང་གསུམ་འབྲས་བུ་དེ་བཞིན་ནོ། །ཞེས་པས་འདི་ནི་ཚིག་གིས་མཚོན་ལ་དད་པ་དང་།
(༡༠༠)བྱིན་རླབས་ཀྱིས་ཐོབ་པའི་དབང་ཡིན་ཏེ། དེ་བས་ན་བླ་མ་དང་དཀྱིལ་འཁོར་གྱི་ལྷ་གཉིས་སུ་མེད་པར་བལྟས་ལ་མོས་གུས་ཀྱི་གདུང་བ་དྲག་པོ་དང་ལྡན་པས་རྗེས་ཐོག་ཏུ་གསུམ་པའི་ཉམས་མྱོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོ་བོ་ཉིད་ཀྱིས་སྟོང་པས་བདག་ཏུ་ལྟ་བ་དང་། འཁོར་འདས་ཀྱི་ཆོས་སུ་འཛིན་པ་དང་། རྣམ་པར་རིག་བྱ་རིག་བྱེད་ལས་འདས་པའི་ཆོས་ཉིད་ཡེ་གནས་ཆེན་པོ་གྱི་གཟུང་བའི་ཡུལ་མེད། ནང་འཛིན་པའི་སེམས་མེད། ཤེས་པས་མཐོང་བའི་ཆོས་ཉིད་མེད་པས་མ་མཐོང་བའི་མཐོང་བ་ཆེན་པོ་ནི་དབང་བཞི་པའི་ངོ་བོ་ཉིད་ཡིན་པ་དྲན་པར་བྱ་སྟེ། རྡོ་རྗེ་འབར་བ་ལས། ངོ་བོ་ཉིད་ཀྱི་སྟོང་པ་ལས། །བདག་དང་ཆོས་དང་རྣམ་རིག་དང་། །གཟུང་དང་འཛིན་པ་རྣམ་སྤངས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །སྟོང་ཉིད་ཡེ་ནས་གནས་པ་ལ། །ཞེས་པས་མཐོང་བའི་ཡུལ་མིན་ཏེ། །གང་གིས་ཡེ་ཤེས་བསྐྱེད་གྱུར་པ། །དེ་ཡིས་ཡེ་ཤེས་རྣམ་དག་མཐོང་། །ཞེས་སོ། །དེ་ལྟར་དབང་བཞི་པ་བསྐུར་བས་རྣམ་རྟོག་འཇོམས་བྱེད་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ཕུར་པ་སྒོམ་པ་ལ་དབང་། །དྲག་པོའི་ལས་འགྲུབ། །ཀུན་གཞི་ལུང་མ་བསྟན་དང་ཤེས་བྱའི་སྒྲིབ་པ་སྦྱངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་
(༡༠༡)དང་། སློབ་མའི་སྒོ་གསུམ་རྡུལ་དང་བྲལ་བའི་དངས་མ་གསུམ་ལྡན་གཅིག་ཏུ་འདྲེས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་བརྟེན་ནས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱིས་ནོན། ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་བ་རྒྱུད་ལ་བཞག་པ་ཡིན་ཏེ་ཕྲིན་ལས་ཀྱི་རྒྱུད་ལས། ཉོན་མོངས་ཐམས་ཅད་དག་པར་བྱེད། །རྣམ་པར་རྟོག་པ་ཀུན་འཇོམས་པ། །དབང་གི་ལས་ཀྱིས་བྱེད་པ་ཡིན། །ཞེས་སོ། །དེ་ལྟར་དབང་བཞི་པོ་ཉན་ཐོས་ཐེག་པ་དང་བསྟུན་ན་བདེན་པ་བཞིའི་རང་བཞིན་དུ་གནས་པའང་། ཕུར་པ་རྡོ་རྗེ་ཕྲེང་བ་ལས། དང་པོ་རྒྱུད་རྣམས་ཉན་པའི་དབང་། །བུམ་པའི་དབང་དུ་ཡང་དག་བླངས། གཉིས་པ་དམ་རྫས་བརྟེན་པའི་དབང་། །གསར་པའི་དབང་དུ་ཡང་དག་བླངས། གསུམ་པ་ཉམས་སུ་མྱོང་བའི་དབང་། ཤེས་རབ་ཡེ་ཤེས་དབང་དུ་ཡང་དག་བླངས། བཞི་པ་དེ་རྣམས་སྨིན་པའི་དབང་། །བདེན་པ་བཞི་ཡི་བྱེ་བྲག་གི། །ཆོས་དང་ཡེ་ཤེས་ལྡན་པའོ། །ཞེས་དང་། དེ་དག་གི་དམ་ཚིག་གི་རིམ་པ་འདའ་བར་བྱ་བ་མ་ཡིན་པ་ནི། སངས་རྒྱས་མདུད་པ་ལས། བུམ་པའི་དམ་ཚིག་གང་ཡིན་པ། །བསྐྱེད་པའི་རིམ་པ་བརྟག་པ་དང་། །རྨོངས་པ་རྣམས་ལ་མི་བྱ་སྟེ། །སྣོད་ཀྱི་ལོ་ཀ་གཞལ་ཡས་ཁང་། །བཅུད་ཀྱི་འཇིག་རྟེན་ལྷ་ཡི་མཆོག །དེ་ནི་བུམ་པའི་དམ་ཚིག་ཡིན། །གང་ཞིག་གསང་བ་སྟོན་པ་ལ། །གསང་བའི་དམ་ཚིག་འདི་ཡིན་ཏེ། །བུད་མེད་ཤེས་རབ་རང་བཞིན་པས། །ཙཎྜ་ལི་ལ་རྟག་ཏུ་བསྒོམ། །ཟས་ལྔ་རྟག་ཏུ་བཟའ་བར་བྱ། །སྤྱད་པར་བྱ་བའི་མཆོག་ཡིན་ནོ། །ཡེ་ཤེས་ཆེན་པོའི་དམ་ཚིག་ནི། །ཤེས་རབ་ཀུན་ལ་སྤྱད་པ་དང་། །
(༡༠༢)དགའ་བ་རྟག་ཏུ་བསྟེན་པར་བྱ། །སེམས་ཀྱང་དྷཱུ་ཏཱིར་བལྟ་བར་བྱ། །ཡེ་ཤེས་སྙིང་པོའི་དམ་ཚིག་གོ །དེ་ལྟ་བུ་དང་མི་ལྡན་པའི། །དབང་དང་དམ་ཚིག་ཀུན་ལས་འདས། །བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་ཏེ། །སྔགས་པ་བྱ་བ་གང་ཡང་མེད། །སྔགས་པ་སྔགས་པ་ཞེས་བྱ་བ། །རྩ་བ་དང་ནི་ཡན་ལག་དང་། །ཁྱད་པར་དམ་ཚིག་གང་ཡིན་དང་། །ཤིན་ཏུ་དབང་གི་དམ་ཚིག་དང་། །རྩ་དང་རླུང་གི་དམ་ཚིག་དང་། །བྱང་ཆུབ་སེམས་ཀྱི་གཞག་ས་རྣམས། །གང་ཞིག་གཞག་པ་སྔགས་པ་ཡིན། །དེ་ལ་མཆོག་གི་དངོས་གྲུབ་བབས། །མྱུར་དུ་བླ་ན་མེད་པ་འཐོབ། །ཅེས་དང་། བཤད་རྒྱུད་ལས། དམ་ཚིག་ཉམས་པར་གྱུར་པ་ན། །བླ་མ་མཉེས་པར་བྱས་པས་སྐོང་། །གོང་བཞིན་དམ་ཚིག་བསྲུང་བ་ནི། །དམ་ཚིག་དང་པོ་ཡིན་པར་བརྗོད། །བདུད་རྩི་ལྔ་ལ་ལོངས་སྤྱོད་ཅིང་། །དེ་བཞིན་བྷ་གའི་སྙིང་པོ་གཞིབས། དམ་ཚིག་གཉིས་པ་ཡིན་པར་ངེས། །ཤེས་རབ་རང་བཞིན་བུད་མེད་ལ། །རིགས་ལྔའི་མཁའ་འགྲོ་ཉིད་དུ་བརྟག །མདོག་དང་བསྐྱོད་པ་རི་མོ་དང་། །དྲི་དང་པདྨ་ཡོངས་བརྟགས་ལ། །གུས་པས་བསྟེན་ཅིང་བརྩེ་བར་བྱ། །དམ་ཚིག་གསུམ་པ་ཡིན་པར་ངེས། །ཏིང་འཛིན་གསུམ་ལ་ངེས་པ་ཡི། །སེམས་ཅན་སངས་རྒྱས་དབྱེར་མེད་ཀྱང་། །ནམ་མཁའི་མཐའ་དང་མཉམ་པར་དམིགས། ནམ་ཡང་འབྲལ་བར་མི་བྱེད་ལ། །དམ་ཚིག་བཞི་པ་ཡིན་པར་བཤད། །ཅེས་སོ། །གལ་ཏེ་དམ་ཚིག་དང་མི་ལྡན་པ་དག་ལ་ནི་དབང་མི་སྦྱིན་ཏེ། ཕྲིན་ལས་ཀྱི་རྒྱུད་ལས། དམ་ཚིག་མེད་པ་ཕལ་རྣམས་ལ། །དང་བདག་སྦྱིན་པར་མི་བྱའོ། །
(༡༠༣)སློབ་དཔོན་སློབ་མ་ཤི་མ་ཐག །མནར་མེད་གནས་སུ་ལྟུང་བར་འགྱུར། །ཞེས་བཤད་པས་སོ། །གཉིས་པ་མཐའ་རྟེན་ནམ་ལེ་ལག་ཕྲིན་ལས་རབ་འབྱམས་ཀྱི་དབང་དང་འབྲེལ་བར་སྨད་ལས་དྲག་པོ་སྒྲོལ་དབང་ནི། རྩ་རྒྱུད་རྡོ་རྗེ་ཁྲོས་པ་ལས། །དུར་ཁྲོད་དབང་དང་དམ་རྫས་དབང་། །རིམ་པ་བཞིན་དུ་བསྐུར་བར་བྱ། །ཕུར་པའི་དབང་དང་འདེབས་པའི་དབང་། །དྲག་པོའི་ལས་སུ་གྱུར་པ་ཡིས། །ཀུན་ཀྱང་མེ་ལུས་དབང་དུ་བསྐུར། །ཞེས་དང་། རྣལ་འབྱོར་ཆེན་པོ་ལས། རྒྱན་དང་གོ་ཆ་དེ་བཞིན་གདུགས། །དྲག་པོའི་རྫས་དབང་གདུག་པ་སྒྲོལ། །བཟའ་བཅའ་བགོ་བཏུང་འདོད་ཡོན་འཕེལ། །ཞེས་པའི་དོན་བཤད་པའི་རྒྱུད་དྲི་མེད་འོད་ལྡན་གྱི་ལེའུ་སོ་བཞི་པ་ལས་བསྟན་པ་འཁྲུགས་སྡེབས་ཀྱིས་གཏན་ལ་ཕབ་པ་ནི། དབང་རྫས་སོ་སོ་ལག་ཏུ་བྱིན་ལ། ཧཱུྃ། འཁོར་བས་བྱང་ཆུབ་འཐོབ་བྱའི་ཕྱིར། །འོད་གསལ་སྟོབས་སུ་གྱུར་བ་ཡིས། །བདེ་བར་གཤེགས་པའི་མཚོན་ཆ་འདིས། །འཁོར་བའི་དུག་འཇོམས་དབང་ཐོབ་ཤོག །ཧཱུྃ། རྟོག་པའི་ཁྱད་པར་མཚོན་བྱེད་པའི། །གབ་པའི་རྨོངས་པ་སེལ་བྱེད་པ། ཕུར་པ། །ལས་ཤན་འབྱེད་པའི་ཕྱགས་ཤིང་འདིས། །རྟོགས་ཤིང་ཤེས་པའི་དབང་ཐོབ་ཤོག །ཧཱུྃ། ཐབས་དང་ཤེས་རབ་གཉིས་མེད་པའི། །རིན་ཆེན་གསེར་པས། ཕྱག་ཤིང་། ལྷག་པས་ན། །ཡབ་ཡུམ་གཉིས་སུ་མེད་པ་སྟེ། །གཉིས་མེད་སྒྲ་དབྱངས་དབང་ཐོབ་ཤོག །ཧཱུྃ། ཡེ་སེམས། ཆོས་རྣམས་ཐུགས་སུ་ཆུད་པ་དང་། །ཐམས་ཅད་རྡོ་རྗེ་རྡོར་དྲི་ལ། སེམས་དཔའ་སྟེ། །འགྲོ་བ་ཀུན་ལ་ཁྱབ་པར་གནས། །བདེ་
(༡༠༤)གཤེགས་སྙིང་པོའི་དབང་ཐོབ་ཤོག །ཧཱུྃ། ཆོས་སྐུ་ལྷུན་གྲུབ་ཐམས་ཅད་ཐོབ། །འཁོར་བའི་བག་ཆགས་སྤྱོད་མཛད་པ། །བུམ་པ་རྒྱན་ལྡན་འཁོར་བ་སེལ། །ཆོས་རྣམས་ལྷུན་གྲུབ་དབང་ཐོབ་ཤོག །ཧཱུྃ། རིགས་ལྔ་ཉོན་མོངས་དུག་ལྔ་འཇོམས། །ཡེ་ཤེས་ལྔ་རུ་མཉམ་སྦྱར་ནས། །བུམ་པ། མཚོན་པས་རང་བཞིན་དབུ་ལ་བཞུགས། །ཡེ་ཤེས་ལྔ་ཡི་དབང་ཐོབ་ཤོག །ཧཱུྃ། ཅོད་པན་ཆོས་རྣམས་མཚོན་པ་སྟེ། །སྣང་སྲིད་ཆོས་ཀྱི་དར་པོ་ཆེ། །བདེར་ རིགས་ལྔ། གཤེགས་ཀུན་དང་མཉམ་སྦྱོར་བ། །ཅོད་པན་དམ་པའི་དབབ་ཐོབ་ཤོག །ཧཱུྃ། རིགས་ལྔ་རྒྱལ་བས་དོན་མཛད་པའི། །རིགས་ལྔ་མཚོན་བྱེད་དམ་པ་དང་། །གང་འདུལ་བསྟན་པ་རྒྱས་མཛད་པའི། །རིགས་ཀྱི་མཚན་མའི་དབང་ཐོབ་ཤོག །ཧཱུྃ། ཡི་གེ་འབྲུ་ལྔ་ཡེ་ཤེས་ལྔ། །མཚོན་བྱེད་དོན་གྱི་སྙིང་པོ་སྟེ། །སྙིང་པོ་དམ་པ་ལྷ་ཡི་སྐུ། །ཕྱག་མཚན་ལྔ། །འབྲུ་ལྔ་སྙིང་པོའི་དབང་ཐོབ་ཤོག །ཧཱུྃ། གདུག་པ་འཇོམས་ཤིང་ཡེ་ཤེས་གསལ། །སྐུ་ལྔ་མཚོན་བྱེད་ཕྱག་མཚན་ལྔ། །རྒྱལ་བ་འབྱུང་བའི་རང་རྟགས་ཏེ། ཕྱག་མཚན་ལྔ་ཡི་དབང་ཐོབ་ཤོག །ཧཱུྃ། དུག་ལྔའི་མཚོན་གྱིས་མི་ཚུགས་པའི། །གསེར་གྱི་རྡོ་རྗེས་རབ་ཏུ་མཚོན། །དཔའ་རྡུལ་སྟག་གི་རྒྱན་ཆས་ཅན། །འཇོམས་བྱེད་གོ་ཆའི་དབང་ཐོབ་ཤོག །ཧཱུྃ། དུས་གསུམ་འཕགས་པ་མཆོད་མཛད་པའི་རིན་ཆེན་མཛེས་སུ་སྡུག་པ་ཡིས། རྡོ་རྗེའི་གོ་ཆ། །དད་པའི་སྟོབས་ཀྱིས་མཆོད་པ་ཡི། །མེ་ཏོག་དམ་པའི་དབང་ཐོབ་ཤོག །ཧཱུྃ། གདུགས། དུས་གསུམ་རྒྱལ་བའི་སྐུ་ཡི་རྒྱན། །འཁོར་རྣམས་རབ་ཏུ་མཉེས་མཛད། མེ་ཏོག་ཕྲེང་བ། པ། །ཉེས་པས་མགོས་
(༡༠༥)དབུལ་བསྐོར། །རྒྱལ་བ་གདུགས་ཀྱི་དབང་ཐོབ་ཤོག །རོ་མཆོག་ལྔ་ལྡན་ཞལ་ཟས་ལ། །དབུལ་ཞིང་ཕོངས་པ་སེལ་མཛད་པ། །འབྲུ་བཅུད་རྒྱན་དང་ལྡན་པ་འདི། །ཞལ་ཟས་མོད་ལ་དབང་ཐོབ་ཤོག །ཅེས་སོ། །དེ་ནས་སྨད་ཀྱི་ལས་ལ་གཟེར་བརྒྱད་གཅེས་པའི་དྲག་པོའི་སྒྲོལ་དབང་ལ་གཉིས། རྟོགས་པས་བདག་ཉིད་བསྒྲལ་བ་དང་། །ཐུགས་རྗེས་ལོག་འདྲེན་བསྒྲལ་བའོ། །དང་པོ་ནི། རྡོ་རྗེ་བཀོད་པ་ལས། དེ་ལ་ཕུར་པའི་དམ་ཚིག་ནི། །ལྟ་བས་མཉམ་པར་རྟོགས་པ་དང་། སྤྱོད་པས་ཅིར་ཡང་མི་སྙོམས་ཤིང་། །ཐབས་ཀྱིས་འགྲོ་ལ་ཕན་བྱེད་པ། །དེ་ནི་དམ་ཚིག་མཆོག་ཏུ་གསུངས། །དེ་ལས་འདས་ན་ལྟུང་བར་འགྱུར། །ཞེས་པས། ལྟ་བའི་སྒོ་ནས་ཡུལ་དང་དངོས་པོར་འཛིན་པ་ཐམས་ཅད་དེ་ཁོ་ན་ཉིད་ཀྱི་དབྱིངས་ནམ་མཁའ་ལྟ་བུ་སྤྲོས་པ་དང་བྲལ་བའི་ངང་དུ་མཉམ་པར་རྟོགས་པ་དང་། སྤྱོད་པའི་རང་བཞིན་སྣང་སྲིད་འཁོར་འདས་ལྷ་དང་གཞལ་ཡས་ཁང་དུ་མཉམ་པར་བལྟས་ནས་སྙིང་པོ་བཟླས་བརྗོད་རྒྱུན་མི་གཅད་ཅིང་ཐབས་སྙིང་རྗེ་ཆེན་པོས་གཞན་དབང་དུ་གྱུར་པའི་བྱང་ཆུབ་སེམས་ཀྱི་ཕུར་པས་ལོག་པར་འདྲེན་པའི་ཚོགས་ལ་དྲག་པོ་མངོན་སྤྱོད་ཀྱིས་གདབ་པའི་ལས་རྣམ་པ་ཐམས་ཅད་པ་བྱས། དེ་དག་གི་རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་ཡང་དག་པར་སྦྱར་ནས་གཞན་ལ་ཕན་གདགས་པ་ནི་སྒྲོལ་བའི་གྲུབ་ཏེ། དེ་ལྟར་མ་རྟོགས་པའི་སྒྲོལ་བ་རང་རྒྱུད་ཅན་ནི་ངན་སོང་གི་རྒྱུ་ལས་གཞན་ཅིར་ཡང་མི་འགྱུར་ཏེ། སྔགས་ཀྱི་ཐེག་པ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཁྱད་པར་ཅན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རྟོགས་པས་བདག་བསྤྲལ་ནས་ཐུགས་རྗེས་གཞན་དོན་བྱེད་
(༡༠༦)པའི་སེམས་རྒྱ་ཆེན་པོ་བསྐྱེད་ལ། །བརྟུལ་ཞུགས་ཆེན་པོའི་དབང་དྲག་ཤུལ་གྱི་ཆོ་གའི་ཕྲིན་ལས་གང་ཡིན་པ་ཐོགས་མེད་དུ་འགྲུབ་པའི་མོས་པ་མཛད། ཧཱུྃ། ཁམས་གསུམ་དབང་དུ་སྡུད་མཛད་སྒྲོལ་བྱེད་སྐུ། །ཉོན་མོངས་ཐང་ཅིག་ཡུད་ལ་སྒྲོལ་མཛད་པ། །རྡོ་རྗེ་ཕུར་པ་ཞིང་བཅུ་སྒྲོལ་བའི་ལྷ། ཁམས་གསུམ་དབྱིངས་སུ་སྒྲོལ་བའི་དབང་ཐོབ་ཤོག །ཧཱུྃ། རྡོ་རྗེ་ཕུར་པ་རབ་ཏུ་ཀཱི་ལ་ཡ། །ཞིང་བཅུ་སྒྲོལ་མཛད་བཛྲ་ཀཱི་ལ་ཡ། སྲས་ཕུར་ །རཱུ་ཏྲ་གནས་སུ་སྒྲོལ་མཛད་བཛྲ་ཀཱི་ལ་ཡ། །ཉོན་མོངས་དབྱིངས་སུ་སྒྲོལ་བའི་དབང་ཐོབ་ཤོག །ཧཱུྃ། དུར་ཁྲོད་ཆེན་པོའི་གཞལ་ཡས་ལྷུན་གྱིས་གྲུབ། །རང་བཞིན་ཡེ་ཤེས་ ལས་ཕུར་ ལྷ་རྣམས་བཞུགས་པའི་རྟེན། །མཐིང་ནག་གྲུ་གསུམ་ཕོ་བྲང་དབུས་གསལ་བའི། །ཕོ་བྲང་ཆེན་པོའི་དབང་རྣམས་ཐོབ་པར་ཤོག །ཧཱུྃ། གཏི་མུག་ཤ་ཡི་མཆོད་པ་རི་རབ་ཙམ། ཆོས་འབྱུང་། །འདོད་ཆགས་ཁྲག་གི་རྒྱ་མཚོ་ཆི་ལི་ལི། །ཞེ་སྡང་རུས་པའི་མཆོད་པ་ཁྲ་ལ་ལ། །དུག་གསུམ་ཞལ་དུ་གསོལ་བའི་དབང་ཐོབ་ཤོག །ཧཱུྃ། གདུག་པ་ཐབས་ཀྱིས་སྒྲོལ་བ་འཇིགས་པའི་སྐུ། ཤ་ཁྲག་རུས་གསུམ་ཉོན་མོངས་སྒྲོལ་བྱེད་བཛྲ་ཀཱི་ལ་ཡ། །ཞེན་པའི་དངོས་པོ་རབ་ཏུ་གཅོད་བྱེད་པའི། །སྒྲོལ་བ་ཆེན་པོའི་དབང་རྣམས་ཐོབ་པར་ཤོག །གཙོ་ཕུར་གྱི་དབང་། ཧཱུྃ། གདུག་པ་ཆེན་པོ་ཐབས་ཀྱིས་འདུལ་ཕུར་པ། མཛད་པ། །མཐིང་ནག་དྲག་པོས་ཐམས་ཅད་འཇོམས་པའི་སྐུ། །ཞལ་གསུམ་ཕྱག་དྲུག་ཟུར་གསུམ་དཔལ་དང་ལྡན། །སྒྲུབ་པ་དྲག་པོའི་དབང་རྣམས་ཐོབ་པར་ཤོག །བྱུག་པའི་རྫས་དུག་ཁྲག །ཧཱུྃ། ཉོན་མོངས་དུག་ལྔ་དུག་གིས་འཐིབ་པར་བྱེད། །རུལ་ཅིང་མྱགས་པས་འཁོར་བ་གཏིང་ནས་
(༡༠༧)སྐྱེམས། །གཉེན་པོའི་དབང་དུ་ཐབས་ལ་དེ་ལྟར་སྣང་། །ཉོན་མོངས་ཞེན་པ་སྒྲོལ་བའི་དབང་ཐོབ་ཤོག །བདུག་པའི་རྫས་གུ་གུ་ལ། ཧཱུྃ། གུ་གུ་ལ་སྦྱར་བ་རྫས་ཀྱི་དམ་པ་སྟེ། །ཡེ་ཤེས་མངའ་བརྙེས་ཉེས་བྱེད་རྟེན་དང་འབྲལ། །རབ་ཏུ་སྒྲུབ་པས་འོད་དང་དུ་བར་སྣང་། །དྲག་པོ་རྫས་ཀྱི་དབང་རྣམས་ཐོབ་པར་ཤོག །བྲབ་པའི་རྫས་ཡུངས་ཀར། ཧཱུྃ། ཡུངས་ཀར་རྒྱལ་པོ་སྒྲོལ་བའི་དབང་། །ཁྲོ་བོའི་རྒྱལ་པོ་འབུམ་ཕྲག་བསམ་ལས་འདས། །སྟོང་གསུམ་ཁྲོ་བོས་དུས་གཅིག་ཁེངས་མཛད་པ། །ཡུངས་ཀར་རྒྱལ་པོ་སྒྲོལ་བའི་དབང་ཐོབ་ཤོག །འགུགས་བྱེད་ལྕགས་ཀྱུའི་དབང་། ཧཱུྃ། ཁམས་གསུམ་ཉོན་མོངས་གནས་སུ་དྲང་བའི་ཕྱིར། །རབ་ཏུ་འགུགས་བྱེད་བཛྲ་ཀཱི་ལ་ཡ། །ཉོན་མོངས་ཞིང་བཅུ་གནས་ནས་འདྲེན་མཛད་པ། །ཉོན་མོངས་འགུགས་པའི་དབང་རྣམས་ཐོབ་པར་ཤོག །འཆིང་བྱེད་ཞགས་པའི་དབང་། ཧཱུྃ། ཉོན་མོངས་རང་གར་མི་བཏང་བཅིང་བའི་ཕྱིར། །རབ་ཏུ་འཆིང་བྱེད་བཛྲ་ཀཱི་ལ་ཡ། །ཞིང་བུ་འཆིང་བྱེད་བཛྲ་ཀཱི་ལ་ཡ། །ཉོན་མོངས་འཆིང་བའི་དབང་རྣམས་ཐོབ་པར་ཤོག །སྡོམ་བྱེད་ལྕགས་སྒྲོག་དབང་། ཧཱུྃ། ཁམས་གསུམ་གདུག་པ་མ་ལུས་འདུལ་བའི་ཕྱིར། །འབྲེལ་བའི་ལྷ་མཆོག་བཛྲ་ཀཱི་ལ་ཡ། །གང་ཡིན་སྡོམ་བྱེད་མཐུ་འཕྲོག་བཛྲ་ཀཱི་ལ་ཡ། །གདུག་བྱེད་སྟོབས་དང་བྲལ་བའི་དབང་ཐོབ་ཤོག །མྱོས་བྱེད་དྲིལ་བུའི་དབང་། ཧཱུྃ། གདུག་པ་ཅན་རྣམས་རབ་ཏུ་འདུལ་བའི་ཕྱིར། །སྨྱོ་བྱེད་ཆེན་པོ་བཛྲ་ཀཱི་ལ་ཡ། །ཉོན་མོངས་འཇོམས་ཕྱིར་བཛྲ་ཀཱི་ལ་ཡ། །སྨྱོ་བྱེད་ཆེན་པོའི་དབང་རྣམས་ཐོབ་པར་ཤོག །དབྱེ་བའི་སྒྲོ་
(༡༠༨)གཉིས་ཀྱི་དབང་། ཧཱུྃ། གཟས་པོ་བསྒྲལ་བའི་ཞིང་བཅུར་གྱུར་པ་ལ། །རྟེན་དང་དཔལ་བའི་ཕྲ་མར་རབ་ཏུ་བསྔགས། །རང་གི་རྫས་ལ་དབྱེ་བའི་དབང་དང་ལྡན། ཞིང་བཅུད་བྱེ་བའི་དབང་རྣམས་ཐོབ་པར་ཤོག །རྟོགས་པས་བདག་བསྒྲལ་བ་ཆོས་ཉིད་དམ་པའི་དབང་། ཧཱུྃ། ཕྱེ་ནས་རབ་ཏུ་བསྒྲལ་བའི་དོན་མཛད་པ། །ང་རྒྱལ་རང་གར་འཛིན་པ་སྒྲོལ་མཛད་པ། །ཞེ་སྡང་རང་རྒྱུད་ངན་སོང་གནས་སུ་ལྟུང་། །སྟོང་པ་ཆེན་པོར་སྒྲོལ་བའི་དབང་ཐོབ་ཤོག །ཆོ་ཁྲུས་གནས་གསུམ་གྱི་དགོངས་པས་སྒྲོལ་བ་ཐ་མལ་གྱི་ཞེན་པ་གཅོད་པའི་དབང་། །ལིངྒ་ཕུར་ཆས། ཧཱུྃ། ཁྱད་པར་ཆེན་པོ་འབར་བས་ཞེན་པ་གཅོད། །སྣ་ལྔ་མཚོད་ལས་ནད་ལྔས་འཁོར་བ་གཉེན། །དེ་ཉིད་རྒྱལ་བས་བྱིན་བརླབ་རབ་ཏུ་གསུངས། །ཞེན་པ་གཅོད་པའི་དབང་རྣམས་ཐོབ་པར་ཤོག །སྒྲོལ་བྱེད་མཚོན་ཆའི་དབང་། ཧཱུྃ། འཁོར་བ་རང་རྒྱུད་ངན་རྡོ་རྗེ། སོང་དབྱིངས་སུ་འཁྱམས། །འཛིན་པ་སྒྲོལ་ཕྱིར་མཚོན་གྱི་རྒྱལ་པོ་དང་། །མཁའ་འགྲོ་གདུག་བྱེད་ཕྱག་ཆས་དབྱིངས་སུ་སྒྲོལ། །འཇོམས་བྱེད་མཚོན་གྱི་དབང་མཆོག་ཐོབ་པར་ཤོག །རྡུང་བྱེད་ཐོ་བའི་དབང་། ཧཱུྃ། གཏུན་ཁུང་གྲུ་སྒྲོལ་ཆས། གསུམ་ཡུམ་གྱི་མཁའ་དབྱིངས་སུ། །རིག་པའི་ཡེ་ཤེས་ཡབ་ཀྱི་རྡོ་རྗེ་འདི། །ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྟགས། །རྡོ་རྗེ་ཐོ་བའི་དབང་རྣམས་ཐོབ་པར་ཤོག །ཞལ་དུ་སྟོབ་པའི་དབང་། ཧཱུྃ། རྡོས་པའི་དངོས་པོ་བརླག་པར་བྱ་བའི་ཕྱིར། །སྟོབ་བྱེད་ཆེན་པོ་བཛྲ་ཀཱི་ལ་ཡ། །གདངས་པའི་ཞལ་དུ་ཉོན་མོངས་སྟོབ་བྱེད་པ། །སྟོབ་བྱེད་ཆེན་པོའི་དབང་རྣམས་ཐོབ་པར་ཤོག །དེ་ལྟར་དྲག་པོ་མངོན་སྤྱོད་ཀྱི་མཇུག་སྡུད་ཆ་གསུམ་དུ་ངེས་པ་ལས། ཀླུ་བདུད་ལ་གཏད་པ་
(༡༠༩)མནན་པའི་དབང་། ཧཱུྃ། ཞེ་སྡང་ཆེན་པོ་རབ་ཏུ་གནོན་མཛད་པ། །རྡོ་རྗེ་རྒྱ་གྲམ་ཕྲིན་ལས་མཐར་ཕྱིན་པས། །གང་ལ་བྱ་བའི་ལས་ཉིད་གདོན་མི་ཟ། །གནོན་བྱེད་རྒྱ་གྲམ་དབང་རྣམས་ཐོབ་པར་ཤོག །བྱིན་ཟལ་སྟོབ་པ་སྲེག་པའི་དབང་། ཧཱུྃ། འཁོར་བ་ཉོན་མོངས་མ་ལུས་བསྲེག་པ་སྟེ། །མེ་ཡི་རྒྱལ་པོ་དྲང་སྲོང་རབ་ཏུ་འབར། །ཐམས་ཅད་སྲེག་པར་བྱེད་པ་མེ་ཡི་དབང་། །ཉོན་མོངས་རབས་རྒྱུད་སྲེག་པའི་དབང་ཐོབ་ཤོག །ཧཱུྃ། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་རྟགས། །དྲག་པོ་ཧོམ་ལ་རབ་ཏུ་མཆོད་པར་བྱེད། །སྲེག་བྱེད་དྲང་སྲོང་མཉེས་པའི་མཆོད་པ་འབུལ། །མཆོད་འབུལ་དགང་གླུགས་དབང་རྣམས་ཐོབ་པར་ཤོག །རླུང་ལྷ་ལ་བསྐུར་བཟོར་གྱི་དབང་ནི། ཧཱུྃ། དྲག་པོ་མཚོན་གྱི་རྒྱལ་པོ་གཏོར་མ་ལ། །ངར་འཛིན་རབ་ཏུ་བརྟས་པ་གཅོད་པར་བྱེད། །ཐབས་དང་ཤེས་རབ་ལྡན་པའི་ཟངས་དང་ལྕགས། །གཅོད་བྱེད་རལ་གྲིའི་དབང་རྣམས་ཐོབ་པར་ཤོག །དེ་ལྟར་སྒྲོལ་བྱེད་དྲག་ཤུལ་སྤྱོད་པའི་ཕྲིན་ལས་ཀྱི་དབང་བསྐུར་བས་དགྲ་བགེགས་གདུག་པ་ཅན་ཚར་གཅོད་པའི་མཐུ་རྩལ་དང་ནུས་པའི་དབང་ཐོབ་ནས་གཞན་དོན་བྱེད་ནུས་པ་ཡིན་ཏེ། རྣལ་འབྱོར་ཆེན་པོ་ལས། དྲག་པོའི་རྫས་དང་གདུག་པ་སྒྲོལ། །ཞེས་དང་། བཤད་རྒྱུད་ལས། དྲག་པོ་འདུལ་བའི་དབང་ཐོབ་ན། །ཕྱིན་ཆད་འགྲོ་བའི་དོན་རྣམས་ནུས། །ཞེས་སོ། །དེ་ལྟར་རང་དོན་མངོན་དུ་བྱས་ནས། གཉིས་པ་ཐུགས་རྗེས་གཞན་སྒྲོལ་བའི་དབང་ནི། རྣལ་འབྱོར་ཆེན་པོ་ལས། གབ་པའི་སྡོམ་པ་གཟུང་བ་དང་། །གཟིར་གནོན་དྲག་པོའི་བསྡུ་བ་དང་། །སྙིང་པོ་དྲག་ཏུ་བཟླས་
(༡༡༠)པ་དང་། །དམ་ཅན་གནད་ལ་དབབ་པ་དང་། །རྩ་བ་ཁམས་གསུམ་བསྒྲལ་བ་དང་། །བསྒྲལ་ནས་མཆོད་པ་བསྟན་པ་དང་། །བཀྲག་མདངས་འཕྲོག་ནས་ཚེ་ལུང་བསྟན། །འདི་ནི་བསྒྲལ་བའི་ལས་མཆོག་སྟོ། ཐམས་ཅད་མ་ལུས་འདུས་པར་བཤད། གཉིས་མེད་ཕུར་པ་ཤེས་པ་དང་། །ཡོན་ཏན་ལྡན་པའི་སྔགས་པ་ཡིས། །འདིས་ནི་གཞན་བསྒྲལ་བྱང་ཆུབ་ཐོབ། །རྟོགས་པས་བདག་ཉིད་བསྒྲལ་བ་དང་། །ཐུགས་རྗེས་གཞན་བསྒྲལ་ཤེས་པར་བྱ། །ཞེས་པས་རྣམ་ཐར་གསུམ་ལྡན་མཚོན་པའི་ལྕགས་ཀྱི་གྲུབ་ཁུང་དུ་ཉ་བོ་མགོ་རང་ལ་བསྟན་ཏེ་བཞག་པ་ལ། རཀྟ་བྲན། ལས་ཕུར་ཐོགས་ལ། རྩ་དུམ་ལས། ཧཱུྃ། དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཤྭ་ན་མུ་ཁའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་གསོབ་པའི། །རིག་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་དང་། །དངོས་གྲུབ་འཕྲོ་གཅིང་འཚེ་བ་རྣམས། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་འདིར་ཁུག་ལ། །མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་། །ལུས་ངག་རྡུལ་དུ་བཤིགས་ནས་ཀྱང་། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཨོཾ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན། མོ་ཧ་ཡ། བྷ་ག་ཝཱ་ན་ཤི་ཀྲི་བྱི་ཀྲི། བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཕཊ།
(༡༡༡)བཛྲ་ཀཱི་ལི་ཀཱི་ལ་ཡ། ཛཧཱུྃ་བཾ་ཧོ སརྦ་བིགྣ་ན། བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཨཱ། དངོས་གྲུབ་བར་ཆོད་བྱེད་པའི་གེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །རིངས་པར་ཁུག་ལ་སྨྲར་ཆུག་ཅིག །ཕོབ་ཅིག་རྣམ་པར་གཟིར་བར་བྱོས། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་རྣམས་ཉན་པར་བྱོས། །ཧཱུྃ་པ་ར་བིད་དྷན་ཧཱུྃ་ཕཊ། ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ། བིདྡྷ་བིདྡྷ་ཧཱུྃ་ཕཊ། གྷྲྀ་ན་གྷྲྀ་ན་ཧཱུྃ་ཕཊ། ཧ་ན་ཧ་ན་ཧཱུྃ་ཕཊ། བྷ་ན་དྷ་བྷ་ན་དྷ་ཧཱུྃ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ། ཧ་ས་ཡ་ར་ཧ་ཧ་ན་ཧཱུྃ་ཕཊ། ཤི་ཀྲི་ན་ཨ་ན་ཡ་ཧཱུྃ་ཕཊ། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུྃ་ཕཊ། བིན་དྷ་ཡ་བིན་དྷ་ཡ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་། དེའི་ཚེ་དེ་ཁོ་ན་ཉིད་ལས་མི་གཡོ་བའི་རྟོགས་པས་བདག་བསྒྲལ་ནས། རྗེས་ལ་ཐོབ་པའི་སྙིང་རྗེ་ཞེ་སྡང་རོལ་པའི་མངོན་སྤྱོད་ལ་ཞུགས། ཕྱག་གཉིས་རིགས་ལྔ་ཡང་ཡུམ་གྱི་སྦྱོར་མཚམས་ན་གནས་པའི་མཚན་མ་རྫས་ཀྱི་ཕུར་བུ་མགར་གྱི་སོ་མལ་ནས་ཕྱུང་མ་ཐག་བལྟ་བུ་དེ་ཉིད་ཡི་དམ་གྱི་ལྷར་གསལ་བ་མི་རྡུགས་པའི་གནད། ཕྱི་གཟུང་ཡུལ་དུ་མདོན་པའི་སྣང་བ་དངོས་ཞེན་ཐམས་ཅད་ཉམས་པ་བདུན་དང་ལྡན་པའི་བསྒྲལ་ཡུལ་དུ་གསལ་བ་ནི་མི་འབྱམས་པའི་གནད། ནང་འཛིན་བྱེད་ཀྱི་རྣམ་པར་རིག་པ་ཐམས་ཅད་ལྷའི་ཕྱག་རྒྱར་གསལ་བ་ནི་མི་ལྡོག་པའི་གནད། གསལ་བ་གསུམ་ལྡན་གྱི་ངང་ནས་ཤར་བའི་ཚད་མེད་སྙིང་རྗེའི་ཕུར་བས་ཕྱི་དགྲ་གཟུང་འཛིན་གྱི་ཉ་བོ་སྤྲུལ་སྐུའི་དབྱིངས་སུ་བསད། ཉམས་པ་བདུན་པོ་གནས་
(༡༡༢)ངན་ལས་བསྒྲལ་འདོད་བྱང་ཆུབ་སེམས་ཀྱི་ཕུར་བུས་ནང་དགྲ་དུག་གསུམ་གྱི་ངོ་བོ་ལོངས་སྐུའི་དབྱིངས་སུ་བསད། །བསྒྲལ་བྱ་སྒྲོལ་བྱེད་གྱི་ཀུན་དུ་རྟོག་པ་ལས་གྲོལ་བའི་རིག་པ་ཡེ་ཤེས་ཀྱི་ཕུར་བུས་གསང་དགྲ་བདག་འཛིན་གྱི་ངོ་བོ་ཆོས་སྐུའི་དབྱིངས་སུ་བསད་པ་སྟེ། ཕུར་པ་ཕྲིན་ལས་ཀྱི་རྒྱུད་ལས། བྱང་ཆུབ་སེམས་ཀྱི་ཕུར་བུ་ནི། །རྣམ་པར་རྟོག་པ་ཀུན་འཇོམས་བྱེད། །ཕུར་བུའི་རྒྱུད་ཚད་དབྱིབས་དང་ནི། །སྐུར་གསལ་བྱིན་བརླབས་བྱས་པ་ཡིས། །རྣམ་རྟོག་སྒྲོལ་བར་རབ་ཏུ་བཤད། །ཅེས་སོ། །དེའི་ཚེ་སྐྱེ་མཆེད་དུར་ཁྲོད་དུ་བསྒྲལ་བས་ཕུང་པོའི་གདུད་བཅོམ། ཆགས་རྟོག་ཡུམ་མཁའ་ལ་བསྒྲལ་བས་ཉོན་མོངས་པའི་བདུད་བཅོམ། མིང་པ་ཞིའི་ཕུང་པོ་དག་པས་ལྷའི་བུའི་བདུད་བཅོམ། རྣམ་ཤེས་འོག་མིན་དུ་བསྒྲལ་བས་འཆི་བདག་གི་བདུད་བཅོམ། ལྟ་བ་ལ་སྤྲོས་པ་མེད་པས་རྟག་ཆད་ཀྱི་འཕྲར་ལས་གྲོལ། སྒོམ་པ་ལ་བསལ་གཞག་མེད་པས་བྱིངས་རྒོད་ཀྱི་འཕྲང་ལས་གྲོལ། སྤྱོད་པ་ལ་དངོས་འཛིན་མེད་པས་ཚུལ་འཆོས་ཀྱི་འཕྲང་ལས་གྲོལ་བ་སྟེ། ཡུལ་གསུམ་གསལ་དང་དགྲ་གསུམ་གསད། །བདུད་བཞི་བསྒྲལ་དང་འཕྲང་གསུམ་བསལ། །བླ་ཚེའི་ལྷག་མ་བདག་ལ་འདྲེས། །ཡེ་ཤེས་ཆུ་ཡིས་སྡིག་སྒྲིབ་བཀྲུས། །རྣམ་ཤེས་རྒྱལ་བའི་ཞིང་དུ་འཕང་། །དེ་ནི་སྒྲོལ་དབང་ངོ་བོ་ཡིན། །དེ་སྐད་དུ། མྱང་འདས་ཀྱི་རྒྱུད་ལས། རྣམ་ཤེས་སྙིང་གི་དཀྱིལ་འཁོར་དུ། །བྱང་ཆུབ་སེམས་ཀྱི་རྩེ་གཏད་དེ། །དཀར་ནག་མཚམས་ཀྱི་སྙིང་ལ་ནི། །དགེ་སྡིག་ལས་ཀྱི་ཤན་ཕྱེ་སྟེ། །རྣམ་པར་རྟོག་པའི་སྡིག་སྦྱངས་ནས། །རྣམ་བཞི་ལས་ཀྱི་འདུལ་སྦྱངས་ཀྱིས། །ཉོན་མོངས་དུག་གསུམ་བཅོམ་
(༡༡༣)ནས་ཀྱང་། །རྣམ་ཤེས་གསེར་ཞུན་ལྟ་བུ་དེ། །ཡཾ་གྱིས་བཏེག་ལ་ཕཊ་ཀྱིས་འཕང་། ཧཱུྃ་གིས་བསྡུས་ནས་མཁའ་ལ་བསྟིམ། །རིགས་ལྔའི་སྲས་སུ་ངེས་པར་བྱ། །ཨོཾ་ཨཱཧཱུྃ་གིས་བྱིན་བརླབས་ཏེ། སྐུ་གསུང་ཐུགས་སུ་གསལ་བྱས་ནས། །ངན་སོང་སྒོ་གསུམ་ཤིན་ཏུ་བཅད། །རྣམ་རྟོག་བསྒྲལ་བའི་ཞིང་བཅུར་བརླབ། །དེ་ཡི་རྣམ་ཤེས་ཆོས་ཀྱི་སྐུ། །རྣམ་དག་དབྱིངས་ཀྱི་ངང་དུ་བསྒོམ། །དོན་དུ་རང་སེམས་མྱ་ངན་འདའ། །ཞེས་དང་། ཕུར་པ་ཕྲིན་ལས་ཀྱི་རྒྱུད་ལས་ཀྱང་། གདབ་པ་ཀུན་གྱི་གོང་དུ་ནི། །མཐུ་དང་རྫུ་འཕྲུལ་འཕྲོག་ཕྱིར་གདབ། །ཉོན་མོངས་མནར་བའི་སེམས་ཅན་དག །འཁོར་བའི་གནས་ནས་དྲང་བའི་ཕྱིར། །རྡོ་རྗེ་ཕུར་པས་རབ་ཏུ་གདབ། །ངན་སོང་རྒྱུ་ནི་དེས་ཚར་བཅད། །རྒྱ་མདུད་གཉིས་དང་ལོགས་བརྒྱད་དང་། །དཔལ་དང་བཅས་པའི་འོད་ཟེར་གྱིས། །ངན་སོང་གསུམ་ནི་དེར་སྦྱོང་བྱེད། །ཕུར་བུའི་འོད་ཟེར་ཆེན་པོ་དེས། །བདག་དང་གཞན་གྱི་དོན་བསྒྲུབ་བྱ། །སྔགས་ཀྱི་འོད་ཟེར་དྲག་པོ་སྟེ། །སྤྲོས་པས་གཞན་གྱི་སྡིག་པ་འཇོམས། །བསྡུས་པས་བདག་གི་སྡིག་པ་འཇོམས། །ཕུར་པའི་འོད་ཟེར་དེ་བསྒོམས་ཤིང་། །རྣམ་རྟོག་ཐམས་ཅད་དེས་སྒྲོལ་བྱེད། །དྲག་པོའི་ལམ་ནི་ཐམས་ཅད་ཀྱང་། །སྙིང་རྗེས་ཟིན་པའི་ཞེ་སྡང་གིས། །ཉོན་མོངས་གནས་སུ་དག་བྱས་བསྲལ། །ཞེས་རྟོགས་པ་བསྐྱེད་ནས་སོབ་བའི་ལག་ཏུ་སྲས་མཆོག་གི་ཕར་པ་གཏད་པ་ཏིང་ངེ་འཛིན་དང་ལྡན་པའི་ཆུ་སྲིན་རྣམ་རོལ་གྱི་ཕྱག་རྒྱས་བཟུང་བའི་ཚུལ། མྱང་འདས་ལས། གཡས་གཡོན་ཉི་ཟླའི་དཀྱིལ་འཁོར་ལས། །ཧཱུྃ་དང་ཨཱ་ནི་ཤིན་
(༡༡༤)དུ་གསལ། །གུང་བུ་མཐེ་བོར་མཛུབ་སྲིན་དང་། མཐེའུ་ཆུང་ལ་སོགས་གཡས་གཡོན་ལ། །ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཨ་ལ་སོགས། །རིམ་པ་བཞིན་དུ་གསལ་བཀོད་ལ། སུར་ཏ་སྟྭཾ། ཞེས་བརྗོད་པས། ཐལ་མོ་མཉམ་པར་སྦྱར་པར་བྱའོ། །ཨཱོཾ་བཛྲ་ཨཾ་ཛྷ། ལི་ཧཱུྃ། སོར་མོ་ཅུང་ཟད་བསྣོལ་བར་བྱའོ། །ཨོཾ་བཛྲ་བ་ན་དྷ་ཧཱུྃ། སོར་མོ་རྒྱབ་ཏུ་བསྣོལ་ཏེ་བསྡམས། ས་མ་ཡ་སྟྭཾ། ཕུར་བུ་བླངས་ཏེ་ཆང་པར་གཞུག །ལག་པའི་རྟིང་པ་ཁ་ཕྱེ་ལ། །མཐེ་བོང་གཉིས་དང་སྲིན་ལག་དང་། །མཐེའུ་ཆུང་བར་དུ་ཕུར་པ་གཞུག །མཐེ་བོང་བསྒུལ་ལ་ཕུར་པ་བསྒྲིལ། །ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ། ཞེས་པའི་དོན་གྱིས་ཕུར་སྐོར་བྱེད་དུ་གཞུག་ཅིང་། རྡོ་རྗེ་ཁྲོས་པའི་བཤད་རྒྱུད་ལས། ཧཱུྃ། ཡབ་ཡུམ་བདེ་ཀློང་ཐིག་ལེ་ལས། །མི་ཤིགས་བྱང་ཆུབ་སེམས་ཀྱི་ཧཱུྃ། །འཇོམས་བྱེད་དཔལ་བེའུ་ཕུར་བུའི་དབྱིབས། །ཐིག་ལེ་ཡིག་འབྲུ་རྣམ་པ་ཀུན། །ཕུར་པའི་ལོགས་ལ་ལྷ་བཀོད་ནས། །འགྱུར་མེད་དབྱིངས་ཀྱི་ངང་ཉིད་ལས། །ཁྲག་འཐུང་འདུས་པ་ཕུར་པའི་ལྷ། །སྲས་ཀྱི་མཆོག་གྱུར་ཕུར་པའི་ཚུལ། །ཞལ་གསུམ་ཕྱག་དྲུག་འཇིགས་བྱེད་སྐུ། །ཨུཏྤལ་སྔོན་པོའི་མདོག་འདྲ་ཞིང་། །ཁྲོ་དང་བཞད་དང་གཤེ་བའི་ཚུལ། །ཕྱག་དྲུག་རྒྱུད་དྲུག་རྩད་ནས་གཅོད། །ཕྱག་མཚན་མཚོན་ཆས་འགྲོ་དྲུག་སྒྲོལ། །སྐུ་སྨད་ཆུ་སྲིན་ཕུར་པའི་དཔལ། །རྒྱ་མདུད་ནང་ནས་སྔགས་ཀྱི་སྒྲ། །འབྲུག་སྟོང་ལྟ་བུར་ལྡིར་ཞིང་གྲགས། །ཆུ་སྲིན་ཁ་ནས་མེ་ལྕེ་འོད། །གློག་ལྟར་འཁྱུག་ཅིང་སྟོང་གསུམ་གསལ། །གདུག་པ་ཆུ་སྲིན་ཁ་ནས་ནི། །སྡིག་སྦྲུལ་སྦལ་ལྕོང་ཆོ་འཕྲུལ་འགྱེད། །སྟོང་གསུམ་གང་ཞིང་ཀླུ་རྣམས་འདུལ། །
(༡༡༥)ཐ།ུགས་ཀ་དཔལ་བེའུའི་དཀྱིལ་འཁོར་ནས། །བཞི་བཅུ་རྩ་བདུན་ལྷ་རུ་རྫོགས། །དབུ་ལ་རིགས་ལྔ་ཁྲག་འཐུང་རྫོགས། །ཡེ་ཤེས་ལྔ་ལྡན་དུག་ལྔ་འཇོམས། །སྲས་ཀྱི་ཐུགས་ཀྱི་དཀྱིལ་འཁོར་ནས། །བདེ་ཆེན་ཡབ་ཡུམ་དབྱིངས་སུ་བཞུགས། །ཁྲོ་བོའི་སྤྲུལ་པས་ནམ་མཁའ་གང་། །ཁྲོ་མོའི་སྤྲུལ་པས་ས་གཞི་གང་། །ཕྲ་མེན་སྤྲུལ་པས་བར་སྣང་གང་། །སྒོ་བའི་སྤྲུལ་པས་ཕྱོགས་བཞིར་འགྱེད། །ཁྲོ་བོ་ཕྲ་མེན་སྒོ་བའི་ཚོགས། །ཐམས་ཅད་འདུས་པ་སྲས་ཀྱི་མཆོག །མ་བཏབ་ཙམ་ན་ལྷུན་གྱིས་གྲུབ། །བཏབ་ན་ལྷ་ཡང་བརླག་པར་འགྱུར། །དགྲ་བགེགས་ཐིག་ལེའི་དཀྱིལ་དུ་ཀཱི་ལ་ཡ། །དུག་གསུམ་རྩད་ནས་ཆོད་ཅིག་ཀཱི་ལ་ཡ། །རྒྱུ་དྲུག་གནས་སུ་སྒྲོལ་ཅིག་ཀཱི་ལ་ཡ། །སེམས་ཀྱི་བག་ཆགས་སྦྱོངས་ཤིག་ཀཱི་ལ་ཡ། །སེམས་ཉིད་དབྱིངས་སུ་སྟིམས་ཤིག་ཀཱི་ལ་ཡ། །དབྱིངས་ལས་བདེ་ཆེན་རྒྱས་གྱུར་ཀཱི་ལ་ཡ། །སྤྲུལ་སྐུའི་འགྲོ་དོན་མཛད་ཅིག་ཀཱི་ལ་ཡ། །ཞེས་བརྗོད་ཅིང་གདབ། །དེ་ནས་ཕོ་ཉ་བསྐུལ་ཞིང་བསྒྲལ་བ་ནི། །ཧཱུྃ། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཇི་བཞིན་དམ་བཅས་པའི། །མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད། །ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། མ་ཐ་མ་ཐ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཀ་ཏ་ད་ཀ་ཡ། ཛ་ཡེ་བི་ཛ་ཡེ། ཨ་ཙཻ་ཏ་ཨ་པ་རི་ཙ་ཏི་མ་ར་སྱཻ་ནི་པྲ་མར་ཏ་ན་ཡེ་ཧཱུྃ་ཕཊ། རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། ཀླད་པ་ཚལ་
(༡༡༦)པ་བརྒྱ་རུ་ཁོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །ཧཱུྃ་མཱ་མཱ་པ་ཤཾ་ཀུ་རུ། །མཏཾ་ཉ་ཀར་ཨི་ནན་དྷ་ཏི་མ་མ་ཀརྨ་ཤི་ཀྲང་ཀ་ར་ཡེ་ཧཱུྃ་ཕཊ། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་གནོད་སྦྱིན་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་བྱོས། །སརྦ་ཨ་པ་ན་ཡེ་ཧཱུྃ་ཕཊ། །ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ། ཅེས་བསྒྲལ། གཏུན་ཁུང་དུ་རྡོ་རྗེ་བསྡམ་པའི་ཕྱག་རྒྱས་བཟུང་བའི་ཐོ་བས་བརྡུང་ཞིང་སྦྱོར་སྒྲོལ་ཟུང་འཇུག་འཕོ་མེད་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དྲན་པར་བྱས་ནས་ཧཱུྃ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །རྡོ་རྗེ་མེ་དཔལ་སྙིང་བསྲེགས་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་ལྷོགས། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུང་བྱས་ནས། །ལྷ་ཡང་རུང་སྟེ་བརླག་པར་འགྱུར། ཁ་ཐཾ་ཁ་ཐཾ། ཞེས་ཉི་ཤུ་རྩ་གཅིག་དང་། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། ཅེས་བརྗོད། དེ་ནས་ལིང་རོའི་ཡན་ལག་རྣམས་ཧོམ་ལ་བསྲེག་ཅིང་ནང་ཁྲོལ་ཞལ་དུ་བསྟབ་པའི་ཕྱིར་སྦྱིན་སྲེག་གི་ལས་བྱ་བ་ནི་ཆོས་འབྱུང་གི་སྟེང་དུ་དྲག་པོའི་ཤིང་ལ་ཧོམ་བརྩིག །ཛྭ་ལ་རམ་གྱིས་མེ་སྦར་ནས་དམ་ཚིག་ཡེ་ཤེས་གཉིས་མེད་དཀྲོང་བསྐྱེད་བྱ། དེ་ནས། ཧཱུྃ། སྟེང་འོག་ཕྱོགས་མཚམས་སྐྱོང་བའི་ལྷ། །སྐུ་མདོག་སྣ་ཚོགས་འོད་དང་ལྡན་གཡས་པ་རང་རྟགས་གཡོན་མེ་དཔུང་། མཐུ་དང་རྫུ་འཕྲུལ་མྱུར་བའི་ལྷ། །བུས་ཤིག་བུས་ཤིག་མེ་བུས་ཤིག །རྒྱ་མཚོའི་གཏིང་ནས་མེ་ལོང་ལ། །བཤད་རྒྱུད་ཚིག་སྣ་བཏུང་བ། །རི་རབ་རྩེ་ནས་མེ་བུས་
(༡༡༧)ཤིག །ཉམས་པ་གང་ཡིན་སྲེག་པར་མཛོད། །འབྱུང་པོ་གང་ཡིན་འཆིག་པར་མཛོད། །ཨོཾ་ཨགྣ་ཡེ་ཏ་བྱ་ཀ་བྱ་དྷ་ཧ་ན་ཡེ་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཕཊ། ཅེས་པས་མེ་ལྷ་ལ་སློབ་ཡར་འབུལ་དུ་བཅུག །མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་དཀྱིལ་འཁོར་པ་རྣམས་གསལ་བར་གྱུར། ཞེས་སྐད་ཅིག་དཀྲོང་བསྐྱེད་བྱས་ལ། རྩ་སྔགས་ཀྱི་ཤམ་དུ། དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཕཊ། ཅེས་འབུལ་ཚུལ་སྔར་དང་འདྲ། བསྟོད་ཅིང་ཕྲིན་ལས་བཅོལ་བ་ནི། ཕྲིན་ལས་ཀྱི་རྒྱུད་ལས། ཧཱུྃ། ཞེ་སྡང་རྡོ་རྗེ་འཁོར་དང་བཅས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །ཁྲོས་པས་ཡུད་ཀྱིས་བརླག་པར་མཛོད། །བརླག་པར་མ་གྱུར་གང་ཡང་མེད། །བརླག་མཛད་ལྷ་ལ་ཕྱག་འཚལ་བསྟོད། །དྲག་པོའི་ཕྲིན་ལས་གྲུབ་པ་ཡི། །དངོས་གྲུབ་བདག་ལ་སྩལ་དུ་གསོལ། །བཛྲ་མུས་ཡེ་ཤེས་པ་གཤེགས། དེ་ནས་ཟོར་གཏོར་སློབ་མའི་ལག་ཏུ་བྱིན་ལ། བཤད་པའི་རྒྱུད་ལས། ཧཱུྃ། མཐིང་ནག་གྲུ་གསུམ་དཀྱིལ་འཁོར་ནས། །དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡང་། གཡས་ན་ཁྲག་ཟོར་མདའ་ལྟར་འཕེན། །གཡོན་པ་ཉུང་ས་ཟོར་རྦབ་ལྟར་འདྲིལ། །ཁྲག་ཟོར་དམར་པོ་མཚོ་ལྟར་རློག །མདའ་ཟོར་དྲག་པོ་སྐར་ལྟར་འཁྲུག །དྲག་པོ་ཉུངས་ཟོར་རྦབ་ལྟར་འདྲིལ། །མཚེ་ཟོར་རྣོན་པོ་མདུང་ལྟར་འདེབས། །དྲག་པོའི་ཕུར་ཟོར་སྙིང་ལ་འདེབས། །དོ་ནུབ་ཟོར་གྱི་ལས་མཛོད་ཅིག །ཧཱུྃ། ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། །གཡས་པ་ཁྲག་ཟོར་མདའ་ལྟར་དྲག །གཡོན་པ་ཉུངས་ཟོར་རྦབ་ལྟར་འདྲིལ། །
(༡༡༨)ཧཱུྃ། དབུས་དང་ཕྱོགས་འདུལ་སྲས་མཆོག་ནི། །སྟོད་ནི་ཞལ་གསུམ་ཕྱག་དྲུག་ལ། །སྐུ་སྨད་ལྕགས་ཕུར་དཔལ་དང་ལྡན། །གཡས་པ་འདྲལ་བྱེད་གྲི་གུག་བསྣམས། །གཡོན་པ་ཁྲག་ཟོར་མདའ་ལྟར་འཕེན། ཧཱུྃ། སྟེང་འོག་ཕྱོག་མཚམས་འདུལ་བའི་ལྷ། །ཁྲོ་བོ་ཁྲོ་མོ་ཡབ་ཡུམ་བཅུ། །ཕྱོགས་བཅུའི་གདོན་ཚོགས་འདུལ་བའི་ལྷ། །གཡས་པ་འདྲལ་བྱེད་གྲི་གུག་བསྣམས། །གཡོན་པ་ཁྲག་ཟོར་མདའ་ལྟར་འཕེན། །ཧཱུྃ། ཤྭ་ན་མ་བཞི་བདག་ཉིད་བཞི། །བསེ་མོ་བཞི་དང་མིང་པོ་གསུམ། །ལས་སུ་ཤ་ཟ་ཁྲག་འཐུང་མ། །གཡས་པས་ཕུར་ཟོར་མདའ་ལྟར་འཕེན། །གཡོན་པས་ཁྲག་ཟོར་མཚོ་ལྟར་རློག །ཉིད་ཀྱི་དམ་ཚིག་ཁྲག་མདའ་འདི། །ད་ནི་འཕེན་པའི་དུས་ལ་བབ། །ཁྲག་མདའ་ཁྲག་སྤུར་ཆི་ལི་ལི། །ཁྲག་མདའ་བུ་ཡུག་ཆར་ལྟར་ཕོབ། །དགྲ་བོའི་ཁོང་དུ་དུག་མདའ་རྒྱོབ། །ལས་ཀྱི་མཁའ་འགྲོ་རྣམ་གསུམ་ཡང་། །ཁྲག་ཟོར་དམར་པོའི་སྣ་དྲོངས་ལ། །ཁྲག་ཟོར་མེ་ལྟར་མཆེད་ནས་ཀྱང་། །དམ་ཉམས་དགྲ་བོའི་ཚིག་བར་བྱེད། །ཁྲག་ཟོར་ཆུ་ལྟར་བྲུབ་ནས་ཀྱར། །དམ་ཉམས་དགྲ་བོ་འཁྱེར་བར་བྱེད། །ཁྲག་ཟོར་གཉེན་པོའི་སྣ་དྲོངས་ཤིག །ཟོར་འཕང་སླར་ལ་མ་ལོག་ཅིག །གཉེན་བྱས་དགྲ་རུ་མ་ལྡང་ཞིག །ཟས་སྦྱོར་དུག་ཏུ་མ་གཡོ་ཞིག །དམ་ཉམས་གང་ཡིན་ཡུལ་མཁར་བསྒྱེལ། །མི་ནད་མེ་ལྟར་མཆེད་ནས་ཀྱང་། །གང་ཡིན་ཉམས་པ་ཕུང་བར་བྱེད། །དམག་སྣ་དྲོངས་ཤིག་དྲག་པོ་ཟོར་གྱི་ལྷ། །བྷྱོ་བྷྱོ་དྲག་པོ་ཟོར་གྱི་ཐུན་ཕོབ་ཅིག །ཅེས་འཕང་ངོ་། །ལས་མཇུག་བྲོས་བསྡུ་བ་ནི། མནན་པའི་
(༡༡༩)ལས་ཡིན་པས་མགོ་བོ་གཏོར་གཞོང་རི་རབ་ཏུ་བསམ་པའི་འོག་ཏུ་མནན་ལ། །བཤད་པའི་རྒྱུད་ལས། ཧཱུྃ། མཐིང་ནག་འབར་བའི་འཁོར་ཚོགས་ནས། །དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡང་། །ཁྲོ་རྔམས་རབ་ཏུ་གདུག་པའི་བྲོ། །ཐུགས་རྗེ་ཆེན་པོས་བྲོ་ལ་གཤེགས། །དགྲ་ནི་ཐལ་བར་བརླག་པའི་བྲོ། །བདུད་ནི་ཕྱེ་མར་འཐག་པའི་བྲོ། །རྔམ་པ་ཆེན་པོ་བྲོ་ལ་གཤེགས། །ཧཱུྃ། མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །ཚངས་པ་འདུལ་པ་གདུག་པའི་ལྷ། །ཧཱུྃ་མཛད་ཡབ་ཡུམ་བྲོ་ལ་གཤེགས། །ཁྲོ་བོ་མཐིང་ག་སྤྲིན་ལྟར་གཏིབས། །ཁྲོ་ཆུང་ཚོན་གང་སྐར་ལྟར་འཁྲུག །བདུད་དང་སྲིན་པོ་འདུལ་བའི་བྲོ། །དགྲ་ནི་ཐལ་བར་བརླག་པའི་བྲོ། །ངན་སོང་འཁོར་བ་འཇོམས་པའི་བྲོ། །བླ་མེད་བྱང་ཆུབ་ཐོབ་པའི་བྲོ། །ཕུང་པོ་རྡུལ་དུ་བཤིག་པའི་བྲོ། །རྣམ་ཤེས་དབྱིངས་སུ་འདྲེན་པའི་བྲོ། །ཏ་ཀྲྀ་ཏ་ཆེན་པོ་བྲོ་ལ་གཤེགས། ཧཱུྃ། གདུག་པ་ཕག་དང་རྨིག་བུའི་མགོ། །ཚངས་པ་ཕོ་མོ་འཁོར་བཅས་འདུལ། །ལ་ལ་ལྡིང་ཞིང་ལ་ལ་འདྲལ། །གཤོག་པ་ཅན་གྱིས་མཐའ་ནས་སྡུད། །མཆེ་བ་ཅན་གྱིས་གསོད་པར་བྱེད། །ཚམ་རྔམས་དྲག་པོས་བདུད་དཔུང་འཇོམས། །དཔའ་རྟུལ་དྲག་པོས་ཚངས་རིགས་འདུལ། །འཇིགས་པའི་ཁྲོ་བདག་སྤྲིན་ལྟར་གཏིབས། །ཁྲོ་ཆུང་ཚོན་གང་སྐར་ལྟར་འཁྲུག །བདུད་དང་སྲིན་པོ་འདུལ་བའི་བྲོ། ཧཱུྃ། ཁྲོ་བོས་གདུག་པ་གྲོགས་དང་འབྲལ། །ཐུགས་ལས་སྤྲུལ་ཅིང་ལས་རྣམས་བྱེད། །སྲས་མཆོག་མཐིང་ག་སྤྲིན་ལྟར་གཏིབས། །
(༡༢༠)ཁྲོ་ཆུང་ཚོན་གང་སྐར་ལྟར་འཁྲུག །བདུད་དང་སྲིན་པོ་འདུལ་བའི་བྲོ། ཧཱུྃ། མཁའ་འགྲོ་མ་ཆེན་གདུག་པའི་བྲོ། །མ་མོའི་རྟ་བྲོ་སི་ལི་ལི། །སྔོན་དམར་བྱད་ཐག་རྒྱངས་སེ་རྒྱང་། །ཤ་ཁྲག་དམར་པོ་མཁའ་འགྲོའི་ཟས། །ཤ་ལ་རོལ་ཅིག་མཁའ་འགྲོའི་ཚོགས། །ཁྲག་ལ་འཐུངས་ཤིག་མཁའ་འགྲོའི་ཚོགས། །རུས་ལ་འཚོ་ཞིང་མཁའ་འགྲོའི་ཚོགས། །མཁའ་འགྲོ་རྔམ་བྱེད་རོ་ལ་རྔམ། །གཡས་སུ་བལྟས་ནས་གཡོན་དུ་འཁྱུད། །རྔམ་པའི་ཚེམས་གཅིག་མདུན་དུ་བལྟ། །ཉམས་པ་གང་ཡིན་སྤྱན་གྱིས་གཟིགས། །སོ་བརྡར་མཆེ་གཅིག་ས་ཧ་སྒྲ་ཅན། །སྟོང་གསུམ་རོ་ཟ་ཁྲག་འཐུང་ཡང་། །མ་འགྲངས་མ་ངོམ་སོ་བརྡར་འཁྲིག །མཁའ་འགྲོ་མ་ཆེན་སྤྲིན་ལྟར་གཏིབས། །ཕོ་ཉ་ཕྱག་བརྙན་སྐར་ལྟར་འཁྲུག །བདུད་དང་སྲིན་པོ་འདུལ་བའི་བྲོ། ཧཱུྃ། སྙིང་གི་དཀྱིལ་དུ་བྲོ་བརྡུངས་པས། །ཡེ་ཤེས་ལྔ་པོ་མཉེས་པར་བྱེད། །དྲན་པ་གནས་སུ་དག་པའི་བྲོ། །མིག་གི་སྟེང་དུ་བྲོ་བརྡུངས་པས། །གཟུགས་ཀྱི་ལྷ་མོ་མཉེས་པའི་བྲོ། །རྣ་བའི་སྟེང་དུ་བྲོ་བརྡུངས་པས། །སྒྲ་ཡི་ལྷ་མོ་མཉེས་པའི་བྲོ། །སྣ་ཡི་སྟེང་དུ་བྲོ་བརྡུངས་པས། །དྲི་ཡི་ལྷ་མོ་མཉེས་པའི་བྲོ། །ལྕེ་ཡི་སྟེང་དུ་བྲོ་བརྡུངས་པས། །རོ་ཡི་ལྷ་མོ་མཉེས་པའི་བྲོ། །ལུས་ཀྱི་སྟེང་དུ་བྲོ་བརྡུངས་པས། །རེག་བྱའི་ལྷ་མོ་མཉེས་པའི་བྲོ། །སྙིང་གི་དཀྱིལ་དུ་བྲོ་བརྡུངས་པས། །ཆོས་ཀྱི་ལྷ་མོ་མཉེས་པའི་བྲོ། །མཛེས་བྱེད་ལྷ་མོ་སྤྲིན་ལྟར་གཏིབས། །ཕྱི་ནང་ལྷ་མོ་སྐར་ལྟར་འཁྲུགས། །བདུད་དང་སྲིན་པོ་འདུལ་བའི་བྲོ། །སུམྦྷ་ནི་བརྗོད། དེ་ནས་སྨད་ལས་
(༡༢༡)དྲག་པོ་སྒྲོལ་དབང་གི་དངོས་གྲུབ་བླང་བ་ནི། ཧཱུྃ། དངོས་གྲུབ་དམ་པ་ལྷ་ཡི་ལྷ། །དུར་ཁྲོད་ཆེན་པོའི་གཞལ་ཡས་དམ་པ་འདིར། །དུར་ཁྲོད་རྫས་ལ་བརྟེན་ཏེ་བསྒྲུབས་ལགས་ན། །སྣང་སྲིད་བྱམས་པའི་དངོས་གྲུབ་སྩལ་དུ་གསོལ། །ཡེ་ཤེས་ལྷ་ནི་ནམ་མཁའི་རང་བཞིན་ལ། །དངོས་གྲུབ་སྩལ་དང་སྩོལ་བར་མི་དམིགས་ཀྱང་། །གདུག་པ་ཆེན་པོ་ཐབས་ཀྱིས་འདུལ་བའི་ཕྱིར། །དྲག་པོས་འདྲེན་པའི་དངོས་གྲུབ་སྩལ་དུ་གསོལ། ཧཱུྃ། ཆོས་ཉིད་ཀུན་ཏུ་བཟང་མོའི་བྱིན་རླབས་ལས། །དྲེགས་པ་འདུལ་ཕྱིར་ཐུགས་རྗེའི་བྱིན་རླབས་འབྱུང་། །བདུད་ཀྱི་རྒྱལ་པོ་རཱུ་ཏྲ་འདུལ་བ་ལྟར། །བདུད་རྒྱལ་དྲེགས་པ་འདུལ་བའི་དངོས་གྲུབ་སྩོལ། །ཧཱུྃ། བདུད་དཔུང་ཆོམ་ནས་ཆོས་ཉིད་མངོན་མཐོང་བས། །བདུད་རྒྱལ་རཱུ་ཏྲས་ཆོས་ཉིད་དོན་རྟོགས་ནས། །ཐུགས་རྗེའི་བྱིན་རླབས་བདུད་ལ་སྣང་བ་ལྟར། །ཉོན་མོངས་དབྱིངས་སུ་བསྒྲལ་བའི་དངོས་གྲུབ་སྩོལ། ཧཱུྃ། འཁོར་གྱི་གདུག་པ་མ་ལུས་བསྒྲལ་བའི་ཕྱིར། །སྟེང་ཕྱོགས་ཁྲོ་རྒྱལ་ཡབ་ཡུམ་འཁོར་དང་བཅས། །ཚངས་པ་འཁོར་བས་རབ་ཏུ་བཏུལ་བ་ལྟར། །འཇིག་རྟེན་དྲེགས་པ་བཏུལ་བའི་དངོས་གྲུབ་སྩོལ། ཧཱུྃ། རོལ་པ་ཆེན་པོ་སྟེང་གི་སྲས་མཆོག་ཡང་། །ཞིང་བཅུ་སྟོབས་དང་རབ་ཏུ་འདྲལ་མཛད་པ། །བདུད་རྒྱལ་རཱུ་ཏྲ་གྲོགས་དང་བྲལ་བ་བཞིན། །ཞིང་བཅུ་སྟོབས་དང་བྲལ་བའི་དངོས་གྲུབ་སྩོལ། །སྤྲུལ་པས་སྟོང་ཁམས་རབ་ཏུ་བཀང་ནས་ཀྱང་། །གདུལ་བའི་དབང་གིས་གང་ལ་ཅི་འདུལ་སྟོན། །རྒྱལ་བས་སྟོང་གསུམ་སྤྲུལ་པས་བཀང་བ་ལྟར། །སྤྲུལ་པ་
(༡༢༢)ཁམས་གསུམ་འགེངས་པའི་དངོས་གྲུབ་སྩོལ། །ཧཱུྃ། དཔལ་གྱི་བཀའ་ཉན་ལས་ལ་བརྩོན་པ་མོ། །འཇིག་རྟེན་དྲེགས་པཱ་མ་ལུས་འདུལ་མཛད་པ། །འཇིག་རྟེན་དབང་དུ་བསྡུད་པའི་ལས་བྱས་ལྟར། །དམ་ལས་མི་འདའ་བཀའ་ཉན་དངོས་གྲུབ་སྩོལ། ཧཱུྃ། འཇིག་རྟེན་ཁམས་ལ་དབང་སྒྱུར་མཐུ་མོ་ཆེ། །ལས་ངན་ཞིང་བཅུ་མ་ལུས་སྒྲོལ་མཛད་པ། །བཅོལ་ཞིང་རྦད་ན་ལས་སུ་ཕོ་ཉ་མཛད་པ་ལྟར། །གང་དུ་མངགས་པའི་ལས་རྣམས་འགྲུབ་པའི་དངོས་གྲུབ་སྩོལ། ཧཱུྃ། དྲེགས་པ་སྡེ་བཞི་རབ་ཏུ་འདུལ་མཛད་པ། །ནད་ཀྱི་བདག་མོ་བཀའ་ཉན་གསུང་སྡོད་མ། །བྲན་དང་ཕོ་ཉ་ལས་རྣམས་འགྲུབ་བྱེད་ལྟར། །གང་ལ་བྱ་བའི་ལས་རྣམས་མྱུར་འགྲུབ་དངོས་གྲུབ་སྩོལ། །ཧཱུྃ། རོལ་པ་ཆེན་པོའི་བྱིན་རླབས་ཅིར་ཡང་སྣང་། །འདུལ་ཐབས་དྲག་པོ་བདུད་ཀྱི་ཆས་འདྲ་ཡང་། །སྙིང་རྗེ་བྱང་ཆུབ་སེམས་ལས་ཉམས་པ་མེད། །དྲག་པོ་བྱམས་པའི་དངོས་གྲུབ་སྩལ་དུ་གསོལ། ཧཱུྃ། ཐུགས་རྗེ་བྱམས་པས་འགྲོ་ལ་སྙིང་བརྩེའི་ཕྱིར། །ལ་ལར་ཞི་དང་ལ་ལར་ཁྲོ་བོར་སྣང་། འདུལ་ཐབས་དྲག་པོས་འགྲོ་བ་འདུལ་ལགས་ན། །ཉོན་མོངས་གནས་སུ་འདྲེན་པའི་དངོས་གྲུབ་སྩོལ། །བདུད་དང་སྲིན་པོ་འདུལ་བའི་དངོས་གྲུབ་སྩོལ། །དོན་དམ་ཆོས་ཉིད་རྟོགས་པའི་དངོས་གྲུབ་སྩོལ། །སངས་རྒྱས་ས་ལ་འགྲོ་བའི་དངོས་གྲུབ་སྩོལ། །འཁོར་བ་ངན་སོང་སྦྱོང་བའི་དངོས་གྲུབ་སྩོལ། །ཞེས་པས་བཀྲ་ཤིས་པར་བྱའོ། །གསུམ་པ་དབང་གི་སྲོག་ཤིང་དུ་གྱུར་པ་དམ་ཚིག་ཡིན་པར་བསྟོན་པ་ནི། རྡོ་རྗེ་ཁྲོས་པ་ལས། སྔ་རབས་འདས་པའི་སངས་རྒྱས་ཀྱང་། །དམ་ཚིག་འདི་
(༡༢༣)ལ་བརྟེན་ནས་གྲུབ། །ད་ལྟར་བཞུགས་པའི་སངས་རྒྱས་ཀྱང་། །དམ་ཚིག་འདི་ལ་བརྟེན་པ་ཡིན། །སླད་ནས་འབྱོན་པའི་སངས་རྒྱས་ཀྱང་། །དམ་ཚིག་འདི་ལ་བརྟེན་ནས་གྲུབ། །དེ་ཕྱིར་དམ་ཚིག་ཐེག་ཆེན་འདི། །ཕྱི་རབས་སྔགས་འཆང་རྣམས་ཀྱིས་སྲུངས། །དམ་ཚིག་འདི་ནི་ས་གཞི་འདྲ། །ས་ལས་སྐྱེ་འཁྲུངས་ཀུན་བསྐྱེད་ལྟར། །དམ་ཚིག་གཞི་ཡི་ས་གཞི་ནི། །ཀུན་ལ་ཡེ་ཤེས་སྐྱེད་པར་བྱེད། །རྩ་བའི་དམ་ཚིག་གསུམ་པོ་དང་། །ཡན་ལག་དམ་ཚིག་ལྔ་རྣམས་ལས། །མ་འདས་བསྲུངས་ན་སངས་རྒྱས་ཡིན། །དེ་ལས་འདས་ན་སེམས་ཅན་ཡིན། །དམ་ཚིག་གཞུང་བཞིན་བསྲུང་བ་ལ། །དམ་ཅན་རྣམས་ཀྱིས་བསྒོ་བ་ཉན། །གལ་ཏེ་བསྒོ་བ་མ་ཉན་ན། །དམ་ཅན་ཉིད་ཀྱང་བརླག་པར་འགྱུར། །ལྷ་ཡང་འདས་ནས་མྱོས་འགྱུར་ན། །རྣལ་འབྱོར་འདས་ན་སྨོས་ཅི་དགོས། །དམ་ཚིག་འདི་ནི་གཙོ་ཡིན་ཞེས། །དཔའ་བོ་ཆེན་པོས་ཡང་དག་བཤད། །དམ་ཚིག་ཉམས་པའི་སྔ་ལྟས་ནི། །བྱ་རུ་མི་རུང་སྣ་ཚོགས་བྱེད། །སློབ་དཔོན་བཀའ་བསླུ་སྨད་པ་དང་། །ལུ་གུ་རྒྱུད་ལ་དབྱེན་འདོགས་དང་། །སྔགས་དང་ཕྱག་རྒྱ་རྒྱུན་བཅད་ནས། །གཞན་ནས་དངོས་གྲུབ་ཐོབ་འདོད་པ། །འདི་ཡང་ཉམས་པའི་སྔ་ལྟས་ཡིན། །རྫས་དང་ལག་ཆ་མངོན་བསྟན་ནས། །ཕ་རོལ་གཞན་བསྡིགས་བྱེད་ཅིང་། །མན་ངག་གཏིང་ནས་མ་ཐོབ་པར། །ཨགྪར་ལ་ཡིས་ངོམས་པ་དང་། །རིག་པའི་རྩལ་དང་མི་ལྡན་པར། ཁ་ནས་ལྷ་སྲིན་གཉན་འབོད་པ། །འདི་ཡང་ཉམས་པའི་སྔ་ལྟས་ཡིན། །མཚན་དང་ལྡན་པའི་རིག་མ་ལ། །
(༡༢༤)ཕྲད་ནས་སྦྱོར་བ་མ་བྱས་དང་། །ལས་ངན་སྐྱོན་ཅན་མཚན་རྫོགས་པ། །བསྒྲལ་བའི་ཞིང་བཅུ་མ་བསྒྲལ་ན། །འདི་ཡང་ཉམས་པའི་སྔ་ལྟས་ཡིན། །དམ་ཚིག་ཉམས་པའི་སྔ་ལྟས་ནི། །རྩ་བ་གསུམ་པོ་ཉམ་འགྱུར་ན། །རྡོ་རྗེ་དམྱལ་བར་སྐྱེ་བར་འགྱུར། །འདིར་ཡང་ཉེས་པ་སྣ་བུ་ཡོང་། །ཕྱི་མ་ན་རག་དམྱལ་ཁམས་སྐྱེ། །འདིར་ཡང་ནད་དང་སྡུག་བསྔལ་ཆེ། །མཛེ་ནང་སྡུག་བསྔལ་སྣ་ཚོགས་འོང་། །མ་ཚོགས་སྟོང་གིས་སྙིང་ནས་འདྲེན། །ཤ་ཟན་སྟོང་གིས་ཤ་རུས་འདྲལ། །འཇིག་རྟེན་མ་མོ་མཁའ་འགྲོ་ཡང་། །དམ་ཚིག་ཉམས་པའི་བདུད་དུ་འབབ། །མ་མོ་ཀུན་ཀྱང་གཤེད་དུ་འོང་། །ཚེ་དང་སྲོག་ལ་བར་ཆད་བྱེད། །དམ་ཚིག་འདི་ལ་མི་གནས་ན། །བརྩམས་པ་མི་འགྲུབ་མྱ་ངན་ནོན། །དམ་ཚིག་བསྲུང་བའི་ཡོན་ཏན་ནི། །ཅི་བསམ་ལས་རྣམས་འགྲུབ་པར་འགྱུར། །ཡི་དམ་ལྷ་ཡི་དངོས་གྲུབ་ཐོབ། །མཁའ་འགྲོ་མང་པོ་འཁོར་ཞིང་འདུ། །དངོས་གྲུབ་རྣམ་གསུམ་རིམ་བཞིན་ཐོབ། །ཚེ་དང་བསོད་ནམས་དབང་ཐང་འཕེལ། །ལྟ་སྲིན་ཀུན་ཀྱང་དེ་བཞིན་བཀུར། །དགྲ་བགེགས་ཀུན་ཀྱང་གཞོམ་ཞིང་འདུལ། །བསྟན་པ་ཀུན་ཀྱང་དར་ཞིང་བསྲུངས། །དམ་ཚིག་འདི་དག་གཙོར་ལེན་ན། །འགྲུབ་པར་འགྱུར་བ་གདོན་མི་ཐ། །དམ་ཚིག་བསྲུང་བའི་རིམ་པ་ནི། །རྡོ་རྗེ་སློབ་དཔོན་ཕ་ལྟར་འཁུར། །ཡུམ་གྱི་དབང་མོ་མ་ལྟར་འཁུར། །མཆེད་དང་ལྕམ་དྲལ་སྤུན་ལྟར་བརྩེ། །ཉིན་དང་མཚན་དུ་དུས་མེད་པར། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །མ་ཡེངས་གསལ་བའི་དོན་བརྩོན་པ། །འདི་ཡང་བསྲུང་བའི་
(༡༢༥)རམ་པ་ཡིན། །མཉན་པས་མ་ཐོས་བརྒྱ་བསྐྱེད་ནས། །འདུ་འཛིའི་དབང་དུ་མི་གཏོང་བར། །རྟག་ཏུ་སྒྲུབ་ལ་བརྩོན་བྱེད་པ། །འདིར་ཡང་བསྲུང་བའི་རིམ་པ་ཡིན། །ཕ་རོལ་དམ་ཉམས་དགྲ་བོ་ལ། །དམོད་བཙུགས་ཁ་ཚོ་མི་ཟེར་བར། །གསང་ཞིང་བསྟུན་ནས་ལས་བྱེད་པ། །འདི་ཡང་བསྲུང་བའི་རིམ་པ་ཡིན། །ཞེས་སོ། །མདོར་ན་དམ་ཚིགས་མ་ཡ་འབུམ་སྡེར་གནས་ཀྱང་། བསྡུ་ན་སྤྱིའི་དམ་ཚིག་ཉི་ཤུ། ཁྱད་པར་གྱི་དམ་ཚིག་ཉི་ཤུ། ལྷག་པའི་དམ་ཚིག་བཞི་སྟེ་རྣམ་གྲངས་ཉི་ཤུ་རྩ་བཞིར་དངོས་བསྟན་དང་། བརྡ་ཚིག་གིས་བཤད་པ་ནི། ཕུར་བ་མྱ་ངན་ལས་འདས་པ་ཆེན་པོའི་རྒྱུད་ལས། སྦྱོར་སྒྲོལ་མ་བྱིན་ལེན་དང་ཚོགས་བླང་རྡུན། །ཉོན་མོངས་རང་གར་སྤྱད་པས་ངན་སོང་རྒྱུད། དུག་ལྔ་ཡེ་ཤེས་ལྔ་ཡི་ངོ་བོ་ལ། །མ་རིག་ལོག་པར་མཐོང་ནས་སྤང་བར་བྱ། །མི་སྤང་དམ་ཚིག་ཉམས་པ་དེ་བཞིན་ནོ། །དྲི་ཆེན་དྲི་ཆུ་དམར་ཆེན་མཱཾ་ས་སེམས། །སོ་སོའི་རྣམ་རྟོག་དབྱིངས་སུ་མ་འབྱོངས་ཏེ། །ཉོན་མོངས་ལས་ལ་ཆགས་པའི་ངོ་བོར་བཤད། །གཉིས་མེད་དོན་དང་འགལ་བས་དེ་བཞིན་ནོ། །ཕུང་པོ་འབྱུང་བ་ཁ་དོག་དབང་པོའི་ཡུལ། །གཉིས་མེད་ལྟ་བ་ངན་པས་སོ་སོར་བརྟགས། །ཡེ་ཤེས་ལྔ་ཡི་དོན་དང་མ་འགལ་བྱ། །གཉིས་མེད་དོན་དང་འགལ་བ་དེ་བཞིན་ནོ། །དེ་བཞིན་རྡོ་རྗེའི་རིགས་དང་པདྨ་ལས། །རིགས་ཀྱི་ཁྱད་པར་ཡེ་ཤེས་ལྔ་སྣང་ན། །ཡེ་ཤེས་དམིགས་མེད་དོན་དེ་མ་རྟོགས་པས། །གྲུབ་པའི་འབྲས་བུ་མེད་པས་དམྱལ་བར་བཤད། །སྤྱི་ཡི་དམ་ཚིག་དེ་དག་གཞུང་བསྲངས་ན། །ས་གཞི་ཆེན་པོ་འདྲ་སྟེ་ཀུན་གྱི་
(༡༢༦)རྟེན། །ཡིད་བཞིན་ནོར་བུ་འདྲ་སྟེ་འདོད་པ་སྐོངས། །གཅན་གཟན་སེང་གེ་བཞིན་དུ་ཟིལ་གྱིས་གནོན། །དོན་གྱི་རྩ་བ་དོན་གྱི་མཁར་བཞིན་བསྲུང་། འབྲས་བུ་ཡང་དག་ངེས་པ་གདོན་མི་ཟའོ། །གཞན་ཡང་ཁྱད་པར་དམ་ཚིག་རྣམ་མང་ཡང་། །མདོ་དང་དོན་དུ་ཉི་ཤུའི་དོན་དང་བསྟུན། །གཅན་གཟན་རྒྱལ་པོ་སེང་གེ་གསད་མི་བྱ། །ཟ་མ་ཏོག་དུ་ཕན་པའི་དུག་མི་སྤྱོ། །རིན་པོ་ཆེ་ཡི་ལྕུག་མ་རྩར་མི་གཅན། །གངས་ཀྱི་ཞུན་ཆུ་ཁོལ་མ་ཡོངས་མི་བཏུང་། །པདྨ་རྒྱས་པའི་ཟེའུ་འབྲུ་ཁ་མི་དགྱེ། །བུག་རྡོལ་ཅན་གྱི་སྣོད་དུ་བཅུད་མི་བླུག །བླ་མས་མི་བརྙས། །མ་བརྟགས་པ་ཡི་ནོར་ བསམ་ངན་སྤང་། དང་རྫས་མི་བསྲེལ། སེམས་བསྐྱེད་མ་སྤང་། །ཤེལ་སྒོང་དཀར་པོ་རྫབ་ཏུ་ གསང་དབང་གི་ཡུམ་ལ་མི་སྤྱད། མཆེད་མོ་ལ་མི་སྤྱོད། བསྣུབ་མི་བྱ། །སྣོད་ངན་ནང་དུ་སེང་གེའི་ཞོ་མི་བཞོ། །མ་སྨིན་པ་དང་ལོ། ལྷ་ཅན་ལ་ཆོས་མི་སྟོན། བྱིན་གྱིས་མ་བརླབས་པའི་ཟས་མི་ཟ། །ཡིད་བཞིན་ནོར་བུ་ཐབ་ཏུ་མི་བསྲེག་བྱ། །བྱ་ཡི་རྒྱལ་པོ་ དམ་ཚིག་མ་ཉམས་པ་ཁྱེད། ཁྱུང་གི་གཤོག་མི་བཅག །གནམ་ལྕགས་སྡེར་མོས་ལ་བརྡབ་མི་བྱ། །སྟག །སྣོད་མེད་ལ་གདམས་པ་གསང་། །གཟིག་རོལ་པའི་ཟས་ཀྱི་ལྷག་མི་ཟ། །རྡོ་རྗེ་གཏམས་པའི་བྲག །སྣོད་ལྡན་ལ་མི་གསང་། རྣམས་ཡོངས་མི་བཤིག །རྡོ་རྗེ་ར་བས་བསྐོར་བའི། །ཐབས་ཤེས་མི་འབྲལ། གོ་མི་ཧྲལ། །ག་རུང་ལ་མི་བྱ། །མུན་པ་སེལ་བའི་སྒྲོན་མེ་ཡོངས་མི་གསོད། །ཏིང་།།།འཛིན་མ་ཉམས་པར་བྱ། ཚོགས་ཕུད་མ་ཉམས་པར། །རྡོ་རྗེ་ཆུ་བོའི་འོལ་ཁ་གཅད་མི་བྱ། །སྙིང་པོ་རྒྱུན་མིག་ཟད། །དམ་ཚིག་མི་གཏང་། རྒྱལ་པོ་རྟགས་ཀྱི་ཕྱག་ མཚམས་པར་ལ་བ་བྱ།
(༡༢༧)རྒྱ་སྦྱིན་མི་བྱ། །རྡོ་རྗེ་མཁར་རྫོང་གཏམས་པའི་རྨངས་མི་བཟློག །རྒྱལ་མཚན་རྩེར་བཏགས་ནོར་བུ་རིན་པོ་ཆེ། །འདོད་པར་གྱུར་པའི་མཚན་མས་དཔོག་མི་བྱ། །གཉིས་མེད་དོན་གྱི་མྱ་ངན་འདས་མོད་ཀྱང་། །ལོག་པར་བརྟགས་པའི་དབང་གི་སོ་སོར་སྣང་། སྣོད་མེད་ལ་དབང་མི་བསྐུར། །དམ་ཚིག་ལ་གཅོར་འདོད་བྱ། །ཁྱད་པར་བསྟན་པའི་དམ་ཚིག་དོན་རྣམས་ཏེ། བླ་མ་སྤྱི་བོར་སྒོམ་པ་དང་མི་འབྲལ། །དངོས་སུ་ཉམས་ན་ལྗོན་ཤིང་མེས་ཚིག་འདྲ། །ཟུར་གྱིས་ཉམས་ཀྱང་བསྒྲུབ་པའི་འབྲས་བུ་རིང་། །ཀུན་ཏུ་ཉམས་ན་བརྗོད་པའི་མཐའ་ལས་འདས། །གཞུང་དུ་བསྲུང་ན་རང་སྣང་འབྲས་བུ་འཆར། །རྒྱུན་དུ་བསྲིངས་ན་དོན་དང་མན་ངག་འགྲུབ། །ལྷག་པའི་དམ་ཚིག་དོན་གྱི་བཞི་རུ་སྦྱར། །སྤྱོད་པ་རྒྱུན་དབང་རང་བཞིན་ལྟ་བ་གཉིས། །གལ་མདོ་ངེས་པ་ལྟ་བ་ཉམས་དྲོད་བཞི། །སྤྱོད་པ་རྒྱུན་ལ་དམིགས་པ་བཞི་སྣང་ངོ་། །གཉིད་ཀྱི་སྒྲ་དང་མྱོས་འགྱུར་བ་ཡང་གཞོམ། །གསང་བའི་བརྡ་བསྲུང་ལེ་ལོའི་དགྲ་སྤང་ངོ་། །རང་བཞིན་ལྟ་བའི་དམ་ཚིག་བཞིར་སྣང་ངོ་། །སྲིད་གསུམ་ཡོངས་བསྒྲལ་ཁམས་གསུམ་ཞིང་དུ་བལྟ། །དུག་གསུམ་རྩེར་འགྱུར་འཁོར་བ་གནས་འགྱུར་བལྟ། །གལ་མདོ་ངེས་པའི་དམ་ཚིག་གསུམ་དུ་སྣང་། །མཁྲེལ་ཚུལ་དང་མ་ཉམས་པ་ཡི་མདོ། །མཐར་ཕྱིན་རྟགས་དང་རྣམ་པ་གསུམ་དུ་བསྟན། །མ་ཉམས་པ་ཡི་མོ་ལ་བཞི་རུ་སྣང་། །རྩ་བ་ཡན་ལག་ཞན་གྱིས་ཉམས་བཞིའོ། །མཐར་ཕྱིན་རྟགས་ཀྱང་དེ་དག་བཞི་རུ་སྣང་། །དམ་ཅན་འདུ་ཞིང་མཐུ་རྩལ་ཆེ་བ་དང་། །བྱིན་རླབས་ཆེ་ཞིང་རིག་པ་ཆགས་པ་གཉིས། །ཡིད་འོང་འབྱུང་ཞིང་འདོད་པ་འགྲུབ་པ་དང་། མང་པོས་བཀུར་ཞིང་གྲགས་ཐོབ་པ་བཞིའོ། །ལྟ་བ་ཉམས་དྲོད་དམ་ཚིག་རྣམ་པ་བཞི། །བརྡལ་བ་ཆོས་ཉིད་ཀྱི་ལྟ་བ་ཡེ་འབྱམས་ལྟ་བུའོ། །རིག་པ་ཡེ་ཤེས་ཀྱི་ལྟ་བ་ཡེ་གསལ་དུའོ། །
(༡༢༨)སྤྲུལ་པ་ཕྱག་རྒྱའི་ལྟ་བ་ཡེ་གནས་སུའོ། །ཁྱབ་པ་སྙིང་རྗེའི་ལྟ་བ་ཀུན་ཁྱབ་པའོ། །ལྷག་པའི་དམ་ཚིག་དོན་ལ་མ་གནས་ན། །ཇི་ལྟར་བསྙེན་ཅིང་བསྒྲུབས་ཀྱང་ཚི་ཆད་བས། །གཉིས་མེད་དོན་གྱི་ངོ་བོ་རྟོགས་པར་བྱའོ། །དོན་དམ་བསྒྲུབ་པའི་དོན་དུ་མ་ཡེངས་བསྲུངས། །དམ་ཚིག་མ་ཡེངས་གཞུང་ཡོད་ན། །འདི་དག་འགྲུབ་པར་འགྱུར་བ་ནི། །དཔལ་ཆེན་ཁྲོ་བོའི་རྒྱལ་པོས་བཤད། །ཉམས་པར་འགྱུར་བས་མི་འགྲུབ་སྟེ། །སླར་ཡང་ངན་སེམས་བརླག་པར་བྱའོ། །ཞེས་སོ། །དེ་དག་ཀྱང་། ཕུར་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་དགོངས་པ་ལུང་སྟོན་ལྟར་རིགས་ལྔའི་དམ་ཚིག་ཏུ་བསྡུས་ནས་བསྟན་པའི་ཚུལ། ཐེག་ཆེན་སྨོད་པ་ལ་སོགས་པ། །ཅི་ནས་གསད་པར་ངེས་པ་མིན། །ཕ་དང་རིགས་ཀྱི་སྐྱེས་པ་རྣམས། །གསད་པས་སངས་རྒྱས་རིགས་སུ་ངེས། །སློབ་དཔོན་སློབ་མ་གསད་ངེས་ན། །རྡོ་རྗེའི་རིགས་སུ་ངེས་པ་ཡིན། །ཞང་པོ་དམག་པ་གསད་ངེས་ན། །རིན་ཆེན་རིགས་སུ་ངེས་པ་ཡིན། །མ་སྲིང་བུ་མོ་མོ་ཆགས་ལ། །ཆགས་པར་བྱས་པ་པདྨ་ཅན། །ཐམས་ཅད་གསོད་ཅིང་ལས་བྱེད་པ། །ལས་ཀྱི་རིགས་སུ་ངེས་པ་སྟེ། །དེ་ལྟར་དགོངས་པའི་རྟོག་པ་ཡིན། །རྒྱལ་པོ་ཡུལ་འཁོར་གཞོམ་བར་བྱ། །བྲམ་ཟེ་བཙོན་བཟུང་རྗེའུ་རིགས་གསད། །དམངས་རིགས་ལས་བཀོལ་དུག་ལ་སྤྱད། །མི་དགེ་དང་བླང་སྦྱོར་སྒྲོལ་བྱ། །འདི་ནི་སངས་རྒྱས་སྤྱོད་པ་སྟེ། །དུག་ལྔ་ལས་ནི་ཐམས་ཅད་འགྲུབ། །ཅེས་ལས་ཀྱི་རླུང་དང་དེ་ལ་བཞོན་བྱེད་རྣམ་པར་རྟོག་པའི་ཚོགས་དབུ་མའི་གྲོང་ཁྱེར་དུ་གསད་པ་དང་། དེ་བཞིན་དུ་བཅོམ་བྱ་མ་ཡིན་པ་རྒྱལ་པོ་དང་ཡུལ་འཁོར་གཞོམ་པ་ནི་ཀུན་གཞི་དང་སྲེད་ཡེ་ནས་སོགས་ལ་བརྡར་བཏགས་པའི་དོན་རིག་པར་བྱས་ནས་ནང་གི་ཉོན་མོངས་པ་དང་མགེ་བའི་ཚོགས་མཉམ་པ་ཆེན་པོའི་ལྟ་བ་དང་བརྟུལ་ཞུགས་ཀྱིས་ཚར་ཆོད་པའི་ཚེ་བྱང་ཆུབ་སེམས་དཔའ་ལ་གཞན་དོན་དུ་གནང་བའི་ལུས་ངག་གི་མི་དགེ་བ་བདུན་
(༡༢༩)རྗེས་ཐོབ་ཀྱི་རོལ་པ་ཚད་མེད་པའི་སྙིང་རྗེ་ཆེན་པོ་ལ་སོགས་པའི་གསང་སྔགས་ཀྱི་ཐབས་ཆེན་ཟབ་མོ་དང་དུ་བླངས་པ་ནི་ཁྱད་པར་གྱི་དམ་ཚིག་དང་ལྟ་སྤྱོད་ཏིང་འཛིན་ཡིན་པའི་ཚུལ། འཇིག་རྟེན་སྣང་བྱེད་ལས། ཁྱད་པར་དམ་ཚིག་བསྟན་པ་ནི། །སློབ་དཔོན་སྨད་པར་མི་བྱ་སྟེ། །ངན་སོང་གསུམ་ལས་ཐར་མི་འགྱུར། །ཁྱད་པར་ལྟ་བ་བསྟན་པ་ནི། །ཅི་ཡང་མེད་པའི་སེམས་ཉིད་ལ། །བཅོས་སུ་ཡོད་པར་བསམ་བསྟན། །ཁྱད་པར་སྤྱོད་པ་བསྟན་པ་ནི། །རིག་མ་དག་ལ་སྤྱོད་པ་སྟེ། །བཟའ་བའི་ཟས་ལ་སྔགས་བཟླས་ལ། །དམ་ཚིག་ཅན་རྣམས་སྤྱན་དྲངས་ཏེ། །གདུག་པ་རྣམ་གཉིས་ཚོགས་ལ་བསྟིམ། །ཁྱད་པར་ཏིང་འཛིན་བསྟན་པ་ནི། །སྤྱི་བོར་ཧཾ་ལ་མགྲིན་པར་ཧྲཱི །སྙིང་གར་ཧཱུྃ་ལ་ལྟེ་བར་ཨཱོཾ། །ཡི་གེ་གང་ཡིན་ཡན་ལག་ལ། །ཐབས་ཀྱི་སྦྱོར་བས་འོད་དུ་ཞུ། །དེ་ཉིད་ཡོངས་སུ་ཁྱབ་པ་ལས། །ཉལ་བརྒྱུན་གྱི་ཏིང་འཛིན་ནི། །དྲུག་པོ་བཀག་ནས་ཉལ་བའི་ཚེ། །འོད་གསལ་མཐོང་བ་ང་ཡིས་བཤད། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི། །ཡན་ལག་ཉི་ཤུ་རྩ་བརྒྱད་ཉིད། །དམ་ཚིག་ཀུན་གྱི་གཞི་དང་རྩ། །སྤྱོད་པ་གཏམ་ཅོལ་ཅི་སྤྱད་ཀྱང་། །ལྟ་བ་མ་ཉམས་དམ་ཚིག་ཡིན། །མོ་རྣམས་ཀུན་ལ་སྨད་མི་བྱ། །གདོལ་བ་མོ་ཡང་དང་དུ་བླང་། །ཁྱད་པར་རིགས་ཅན་གཅེས་པར་བཟུང་། །དེ་ཡང་དམ་ཚིག་རྩ་བ་ཡིན། །སྔགས་དང་ཕྱག་རྒྱ་རྒྱུན་མིག་ཅད། །དེ་ཡང་དམ་ཚིག་རྩ་བ་ཡིན། །ཏན་གན་སྤྱོད་པ་རྒྱུན་དུ་སྤྱོད། །དེ་ཡང་དམ་ཚིག་རྩ་བ་ཡིན། །ཞེས་སོ། །མདོར་བསྡུ་ན་དམ་ཚིག་གི་རིམ་པ་དེ་དག་ཀྱང་རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ་འདུ་བའི་ཚུལ། ཕུར་པ་མྱང་འདས་ཆེན་པོ་ལས་དོན་དམ་དམ་ཚིག་གཉིས་མེད་སྟོན་པའི་སྒྲོན་མེ་ལ། །ལྟ་ལོག་ངན་སེམས་རྐུ་འཕྲོག་བརྡེག་ལ་སོགས། །ངན་དུ་སྨྲ་ཞིང་གནོད་པ་དངོས་མི་བགྱིད། །དེ་དག་དངོས་སུ་བྱས་ན་དམྱལ་བར་སྐྱེ། །བཟླས་བརྗོད་སྔགས་
(༡༣༠)དང་སྙིང་པོ་བར་མིག་ཅད། །གསུང་གི་དམ་ཚིག་ཉམས་ན་དམྱལ་བར་སྐྱེ། །དོན་དམ་གཉིས་མེད་བཞན་ལ་སྤེལ་མི་བྱ། །རང་གསང་ཐབས་ཀྱིས་ཆོད་ནས་མི་རྟོག་པས། །ཐུགས་ཀྱི་དམ་ཚིག་ཉམས་པ་དེ་བཞིན་ནོ། །ཞེས་སྟོན་པ་རྡོ་རྗེ་སློབ་དཔོན་བཀུར་ཞིང་དེ་ལ་ངན་སེམས་དང་དབྱ་སེམས་མ་ཤོར་བ་དང་། བཟླས་བརྗོད་རྒྱུན་མི་གཅད་པ་དང་། གསང་བ་ཟབ་མོ་གཞན་ལ་མི་སྒྲོགས་པ་གསུམ་དང་དུ་བླང་བར་བྱ་ཞིང་གལ་ཏེ་དེ་ལྟར་མི་བྱེད་ན་ཉམས་པ་ཆེན་པོ་ཡིན་པས་ལྟུང་བར་འགྱུར་བའི་ཚུལ། བཤད་པའི་རྒྱུད་ལས། ལྷ་སྤངས་ཉམས་པ་ཆེན་པོ་དང་། །སྔགས་དང་ཕྱག་རྒྱ་ཉམས་པ་དང་། །དྲན་རྟོག་ལྷ་རུ་མ་རྟོགས་ཉམས་པ་དང་། །གསལ་ལ་འཛིན་མེད་མ་བསྒོམས་ཉམས་པ་དང་། །གཉན་པའི་རིམ་པ་མ་ཁུར་ཉམས་པ་དང་། །བརྩེ་བའི་རིམ་པ་རྒྱུན་བཅད་ཉམས་པ་དང་། །གཟུངས་མ་མཚན་ལྡན་སྤངས་པ་དང་། །འདི་རྣམས་ཉམས་པའི་རང་བཞིན་ཡིན། །རྩ་བའི་དམ་ཚིག་ཉམས་པ་ན། །རྡོ་རྗེ་དམྱལ་བར་སྐྱེ་བར་འགྱུར། །འདིར་ཡང་ཉེས་པ་སྣ་བཅུ་འོང་། །བྱས་པ་མི་འགྲུབ་མྱང་ན་ནོན། །ཞེས་དང་། ཕུར་པ་མྱང་འདས་ཀྱི་རྒྱུད་ལས། དེ་ལྟར་དམ་ལ་མི་གནས་ན། །ས་བོན་མེ་ཡིས་ཚིག་པ་ཡིན། །ཏཱ་ལའི་ཤིང་ནི་མགོ་བཅད་བཞིན། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་སོ། །གལ་ཏེ་ཉམས་པའི་གནས་ལ་ཉེས་བྱས་དང་མི་འགྲོགས་པར་འབུམ་ལྔའི་བཤགས་པས་དག་པར་བྱ་བའི་ཚུལ་ཡང་། ཕུར་པ་གསང་རྒྱུད་ལས། སྐུ་ཡི་དམ་ཚིག་ཉམས་ནས་ཙྪ་འབུམ། །གསུང་གི་དམ་ཉམས་བཤགས་པ་གསུང་རབ་འབུམ། །ཐུགས་ཀྱི་དམ་ཉམས་བཤགས་པ་སྲོག་འདོན་འབུམ། །ཁྱད་པར་དམ་ཚིག་བཤགས་པ་ཚོགས་མཆོད་འབུམ། །ལྷག་པའི་དམ་ཉམས་པ་ལ་བཤགས་པ་འབུམ། །འབུམ་
(༡༣༡)ལྔའི་བཤགས་པས་མཚམས་མེད་བྱས་པའང་འབྱངས། །ཞེས་སོ། །བསྲུང་བའི་ཕན་ཡོན་ནི། །བཤད་རྒྱུད་ལས། དམ་ཚིག་བསྲུང་བའི་ལས་རྣམས་ཀྱི། །ཅི་བསམ་ལས་རྣམས་འགྲུབ་པར་འགྱུར། །ཡི་དམ་ལྷ་ཡི་དངོས་གྲུབ་མྱུར། །འཇིག་རྟེན་དབང་ཆེན་བྲན་བཞིན་ཉན། འཇིག་རྟེན་མཁའ་འགྲོ་བསྒོ་བ་ཉན། །འཇིག་རྟེན་ལོངས་སྤྱོད་འཕེལ་བར་འགྱུར། །རྒྱལ་པོ་མཛོད་ལྡན་ཟད་མེད་འགྱུར། །ཞེས་གསང་སྔགས་ཀྱི་ཡོན་ཏན་ནི་དམ་ཚིག་གཅིག་པུ་ལ་བརྟེན་ནས་འབྱུང་བས་ན། ཉམས་པའི་ཉེས་དམིགས་ལ་འཇིགས་པ་དང་། བསྲུང་བའི་ཡོན་ཏན་ལ་ཟོད་པ་བསྐྱེད་ནས་རྟག་ཏུ་དམ་ཚིག་ཆེན་པོའི་རིམ་པ་ལས་མི་འདའོ་སྙམ་པས་འདིའི་རྗེས་ཟློས་མཛད། །གཙོ་བོས་ཇི་ལྟར་སོགས་བརྗོད། དེ་ནས་སྐུ་དྲིན་གཏང་རག་གི་ཡོན་ལ་དངོས་འབྱོར་གྱི་འབུལ་བས་དམིགས་རྟེན་བྱས་ནས་ཞིང་ཁམས་འབུལ། དེ་ཡང་། མྱང་འདས་ཆེན་པོའི་རྒྱུད་ལས། དེ་ལྟར་བླ་མ་ལུད་ལྡན་ལ། །གསེར་ལ་སོགས་པའི་ཡོ་བྱད་དང་། །རང་གི་ལུས་དང་ནོར་གྱི་དབྱིག །མ་སྲིང་མོ་རྣམས་བརྒྱན་པ་དང་། །གྲོང་དང་གྲོང་ཁྱེར་བཅས་པ་རྣམས། །དམིགས་པ་མེད་པའི་སེམས་ཀྱིས་ནི། །དེ་དང་མཉམ་པ་ཁོ་ནར་འབུལ། །ཅེས་དང་། རིགས་སོ་སོ་དང་མཐུན་པའི་ཡོན་ནི། །གསང་དགོངས་ལས། བདག་ལུས་སྲོག་དང་ནོར་ལ་སོགས། །བུ་དང་ཆུང་མར་བཅས་པ་རྣམས། །ཞུམ་པ་མེད་པའི་སེམས་ཀྱིས་འབུལ། །རྡོ་རྗེ་རིགས་ཀྱི་ཡོན་ཡིན་ནོ། །བྲན་དང་བཅས་པའི་འདོད་ཡོན་ལྔ། །འཁོར་ལོ་ཅན་གྱི་ཡོན་ཡིན་ནོ། །རིན་ཆེན་སྣ་ལྔ་ལ་སོགས་དང་། །གླང་པོ་རྟ་དང་མ་ཧེར་བཅས། །རིན་ཆེན་རིགས་ཀྱི་ཡོན་ཡིན་ནོ། །མ་དང་སྲིང་མོ་ཆུང་མ་དང་། །རབ་ཏུ་བརྒྱན་པ་དགོད་པ་དང་། །རྒོད་མ་ལ་སོགས་མོ་ཆགས་རྣམས། །པདྨ་རིགས་ཀྱི་ཡོན་དུད་བུལ། །རྟ་དང་
(༡༣༢)གླང་ཆེན་མ་ཧེ་དང་། །རྫས་ཀྱི་རྣམ་པ་མང་པོ་བཀལ་བ་ནི། །ལས་ཀྱི་རིགས་ཀྱི་ཡོན་དུ་དབུལ། །སློབ་དཔོན་མཎྜལ་ཁྲི་ལ་བཞུགས། །གསེར་ལ་སོགས་པའི་རིན་པོ་ཆེ། །དར་གྱི་ཐུམ་པོར་བཅུག་ནས་ནི། །གཞན་ཡང་རྫས་ནམས་ཅི་འབུལ་བ། །སློབ་དཔོན་ཉིད་ལ་གཏོར་ཏེ་དབུལ། །ཞེས་སོ། །དེ་ནས་རྗེས་བསྔོ་སྨོན་གྱིས་རྒྱས་གདབ་པ་དང་། ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བ་དང་། རྡོ་རྗེའི་གླུ་གར་དང་སྦྱིན་སྲེག་དང་། གཏོར་མ་གཏང་བ་དང་། ནོངས་པ་བཤགས་པ་དང་། དངོས་གྲུབ་བླང་བ་དང་། རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་བཛྲ་མུས་གཤེགས་སུ་གསོལ་བ་དང་། ཤིས་པ་བརྗོད་པ་སོགས་ཆོ་གའི་རྗེས་ཆོག་སྤྱི་ལྟར་བྱ། གཟུགས་བརྙན་རྡུལ་ཚོན་གྱི་དཀྱིལ་འཁོར་བཤིག་པའི་ཉེས་པ་འགེགས་ཕྱིར་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དོན་དྲན་པའི་ངང་ནས་ཨ་ཀཱ་རོའི་གསང་སྔགས་བཟླ་ཞིང་རྡོ་རྗེ་དང་བཅས་པའི་ལག་གིས་ཐོག་མར་ལྷ་མཚན་རྣམས་ནས་ཅུང་ཟད་རེ་མགོ་བོར་བཀུས་ལ་དབང་ལྡན་ནས་བརྩམས་ཏེ་ལྟེ་བའི་བར་བསུབས་ལ་རཏྣའི་བུམ་པར་བསྩལ། རས་བྲིས་ཡིན་ན་བརྟན་གཞུག་བྱ། །རྡུལ་ཚོན་གྱི་ཚོ་ཆ་གསུམ་དུ་བགོས་ནས་གཏེར་དུ་སྦ་བ་དང་། རླུང་ལ་གཡེང་བ་དང་། ཆུ་ཀླུང་ལ་འདོར་བ་གསུམ་དུ་བྱེད་པའམ། ཐམས་ཅད་སྤོས་རོལ་སྤྱན་གཟིགས་ལ་སོགས་པས་སྣ་དྲངས་ཏེ་ཆུ་ཀླུང་ཆེན་པོ་དང་། རྒྱུན་འབབ་དང་། ཆུ་མིག་ལ་སོགས་པའི་ཀླུ་ལ་རྒྱས་པར་ཆོ་གའི་བྱ་བ་དང་བཅས་པའམ། རང་བཞིན་དུ་གཏད་པའི་ཚུལ་གྱིས་གཤེགས་ཤིང་། རྡུལ་ཚོན་གྱི་སྣོད་ཆུས་བཀང་བ་དངོས་གྲུབ་ཀྱི་ཚུལ་དུ་ཁྱེར་ནས་དཀྱིལ་འཁོར་གྱི་ཁང་པ་ལ་གཏོར་བ་དང་། ཤིས་པ་དང་ཞི་བའི་ལས་བྱ། སྒོ་བྱང་དང་རྒྱལ་ཆེན་ལ་སྔོན་འགྲོའི་སྐབས་
(༡༣༣)བཞིན་གཏང་རག་ཕུལ་ལ་གཟུགས་བརྙན་གྱི་རྟེན་ལ་བརྟན་བཞུགས་དང་། །ཐོལ་གཤེགས་གསོལ་བྱ་ཞིང་ལས་ཀྱི་རྗེས་རྣམས་མི་མངོན་པར་བསྡུ། །རྒྱུན་གྱི་སྤྱོད་ལམ་སྣང་གྲག་རིག་པ་དཀྱིལ་འཁོར་གསུམ་གྱི་རྣལ་འབྱོར་དང་བསྲེ་ཞིང་ལས་ཀྱི་རྗེས་མི་མངོན་པར་བྱའོ། །གནས་ལ་བྱིན་ཆེ་དཔལ་གྱི་མཆིམས་ཕུ་རུ། །རང་བྱུང་རྡོ་རྗེ་འཇིགས་མེད་གླིང་པ་ལ། །རྒྱལ་དབང་པདྨའི་དངོས་སློབ་རླངས་ཆེན་དེས། །ཡེ་ཤེས་སྒྱུ་མའི་སྐུ་མཆོག་དངོས་བསྟན་ནས། །རྣམ་དག་རྡོ་རྗེ་རིམ་པ་དབང་གི་རྒྱུན། །གཏོར་བླུགས་མཛད་པས་གནས་སྦྱིན་ལྷན་སྐྱེས་དོན། །མཐོང་བའི་དོན་གྱི་བྱི་ཏོ་ཏ་མ་ལའི། །རྒྱུད་སྡེ་རྒྱ་མཚོའི་དངོས་བཅུད་བསྡུས་པ་ཡིན། །དགེ་བ་དེ་ཡིས་ལྷ་སྲས་ཁྲི་སྲོང་གིས། །ལོ་པཎ་སྤྱན་དྲངས་འབད་པ་དོན་ལྡན་དུ། །སོན་པ་རྒྱུད་ཀྱི་རིང་ལུགས་དར་གྱུར་ནས། །འགྲོ་ཀུན་ཆོས་ཉིད་ཕུར་བུར་སངས་རྒྱས་ཤོག །ཅེས་པ་རང་དཔལ་ལྡན་ས་སྐྱའི་ཕུར་ཁང་ཆེན་མོར་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་ཚེ་རིགས་བརྒྱུད་མར་ལྷག་པའི་ལྷ་མཆོག་འདི་ཉིད་མེ་ཏོག་ཕོག་པའི་ལྷ་སྐལ་དུ་ཆེ་བ་བདག་ཆེན་རིན་པོ་ཆེ་ཨིནྡྲ་སཉྩ་གརྒྦྷ་པ་མཆེད་ལ་རབ་གནས་དང་འབྲེལ་བར་དབང་གི་སྒོ་འབར་དང་པོར་ཕྱེ་བའི་ཚེ་རྫོགས་ཆེན་པོ་མཁྱེན་བརྩེའི་འོད་ཟེར་གྱིས་སོ། །དེ་སྐད་དུ། སློབ་དཔོན་གངྐ་ནས། སློབ་མ་དབང་བསྐུར་ཆོག་ནི། །གང་ནའང་གཅིག་གིས་རྫོགས་པ་མེད། །དེ་ཕྱིར་མཁས་པས་ཆོ་ག་ནི། རྒྱུད་ཀུན་ལས་ནི་བཏུ་བར་བྱ། །ཞེས་སོ།། དགེའོ། །དགེའོ། །དགེའོ།
(༡༣༤)དཔལ་ཆེན་རྡོ་རྗེ་ཕུར་པ་རྒྱུད་ལུགས་ཀྱི་བདག་འཇུག་བྱིན་རླབས་རོལ་མཚོ་ཞེས་བྱ་བ་བཞུགས། །
(༡༣༥)ན་མ ཤྲཱི་བཛྲ་ཀུ་མཱ་ར་ཡ། དཔལ་ཆེན་རྡོ་རྗེ་ཕུར་པ་རྒྱུད་ལུགས་ཀྱི་དཀྱིལ་འཁོར་དུ་འཇུག་པར་འདོད་པས། རང་གི་ཆོས་ཉིད་བདེ་གཤེགས་སྙིང་པོ་དཀྱིལ་འཁོར་གྱི་འཁོར་ལོར་རྫོགས་པ་ལ། གློ་བུར་བའི་ཚོགས་བརྒྱད་འདུས་བྱས་པ་སློབ་མའི་ཚུལ་དུ་བྱས་ནས་དབང་གི་བྱ་བ་ལ་འཇུག་པའི་ཚུལ་ངེས་པར་བྱས་ནས་ཁྲུས་བྱས། བགེགས་བསྐྲད། མེ་ཏོག་བཀྱེ་བསྡུ་བྱས་ལ། མཎྜལ་དབུལ། ཙཀྵུ་རྒྷནྡྷྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱ། ཞེས་མི་གདར་འཆིང་། ཨཱ་ཁཾ་བཱི་ར་ཧཱཾ་གིས་མེ་ཏོག་བཟུང་ལ། གསོལ་བ་གདབ་པ་ནི། ༈ །ཁྲག་འཐུང་རྡོ་རྗེ་ཧེ་རུ་ཀ །བདག་གིས་བདུད་རྩི་ལྔས་མཆོད་དེ། །བདག་ནི་རབ་ཏུ་བསྒྲལ་སླད་དུ། །མི་ཕྱེད་རྡོ་རྗེ་བདག་ལ་སྩོལ། །ལན་གསུམ། སློབ་དཔོན་གྱིས། ༈ །སྐལ་ལྡན་རིག་འཛིན་རིགས་ཀྱི་བུ། །ལྷག་པའི་བསམ་པ་བཟང་པོའི་ཕྱིར། །ད་ལྟའི་དུས་ནི་སེམས་བསྐྱེད་ན། །བུ་ཁྱོད་དགའ་བ་ཅི་ལ་དགའ། །ཞེས་པའི་ལན་དུ་སློབ་བུས།
(༡༣༦)བདག་ནི་སྐལ་བཟང་བདེ་ཆེན་ལ། །བདེ་ཆེན་མཆོག་ལ་བདག་དགའ་སྟེ། །བླ་མེད་བྱང་ཆུབ་འཐོབ་བྱའི་ཕྱིར། །ཁྲག་འཐུང་དཔལ་ལ་བདག་དགའོ། །སྡོམ་པ་ཐུན་མོང་བསྒྲག་པ་ནི། སློབ་དཔོན་གྱིས། ༈ །དྲག་པོའི་ལས་ཀྱི་དཀྱིལ་འཁོར་འདིར། །རིགས་ཀྱི་བུ་ཁྱོད་འཇུག་པར་བྱོས། །སྤྱི་དང་ཁྱད་པར་ལྷག་པ་ཡི། །དམ་ཚིག་གཉན་ལ་ཁྱོད་མ་འདའ། །དཀྱིལ་འཁོར་གསང་བ་མ་མཐོང་ཞིང་། །གསང་བ་དམ་པ་མ་མཐོང་ལ། །གསང་བ་དམ་པ་སྨྲ་མ་བྱེད། །ཁྱོད་ཀྱིས་སེམས་ཅན་སྲོག་མ་གཅོད། །མ་བྱིན་ལེན་དང་རྫུན་ལ་སོགས། །མི་དགེའི་ལས་རྣམས་སྤང་བར་བགྱི། །ང་ནས་སྨོན་འཇུག་སྟབས་གཅིག་ཏུ་གཟུང་བའི་ཕྱིར། །གསོལ་བ་གདབ་པ་ནི། ༈ །སྐྱེ་རྒ་ན་དང་འཆི་བ་ཡི། །ཆུ་སྲིན་པོར་ཐོགས་འཇིགས་བྱེད་ལས། །གདོན་པར་ནུས་པ་ཁྱོད་འབའ་ཞིག །དགའ་ཆེན་ཁྱོད་བདག་སྟོན་པར་བས། །མགོན་པོ་ཆེན་པོ་བདག་
(༡༣༧)ལ་སྩོལ། །བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་ཆེན་པོས་གཟུང་དུ་གསོལ། །ལན་གསུམ། དེ་ནས་སྡོམ་པའི་གཞི་རྟེན། སྐྱབས་འགྲོ་ནི། ༈ ཆོས་སྐུ་མཁའ་འདྲ་གཟུགས་སྐུ་འཇའ་ལྟར་སྣང་། །གསང་སྔགས་སྒྲ་སྙན་ལྟ་བུར་སྒྲ་བསྒྲགས་ཤིང་། །ཁྲོ་བོ་ཁྲོ་མོའི་ཚུལ་གྱིས་གདུག་པ་འདུལ། །བླ་མེད་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ལན་གསུམ་གྱི་མཐར་སྨོན་འཇུག་གི་སྡོམ་པ་བཟུང་བ་དངོས་ནི་མོས་པ་བརྟན་པོས། ༈ །བདག་གི་བྱང་ཆུབ་སེམས་མཆོག་ནི། །མ་ལུས་པར་ནི་བསྐྱེད་པར་བགྱི། །ངན་སོང་གསུམ་ལས་མ་གྲོལ་བ། །ལྷ་མི་གཉིས་སུ་དགྲོལ་བར་བགྱི། །མ་བསྒྲལ་བ་ཡི་ལྷ་མི་རྣམས། །བྱང་ཆུབ་ས་ལ་བསྒྲལ་བར་བགྱི། །དབུགས་མ་ཕྱུང་བའི་བྱང་ཆུབ་སེམས། །ས་བརྒྱད་པ་ལ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་པའི་མཐའ། །རྡོ་རྗེ་འཆང་ལ་རབ་ཏུ་དགོད། །ལན་གསུམ། དེ་ནས་རྡོ་རྗེའི་རྣལ་འབྱོར་དུ་སེམས་བསྐྱེད་པའི་ཕྱིར་གསོལ་བ་གདབ་པ་ནི། ༈ །རྡོ་རྗེ་ཡེ་ཤེས་ཆེན་པོ་ཡི། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟེ། དེ་རིང་བདག་ལ་དབང་བསྐུར་ཤོག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། །མ་ལུས་གཞུང་བཞིན་བསྒྲུབས་ནས་ནི། །སྐུ་གསུང་ཐུགས་ཀྱི་ཕུར་པ་བཞིན། །ཡེ་ཤེས་རྡོ་རྗེའི་དཀྱིལ་འཁོར་དུ། །བདག་གི་དང་པོས་འཇུག་པར་
(༡༣༨)བགྱི། །རྡོ་རྗེ་འཇོམས་བྱེད་ཆེན་པོ་ཡིས། །བདག་ལ་དབང་མཆོག་དེ་རིང་གསོལ། །ལན་གསུམ། སློབ་དཔོན་གྱིས། ༈ །ང་ནི་ཡེ་ཤེས་རྡོ་རྗེ་སྟེ། །ཉོན་མོངས་རྣམ་རྟོག་འཇོམས་པའི་ཕྱིར། །འཇོམས་བྱེད་རྡོ་རྗེ་ཆེན་པོ་འདི། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །ཞེས་བརྗོད་ནས་སློབ་བུའི་སྙིང་གར་བཞག་ལ། ཁྱེད་གཞན་དོན་དུ་སངས་རྒྱས་སྒྲུབ་པར་འདུན་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ཉིད་སྙིང་གར་ཟླ་བ་ཉ་གང་བའི་སྟེང་དུ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་རྩེ་ལྔ་པ་འོད་ཟེར་ལྔ་ལྡན་གྱི་རྣམ་པ་ཅན་དུ་སྒོམས་ལ་ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ༈ །ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ཏ་ཡཱ་མི། ཞེས་ལན་གསུམ་དང་། ༈ །འཇོམས་བྱེད་ཆེན་པོའི་དཀྱིལ་འཁོར་དུ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། །རྣམ་རྟོག་འཇོམས་ཕྱིར་ཡེ་ཤེས་གསལ། །སངས་རྒྱས་བདག་ལ་དབང་ལྡན་ཤོག །ཅེས་སྨོན་ལམ་གདབ། །སྔགས་སྡོམ་བྱེ་བྲག་པ་བཟུང་བ་ནི། ༈ །ཧཱུྃ་སངས་རྒྱས་ཀུན་གྱིས་གྲུབ་པའི་གཞི། །བླ་མེད་རྡོ་རྗེ་དམ་ཚིག་སྟེ། །དམ་ཚིག་འདི་ནི་གཟུང་བར་བགྱི། །བླ་མ་རྡོ་རྗེ་སློབ་དཔོན་དང་། །དཀོན་མཆོག་མཁའ་འགྲོ་ཡང་དག་གཟུང་། །ཕྱག་རྒྱ་སྔགས་རྣམས་རྒྱུན་མི་གཅད། །ཡང་དག་ལམ་ལ་ཞུགས་ལ་བྱམས། །གསང་བ་ཆེན་པོ་སྨྲ་མི་བྱ། །འདི་ནི་རྩ་བ་ལྔ་རྣམས་གཟུང་། །བསྒྲུབ་དང་བསྲུང་བའི་དམ་ཚིག་མཆོག །ཞེ་སྡང་གཏི་མུག་ཆགས་ང་རྒྱལ། །དཀར་དམར་ལྗང་སེར་མཐིང་གའི་མདོག །དག་པའི་སྣོད་བཅུད་མི་དོར་རོ། །ཡན་ལག་བཅུ་ཡི་དམ་ཚིག་མདོ། །བདག་གིས་བརྟན་པོར་གཟུང་བར་
(༡༣༩)བགྱི། །ནམ་དུ་ཡང་ནི་མི་སྤང་ངོ་། ལན་གསུམ་གྱིས་སྔགས་སྡོམ་ཐོབ་པར་ངེས་ཤེས་བསྐྱེད་དོ། །དམ་བཞག་ནི། དམ་ཆུ་བཏུང་ལ། ༈ །དེ་རིང་ཁྱོད་ཀྱི་སྙིང་ལ་ནི། །རྡོ་རྗེ་སེམས་དཔའ་ཡང་དག་གནས། །གལ་ཏེ་ཚུལ་འདི་བྲལ་གྱུར་ན། །སྐད་ཅིག་གིས་ནི་དྲལ་ཏེ་གཤེགས། །དེ་བས་དམ་ལ་མ་འདའ་ཞིག །ཨོཾ་བཛྲ་རོད་ཋ་ཀ་ཧཱུྃ། དེ་རིང་ཕན་ཆད་བུ་ཁྱོད་ཀྱི། །ཕྱག་ན་རྡོ་རྗེ་ང་ཡིན་གྱི། །ང་ཡིས་སྨྲས་པ་ཐམས་ཅད་ཀྱང་། །ངེས་པ་ཁོ་ནར་བྱ་དགོས་སོ། །བདག་ལ་སྨད་པར་མ་བྱེད་ཅིག །གལ་ཏེ་སྨད་པར་བྱས་ན་ནི། །ཚེ་ཡི་འདུ་བྱེད་བྱས་ནས་ཀྱང་། །དམ་ཆུ་འདི་ཡིས་རྐྱེན་བྱས་ནས། །རྡོ་རྗེའི་དམྱལ་བར་གྱུར་ཏ་རེ། །སྐལ་དང་ལྡན་པ་རིགས་ཀྱི་བུ། །ཁྱོད་ཀྱིས་བསྲུང་བར་བྱ་བ་ནི། །ལྷ་དང་བླ་མ་སྤུན་མི་སྤང་། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །གསང་བ་གཞན་ལ་སྤེལ་མི་བྱ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་སྟེ། །རྩ་བའི་དམ་ཚིག་ངེས་ཐུབ་ན། །དམ་ཆུ་འདི་ཡིས་རྐྱེན་བྱས་ནས། །ཡེ་ཤེས་སེམས་དཔའ་ཉིད་དུ་འགྱུར། །དེ་ནས་ཕྱི་ལྟར་འཇུག་པ་དངོས་ནི། ཧཱུྃ་ཛབཾ་ཧོཧི་ཧི། ཞེས་བརྗོད་པས་ཕྱེ་ཚུལ་ལྷོ་སྒོ་སྙིང་རྗེ་ཆེན་པོ་ནས་རིམ་པར་ཕྱེ་ཡང་འཇུག་ཚུལ་ཤར་སྒོ་ནས་གཡས་སྐོར་དུ་ཞུགས་པར་བསམས་ལ། ཨོཾ་རཏྣ་པུཥྤེ་ཨཱ་བི་ར་ཁཾ། ཞེས་དང་། ཨོཾ་ན་མཱ་ཏེ་ཧཱུྃ། ཨོཾ་ན་མཱ་མེ་ཧཱུྃ། ཨོཾ་ན་མོ་ན་མཱ་ཧཱུྃ། ཞེས་སྒོ་སོ་སོར་སྐུ་གསུང་ཐུགས་ཕྱག་རེ་བྱ། ནང་འཇུག་གི་དོན་དུ་གསོལ་བ་གདབ་པ་ནི། ༈ ཧཱུྃ་སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་ཉིད་ལས། །འབར་བའི་ཁྲོ་བོ་མི་བཟད་པ། །སྐུ་ཡི་དབྱིག་ཏུ་སྲས་བསྐྱེད་
(༡༤༠)ཅིག །ཅེས་མ་རྗོད་པས་དཀྱིལ་འཁོར་གྱི་བདག་པོ་ཡབ་ཡུམ་བདེ་བ་ཆེན་པོའི་རྦ་རླབས་གཡོས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བི་གྣན་བཾ་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད་པའི་སྒྲ་དང་འོད་ཟེར་གྱིས་སློབ་མའི་རྣམ་སྨིན་གྱི་ཕུང་པོ་སྤྱང་། རྣམ་པར་ཤེས་པ་ལ་ངོ་བོ་ཉིད་མེད་པ་ནི་ཆོས་ཀྱི་སྐུ། དེའི་ངང་ལས་ལོངས་སྤྱོད་རྫོགས་པའི་རང་བཞིན་ཧཱུྃ་དུ་གྱུར་པ་ཡབ་ཀྱི་ཞལ་ནས་དྲང་། ཡུམ་གྱི་བྷ་གར་རྡོ་རྗེ་གཞོན་ནུར་སྨིན་པས་སྐུ་གསུམ་རྫོགས། བཛྲ་ས་མ་ཡ་ཛ ཞེས་བརྗོད་པས་ཕྱིར་ཕྱུང་སྟེ་ཡབ་ཀྱི་ཕྱག་རིགས་ལྔ་ཡབ་ཡུམ་དུ་གྱུར་པས་བླང་། ས་མ་ཡ་ཧོ། །ས་མ་ཡ་སྟཾ། ཞེས་བརྗོད་པས་བདེ་བའི་རླབས་ཀྱིས་དབང་བཞི་བསྐུར། དེ་ལ་ཡེ་ཤེས་དབབ་པའི་ཕྱིར་སྤོས་རོལ་བྱ་ཞིང་རྫས་ཀྱི་སྦྱོར་བ་དམིགས་བསལ་བསྲེག་པ་དང་བཅས། ༈ ཧཱུྃ་ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་པ། །དབང་དང་བྱིན་རླབས་བདག་གསོལ་ཅིག །སངས་རྒྱས་འདུས་པ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་སུ་བྱིན་གྱིས་རློབས། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་བེ་ཤ་ཡ་ཧཱུྃ་ཕཊ། ཅེས་མང་དུ་བརྗོད། ཕེབས་རྟགས་བྱུང་མ་ཐག་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་འཇོག་ཅིང་། ༈ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མགུ་ལ་པྲ་ཏ་ཧཱུྃ་ཕཊ། ཅེས་བརྗོད་པས་བརྟན་པར་བྱ། །དེ་ནས་རིགས་དང་ལས་འབྲེལ་བརྟག་པའི་ཕྱིར་དཀྱིལ་འཁོར་དངོས་སམ། རེ་ཁཱའི་ནང་དུ་མེ་ཏོག་སྔོན་པོ་སྣ་ཚོགས་ཕྱི་རོལ་དུ་མ་འདས་པར་དོར་ཞིང་། བཤད་རྒྱུད་ལས། ༈ །ཧཱུྃ་དུར་ཁྲོད་གསང་བ་
(༡༤༡)མཆོག་གི་དཀྱིལ་འཁོར་དུ། །རྡོ་རྗེ་རིགས་ཀྱི་མེ་ཏོག་དོར་ནས་ཀྱང་། ཁྲག་འཐུང་རྡོ་རྗེ་རིགས་ཀྱི་ལྷ་ཚོགས་ཀྱི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རབ་འབྱམས་རྣམས། །སྐལ་ལྡན་རིག་འཛིན་བདག་ལ་སྩལ་དུ་གསོལ། །བདག་ནི་རྡོ་རྗེའི་རིགས་སུ་གཟུང་དུ་གསོལ། །ཨོཾ་བྷོ་དྷི་ཙིཏྟ་པཱུ་ཙ་ཧོ། དེ་ནས་བླ་མས་རིགས་དེ་དང་མཐུན་པའི་མིང་གདགས་ཤིང་དངོས་གྲུབ་ཐོབ་པར་ལུང་བསྟན། ལྷག་པའི་ལྷ་དེས་རྗེས་སུ་འཛིན་པའི་རྟེན་འབྲེལ་སྒྲིག་ཕྱིར་སླར་ཡང་ཅོད་པན་སྤྱི་བོར་བཅིང་ཞིང་། ༈ །དེ་རིང་ཕན་ཆད་བུ་ཁྱོད་ཀྱི། །མིང་ནི་རྡོ་རྗེ་ཆེ་གེ་མོ། །རྡོ་རྗེ་ཀུན་གྲགས་ཡིན་པར་ངེས། །རྡོ་རྗེའི་མཚན་གྱིས་ཀུན་གྲགས་ཤོག །དེ་ནས་མིག་དབྱེ་བ་ནི། །མིག་ཐུར་ཐོགས་ལ། ༈ །སྔོན་ཚེ་མིག་མཁན་རྒྱལ་པོ་ཡིས། །གསེར་གྱི་གཙགས་བུ་ཐོགས་ནས་ནི། །མིག་གི་ལིང་ཐོག །ཀུ་མཱ་ར། བསལ་བ་ལྟར། །ཐུགས་རྗེ་ཡེ་ཤེས་ཐབས་ལྡན་པས། །མི་ཤེས་རྨོངས་པའི་རབ་རིབ་དང་། །མ་རིག་མུན་པ་བསལ་དུ་གསོལ། །དེང་ཁྱོད་རྡོ་རྗེ་སེམས་ཀྱིས་ནི། །མིག་ཀུན་ངེས་པར་འབྱེད་མཛད་པའི། །མིག་འབྱེད་པ་ལ་བརྩོན་པར་བྱེད། །རྡོ་རྗེའི་མིག་ཏུ་བླ་མེད་འགྱུར། །ཨོཾ་བཛྲ་ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཕཊ། གདོང་གཡོགས་ཕྱེ། དཀྱིལ་འཁོར་བསྟན་པ་ནི། ༈ ཆོས་རྣམས་གཟུགས་བརྙན་འདྲ་བ་ཡི། །རང་བཞིན་དག་པར་རྙོག་པ་མེད། །གཟུགས་བརྙན་གསལ་བའི་དཀྱིལ་འཁོར་དུ། །ཀུན་གྱིས་དྲི་མ་མེད་མཐོང་ཤོག །དཀྱིལ་འཁོར་ཉིད་ལ་ད་ལྟ་ཉིད། །དད་པའི་ཤུགས་ཀྱིས་བལྟ་བར་གྱིས། །ཁྱོད་ཀྱང་སངས་རྒྱས་རིགས་ལས་སྐྱེས། །སྔགས་དང་
(༡༤༢)ཕྱག་རྒྱའི་བྱིན་རླབས་ཀྱིས། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །བཛྲ་མཎྜལ་བྲ་ཝེ་ཤ་ཧོ། །ཨེ་མ་སྣོད་དང་ལྡན་པའི་བུ། །ཁྱོད་ནི་དཀྱིལ་འཁོར་ཆེན་པོ་འདིའི། །ཚོན་རྩི་མཐོང་བས་སྡིག་ལས་གྲོལ། །དེ་ཕྱིར་དད་པ་རབ་ཏུ་བསྐྱེད། །རྟགས་ཀྱི་དཀྱིལ་འཁོར་ཆེན་པོ་ནི། །དོན་གྱི་འོག་མིན་ཉིད་ཡིན་ཏེ། །བྱང་ཆུབ་ཕྱོགས་ཀྱི་ཆོས་ཀུན་དང་། །ས་ལམ་འབྲས་བུའི་ཡོན་ཏན་རྫོགས། །དེ་ན་བཞུགས་པའི་སངས་རྒྱས་ཀུན། །རང་གི་སེམས་སུ་ཤེས་པར་གྱིས། །སེམས་ནི་ཆོས་ཉིད་ལ་གནས་པས། །རང་བྱུང་ལྷུན་གྲུབ་དཀྱིལ་འཁོར་ཡིན། །ཞེས་མཐོང་བ་བསྟན་ནོ། །དེ་ནས་དབང་དངོས་གཞིའི་སླད་དུ་གསོལ་བ་གདབ་པ་ནི། ༈ །ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས། །རིགས་ལྔ་འདུས་པའི་ཁྲོ་རྒྱལ་གཙོ། །རྡོ་རྗེ་གཞོན་ནུ་ཁྲོས་པའི་དཔལ། །སྐལ་ལྡན་རྣམས་ཀྱིས་ཐོབ་པར་ཤོག །ལན་གསུམ། དེ་ནས་རིག་པའི་དབང་ལྔ་ནི། ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་ལྷའི་རྣམ་པར་སྤྱན་དྲངས། མཆོད་ཅིང་བསྟོད། །དེ་བཞིན་གཤེགས་པ་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། །ཞེས་གསོལ་བ་བཏབ་པས། དཀྱིལ་འཁོར་གྱི་བདག་པོ་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་གི་དགོངས་པ་མཛད། །གཤེགས་པ་རྣམས་ཀྱིས་བུམ་པ་ཡོ་བར་བཟུང་ནས་དབང་བསྐུར། སེམས་དཔའ་རྣམས་ཀྱིས་ཤིས་པ་བརྗོད། སེམས་མ་རྣམས་ཀྱིས་གླུ་གར་བསྒྱུར། ཁྲོ་བོ་རྣམས་ཀྱིས་གེགས་བསྐྲད་དེ་རིག་དབང་ལྔའི་བྱ་བ་མཛད་པའི་
(༡༤༣)དག་བྱ་དག་འབྲས་ལ་བདེ་སྟོང་གཉིས་སུ་མེད་པའི་ཉམས་སྐྱེས་པར་གྱུར། རྣམ་བུམ་སྤྱི་བོར་བཞག་ལ། ༈ །ཧཱུྃ་གསང་གསུམ་དམ་ཚིག་ལས་བྱུང་བ། །ཡབ་ཡུམ་གཉིས་མེད་བདེ་ཆེན་ལས། །བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་འདིས། །རྡོ་རྗེ་རིགས་ཀྱི་དབང་བསྐུར་རོ། །ཨོཾ་བྷོ་དྷི་ཙིཏྟ་ཨཱ་དརྴ་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩ་མཱཾ། རིགས་ཀྱི་བུ་ཁྱོད་ལ་རྡོ་རྗེ་མི་བསྐྱོད་པའི་ངོ་བོ་བུམ་པའི་ཆུས་དབང་བསྐུར་ཞིང་ཉེ་རེག་བྱས་པས་ལུས་ཀྱི་སྒྲིབ་པ་དག །སངས་རྒྱས་ཐམས་ཅད་ཀྱི་ལྷའི་དབང་ཐོབ། གཟུགས་ཀྱི་ཕུང་པོ་རྡོ་རྗེ་མི་བསྐྱོད་པ་དང་། ཆུའི་ཁམས་མཱ་མ་ཀཱིའི་རང་བཞིན་དུ་གནས་འགྱུར། ཞེ་སྡང་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་རྡོ་རྗེ་རིགས་ཀྱི་སྐུ་རྣམ་པ་ཐམས་ཅད་ཀྱི་བདག་ཉིད་འགྱུར་བ་མེད་པ་ཐོབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །ཞེས་ལུང་བསྟན། །དེ་ནས་རིན་འབྱུང་དབུ་རྒྱན་གྱི་དབང་ནི། དབང་འདི་ཐོབ་ནས་སངས་རྒྱས་ཐམས་ཅད་ཀྱི་རྒྱལ་ཐབས་ལ་དབང་བས་ན་རིགས་ལྔའི་དབུ་རྒྱན་ལ་ཐོབ་པ་ལྔའི་སྒྲ་ཆགས་པ་སྟེ། དེ་ཉིད་མགོ་ལ་བསྐོན་ནས། ༈ ས། སངས་རྒྱས་ཀུན་གྱི་རྒྱལ་སྲིད་ཆེ། །ཐོབ་པ་ལྔ་ཡི་དབང་བསྐུར་བ། །རིན་ཆེན་རིགས་ཀྱི་དབང་བསྐུར་མཆོག །རིན་ཆེན་ཁྲག་འཐུང་བརྟན་གྱུར་ཅིག །ས་མ་ཏ་རཏྣ་བཛྲ་ཨ་བྷི་ཥིཉྩ་མཱཾ། རིགས་ཀྱི་བུ་ཁྱོད་ལ་དབུ་རྒྱན་འདི་བསྐོན་པ་ཙམ་གྱིས་སྒོ་གསུམ་གྱི་རྨོངས་པའི་སྒྲིབ་པ་དག །སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་དབང་ཐོབ། ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་དང་། སའི་ཁམས་སངས་རྒྱས་སྤྱན་མར་གནས་འགྱུར། ང་རྒྱལ་མཉམ་པ་
(༡༤༤)ཉིད་ཀྱི་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་རིན་ཆེན་རིགས་ཀྱི་ཡོན་ཏན་ཐམས་ཅད་མཁྱེན་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །སྣང་མཐའ་རྡོ་རྗེ་དབང་ནི། ༈ ཨཱ སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །རྡོ་རྗེ་གསུང་གི་དོན་མཛད་པ། །པདྨ་ཁྲག་འཐུང་རྡོ་རྗེ་དཔལ། །རྡོ་རྗེ་ཆོས་ཀྱི་དབང་བསྐུར་རོ། །པྲ་དྱ་བེ་ཀྵ་ན་ཛྙཱ་ན་ཨ་བྷི་ཥིཉྩ་མཱཾ། རིགས་ཀྱི་བུ་ཁྱོད་ལ་སྣང་བ་མཐའ་ཡས་ཀྱི་རང་བཞིན་རྡོ་རྗེས་དབང་བསྐུར་བས་ངག་གི་སྒྲིབ་པ་དང་། །སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དབང་ཐོབ། འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་དང་། མེའི་ཁམས་གོས་དཀར་མོར་གནས་འགྱུར། འདོད་ཆགས་སོ་སོར་རྟོག་པའི་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་པདྨ་རིགས་ཀྱི་གསུང་འགག་པ་མེད་པའི་ཆོས་ཀྱི་སྒྲ་དབྱངས་ཐོབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །དོན་ཡོད་གྲུབ་པ་དྲིལ་
(༡༤༥)ཤིགས་ཏེ། །སངས་རྒྱས་ཁྲག་འཐུང་ངོ་བོ་ཉིད། །རྡོ་རྗེ་མིང་གི་དབང་བསྐུར་རོ། །དྷརྨ་དྷ་ཏུ་བི་ཤོ་དྷ་བཛྲ་ཨ་བྷི་ཥིཉྩ་མཱཾ། རིགས་ཀྱི་བུ་ཁྱོད་ལ་རྣམ་པར་སྣང་མཛད་ཀྱི་ངོ་བོ་མིང་ཆེ་གེ་མོ་བཏགས་པ་ཙམ་གྱིས་ཡིད་ཀྱི་སྒྲིབ་པ་དག །སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དབང་ཐོབ། རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་སྣང་མཛད་དང་། ནམ་མཁའི་ཁམས་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མར་གནས་འགྱུར། གཏི་མུག་ཆོས་དབྱིངས་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་དེ་བཞིན་གཤེགས་པའི་ཐུགས་རྣམ་པར་མི་རྟོག་པ་ཐོབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །དེ་ལྟར་རིགས་དབང་ལྔ་ཐོབ་པའི་བྲལ་ཐོབ་ནི། ཕྲེང་བ་ལས། ༈ སངས་རྒྱས་ལྔར་ནི་རྣམ་དག་པའི། །དབང་བསྐུར་ལྔ་ཐོབ་རྒྱུད་ལ་ནི། །མ་རིག་པ་དང་བྲལ་པས་ན། །ཡེ་ཤེས་ལྔ་ནི་ཐོབ་པར་འགྱུར། །ཅེས་པ་ལྟར་རོ། །དེ་ནས་རིག་དབང་ལྔའི་མཐའ་རྟེན་དུ་སྣང་ཞེན་ལྷ་སྐུར་རྫོགས་བྱེད་རྣམ་རྒྱལ་བུམ་པའི་དབང་ནི། བུམ་པ་སྤྱི་བོར་བཟུང་ལ། ༈ ཧཱུྃ་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་གཉིས། །གཡོན་ནས་ཡུམ་གྱིས་ཡབ་ལ་འཁྱུད། །ཕྱག་གི་བུམ་པ་རབ་ཏུ་བླངས། །ཡེ་ཤེས་དབང་གི་ཆུ་བོ་འདི། །ཉོན་མོངས་མ་གོས་དཀར་ལ་འཚེར། །སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །སྤྱི་བོར་བུམ་པས་དབང་བསྐུར་བས། །ཉོན་མོངས་གསུམ་དང་དུག་གསུམ་སྦྱངས། །དབང་གི་ཆུ་བོ་རྒྱུན་བཞིན་འབབ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། དཱིཔྟ་ཙ་ཀྲ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱཾ ཞེས་གཏོ་ཞིང་བླུད་དོ། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་དབང་ནི། གཙོ་བོའི་སྐུ་སྤྱི་བོར་བསྐུར་ལ། ༈ །ཧཱུྃ་ཀུན་ཏུ་བཟང་པོའི་རོལ་པ་ལས། །
(༡༤༦)།ཐུགས་རྗེས་ཁམས་གསུམ་གདུག་པ་འདུལ། །གཉེན་པོས་ལས་སུ་རུང་མཛད་པའི། །འཇིགས་བྱེད་གཉེན་པོའི་དབང་བསྐུར་རོ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥིཉྩ་མཱཾ། དར་ལེ་བརྒན་ལ་སྔགས་བྱང་བྲིས་པ་མགྲིན་པར་བཟུང་ལ། ཧཱུྃ། གསུང་གི་རང་བཞིན་མཚོན་བྱེད་པའི། །ལེ་བརྒན་འབར་བའི་ཁ་དོག་ལ། །སྙིང་པོ་ནུས་པའི་དོན་དང་ལྡན། །ནུས་པ་ཅན་གྱི་དབང་ཐོབ་ཤོག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཝཱ་ཀྐ་ཨ་བྷི་ཥིཉྩ་མཱཾ། ཕུར་པ་སྙིང་གར་བཞག་ལ། ༈ །ཧཱུྃ་ཙིཏྟ་སྨུག་པོའི་གཞལ་ཡས་ནས། ཁམས་གསུམ་དབང་གི་བདག་པོ་སྟེ། །བརྐྱང་བསྐུམ་རབ་ཏུ་གདེངས་པ་ཡིས། །གདུག་པ་འཇོམས་པའི་དབང་ཐོབ་ཤོག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཨ་བྷི་ཥིཉྩ་མཱཾ། ཡོན་ཏན་དང་ཕྲིན་ལས་གཉིས་ཀའི་དབང་ཡེ་ཤེས་སེམས་དཔའི་ཙ་ཀཱི་སྙིང་གར་གཏད་ལ། ༈ ཧཱུྃ་ཐུགས་ཀ་རིན་ཆེན་ཟུར་བརྒྱད་ལས། །ཕྲིན་ལས་སྣ་ཚོགས་ལྷུན་གྱིས་གྲུབ། །ཐམས་ཅད་ཀུན་ལ་རང་བཞིན་གནས། །ཡེ་ཤེས་སེམས་དཔའི་དབང་ཐོབ་ཤོག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། གུ་ཎ་ཀརྨ་ཨ་བྷི་ཥིཉྩ་མཱཾ། དེ་ནས་དུར་ཁྲོད་ཆས་བརྒྱད་ཀྱི་དབང་ནི། ༈ ཧཱུྃ་ཞིང་ཆེན་གཡང་གཞིས་འདོད་ཆགས་རྩད་ནས་གཅོད། །གླང་ཆེན་ཀོ་རློན་ཐུགས་རྗེ་སྟོབས་ཀྱི་བདག །སྟག་ཤམ་ཡོན་ཏན་ཕྲིན་ལས་རྒྱས་པའི་རྟགས། །བདུད་ཆས་དཔའ་བོའི་དབང་རྣམས་ཐོབ་པར་ཤོག །ཧཱུྃ་ཐོད་པ་རློན་པ་ལོངས་སྤྱོད་རྫོགས་པའི་རྟགས། །ཐོད་པ་སྐམ་པོ་ཆོས་ཀྱི་སྐུ་ཡེ་རྟགས། །ཐོད་པ་ཚལ་བུ་སྤྲུལ་སྐུ་ཡི་རྟགས། །སྐུ་གསུམ་མཚོན་བྱེད་ཐོབ་པའི་དབང་ཐོབ་ཤོག །ཧཱུྃ་རིགས་བཞི་ཀླུ་རྣམས་མ་ལུས་འདུལ་བའི་རྟགས། །གདུག་པ་སྦྲུལ་ནི་རིགས་བཞིས་སྐུ་ལ་བརྒྱན། །ཞེས་དང་ཆེན་པོ་གནས་སུ་འཇོམས་མཛད་པ། གདུག་པ་ཆས་ཀྱི་དབང་
(༡༤༧)རྣམས་ཐོབ་པར་ཤོག །ཧཱུྃ་ཞག་གི་ཟོ་རིས་དམ་རྫས་བཅུད་ཀྱི་རྒྱན། །ཐལ་ཆེན་ཚོམ་བུ་འཁོར་བ་འཇོམས་པའི་རྟགས། །རཀྟའི་ཐིག་ལེ་ཐུགས་རྗེ་ཆགས་པའི་རྟགས། །མཚན་མ་རྣམ་པ་གསུམ་གྱི་དབང་ཐོབ་ཤོག །དེ་ལ་དག་པ་བརྗོད་པ་ནི། ༈ སྐུ་དང་གསུང་དང་ཐུགས་དང་ནི། །ཡོན་ཏན་ཕྲིན་ལས་ལྔ་རུ་བསྐུར། །ཕྱོགས་བཅུ་སྲོག་ལ་དབང་བསྐུར་བས། །སྲོག་ནི་ཡེ་ཤེས་གྱུར་ནས་ནི། ཁམས་གསུམ་སྒྲོལ་བའི་དབང་བསྐུར་རོ། །ཞེས་བརྗོད་པས་ཕུར་པའི་སྒོས་ཆོས་དཀྱིལ་འཁོར་གསུམ་གྱི་སྲོག་ཡེ་ཤེས་སུ་དབང་བསྐུར་བ་དང་། དེ་ལས་ཁམས་གསུམ་གྱི་སྲོག་ལ་དབང་བསྐུར་བའི་དོན་དབང་ཆོག་བཞིན་དུ་དྲན་པར་བྱའོ། །རྡོ་རྗེ་སློབ་དཔོན་གྱི་དབང་ནི། དམ་ཚིག་གསུམ་བྱིན་ལ། ༈ །ཧཱུྃ་ཐབས་ཀྱི་སྤྱོད་པས་གཞན་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི་དབང་དང་བྱིན་རླབས་འདིར་སྩལ་ཏོ། །ཨོཾ་བྷོ་དྷི་ཙིཏྟ་ས་མ་ཡ་སྟཾྭ་ཨ་བྷི་ཥིཉྩ་ཨཱ། རིགས་ཀྱི་བུ་ཁྱོད་ལ་རྡོ་རྗེ་དང་ དྲིལ་བུ ་འདི་གཏད་ཅིང་དམ་ཚིག་གསུམ་བྱིན་ནས་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བས། རྣམ་པ་ཐམས་ཅད་མཁྱེན་པའི་བདག་ཉིད་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རང་བཞིན་སྔགས་ཀྱི་ལྟ་སྤྱོད་ཟབ་མོའི་ཐབས་ཤེས་ཟུང་འབྲེལ་དུ་རྫོགས་ནས། འཁོར་བ་མ་སྤངས་རང་བཞིན་མེད་པར་དག །སྐུ་གསུམ་འདུ་འབྲལ་མེད་པས་འགྲོ་བའི་དོན་དཔག་ཏུ་མེད་པ་བྱེད་པའི་རྟེན་འབྲེལ་འགྲིག་པ་ཡིན་ནོ། །ཞེས་གཟེངས་བསྟོང་། དེ་ནས་གསང་དབང་ནི། དཀྱིལ་འཁོར་གྱི་བདག་པོ་ཡབ་ཡུམ་སྙོམས་པར་ཞུགས་པར་མོས་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་བདེ་སྐྱོད་གི་སྣོད་དུ་བསྐྱིལ་བ་བདུད་རྩི་ལྔ་དད་སྦྱར་བ་ལྕེ་ཐོག་ཏུ་བྱིན་ལ། ༈ ཧཱུྃ་བདེ་ཆེན་ཐིག་ལེ་ཡབ་ཡུམ་བཅུ། །རྡོ་རྗེའི་ལམ་ནས་པདྨོར་འཁྱིལ། །བུ་
(༡༤༨)ཡི་ལྕེ་ལ་དབབ་པར་བྱ། །སྙིང་གི་དཀྱིལ་དུ་བཟུང་བར་གྱིས། ཨོཾ་བྷོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱ། སློབ་མས་དང་དུ་བླངས་ནས། ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀྐ་སིདྡྷི་ཨཱ ཙིཏྟ་སིདྡྷི་ཧཱུྃ། ཨོཾ་ཨཱཧཱུྃ་མ་ཧཱ་སུ་ཁ་ཧོ ཞེས་བརྗོད། དེ་ལྟར་གསང་དབང་བསྐུར་བས་སྒྲོན་མ་ལྔ་དང་བདུད་རྩི་ལྔ་བརྟེན་ཞིང་ལམ་ཙཎྜ་ལི་དང་བཟླས་བརྗོད་བྱེད་པ་ལ་དབང་། རྒྱས་པའི་ལས་འགྲུབ། དག་བྱ་ངག་གི་རང་བཞིན་ཕྲ་བའི་རླུང་ལ་ཞུ་བདེ་ལས་སྐྱེས་པའི་བྱང་ཆུབ་ཀྱི་སེམས་ཀུན་རྫོབ་པ་འདྲེས་པས་ཕྲབ་རླུང་དང་རགས་པ་ངག་གི་སྒྲིབ་པ་སྦྱངས། གསུང་རྡོ་རྗེའི་རང་བཞིན་དུ་རྣམ་པར་དག །མཆོག་དགའི་ཡེ་ཤེས་ལ་བརྟེན་ནས་མ་ཆགས་པདྨ་ཅན་གྱིས་ནོན། ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་སྐལ་བརྒྱུད་ལ་བཞག་པ་ཡིན་ནོ། །དབང་གསུམ་པའི་དོན་དུ་རིག་ཙག་བྱིན་ནས་རྟོགས་པ་བསྐྱེད་པ་ནི། ༈ །ཧཱུྃ། བདེ་བ་ཐུགས་ཀྱི་སེམས་དཔའ་ཆེ། །ཡབ་ཡུམ་གཉིས་མེད་མུ་ཏིག་གི །ཁུ་འཕང་བྱང་སེམས་ཕབ་པ་ཡིས། །དུས་གསུམ་བླ་མ་སངས་རྒྱས་དང་། །མཁའ་འགྲོའི་ཚོགས་བདེ་ཆེན་གྱི། །བྱང་ཆུབ་སེམས་ཀྱི་མཆོད་པ་ཕུལ། །རྡོ་རྗེ་བདེ་ཆེན་ཐིག་ལེའི་དབྱིངས། །ཟག་མེད་དབྱིངས་སུ་མི་རྟོག་སྐྱེ། །དེ་བས་བློ་མཆོག་ལོངས་སྤྱོད་ཅིག །ཅེས་སྦྱིན་པ་ན་རིག་མས། ༈ ཧཱུྃ་ཡབ་ཆེན་ཆོས་ཀྱི་དབྱིངས་མཐོང་བའི། པདྨ་དག་ལའོ་བྱེད་དམ། །དེ་ལས་བྱང་ཆུབ་སེམས་འཁྱིལ་བའི། །ཟག་མེད་བདེ་བ་ལོངས་སྤྱོད་དམ། ཞེས་དྲིས་པར་མོས་ལ། ལན་དུ་སློབ་བུས། ༈ ཤེས་རབ་ལྷ་མོ་ཡུམ་ཆེན་མོ། །ཆོས་ཀྱི་དབྱིངས་ལ་འོ་བྱེད་དོ། །བྱང་ཆུབ་སེམས་
(༡༤༩)མཐོང་ཐིག་ལེ་ལ། །རྟག་ཏུ་གུས་ཤིང་བདེ་བ་སྦྱོར། །ཞེས་བརྗོད། །དེ་ནས་རིག་མ་པང་དུ་བྱོན་ནས་གསུམ་པའི་དབང་གི་རྟོག་པ་འདི་བརྗོད་པར་བསམ་ས་ལ། གར་དང་ལྡན་པ་ཡང་དག་བསྐྱོད། །བདེ་ཆེན་སྒྱུ་མའི་བརྡ་མཚོན་ཏེ། །གཉིས་ཤོར་གཉིས་མཉམ་དབུས་དག་ཏུ། །དབྱིངས་ཀྱི་བདེ་ཆེན་འབྱུང་བ་དེ། །རང་རིག་ཡེ་ཤེས་དེ་ལ་ཡོད། །ཅེས་བརྗོད་ནས། ཛཧཱུྃ་བཾ་ཧོ ཞེས་ཕྱག་རྒྱ་བཞིས་མཉམ་པར་རོལ་པ་ལ། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ཨ་ནུ་ར་ག་ཧོ། ཨ་ནུ་ར་ག་ཡ་མཱི། ཞེས་ཡབ་ཡུམ་བརྡ་དང་བརྡ་ལན་མཛད་པས་རྗེས་སུ་ཆགས་པའི་ཉམས་བརྟས་པར་བཤམ་ཞིང་། ཧཱུྃ་ཧཱུྃ། ཨ་ཨཱ། ཅེས་བརྗོད་པས། སྐུ་རྡོ་རྗེ་ཞུ་བ། གསུང་རྡོ་རྗེ་བདེ་བ། ཐུགས་རྡོ་རྗེ་མི་རྟོག་པ། སྙིང་པོ་ཆོས་ཉིད་བློ་འདས་ལས་བྱུང་བའི་དགའ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བར་བསམ་མོ། །དག་བརྗོད་ནི། དེ་ལྟར་དབང་གསུམ་པ་བསྐུར་བས་དངོས་སམ་པེད་ཀྱི་སྣ་ཚོགས་གཟུགས་ཅན་སྒོམ་པ་ལ་དབང་། དབང་གི་ལས་འགྲུབ་དགའ་བ་བཞིའི་མས་བརྟན་གྱི་དཔེའི་ཡེ་ཤེས་ལ་བརྟེན་ནས་རགས་པ་ཐིག་ལེའི་སྒྲིབ་པ་དག །པྲ་བ་ཡིད་ཀྱི་སྒྲིབ་པ་སྦྱངས། དེ་ཉིད་རྣམ་པ་བཅུ་དྲུག་གི་དོན་མངོན་དུ་བྱས་ནས་ཆོས་ཀྱི་སྐུ་འགྲུབ་པའི་སྐལ་བ་ཅན་ལ་བཞག་པ་ཡིན་ནོ། །དབང་བཞི་པ་ནི། གསུམ་པའི་ལྷན་སྐྱེས་ཀྱི་དཔེས་བཞི་པའི་ཡེ་ཤེས་མངོན་སུམ་དུ་མཐོང་བའི་དོན་ལ་མཉམ་པར་བཞག་ལ། ༈ ངོ་བོ་ཉིད་ཀྱི་སྟོང་པ་ལས་བདག་དང་ཆོས་དང་རྣམ་རིག་དང་། །གཟུང་དང་འཛིན་པ་རྣམ་སྤངས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །སྟོང་ཉིད་ཡེ་ནས་གནས་པ་ལ། །ཤེས་པས་མཐོང་བའི་ཡུལ་མིན་ཏེ། །གང་གིས་ཡེ་ཤེས་བསྐྱེད་གྱུར་པ། །དེ་ཡི་ཡེ་ཤེས་རྣམ་དག་མཐོང་། །ཞེས་སོ་
(༡༥༠)དེ་ལྟར་དབང་བཞི་པ་བསྐུར་བས་རྣམ་རྟོག་འཇོམས་བྱེད་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ཕུར་བསྒོམ་པ་ལ་དབང་། དྲག་པོའི་ལས་འགྲུབ་ཀུན་གཞི་ལུང་མ་བསྟན་དང་ཤེས་བྱའི་སྒྲིབ་པ་སྦྱངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་། སློབ་མའི་སྒོ་གསུམ་རྡུལ་དང་བྲལ་བའི་དངས་མ་གསུམ་ལྡན་གཅིག་ཏུ་འདྲེས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་བརྟེན་ནས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱིས་ནོན། ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་བརྒྱུད་ལ་བཞག་པ་ཡིན་ནོ། །དམ་ཚིག་བསྒྲག་པ་ནི། ༈ བུམ་པའི་དམ་ཚིག་གང་ཡིན་པ། །བསྐྱེད་པའི་རིམ་པ་བརྟག་པ་དང་། །རྨོངས་པ་རྣམས་ལ་མི་བྱ་སྟེ། །སྣོད་ཀྱི་ལོ་ཀེ་གཞལ་ཡས་ཁང་། །བཅུད་ཀྱི་འཇིག་རྟེན་ལྷ་ཡི་མཆོག །དེ་ནི་བུམ་པའི་དམ་ཚིག་ཡིན། །གང་ཞིག་གསང་བསྟོན་པ་ལ། །གསང་བའི་དམ་ཚིག་འདི་ཡིན་ཏེ། །བུད་མེད་ཤེས་རབ་རང་བཞིན་ཏེ། །ཙཎྜ་ལི་ལ་རྟག་ཏུ་བསྒོམ། །ཟས་ལྔ་རྟག་ཏུ་བཟའ་བར་བྱ། །སྤྱད་པར་བྱ་བའི་མཆོག་ཡིན། །ཡེ་ཤེས་ཆེན་པོའི་དམ་ཚིག་ནི། །མོ་རྣམས་ཀུན་ལ་སྤྱད་པ་དང་། །དགའ་བ་རྟག་ཏུ་བསྟེན་པར་བྱ། །སེམས་ཀྱང་དྷཱུ་ཏཱིར་བལྟ་བར་བྱ། །ཡེ་ཤེས་སྙིང་པོའི་དམ་ཚིག་གོ །ཞེས་པའི་ལན་དུ། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །སོགས་བརྗོད། སྐུ་དྲིན་གཏང་རག་གི་ཡོན་དུ་མཎྜལ་དབུལ། དགེ་བ་བསྔོ་བ་སྤྱི་ལྟར་བྱའོ། །དེ་ཉིད་རིག་པའི་རྡོ་རྗེ་སློབ་དཔོན་གྱིས། སྦྱོར་བ་འདིས་ཀྱང་ཆོ་ག་མ་འཁྲུག་པར། སྨིན་པར་ནུས་པའི་རྟེན་འབྲེལ་བསྒྲིག་ནུས་པ། དབང་པོ་རྣོན་པོའི་སྣོད་ཀྱི་ཁྱད་པར་ཡིན། །ཞེས་པའང་རྫོགས་ཆེན་བ་རང་བྱུང་རྡོ་རྗེས་སོ། །
(༡༥༡)ཕུར་པ་རྒྱུད་ལུག་ལས་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཤིང་རྟར་ཞུགས། །བྱང་ཆུབ་རྡོ་རྗེ་རིགས་ལྔ་ལྕམ་དྲལ་དང་། །བདེ་བའི་འཁོར་ལོ་རིག་འཛིན་རྡོ་རྗེ་ཆོས། །པྲ་བྷ་ཧ་སྟི་སངས་རྒྱས་པདྨ་སྐྱེས། །བསྟན་པའི་ཆུ་འགོ་དགོངས་བརྡ་སྙན་བརྒྱུད་ལ། །གསལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །བི་མ་ལ་དང་བལ་པོ་མཉྫུ་ཤྲཱི། །རྡོ་རྗེ་སེམས་མམ་གར་སྟོན་ཤེས་རབ་འབྱུང་། །ཆོས་ཀྱི་རྒྱལ་པོ་ཚངས་པའི་མེ་ཏོག་སོགས། །རྒྱལ་ལུགས་བརྒྱུད་པའི་བླ་མ་ཐམས་ཅད་ལ། །གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། ཇོ་མོ་མཁར་ཆེན་བཟའ་དང་ཅོག་རོ་བཟའ། །དཔལ་གྱི་དབང་ཕྱུག་དམ་འདྲེ་ཨ་ཙ་རས། །སྨད་པས་རྩལ་ཐོན་ལག་ལྷག་བྱང་ཆུབ་སོགས། ཇོ་ལྕམ་བརྒྱུད་པའི་བླ་མ་ཐམས་ཅད་ལ། །གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །རྡོ་རྗེ་བདུད་འཇོམས་ཨ་ཙར་དཔལ་མེ་ཏོག །རྡོ་རྗེ་གཞོན་ནུ་ཞང་ཞུང་ཡོན་ཏན་གྲགས། །ཡོན་ཏན་རིན་ཆེན་ཀུན་མཁྱེན་རོང་ཟོམ་སོགས། །སྣ་ནམ་བརྒྱུད་པའི་བླ་མ་ཐམས་ཅད་ལ། །གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །ཕྱི་ཡུལ་སྣང་ཆར་དགྲ་བགེགས་གཉིས་ལ་ཐེབས། །སེམས་མེད་འབྱུང་བ་ཆུ་ཡང་ཆམ་ལ་ཕོབ། །གཉགས་ལོ་མཆོག་དང་ལྷ་དཔལ་འོ་བྲན་སོགས། །ཤམ་སྔོན་བརྒྱུད་པའི་བླ་མ་ཐམས་ཅད་ལ། །གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །ནང་དུ་རང་རྒྱུད་ཉོན་མོངས་དུག་ལྔར་ཐེབས། །མཚན་མ་རྫས་ཀྱི་ཕུར་པས་མུ་སྟེགས་བཏུལ། །རྣལ་འབྱོར་དབང་ཕྱུག་འདར་ཕྱར་ལ་སོགས་པ། །དཔལ་ཆེན་བུར་བའི་གྲུབ་ཐོབ་ཐམས་ཅད་ལ། །གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །དོན་དམ་བྱང་ཆུབ་སེམས་
(༡༥༢)ཀྱི་ཕུར་པ་ནི། །རྟོགས་པ་ཆོས་སྐུའི་ངང་ནས་དགོངས་བརྒྱུད་དང་། རིག་འཛིན་མཁའ་འགྲོའི་བརྡ་ལས་སྙན་བརྒྱུད་རྫོགས། །པདྨས་ལུང་བསྟན་འཇིགས་མེད་གླིང་བ་ལ། །བསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །བདག་ཉིད་རྩ་བའི་དཀྱིལ་འཁོར་ཡབ་ཡུམ་དང་། །སྲས་མཆོག་རིགས་ལྔ་ཕུར་པ་རྫས་ཀྱི་ལྷ། །ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་ཕྲ་ཐབས་དང་། །དཀྱིལ་འཁོར་མུ་རན་སྐྱོང་བའི་ཕུར་སྲུང་ལ། །གསོལ་བ་འདེབས་སོ་ནད་གདོན་བར་ཆད་སོལ། །དབང་ཕྱུག་བརྒྱད་ལྡན་རྡོ་རྗེ་སློབ་དཔོན་གྱིས། །རིགས་དབང་ལྔ་དང་ལྷ་དབང་ཞེ་གཉིས་ཀྱི། །རྡུལ་ཚོན་དཀྱིལ་འཁོར་ཆེན་པོར་སྨིན་བྱས་ནས། །སྱེ་གནས་བཞི་ཡི་བག་ཆགས་སྤྱོད་ཚུལ་ལས། །གཟུགས་ཕུང་རྩ་དང་བཅས་པའི་སྣང་ཞེན་ཀུན། །ལྷར་སྣང་ཕྱག་རྒྱ་ཆེན་པོར་སྨིན་པར་ཤོག །བླ་མ་ཡབ་ཡུམ་རྡོ་རྗེ་ཕུང་པོ་འཕྲོས། །ཞུ་བདེའི་འགྲོས་ཀྱིས་དྲངས་པའི་བྱང་ཆུབ་སེམས། དུས་སྦྱོར་བཅུ་གཉིས་རླུང་གི་གཤེད་གྱུར་ནས། །སྒྲ་གྲག་ཤེས་རབ་དབྱངས་ཀྱི་རོལ་མོ་འཁྲོལ། །རླུང་ཁམས་ཡི་གེའི་གདངས་སུ་གྲོལ་བར་ཤོག །བདེ་བའི་བདག་ཉིད་རི་དྭགས་མིག་ཅན་མ། །པདྨ་བྷཉྫ་མོ་ཀྵ་ལ་སྦྱར་ལས། །དགའ་བ་རྣམ་བཞིའི་དྲངས་པས་དཔེའི་ཡེ་ཤེས། །སྣང་མཆེད་ཐོབ་པའི་ཕ་མཐར་མཐོང་བར་ཤོག །རྣམ་ཐར་གསུམ་གྱི་དཀྱིལ་འཁོར་ལ་བརྟེན་ནས། །དོན་གྱི་ཡེ་ཤེས་ཕྱག་རྒྱ་ཆེན་པོའི་དབྱིངས། །རྣམ་པར་མི་རྟོག་མཐོང་ལམ་དང་འགྲོགས་ནས། །ས་བཅུའི་རྒྱུན་མཐའ་རྡོ་རྗེ་ཕུར་པའི་ཞལ། །ད་ལྟ་ཉིད་དུ་མཐོབ་པར་བྱིན་གྱིས་རློབས། །སྟོད་ལས་ལ་བརྟེན་རིག་འཛིན་རྣམ་པ་བཞིའི། །གོ་འཕང་མངོན་གྱུར་རྟོགས་པས་བདག་རྒྱུད་བསྒྲལ། །སྨད་ལས་ལ་བརྟེན་ཐུགས་རྗེས་གཞན་སྒྲོལ་བའི། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་ཤོག །ཅེས་པའང་བླ་བྲང་དང་ལ་སྡིངས་པ་དང་། ཡང་ཞགས་པས་བསྐུལ་བའི་ངོར། བཀའ་ཡི་བསྡུ་བ་པོས་སོ།། །།
(༡༥༣)ཆ །ཕུར་བརྒྱུད་ལུགས་ལས་བཀའ་མའི་ཡན་ལག་བརྒྱད་འགྲེལ་རྒྱུད་དོན་གསལ་བ་བཞུགས། ༈ །རྒྱལ་བ་ཀུན་གྱི་གསང་བའི་མཛོད། །རྡོ་རྗེའི་མཚོན་དོན་ལ་གནས་པ། །མི་བསྐྱོད་ཡང་དག་བདེ་བའི་དངོས། །གསུང་གི་རྡོ་རྗེ་སྙིང་དབུས་བསྟེན། །དེ་ལ་སྔ་འགྱུར་བཀའ་མའི་གཞུང་ལས་ཡན་ལག་བརྒྱད་པ་ཚིག་དོན་དབྱིངས་ཆེ་བ་ཞིག་གསུངས་པ་བཀའ་གཏེར་གྱི་ཆོ་ག་ཀུན་གྱི་སྔོན་འགྲོར་རྒྱུ་བས་དེའི་དོན་འགྲེལ་བ་ལ། དང་པོ་ཕྱག་འཚལ་བའི་ཡན་ལག་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། ཞེས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་དམ་པ་གང་ཡིན་པ་དེ་ནི་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀྱིས་མི་ཕྱེད་ཅིང་། མི་ཤིགས་པའི་ཕྱིར། རྒྱུད་ལས། རྡོ་རྗེ་མི་ཕྱེད་ཅེས་བྱར་བརྗོད། ཅེས་དང་། རྣམ་འཇོམས་ལས་ཀྱང་མི་ཆོད་པ། མི་ཤིགས་པ། བདེན་པ། སྲབ་ཞེས་སོགས་རྡོ་རྗེའི་ཆོས་བདུན་བསྟན་པ་ཡིན་ནོ། །དེ་ལྟ་བུ་ནི་མཚོན་བྱ་དོན་གྱི་རྡོ་རྗེའི་ངོ་བོ་ཉིད་ཡིན་པས་སྔགས་ཀྱི་གཞུང་ལམ་ཀུན་ལ་རྡོ་རྗེའི་ཐེག་པ་དང་། རྡོ་རྗེའི་ལས་དང་། རྡོ་རྗེའི་བརྟུལ་ཞུགས་དང་། རྡོ་རྗེའི་ཕྱག་རྒྱ་དང་། རྡོ་རྗེའི་ཡེ་ཤེས་དང་། རྡོ་རྗེའི་དམ་ཚིག་ལ་སོགས་པར་གྲགས་པ་ལས། དེ་དག་རྣམས་ཀྱི་དོན་མ་ནོར་བར་རང་གིས་གཟིགས་པའི་ཕྱིར་ཆོས་ཀྱི་མིང་གང་ཟག་ལ་ཆགས་པས་རྡོ་རྗེ་དང་། གོ་འཕང་དེ་ལ་གཞན་ཡང་བཀྲི་བ་ལ་མཁས་པའི་སློབ་དཔོན་ཏེ། དེ་ལྟ་བུའི་བླ་མ་ནི་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཡིན་ཅིང་། སློབ་མ་རང་གི་ངོ་གང་ནས་སངས་རྒྱས་ལས་ཀྱང་ལྷག་ཅིང་བཀའ་དྲིན་ཆེ་བས་དཔལ་ཞེས་ཕུན་སུམ་ཚོགས་པའི་མིང་གི་ཆ་ནས་སྨོས་པ་སྟེ། རྒྱུད་ལས། མིང་དབང་བསྐུར་བའི་དུས་ཀྱང་། དཔལ་དང་རྡོ་རྗེའི་སྒྲ་ལྡན་པར། །ཞེས་པ་ལྟར་རོ། །དེའང་རྡོ་རྗེ་སློབ་དཔོན་ནི་
(༡༥༤)དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་པས་ཐུགས་རྗེ་ལ་བྲི་གང་མེད་པའི་ཆ་ནས་དུས་གསུམ་བཞུགས་པའི་སྒྲས་རྟེན་དེ་ལ་ཕྱག་འཚལ་བ་སྟེ། འཇམ་དཔལ་ལས། ཕྱག་བྱར་འོས་པ་བླ་མའི་རབ། ཅེས་པ་ལྟར་རོ། །ཡན་ལག་གཉིས་པ་ནི། མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །ཞེས་པས། དཀོན་མཆོག་གསུམ་པོ་ནི་ཡམ་གྱི་གནས་སྐབས་ན་དད་པས་བསྟེན་ཞིང་བསྙེན་པར་བྱ་བའི་ཞིང་ས་བླ་ན་མེད་པ་ཡིན་ལ། སྐྱབས་སུ་འགྲོ་ཚུལ་གྱི་ངོས་ནས་ཚོགས་ཞིང་དེ་དག་གི་སྤངས་རྟོགས་ཀྱི་ཡོན་ཏན་རང་རྒྱུད་ལ་སྒྲུབ་པའི་དེ་ཁོ་ན་ཉིད་རིག་པའི་སྟོབས་ཀྱིས་སྐྱབས་སུ་འགྲོ་བས་ན་གཉིས་མེད་ཀྱི་སྒྲ་ཞུགས་པའོ། །འདི་ལ་སྟོན་པའི་ཞིང་ཞེས་འདྲི་བ་ནི་ནོར་བ་ཆེན་པོ་སྟེ། ཅིའི་ཕྱིར་ཟེར་ན། སངས་རྒྱས་ལ་སྟོན་པར་རུང་ཀྱང་ཆོས་དང་དགེ་འདུན་སྟོན་པ་མ་ཡིན་པའི་ཕྱིར་རོ། །དེ་སྐད་དུ། སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །ཞེས་པ་འདི་ཙམ་གྱིས་ཀྱང་དགོན་མཆོག་གསུམ་པོའི་བྱེད་ལས་ངོ་ཤེས་པར་བྱའོ། །ཡན་ལག་གསུམ་པ་ནི། དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །ཞེས་པས། དངོས་འབྱོར་ནི་བླ་ན་ཡོད་པ་དང་། ཡིད་སྤྲུལ་ནི་བླ་ན་མེད་པ་གཉིས་ལས། སྔ་མ་དངོས་རྒྱུད་ག་པ་དང་། ཕྱི་མ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དང་མཚུངས་པ་ཏིང་ངེ་འཛིན་རྣམ་པར་དག་པའི་སྟོབས་ཀྱིས་འབུལ་བས་དག་པའི་མཆོད་པ་ཞེས་བྱའོ། །ཡན་ལག་བཞི་པ་ནི། དངོས་
(༡༥༥)གྲུབ་ཆུ་བོ་གཅོད་པའི་བགེགས། །ཉེས་བྱས་མ་ལུས་བཤགས་པར་གྱི། །ཞེས་རྡོ་རྗེ་ཐེག་པའི་ལམ་ནས་ཇི་ལྟར་འཐོབ་ཏུ་རུང་བའི་དངོས་གྲུབ་རྣམ་པ་གཉིས་པོ་གཟུགས་ཅན་གྱི་རྒྱན་དུ་བཀོད་ནས། དེ་ལྟ་བུའི་དངོས་གྲུབ་ཀྱི་ཆུ་བོ་གཅོད་པའི་བགེགས་ཆེན་པོར་གྱུར་པ་ནི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཉེས་པར་བྱས་པའི་དམ་སྡོམ་ཉམས་ཆག་ཡིན་ཏེ། ཕུར་པ་མྱང་འདས་ལས། དེ་ལྟར་དམ་ལ་མི་གནས་ན། །ས་བོན་མེ་ཡིས་ཚིག་པ་ཡིན། །ཏཱ་ལའི་ཤིང་ནི་མགོ་བཅད་བཞིན། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་པ་ལྟར་དམ་ཚིག་ཉམས་ན་བསྐྱེད་རྫོགས་ཀྱི་ལམ་ལ་ཅི་ཙམ་འབད་ཀྱང་ཏཱ་ལའི་ཤིང་གི་མགོ་བཅད་པ་ལྟར་ཇི་ལྟར་འབད་ཀྱང་མི་སྐྱེ་བ་དང་མཚུངས་པས་སྟོབས་བཞིའི་གནད་ལ་བརྟེན་ནས་བཤགས་པའོ། །ཡན་ལག་ལྔ་པ་ནི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །འདི་ལྟར་ཤར་བ་སོགས་པའི་ཕྱོགས་བཅུ་ནི་དམིགས་པ་དང་བཅས་ཤིང་ཕན་ཚུན་དང་ཡན་མན་གཅིག་ལ་གཅིག་ལྟོས་ཀྱིས་རྗེས་དཔགས་ལ་བརྟེན་ནས་བློས་བཏགས་པའི་ཕྱིར་ན། སོ་སོར་རྟོག་པའི་ཤེས་རབ་ཟབ་མོའི་ཕྱོགས་རང་བཞིན་མེད་པའི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པ་དང་། དེ་བཞིན་དུ་བདག་དང་། གཞན་དང་། གཉིས་ཀར་དམིགས་པའི་འཁོར་གསུམ་ཡོངས་སུ་དག་པ་ནི་བདེན་གཉིས་དབྱེར་མེད་དུ་རྟོགས་པའི་ཆོས་བླ་ན་མེད་པ་སྟེ། དེའི་ངང་ལ་མ་ཆགས་པར་སྤྱོད། །མ་ཞེན་བར་གོམས་སུ་འཇུག་པ་ནི་དོན་དམ་པའི་རྗེས་སུ་ཡི་རང་བའོ། །ཡན་ལག་དྲུག་པ་ནི། དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །ཞེས་པ་འདི་ལ་འགྲེལ་ཚུལ་གཉིས་བྱས་ཀྱང་རུང་སྟེ། ཀུན་རྫོབ་སེམས་བསྐྱེད་དང་བསྟུན་ན། ཚངས་པའི་གནས་པ་བཞི་
(༡༥༦)དག་པ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་ཐུགས་རྒྱུད་ལ་ཡོད་པའི་ཚད་མེད་བཞི་ལྟ་བུའི་སྒོ་ནས་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དོན་དམ་སེམས་བསྐྱེད་ཀྱི་དབང་དུ་བྱས་ན། ཡོད་མེད་རྟག་ཆད་ཀྱི་མཐའ་བཞི་རྣམ་པར་དག་པ་ནི་ངེས་དོན་དབུ་མ་ཆེན་པོ་དྲི་མ་མེད་པའི་གནས་ལུགས་ཏེ། དེ་རིང་དུ་ལམ་བདེན་འདུས་བྱས་པ་ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོར་དམིགས་པ་མེད་པའི་སེམས་བསྐྱེད་པའོ། །ཡན་ལག་བདུན་པ་ནི། བདེ་གཤེགས་དབང་ཕྱུག་སེམས་ཅན་ལ། །དགོས་པ་གསུམ་ཕྱིར་ལུས་དབུལ་ལོ། །དེ་ལ་ལུས་དབུལ་བ་འདི་ནི་ཐེག་པ་ཆེན་པོའི་སྡེ་སྣོད་གཉིས་ལས་གསུངས་པའི་ཡོན་ཏན་གྱི་མཆོག་དང་། རབ་དང་། གྱ་ནོམ་པ་སྟེ་འབྱུང་བ་ལྔའི་རྡོས་པས་བཅིངས་པའི་བདག་འཛིན་གྱི་ཕུང་པོ་འདི་ཕུལ་བས་བདག་མེད་རྒྱལ་བའི་ཞིང་དུ་སྦྱར་བའི་དགོས་པ་དང་། ཉིད་དགོས་ནི། རྐང་པ་དང་པོའི་དོན་གྱི་བདེ་གཤེགས་ནི་འདས་པའི་སངས་རྒྱས། དབང་ཕྱུག་ནི་ད་ལྟ་བའི་སངས་རྒྱས་བླ་མ། སེམས་ཅན་ནི་མ་འོངས་པའི་སངས་རྒྱས་བདེར་གཤེགས་སྙིང་པོའི་རང་བཞིན་ཅན་གསུམ་གྱི་ཚོགས་ཞིང་ངོས་བཟུང་ནས་རྐང་པ་གཉིས་པའི་དོན། །འདས་པའི་སངས་རྒྱས་ལ་ཕུལ་བས་དེ་དག་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་མངོན་དུ་འགྱུར་བའི་དགོས་པ་དང་། ད་ལྟ་བ་ལ་ཕུལ་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་དམ་པའི་སྣོད་དུ་རུང་ཞིང་དབང་དང་བྱིན་རླབས་ལ་བརྟེན་ནས་འབྲས་བུ་ཐོབ་པའི་དགོས་པ་དང་། མ་འོངས་པ་འཕྲུལ་བས་ཐེག་པ་ཆེན་པོའི་འབྲས་བུ་ཐོབ་པའི་དོན་པོ་གཞན་དོན་མཐར་ཕྱིན་པའི་རྟེན་འབྲེལ་འགྲིག་པ་སྟེ་དགོས་པ་གསུམ་དང་ལྡན་པའི་ཕྱིར་ན་རྡོ་རྗེ་ལས་རིམ་ལས། ཕྱོགས་བཅུ་སྲས་དང་བཅས་པ་དང་། །དབང་ཕྱུག་སངས་རྒྱས་ད་ལྟ་
(༡༥༧)བདག །མ་འོངས་རང་བཞིན་སེམས་ཅན་ལ། །དགོས་པ་གསུམ་ཕྱིར་ལུས་དབུལ་བྱ། །མཆོག་གི་ཡོན་ཕྱིར་སྣོད་དུ་འགྱུར། །ཞེས་སོ། །སྔ་རབས་པ་ཕལ་མོ་ཆེས་གོ་བ་ནི་བླངས། །དོན་ནི་མཁྲོལ་བས། བདེ་གཤེགས་དབང་ཕྱུག་སེམས་ཅན་ལ། །དག་པ་གསུམ་གྱི་ལུས་འབུལ་ལོ། །བདག་དང་མཐའ་ཡས་སེམས་ཅན་རྣམས། །དུས་གསུམ་བཞུགས་ལ་ལུས་འབུལ་ལོ། །ཞེས་རྒྱུད་ཚིག་འཆོས་བགྲངས་པ་ཤིན་ཏུ་བརྟན་ནའང་། རྒྱུ་མཚན་མེད་པའི་རྟོག་དཔྱོད་ཙམ་མོ། །ཡན་ལག་བརྒྱད་པ་ནི། ཚེ་རབས་བགྲང་བའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །དེ་ལ་འཁོར་བ་སྤྱི་ཚན་གྱི་ཐོག་མ། འདི་ཙམ་ནས་སོ་ཞེས་བརྗོད་པར་མི་ནུས་ཀྱང་། རང་ངོ་ལ་ལྟོས་ན་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་ཡོ་ལྡན་གྱི་ཚུལ། རྐྱེན་ལྷན་ཅིག་སྐྱེས་པའི་མ་རིག་པ་དུས་མཉམ་གྱི་ཚུལ། ཡུལ་ལ་ཀུན་ཏུ་བཏགས་པའི་མ་རིག་པ་ཕྱིས་བྱུང་གི་ཚུལ་གསུམ་ལས་ཚེ་རབས་ཀྱི་ཐོག་མ་བཀོད་པ་ནས་བཟུང་སྟེ། ད་ལྟར་གྱི་བར་དུ་བགྲངས་པའི་བསམ་པ་ཡིད་ཀྱི་ལས་དང་། སེམས་པ་ལུས་ངག་གི་ལས་ལ་བརྟེན་ནས་དཀར་པོ་རྣམ་པར་འཕེལ་པའི་ལས་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་འདིར་ཐབས་ལ་མཁས་པའི་ཤེས་རབ་ཀྱིས་བསྡུས་ཏེ་སེམས་ཅན་ཐམས་ཅད་རྫོགས་པའི་བྱང་ཆུབ་ཐོབ་པའི་རྒྱུར་བསྔོའོ། །ཞེས་པའི་དོན་ནོ། །ཞེས་པའང་མདོ་ཁམས་པ་ལས་ཅན་གྱི་སློབ་བུ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་བསྐུལ་བ་ལས། རྫོགས་ཆེན་པ་འཇིགས་མེད་གླིང་པས་དཔལ་ལྡན་པདྨ་འོད་གླིང་དུ་ཡུད་ཙམ་ལ་བཀོད་པའོ། །
(༡༥༨)བཅོམ་ལྡན་འདས་རྡོ་རྗེ་ཕུར་པ་རྒྱུད་ལུགས་ཀྱི་སྒྲུབ་ཐབས་རྡོ་རྗེ་ཁྲོས་པའི་བཅུད་དུ་མ་དཔག་བསམ་ལྗོན་པ་ཞེས་བྱ་བ་བཞུགས།
(༡༥༩)བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་ཕུར་པའི་སྒྲུབ་ཐབས་རྡོ་རྗེ་ཁྲོས་པའི་བཅུད་དུམ་དཔག་བསམ་ལྗོན་པ་ཞེས་བྱ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་བདག་ཉིད་ལ་ཕྱག་འཚལ་ལོ། །རྒྱལ་ཀུན་བདེ་གཤེགས་སྙིང་པོའི་རང་བཞིན་ནི། །སྟོང་ཉིད་སྙིང་རྗེའི་ཉམས་སུ་རོལ་བའི་གར། །སྐུ་གསུམ་ཡན་ལག་བདུན་ལྡན་ཕུར་བུའི་དངོས། དཀྱིལ་འཁོར་གསུམ་གྱི་ཕྱག་རྒྱས་མཚོན་ལ་འདུད། །གང་ཞིག་ཕུར་པ་སྒྲུབ་པའི་རིག་འཛིན་རྣམས། །ཐབས་ལས་ཐབས་མཆོག་རིག་འཛིན་སྡེ་སྣོད་ཆེའི། །ཟབ་དོན་བསྐྱེད་རྫོགས་རྒྱུད་ལུང་ཡོངས་འདུ་བའི། །ཕྲིན་ལས་དཔག་བསམ་ལྗོན་པ་འདིར་བསྙེན་ཅིག །དེ་ལ་རྡོ་རྗེ་ཐེག་པའི་ལམ་གྱི་འཇུག་སྒོ་མནོར་བའི་དཀྱིལ་འཁོར་དུ་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་ལས་དབང་ཐོབ་ནས་དངོས་གྲུབ་ཀྱི་བརྟེན་གཞི་སྡོམ་པ་དང་དམ་ཚིག་ལ་གནས་པ། རིམ་པ་དང་པོ་ལྷའི་རྣལ་འབྱོར་ལ་སོགས་ཏེ་དབང་བཞིའི་ལམ་གྱིས་
(༡༦༠)དག་བྱ་དག་འབྲས་ལས་སྔགས་ལམ་གྱི་རྒྱུ་འབྲས་ཟབ་མོ་བསྐྱེད་རྫོགས་ཟུང་འཇུག་གི་གོ་དོན་རྙེད་ཅིང་དབང་རྩོན་དང་བྱང་ཆུབ་སེམས་གཉིས་ལྡན་པའི་སྒྲུབ་པ་ངོས་ཉམས་སུ་བླང་པ་ཡིན་ཏེ། རྡོ་རྗེ་ཁྲོས་པའི་རྩ་རྒྱུད་ལས། །བདེ་བར་གཤེགས་པ་ཀུན་གྱི་གཙོ། །ཡབ་ཡུམ་སྲས་བཅས་སྣང་བ་ཡང་། །བྱང་ཆུབ་སེམས་ཀྱི་ངོ་བོར་གཅིག །ཅེས་དང་། མཉན་བསམ་བསྒོམ་པའི་ཤེས་རབ་ཀྱིས། །བློ་ཡི་རྟོག་པ་ཁ་ཕྱེ་ནས། །ངེས་པའི་དོན་འདི་རྟོགས་པར་གྱིས། །ངེས་པའི་དོན་འདི་མ་རྟོགས་ན། །བསྒོམ་དང་བསྒྲུབ་པ་ཡུན་རིང་ཡང་། །མི་ཤེས་གཟུང་འཛིན་འཆིང་བའི་རྒྱུ། །ཞེས་སོ། །དེ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ལ་གཉིས་ལས། དང་པོ་གནས་ཀྱི་མཚན་ཉིད་དང་། དཀྱིལ་འཁོར་འདུ་བྱའི་ལས་རིམ། ཕུར་པ་རྫས་ཀྱི་དཀྱིལ་འཁོར། རྒྱན་དང་མཆོད་རྫས་དགྲམ་པ་ལ་སོགས་སྒྲུབ་ཁོག་ཏུ་ཤེས་པར་བྱའོ། །གཉིས་པ་རྣམ་གྲངས་
(༡༦༡)བཅུ་ལས། དང་པོ་ནི། ཐེག་པ་ཆེན་པོའི་གང་ཟག་ཏུ་བློ་མ་བཅོས་ན་གསང་སྔགས་ཀྱི་གཟུགས་བརྙན་དུ་འབྱམས་པས་ཚད་མེད་བཞི་བསྒོམ་པར་བྱ་སྟེ། །རྡོ་རྗེ་འབར་བ་ལས། གབ་རྣམས་སྡུག་བསྔལ་ཉེན་པ་ལས། །བྲལ་བར་འདོད་པ་སྙིང་རྗེ་ཡིན། །བྱམས་པ་ཕན་པ་བསྒྲུབ་པ་སྟེ། །ཀུན་ལ་སྐྱོབས་ཤིང་ཕན་པར་དགའ། །རབ་ཏུ་དགའ་བ་དགའ་བ་སྟེ། །དམ་པའི་དོན་ལ་འདུན་པའོ། །ཆགས་སྡང་གཉིས་དང་བྲལ་བ་ནི། །བར་མའི་སེམས་དང་ལྡན་པས་ཏེ། །དོན་དམ་པ་ཡི་བཏང་སྙོམས་བསྒོམ། །ལན་གསུམ། གཉིས་པ་སྐྱབས་སེམས་དང་འབྲེལ་བའི་བདུན་རྣམ་དག་ནི། བཛྲ་ས་མཱ་ཛ ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་རོལ་པ་ཉག་གཅིག་ཏུ་སད་པར་བྱས་པ་ལ་གཞན་དོན་དུ་སངས་རྒྱས་བསྒྲུབ་པར་དམིགས་པའི་དང་གདུང་དྲག་པོས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་དབང་ཕྱུག་སེམས་ཅན་ལ། །དགོས་པ་གསུམ་ཕྱིར་ལུས་འབུལ་ལོ། །ཚེ་རབས་བགྲངས་བའི་ལས་རྣམས་ཀུན། །བསྡུས་
(༡༦༢)ཏེ་བྱང་ཆུབ་ཆེན་པོར་བསྔོ། །ལན་གསུམ་གྱི་མཐར་ཛཧཱུྃ་བཾ་ཧོ རང་ལ་བསྟིམ་པས་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་ཐོབ་པར་བསམ་མོ། །གསུམ་པ་ཕྱི་རོལ་པ་བསྐྲད་པ་ནི། གཏོར་མ་འབྲུ་གསུམ་དང་ཨ་ཀཱ་རོས་བརླབས་པ་བྱིན་ནས། རྩ་རྒྱུད་ལས། ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱོད། །རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ལུས་ཀྱང་དུམ་བུ་སྟོང་དུ་གཏུབས། །སྙིང་ཡང་ཚལ་པ་བདུན་དུ་གཏུབས། །ཞེས་གནད་ལ་བོར་ནས། ཧཱུྃ་བཞིའི་སྔགས་དང་། གུ་གུལ་གྱིས་བསྐྲད། །བཞི་པ་མཚམས་བཅད་པ་ལ་བཞི་ལས། དང་པོ་བསྐྱེད་རིམ་ལ་ཁྲོ་བོ་འཆོལ་བའི་མཚམས་ནི། རྡོ་རྗེ་ཁྲོས་པ་ལས། ཧཱུྃ། བསྒྲུབ་པའི་ཡེ་ཤེས་ཚོན་གང་པོ། གསང་བའི་སྔགས་ཀྱིས་བསྐྱེད་ནས་ཀྱང་། །སྐུ་དང་ལྡན་པར་རབ་བསྐྱེད་ཅིང་། ཁམས་གསུམ་ཁྲོ་བོས་གང་བར་མཛོད། །ཐུགས་ལས་འབར་བའི་སྲོག་ཀྱང་ཞུགས། །དབུ་ལ་རྫོགས་པའི་རིགས་ལྔས་བསྲུངས། །ཉི་ཟླ་རི་རབ་ཕུར་པས་བརྒྱན། །ཁྲོ་བོ་མང་པོས་གཟིར་ཞིང་མནན། །ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་སརྦ་དུཥཾྚ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཅེས་བསྐུལ་བས་ཁྲོ་བོའི་ཚོགས་ཀྱིས་བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་བསྡིགས་ཤིང་བརླགས་པར་བསམས་ལ། ཁྲོ་བཅུ་སོ་སོའི་སྟབས་སྟབས་དང་ཕྱག་རྒྱ་བསྟན་ནས། རྩེ་མོ་ལས། ཧཱུྃ་ཧཱུྃ་ཧཱུྃ། མཁའ་དངུས་ལག་མཐིལ་སྦྱར་ཏེ་བསྒྲེང་། །རྐང་པ་བརྐྱང་བསྐུམ་དོར་ཐབས་འདོར། །རྡོ་རྗེའི་སྟངས་སྟབས་གར་ཉིད་ཀྱི། །གོམ་པ་
(༡༦༣)ལེགས་པར་འཇོག་བྱེད་པ། །རྡོ་རྗེ་ཧཱུྃ་གི་ཕྱག་རྒྱ་ཡིན། །ཨཱོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ། བར་ཆད་འབྱུང་པོ་གརྫ་གརྫ་ཧཱུྃ་ཕཊ། ཤེས་རབ་ཀྱི་ནི་རྐང་པ་ཡིས། །ཐབས་ལ་རྣམ་པར་འཁྱུད་པས་ནི། །ལག་གིས་རྡོ་རྗེས་གར་བྱེད་ཅིང་། །རྡོ་རྗེ་ཐལ་མོ་བརྡབ་པ་ནི། །རྣམ་པར་རྒྱལ་པའི་ཕྱག་རྒྱ་ཡིན། །ཨཱོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ། བར་ཆད་འབྱུང་པོ་ཧ་ན་ཧ་ན་ཧཱུྃ་ཕཊ། ལས་རྣམས་ཀུན་ལ་གསོད་པར་བརྩོན། །ཐབས་ཀྱི་སྦོམ་པོ་ཐ་མའི་ཆ། །དེ་ཡི་དབུས་གནས་སྲིད་དུ་བརྐྱང་། །རྡོ་རྗེ་དབྱུག་པའི་ཕྱག་རྒྱ་ཡིན། །ཨཱོཾ་བཛྲ་ཀྲོ་དྷ་ནི་ལ་དཎྜ་ཧཱུྃ། བར་ཆད་འབྱུང་པོ་ད་ཧ་ད་ཧ་ཧཱུྃ་ཕཊ། གཡས་པ་ནས་ནི་ཕན་ཚུན་ཏེ། །སོར་མོ་བསྡུས་པས་དབུས་གནས་པ། །ཀུན་ཏུ་བསྡུས་པ་བརྡེག་པའི་སྟབས། །གཞན་ནི་ཡུམ་གྱི་ངོས་བཞག་སྟེ། །དབུ་མའི་ཚད་དུ་འགྱིངས་པ་སྟེ། །དཔའ་བོ་རྔམས་པའི་ཕྱག་རྒྱ་ཡིན། །ཨཱོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ། བར་ཆད་འབྱུང་པོ་པ་ཙ་པ་ཙ་ཧཱུྃ་ཕཊ། ཤེས་རབ་ཀྱིས་ནི་བསྒྲུབ་བྱ་འཛིན། །ཐབས་ཀྱིས་ཅོད་པན་གདེངས་པར་བྱེད། །རྣམ་པར་བརྟག་པ་ཆེན་པོ་ནི། །མི་གཡོ་རྒྱལ་པོའི་ཕྱག་རྒྱ་ཡིན། །ཨོཾ་བཛྲ་ཀྲོ་དྷ་ཨཱ་རྱ་ཨ་ཙ་ལ་ཧཱུྃ། བར་ཆད་འབྱུང་པོ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ཐལ་མོ་མཉམ་པར་སྦྱར་ནས་ནི། །གུང་མོས་འདུ་བྱེད་བསྒྲུབ་པར་བྱ། །མཐེ་བོང་དཔྲལ་བའི་སྟེང་དུ་བཞག །རྟ་ཡི་རྒྱལ་པོ་གདེངས་པའི་རྒྱ། །ཨཱོཾ་བཛྲ་ཀྲོ་དྷ་ཧྱ་གི་ཝ་ཧཱུྃ། བར་ཆད་འབྱུང་པོ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ལིངྒ་རྟིང་པས་མནན་ནས་ཀྱང་། །ལྷ་ཆེན་རང་བཞིན་འདུས་པར་བྱ། །ཐལ་མོ་མཉམ་གནས་དབུས་སུ་ཡང་། །གསང་བའི་དབང་པོ་ལྟ་ནའོ། །འདོད་པའི་རྒྱལ་པོའི་ཕྱག་རྒྱ་ཡིན། །ཨཱོཾ་བཛྲ་ཀྲོ་
(༡༦༤)དྷ་ཨ་པར་ཙི་ཏ་ཧཱུྃ། བར་ཆད་འབྱུང་པོ་ཏིཥྛ་ཏིཥྛ་ཧཱུྃ་ཕཊ། ལག་གཉིས་རྡོ་རྗེ་དབུས་བསྟན་ཏེ། །རྐང་གཉིས་གཤིབས་ཏེ་དྲག་ཏུ་མཆོད། །འཇིགས་པའི་རང་བཞིན་རྣམ་བརྟགས་པ། །བདུད་རྩི་འཁྱིལ་པའི་ཕྱག་རྒྱ་ཡིན། །ཨཱོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ། བར་ཆད་འབྱུང་པོ་ཙིནྡྷ་ཚིནྡྷ་ཧཱུྃ་ཕཊ། ནམ་མཁའ་རྡོ་རྗེ་དབུས་གནས་སུ། །འབར་བ་ཉི་དཀྱིལ་སྟེང་ན་འགྱིང་། །རྡོ་རྗེ་འཇིགས་པའི་རྒྱན་གྱིས་བཞག །དཔའ་བོ་ཐེ་ཚོམ་མེད་པའི་རྒྱ། །ཨཱོཾ་བཛྲ་ཀྲོ་དྷ་ཏྲི་ལོ་ཀྱ་བི་ཛ་ཡེ་ཧཱུྃ། བར་ཆད་འབྱུང་པོ་བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ། ཐུར་དུ་རྐང་མཐིལ་མཉམ་གནས་ཤིང་། །ལག་པ་སོ་སོར་གར་ལ་བརྩོན། །སྟོབས་ཆེན་མཆོང་པའི་ང་རྒྱལ་ནི། །རྡོ་རྗེ་སྟོབས་ཀྱི་ཕྱག་རྒྱ་ཡིན། །ཨཱོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ། བར་ཆད་འབྱུང་པོ་སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ། དེ་ནས་ཁྲོ་བོའི་ཚོགས་སླར་འདུས་ནས་ཁྲོ་བོ་འཆོལ་བའི་རང་བཞིན་གྱིས་རྡོ་རྗེའི་གུར་ཁང་ཆེན་པོར་གྱུར། གཉིས་པ་འབྱུང་བ་གསུམ་འཆོལ་བའི་མཚམས་ནི། ཧཱུྃ། ཁམས་གསུམ་གདུག་པ་བསྒྲལ་བའི་ཕྱིར། །ཚམ་རྔམས་གཟུགས་ནི་གློག་ལྟར་འབར། །མེ་རླུང་ཆུ་ཡིས་བསྲེགས་གཏོར་བཀྲུས། །ཉེས་བྱེད་གསུམ་ཡང་སྲིད་པར་གྲོལ། །བཛྲ་ཛྭ་ལ་རཾ་རཾ་ཡཾ་ཁཾ། ཞེས་བརྗོད་པས་བསྐལ་པའི་མེ་དཔུང་། དུས་མཐའི་རླུང་ནག །རྒྱ་མཚོའི་རྦ་རླབས་འཁྲུགས་པའི་རབ་གསུམ་གྱིས་ཕྱོགས་རྐུན་གང་པས་མཚམས་བཅད་དེ་ཅེས་ཀྱང་མི་ཤིགས་པར་གྱུར། གསུམ་པ་ཕྱག་རྒྱ་མཚོན་ཆ་འཆོལ་བའི་མཚམས་ནི། ཧཱུྃ། རྡོ་རྗེ་རབ་ཏུ་ཀཱི་ལ་ཡ། །རབ་ཏུ་གསོལ་ཞིང་དྲིལ་ནས་ཀྱང་། ཁམས་གསུམ་འཁོར་བ་བསྒྲལ་ནས་ནི། །ཡེ་ཤེས་སྐུ་ཡིས་ཁྱབ་གདལ་ནས། །འཛིན་
(༡༦༥)ཆགས་ཐམས་ཅད་རྣམ་པར་གྲོལ། །བྱང་ཆུབ་སེམས་ལས་འོད་འཕྲོས་པས། ཁམས་གསུམ་དེ་བཞིན་རོལ་པའི་སྐུ། །མ་ལུས་ཕུར་པས་ཐེབས་ཞེས་བྱ། །གང་ཞིག་གནོད་པའི་ཚོགས་རྣམས་ལ། །རྣམ་པར་ཤེས་པའི་ཚོགས་བརྒྱད་ནང་། །རྡོ་རྗེ་ཕུར་པ་མང་ཤར་ཅིག །དེ་ཡི་ཚོགས་བརྒྱད་དག་པར་བྱ། །བདག་དང་གསུམ་དུ་ལྡན་ནས་ཀྱང་། །བྱང་ཆུབ་སེམས་ལས་རྣམ་སྤྲོས་ཏེ། །ཕུང་པོ་རྡུལ་དུ་བཤིགས་ནས་ཀྱང་། །ཤ་ཁྲག་ཁམས་གསུམ་གང་བར་དམིགས། །ཧཱུྃ་གིས་རབ་ཏུ་ནམ་མཁའ་གང་། །ཕཊ། ཀྱིས་རབ་ཏུ་གཏོར་བྱས་ཏེ། །རྡོ་རྗེ་ཡེ་ཤེས་ཚོན་གང་གིས། ཁམས་གསུམ་རབ་ཏུ་གང་ནས་ཀྱང་། །བསྡུས་པས་མཚོན་ཆ་འཆོལ་བར་བསྒོམ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ། ཕཊ། ཅེས་བརྗོད་པས་རྡོ་རྗེ་དང་ཕུར་བུ་གཙོ་བོར་གྱུར་པའི་མཚོན་ཆ་འཆོལ་བའི་གུར་ཁང་ཆེན་པོས་ཡོངས་སུ་གཏམས་པར་གྱུར། བཞི་པ་བདག་མེད་ལྟ་བའི་མཚམས་ནི། ཧཱུྃ། ཡུམ་ནི་རྣམ་པར་གྲོལ་བའི་ཐུགས། །སྲིད་པ་ཕུར་བུར་རྟོགས་པ་ཡིས། །སྲིད་པ་གསུམ་ལ་ཐེབས་ཞེས་བྱ། །འཛིན་དང་རྟོག་པ་རྣམས་སྤངས་ཏེ། །བྱང་ཆུབ་སེམས་ཀྱི་གོལ་ས་བཅད། །བགེགས་ཞེས་བྱ་བའི་མིང་ཡང་མེད། །དྷརྨ་དྷཱ་ཏུ་ཧོ། ལྔ་པ་བརྡ་སྒོ་དབྱེ་བ་ནི། རྡོ་རྗེ་བཀོད་པ་ལས་ཕྲད་བསྒྱུར་བ། །མ་བཅོས་སྤྲོས་པ་མེད་པའི་དཀྱིལ། །སྐྱེ་མེད་ཡོངས་ལ་ཁྱབ་པས་འཁོར། །འགྱུར་མེད་དོན་རྟོགས་མཉམ་པའི་ངང་། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ཡེ་ནས་དབྱེར་མེད་རྫོགས་སངས་རྒྱས། །དེ་ཉིད་མ་རིག་ལིང་ཏོག་ནི། །ཐུགས་རྗེའི་ཐུར་མས་དབྱེ་རུ་གསོལ། །བྷྲཱུྃ་པྲ་ཝེ་ཤ་ཡ་ཕཊ། ཅེས་བརྗོད་པས་མཚོན་པ་ཙམ་དུ་དཀྱིལ་འཁོར་གྱི་
(༡༦༦)སྒོ་བཞི་ལྷག་གིས་ཕྱེ་སྟེ་གཞལ་ཡས་ཁང་རྟེན་དང་བརྟེན་པར་བཅས་པ་ཐལ་ལེར་མཐོང་བར་བསམ་མོ། །དྲུག་པ་བརྡ་ཕྱག་འཚལ་བ་ནི། བཤད་རྒྱུད་ལས། ཆོས་ཉིད་ཡེ་ནས་ཕུར་པ་ལ། སངས་རྒྱས་སེམས་ཅན་གཉིས་མེད་དེ། །གང་དུ་འཛིན་པ་སྨིན་པའི་རྒྱུ། །རྒྱུ་གཅིག་འབྲས་བུ་བཟང་ངན་གཉིས། །འཁོར་འདས་ལ་ཤན་དབྱེ་བའི་ཕྱིར། །རྟོགས་པ་དོན་གྱིས་བརྡ་ཕྱག་འཚལ། །དྷརྨ་དཱ་ཏུ་ཨ་ཀཱ་རོ་ཡཱ་མིན་མ། ཞེས་རྣལ་མའི་དོན་ལ་བལྟའོ། །བདུན་པ་བཤགས་པ་བྱ་བ་ལ་རྟོགས་པ་ལྟ་བ། བསྒོམ་པ་བསྐྱེད་རྫོགས། བསྲུང་བྱ་དམ་ཚབ། གདུང་བ་སྨྲེ་སྔགས་ཀྱི་སྒོ་ནས་བཤགས་པའི་རྒྱུད་ཆེན་བཞི་ལས་འདིར་གསུམ་པ་ལྟར་བཤགས་པ་ལ། བཅས་དང་རང་བཞིན་གྱི་ཁ་ན་མ་ཐོ་བའི་ཚོགས་ཐམས་ཅད་ལ་སྟོབས་བཞིའི་མཚན་ཉིད་དྲན་པས། །ཨཱོཾ། ཡེ་ཤེས་ལྔ་ལྡན་བླ་མ་རྡོ་རྗེ་འཛིན། །རྡོ་རྗེ་རིགས་ཀྱི་ལྷ་ཚོགས་དགོངས་སུ་གསོལ། །ཁྲག་འཐུང་ཁྲོ་བོ་ཁྲོ་མོས་བྱིན་གྱིས་རློབས། །བདག་གིས་ལུས་ཀྱིས་སྲོག་གཅོད་མ་བྱིན་བླངས། །མི་ཚངས་སྤྱད་ཅིང་ཏིང་འཛིན་སྐུ་མ་གསལ། །སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཨཱ བདག་གི་ངག་གིས་རྫུན་དང་ཕྲ་མ་དང་། །ངག་འཁྱལ་ཚིག་རྩུབ་བཟླས་བརྗོད་གྲངས་མ་སྐྱོལ། །རྡོ་རྗེ་བཟླས་པའི་དོན་ནི་མ་རྟོགས་ཏེ། །གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། བཛྲ། བདག་གིས་སྣོད་ལྡན་སེམས་ཅན་ཐམས་ཅད་ལ། །བརྣབ་སེམས་གནོད་སེམས་ལོག་ལྟ་སྐྱེས་པ་དང་། །ཆོས་ཉིད་ཟབ་མོའི་དོན་ནི་མ་རྟོགས་ཏེ། །ལྟ་བ་ཐུགས་ཀྱི་དམ་ཚིག་ཉམས་པ་བཤགས། ས། སེམས་ཅན་ཐམས་
(༡༦༧)ཅད་ཡེ་ནས་སངས་རྒྱས་རྒྱུར། །མ་རྟོགས་བདག་གིས་བརྔན་དང་སྐྱོན་དུ་བགྲངས། །སངས་རྒྱས་ཡོན་ཏན་མཐའ་ཡས་མ་བརྗོད་ཅིང་། །ཡོན་ཏན་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། ཏྭ། སངས་རྒྱས་ཕྲིན་ལས་སྣ་ཚོགས་དཔག་མེད་ཀྱིས། །སྙིང་རྗེ་ཆེན་པོས་སེམས་ཅན་དོན་མ་བྱས། །བདུད་རྩི་ལྔ་ལ་ལོངས་སྤྱོད་མ་ནུས་ཤིང་། །ཕྲིན་ལས་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཧཱུྃ། སྐྱེ་བ་རྣམ་བཞེས་བསྡུས་པའི་སེམས་ཅན་རྣམས། །ཆོས་སྐུ་རྣམ་དག་དབྱིངས་ལས་གཟུགས་སྐུར་སྣང་། །བདེ་བ་ཆེན་པོས་ཀུན་ལ་ཁྱབ་དམིགས་ཏེ། །ཡང་དག་དོན་མ་རྟོགས་པ་མཐོལ་ལོ་བཤགས། །ཞེས་པས་རྒྱུད་དག་པར་བྱའོ། །ཚོགས་བསྒྲུབ་ལ་སོགས་པའི་ཚེ་སྐབས་འདིར་རྟགས་གདབ་པར་བྱ་སྟམ་ཆེད་ལྕམ་རྣམས་ཀྱི་སྣ་རྩེ་དང་། མཁུར་ཆོས་གཉིས་ཨུ་རཀྟའི་ཐིག་ལེ། སྤྱི་མགྲིན་སྙིང་ག་གསུམ་དུ་ཐལ་ཆེན་གྱི་ཚོམ་བུ། །དཔྲལ་བར་ཁ་ཊྭཱཾ་ག །སྙིང་གར་ཞག་གི་ཟོ་རིས་དང་ཟླ་བྱེད་རྒྱ་གྲམ་བྲིས། དེ་ནས་ཕན་ཚུན་གྲལ་ཕྱག་བྱས་ཏེ་འདུག་གོ །བརྒྱད་པ་བྱང་ཆུབ་སེམས་དཔའི་སྔགས་ཀྱི་ཚུལ་ཁྲིམས་རྣམ་པར་དག་པར་བྱ་བའི་ཕྱིར་དམ་བཅའ་བ་ནི། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་སྙིང་གར་བཅིངས་ཏེ་གཞན་དོན་ལ་དམིགས་པའི་ལྷག་བསམ་བརྟན་པོས། ཨཱོཾ། རྣལ་འབྱོར་དབང་པོ་ཡེ་ཤེས་མཐར་ཕྱིན་པ། །འགྲོ་ལ་ཕན་མཛད་ཐུགས་རྗེས་དབང་བསྒྱུར་ཞིང་། །སྲིད་པ་གསུམ་གྱི་གཉེན་རྒྱུད་གཅིག་པུ་པ། །ལྷ་ཡི་ལྷ་ཁྱོད་བདག་ལ་དགོངས་སུ་གསོལ། །བདེ་བར་གཤེགས་པའི་སྤྲུལ་པ་རྒྱ་མཚོ་དང་། །རྣལ་འབྱོར་དབང་ཕྱུག་གྲུབ་པའི་ཚོགས་ཆེན་པོ། །ལྷ་དང་ལྷ་མིན་སྔགས་འཆང་དམ་ཚིག་ཅན། །ཀུན་ནས་
(༡༦༨)འདུས་པ་རྣམས་ཀྱང་དགོངས་སུ་གསོལ། །བདག་ནི་རྒྱལ་སྲིད་མཐོ་རིས་ལོངས་སྤྱོད་དང་། །འདོད་པའི་ཡོན་ཏན་བདག་བསྒྲུབ་མ་ལགས་ཏེ། །འགྲོ་ལ་སྙིང་བརྩེ་ཁོ་ནས་དོན་བརྩོན་པ། །འདི་ལ་ཀུན་མཁྱེན་ཁྱོད་ནི་དཔང་དུ་གསོལ་མགོན་པོ་ཡེ་ཤེས་སྒྲིབ་པ་མི་མངའ་བས། །བདག་གི་ལྷག་པའི་བསམ་པ་ཁྱེད་ཀྱིས་མཁྱེན། །འཕགས་མཆོག་སྤྱན་སྔར་ཇི་ལྟར་དམ་བཅས་པ། །སུན་པར་མི་བགྱི་མགོན་ཁྱོད་བསླུ་མ་ལགས། སྙིང་ནས་བདག་ནི་ཁེ་དང་གྲགས་ལ་སོགས། །གཡོ་དང་ཟང་ཟིང་སེམས་ནི་གཏན་སྤངས་ནས། །གཞན་དོན་བསྒྲུབ་པ་གཅིག་པོའི་སེམས་བཞག་སྟེ། །རྣལ་འབྱོར་སྤྱོད་པ་ཆེན་པོ་བདག་གིས་སྤྱོད། །ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡི། །བྱང་ཆུབ་མཆོག་ཏུ་བདག་གིས་སེམས་བསྐྱེད་དེ། དོན་དམ་དང་ནི་ཀུན་རྫོབ་བྱང་ཆུབ་སེམས། །དེང་ནས་ཚུལ་བཞིན་ཡོངས་སུ་གཟུང་བར་བགྱི། །སྲོག་ཆགས་ཐམས་ཅད་གལ་ཏེ་བདུད་གྱུར་ནས། །དུམ་བུ་སྟོང་དུ་བདག་གི་ལུས་གཏུབས་ཀྱང་། །བྱང་ཆུབ་སེམས་མཆོག་ཤེས་རབ་སྙིང་རྗེ་དང་། །ཡི་དམ་རྒྱལ་བ་ཁྱོད་ནི་ཡོངས་མི་སྤང་། །རྡོ་རྗེའི་དམ་ཚིག་ཆེན་པོ་རྣམས་དང་ནི། །རྡོ་རྗེ་སློབ་དཔོན་རྡོ་རྗེ་མཆེད་ལྕམ་དང་། །གཞན་ཡང་ཐེག་པ་མཆོག་ལ་ཞུགས་པ་རྣམས། །སྲོག་གི་ཕྱིར་ཡང་མི་གཏོང་ཅི་ནུས་བསྲུངས། །འཁོར་བ་བདག་མེད་སྒྲུ་མའི་རང་བཞིན་ལ། །བདག་ནི་འཇིགས་པ་ཅི་ཡང་མ་མཆིས་ཏེ། །མ་རིག་སྐྱེ་བོ་རྣམས་ཀྱི་དོན་སླད་དུ། །ཕྱི་མཐར་ཐུག་གི་བར་དུ་གནས་པར་སྤྲོ། །གཞན་དོན་འཁོར་བ་རྣམས་སུ་སྤྱོད་པ་ན། །བྱང་ཆུབ་སྤྱོད་པ་རླབས་ཆེན་བདག་གིས་སྤྱད། །འགྲོ་དྲུག་སེམས་ཅན་
(༡༦༩)རྣམས་ལ་ཕན་གདགས་ཕྱིར། །རང་དབང་དུ་ནི་སྐྱེ་བ་བླང་བར་བགྱི། །བདག་ནི་ཡོངས་སུ་བཟུང་བའི་འཇིག་རྟེན་ནམ། །མྱ་ངན་འདས་ལ་སྤྲོ་བ་མ་མཆིས་ཏེ། །གང་དང་གང་དུ་སྡུག་བསྔལ་གནས་རྣམས་སུ། །བསྐལ་པ་རྒྱ་མཚོར་གནས་ཤིང་ཕན་པར་བགྱི། །སྲིད་པར་ཡུན་རིང་དུས་སུ་བརྩོན་པ་ནི། །བྱང་ཆུབ་སེམས་དཔའ་ཡི་དམ་ལགས་པས་ན། །ཇི་སྲིད་ངན་སོང་སྟོངས་པར་མ་གྱུར་པ། །དེ་སྲིད་བདག་གིས་སྐྱོ་བའི་སེམས་མི་བསྐྱེད། །ཤེས་རབ་ཐབས་ཀྱིས་འགྲོ་བའི་དོན་བགྱིད་པ། །སྙིང་རྗེའི་ལོངས་སྤྱོད་དེ་ལས་མ་མཆིས་པས། །སེམས་དམྱལ་ཡི་དྭགས་གཤིན་རྗེའི་འཇིག་རྟེན་ཡང་། །ལྷ་ཡི་དགའ་ཚལ་ལྟ་བུར་བལྟ་བར་བགྱི། །འགྲོ་ལ་ཐུགས་རྗེ་དཔལ་གྱི་མགུར་ནས་གསུངས། །རྣལ་འབྱོར་དམ་ཆོས་བདུད་རྩི་མཆོག་རྣམས་ནི། །བདག་གིས་འཇིག་རྟེན་ཐུགས་པ་མ་མཆིས་པར། །ཇི་ལྟར་འཚམས་པ་བཞིན་དུ་རྒྱས་པར་བགྱི། །སྲིད་པ་ལས་དང་རྐྱེན་གྱི་དབང་གྱུར་ཏེ། །གང་དང་གང་དུ་དམ་ཆོས་འཇིག་པ་དེར། །མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །ཕྱི་མཐར་ཐུག་གི་བར་དུ་དམ་ཆོས་བཟུང་། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །སྒྲུབ་པ་མཆོག་ལ་ཞུགས་པའི་སྐྱེ་བོ་ལ། །ཚེ་རབས་རྣམས་སུ་མཐུ་རྩལ་ཅི་མཆིས་ཀྱིས། །སྐྱེས་ཆེན་རྣམས་ཀྱི་དགོངས་པ་རྟག་ཏུ་བསྐང་། །དམ་པའི་ཆོས་དང་སྒྲུབ་པའི་གེགས་གྱུར་པ། །མི་དང་མི་མིན་གདུག་པ་གང་ཡང་རུང་། །བདག་གིས་ཞི་དང་ཁྲོ་བོའི་ཕྲིན་ལས་ཀྱིས། །ཡོངས་སུ་ཞི་ཞིང་རྣམ་པར་གཞོམ་པར་བགྱི། །རྣལ་འབྱོར་མཆོག་གི་ཐེག་ཆེན་བླ་མེད་དང་། རྡོ་
(༡༧༠)རྗེ་རྒྱལ་པོ་ཁྱོད་ལ་བརྟེན་ནས་ནི། །སངས་རྒྱས་ཞིང་སྦྱོང་འགྲོ་ལ་སྨན་སླད་དུ། །བྱང་ཆུབ་སྙིང་པོ་བདག་གིས་རྟོགས་པར་བགྱི། །བདག་ནི་འཕགས་མཆོག་ཕྱག་རྒྱ་མངོན་སྤྲུལ་ཏེ། །གལ་ཏེ་སྐབས་མེད་འཆི་བའི་དུས་བྱུང་ཚེ། །གསང་སྔགས་མགོན་པོ་ཡེ་ཤེས་དཀྱིལ་འཁོར་ཅན། །ཁྱེད་ཀྱི་ཞབས་ཀྱི་དྲུང་དུ་མཆི་བར་བགྱི། །སྲིད་གསུམ་སྡུག་བསྔལ་ཅི་འདྲ་ཁྱེད་ཀྱིས་མཁྱེན། །དམྱལ་སོགས་མེ་དཔུང་ཞི་བར་བགྱིད་ལ་སོགས། །སེམས་ཅན་དོན་ལ་མྱུར་དུ་བདག་མཆི་ན། །དམ་པ་རྣམས་ཀྱིས་ནུས་མཐུ་སྩལ་དུ་གསོལ། །དགུ་པ་བྱིན་དབབ་པ་ནི། ཨཱོཾ་བཛྲ་ས་མཱ་ཛ ཞེས་སེ་གོལ་བསྣོལ་མར་གཏོགས་པས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་གསང་སྔགས་ནང་གི་དཀོན་མཆོག་རྩ་བ་གསུམ་གྱི་རྣམ་པར་བྱོན། བྷ་ག་ཝཱ་ནས་མ་ཡ་ཧོ། ཞེས་པས་ཡབ་ཡུམ་རྣམས་ཀྱི་རྗེས་ཆགས་བསྐུལ། ས་མ་ཡ་སྟྭམ། ཞེས་པས་སྟངས་དཔྱལ་མཉམ་པར་རོལ། ཨ་ལ་ལ་ཧོ། ཞེས་པས་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་དངོས་གྲུབ་ཀྱི་ཚུལ་དུ་བྱུང་བ་རང་གི་སྤྱི་གཙུག་ཏུ་ཐིམ། སྒོ་གསུམ་གྱི་སྒྲིབ་པ་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་པར་བལྟས་ལ། སྤོས་རོལ་དང་བཅས། ཧཱུྃ། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། །ཁྱད་པར་བསྟན་པའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བྱིན་གྱིས་རློབ་པའི་དུས་ལ་བབ། །དབང་མཆོག་བསྐུར་བའི་དུས་ལ་བབ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །
(༡༧༡)དབང་ཆེན་དབང་བསྐུར་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བདག་ཆག་ལས་འབྲས་མཆིས་པར་མཛོད། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་གིས་བྱིན་བསྡུས་པས་ནས་མཁར་བཞུགས་པའི་ལྷ་ཚོགས་རྣམས་བདག་དང་གནས་དང་ཡོ་བྱད་རྣམས་ལ་ཐིམ་སྟེ་ཕྱིན་གྱིས་བརླགས་པར་བསམ་མོ། །བཅུ་པ་མཆོད་རྫས་བརླབ་པ་ལ་ཐུན་མོང་དང་ཁྱད་པར་གཉིས་ལས། དང་པོ་ནི། དངོས་འཛིན་གྱི་སྣང་བ། མ་ཧཱ་ཤུནྱ་ཏཱ་ས་སྦྱངས། སྟོང་པའི་ངང་ལས་རང་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་མཆོད་རྫས་སོ་སོའི་མིང་ཡིག་དང་པོ་སྨ་ར་ཎ་ཕཊ་ཀྱིས་སྤྲོས། སྣོད་བཅུད་ཐམས་ཅད་དང་འདྲེས། སཾ་ཧ་ར་ཎ་ཧཱུྃ་གིས་འཁོར་འདས་ཀྱི་དྭངས་བཅུད་དང་གཉིས་སུ་མེད་པར་བསྡུས། མཆོད་རྫས་རྣམས་ལ་ཐིམ་པས་ལྷ་མོ་བཅུ་དྲུག་དང་གཉིས་སུ་མེད་པར་གྱུར། སོ་སོའི་ཕྱག་རྒྱ་དང་བཅས། ཨཱོཾ་ཤྲཱི་བཛྲ་རཱ་ག་པྷཱུ་མེ་ཧཱུྃ། པུཥྤ་ཧྲཾ། ཨ་ལོ་ཀེ་ཧྲཱི གྷནྡྷེ་ཨ ལཱ་སེ་ཧཱུྃ། མཱ་ལེ་ཏྲཾ། གཱི་རྟི་ཧྲཱི ནཱི་རྟི་ཨཱ ཝི་ནི་ཧཱུྃ། ཝཾ་སེ་ཏྲཾ། མྲྀ་ཏཾ་ཀེ་ཧྲཱི མུ་ར་ཉྫེ་ཨ པཱུ་པ་ཧཱུྃ། པ་རརྴ་ཏྲཾ། རཱ་ས་ཧྲཱི དྷརྨ་དྷཱརྟུ་ཨཱ རྡོ་རྗེ་བདུག་སྤོས་མ་ལ་སོགས་པ་རེ་རེ་ལའང་གྲངས་མེད་པར་འཆར་བས་ནམ་མཁའ་གང་བར་གྱུར། གཉིས་པ་ཁྱད་པར་བཞི་རྩ་རྒྱུད་ལས། །ཕོ་ཐོད་མོ་ཐོད་མ་ནིང་ཐོད། །པ་ཡིན་རཀྟ་བདུད་རྩིར་སྦྱར། ཞེས་བླ་མ་ནིང་གི་ཐོད་པར་གནས་པའི་བདུད་རྩི། ཨ་མྲྀ་ཏ་སང་སང་། རཾ་ཡཾ་ཁཾ་གིས་བདུད་རྩིའི་དངོས་པོ་བསྲེགས་གཏོར་འཁྲུས། སྟོང་པའི་ངང་ལས་རང་གི་ཐུགས་ཀ་ནས་བྷྲཱུ་ཆད། བདུད་རྩིའི་སྣོད་ཐོད་པའི་གཞལ་ཡས་ཁང་རྡོ་རྗེའི་རྣབ་ཅན་གྱི་ནང་དུ་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་མི་ཤྲ་དང་
(༡༧༢)ཀྱང་སེམས་དཀར་པོ་ལ་ཧཱུྃ་མཱུཾ། ཤར་གྱི་རྩི་བས་ལབ་ལང་གི་ཤ་དང་དྲི་ཆེན་ལ་ཨཱོཾ་ལཱཾ། ལྷོར་ཁྱི་ཤ་དང་ཤ་ཆེན་ལ་སྲ་མཱཾ། ནུབ་ཏུ་རྟ་ཤ་དང་རཀྟ་ལ་ཨཱཾ་པཱཾ། བྱང་དུ་གླང་པོ་ཆེའི་ཤ་དང་དྲི་ཆུ་ལ་ཧ་ཏཱཾ་རྣམས་ཀྱིས་མཚན་པར་གྱུར། སྥ་ར་ཎ་ཕཊ་བརྗོད་པས་རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས། སཾ་ཧ་ར་ཎ་ཧཱུྃ་གིས་ཞིང་བཅུའི་ཤ་དང་འཁོར་འདས་ཀྱི་བདུད་རྩི་ཐམས་ཅད་བསྡུས་ནས་གདན་དང་བཅས་པའི་གསུང་ཡི་གེའི་འཁོར་ལོ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་ཐུགས་ཀྱི་དཀྱིལ་འཁོར་རིགས་སོ་སོའི་ཕྱག་མཚན་ལྔས་ཡུ་བ་བྱས་པའི་ དྲིལ་བུ ་ལྔར་གྱུར། དེ་ཉིད་ཀྱང་བསྐྱེད་པ་རྒྱན་གྱི་སྔགས་ལས་སྐུ་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་དུ་གྱུར་པ་ནི། ཧཱུྃ་མཱུཾ་ལས་དབུས་སུ་མི་བསྐྱོད་པ་ཡབ་ཡུམ་མཐིང་ག །ཨཱོཾ་ལཾ་ལས་ཤར་དུ་རྣམ་སྣང་ཡབ་ཡུམ་དཀར་པོ། སྭཱ་མཾ་ལས་ལྷོར་རིན་འབྱུང་ཡབ་ཡུམ་སེར་པོ། ཨཱཾ་བཱཾ་ལས་ནུབ་ཏུ་སྣང་མཐའ་ཡབ་ཡུམ་དམར་པོ། ཧ་ཏཱཾ་ལས་བྱང་དུ་དོན་གྲུབ་ཡབ་ཡུམ་ལྗང་གུ་རྣམས་སུ་གྱུར། ས་མ་ཡ་སྭཱཾ། ས་མ་ཡ་ཧོ། ཨ་ནུ་རཱ་གོ་ཉཧཾ། ཨ་ནུ་ར་ག་ཡ་མི། ཛཧཱུྃ་བཾ་ཧོ ཞེས་སྙོམས་འཇུག་བདེ་བའི་རོལ་མོས་བསྐུལ། བྷོ་དྷི་ཙིཏྟ་སྥ་ར་ཎ་ཕཊ་ཅེས་བྱང་ཆུབ་ཀྱི་སེམས་ཡུམ་གྱི་མཁའ་ནང་དུ་སྤྲོས་པས་སངས་རྒྱས་ཐམས་ཅད་དགྱེས་པ་བསྐྱེད། སཾ་ཧ་ར་ཎ་ཧཱུྃ་ཞེས་པས་འཁོར་འདས་ཀྱི་དངས་བཅུད་དང་ལྷན་ཅིག་ཚུར་འདུས། །རིགས་ལྔ་ཡབ་ཡུམ་རྗེས་ཆགས་ཀྱི་སྦྱོར་བས་འོད་དུ་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩི་དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་གྱུར། ཟླ་བའི་ཁ་གཅོད་ཨོཾ་དཀར་
(༡༧༣)བོས་མཚན་པའི་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་ཧྲཱི དམར་པོ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། ཡོངས་སུ་གྱུར་བ་ལས་རྟ་མགྲིན་དམར་པོ་གཡས་པདྨ་དང་གཡོན་རྒྱ་གྲམ་འཛིན་པའི་ལྟེ་བ་མན་ཆད་བདུད་རྩིའི་ནང་དུ་ནུབ་པའི་མདུན་ནས་བདེ་བ་རྒྱས་བྱེད་མ། གཡས་ནས་ཚེ་འཕེལ་མ། གཡོན་ནས་རྨོངས་བྱེད་མ། རྒྱབ་ནས་ཟ་བྱེད་མ་སྟེ་གསང་བའི་ཡུམ་བཞིས་འཁྲིལ་ཞིང་མཉམ་པར་སྦྱོར་བའི་སྦྱོར་མཚམས་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་པས་དམ་ཚིག་གི་བདུད་རྩིའི་རྒྱ་མཚོ་དང་རོ་གཅིག་ཏུ་གྱུར་པར་བསམས་ལ། གཡོན་པའི་མཐེབ་སྲིན་བདུད་རྩིལ་གཏད་དེ། ཨོཾ་ཨཱཧཱུྃ། སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཋ ཞེས་བརྒྱའམ་ཉེར་གཅིག་གིས་མཐའ་བརྟེན་པ་བཟླས་མཐར། རྡོ་རྗེས་གཡས་སྐོར་དུ་དཀྲུག་པའི་ཝུབ་ལ་ཁྲོ་བོ་བདུད་རྩི་འཁྱིལ་པའི་རྡུལ་ཕྲ་རབ་འཕྲོས་ནས་བགེགས་རྣམས་ཚར་བཅད། མཆེད་ལྕམ་རྣམས་ལ་གཏོར་བས་མཁོན་གཅུགས་བྱང་བར་འགྱུར། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧྲཱི ཞེས་བརྗོད་པས་ལྷ་རྣམས་བདུད་རྩིལ་ཐིམ་པར་བསམ་མོ། ཕོ་ཐོད་དུ་གནས་པའི་གཏོར་མ་བསང་སྦྱངས་སྟོང་པའི་ངང་ལས་བྷཱུཾ་བྷཉྫ་ཀ་པཱ་ དཔའ་བོ་ཐོད་པའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་རྫས་ཞིང་བཅུའི་དགྲ་བགེགས་ཀྱི་གཟུགས་ཕུང་ནང་ཁྲོལ་ལྷུ་དུམ་དང་བཅས་པ་ཧཱུྃ་མཐིང་གིས་མཚན་པར་གྱུར། ཞེས་པས་ཧཱུྃ་ལས་འོད་ཟེར་འཕྲོས། སྥ་ར་ཎ་ཕཊ། ཧཱུྃ་གིས་འཁོར་འདས་ཀྱི་དངས་བཅུད་བདུད་རྩི་ལ་བསྡུས་པར་བསམས་ལ་གཏོར་གཞོང་གི་རྒྱ་དང་བཅས། ཨོཾ་མ་ཧཱ་བ་ལིནྟ་ཏེ་ཛྭ་བ་ལིནྡ་བ་ལ་བཱ་དྱ་གུ་ཧྱ་ས་མ་ཡེ་སྭཱ་ཧ། ལན་བདུན་བརྗོད་པས། གཟུགས་རྡོ་རྗེ་མ་ལ་སོགས་
(༡༧༤)འདོད་ཡོན་གྱི་ལྷ་མོ་མ་ཚང་བ་མེད་པའི་རང་བཞིན་དུ་འཆར་བར་གྱུར། མོ་ཐད་དུ་གནས་པའི་རཀྟ་བསངས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་པདྨ་བྷཉྫ་ཀ་པ་ལ་བྷྲཱུཾ། དམར་གྱི་དུང་ཆེན་ཡུམ་གྱི་པདྨའི་རང་བཞིན་ཡངས་ཤིང་རྒྱ་ཆུ་བའི་ནང་དུ་ར་ལས་རཀྟའི་རྒྱ་མཚོའི་སྟེང་དུ་པདྨ་དམར་པོ་འདབ་མ་བཞི་པའི་དབུས་སུ་ཨཡིག་དམར་པོས་མཚན་པར་གྱུར། སྥ་ར་ཎ་ཕཊ་ཅེས་པས་ཨ་ལས་འོད་ཟེར་འཕྲོས། སཾ་ཧ་ར་ཎ་ཧཱུྃ་གིས་ཞིང་བཅུའི་ཤ་ཁྲག་དྲངས་ཏེ་རཀྟ་ལ་ཐིམ་པར་བསམས་ལ་པདྨ་འཁྱིལ་བའི་ཕྱག་རྒྱ་དང་བཅས། ཨོཾ་མ་ཧ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཋ ལན་བདུན་བརྗོད་ནས་ཞལ་གར་གྱིས་དཀྲུགས་ཤིང་འཕྱར་བས། ཝུ་བའི་རླབས་ལ་མི་རོ་དང་རྟ་རོའི་སྣས་དང་། ཁྲོ་བོ་རྟ་མགྲིན་གྱི་རྡུལ་ཕྲ་རབས་འཕྲོ་བས་ཕྱོགས་བཅུའི་གདོན་བགེགས་རྣམས་ཚར་བཅད། ཁམས་གསུམ་གྱི་འདོད་ཆགས་བག་ལ་ཉལ་སྟོང་པར་གྱུར་བར་བསམ་མོ། །བསྙེན་པ་སྤྲོས་མེད་ལ་སོགས་པའི་ཚེ་དེ་ཙམ་མ་ནུས་ན་དམིགས་པ་རྣམས་ཉམས་འོག་ཏུ་ཚུད་པར་བྱས་ལ་སོ་སོའི་སོ་སོར་རང་སྔགས་ཀྱིས་བརླབ་པ་ཡིན་ནོ། །སྤྱི་དོན་གཉིས་པ་དངོས་གཞི་ལ་བཞི། བསྐྱེད་གཞིའི་ཏིང་ངེ་འཛིན་གསུམ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་སུ་བསྡུ་བའི་ཁྱད་པར་བཤད་པ། བསྐྱེད་རིམ་གྱི་ངོ་བོས་དག་པའི་སྣོད་བཅུད་བསྒྲུབ་པ། རང་བཞིན་ཡེ་ཤེས་ཀྱང་དཀྱིལ་འཁོར་དང་གཉིས་མེད་དུ་བྱ་བ། དེ་ལ་ཚོགས་གཉིས་འབྲས་བུ་དང་བཅས་པ་བསྒྲུབ་པའོ། །དང་པོ་བསྐྱེད་གཞིའི་བསམ་གཏན་གསུམ་ནི་རྡོ་རྗེ་ཁྲོས་པ་རྩ་བཤད་གཉིས་དང་། འབར་བ་རྩ་དུམ་ལ་སོགས་པ་མྱང་འདས་ལྟ་བུའི་ངོས་བསྟན་ལས་གཞན་པའི་ཁྱད་ཆོས་བཤད་
(༡༧༥)ཀྱང་སྔར་བས་པ་རྣམས་ཀྱིས་འགྲེལ་ཚུལ་ཇི་བཞིན་རྔོ་མ་ཐོགས་པར་ད་དུང་ཏིང་འཛིན་གསུམ་ལ་དངོས་ཚིག་བསྣན་པས་ཟློས་པར་གྱུར་ལ། དེའི་ཕྱིར་རྒྱུད་ཀྱི་རྡོ་རྗེའི་གནས་ཆེན་པོ་འདི་ཡིན་ཏེ། སངས་རྒྱས་རྣམས་ཀྱི་ཐུགས་རྣམ་པར་མི་རྟོག་ཅིང་འགྱུར་བ་མེད་པ་རྡོ་རྗེའི་རང་བཞིན་ནི་ལམ་དུས་སུ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དུ་ངང་གིས་གནས་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་ཀྱང་བྱའོ། །དེ་ཉིད་རྟོགས་ན་དང་པོ་ན་ཡོད་པའི་ལྷག་བསམ་རྣམ་དག་གི་སེམས་དང་ཤུགས་ལ་སྐྱེ་བས་སྙིང་རྗེའི་མི་མཐུན་ཕྱོགས་ཞེ་སྡང་གི་ཀུན་དུ་རྟོག་པ་ལ་རང་བཞིན་སྤོས་པ་ལྟ་བུའི་ཞེ་སྡང་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གཅོད་པ་ནི་ཞེ་སྡང་རྡོ་རྗེའི་མཚན་ཉིད་ཡིན་ནོ། །ཚུལ་དེ་བཞིན་དུ་རིན་པོ་ཆེའི་རིགས་མཉམ་པ་ཉིད་ཀྱི་ལྟ་བ་ནི་ཉོན་མོངས་པ་ང་རྒྱལ་ལ་ཁྲོས་པ་ལྟ་བུའི་ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གཅོད་པ་ནི་ང་རྒྱལ་རྡོ་རྗེའི་མཚན་ཉིད་དེ། འདོད་ཆགས་ལ་སོགས་པ་གཞན་གསུམ་ལའང་སྦྱང་གཞི་སྦྱོང་བྱེད་དེ་ལྟར་གནས་པ་ནི་ཀུན་སྣང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ནོ། །དེ་ལྟར་སྟོང་ཉིད་སྙིང་རྗེ་ཆེན་པོ་ཟུང་དུ་འབྲེལ་བའི་མཚོན་བྱ་དོན་གྱི་ནམ་མཁའ་སྐྱེ་བ་མེད་པའི་དབྱིངས་ལས་འགག་མེད་ཐུགས་རྗེ་ཆེན་པོས་རོལ་པ་བཅུད་དུ་འདྲིལ་བའི་ཐིག་པ་ཡི་གེ་ཧཱུྃ་སྔོན་ལ་སོགས་ཡེ་ཤེས་ལྔའི་རང་འོད་ཅན་དུ་འཕྲོ་ཞིང་འབར་བའི་རྣམ་པ་འཁོར་འདས་མཐའ་དག་པའི་སྲོག་གི་གོ་རུ་ཤར་བ་ནི་རྒྱུའི་ཏིང་ངེ་འཛིན་སྒྱུ་མ་ལྟ་བུའི་རང་བཞིན་ཅན་ནོ། །དེ་ལྟར་འཁོར་འདས་ཐམས་ཅད་ཀྱི་སྲོག་གི་གོར་འཆར་བའི་རྒྱུའི་ཏིང་ངེ་འཛིན་ཡེ་ཤེས་ལྔའི་རང་འོད་ཅན་དུ་འབར་བ་གང་ཞིག་སྙིང་ག་ལ་སོགས་པ་གཟུགས་ཀྱི་ཕུང་པོར་འཇོན་པའི་གནས་ལྔའི་གོར་ཤར་བས་རྣམ་པར་ཤེས་
(༡༧༦)པ་ལ་སོགས་པའི་ཕུང་པོ་ལྔ་སངས་རྒྱས་ལྔའི་རང་བཞིན་དུ་འགྲུབ་པའི་རྒྱུ་བྱེད་ཅིང་དེའི་མི་མཐུན་ཕྱོགས་ཉོན་མོངས་པ་ལྔ་ཚར་གཅོད་པའི་རྟེན་འབྲེལ་སྒྲིག་པ་ནི་ཕུར་པ་ཡེ་ཤེས་རྩེ་མོའི་རྒྱུད་ཀྱི་དགོངས་པ་ཡིན་ནོ། དེ་དག་གི་དོན་རྒྱུད་གཞུང་གིས་སྟོན་པ་ནི། རྡོ་རྗེ་འབར་བ་ལས། ཧཱུྃ། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །ཐུགས་ནི་ཡང་དག་རྡོ་རྗེ་ཉིད། །སྟོང་པ་ཉིད་ཀྱི་ཡེ་ཤེས་ཏེ། །རྣམ་པར་མི་རྟོག་རྟོག་ལས་འདས། །དེ་བཞིན་ཉིད་དུ་བསྒོམ་པར་བྱ། །དེ་ནི་ཆོས་ཀྱི་སྐུ་ཉིད་ལས། །བཞིན་ནི་མ་ནོར་པ་ཡང་ཡིན། །ཉིད་ནི་བཅོས་སུ་མེད་པའོ། །མཚོན་ཆེན་སྔོན་པོ་འབར་བ་ཡི། །ནམ་མཁའི་དཀྱིལ་ནས་ཐིག་པ་ཤར། །སྲོག་གི་གོ་རུ་ཤར་བ་དང་། སྙིང་གི་གོ་རུ་བསྒོམ་པར་བྱ། །ཧཱུྃ། རིན་ཆེན་ཁྲོས་པས་ང་རྒྱལ་གཅོད། །འོད་ཆེན་སེར་པོ་འབར་བ་ནི། །ནམ་མཁའི་དཀྱིལ་ནས་ཐིག་པ་ཤར། །ལྟེ་བའི་གོ་རུ་བསྒོམ་པར་བྱ། ཧཱུྃ། །འཁོར་འོ་ཁྲོས་པས་གཏི་མུག་གཅོད། །འོད་ཆེན་ནག་པོ་འབར་བ་ཡི། །ནམ་མཁའི་དཀྱིལ་ནས་ཐིག་པ་ཤར། །ཀླད་པའི་གོ་རུ་བསྒོམ་པར་བྱ། །ཧཱུྃ། པདྨ་ཁྲོས་པས་འདོད་ཆགས་གཅོད། །འོད་ཆེན་དམར་པོ་འབར་བ་ནི། །ནམ་མཁའི་དཀྱིལ་ནས་ཐིག་པ་ཤར། །མགྲིན་པའི་གོ་རུང་སྒོམ་པར་བྱ། ཧཱུྃ། སྣ་ཚོགས་ཁྲོས་པས་ཕྲག་དོག་གཅོད། །འོད་ཆེན་ལྗང་གུ་འབར་བ་ཡི། །ནམ་མཁའི་དཀྱིལ་ནས་ཐིག་པ་ཤར། །རྐང་པའི་གོ་རུ་བསྒོམ་པར་བྱ། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་རྣམ་པ་ལྔའི། །རྡོ་རྗེའི་དམ་ཚིག་ཆེན་པོ་ནི། །རྣམ་གྲོལ་ཆེན་པོའི་ཏིང་འཛིན་ཏེ། །རང་
(༡༧༧)བཞིན་མེད་པར་གསད་པར་བྱ། །ཞེས་པས་རྒྱུ་མ་རིག་པ་དང་། རྐྱེན་ཉོན་མོངས་པ་ལྔའི་དུག་གིས་བསྐྱེད་པའི་ཆོས་ཅན་ཐམས་ཅད་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་གཤིས་སྟོང་པ་ཉིད་ཀྱི་བར་དུ་གསད་པ་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སོ། །དེའི་ངང་ནས་ལྷག་པའི་བསམ་པས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་རྣལ་འབྱོར་དུ་བསྐྱེད་པ་ནི། སེམས་ཅན་རྣམས་འཁོར་བའི་རྒྱ་མཚོ་ལས་བསྒྲལ་འདོད་ཀྱི་བློ་ཚད་མེད་བཞིའི་དམ་ཚིག་སྟེ། གནོད་སེམས་ཀྱི་བློ་དང་ལྷན་ཅིག་མི་གནས་པར་ངེས་པས། ཧཱུྃ། བྱམས་དང་སྙིང་རྗེ་དགའ་བ་དང་། །བཏང་སྙོམས་བཞིས་བསྒྲལ་དམ་ཚིག་ནི། །གསད་ཅིང་གནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེས་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །དེ་ལ་ཕུང་པོ་རྡོ་རྗེའི་སྒྲ་དོན་ནི་མི་ཆོད་པ་མི་ཤིགས་པ་སོགས་ཆོས་བདུན་དང་ལྡན་པ་ཡིན་པའི་སྟོང་པ་ཉིད་རྗེའི་རོས་གང་བའི་ཡེ་ཤེས་རྡོ་རྗེས་བདག་དང་སེམས་ཅན་ཐམས་ཅད་ཀྱི་མིང་བཞིའི་ཕུང་པོ་གཏམས་ནས། །རྣམ་པར་ཤེས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་རང་བཞིན་ཡི་གེ་ཧཱུྃ་མཐིང་ནག་འོད་ཟེར་ཀུན་ཏུ་འཕྲོ་བར་བསྒོམ་པ་ནི་སྐྱེད་བྱེད་འགྲུབ་པའི་རྒྱུ་ལི་ཏིང་ངེ་འཛིན་ནོ། །གཉིས་པ་ལ་གཉིས། རྟེན་གཞལ་ཡས་ཁང་བསྐྱེད་པ་དང་། བརྟེན་པའི་ལྷ་ཚོགས་བསྐྱེད་པའོ། །དང་པོ་ལ་གཞལ་ཡས་ཁང་དང་། གདོན་བསྐྱེད་པ་གཉིས་ལས། དང་པོ་ནི་རྒྱུའི་ཏིང་ངེ་འཛིན་དེ་ཉིད་ལས་གཞལ་མེད་ཁང་གི་རྟེན་གཞི་འབྱུང་བ་རིམ་བརྩེགས་ཀྱི་ས་བོན་རྣམས་ཆད། ཕྱིར་སྣོད་ཀྱི་འབྱུང་ཆེན་ལྔ་དང་། ནང་བཅུད་ཀྱི་འབྱུང་ཆུང་ལྔ་པོ་ཡུམ་ལྔའི་མཁའ་ཀློང་རྣམ་པར་དག་པའི་གོར་ཤར་བའི་སྟེང་དུ་ཡེ་ཤེས་ཀྱི་གཞལ་
(༡༧༨)མེད་ཁང་བསྐྱེད་པའི་ཚུལ། རྩ་བཤད་ལས། ཧཱུྃ་ཨེ་ཡཾ་རཾ་སུཾ་ཀེ༚་རཾ་བྷྲཱུྃ། བྷཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙ་ཀྲ་མཎྜལ་བྷཱུྃ། །སྲོག་ལས་ནམ་མཁའ་གྲུ་གསུམ་དང་། །རླུང་ཁྲག་ཤ་ཆེན་ཀེ་ད་རུས་མེ། །འཇིགས་པའི་དུར་ཁྲོད་གཞལ་ཡས་ཁང་། །སྒྲ་ཡི་རྐྱེན་གྱིས་རབ་ཏུ་རྫོགས། །ཏིང་འཛིན་དཀྱིལ་འཁོར་རྒྱུ་གཉིས་ཀྱི། །མཛེས་ཤིང་འཇིགས་པར་རབ་ཏུ་གནས། །ཕྱིན་རིན་ཆེན་ལྔ་ལས་གྲུབ། །དབུས་སུ་ནོར་བུ་བཻ་ཌཱུ་རྱ། །ཤར་ནི་ཤེལ་ཡིན་ལྷོ་ནི་གསེར། །ནུབ་ནི་པདྨ་རཱ་ག་ལ། །བྱང་ནི་ཨེནྡྲ་ནཱི་ལར་གནས། །རིན་ཆེན་ལྔ་ཡི་རྩིགས་པས་མཛེས། །འདོད་ཡོན་ལྷ་མོ་རིན་ཆེན་བརྡར། །མེ་ཏོག་ཕྲེང་བ་མུ་ཏིག་ཧར། ཏྭ་ར་ན་ཞིང་འཁོར་ལོ་གདུགས། །བ་དན་ལ་སོགས་རབ་ཏུ་མཛེས། །ཏེག་ནི་རྡོ་རྗེ་རྩེ་དགུ་པའོ། །ནང་ནི་དུར་ཁྲོད་གཞལ་ཡས་ཁང་། །ཀླུ་ཆེན་བརྒྱད་ཀྱི་ཀ་བ་ལ། །ཉི་མ་ཟླ་བ་ལྷ་ཡི་བུ། །ཀ་གདན་ཀ་ཞུ་མཛེས་པར་གནས། །ལྷ་ཆེན་བརྒྱད་ཀྱི་གདུང་ལ་ནི། །ཟླ་བའི་སྐར་ཁུང་ཡང་དག་གནས། །གཟའ་ཆེན་བརྒྱད་ཀྱི་ལྕམ་ལ་ནི། །ཉི་མའི་མཐོང་ཁུང་བཅུ་ཡིས་མཛེས། །ཉི་ཤུ་རྩ་བརྒྱད་རྒྱུ་སྐར་གྱིས། །གྲལ་མ་རྣམས་སུ་རབ་ཏུ་མཛེས། །ཐོད་པ་སྐམ་རློན་ར་རིས་ཀྱིས། །ཕྱོགས་བཞིའི་རྩིགས་པར་བཏུ་བྱས། །འབྱུང་པོ་བསྣོལ་བས་མ་ཐེམ་བྱས། །ཆུ་སྲིན་ཡ་ཐེམ་ཉིད་དུ་བྱས། །རོ་རློན་ལོགས་ཀྱི་སྐྱེས་བུ་ལ། །རིགས་བཞི་ཀླུ་ཡི་སྒོ་བཞི་མཛེས། །དབུས་ཀྱི་གྲུ་གསུམ་མཐིང་ནག་ལ། །ཟླ་གམ་དམར་པོ་གསུམ་དང་ལྡན། །འཁོར་ལོ་རྩིབས་བརྒྱད་ནག་པོར་གནས། །དུར་ཁྲོད་བརྒྱད་དུ་གནས་པ་སྟེ། །མཚོ་དང་རླུང་དང་སྤྲིན།
(༡༧༩)དང་ནི། །ཞིང་སྐྱོང་ཕྱོགས་སྐྱོང་མཆོད་རྟེན་དང་། །བྲག་དང་མ་ཡི་རྣམ་པར་གནས། །རིན་རློན་བར་རི་དང་། །ཀེང་རུས་བམ་རུལ་རྣམ་པར་འཐོར། །བྱ་གཅན་འཇིགས་པའི་མ་མོ་དང་། སྲིད་པའི་མཁའ་འགྲོ་མང་པོ་གནས། གཞས་ཡས་མཛེས་ཤིང་འཇིགས་པ་དེར། །གཉིས་པ་གདན་བསྐྱེད་པ་ནི། རཱུ་ཏྲ་ཀྲོ་དྷི་ཏི་ར་བཾ། པཾ་པདྨ་མཎྜལ། མ་སཱུ་རྱ་མཎྜལ་། ཨ་ཙནྡྲ་མཎྜལ། རཱུ་ཏྲ་ཕོ་མོ་དམ་སྲི་བཅུ། །བདུད་བཞི་བགེགས་བཞི་ཕོ་མོ་རྣམས། །སྡུབ་གན་རྐྱལ་བྱི་ཚིངས་མནན། །པདྨ་ཉི་ཟླ་ཡོན་ཏན་སྤྲས། །རབ་བསྐྱེད་འོད་ཟེར་རབ་ཏུ་འཁྲུགས། །གཉིས་པ་བརྟེན་པའི་ལྷ་བསྐྱེད་པ་ལ་གཉིས། གཞན་གྱི་སྲས་སུ་བདག་བྱ་བ་དང་། བདག་གིས་སྲས་སུ་གཞན་བྱ་བའི་ཚུལ་ལོ། །དང་པོ་ཡེ་ཤེས་རྩེ་མོ་ལས། །ཇི་ལྟར་སངས་རྒྱས་མཐུ་ལས་བྱུང་། །ལྷུན་གྱིས་གྲུབ་པའི་ཆེ་ག་དང་། །ཆོ་གའི་ཡན་ལག་རྫོགས་པ་ལ། །མཁས་པ་སངས་རྒྱས་སྲས་ཡིན་ནོ། །ཞེས་པས་རྡོ་རྗེའི་ཆོ་ག་གསུམ་གྱིས་རྒྱུའི་ཧེ་རུ་ཀ་ཞི་བ་ལས་བརྫུས་སྐྱེས་ཁྲོ་བོར་སྐད་ཅིག་གིས་གནས་འགྱུར་བའི་ཚུལ་ལས་བསྐྱེད་པ་སྟེ། ཨོཾ་ཨཱབཛྲ་སཏྭ་ཧཱུྃ། །རྡོ་རྗེ་ཧཱུྃ་ཡིག་ཡོངས་གྱུར་ལས། རྡོ་རྗེ་སེམས་དཔའ་ཡབ་ཡུམ་ནི། །མཚན་དང་དཔེ་བྱད་ཡང་དག་རྫོགས། །རྡོ་རྗེ་ དྲིལ་བུ ་བདེ་བར་འཁྱུད། །ཀུནྡ་ལྟ་བུར་དཀར་བའི་མདོག །རིགས་ལྔ་ཁྲག་འཐུང་ཡབ་ཡུམ་བཅུ། །འདུས་པའི་རྡོ་རྗེ་གཞོན་ནུའི་སྐུ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དཱིཔྟ་ཙཀྲ་ཧ་ན་ཧ་ན་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། །ཞེ་སྡང་ཁྲག་འཐུང་རྒྱལ་པོ་དང་། །
(༡༨༠)བདེ་བར་སྒྲོལ་བར་བྱེད་པའི་ཡུམ། །ཁྲོ་ཞིང་རྔམས་པའི་ཚུལ་བསྐྱེད་པས། །གདུག་པ་མ་ལུས་སྒྲོལ་བར་བྱེད། །ཨ་དང་ཧཱུྃ་ལས་རབ་ཏུ་སྦྱར། །ཡུམ་གྱིས་ཡབ་ཀྱི་ལྕེ་གཞིངས་ནས། །ཡུམ་གྱི་ཐུགས་ཀར་ཨུཏྤལ་གཏང་། །གདུང་བའི་ང་རོས་འདི་སྐད་བརྗོད། ཧཱུྃ། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །སྲིད་པ་རྡོ་རྗེར་གྲུབ་མཛོད་ཅིག །སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད། ཧཱུྃ། རིན་ཆེན་གཞོན་ནུའི་རིག་འཛིན་རྣམས། །སྲིད་པ་རིན་ཆེན་གྲུབ་མཛོད་ཅིག །སྲིད་པ་རིན་ཆེན་ཕུར་བའི་ལྷ། །ཡེ་ཤེས་ཁྲོ་བོར་གྲུབ་པར་མཛོད། ཧཱུྃ། པདྨ་གཞོན་ནུའི་རིག་འཛིན་རྣམས། །སྲིད་པ་པདྨར་གྲུབ་མཛོད་ཅིག་། །སྲིད་པ་པདྨ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོར་གྲུབ་པར་མཛོད། །ཧཱུྃ། སྣ་ཚོགས་གཞོན་ནུའི་རིག་འཛིན་རྣམས། །སྲིད་པ་རལ་གྲིར་གྲུབ་མཛོད་ཅིག །སྲིད་པ་རལ་གྲི་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོར་གྲུབ་པར་མཛོད། །གཉིས་པ་བདག་སྲས་ནི། །རྩེ་མོ་ལས། སྲས་དང་བཙུན་མོ་བཅས་པ་ནི། །འཁོར་བའི་ཆོས་ལས་སྐྱེས་པ་སྟེ། །སེམས་ཅན་གྱི་ནི་སྲས་སུ་བྱ། །ཞེས་པས། ཡབ་ཡུམ་སྦྱོར་བ་མཛད་པ་ལས། །དགྱེས་མཆོད་གསང་བ་སོ་སོར་ཐོབ། །སྥ་ར་ཎ་ཕཊ་བརྗོད་པས། འོད་ཀྱིས་སྲས་བཅས་རྒྱལ་བ་མཆོད། སེམས་ཅན་ཀུན་གྱི་སྒྲིབ་པ་སྦྱངས། །སཾ་ཧ་ར་ཎ་ཧཱུྃ་བརྗོད་པས།
(༡༨༡)ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས། །བཀུག་ནས་ཡུམ་གྱི་མཁའ་རུ་བསྟིམ། །བདེ་ཆེན་བྱང་ཆུབ་སེམས་སུ་གྱུར། །རྡོ་རྗེའི་དམ་ཚིག་ཨེ་མ་ཧོ། །གཉིས་མེད་དགྱེས་པ་ཆེན་པོའི་དང་། །ཡབ་ཡུམ་འོད་ཞུ་ཡི་གེ་ཧཱུྃ། །ཡོངས་གྱུར་འབྲས་བུའི་ཧེ་རུ་ཀ །དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི། །སྒེག་པ་དཔའ་བག་ར་དགུ་པ། །རྫུ་འཕྲུལ་ཞབས་བཞི་དོར་སྟབས་བསྒྲད། །རྣམ་པར་ཐར་པའི་དབུ་གསུམ་གྱི། །སྐྲག་མཛད་བཞད་གཤེ་ཁྲོ་བོའི་ཞལ། །གཡས་པ་ལྗང་ནག་གཡོན་དམར་ནག །སྤྱན་དམར་སྨིན་མ་སྨ་ར་སེར། །ཁྲོ་གཉེར་ཆུ་ཡི་རླབས་བཞིན་འཁྲུགས། །ཕ་རོལ་ཕྱིན་དྲུག་མཚོན་པ་ཡི། །ཕྱག་དྲུག་གཡས་ཀྱི་དང་པོ་ན། །གསེར་གྱི་རྡོ་རྗེ་རྩེ་དགུ་དང་། །གཡོན་གྱི་དང་པོ་མེ་དཔུང་བསྣམས། །གཡས་པ་རྡོ་རྗེ་རྩེ་ལྔ་དང་། །དགྲ་སྟྭ་རྡོ་རྗེ་ཐོ་བའོ། །སློབ་དཔོན་ཆེན་པོས་མོས་རྒྱལ་གྱི་ཐུགས་དམ་དུ་བཞག་པ་རྡོ་རྗེ་བཀོད་པ་རྣལ་འབྱོར་ཆེན་པོའི་རྒྱུད་གྱི་ལེའུ་དགུ་པ་སྒྲ་ཇི་བཞིན་པའོ། ཁ་ཊྭཾ་ཐོད་དབྱུག་ལྕགས་ཀྱུ་གཡོན། །གཡས་ཀྱི་ཐ་མ་ཕུར་པ་དང་། །གཡོན་ན་ཕྲ་མེན་རྦོད་གཏོང་ནི། །ཁྱུང་དང་བྱ་རྒོད་འུག་པ་དང་། །ཁྲ་དང་བྱི་རོག་ཕོ་ཉར་འགྱེད། །རྡོ་རྗེའི་གཤོག་པས་སྲིད་གསུམ་གནོན། །མཐིང་ནག་སྐུ་ལ་དུར་ཁྲོད་བརྒྱན། །རིགས་ལྔ་ཐོད་པ་ལྔ་ཡིས་བརྒྱན། །ཀླུ་ཆེན་བརྒྱད་དང་ཐོད་པས་བརྒྱན། །འཁོར་ལོ་རྒྱས་འདེབས་བདེ་བའི་ཡུམ། །ཡབ་དང་སྦྱོར། །སྤྲུལ་དང་ཐོད་པ་གཟིག་གིས་བརྒྱན། །དྲིལ་བུ་ཐོད་ཁྲག་ཕྱག་ན་བསྣམས། །ཨེ་ཀ་ཛ་ཊི་སྒྲོལ་བའི་ཡུམ། གཡོན་ན་བཞུགས། གྲི་གུག་ཐོད་ཁྲག་ཁམས་གསུམ་སྒྲོལ། རེས་འགའ་ཁ་ཊཱཾ་རྩེ་གསུམ་བསྣམས། །གཡེར་ཁ་ དྲིལ་བུ ་ཉིད་ལས་
(༡༨༢)ཀྱང་། །རྟོག་མེད་ཆོས་ཀྱི་སྒྲ་འབྱིན་མ། །མ་མོ་དྲུག་ཏུ་ཕོ་ཉར་འགྱེད། །དེ་ནས་སྙོམས་པར་ཞུགས་པས་ཐོག་མར་མཁའ་གསང་བརླབས་ཤིང་སྲས་འབྱིན་གྱི་སྦྱོར་བ་བསྒྲུབ་པ་ནི། ཧཱུྃ་ལས་ཡབ་ཀྱི་གསང་གནས་ནི། །རྡོ་རྗེ་རྩེ་ལྔར་ཟླ་དཀྱིལ་ཨཱོཾ། །བཾ་ལས་ཡུམ་མཁའ་པད་འདབ་བརྒྱད། །ཟེ་འབྲུ་ཉི་མ་འབུམ་གྱིས་མཚན། །ས་མ་ཡ་ཧོ་ཡབ་ཀྱི་བརྡ། །ས་མ་ཡ་སྟྭཾ་ཡུམ་གྱི་ལན། །རཱ་ག་ཡ་ཧོ་ཡབ་ཀྱི་བརྡ། །རཱ་ག་ཡཱ་མི་ཡུམ་ཀྱི་ལན། །ཛཧཱུྃ་བྃ་ཧོཕྱག་རྒྱ་བཞིས། །ཐལ་གོང་སྐེད་སྐབས་དབང་པོའི་སྒོ། །བོ་ལ་ཀ་ཀོ་ལ་རྣམས་སྤྲད། །ཆགས་པ་ལྕགས་ཀྱུ་ཞེས་བྱ་སྟེ། །པདྨར་ཆུད་པ་ཞགས་བ་མོ། ཁ་ཕྱེད་མ་ནི་སྒྲོག་ཡིན་ཏེ། །སྒྲ་གྲགས་མ་ནི་དྲིལ་བུའོ། །པདྨ་ཡི་གི་ནི་པྲ་ལེ་ཤ་ཡ་ཕཊ། འདོད་ཆགས་ཆེན་པོའི་ཚུལ་གྱིས་ནི། །ཡེ་ཤེས་དཀྱིལ་འཁོར་ཀུན་བསྡུས་ཏེ། །འཁོར་རྣམས་ རྡོ་རྗེ་འབར་བ་ལས། ཐུགས་ལ་ཞུགས་པ་ཡིས། །ཤེས་རབ་མ་ནི་དགའ་བར་བྱ། །དེ་བཞིན་གཤེགས་པ་ཐམས་ཅད་ལ། །གསང་བ་འདི་ལས་གཞན་མེད་དེ། །ཀུན་རྫོབ་དང་ནི་དོན་དམ་གྱི། །ཆོས་ཀུན་བྱང་ཆུབ་སེམས་སུ་གནས། །དང་པོར་བབས་པས་གཞལ་ཙམ་མཁའ་མེད་ཁང་། །གཉིས་པ་གདན་གྱུར་གསུམ་པ་ལས། །ཡབ་ཀྱི་རྟོག་ཚོགས་ཡི་གེར་རྫོགས། །བྷ་ག་ཉིད་དུ་ལྷ་རྣམས་བསམ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཕཊ་ཛ །ཨོཾ་ཨཱཧཱུྃ་ཀ་ཡ་ཝཱ་ཀྐ་ཙིཏྟ་བཛྲ་ཛྙཱ་ན་ཨཱ་བེ་ཤ་ཡ། །ཨོཾ་ཨཱཧཱུྃ་མཎྜལ་སིདྡྷི་ཧཱུྃ། ཀཱི་ལི་ཀཱི་ལ་ཡ། ཀཱོ་ཏ་ཀཱོ་ཏི་ཧ་ཧེ་ཕཊ། སཾ་ཧ་ར་ཎ་ཧཱུྃ། མ་ཧཱ་ས་ན་ས་མ་ཡ་ཧོ། །
(༡༨༣)ཧཱུྃ་ཧཱུྃ་བཛྲ་གྷ་ཎྜ་བཛྲ་ཀཱི་ལི་ཀཱི་ལ་ཡ། སརྦ་བིག་ནན་བཾ་ཧཱུྃ་ཧཱུྃ་ཕཊ། དེཔྟ་ཙ་ཀྲ་ཧ་ན་ཧ་ན་ཧཱུྃ་ཕཊ། མ་ཧཱ་བྷོ་དྷི་།ཙིཏྟ་མཎྜལ་ཧཱུྃ་ཕཊ། ཡབ་ཡུམ་འདོད་ཆགས་ང་རོ་བརྗོད། །བྱིན་གཉིས་དམ་དུ་རབ་འཁྱད་དེ། །ལག་པ་དམ་འཁྱུད་མ་མཆུ་གཞིབས། །རྡོ་རྗེའི་དམ་ཚིག་གླུ་ཡིས་བསྐུལ། །ཧཱུྃ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེའི་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པའི། །སྐུ་ཡི་དབྱིག་ཏུ་སྲས་སྐྱེད་ཅིག །ཧཱུྃ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །དང་ཉིད་འཁོར་ལོའི་ཆོས་དབྱིངས་ལས། །འཁོར་ལོའི་ཁྲོ་བོ་མི་བཟད་པའི། །སྐུ་ཡི་དབྱིག་ཏུ་སྲས་སྐྱེད་ཅིག །ཧཱུྃ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རིན་ཆེན་ཆོས་དབྱིངས་ལས། །རིན་ཆེན་ཁྲོ་བོ་མི་བཟད་པའི། སྐུ་ཡི་དབྱིག་ཏུ་སྲས་སྐྱེད་ཅིང་། ཧཱུྃ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་པདྨའི་ཆོས་དབྱིངས་ལས། །པདྨའི་ཁྲོ་བོ་མི་བཟད་པའི། །སྐུ་ཡི་དབྱིག་ཏུ་སྲས་སྐྱེད་ཅིག །ཧཱུྃ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རལ་གྲིའི་ཆོས་དབྱིངས་ལས། །རལ་གྲིའི་ཁྲོ་བོ་མི་བཟད་པའི། །སྐུ་ཡི་དབྱིག་ཏུ་སྲས་སྐྱེད་ཅིག །ཅེས་བདག་ཉིད་རྩ་བའི་དཀྱིལ་འཁོར་ལ་བསྐུལ་ནས། ཕུར་པ་རྫས་ཀྱི་དཀྱིལ་འཁོར་སྲས་ཀྱི་རང་བཞིན་དུ་བསྐྱེད་པ་ནི། དེ་བརྗོད་བདེ་བའི་རྦ་རླབས་ཀྱིས། །ཡི་གེ་འཇོམས་བྱེད་སྒྲ་ཡིས་བསྐྱེད། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུྃ་ཧཱུྃ་ཕཊ། ཨཱོཾ་བུདྡྷ་ཀཱི་ལི་ཀཱི་ལ་ཡ་སརྦ་གི་གནན་བཾ་ཧཱུྃ་ཧཱུྃ་ཕཊ། ཨཱོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུྃ་ཧཱུྃ་ཕཊ། ཨཱོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་
(༡༨༤)སརྦ་བི་གནན་བཾ་ཧཱུྃ་ཧཱུྃ་ཕཊ། ཨཱོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུྃ་ཧཱུྃ་ཕཊ། སྲས་མཆོག་རྡོ་རྗེ་ཕུར་པ་ནི། །ཡུམ་གྱི་བྷ་གར་སྐུ་གསུམ་རྫོགས། །བཛྲ་ས་མ་ཡ་ཛ དེ་བརྗོད་ཡབ་ཀྱི་ཕྱག་གིས་བླངས། །ཕྱག་ནི་རིགས་ལྔ་ཡབ་ཡུམ་བཅུ། །ས་མ་ཡ་ཧོ། ས་མ་ཡ་སྟྭཾ། བདེ་བའི་རླབས་ཀྱིས་དབང་བཞི་བསྐུར། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་ཝེ་ཤ་ཡ་ཧཱུྃ་ཕཊ། རིགས་ལྔའི་དབུ་ཡི་གཙུག་གཏོར་ཅན། །རྡོ་རྗེ་རིན་ཆེན་པདྨ་ལས། །དེ་བཞིན་རིགས་ཀྱི་སྲས་མཆོག་ལྔ། །སྟོད་ནི་གཙོ་བོ་ཡབ་འདྲ་ལ། །སྨད་ནི་ཆུ་སྲིན་ཕུར་བུའི་དཔལ། །དུས་མཐའི་མེ་ལྕེ་འུར་འུར་འབར། །སྐུ་གཅིག་ངང་ལ་སྐུ་གསུམ་རྫོགས། །རྒྱ་མདུད་ནང་ནས་སྔགས་ཀྱི་སྒྲ། །འབྲུག་སྟོང་ལྟ་བུར་ལྡིར་ཞིང་སྒྲོགས། །ཆུ་སྲིན་ཁ་ནས་མེ་ལྕེ་འོད། །གློག་ལྟར་འཁྱུག་ཅིང་སྟོང་གསུམ་གསལ། །སྡིག་སྦྲུལ་སྦལ་ལྕོང་ཆོ་འཕྲུལ་འགྱེད། །སྟོང་གསུམ་གང་ཞིང་ཀླུ་རྣམས་འདུལ། །ཐུགས་ཀ་དཔལ་བེའི་དཀྱིལ་འཁོར་ན། །བཞི་བཅུ་རྩ་བདུན་ལྷ་ཚོགས་དང་། །དབུ་ལ་རིགས་ལྔ་ཁྲག་འཐུང་རྫོགས། །དཀྱིལ་འཁོར་ཡོངས་རྫོགས་བདག་ཉིད་ཅན། །དགྲ་སྟྭ་གཡས་ལ་རང་རྟགས་གཡོན། །བར་པ་་ཁ་ཊཾཱ་གཏུན་ཤིང་དང་། །ཐ་མ་རི་རབ་ཕུར་བུ་འདྲིལ། །རྒྱུད་ལྔ་ཡེ་ཤེས་ལྔར་སྒྲོལ། །དུག་ལྔ་རྩད་ནས་གཅོད་པར་བྱེད། །སངས་རྒྱས་འདུས་པ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས། །ཨཱོཾ་བུདྡྷ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་བཛྲ་ནན། ཛྭ་ལ་ཛྭ་ལ་པྲ་ཛྭ་ལ་པྲ་ཛྭ་ལ། སྥུ་སྥུ་ཊ་སརྦ་ནག་པ་ན་ཡེ་ཧཱུྃ་ཕཊ། ཨཱོཾ་པདྨ་ཀཱི་ལི་ཀཱི་ལ་
(༡༨༥)ཡ་ཝཱ་ཀྐ་བཛྲ་ནན། སརྦ་དུཥྚཾ་ཧྲཱི ཤོ་དྷ་ཡ་ཧཱུྃ་ཕཊ། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་ཙིཏྟ་ནན། ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊ། ལུས་ཀྱི་བ་སྤུའི་བུ་ག་ཀུན། །ཁྲོ་ཆུང་ཉིད་ཀྱིས་རབ་ཏུ་གཏམས། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། །བེ་ཏཱ་ལི་མཎྜལ་རཀྵ་རཀྵ་ཧཱུྃ་ཕཊ། མ་ཧཱ་རཀྵ་ཛྭ་ལ་ནི་ཧཱུྃ་ཕཊ། ལུས་ཀྱི་བཀྲག་དང་ལྡན་པ་དང་། །བ་སྤུའི་བུ་ག་རྡོ་རྗེ་ས་གཏམས། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། མ་གུ་ཏ་ལ་པྲ་ཏ་ལ་ཧཱུྃ་ཕཊ། ཨཱོཾ་བུདྡྷ་ཐམས་ཅད་འདུས་པའི་སྐུར། །ཁྲོ་བོ་དུ་མས་བྱིན་གྱིས་བརླབས། ཁམས་གསུམ་གདུག་བ་བསྒྲལ་པའི་ཕྱིར། །གདུལ་བྱའི་གདན་ལ་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ། ཞེས་ཕུར་པ་རྫས་ཀྱི་དཀྱིལ་འཁོར་དང་གཉིས་སུ་མེད་པར་བསམ་མོ། །དེ་ནས་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་བསྐྱེད་པ་ནི། མཚན་སྔགས་ཀྱིས་ཁྲོ་བཅུ་སོ་སོ་དང་། ཧཱུྃ་གིས་ཡུམ། གརྫ་ལ་སོགས་པ་གཉིས་གཉིས་ལས་ཕྲ་ཐབས་རྣམས་བྱུང་། ཧཱུྃ་ཕཊ་ཀྱིས་བསྐུལ་བས། གཙོ་བོ་ཡབ་ཡུམ་གྱི་སྦྱོར་མཚམས་ལས་ཐོན་ཏེ་ཕྱོགས་སྐྱོང་གི་གདན་ལ་འཁོད་པར་བསམས་ལ། དེ་ནས་ཕྱོགས་སྐྱོང་ཚར་གཅད་ཕྱིར། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་སྒྲ་དྲག་པོས་སྙོམས་པར་ཞུགས། བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །ཁྲོ་བོར་གྱུར་པས་ཕྱོགས་སྐྱོང་བཅུ། །སྡེ་དང་བཅས་པ་ཚར་བཅད་དེ། །སྲོག་སྙིང་ཕྲོག་ནས་སྟན་དུ་བཏིང་། །ཨཱོཾ་ཨིནྡྲ་ཡི། ཨགྨ་ཡེ། ཡ་མ་ཡེ། ནི་རྼི་རི། ཝཱ་རུ་ཎ་། པཱ་ཡ་བེ། ཀུ་བེ་ར། ཨི་ཤ་ན། སཱུརྱ་ཙནྡྲ། པྲ་ཐི་བཱི་བྷྱ་ཏི་ར་བཾ་ཛཧཱུྃ་བཾ་ཧོ དེ་ནས་འདོད་ཆགས་ཆེན་པོ་ཡིས། །གསང་བའི་པདྨ་རྒྱས་མཛད་
(༡༨༦)ནས། །བྱང་ཆུབ་སེམས་ཀྱི་འོད་ཟེར་དང་། །གསང་བའི་འབྱིངས་སུ་བསྟིམ་པར་བྱ། །བྱང་ཆུབ་སེམས་ཀྱི་སྒོ་ང་ལས། །ཁྲོ་བོའི་དཀྱིལ་འཁོར་ཐམས་ཅད་ནི། ཐུགས་ཀ་ནས་ནི་ཕྱུང་གྱུར་ཏེ། །ཁྲོས་པའི་དཀྱིལ་འཁོར་ཉིད་དུ་བཞུགས། །ཨཱོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ། གརྫ་ཧཱུྃ་ཕཊ། གརྫ་ཧཱུྃ་ཕཊ། སྟེང་ཕྱོགས་ཉི་ཟླའི་གདན་སྟེང་དུ། །ཁྲོ་བོ་རྡོ་རྗེ་ཧཱུྃ་མཛད་ནི། །ཞལ་གཡས་སྔོ་ཞིང་གཡོན་པ་དམར། །དབུས་ཞལ་སྐུ་ནི་དཀར་པོའོ། རྡོ་རྗེ་དུང་ཁྲག་རིགས་མ་འཁྱུད། །རྡོ་རྗེ་ཐོ་བ་གཡས་པ་སྟེ། །མདའ་གཞུ་སྤུ་གྲི་གཡོན་པའོ། །ཡུམ་ཆེན་རྡོ་རྗེ་སྒྲ་འབྱིན་མ། །སྤྲུལ་པ་ཕག་དང་སྨིག་བུའི་མགོ། །ཨཱོཾ་བཛྲ་ཀྲོ་དྷའི་ཛ་ཡ་ཧཱུྃ། ཧ་ན་ཧཱུྃ་ཕཊ། ཧ་ན་ཧཱུྃ་ཕཊ། ཤར་རྩིབས་དྲི་ཟའི་གདན་སྟེང་དུ། །ཁྲོ་བོ་རྡོ་རྗེ་རྣམ་པར་རྒྱལ། །དབུས་དཀར་གཡས་སྔོ་ལྗང་སེར་གཡོན། །དང་པོ་རྡོ་རྗེ་དུང་ཆེན་ཏེ། །བར་བརྩེ་གསུམ་འཁོར་ལོ་འཕར། །ཏི་ར་བྱ་རྒོད་ཐ་མ་འཛིན། །བྲག་གི་སྟེང་ན་བརྒྱ་བྱིན་གནོན། །རྡོ་རྗེ་རྒྱན་རྣམས་རྫོགས་པར་བཏགས། །ཡུམ་ཆེན་རྡོ་རྗེ་སྙེམས་མ་དང་། །སྤྲུལ་པ་སྟག་དང་བྱ་རྒོད་མགོ། །ཨཱོཾ་བཛྲ་ཀྲོ་དྷ་ནི་ལ་དཎྜ་ཧཱུྃ། ད་ཧ་ཧཱུྃ་ཕཊ། ད་ཧ་ཧཱུྃ་ཕཊ། ཤར་ལྷོ་མེ་ལྷའི་གདན་སྟེང་དུ། །དབྱུག་པ་སྔོན་པོ་སྔོ་སྐྱ་དབུས། །གཡས་དཀར་གཡོན་ནི་དམར་སྐྱ་སྟེ། །རྡོ་རྗེ་དུང་ཆེན་དབྱུག་པ་མེ། །ཏི་རའི་དབྱུག་པ་ཁ་ཡིས་མཛེས། །འབར་བ་ཞབས་དྲུག་དྲང་སྲོང་གནོན། །ཡུམ་ཆེན་རྡོ་རྗེ་སྡེར་མོ་དང་། །སྤྲུལ་པ་གཡག་དད་བྱ་རོག་མགོ །ཨཱོཾ་བཛྲ་ཀྲོ་དྷ་ཡ་
(༡༨༧)མཱནྟ་ཀ་ཧཱུྃ། པ་ཙ་ཧཱུྃ་ཕཊ། པ་ཙ་ཧཱུྃ་ཕཊ། ལྷོ་ཕྱོགས་གཤིན་རྗེའི་གདན་སྟེང་དུ། །གཤིན་རྗེའི་རྒྱལ་པོ་སྔོན་པོ་སྟེ། །སྔོ་སྐྱ་ལྗང་ནག་གཡོན་གྱི་དབུ། །དུང་ཁྲག་ཐོད་དབྱུག་དགྲ་སྟྭ་བསྣམས། །ཏི་ར་བྱ་རོག་ཐ་མར་མཛེས། །འཇིགས་བདག་སྟེང་ན་འཇིགས་པར་བསྟན། །ཡུན་ཆེན་དུར་ཁྲོད་བདག་མོ་དང་། །སྤྲུལ་པ་ཤ་བ་འུག་པའི་མགོ། །ཨཱོཾ་བཛྲ་ཀྲོ་དྷ་ཨཱ་རྱ་ཨ་ཙ་ལ་ཧཱུྃ། བནྡྷ་ཧཱུྃ་ཕཊ། ལྷོ་ནུབ་སྲིན་པོའི་གདན་སྟེང་དུ། །མི་གཡོ་ལྗང་སྔོན་འབར་བའི་ཞལ། །སྔོན་པོ་སྨུག་ནག་གཡོན་གྱི་དབུ། །དུང་ཁྲག་རལ་གྲི་ཞགས་པས་བརྒྱན། །ཏིར་འུག་པས་རྣམ་པར་མཛེས། །བདེན་བྲལ་བརྩིར་བར་མཛད་པ་སྟེ། །རྒྱན་རྣམས་རྫོགས་པར་ཡང་དག་བཏགས། །ཡུམ་ཆེན་རྡོ་རྗེ་གཏུན་ཁུང་དང་། །སྤྲུལ་པ་གཟིག་དང་ཁྭ་ཏའི་མགོ། །ཨཱོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧྲཱིཧུ་ལུ་ཧཱུྃ་ཕཊ། ཧུ་ལུ་ཧཱུྃ་ཕཊ། ནུབ་ཕྱོགས་ཀླུ་ཡི་གདན་སྟེང་དུ། །རྟ་སྐད་དམར་པོ་གཡས་དཀར་པོ། །གཡོན་ནི་སྔོན་པོ་རྣམ་པར་མཛེས། །དུང་ཁྲག་ཞགས་པ་སྤུ་གྲི་ཅན། །ཏི་ར་མཁའ་ལྡིང་ཐ་མར་མཛེས། །དུག་གི་སྟེང་ན་ཞབས་གཉིས་བརྐྱང་། །རྡོ་རྗེ་རྟ་ཡི་རྒྱལ་པོ་བཏགས། །སུམ་ཆེན་རྡོ་རྗེ་གཏུམ་མོ་དང་། །སྤྲུལ་པ་བྱི་ལ་པུ་ཤུད་མགོ། །ཨཱོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ། ཏིཥྠ་ཧཱུྃ་ཕཊ། ཏིཥྠ་ཧཱུྃ་ཕཊ། ནུབ་བྱང་རླུང་ལྷའི་གདན་སྟེང་དུ། །གཞན་ལས་རྒྱལ་བ་དམར་སྐྱ་སྟེ། །སེར་པོ་ལྗང་གུ་གཡོན་གྱི་ཞལ། །དུང་ཁྲག་དཔའ་མདའ་རྔ་ཡབ་ཅན། །ཏི་ར་སྐྱེ་ཀ་ཡང་དག་འཛིན། །རླུང་གི་སྟེང་ན་ཞབས་བརྐྱང་སྟེ། །འབར་
(༡༨༨)བའི་རྒྱན་རྣམས་ཚང་པར་བཏགས། །ཡུམ་ཆེན་རྡོ་རྗེ་མདའ་སྙེམས་མ། །སྤྲུལ་པ་སྤྱང་ཀི་ཁ་ཡི་མགོ །ཨཱོཾ་བཛྲ་ཀྲོ་དྷ་ཨ་མྲི་ཏ་ཀུཎྜ་ལི་ཧཱུྃ། ཙྪིནྡྷ་ཧཱུྃ་ཕཊ། ཙྪིནྡྷ་ཧཱུྃ་ཕཊ། བྱང་ཕྱོགས་གནོད་སྦྱིན་གདན་སྟེང་དུ། །བདུད་རྩི་འཁྱིལ་བ་ལྗང་ནག་མདོག །སེར་པོ་དུད་ཁ་གཡོན་གྱི་ཞལ། །དུང་ཁྲག་དབྱུག་ཏོ་རྒྱ་གྲམ་སྟེ། །ཏི་རའི་དབྱུག་པ་པུ་ཤུད་ཅན། །གསུས་པ་འབྱངས་པ་རྣམ་པར་བརྫིས། །འབར་བ་ཆེན་པོ་རྣམ་པར་བཏགས། །ཡུམ་ཆེན་རྡོ་རྗེ་རླུང་འབྱིན་དང་། སྤྲུལ་པ་སེང་གེ་ཕ་ཝཾ་ཕ་མགོ། །ཨཱོཾ་བཛྲ་ཀྲཱོ་དྷ་ཏྲེ་ལོ་ཀྱ་བི་ཛ་ཡེ་ཧཱུྃ། བིནྡྷ་ཧཱུྃ་ཕཊ། བིནྡྷ་ཧཱུྃ་ཕཊ། བྱང་ཤར་དབང་ལྡན་གདན་སྟེང་དུ། ཁམས་གསུམ་ཀུན་ལས་རྒྱལ་བ་ནི། །གསེར་གྱི་མདོག་འདྲག་ཡས་དཀར་ཏེ། །གཡོན་གྱི་དབུ་ནི་ལྗང་གུའོ། །དུང་ཁྲག་ལྕགས་ཀྱུར་ལ་གྲི་གཡས། །རིན་ཆེན་པདྨ་གཡོན་ན་བསྣམས། །ཡུམ་ཆེན་རྡོ་རྗེ་གསོད་མ་དང་། །སྤྲུལ་པ་དོམ་དང་སྲེ་མོང་མགོ། །ཨཱོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ། སྥོ་ཊ་ཧཱུྃ་ཕཊ། སྥོ་ཊ་ཧཱུྃ་ཕཊ། འོག་ཕྱོགས་ས་བདག་གདན་སྟེང་དུ། །རྡོ་རྗེ་ཁྲོ་བོ་སྟོབས་པོ་ཆེ། །དབུས་ནག་གཡས་དཀར་གཡོན་པ་དམར། །རྩ་ཕྱག་རྡོ་རྗེ་དུང་ཁྲག་སྟེ། །གཡས་གཉིས་རྡོ་རྗེ་ཞགས་པ་དང་། གཡོན་ནི་གཤོལ་དང་གཏུན་ཤིང་འཛིན། །ཀུན་ཀྱང་རྡོ་རྗེའི་གཤོག་པ་གདེངས། །ཡུམ་ཆེན་རྡོ་རྗེ་བསྐྱོད་མ་དང་། །སྤྲུལ་པ་དྲེད་དང་བྱི་བའི་མགོ། །ཡུམ་རྣམས་གཡས་པ་ དྲིལ་བུ ་དང་། །གཡོན་པ་དུང་ཆེན་སྟོབ་ཅིང་ཁྱུད། །སྟག་དང་གཟིག་གི་ཤམ་ཐབས་ཅན། །མཆེ་བ་ཅན་དང་གཤོག་པ་ཅན། །ཕྲ་མེན་མགོ་བརྙན་ཉི་ཤུ་ནི། །
(༡༨༩)རྩིབས་མཆན་རྣམས་ལ་གཉིས་གཉིས་གནས། །ཞལ་གཅིག་ཕྱག་གཉིས་མདོག་ནག་གཟུགས། །སྤྲུལ་དང་ཐོད་པས་རབ་ཏུ་བརྒྱན། །ཕུར་པ་ལྕགས་ཀྱུ་ཕྱག་ན་བསྣམས། །སྐྲ་བརྫེས་སྤྱན་དམར་མཆེ་བ་གཙིགས། །དུས་མཐའི་འོད་ཟེར་འབང་བས་འཁྲུགས། །རྣམ་འགྱུར་མ་ངེས་ཅིར་ཡང་སྟོན། །དེ་ནས་བཀའ་སྡོད་བསྐྱེད་པ་ནི། །ཁྱམས་ཀྱི་ཤར་ལྷོ་ནུབ་བྱང་བཞིར། །ཕྲིན་ལས་བཞི་ཡི་བདག་ཉིད་ཅན། བྷྱོ་ཡིག་བདུན་བདུན་སྤྲོས་པ་ནི། །ཡོངས་གྱུར་དབང་མོ་ཉི་ཤུ་བརྒྱད། །གནས་འགྱུར་གཉིས་པ་གདོང་ཅན་གཟུགས། །དྲག་ཤུལ་ཆེན་པོའི་སྟབས་ཀྱིས་བཞུགས། །སྒོམ་བཞི་བསྐྱེད་པ་ནི། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བི་ད་ཡ་བི་ད་ཡ་ཧཱུྃ་ཕཊ། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡན་མ ས་མནྟ་ཧྲི༚་ཧྲི༚་ཧཱུྃ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་པྲ་སུ་རུ་པྲ་སུ་རུ་ཧཱུྃ་ཕཊ། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་མཱ་ར་ཡ་ཧཱུྃ་ཕཊ། དྲོད་གཤེར་ལས་སྐྱེས་སྒོ་མ་བཞི། །ཤར་ཕྱོགས་དྲི་ཟའི་གདན་སྟེང་དུ། །སྐྱེ་ཀའི་མགོ་ཅན་ལྕགས་ཀྱུ་མ། །ལྷོ་ཕྱོགས་གྲུལ་བུམ་གདན་སྟེང་དུ། །དུ་ཤུད་མགོ་ཅན་ཞགས་པ་མ། །ནུབ་ཕྱོགས་ཆུ་བདག་གདན་སྟེང་དུ། །སྲིན་བྱའི་མགོ་ཅན་ལྕགས་སྒྲོག་མ། །བྱང་ཕྱོགས་གནོད་སྦྱིན་གདན་སྟེང་དུ། །ཁྲ་ཡི་མགོ་ཅན་རིལ་བུ་མ། །འདི་བཞི་ཞལ་གཅིག་ཕྱག་གཉིས་མ། །དཀར་སེར་དམར་དང་ལྗང་བའི་མདོག །གཟིག་དང་ཐོད་སྤྲུལ་རྒྱན་དུ་བྱས། །བསྐུམ་ཞིང་བརྐྱང་པའི་ཞབས་ཀྱིས་མནན། །ཕྱག་གཡོན་ཕུར་པ་འདེབས་པར་མཛད། །མེ་དཔུང་དཀྱིལ་ན་ཁྲོ་ཚུལ་བཞུགས། །རྩ་བའི་ལྷ་ནི་ལྔ་བཅུ་གཉིས། དྲག་
(༡༩༠)པོའི་ཚུལ་གྱིས་ཞེ་སྡང་འཇོམས། །དེ་བཞིན་ང་རྒྱལ་ཕྲག་དོག་དང་། །འདོད་ཆགས་གཏི་མུག་གནས་རིགས་དྲུག །རྟེན་ཅིང་འབྲེལ་འབྱུང་བཅུ་གཉིས་པོ། །རྣམ་པར་གསོད་བྱེད་ཁྲོ་བོའི་ཚོགས། །ཏིང་ངེ་འཛིན་ལས་སྤྲུལ་པས་ན། །བགྲང་གིས་མི་ལང་གཞལ་དུ་མེད། རྩེ་མོའི་དགོངས་པ། །སྲིད་པའི་རྟོག་པ་འཇོམས་ལ་བརྩོན། །མུ་རན་ལ་ནི་ཕུར་སྲུང་སྟེ། །ཨེ་ཡཾ་མ་ཡ་བཞི་ཉིད་ལས། །ཤྭ་ན་མུ་ཁ་བཞི་ཕོ་གསལ། །ཛ་ཡིག་བཞི་ལས་ས་བདག་བཞི། བྷྱོ་ཡིག་བཞི་ལས་བདག་ཉིད་བཞི། །མཐུ་དང་རྫུ་འཕྲུལ་གློག་ལས་མྱུར། །བསྟན་པ་བསྲུང་ཞིང་ཉམས་པ་བདུན། །ཞེ་ལ་གནག་པའི་སྟོབས་ཀྱིས་སྒྲོལ། །མདོར་ན་འཁོར་དང་མྱང་འདས་ཀུན། དཔལ་ཆེན་དཀྱིལ་འཁོར་གཅིག་ཏུ་རྫོགས། །དེ་ལྟར་བརྟེན་པའི་དཀྱིལ་འཁོར་གཙོ་དང་འཁོར་གྱི་རྣམ་རོལ་དུ་བསྐྱེད་པ་ལ་བསྙེན་པ་ཞེས་བྱ་སྟེ། རྡོ་རྗེ་འབར་བ་ལས། གཙོ་དང་འཁོར་དང་རང་བཞིན་ནི། །རང་རང་བསྙེན་པའི་གཟུགས་འཛིན་ཏོ། །ཞེས་སོ། །བསྐྱེད་གཞི་རང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་སྐྲ་དང་བ་སྤུའི་རྣམ་གྲངས་ཡན་ཆོད་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་རང་བཞིན་དུ་གནས་པ། སྐབས་འདིར་རྡོ་རྗེ་ཕུར་བའི་སྐུའི་རྣམ་པ་གོ་མཚམས་མེད་པར་གྱུར་པས་གཏམས་པར་བསམ་པ་ནི་ཉེ་བར་བསྙེན་པ་སྟེ། ལུས་ཀྱི་རྟགས་པ་ལ་སོགས་པ་དམ་པའི་ཁྲོ་བོར་བྱིན་བརླབས་པ། ཉེ་བར་གྱུར་བ་ཞེས་བྱ་སྟེ། ཞེས་སྐྱེད་བྱེད་གྲུབ་པའི་རྒྱུ་མ་ནོར་བ་བདག་ཉིད་ལྟར་གསལ་བའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ངོ་བོར་བྱིན་གྱིས་བརླབས་པས་ཁྱད་
(༡༩༡)གཞི་ངེས་པར་བྱས་ནས། །དེ་དེ་ལྟར་དུ་བྱིན་གྱིས་རློབ་པ་དངོས་ནི་རབ་སྔགས་དང་བསྟུན་ནས་རྡོ་རྗེ་རྩེ་ལྔ་བའི་ཕྱག་རྒྱ་གནས་སོ་སོར་གཏུགས་ཤིང་། རྡོ་རྗེ་འབར་བ་ལས། །སྙིང་ག་མགྲིན་པ་སྤྱི་བོ་རུ། །ཟླ་བའི་དཀྱིལ་འཁོར་བསམ་ནས་ནི། །རྡོ་རྗེ་པདྨ་འཁོར་ལོ་དང་། །ཧཱུྃ་ཨཱཨཱོཾ་གྱིས་མཚན་པ་ལས། །ཐུགས་ཀྱི་རྡོ་རྗེ་ལ་སོགས་བསྒོམ། དེ་ཉིད་ཤེས་རབ་སྐུ་རྒྱས་མ། །ལྷ་མོ་རྣམས་ཀྱི་འོད་ཆོགས་ཀྱིས། །རྔ་མེད། དུས་གསུམ་ཕྱོགས་རྣམས་ཁྱབ་པ་ཡིས། །མ་ལུས་སངས་རྒྱས་དྲངས་མཆོད་ནས། །བཀྲ་ཤིས་དོན་བྱེད་རྣམས་ལ་ནི། །རང་གི་ཐུགས་སྲོག་རྡོ་རྗེ་ཡིས། །དེ་ལས་བྱིན་བརླབས་བསྐུལ་བར་བྱ། །རྡོ་རྗེ་ཐུགས་འཛིན་དཔལ་དང་ལྡན། །རྡོ་རྗེ་མི་ཕྱེད་གསུམ་བྱེད་པ། །བྱིན་གྱིས་བརླབས་ཀྱི་གནས་བྱས་ཏེ། །རྡོ་རྗེ་ཐུགས་ཀར་ལྡན་པར་བྱ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམ་པས། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །དེ་ལ་ཐུགས་ལས་བྱུང་བ་ཡིས། །བྱིན་གྱིས་བརླབས་ཀྱི་གནས་མཛད་དོ། །རྡོ་རྗེའི་ཕྱག་རྒྱ་སྙིང་གར་བཞག་ལ། །ཨོཾ་སརྦ་ཏ་ཐ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། རྡོ་རྗེ་གསུང་འཛིན་དཔལ་དང་ལྡན། །རྡོ་རྗེ་མི་ཕྱེད་གསུམ་བྱེད་པ། །བྱིན་གྱིས་བརླབས་ཀྱི་གནས་བྱས་ཏེ། །རྡོ་རྗེ་གསུང་དང་ལྡན་པར་བྱ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམ་པས། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །དེ་ལ་གསུང་ལས་བྱུང་བ་ཡིས། །བྱིན་གྱིས་བརླབས་ཀྱི་གནས་མཛད་དོ། །ཕྱག་རྒྱ་མགྲིན་པར་བཞག་ལ། ཨཱོཾ་སརྦ་ཏ་ཐ་ག་ཏ་མ་ཧཱ་ཝཱཀྐ་བཛྲ་སྭ་བྷཱ་ཝཱ་ཨཱཏྨ་ཀོ྅་ཧཾ། རྡོ་རྗེ་འཛིན་
(༡༩༢)དཔལ་དང་ལྡན། །རྡོ་རྗེ་མི་ཕྱེད་གསུམ་བྱད་པ། །བྱིན་གྱིས་བརླབས་ཀྱི་གནས་བྱས་ཏེ། །རྡོ་རྗེ་སྐུ་དང་ལྡན་པར་བྱ། །རྡོ་རྗེ་མི་བྱེད་གསུམ་བསྒོམ་པས། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །དེ་ལ་སྐུ་ལས་བྱུང་བ་ཡིས། །བྱིན་གྱིས་བརླབས་ཀྱི་གནས་མཛད་དོ། །ཕྱག་རྒྱ་སྤྱི་བོར་བཞག་ལ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སཱ་བྷ་ཝ་ཨཱཏྨ་ཀོ྅་ཧཾ། ༈ སྒྲུབ་པ་ཆེན་པོ་ནི་དབང་བསྐུར་བ་ཉིད་ལ་བརྗོད་དེ། །སྒྲུབ་པ་ཆེན་པོའི་མཐའ་རུ་ནི། །སངས་རྒྱས་རྣམས་ཀྱིས་དབང་བསྐུར་རོ། །ཞེས་པས་འདིར་ཕུར་བའི་སྒོས་ཆོས་དང་བཅས་པའི་དབང་དོན་ངེས་པར་བྱ་བ་ནི། ༈ །སྙིང་གར་བྷཱུཾ་ལས་རིན་པོ་ཆེའི་གཞལ་མེད་ཁང་སྒོ་གཅིག་པའི་སྔོ་སྲུང་རྟ་མགྲིན་ཡབ་ཡུམ་དུ་གནས་པའི་ནང་དུ་ཧཱུྃ་ལས་ཡེ་ཤེས་སེམས་དཔའ་ཚོན་གང་བ་གཅིག་བསམས་ལ། ཡེ་ཤེས་དཔའ་བོའི་ཐུགས་ཀ་ཡི། །འོད་ཀྱིས་མགོན་པོ་རྣམས་བསྐུལ་ནས། །དེ་དག་ཐུགས་ལས་བྱུང་བ་ཡི། །རིགས་མས་བདུད་རྩི་བུམ་ཆུ་ཡིས། །དབང་བསྐུར་བྱས་ཏེ་ཐིམ་གྱུར་ནས། །རང་སྔགས་རྡོ་རྗེ་ཅན་གྱིས་གཟུངས། །དབུ་རྒྱན་རྣམས་ལ་རིགས་ལྔ་དང་། །རིགས་ཀྱི་བདག་པོ་རྣམས་ཀྱིས་བརྒྱན། །ཡེ་ཤེས་སེམས་དཔའི་ཐུགས་ཀའི་འོད་ཀྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱད་བསྐུལ་བས། དེ་རྣམས་ཀྱི་ཐུགས་ཀ་ནས་བྱུང་བའི་རྡོ་རྗེ་བཙུན་མོའི་བྷ་ག་ལ་གདན་གསུམ་ཚང་བའི་དཀྱིལ་འཁོར་རྫོགས་པ་མདུན་གྱི་ནམ་མཁའ་ལ་བྱོན། ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཛྙ་ན་བཛྲ་སཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་
(༡༩༣)བསྐུལ་བས་ལྷ་ཚོགས་རྣམས་བདེ་སྟོང་གི་རོས་ཚིམས་རྗེས་ཆགས་ཀྱི་མེས་འོད་དུ་ཞུ་བའི་བདུད་རྩི་བུམ་པའི་ཆུས་མགོ་བོའི་གནས་ལྔ་ནན་པའི་བསྐུར། ཉོན་མོངས་པ་ལྔའི་དྲི་མ་སྦྱངས། ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་གནས་རྒྱུ་རང་ནས་བཟུང་སྟེ་ཁམས་དང་སྐྱེ་མཆེད་ཐམས་ཅད་ལྷ་ཡི་རང་བཞིན་དུ་རྣམ་པར་དག །དབང་བཞིའི་དམ་ཚིག་ལས་བྱུང་བའི་དགའ་བ་བཞིའི་ཡེ་ཤེས་ཉམས་སུ་མྱོང་། ཆུ་ལྷག་མ་སྤྱི་བོར་བརྟན་པ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་མི་བསྐྱོད་ལ་དབུས་སུ་བཞུགས་པའི་རིགས་ལྔས་དབུ་རྒྱན་པར་གྱུར་པར་བསམ་པ་ནི་དུས་གསུམ་གྱི་རྒྱལ་བ་རྣམས་ཀྱིས་དཀྱིལ་འཁོར་གསུམ་གྱི་སྲོག་ཡེ་ཤེས་སུ་དབང་བསྐུར་བ་སྟེ། ཧཱུྃ། ཐབས་ཀྱི་སྤྱོད་པའི་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་པ། །དབང་དང་བྱིན་རླབས་བདག་སྩོལ་ཅིག །རྡོ་རྗེ་ཕྱི་བསྡམ་ལས་གུང་མོ་བརྐྱང་བ་མི་བསྐྱོད་པའི་དབང་རྒྱ་སྤྱི་བོར་བཞག་ལ། ཨཱོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་ནས་མཛུབ་མོ་གཉིས་བརྐྱང་པ་རྣམ་སྣང་གི་དབ་བརྒྱ་དཔྲལ་བར་བཞག་ལ། ཨཱོཾ་མ་ཧཱ་ཨ་དརྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྲིན་ལག་བརྐྱང་བ་རིན་འབྱུང་གི་དབང་རྒྱ་རྣ་ལྟག་གཡས་སུ་བཞག་ལ། ཨཱོཾ་མ་ཧཱ་ས་མ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། མཐེ་བོང་བརྐྱང་པ་སྣང་མཐའི་དབང་རྒྱ་ལྟག་པར་བཞག་ལ། ཨཱོཾ་མ་ཧཱ་པ་དྱ་བེ་ཀྵ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། མཐེའུ་ཆུང་བརྐྱང་འདོན་འགྲུབ་ཀྱི་དབང་རྒྱ་རྣ་ལྟག་གཡོན་དུ་བཞག་ལ། ཨཱོཾ་མ་ཧཱ་ཀྲྀ་ཏ་ཨ་ནུཥྛ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅་ཧཾ། སླར་ཡང་དཀྱིལ་
(༡༩༤)འཁོར་གསུམ་ལས་འོད་དང་ཡི་གེ་སྤྲོས་ཏེ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་དུག་གཞི་ལ་ནས་རིགས་དྲུག་གི་ས་བོན་དུ་གྱུར་པས་སྦྱང་དུ་རུང་བར་བྱས། འབྱུང་བ་གསུམ་གྱིས་བསྲེགས་གཏོར་བཀྲུས་ནས་རྡོ་རྗེ་སེམས་དཔའི་རང་བཞིན་དུ་གྱུར་པ་སྙིང་གའི་རྟ་མགྲིན་ལ་འདུས་པར་བསྒོམ་པ་ནི་དཀྱིལ་འཁོར་གསུམ་གྱིས་ཁམས་གསུམ་གྱི་སྲོག་ལ་དབང་བསྐུར་བ་ཞེས་བྱའོ། །རྟ་མགྲིན་ཡབ་ཡུམ་ཀྱང་སྦྱོར་བ་མཛད་པའི་རྐྱེན་ལས་བྱང་ཆུབ་ཀྱི་སེམས་རྒྱས་པས་སྤྲིན་ཡེ་ཤེས་སེམས་དཔའ་ལ་ཐིམ་པས་བདེ་བའི་ཉམས་རྒྱས་བཀྲག་དང་གཟི་བྱིན་འབར། །ཟག་པ་མེད་པའི་བྱང་ཆུབ་ཀྱི་སེམས་ཐུགས་རྡོ་རྗེར་ཐིམ་པས་ཡིག་འབྲུ་ཏིང་འཛིན་སེམས་དཔའ་དང་བཅས་པ་འཁོར་འདས་ཀྱི་དངས་བཅུད་འདུས་པའི་བཀྲག་ཏུ་འཚེར་བར་གྱུར་པ་ནི་ཡེ་ཤེས་སེམས་དཔའི་སྲོག་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆེན་པོའི་དབང་བསྐུར་བ་ཞེས་བྱ་སྟེ། ཨཱོཾ་ཨཱཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། འགྲོ་དྲུག་ཉོན་མོངས་བཅིངས་པ་རྣམས། །ཧཱུྃ་གིས་དུག་ཆེན་རབ་སྦྱངས་ཏེ། །ཨ་ནྀྲ་སུ་ཏྲི་པྲེ་དུར་གྱུར། །རཾ་ཡཾ་ཁཾ་ལས་མེ་རླུང་ཆུས། །འགྲོ་བ་རབ་སྦྱངས་ཧཱུྃ་དུ་གྱུར། ཁམས་གསུམ་ཐམས་ཅད་རྡོ་རྗེ་སེམས། །ཏིལ་གྱི་གོང་བུ་ལྟ་བུས་གང་། ཧཱུྃ། རྟ་མགྲིན་རྒྱལ་པོ་ཡེ་ཤེས་ལ། །བསྟིམས་པས་བྱང་ཆུབ་སེམས་རྒྱས་གྱུར། །ཡབ་ཡུམ་གཉིས་མེད་སྦྱོར་བའི་སྒྲས། །ཡེ་ཤེས་ཁྲོ་བོ་སྤྱན་དྲང་ངོ་། །གསུམ་པ་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་གཉིས་མེད་དུ་བྱ་བ་ལའང་གསུམ་ལས། དང་པོ་སྙན་མནན་པ་ནི། རྡོ་རྗེ་འབར་བ་ལས། ཕྱོགས་བཅུ་དུས་བཞི་ཐམས་
(༡༩༥)ཅད་ཀྱི། །རྒྱལ་བ་སྲས་དང་བཅས་པ་ཀུན། །རྒྱ་དང་བྲལ་བའི་གཞལ་ལས་ནས། །རང་བྱུང་དཀྱིལ་འཁོར་སྤྱན་དྲང་ངོ་། །བདག་ཉིད་ཐུགས་ཀྱི་འོད་ཟེར་གྱིས། །མཚོན་ཆ་མཆོག་གིས་དྲངས་ནས་ནི། །མདུན་དུ་དཀྱིལ་འཁོར་གསལ་བར་དམིགས། །ཐ་དད་མ་ཡིན་དབྱེར་མེད་དོ། །བཅོམ་ལྡན་འདས་དཀྱིལ་འཁོར་གྱི་བདག་ཉིད་ཆེན་པོ་རྡོ་རྗེ་འགུགས་པ་ཞེས་བྱ་བ་བྱམས་པ་ཆེན་པོ་དང་། རྡོ་རྗེ་བཅིངས་པ་ཞེས་བྱ་བ་སྙིང་རྗེ་ཆེན་པོ་དང་། རྡོ་རྗེ་བསྡམས་པ་ཞེས་བྱ་བ་དགའ་བ་ཆེན་པོ་དང་། རྡོ་རྗེ་དབབ་པ་ཞེས་བྱ་བ་བཏང་སྙོམས་ཆེན་པོ་བཞིའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས། ཨཱོཾ་བཛྲ་ཨཾ་ཀུ་ཤ་ཛ ཨཱོཾ་བཛྲ་པཱ་ཤ་ཧཱུྃ། ཨཱོཾ་བཛྲ་སྥོ་ཊ་བཾ། ཨཱོཾ་བཛྲ་གྷཎྜེ་ཧོ ཞེས་སོ་སོའི་ཕྱག་རྒྱ་ཡང་བཅའ། ཡེ་ཤེས་རྩེ་མོ་ལས། ནམ་མཁའི་དཀྱིལ་འཁོར་ཕན་ཆོད་ནས། །ནམ་མཁའི་དཀྱིལ་འཁོར་ཚུན་ཆོད་དུ། །དཀྱིལ་འཁོར་ཀུན་གྱི་ཐུན་མོང་པ། །ཅུང་ཟད་དག་གི་ཁྱད་པར་གྱིས། །སངས་རྒྱས་ཡུལ་དུ་གྲགས་པ་ཡི། །གང་འཇུག་པ་ལ་ཐོབ་པ་ཆེ། །ཞེས་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་གླུས་བསྐུལ་ནས་རང་བཞིན་ཡེ་ཤེས་ཀྱི་འཁོར་ལོ་སད་པར་བྱའོ། །གཉིས་པ་སྤྱན་དྲང་པ་ནི། སྤོས་རོལ་གདུང་བའི་འབྱངས་དང་བཅས། ཧཱུྃ། རྡོ་རྗེ་གཞོན་ནུའི་དམ་ཚིག་གིས། །སྲིད་པ་ ཕུར་བུར་བསྒྲུབ་པ་དང་། །དབང་དང་དངོས་གྲུབ་སྩོལ་བའི་ཕྱིར། །མྱང་འདས་ལས། མ་བཅོས་ཐིག་ལེའི་ཆོས་ཉིད་ལས། །འགྱུར་མེད་སྐུ་གཅིག་གནས་པ་དེ། །ཡེ་ཤེས་ཁྲོ་བོ་ཆེན་པོ་ཡིན། །ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །
(༡༩༦)རྟགས་དང་མཚན་མ་སྟོན་པ་དང་། །རྡོ་རྗེ་ཕུར་པའི་དངོས་གྲུབ་སྩོལ། །ཡེ་ཤེས་རྩེ་མོ་ལས། རྡོ་རྗེ་ཧཱུྃ་གི་དམ་ཚིག་གིས། །སྲིད་པ་ཕུར་བུར་བསྒྲུབ་པ་དང་། །དབང་དང་དངོས་གྲུབ་སྩོལ་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་སྟོན་པ་དང་། །རྡོ་རྗེ་ཕུར་པའི་དངོས་གྲུབ་སྩོལ། །རྡོ་རྗེ་རྣམ་རྒྱལ་དམ་ཚིག་གིས། །སྲིད་པ་ཕུར་བུར་བསྒྲུབ་པ་དང་། །དབང་དང་དངོས་གྲུབ་སྩོལ་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་སྟོན་པ་དང་། །རྡོ་རྗེ་ཕུར་པའི་དངོས་གྲུབ་སྩོལ། །རྡོ་རྗེ་དབྱུག་རྒྱལ་དམ་ཚིག་གིས། །སྲིད་པ་ཕུར་བུར་བསྒྲུབ་པ་དང་། དབང་དང་དངོས་གྲུབ་སྩོལ་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་སྟོན་པ་དང་། །རྡོ་རྗེ་ཕུར་པའི་དངོས་གྲུབ་སྩོལ། །རྡོ་རྗེ་གཤིན་རྒྱལ་དམ་ཚིག་གིས། །སྲིད་པ་ཕུར་བུར་བསྒྲུབ་པ་དང་། །དབང་དང་དངོས་གྲུབ་སྩོལ་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་སྟོན་པ་དང་། །རྡོ་རྗེ་ཕུར་པའི་དངོས་གྲུབ་སྩོལ། །རྡོ་རྗེ་མི་གཡོའི་དམ་ཚིག་གིས། །སྲིད་པ་ཕུར་བུར་བསྒྲུབ་པ་དང་། །དབང་དང་དངོས་གྲུབ་སྩོལ་བའོ། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་སྟོན་པ་དང་། །རྡོ་རྗེ་ཕུར་པའི་དངོས་གྲུབ་སྩོལ། །རྡོ་རྗེ་ལྟ་
(༡༩༧)སྐད་དམ་ཚིག་གིས། །སྲིད་པ་ཕུར་བུར་བསྒྲུབ་པ་དང་། །དབང་དང་དངོས་གྲུབ་སྩོལ་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་སྟོན་པ་དང་། །རྡོ་རྗེ་ཕུར་པའི་དངོས་གྲུབ་སྩོལ། །རྡོ་རྗེ་གཞན་རྒྱལ་དམ་ཚིག་གིས། །སྲིད་པ་ཕུར་བུར་བསྒྲུབ་པ་དང་། །དབང་དང་དངོས་གྲུབ་སྩོལ་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་སྟོན་པ་དང་། །རྡོ་རྗེ་ཕུར་པའི་དངོས་གྲུབ་སྩོལ། །རྡོ་རྗེ་བདུད་རྩིའི་དམ་ཚིག་གིས། །སྲིད་པ་ཕུར་བུར་བསྒྲུབ་པ་དང་། །དབང་དང་དངོས་གྲུབ་སྩོལ་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་སྟོན་པ་དང་། །རྡོ་རྗེ་ཕུར་པའི་དངོས་གྲུབ་སྩོལ། ཁམས་གསུམ་རྣམ་རྒྱལ་དམ་ཚིག་གིས། །སྲིད་པ་ཕུར་བུར་བསྒྲུབ་པ་དང་། །དབང་དང་དངོས་གྲུབ་སྩོལ་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་སྟོན་པ་དང་། །རྡོ་རྗེ་ཕུར་པའི་དངོས་གྲུབ་སྩོལ། །རྡོ་རྗེ་སྟོབས་ཀྱི་དམ་ཚིག་གིས། །སྲིད་པ་ཕུར་བུར་བསྒྲུབ་པ་དང་། །དབང་དང་དངོས་གྲུབ་སྩོལ་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་སྟོན་པ་དང་། །རྡོ་རྗེ་ཕུར་པའི་དངོས་གྲུབ་སྩོལ། །ཨེ་ཧྱེ་ཧི་བྷ་ག་ཝཱ་ན། །མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོ། །ས་མ་ཡ་སྟཾ། ས་མ་ཡ་ཧོ། །ཨེ་ཨ་ར་ལི་ཧོ། ཛ་ཛ་ཛ ཞེས་པའི་སྒྲ་ཆེན་པོས་སངས་
(༡༩༨)རྒྱས་རྣམས་ཆོས་སྐུའི་དབྱིངས་ནས་སྤྱན་དྲངས་ཏེ་དམ་ཚིག་གི་དཀྱིལ་འཁོར་ལ་ཐིམ་པ་དང་ཆབས་གཅིག་རིགས་ལྔའི་ཕྱག་མཚན་གྱི་མཚན་ཉིད་དང་ལྡན་པའི་ཕུར་བུའི་མེ་ཏོག་གི་ཆར་བབས་པས་སྲིད་པའི་རང་བཞིན་རྡོ་རྗེ་གཞོན་ནུའི་ཡེ་ཤེས་སྐད་ཅིག་མའི་བདག་ཉིད་དུ་གྱུར་པས་དག་པའི་སྣོད་བཅུད་ཀྱང་གཡོ་བར་བསམ་མོ། །གསུམ་པ་རིག་པའི་མེ་ཏོག་དོར་ནས་རང་བཞིན་གྱི་དཀྱིལ་འཁོར་དང་དབྱེར་མེད་དུ་བྱ་བ་དངོས་ནི། ཨཱོཾ་བཛྲ་ས་མ་ཡ་ཨཱོཾ། ཨཱབཛྲ་ས་མ་ཡ་ཨཱ །ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ཧཱུྃ། ཡེ་ཤེས་རྒྱལ་པོའི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བའི། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཅེས་པས་དངོས་གྲུབ་བསྐུལ་ནས་དམ་ཡེ་གཉིས་མེད་དུ་དགྱེས་པ་བསྐྱེད་པ་ལ་གཏང་རག་གི་ཚུལ་དུ་མཆོད་པ་ནི། ཨེ་ལི་ཨུ་ལི་ཏ་ལི་ཏ་པ་ལི་དཎྜ་གོ་ན་རཽ་ཏྲི་ཁཱ་རཾ་ཡོ་གི་ནཱི་ཁཱ་ཧི་ཧོ། །ཞེས་དང་། ཛཧཱུྃ་བྃ་ཧོཧཱུྃ་ཧ་ཧེ་ཕཊ། །ཅེས་པས་དམ་ཡེ་གཉིས་མེད་ཆུ་ལ་ཆུ་བཞག་ལྟ་བུའི་རང་བཞིན་གསལ་ཞིང་བརྟན་པར་བྱ་བ་ནི་བཞུགས་གསོལ་གྱི་ངོ་བོ་ཡིན་ལ། གཞན་སྣང་ཙམ་དུ་འཇིག་རྟེན་པ་དང་སྒོ་བསྟུན་པའི་ཕྱིར། ཧཱུྃ། ཐུགས་མཆོག་གསལ་བའི་བྱིན་རླབས་ལས། །ཞེ་སྡང་གནས་སུ་འཇོམས་པ་དང་། །མེ་ལོང་ཡེ་ཤེས་འཐོབ་བྱའི་ཕྱིར། །དཀྱིལ་འཁོར་དབུས་སུ་བཞུགས་སུ་གསོལ། །དཀྱིལ་འཁོར་དབུས་སུ་བཞུགས་ནས་ཀྱང་། །ཉོན་མོངས་མུན་པ་བསལ་དུ་གསོལ། །ལས་ཀྱི་སྲས་མཆོག་
(༡༩༩)ལྔ་རྣམས་ཀྱང་། །དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་དུ། །ཞིང་བཅུ་བསྒྲལ་བའི་གདན་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །དགྱེས་ཤིང་བརྟན་པར་བཞུགས་ནས་ཀྱང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཕྱོགས་བཅུ་དུར་ཁྲོད་གཞལ་ཡས་སུ། །ཁྲོ་རྒྱལ་སྤྲུལ་པར་བཅས་པ་ཡང་། །ཕྱོགས་སྐྱེད་བསྣོལ་བའི་གདན་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །དགྱེས་ཤིང་བརྟན་པར་བཞུགས་ནས་ཀྱང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ས་མ་ཡ་ཏིཥྛཱ་ལྷན། །བཞི་པ་ལ་གཉིས་བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་སོ། །དང་པོ་ལ་རྣམ་གྲངས་གཉིས་ལས། དང་པོ་ཕྱག་བྱ་བ་ནི། རང་བཞིན་རྟོགས་པའི་ཆ་ནས་འདྲེས་པ་ནན་ཏན་གྱི་ཕྱག་དང་། རྗེས་ཐོབ་སྙིང་རྗེའི་ཆ་ནས་སེམས་ཅན་ཐམས་ཅད་དང་བྱ་བྱེད་ཐུན་མོང་པར་ངེས་པའི་བརྡ་ཕྱག་འཕྲུལ་དགའི་རྣམ་འཕྲུལ་ལྟར་ངེས་པས། ཧཱུྃ། ཁྲོ་ལ་ཁྲོས་པའི་རྒྱལ་པོ་ཡིས། །ཁྲོ་བོ་ཉེ་བར་ཞི་མཛད་པ། །རྡོ་རྗེ་ཁྲོ་བོ་བཅོམ་ལྡན་འདས། །རྡོ་རྗེའི་རིགས་ལ་ཕྱག་འཚལ་ལོ། །ཧཱུྃ། ཁྲོ་ལ་ཁྲོས་པའི་རྒྱལ་པོ་ཡིས། །ཁྲོ་བོ་ཉེ་བར་ཞི་མཛད་པ། །རིན་ཆེན་ཁྲོ་བོ་བཅོམ་ལྡན་འདས། །རིན་ཆེན་རིགས་ལ་ཕྱག་འཚལ་ལོ། །ཧཱུྃ། ཁྲོ་ལ་ཁྲོས་པའི་རྒྱལ་པོ་ཡིས། །ཁྲོ་བོ་ཉེ་བར་ཞི་མཛད་པ། །པདྨའི་ཁྲོ་བོ་བཅོམ་ལྡན་འདས། །པདྨའི་རིགས་ལ་ཕྱག་འཚལ་ལོ། ཧཱུྃ། ཁྲོ་ལ་ཁྲོས་པའི་རྒྱལ་པོ་ཡིས། །ཁྲོ་བོ་ཉེ་བར་ཞི་མཛད་པ། །ཕྲིན་ལས་ཁྲོ་བོ་བཅོམ་ལྡན་
(༢༠༠)འདས། །ལས་ཀྱི་རིགས་ལ་ཕྱག་འཚལ་ལོ། ཧཱུྃ། ཁྲོ་ལ་ཁྲོས་པའི་རྒྱལ་པོ་ཡིས། །ཁྲོ་བོ་ཉེ་བར་ཞི་མཛད་པ། །སངས་རྒྱས་ཁྲོ་བོ་བཅོམ་ལྡན་འདས། །དེ་བཞིན་གཤེགས་པའི་རིགས་ལ་འདུད། །ཨ་ཏི་པུ་ཧོ། །ཞེས་ཕྱག་འཚལ་བས། །ཡེ་ཤེས་པས། པྲ་ཏཱི་ཙྪ་ཧོ། །ཞེས་དངོས་གྲུབ་དང་། བཀའ་སྡོད་རྣམས་ཀྱིས་ཕྱག་ལན་བྱས་པར་བསམ་མོ། །གཉིས་པ་མཆོད་པ་ལ་བཅུ་གཉིས་ལས། དང་པོ་ཕྱག་རྒྱའི་མཆོད་པ་ལ། ཉིད་ལག་བྱིན་གྱིས་བརླབ་པ་ནི། ཡེ་ཤེས་རྩེ་མོ་ལས། གཡས་ཀྱི་སོར་མོ་ལྔ་རྣམས་ལ། །མ་ལས་ཉིད་ཀྱི་ལ་ལྔ་ཡིས་མཛེས། །ཨ་ལས་ཟླ་བ་ཉིད་ལག་གཡོན། །དབུ་མ་ལ་ནི་སྣང་མཛད་གཉིས། །མི་བསྐྱེད་དང་འོག་ཡང་དག་གོ །ཐ་ལྟག་རིན་ཆེན་འབྱུང་ལྡན་ཡིན། །མཐའ་ལ་སྣང་བ་མཐའ་ཡས་བཞག །དོན་ཡོན་གྲུབ་པ་སྦོམ་པོ་ལའོ། །ཐབས་དང་ཤེས་རབ་རང་བཞིན་ལས། །བྱང་ཆུབ་སེམས་ཀྱི་འཕྲོ་འདུ་ཡིས། །བདག་དང་གཞན་དོན་བསྒྲུབ་པར་བྱ། །ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཨཱ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ། ཞེས་བརྗོད་ཅིང་བསམ་མོ། །དེའང་བདག་ཉིད་ལྷ་ཡི་ང་རྒྱལ་ལ་གནས་པར་ཕྱག་ཆེན། །ས་བོན་ཆོས་རྒྱ། བཅའ་བ་དམ་རྒྱ། དགྲོལ་བ་ལས་རྒྱར་ངེས་པས་མདུན་དུ་བསྒྱུར་ཞིང་ཡབ་རྒྱ་གཡོན་དང་ཡུམ་རྒྱ་གཡས་སུ་དགྲོལ་བར་བྱ་བ་ལས། ཐོག་མར་སྤྱི་རྒྱ་དང་དེ་ནས་རིགས་ལྔ་སོ་སོའི་ཕྱག་རྒྱ་ནི། རྡོ་རྗེ་འབར་བ་ལས། ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། །བདེ་བའི་རོལ་མོ་རྣམས་འཕྲོས་པས། །ངག་དང་ལུས་ཀྱི་བསྐྱོད་པ་
(༢༠༡)རྣམས། །སྔགས་དང་ཕྱག་རྒྱ་ཡིན་པར་གྲགས། །རྡོ་རྗེའི་རིགས་དང་རིན་ཆེན་རིགས། །ཤེས་རབ་ཐབས་སུ་སྦྱོར་བའི་ཕྱིར། །གཉིས་སུ་མེད་པར་སྦྱོར་བ་ནི། །རྡོ་རྗེ་ཐལ་མོར་བཤད་པ་ཡིན། །ལག་གཉིས་སོར་མོ་ནང་དུ་བསྣོལ། །གུང་མཛུབ་མཐེ་བོང་མཐེའུ་ཆུང་རྣམས། །སོ་སོར་རྩེ་སྤྲད་སྲིན་ལག་བསྒྲེང་། །སྤྱི་ཡི་དམ་ཚིག་ཕྱག་རྒྱ་ཡིན། །མ་ཧཱ་མུ་དྲ་ས་མ་ཡ་ཧོ། །ལག་པའི་སོར་མོ་རྒྱབ་བསྣོལ་ཏེ། །གཡས་ཀྱི་མཐེ་བོང་བཀུག་ནས་ནི། །གཡོན་པའི་མཐེ་བོང་རྩེ་སྤྲད་པ། །རྣམ་སྣང་མཛད་ཀྱི་ཕྱག་རྒྱ་ཡིན། །མ་ཧཱ་མུ་ཏྲ་ས་མ་ཡ་ཧོ། །སོར་མོ་ནང་དུ་བསྣོལ་ནས་བཀན། །གུང་མཛུབ་ལ་སོགས་རྩེ་སྤྲད་ནས། །སྲིན་ལག་གཤིན་སྟེ་བསྒྲེངས་པ་ནི། །མི་བསྐྱོད་པ་ཡི་ཕྱག་རྒྱ་མཆོག །མ་ཧཱ་ནུ་ཏྲ་ས་མ་ཡ་ཧོ། །སོར་མོ་རྒྱབ་ཏུ་བསྣོལ་ནས་ཀྱང་། །གུང་བསྒྲེངས་རྩེ་སྤྲད་མཐེ་བོང་བཀུག །མཛུབ་མོ་ངོས་ལ་སྦྱར་བ་ནི། །རིན་ཆེན་འབྱུང་གི་ཕྱག་རྒྱ་ཡིན། །མ་ཧཱ་མུ་ཏྲ་ས་མ་ཡ་ཧོ། །ལག་གཉིས་སོར་མོ་རྒྱབ་ཏུ་བསྣོལ། །མཛུབ་མོ་གཉིས་ནི་བསྒྲེངས་ནས་ནི། །རྩེ་སྤྲད་པདྨའི་ཚུལ་དུ་བྱ། །མཐེབ་བཀུག་ཚེ་དཔག་མེད་པའི་རྒྱ། །མ་ཧཱ་མུ་ཏྲ་ས་མ་ཡ་ཧོ། །ལག་གཉིས་ཁུ་ཚུར་བཅངས་ནས་ནི། །དཀུར་བརྟན་གཡས་ཀྱི་སོར་མོ་རྣམས། །ཐལ་མོ་བྱས་ནས་གདེངས་པ་ནི། །གདོན་མི་ཟ་བའི་ཕྱག་རྒྱ་ཡིན། །མ་ཧཱ་མུ་ཏྲ་ས་མ་ཡ་ཧོ། །ཡུམ་རྣམས་རྟགས་ཀྱི་ཕྱག་རྒྱ་ནི། །ཐབས་ལ་འཁྱུད་ཅིང་ཟུར་གྱིས་བལྟ། །འཇོ་སྒེག་རང་རྟགས་ཚུལ་འཛིན་པས། །དྲིལ་བུ་དང་པོར་འཛིན་པར་བྱེད། །
(༢༠༢)ལག་གཉིས་སོར་མོ་རྒྱབ་ཏུ་བསྣོལ། །གུང་བསྒྲེངས་རྩེ་མོ་སྤྲད་ནས་ནི། །པུག་པུག་པོར་ནི་བྱས་པ་ནི། །དྲིལ་བུ་འཛིན་པའི་རྒྱ་ཡིན་ནོ། །མ་ཧཱ་མུ་ཏྲ་ས་མ་ཡ་ཧོ། །གཉིས་པ་ཀུན་བཟང་ནི། ཧཱུྃ། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས། །སྲིད་པ་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ནམ་མཁའ་མཛོད་ཀྱི་སྔགས་རྒྱ་བརྗོད། །གསུམ་པ་ཞབས་བསིལ་ནི། ཧཱུྃ། སྐུ་ལ་དག་བྱ་མི་མངའ་ཡང་། །སེམས་ཅན་རྣམས་ལ་བསོད་ནམས་ཕྱིར། །ཕྱག་ཞབས་ཉེ་རེག་མཛད་ནས་ཀྱང་། །དེ་རྗེའི་སྟན་ལ་ཏིཥྛ་ལྷན། །ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་པུ་ཛི་ཏེ་ན་མས་མནྟ་བུདྡྷཱ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། བཞི་པ་འདོད་ཡོན་ལྷ་མོ་བཅུ་དྲུག་གི་མཆོད་པ་ནི། ཧཱུྃ། སྙིང་རྗེའི་སྒེག་མོ་བལྟ་ན་སྡུག །བྱམས་པའི་ཕྲེང་ལྡན་འགྲོ་ལ་བརྩེ། དགའ་བའི་བླུ་མཁན་གཞན་ཡིད་འཕྲོག །ཀུན་ལ་བཏང་སྙོམས་གར་མ་ཡིས། །དཀྱིལ་འཁོར་དགྱེས་པ་བསྐྱེད་གྱུར་ཅིག །སོ་སོའི་ཕྱག་རྒྱ་དང་བཅས། ཨཱོཾ་བཛྲྭ་ལྭ་སྱེ་ཧཱུྃ། ཨཱོཾ་བཛྲ་མཱ་ལེ་ཏྲཾ། ཨཱོཾ་བཛྲ་གཱི་རྟི་ཧྲཱི ཨཱོཾ་བཛྲ་ནཱི་རྟི་ཨཱ ཚུལ་ཁྲིམས་སྤོས་ལྡན་ཡིད་དུ་འོང་། །བཟོད་པའི་མེ་ཏོག་བསྟན་མཛེས། །བསམ་གཏན་སྒྲོན་མེ་བཞིན་བཟང་མ། །ཤེས་རབ་དྲི་ལྡན་བྱུག་པ་མོས། །དཀྱིལ་འཁོར་དགྱེས་པ་བསྐྱེད་གྱུར་ཅིག །ཨོཾ་བཛྲ་དྷཱུ་པེ་ཧཱུྃ། ཨཱོཾ་བཛྲ་པུཥྤེ་ཏྲཾ། ཨཱོཾ་བཛྲ་ཨཱ་ལོ་ཀེ་ཧྲཱི ཨོཾ་བཛྲ་གྷནྡྷེ་ཨཱ སྦྱིན་ལག་ཡངས་པའི་པི་ཝང་བསྒྲེང་། །བརྩོན་འགྲུས་གླིང་བུས་གཞན་སྣང་
(༢༠༣)བསྒྱུར། །སྨོན་པའི་རྔ་ཟླུམ་བཞིན་རས་མཛེས། །འཇུག་པའི་རྫ་རྔ་ཀུན་དུ་རྒྱུས། །དཀྱིལ་འཁོར་དགྱེས་པ་བསྐྱེད་གྱུར་ཅིག །ཨཱོཾ་བཛྲ་ཝི་ནི་ཧཱུྃ། ཨཱོཾ་བཛྲ་ཝཾ་སེ་ཏྲཾ། ཨཱོཾ་བཛྲ་མྲྀ་ཏཾ་གེ་ཧྲཱི ཨཱོཾ་བཛྲ་མུ་རཉྫེ་ཨཱ གཏོང་ལ་གོམ་པ་གཟུགས་མའོ། །སྙན་པར་སྨྲ་བ་རེག་པ་སྤྲོད། །དོན་སྤྱོད་རོ་བརྒྱའི་དཔལ་འཛིན་ཅན། །དོན་མཐུན་ཆོས་ཀྱི་འབྱུང་གནས་མས། །དཀྱིལ་འཁོར་དགྱེས་པ་བསྐྱེད་གྱུར་ཅིག །ཨཱོཾ་བཛྲ་རཱུ་པ་ཧཱུྃ། ཨཱོཾ་བཛྲ་སྤརྴེ་ཏྲཾ། ཨཱོཾ་བཛྲ་ར་ས་ཧྲཱི ཨཱོཾ་བཛྲ་དྷརྨཱ་དྷཱ་ཏུ་ཨཱ ཞེས་ཕུལ་ནས་མཐར་ལྷ་མོ་རྣམས་དཀྱིལ་འཁོར་བ་རྣམས་ཀྱི་ཟག་པ་མེད་པའི་དབང་པོའི་གནས་སོ་སོར་ཐིམ་པར་བསམ་མོ། །ལྔ་པ་སྨན་མཆོད་ནི། མཐེབ་སྲིན་གུ་ཧྱ་ལག་གི་རྒྱས། གཏོར་བས་ཟེགས་མ་ལས་བདུད་རྩིའི་ཆར་བབས་པས་དཀྱིལ་འཁོར་པ་ཐམས་ཅད་དགྱེས་པ་བསྐྱེད་པར་བལྟས་ལ། ཧཱུྃ། སངས་རྒྱས་ཀུན་དང་མཉམ་སྦྱོར་ཞིང་། །རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་ཡན་ལག་སྟོང་སྦྱར་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །སྒྲོན་མ་ལྔ་དང་བདུད་རྩི་ལྔ། །རྒྱུད་ལྔ་དུག་ལྔ་འཇོམས་པའི་བདུད། །ཡེ་ཤེས་ལྔ་པོ་གྲུབ་པའི་རྩི། །འཆི་བ་མེད་པའི་དམ་རྫས་ཆེ། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ཨཱོཾ་སརྦ་ཏ་ཐ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ར་ཁཱ་ཧི། བརྒྱུད་མཆོད་ནི། བྱང་ཆུབ་རྡོ་རྗེ་རིགས་ལྔ་ལྕམ་དྲལ་དང་། །བདེ་བའི་འཁོར་ལོ་རིག་འཛིན་རྡོ་རྗེ་ཆོས། པྲ་བྷ་ཧ་སྟི་སངས་རྒྱས་པདྨ་སྐྱེས། །བསྟན་པའི་ཆུ་འགོ་དགོངས་བརྡ་སྙན་བརྒྱུད་ལ། །
(༢༠༤)སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་རཾ་ཁཱ་ཧི། བཱི་མ་ལ་དང་བལ་པོ་མཉྫུ་ཤྲཱི། །རྡོ་རྗེ་སེམས་མ་འགར་སྟོན་ཤེས་རབ་འབྱུང་། །ཆོས་ཀྱི་རྒྱལ་པོ་ཚངས་པའི་མེ་ཏོག་སོགས། །རྒྱལ་ལུགས་བརྒྱུད་པའི་བླ་མ་ཐམས་ཅད་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ར་ཁཱ་ཧི། །ཇོ་མོ་མཁར་ཆེན་བཟའ་དང་ཅོག་རོ་བཟའ། །དཔལ་གྱི་དབང་ཕྱུག་དམ་འདྲེ་ཨ་ཙར་ས། །སྨད་ལས་རྩལ་ཐོན་ལག་ལྷག་བྱང་ཆུབ་སོགས། །ཇོ་ལྕམ་བརྒྱུད་པའི་བླ་མ་ཐམས་ཅད་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ཨཱོཾ་སརྦ་ཏ་ཐ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་རཾ་ཁཱ་ཧི། རྡོ་རྗེ་བདུད་འཇོམས་ཨ་ཙར་དཔལ་མེ་ཏོག །རྡོ་རྗེ་གཞོན་ནུ་ཞང་ཞུང་ཡོན་ཏན་གྲགས། །ཡོན་ཏན་རིན་ཆེན་ཀུན་མཁྱེན་རོང་ཟོམ་སོགས། །སྣ་ནམ་བརྒྱུད་པའི་བླ་མ་ཐམས་ཅད་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་རཾ་ཁཱ་ཧི། ནང་དུ་རང་རྒྱུད་ཉོན་མོངས་དུག་ལྔར་ཐེབས། །མཚན་མ་རྫས་ཀྱི་ཕུར་པས་མུ་སྟེགས་བཏུལ། །
(༢༠༥)རྣལ་འབྱོར་དབང་ཕྱུག་འདར་ཕྱར་ལ་སོགས་པ། །དཔལ་ཆེན་ཕུར་པའི་གྲུབ་ཐོབ་ཐམས་ཅད་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ར་ཁཱ་ཧི། དོན་དམ་བྱང་ཆུབ་སེམས་ཀྱི་ཕུར་པ་ནི། །རྟོག་པ་ཆོས་སྐུའི་ངང་ནས་དགོངས་བརྒྱུད་དང་། །རིག་འཛིན་མཁའ་འགྲོའི་བརྡ་ལས་སྙན་བརྒྱུད་རྫོགས། །པདྨས་ལུང་བསྟན་འཇིགས་མེད་གླིང་པ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་རཾ་ཁཱ་ཧི། བདག་ཉིད་རྩ་བའི་དཀྱིལ་འཁོར་ཡབ་ཡུམ་དང་། །སྲས་མཆོག་རིགས་ལྔ་ཕུར་པ་རྫས་ཀྱི་ལྷ། །ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་ཕྲ་ཐབས་དང་། །དཀྱིལ་འཁོར་མཱ་རན་སྐྱོད་པའི་ཕུར་སྲུང་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་རཾ་ཁཱ་ཧི། མཐར་དངོས་གྲུབ་བླང་བ་ནི། །རྒྱལ་བའི་ཡེ་ཤེས་གསང་བ་གསུམ། །བདུད་རྩིའི་སྟེང་དུ་ཨོཾ་ཨཱཧཱུྃ། །རྡོ་རྗེ་ལྕེ་ཡི་དམ་ཚིག་གིས། །མྱངས་པས་དངོས་གྲུབ་ཐོབ་པར་གྱུར། །རང་གི་ཡ་རྐན་ལ་ཨོཾ་དཀར་པོ། །མ་རྐན་ལ་ཨཱདམར་པོ། །ལྕེ་ལ་ཧཱུྃ་གིས་མཚན་པ་དང་སོ་སོར་འདྲེས། །སྤྱི་མགྲིན་སྙིང་གསུམ་དུ་སོང་བས་གནས་སོ་སོར་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་དུ་གྱུར་པར་བསམ་མོ། དྲུག་པ་གཏོར་མའི་མཆོད་པ་ནི། འདོད་ཆགས་ཁྲག །ཞེ་ལྡང་རུས། གཏི་མུག་ཤའི་འདོད་ཡོན་དུ་བལྟས་ནས། མྱང་འདས་ལས། ཧཱུྃ། ཧེ་རུ་ཀ་ཡི་གནས་བཅུ་དང། །དུར་ཁྲོད་ཆེན་པོའི་གནས་བརྒྱད་
(༢༠༦)ནས། །དཔལ་ཆེན་འཁོར་བཅས་སྤྱན་དྲངས་ཏེ། །དུར་ཁྲོད་མཆོག་གི་གནས་འདི་རུ། །ཞིང་ཆེན་གསར་རྙིང་ཏི་རར་བཅས། །དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ། །མཁའ་འགྲོ་འབར་བའི་ཚོགས་ལ་འབུལ། མ་ལུས་གཤེགས་ནས་བསྣམ་དུ་གསོལ། ཞེས་དང་རྩ་བཤད་ལས། ཧཱུྃ། མཐུ་རྩལ་དབྱུང་བའི་དུས་ལ་བབ། །དམ་ཚིག་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །དུག་གསུམ་མཆོད་པར་རབ་ཕུལ་བས། །སངས་རྒྱས་སྐུ་གསུམ་ཐོབ་པར་འགྱུར། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཛཧཱུྃ་བཾ་ཧོ སརྦ་བིག་ནན་བཾ་ཧཱུྃ་ཕཊ། མ་ཧཱ་བ་ལིན་ཏ་ཁཱ་ཧི་ཁཱ་རཾ་ཁཱ་ཧི་ཁཱ་རཾ་ཁཱ་ཧི་བདུན་པ་རཀྟའི་མཆོད་པ་ཚར་གསུམ་ནི། ཕུད་དང་རཀྟ་བསྲེས། དང་པོ་ཕོ་ཉ་ལ་བཀའ་བསྒོ་བའི་ཕྱིར་ཕུལ་ནས། ཧཱུྃ། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས། །གཏོགས་ཤིག་གྲོགས་དང་བྲལ་བར་བགྱི། །རེངས་པར་ལུག་ལ་སྨྲར་ཆུག་ཅིག །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྐོ་བའི་བཀའ་འདི་ཉན་པར་བྱའོ། །མ་ཧཱ་རཀྟ་ཁཱ་ཧི། གཉིས་པ་དམ་ཅན་གནད་ལ་དབབ་པའི་ཕྱིར་དབུལ་བ་ནི། ཧཱུྃ། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཇི་བཞིན་བཅས་པ་ཡིས། །མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད། །མ་ཧཱ་རཀྟ་ཁཱ་ཧི། གསུམ་པ་མཐུ་དང་རྫུ་འཕྲུལ་འཕྲོག་པའི་ཆེད་དུ་དབུལ་བ་ནི། ཧཱུྃ། དངོས་གྲུབ་
(༢༠༧)བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་འོན་ཏེ་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་ཤོག །མ་ཧཱ་རཀྟ་ཁཱ་ཧི། བརྒྱད་པ་ལས་ཀྱི་མཐའ་སྦྱོར་སྒྲོལ། གྱི་མཆོད་པས་བསྡུ་བ་ནི། ལག་པའི་སོར་མོ་གཡས་གཡོན་ཁྲག་འཐུང་ཡབ་ཡུམ་ལྡར་བསམ་སྟེ་སྦྱར། ཡབ་མཁའ་ཧཱུྃ་ལས་རྡོ་རྗེ་མེད་པ་དང་། ཡུམ་མཁའ་ཨེ་ལས་གནམ་ལྕགས་ཀྱི་བྲུབ་ཁུང་དུ་བསམ་པའི་ནང་དུ་དགྲ་བགེགས་བཀུག་ནས་བརྡུང་བས་སྦྱོར་སྒྲོལ་ཟུང་འཇུག་གི་མཆོད་པས་མཉེས་པར་བསམས་ལ། ཧཱུྃ་ལག་པ་ཁྲག་འཐུང་ཡབ་ཡུམ་བཅུས། །དུས་གསུམ་རྩད་ནས་གཅད་པའི་ཕྱིར། ཁམས་གསུམ་ཡོངས་སྒྲོལ་སྦྱོར་བ་བྱས། ཧཱུྃ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །རྡོ་རྗེ་མེ་དཔལ་སྙིང་བསྲེག་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློགས། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུང་བྱས་ནས། །ལྷ་ཡང་རུང་སྟེ་བསྒྲལ་བར་གྱིས། ཁ་ཐཾ། ཁ་ཐཾ། ཁ་ཐཾ། ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། ཧ་ཧ་ཧ། དགུ་པ་བདུད་རྩི་གསང་ནན་གྱི་མཆོད་པ་ནི། བྷ་ཉྫར་བདུད་རྩིའི་རྒྱུན་ལན་གསུམ་དུ་ཕྱར་ནས་བཟེད་ཞལ་དུ་སྤྲེངས་ཤིང་དང་པོས་ལྷ་ཚོགས་རྣམས་དགྱེས་པ་བསྐྱེད། གཉིས་པས་ཉན་ཐོས་རྣམས་འགོག་པ་ལས་བསླངས། གསུམ་པས་རང་རྒྱལ་རྣམས་གཞན་དོན་ལ་བསྐུལ་བར་བསམས་ལ། ཨོཾ་ཨཱཧཱུྃ། མི་བསྐྱོད་ཡེ་ཤེས་བདེ་བའི་མཆོག་
(༢༠༨)དང་ལྡན་པའི་རོལ་བསྣམ་དུ་གསོལ། །ཨ་ལ་ལ་ཧོ། །བྱང་ཆུབ་སེམས་དཔའི་བདེ་མཆོག་དེ་ཉིད་འགོག་པ་རྣམས་ལས་བསླད་པའི་ཕྱིར། ཆགས་པ་མེད་པའི་བདེ་མཆོག་ཀུན་ཏུ་མྱང་མཛོད་བཞེས་ཤིང་བསྣམ་དུ་གསོལ། ཨོཾ་ཨཱཧཱུྃ། མཆོག་ཏུ་གསང་བའི་བདེ་ལ་རོལ་ཞིང་དམ་བཅས་འཇིག་རྟེན་སྒྲོལ། །བྱང་ཆུབ་སྐྱེ་གནས་བདེ་མཆོག་དབྱིངས་ལས་མི་ཉམས་དགའ་བའི་གར་མཛོད་ཅིག །ཨ་ལ་ལ་ཧོ། །ཞེན་ཅིང་ཆགས་པས་མཐའ་ལ་ཉོན་མོངས་རྣོ་སྐམས་གཟིར་བ་ཡིས། །མྱོང་བདེ་བདེ་མཆོག་བརྒྱད་དང་ལྡན་པས་ཐབས་ཀྱི་སྐུ་ལ་སྨྲེ་བར་མཛོད། །འགྲོ་ཀུན་ཚངས་པར་སྤྱོད་པའི་བྱང་ཆུབ་སྒོ་མོར་ལམ་སྟོན་ཅིག །བདེ་མཆོག་བདུད་རྩི་ཁྱད་པར་མེད་པའི་ཚོགས་ལ་བཀའ་སྩོལ་ཅིག །ཨ་ལ་ལ་ཧོ། །བཅུ་པ་དོན་དམ་བདེན་པའི་མཆོད་པ་ནི། །བཤད་རྒྱུད་དྲི་མེད་ལས། ཧཱུྃ། ཡང་དག་དོན་གྱི་ཕུར་པ་ནི། །མ་སྤངས་མ་བསྒྲུབས་བཙལ་བ་མེད། །མ་བསླད་མ་བཅོས་བསྒྱུར་དུ་མེད། །ལྟ་བ་དོན་དམ་རྟོགས་པ་ལ། །རོལ་པ་ཅིར་ཡར་འགག་པ་མེད། །དེ་ཉིད་རྟོགས་ན་ཕུར་པའི་དོན། །དོན་དམ་རྟོགས་པས་ཐུགས་དམ་བསྐང་། །ཞེས་ངོ་བོ་ཉིད་མེད་པའི་དོན་ལ་མཉམ་པར་གཞག་གོ། །བཅུ་གཅིག་པ་བསྟོད་པ་ལ་སྤྱི་དང་བྱེ་བྲག་གཉིས་ལས། །དང་པོ་ནི་གསང་བ་གསུམ་གྱི་ཡོན་ཏན་ཁྱད་པར་ཅན་དྲན་པས། ཡེ་ཤེས་རྩེ་མོ་ལས། ཨེ་མ་ཧོ། སངས་རྒྱས་བཅོམ་ལྡན་འདས། ཁྲོ་ལ་ཁྲོས་པའི་ཁྲོ་བོ་ཆེ། །སྣ་ཚོགས་དུ་མའི་ཁྲོ་བོའི་སྤྲིན། །འབར་བ་གཅིག་ལས་རྣམ་པར་ བ་དཀོར་ བ་དཀོར་ རྡོ་སེམས་ རིན་འབྱུང་ སྣང་མཐའ་
(༢༠༩)འབྱུང་། །དེ་བཞིན་ཉིད་ལ་ཕྱག་འཚལ་ལོ། །སྣ་ཚོགས་དུ་མིའི་གཟུགས་མཆོག་ནི། །ཁྲོ་བོ་བཅུ་ཡི་རང་བཞིན་ཆེ། །གཅིག་ནི་དུ་མར་འཕེལ་མཛད་པ། །དུ་མ་རྣམས་ལ་བདག་ཅག་བསྟོད། །ཀྱེ་མ་ཁྲོ་བོའི་སྤྲིན་ཕུང་ཆེ། །མཐའ་ཡས་དོན་འགྲུབ། །བསྐོར་ཕྱག །སྡིག་པ་གསོད་མཛད་པ། །མངོན་སྤྱོད་སྒྲོལ་བའི་རང་བཞིན་ལས། །བདག་གི་སྡིག་པ་གསད་པར་མཛོད། །ཨེ་མ་དཔའ་བོ་དཔའ་བོ་ཆེ། །མ་ལུས་ཀུན་གྱི་རྒྱལ་པོ་ཉིད། །སྙིང་རྗེ་ཁྲོས་པས་ཁྲོ་བོ་ཆེ། ཁམས་གསུམ་རྒྱལ་པོ་ཨ་ལ་ལ། །ཨེ་མ་འོ་བསྡིགས་པའི་སྡིགས་མཛུབ་ཅན། །སྡིགས་པའི་སྤྱོད་ལ་སོགས་པས་བརྗིད། །མངོན་སྤྱོད་ཁྱོད་ཀྱི་སྐུ་དང་འཚམས། །འབར་བའི་ཚོགས་ལ་བདག་ཅག་འདུད། །གཉིས་པ་ནི་བཤགས་རྒྱུད་ལས། །ཧཱུྃ། སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་། དགོད་དང་གཤེ་དང་འཇིགས་པར་བྱེད་པ་དང་། །སྙིང་རྗེ་རྔམས་ཞི་རྡོ་རྗེ་གཞོན་ནུའི་སྐུ། །ཞེ་སྡང་འཇོམས་པའི་ལྷ་ལ་ཕྱག་འཚལ་བསྟོད། །ཡབ་ཀྱི་ཐུགས་དམ་དགྱེས་པ་བསྐྱེད་པའི་ཡུམ། །འཁོར་ལོ་རྒྱས་འདེབས་འདོད་ཆགས་འཇོམས་མ་དང་། །ཨེ་ཀ་ཛ་ཊི་ཞེ་སྡང་འཇོམས་མཛད་མ། །འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས་ལ་བསྟོད། །རྣལ་འབྱོར་ཆེན་པོ་ལས། ཡེ་ཤེས་ལྔ་ལྡན་ཕུར་བུས་དུག་ལྔ་འཇོམས། །ཕྲིན་ལས་ལྔ་ཡིས་དྲེགས་པ་སྒྲོལ་བ་ལ། །ཐོགས་པ་མེད་པ་ཡི་ལས་མཛད་འདུས་པ་ལྔ། །སྲས་མཆོག་རིགས་ལྔའི་སྐུ་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་རོལ་པའི་སྟོབས་བཅུས་མི་དགེ་འཇོམས། །སྐུ་གསུང་ཐུགས་ཀྱིས་གདུག་ང་སྒྲོལ་
(༢༡༠)བར་མཛད། །ཡང་དག་དོན་གྱིས་ལོག་འདྲེན་འཇོམས་མཛད་པ། །ཁྲོ་བོ་ཡབ་ཡུམ་བཅུ་ལ་ཕྱག་འཚལ་བསྟོད། །བྱང་ཆུབ་བདེ་ལ་སྒྲོལ་བའི་ཕོ་ཉ་མོ། །ཡེ་ཤེས་དོན་ལ་ཕྲ་ཐབས་གཟུགས་འཛིན་ཅིང་། །དྲེགས་པའི་ཚོགས་རྣམས་མ་ལུས་འདུལ་མཛད་པ། །ཕྲ་མེན་ཕོ་ཉའི་ཚོགས་ལ་ཕྱག་འཚལ་བསྟོད། །བཅུ་གཉིས་བརྒྱལ་བ་དགྱེས་བྱེད་དམ་བཅའི་མཆོད་པ་ནི། འདུན་པ་རྩེ་གཅིག་པས། གསང་རྒྱུད་ལས། བསྐལ་པ་དཔག་ཏུ་མེད་པ་ཚུན་ཆོད་ནས། །ད་ལྟའི་དུས་འདི་བསྐྱེད་པ་ཕན་ཆད་དུ། །ལྷ་མཆོག་ཁྱེད་དང་སྨོན་ལམ་མཐུ་སྡེབས་ནས། །དུས་འདིར་ཞལ་མཐོང་ཡི་དམ་ལྷར་གསོལ་ན། །དུས་ཚིགས་འདི་ནས་བཟུང་ནས་ཡི་དམ་ལྷ། །སྙིང་པོ་བྱང་ཆུབ་མཆོག་ལ་མི་གནས་ཚུན། །ཚེ་རབས་འཁོར་བ་གར་བྱུང་གར་སྐྱེས་ཀྱང་། །གསང་བའི་ལྷ་མཆོག་ཁྱེད་དང་མི་འབྲལ་ཞིང་། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་ལས། །མི་འདའ་བ་དང་ཡུན་དུ་བདག་བསྲུང་གིས། །ཆད་ལྷག་འགལ་འཁྲུལ་མཆིས་ན་མཐོལ་ལོ་བཤགས། །བར་ཆོད་རྐྱེན་གྱིས་རྣམ་སྨིན་ཅི་བྱུང་ཡང་། །དཔལ་ཆེན་ཁྱོད་ཀྱིས་མོད་ལ་ཟིལ་གྱིས་གནོན། །དངོས་གྲུབ་མཆོག་སྩོལ་ཤེས་རབ་ལྷ་མོའི་ཚོགས། །གཉིས་པ་ཡེ་ཤེས་ཀྱི་ཚོགས་བསགས་ལ་ཛ་པྲ་ཀྱི་རིམ་པ་བཞི་ལས་དང་པོ་ཛབ་ཁང་དབྱེ་བ་ནི། སྣང་ཆ་མ་ལུས་པ་དབྱེ་གཞིའི་དཀྱིལ་འཁོར་རྣམ་པ་གསུམ་དུ་རྫོགས་པར་བྱས་ནས། བྷྲཱུཾ་བྷི་ཤོ་བྷི་ཤུདྡྷེ་ཕཊ་ཛ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དིཔྟ་ཙཀྲ་ཧཱུྃ་ཕཊ། ཅེས་བདག་ཉིད་རྩ་བའི་དཀྱིལ་འཁོར་དང་། ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཀཱི་ལི་
(༢༡༡)ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས་སྲས་མཆོག་རྫས་ཀྱི་དཀྱིལ་འཁོར་དང་། ཧཱུྃ་ཧཱུྃ། ཛཛ ཧཱུྃ་ཧཱུྃ། ཛཛ ཧཱུྃ་ཧཱུྃ། ཛཛ ཧཱུྃ་ཧཱུྃ། ཛཛ ཧཱུྃ་ཧཱུྃ། ཛཛ ཧཱུྃ་ཧཱུྃ། ཛཛ ཧཱུྃ་ཧཱུྃ། ཛཛ ཧཱུྃ་ཧཱུྃ། ཛཛ ཧཱུྃ་ཧཱུྃ། ཛཛ ཧཱུྃ་ཧཱུྃ། ཛཛ ཛཧཱུྃ་བཾ་ཧོ། ཕཊཛ ཅེས་པ་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་ཏེ། དཀྱིལ་འཁོར་གསུམ་ལྡན་ཀྱི་དམ་ཚིག་གི་འཁོར་ལོ་ལས་ཡེ་ཤེས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ལོགས་སུ་ཕྱེ་ནས། མདུན་གྱི་ནམ་མཁར་མེ་རི་འདབ་འབྱོར་གྱི་ཚུལ་དུ་ཡོད་པར་བསམ་མོ། །གཉིས་པ་ཛ་པྲ་དགོངས་ནི། ཧཱུྃ། ཐུགས་ཀ་དཔལ་གྱི་བེའུའི་དཀྱིལ་འཁོར་ནི། །སྒོ་གཅིག་རིན་ཆེན་གཞལ་ཡས་ཁང་། །བདེ་སྟོང་དབྱེར་མེད་ངང་ཉིད་ལས། །ཆོས་ཀྱི་སྐུ་ལས་ལོངས་སྐུར་ཤར། །པདྨ་ཟླ་བའི་གདན་ལ་བཞུགས། །སྐྱོན་གྱིས་མ་གོས་གཏི་མུག་སེལ། །ཡབ་ཡུམ་གཉིས་མེད་ཟག་མེད་སྐུ། །སྐུ་མདོག་དཀར་གསལ་རྣམ་དག་དབྱིངས། །རྡོ་རྗེ་ དྲིལ་བུ ་ཕྱག་ན་བསྣམས། །ཤེས་རབ་བྱང་ཆུབ་སེམས་དང་ལྡན། །རྟོག་མེད་མི་འགྱུར་སྐྱིལ་ཀྲུང་བཞུགས། །མཁའ་དབྱིངས་བདེ་ཆེན་སྐུ་ལ་བསྟོད། །ཅེས་བརྗོད་ནས་བདག་མདུན་གྱི་གཙོ་བོའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཞི་བ་ལོངས་སྤྱོད་རྫོགས་པའི་སྐུ་ཡུམ་དང་བཅས་པའི་ཐུགས་ཀར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་ངོ་བོ་རྡོ་རྗེ་མཐིང་ནག་རྩེ་ལྔ་དང་། དེའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་ཏིང་འཛིན་སེམས་དཔའ་ཧཱུྃ་མཐིང་ནག་ལ་འབྲུ་དགུའི་སྔགས་ཕྲེང་འཁོར་བར་བསྡོམ་པའི་ཚུལ། ཡེ་ཤེས་རྩེ་མོ་
(༢༡༢)ལས། སྙིང་གར་བསམ་པར་བྱ་བ་ནི། །ཉི་མའི་དཀྱིལ་འཁོར་དབུས་གནས་པར། །རྡོ་རྗེ་ས་དོན་མཐིང་ནག་བཞག །སྙིང་པོ་བརྟག་པར་བྱ་བ་ནི། །རྣམ་པར་སྣང་མཛད་མགོར་བཞག་སྟེ། །རྡོ་རྗེ་ཕུར་བུའི་རང་བཞིན་བརྟག །ཅེས་སོ། །གསུམ་པ་ཛ་པྲ་དངོས་ལ་གཉིས། སྟོད་ལས་ལ་བརྟེན་ནས་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པ་དང་། སྨད་ལས་ལ་བརྟེན་ནས་དམ་ཅན་ཉེ་བར་བསྙེན་པའོ། །དང་པོ་ལ་བསྙེན་སྒྲུབ་ཡན་ལག་བཞིའི་ངེས་པ་ཡང་མཐའ་གཅིག་ཏུ་མ་ངེས་ཏེ་ཐབས་བསྐྱེད་པའི་པིམ་པ་ལ་སྦྱར་མ་ཐག་པས་ཀྱང་ཤེས་ཤིང་། ཕུར་པ་རྣལ་འབྱོར་ཆེན་པོ་ལས་ཀྱང་། སྤྱིར་ནི་གསང་སྔགས་ངེས་པ་ལ། །ཏིང་འཛིན་གསུམ་བསྐྱེད་བསྙེན་པ་ཡིན། །བདག་ཉིད་ལྷར་བསྐྱེད་ཉེ་བསྙེན་ཡིན། །ཡུམ་བསྐྱེད་སྒྲུབ་པར་ཤེས་པར་བྱ། །གཞན་རྣམས་སྒྲུབ་པ་ཆེན་པོ་ཡིན། །ཞེས་སོ། །འདི་ནི་སྟོད་ལས་བྱང་ཆུབ་བསྒྲུབ་པའི་གནས་སྐབས་ན་བསྙེན་སྒྲུབ་གཉིས་ལ་ནང་གསེས་ཀྱིས་ཡན་ལག་བཞིར་ཕྱེན་ཆོས་ཉིད་དང་སྦྱར་ཏེ་བཟླ་བ་བསྙེན་པ། ལྷ་དང་སྦྱར་ཏེ་བཟླ་བ་ཉེ་བསྙེན། །ཤམ་བུར་སྦྱར་བ་སྒྲུབ་པ། ཚོགས་སྒྲུབ་དང་འབྲེལ་བའམ་ཕྲིན་ལས་སྣ་ཚོགས་པ་ཅན་སྒྲུབ་པ་ཆེན་པོར་ངེས་པ་ལས། དང་པོ་བསྙེན་པའི་ འདི་སྒྲུབ་པ་ཞག་བདུན་ལ་མཚོན་ན་ཉིན་དང་པོ་གསུམ་ལ་བསྙེན་སྔགས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ། ཞེས་བཟླ། ཉིན་བར་མ་གསུམ་ལ་སརྦ་བིག་ནན་བཾ་སོགས་བཏགས་པ་ཉེ་བསྙེན། ཉིན་ཕྱི་མ་གཅིག་ལ་སྒྲུབ་སྔགས་ཛ ཧཱུྃ་ཨ་གསུམ་བགོ་ཤེས་པར་བྱའོ། །དམིགས་པ་ནི། བདག་
(༢༡༣)མདུན་སོ་སོའི་དཀྱིལ་འཁོར་རྟེན་དང་བརྟེན་པ་སེམས་དཔའ་སུམ་བརྩེགས་སྔགས་ཕྲེང་དང་བཅས་པའི་ལྷར་སྣང་དང་ལྷན་ཅིག་འབྲུ་དགུ་པའི་བཟློས་པ་ལ་བརྩོན་པ་བསོད་ནམས་ཀྱི་ཆགས་དང་། སྐྱོ་བའི་ཚེ་ཆོས་ཉིད་དང་སྦྱར་ནས་བཟླ་བ་ཡེ་ཤེས་ཀྱི་ཚོགས་དང་འབྲེལ་བ་ཡིན་ཏེ། རྩེ་མོ་ལས། ལྷ་ཡི་ང་རྒྱལ་རབ་གནས་པ། བརྗེད་པ་མེད་པའི་དྲན་པ་ནི། །འབད་པ་མེད་པའི་ཚོགས་ཆེན་པོ། །མཁས་པས་རྟག་ཏུ་བསམ་པར་བྱ། །ཞེས་དང་། བཤད་རྒྱུད་ལས། ལྷ་ཉིད་བསྒོམ་དང་སྤྱན་དྲང་ཡང་། །གཞི་རྩ་མེད་པར་མ་ཤེས་ན། །ལྷ་ཉིད་པ་རྟགས་པས་ལོག་རྟོགས་ཉིད། །གཞི་རྩ་མེད་པར་ལྷ་བསྒོམས་པས། །ཆོས་ཉིད་དོན་དམ་རྟོགས་པ་དང་། །ལོག་པའི་ཆོས་ཅན་འདུལ་བ་དང་། །འགྲོ་བ་ཐ་དད་དྲངས་པ་དང་། །བདུད་དང་སྲིན་པོ་དབང་དུ་སྡུད། །དཔེར་ན་མེ་ལོང་སྣང་གཞི་ལ། །གཞི་རྩ་མེད་པས་ཐམས་ཅད་སྣང་། །མ་བལྟས་སྟོང་ལ་རྣམ་པར་སྣང་། །ཡོད་དང་མེད་པའི་དམིགས་དང་བྲལ། །ཞེས་པའི་དོན་ཁོང་དུ་ཆུད་པར་བྱ་བ་ནི་གལ་པོ་ཆེའོ། །དེ་ལ་གསལ་བརྟན་ཅུང་ཟད་ཐོབ་ནས་འོད་ཟེར་སྤྲོ་བསྡུ་བྱ་བ་ནི། ཐུགས་སྲོག་ཏིང་འཛིན་སེམས་དཔའ་ལས་འོད་ཟེར་བུང་བའི་མཚོན་ཆ་ལྟ་བུ་འཕྲོས་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་གཡོས་ཤིང་མཉེས་པའི་མཆོད་པ་ཕུལ། སེམས་ཅན་གྱི་ཁམས་ལ་འཕྲོས་ཕས་སྡིག་སྒྲིབ་སྦྱངས། དག་པའི་སྣོད་བཅུད་འབའ་ཞིག་ཏུ་གྱུར་པས་དོན་གཉིས་
(༢༡༤)བྱས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པར་བྱུང་སྟེ་བདག་མདུན་གྱི་དཀྱིལ་འཁོར་ལ་ཐམ་པས་བྱིན་རླབས་དང་དངོས་གྲུབ་མཐའ་དག་ཐོབ་པར་བསམ་མོ། དེ་ལ་ཅུང་ཟད་གོམས་པ་དང་དོ་ལི་ལ་བསླབ་པར་བྱ་སྟེ། སྔགས་ཕྲེང་ལས་རང་འདྲ་གཉིས་པ་རེ་ཆད་པ་ལུ་གུ་རྒྱུད་དུ་འབྲེལ། རྡོ་རྗེའི་དབུས་རྭ་ནས་འཐོན་ཡེ་ཤེས་སེམས་དཔའི་སྐུ་ཡི་དབྱིབས་བརྒྱུད་ཞལ་དུ་འཐོན། རིམ་བཞིན་བདག་ཉིད་རྩ་བའི་དཀྱིལ་འཁོར་གྱི་ཤངས་བུག་གཡས་པ་ལས་འཐོན། རྡོ་རྗེ་གཞོན་ནུ་ཡེ་ཤེས་པའི་ཤངས་བུག་གཡོན་ནས་ཞུགས་ཏེ་ཐུགས་ཀར་ཐིམ་སྐུ་གསུང་ཐུགས་མཉེས་པའི་མཆོད་པ་ཕུལ། ཅི་འདོད་པའི་དངོས་གྲུབ་བླངས། །དེ་ཡི་ཤངས་བུག་གཡས་ནས་བརྒྱུད་རང་གི་སྣ་བུག་གཡོན་དུ་ཞུགས། རིམ་པར་བརྒྱུད་པས་བདག་མདུན་གྱི་རྟེན་དང་བརྟེན་པ་ཐམས་ཅད་ཤིན་ཏུ་གསལ་བར་བྱས། དབང་བཞི་ཐོབ། སྒྲིབ་བཞི་དག །དངོས་གྲུབ་རྣམ་པ་གཉིས་བདེ་བླག་ཏུ་ཐོབ་པར་བསམ། རྣམ་རྟོག་གཞན་གྱིས་བར་མཆོད་པར་བྱ་སྟེ། ཕུར་པ་གསང་བའི་རྒྱུད་ལས། རིག་པ་བྱང་ཆུབ་སེམས་ཉིད་རྟོགས་ནས་ཀྱང་། །རང་བཞིན་མ་སྐྱེས་ཡོངས་སུ་གྲུབ་པའི་སྐུ། །སྣང་ལ་རང་བཞིན་མེད་དེ་འཇའ་ཚོན་འདྲ། །ཆུ་ཟླ་ལྟ་བུའི་སངས་རྒྱས་འོད་དང་ལྡན། །ཐུགས་ཀར་དཔལ་བེའུར་ཡི་གེ་འབྲུ་དགུ་ནི། །གསེར་ལ་ཕྲ་བཀོད་བཞིན་དུ་གསལ་བསྒོམ་སྟེ། །རྫོགས་པའི་རིམ་པ་གདམས་ངག་ཚུལ་བཞིན་བསྒོམ། རྒོད་ན་སྐྱེ་མེད་རྨུགས་ན་ཆོས་ཉིད་ལ། །འཕྲོ་ན་བདེ་ཆེན་བྱིངས་ན་ཁྲོ་
(༢༡༥)བོ་སྟེ། །ཡེ་ཤེས་ལྷ་ཡི་བསྙེན་པའི་ཏིང་ངེ་འཛིན། །འཛབ་ཀྱི་དགོངས་པ་ཆུ་བོའི་རྒྱུན་བཞིན་ནོ། །ཆོས་ཉིད་ངང་ལས་སྔགས་ཀྱི་སྒྲ་དབྱངས་བླངས། །སེམས་འཛིན་བསམ་གཏན་ཏིང་འཛིན་མ་ཡེངས་བསྒོམ། དབྱིངས་ཀྱི་ངང་ལས་རང་བྱུང་རང་གྲག་བསམ། །དེ་ཚེ་རྣམ་རྟོག་དགྲ་ཆེན་ཐམས་ཅད་ཀུན། །གཟུང་འཛིན་མཚན་མ་མེད་པའི་དབྱིངས་སུ་ཕུར། །ཅེས་སོ། །གཉིས་པ་ཉེ་བསྙེན་ནི། །སྡེ་ཚན་བཅུ་བཞི་པ་ལ་བྱ་སྟེ། འདི་ནི་བསྐྱེད་པ་རྐྱེན་གྱི་སྔགས་བརྒྱད་པོ་ལ་བསྐུལ་བ་ལས་ཀྱི་སྔགས་དང་བཟླས་པ་ལས་ཀྱི་འབྲུ་གསུམ་བསྣན་པ་ཐམས་ཅད་འདུས་པའི་དྲག་སྔགས་ཡིན་པའི་ཚུལ་རྒྱུད་ལས། ཨཱོཾ་ནི་དཔལ་ཆེན་ཡབ་ཡིན་ཏེ། །བཛྲ་ཤེས་རབ་ཡུམ་ཡིན་ནོ། །ཀཱི་ནི་ཡེ་ཤེས་ཁྲོ་བོ་ལ། །ལི་ནི་དབྱིངས་ཀྱི་ཁྲོ་མོ་བཅུ། །ཀཱི་ནི་ཐབས་ཀྱི་མཆེ་བ་ཅན། །ལ་ནི་ཤེས་རབ་གཤོག་པ་ཅན། །ཡ་ནི་སྲས་མཆོག་ཕུར་བ་སྟེ། །ཧཱུྃ་ནི་ཕྱག་བརྙན་སྒོ་མ་བཞི། །སརྦ་ཐམས་ཅད་འདུས་པ་སྟེ། །བིག་ནི་དགྲ་དང་བགེགས་ཡིན་ཏེ། །ནན་ནི་དགྲ་དང་བགེགས་མནན་ནོ། །བཾ་ནི་དབང་དུ་སྡུད་པ་སྟེ། །ཧཱུྃ་ནི་རླག་པར་བྱེད་པའོ། །ཕཊ་ཀྱིས་སྒྲོལ་བའི་ཕྲིན་ལས་མཛད། །ཅེས་སོ། །བསྙེན་ཚད་ནི། རྒྱུད་ལས། ས་ཡ་དྲུག་འབུམ་བསྙེན་པའི་ཚད། །ཅེས་པས་འབུམ་ཕྲག་བཅུ་དྲུག་གོ། སྡེ་ཚན་བཅུ་བཞི་པ་འདི་ནི་ལས་རུང་ཙམ་གྱི་བསྙེན་ཚད་དེ་སྨིན་པར་སློབ་པའི་བསྙེན་ཆེན་ལ་འབུམ་ཕྲག་བརྒྱ་ཐམ་པ་སྟེ་བཤད་མ་ཐག་པས་ཤེས་སོ། བྱེ་བ་སྔོན་དུ་འདྲེན་པ་སྔ་འགྱུར་གྱི་ཁྱད་ཆོས་སུ་འདོད་པའང་ནོར་བ་ཆེན་པོ་ཡིན་ཏེ་ཀཱི་ལ་བཅུ་གཉིས་ཀྱི་ཏནྟྲ་ཆུང་བ་ལས། རྡོ་རྗེ་ཕུར་པ་ལྷ་བསྐྱེད་བྱ། །འབུམ་ཕྲག་གཅིག་
(༢༡༦)གམ་ས་ཡ་འམ། །བྱེ་བ་བཟླས་ཏེ་དབང་བསྐུར་ནས། །ཞེས་པས་དུས་ཀྱི་འཁོར་ལོ་དང་མཚུངས་པ་ཡིན་ནོ། །གསུམ་པ་སྒྲུབ་པ་ནི། ཛཧཱུྃ་ཨཱ གསུམ་བསྣན་པའི་བཅུ་བདུན་ཏེ། དང་པོས་དངོས་གྲུབ་ཐམས་ཅད་སྔགས་ལ་སྡུད། །གཉིས་པས་སྔགས་ཀྱི་དངོས་གྲུབ་བདག་ལ་སྡུད། །གསུམ་པས་རང་བཞིན་དབྱེར་མེད་དུ་རྒྱས་འདེབས་པའི་མན་ངག་གི་ལྡེ་ཁ་ཁྱད་པར་ཅན་ནོ། །བཞི་པ་སྒྲུབ་པ་ཆེན་པོ་ནི་དཀྱིལ་འཁོར་གྱི་བྱ་བ་དང་འབྲེལ་བ་དང་། སྨན་སྒྲུབ་དང་། བུམ་སྒྲུབ་ལ་སོགས་པ་དང་། གཞན་ཡང་ཕྲིན་ལས་སྣ་ཚོགས་པའི་བདག་ཉིད་དེ། ཕུར་པ་རང་གཞུང་དུ་ཡེ་ཤེས་ལྷ་ཡི་སྒྲུབ་པ། མ་མོ་མཁར་འགྲོའི་སྒྲུབ་པ། དཔའ་བོ་གིང་གི་སྒྲུབ་པ་ཞེས་སྨད་ལས་ཀྱི་རིམ་པ་སྒྲུབ་པ་ཆེན་པོར་བསྡུ་བ་ཡང་ཡོད་དོ། །དེ་དག་གི་བར་སྐབས་ཅི་རིགས་པར་དག་པའི་སྣོད་བཅུད་ལ་གསལ་བརྟན་གྱི་ཡེ་ཤེས་བསྐྱེད་ཕྱིར་ཛཔྲ་བསྐུལ་བྱ་བར་སྤྲོ་ན། ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །སོགས་རྒྱུད་ལས་གསུངས་པ་དངོས་ཟུར་དུ་བཀོད་པ་ལྟར་བྱའོ། །སོ་སོའི་སྔགས་དང་དམིགས་པའི་ཁྱད་པར་ཟབ་མོ་ནི་རྩོད་དུས་འདི་ན་སྔགས་ལ་འཕྲ་ཞིང་དམ་ཚིག་མེད་པའི་གང་ཟག་མང་བས་དངོས་གྲུབ་ཀྱི་གནས་ལ་ཞུད་པའི་ཕྱིར་རེ་ཞིག་དཔའ་བོ་མཁའ་འགྲོའི་བཀའ་རྒྱས་ཆུ་འབབས་སུ་བྲི་བར་མ་གནང་ངོ་། །དེ་ལྟར་ཡང་དངོས་གྲུབ་ཀྱི་རྒྱུད་མཚིག་མ་ཉམས་པ་རྣམས་ལ་ནི་མཆོག་དང་ཐུན་མོང་གི་དངོས་གྲུབ་ཚང་ལམ་ནོར་པ་གྲུབ་པའི་རྒྱུ་གཞུང་འདི་ཉིད་ཀྱིས་སྟོན་པས་ན། གང་ཞིག་བསྒྲུབ་པའི་ཕན་ཡོན་ལ་བསམས་ནས་ཡིད་
(༢༡༧)བཞིན་གྱི་ནོར་བུ་ལྟ་བུར་བཟུང་བར་རིགས་ཏེ། རྡོ་རྗེ་ཁྲོས་པའི་རྩ་བཤད་ལས། །འདི་ལ་བརྟེན་པའི་གང་ཟག་རྣམས། །ཐམས་ཅད་གྲོལ་འགྱུར་ཐེ་ཚོམ་མེད། །རྡོ་རྗེ་ཁྲག་འཐུང་དེ་ཉིད་ཀྱི། །ཡི་གེ་ཧཱུྃ་ཙམ་བཟླས་པ་ཡང་། །བར་ཆད་བདུད་ཀྱིས་མི་ཚུགས་ཤིང་། །མཚན་མ་གྲུབ་པར་ཐེ་ཚོམ་མེད། །རྡོ་རྗེ་ཅན་གྱི་ཞིང་དུ་སྐྱེ། །ལྷ་ཀླུ་ཀུན་ལ་དབང་བྱེད་འགྱུར། །འདི་བསྒྲུབ་པ་ཡི་གང་ཟག་རྣམས། །སྔ་ནས་སྦྱོང་བར་ཐེ་ཚོམ་མེད། །ཚེ་གཅིག་འདི་ལ་བརྩོན་ལྡན་པས། །འཁོར་བར་མི་ལྡོག་མངོན་སངས་རྒྱས། །གང་ཞིག་དབང་དང་མན་ངག་ཐོབ། །སྐད་ཅིག་ཙམ་གྱིས་མོས་གྱུར་ན། །འཆི་བ་ཞེས་ནི་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་འཁྲིད་པར་འགྱུར། །གང་ཞིག་འདི་ལ་མོས་པ་ཙམ། །དབང་དང་དམ་ཚིག་འཛིན་གྱུར་ནས། །སྐྱེ་བདུན་ཉིད་ན་སངས་རྒྱས་འགྱུར། །སྐྱེ་བ་གཞན་གྱིས་བར་མ་ཆོད། །འདི་ལ་ཐེ་ཚོམ་ལེ་ལོ་སྤངས། །བརྩོན་འགྲུས་དད་ལྡན་ཅན་གྱིས་བསྒྲུབ། །རྒྱུད་འདི་རྟག་ཏུ་གསང་བར་བྱ། །མཁའ་འགྲོའི་ཚོགས་ཀྱིས་བསྲུང་བར་འགྱུར། །ཞེས་སོ། །བཞི་པ་ཛ་པྲ་མཇུག་བསྡུ་བ་ནི། མཆོད་བསྟོད་རྒྱས་བསྡུས་ཅི་རིགས་པའི་མཐར་ཡི་གེ་བརྒྱ་པ་ལན་གསུམ་གྱི་ནོངས་བཤགས་དང་། རང་བཞིན་གྱི་དཀྱིལ་འཁོར་དང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དབྱེར་མེད་དུ་བྱ་བའི་ཕྱིར། ཨཱོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུྃ། ཞེས་རིག་པའི་མེ་ཏོག་དོར། ཨཱོཾ་བཛྲ་ཀྲོ་དྷ་ས་མ་ཡ་སྟྭཾ། ཨཱོཾ་བཛྲ་ཀྲི་དྷ་ས་མ་ཡ་ཕཊ། ཨཱོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧོ། །ཞེས་པས་དངོས་གྲུབ་བསྐུལ་ནས། ཧཱུྃ་ཞེས་བརྗོད་ནས་མདུན་བསྐྱེད་ཡེ་ཤེས་ཀྱི་འཁོར་ལོ་དམ་ཚིག་གི་འཁོར་ལོ་ལ་དབྱེར་མེད་དུ་བསྟིམ། ཧཱུྃ་ཧ་ཧེ་ཕར། ཅེས་བརྗོད་ནས་དེ་ཉིད་གསལ་ཞིང་བརྟན་པར་བྱའོ། །
(༢༡༨)གཉིས་པ་སྨད་ལས་ཀྱི་དང་པོ་དམ་ཅན་ཉེ་བར་བསྙེན་པ་ནི་ཟུར་དུ་འཆད་ལ། ངན་སྔགས་ཉེ་བར་བསྙེན་པ་གདབ་པ་དྲུག་གིས་དགྲ་བགེགས་སྒྲོལ་བའི་སྐོར་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་སྔགས་སྡོམ་དང་སྦྱར་བའི་གནང་བཀག་མི་ཤེས་པ་དག་གིས་གསང་སྔགས་ཀྱི་ཕྲིན་ལས་རབ་འབྱམས་རང་གར་སྤྱད་པས་ངན་སོང་དུ་འཕེན་པའི་ཚུལ་མང་དུ་མ་སྤྱོད་པས་བདག་ཅག་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་པ་དད་པས་མངོན་སྤྱོད་ཀྱི་ལས་ལ་བརྩོན་པ་ལྷོད་པར་གྱུར་ཏོ། །དེ་ལྟར་ཡང་ཞིབ་ཏུ་ཤེས་པར་འདོད་པའི་དམ་ཚིག་ཅན་ཡོད་ན་ཕུར་པ་རྣལ་འབྱོར་ཆེན་པོའི་རྒྱུད་དང་འབྲེལ་བའི་དོན་སྣ་ནམ་ལུགས་ཀྱི་རྣམ་བཤད་རིན་ཆེན་ཕྲེང་བ་དང་། འགྲེལ་པ་བདུད་རྩི་དྲི་མེད། འབུམ་འགྲེལ་ལ་སོགས་ལས་ཤེས་པར་བྱའོ། །རྗེས་ལ་ཚོགས་ཀྱི་རིམ་པ་ནི། ཧཱུྃ། དཔལ་ཆེན་ཐུགས་ལས་རཾ་ཡཾ་ཁཾ། །འཕྲོས་པས་ཚོགས་ཀྱི་དངོས་འཛིན་སྦྱངས། །སྣང་སྲིད་བདེ་ཆེན་ཀ་པཱ་ལར། །བཅུད་རྣམས་རིགས་ལྔའི་དམ་རྫས་གྱུར། །ཨཱོཾ་ཨཱཧཱུྃ་ཧ་ཧེ་ཧྲཱི སྤྱན་འདྲེན་ནི། ཧཱུྃ། འོག་མིན་ཆོས་དབྱིངས་ཕོ་བྲང་དང་། །ཡན་ལག་བདུན་ལྡན་ལོངས་སྤྱོད་རྫོགས། །རང་བཞིན་སྤྲུལ་སྐུའི་ཞིང་ཁམས་ནས། །དཔལ་ཆེན་དཀྱིལ་འཁོར་ལྷ་ཚོགས་དང་། །གནས་དང་ཉེ་གནས་རྣམ་པ་གཉིས། །ཡུལ་ནི་རོལ་པ་ཉེ་ཡུལ་རོལ། །ཞིང་དང་ཉེ་བའི་ཞིང་དང་ནི། །འདུ་དང་ཉེ་བའི་འདུ་བ་དང་། །ཚནྡྷོ་ཉེ་པའི་ཚནྡྷོ་སྟེ། །ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། །ཨོ་ཊི་ཡ་ནར་པདྨ་བརྩེགས། །ཟ་ཧོར་ཡུལ་ན་ཁུ་ཕྱུག་ཀློང་། །སེང་ངའི་ཡུལ་ན་སྐུ་ལ་རྫོགས། ཁ་ཆེའི་ཡུལ་ན་ཧེ་ཆེན་རོལ། །བལ་པོའི་ཡུལ་ན་ཡ་མ་ཁ། །
(༢༡༩)ཐོ་གར་ཡུལ་ན་གསང་ཆེན་རོལ། །ལི་ཡུལ་འཇིག་རྟེན་མངོན་རྫོགས་ཏེ། །དུར་ཁྲོད་ཆེན་པོ་བརྒྱད་རྣམས་ན། །བཞུགས་པའི་དཔའ་བོ་མཁའ་འགྲོ་དང་། །ཤུགས་འགྲོ་རྣལ་འབྱོར་ཞིང་སྐྱོང་རྣམས། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ཚོགས་ཁང་འདི་ནི་སྤྲུལ་པའི་ཞིང་། །ཚོགས་རྫས་འདོད་ཡོན་རོལ་པའི་རྒྱན། །ཐབས་དང་ཤེས་རབ་ལྕམ་དྲལ་ལྡན། །རྡོ་རྗེའི་གླུ་གར་བྱིན་རེ་ཆགས། །ཅང་ཏེའུ་ དྲིལ་བུ ་སྙན་ཞིང་འཁྲོལ། །འདི་ནི་དམ་ཚིག་མཆོག་གི་གནས། །ཤགས་དང་རྩོད་པ་ཀུ་ཅོ་མེད། །རིག་པ་བརྟུལ་ཞུགས་ཉམས་དང་ལྡན། །དམ་ཚིག་འདི་ནི་དང་དུ་བཞེས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གུ་རུ་དྷེ་ཝ་ཌཱཀྐ་ཌཱཀྐི་ནཱི་དྷརྨཱ་པཱ་ལས་མ་ཡ་ཛ ཕུད་དང་པོ་ནི། ཧཱུྃ། སངས་རྒྱས་དམ་ཚིག་བླ་ན་མེད། །ཤ་ལྔ་བདུད་རྩི་རྣམ་པ་ལྔ། །བཟའ་བཅའ་བཏུང་བ་ཕྱི་ཡི་ཚོགས། །འདོད་ཡོན་ལྷ་མོ་རྣམ་པ་ལྔ། །དབང་པོའི་ལོངས་སྤྱོད་ནང་གི་ཚོགས། །བདེ་སྟོང་ཡེ་ཤེས་བླ་ན་མེད། །དགའ་བཞི་རྣམ་རོལ་གསང་བའི་ཚོགས་དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ། །བཞེས་ནས་དབང་དང་དངོས་གྲུབ་སྩོལ། །ག་ཎ་ཙཀྲ་པཱུ་ཛི་ཧི། །བར་པ་བཤགས་པ་ནི། ཧཱུྃ། གང་ཞིག་འཁྲུལ་པར་གྱུར་པ་དེ་ནས་བཟུང་། །རྣམ་སྨིན་ལུས་ལ་བརྟེན་པ་དེ་སྲིད་དུ། །མི་དགེ་བཅུ་དང་མཚམས་མེད་ཉེ་བ་ལྔ། །ལྕི་བ་བཅུ་དྲུག་ལོག་པ་བརྒྱད་ལ་སོགས། །ཐེག་པ་གསུམ་དང་རིག་པ་འཛིན་པ་ཡི། །སྡོམ་གསུམ་དམ་ཚིག་ཉམས་པ་མཐའ་དག་ཀུན། །གན་ཚོགས་ཀྱི་འཁོར་ལོ་ལ་བརྟེན་ནས། །འཆབ་པ་མེད་པའི་
(༢༢༠)སེམས་ཀྱིས་མཐོལ་ལོ་བཤགས། །དག་ཚངས་ཆེན་པོའི་དངོས་གྲུབ་བདག་ལ་སྩོལ། །ཧེ་རུ་ཀའི་ཡིག་བརྒྱ་བཟླའོ། །ཐམས་སྒྲལ་མཆོད་ནི། ཨེ་ལས་ཐར་མེད་སྲིད་པའི་བྲུབ་ཁུང་ནང་། །མ་རིག་འཁྲུལ་པས་བཅིངས་པ་བདག་ལྟའི་དགྲ། །ཡེ་ཤེས་དབྱིངས་ལ་སྒྲིབ་པའི་གཟུང་འཛིན་བགེགས། །དག་ཆེན་ཡེ་ཤེས་རིག་པའི་ལྕགས་ཀྱུས་བཟུང་། །མཉམ་པར་མ་བཞག་མེད་པའི་ཞགས་པས་ཆིངས། །ལྷག་མཐོང་ལུ་གུ་རྒྱུད་ཀྱི་དྲ་བས་སྡོམ། །རྗེས་ཐོབ་འཁྲུལ་པ་མེད་པའི་དྲིལ་བུས་མྱོས། །ཕུང་པོ་ལྔ་ཡི་ཉེ་བར་ལེན་པ་ཀུན། །བདག་མེད་རྟོགས་པའི་མཚོན་གྱིས་རྣམ་པར་གཏུབ། །སྐྱེ་མེད་ཁྲོས་པའི་ལྷ་ཚོགས་ཞལ་དུ་བསྟབ། །མཾ་ས་རཀྟ་ཙིཏྟ་ཀོ་རོ་ཙན། བ་སུ་ཏ། ཀི༚་ནི་རི་ཏི་ཏ་ན་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། དེ་ནས་ལྷག་མ་ནི། ཞིང་ལྤགས་ཀྱི་སྟེང་དུ་བཞག་ལ། ཧེ་རུ་ཀའི་དམ་རྒྱས་ཁ་ཕུ་དབབ། ཨ་ཀཱ་རོས་བརླབས་ཤིང་། སྤྱུགས་གླུ་དང་བཅས། ཀྱེ། དང་པོ་ཕུད་ཀྱིས་མི་མཆོད་དུ། །དཔལ་ཆེན་དཀྱིལ་འཁོར་ཚོགས་ཀྱི་བདག །བར་དུ་བཤགས་པ་མི་བགྱི་རུ། །རྣལ་འབྱོར་ལྡན་ལ་དམ་ཚིག་གཉན། །ཐ་མ་བསྒྲལ་བསྟབ་མི་བགྱི་རུ། །རྟོག་པས་བདག་རྒྱུད་སྔོན་བསྒྲལ་ཕྱིར། །ད་ལྟ་ལྷག་མས་མི་མཆོད་དུ། །མ་ཚོགས་དབང་ཕྱུག་གི་ང་ལངྒ་། །ཕོ་ཉ་སུམ་བརྒྱ་དྲུག་ཅུ་སོགས། །ཀུན་ཀྱང་དཔལ་ཆེན་སྤྲུལ་པ་ཡིན། །ལྷག་མ་ཁ་ཆུས་མི་བྲན་དུ། །དམ་ཚིག་གཅིག་ཏུ་བསྲེ་བའི་ཕྱིར། །འབངས་ཐོག་རྗེ་ཡིས་མི་མནན་དུ། །ཅི་བཅོལ་ལས་ལ་བསྐུལ་བའི་ཕྱིར། །རྗེ་ལ་འབངས་ཀྱིས་མི་རྒོལ་དུ། །དྲག་ཤུལ་ལས་ཐབས་
(༢༢༡)མྱུར་བའི་ཕྱིར། ཧཱུྃ། རྣམ་དག་རང་བཞིན་ཞི་བ་ལས། །བཅོམ་ལྡན་དཔལ་ཆེན་སྤྲུལ་པ་ནི། །ཐབས་ཤེས་ཟླ་གསང་རོལ་པ་ལས། །དཀྱིལ་འཁོར་མུ་རན་སྐྱོང་བ་སྟེ། །ཁྱེད་ཅག་སྔོན་གྱི་ཡལ་གམ་ཅན། །ལག་ན་གློ་སྙིང་ནང་ཁྲོལ་ཐོགས། །ལེགས་ཉེས་སྟངས་འཛིན་ཚོགས་ཁང་ཉུལ། །མཐུ་དང་རྫུ་འཕྲུལ་དཔག་ཏུ་མེད། །སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས། །དུག་གསུམ་རཱུ་ཏྲ་བསྒྲལ་བའི་ཚེ། ཁས་བླངས་དམ་བཅས་དྲན་གྱིས་ལ། །སྲིན་མོའི་ཟ་ལམ་ཆེན་པོ་རུ། །ཕམ་ཕབས་ལོངས་ལ་བསྟན་བསྲུངས། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཐུགས་དམ་བསྐུལ་བ་ནི། ཧཱུྃ། མི་གནས་ཡེ་ཤེས་ཆོས་སྐུའི་ཕོ་བྲང་ནས། །ལོངས་སྤྱོད་རྫོགས་བཞི་དང་ཁྲོ་བོའི་ལྷ། །ཐུགས་དམ་བསྐུལ་ལོ་འགྲོ་བའི་དོན་ལ་དགོངས། །རིག་པའི་རང་བཞིན་བདེ་གཤེགས་སྙིང་པོ་ཡང་། །མ་རིག་འཛིན་པའི་ཀུན་གཞི་ལུང་མ་བསྟན། །སྒོ་ལྔའི་ཡུལ་དང་རྟེན་ཅིང་འབྲེལ་བ་ལས། །རིགས་དྲུག་རྒྱུད་ལྔའི་གནས་སུ་འཁྱམས་པ་རྣམས། །ལས་དང་ཉོན་མོངས་མཐུ་ཡིས་གཟིར་བའི་མཐུ། །ཕྱི་རོལ་ཡུལ་ལ་སྨིན་པའི་སྡུག་བསྔལ་དང་། །ནད་མཚོན་མུ་གེ་དགྲ་བགེགས་འབྱུང་བའི་གདོན། །འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ཀུན། །མངོན་སྤྱོད་དྲག་པོའི་རོལ་པས་ཚར་བཅད་ནས། །ལོག་རྟོག་དངོས་པོར་ཞེན་པའི་སེམས་ཅན་རྣམས། །རྒྱུ་འབྲས་ཐེག་པ་གཞན་གྱིས་གདུལ་དཀའ་བས། །རང་བྱུང་ཡེ་ཤེས་རྟོགས་པའི་ཕྲིན་ལས་མཛོད། །ཆད་ཐོབ་སྒྲག་པ་ནི། ཧཱུྃ། དུས་གསུམ་རྣམ་དག་ཀུན་ཏུ་བཟང་པོའི་དུས། །མངོན་རྫོགས་ཡེ་ཤེས་དམ་པའི་འོག་མིན་དུ། །
(༢༢༢)ཀུན་གཞི་ཡིད་ཆོས་དག་པའི་སྟོན་པ་ཡིས། །རང་སྣང་རང་བཞིན་མེད་པའི་འཁོར་ཚོགས་ལ། །རྒྱལ་བ་དགོངས་བརྒྱུད་རྫོགས་པའི་ཡོ་ག་གསུམ། །བརྡ་ཚིག་བརྗོད་པ་བྲལ་བར་བསྟན་པའི་ཚེ། །གྲགས་ཆེན་གསལ་བའི་སྟོན་པ་བཅུ་གཉིས་དང་། །དགའ་རབ་དཔའ་བོ་གསང་འཛིན་རྡོ་རྗེ་ཆོས། །བརྡ་བརྒྱུད་རིག་འཛིན་གྲུབ་པ་མཆོག་རྣམས་ཀྱིས། །སྟོན་འཁོར་དགོངས་པ་གཅིག་པའི་དབང་ཐོབ་བཞིན། །ཚོགས་བརྒྱད་རང་གྲོལ་གཏོར་མ་འདི་བཞེས་ལ། །འཁྲུལ་པ་གཞི་ལ་དག་པའི་ཕྲིན་ལས་མཛོད། །དེ་རྗེས་གསང་སྔགས་བསྟན་པ་བྱུང་བའི་ཚེ། །འོག་མིན་དགའ་ལྡན་རི་རབ་ལྷུན་པོའི་རྩེ། །ལྷ་གནས་གསུམ་དུ་གྲགས་པའི་གནས་མཆོག་དང་། །ཤམ་བྷ་ལ་དང་ཨོ་རྒྱན་ཟ་ཧོར་ཡུལ། །སིང་ག་ལ་དང་གནམ་ལྕགས་འབར་བའི་རྩེར། །མཆོད་རྟེན་ཆེན་པོ་བདེ་བྱེད་བརྩེགས་པ་རུ། །རིག་འཛིན་སྡེ་སྣོད་མཐའ་དག་བབ་པའི་ཚེ། །འཇིག་རྟེན་འཇིག་རྟེན་འདས་པའི་མཁའ་འགྲོ་དང་། །དཀྱིལ་འཁོར་མུར་ན་སྐྱོང་བ་ཐམས་ཅད་ཀྱིས། །གཏོར་མ་ལེན་ཞིང་ལེགས་ཉེས་སྟངས་འཛིན་པའི། ཁས་བླངས་དམ་བཅའ་བཞིན་དུ་ཕྲིན་ལས་མཛོད། །དེ་རྗེས་འགྲོ་དོན་དུས་ལ་བབ་པའི་ཚེ། །ཀླུ་སྒྲུབ་སྙིང་པོ་པདྨ་ཐོད་ཕྲེང་སོགས། །གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད་རྣམས་ཀྱིས། །འཛམ་བུའི་གླིང་དུ་དར་ཞིང་རྒྱས་མཛད་ཅིང་། །ཁྱད་པར་བྲག་དམར་དཔལ་གྱི་མཆིམས་ཕུ་རུ། །རིག་འཛིན་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །ལྷ་སྲས་རྒྱལ་པོ་ཚངས་པའི་མེ་ཏོག་ལ།
(༢༢༣)སྒྲུབ་པ་བཀའ་བརྒྱད་དཀྱིལ་འཁོར་ཞལ་ཕྱེ་ཞིང་། །སེང་གེ་རྣམ་རོལ་ཁས་པུ་རི་ཡི་རྩེར། །གནོད་སྦྱིན་ཐམས་ཅད་དམ་ལ་བཞག་པའི་ཚེ། །སྲོག་སྙིང་ཕུལ་ཏེ་ཆད་ཐོབ་ཟུང་བ་ལྟར། །མཆོད་གཏོར་བཞེས་ལ་ཕྲིན་ལས་གྲུབ་པར་མཛོད། །དེ་རྗེས་ཚོགས་བདུན་རོལ་པ་བལ་པོའི་ཡུལ། །རང་སྣང་མཆོད་རྟེན་བྱ་རུང་ཁ་ཤོར་དུ། །རང་བྱུང་རྡོ་རྗེ་འཇིགས་མེད་གླིང་པ་ལ། །དབྱིངས་ཀྱི་མཁའ་འགྲོས་ནམ་མཁའ་མཛོད་ཀྱི་བརྡ། །ཡེ་ཤེས་ལྔ་ལྡན་སྤྲུལ་པའི་ཤོག་སེར་ལས། །བྲག་དམར་བྲེ་གུ་བརྩེགས་པའི་དགེའུ་རུ། །ཀུན་ཏུ་བཟང་པོ་དྲི་མེད་འོད་ཟེར་གྱིས། །བཀའ་རྒྱ་ལུང་རྫོགས་གཏད་རྒྱ་བཀོལ་བའི་ཚེ། །སྤྱན་གཅིག་ཁྲག་ཏུ་ཁོལ་བའི་མ་མོ་དང་། །བྱ་རོག་གཙུག་ཕུད་འཛིན་པའི་དྲང་སྲོང་གིས། ཁས་བླངས་ཐ་ཚིག་བཞིན་དུ་ཕྲིན་ལས་མཛོད། །བཤལ་ཆུ་གཏོར་མར་བྲན་ལ་བརྟན་མ་བསྐྱོང་བ་ནི། བྷྱོ། ཚོགས་བདག་བཀའ་ཡི་བདག་ཉིད་ནི། །ཁྲག་འཐུང་རྡོ་རྗེ་ནམ་མཁའི་ཡུམ། །གངས་རི་ཅན་གྱི་ཡུལ་ལྷ་ནི། །བདུད་དང་གནོད་སྦྱིན་སྨན་མོ་བཞི། །ཚུར་སྦྱོན་ཚུར་སྦྱོན་གཏོར་མ་ལོངས། །རྟེན་འབྲེལ་ཡན་ལག་བཅུ་གཉིས་དང་། །དུས་སྦྱོར་བཅུ་གཉིས་གནས་དག་པས། །བལ་བོད་མཚམས་ན་ཚེ་རིང་མ། །ལ་སྟོད་རྡོ་རྗེ་གཡའ་མ་སྐྱོང་། །གནོད་སྦྱིན་གངས་ལ་ཀུན་བཟང་མོ། །འབྲོག་ཆེན་འཁོར་འདུལ་བགེགས་ཀྱི་གཙོ། །ཇོ་མོ་གངས་རར་སྤྱན་གཅིག་མ། །བྱང་ནམ་མཁ་ལྡིང་ཀླུ་མོ་རྒྱལ། ཁ་རག་རྡོ་རྗེ་ཁྱུང་བཙུན་མ། །རྨ་ཆེན་པོ་མ་རར་དྲག་མོ་རྒྱལ། །ཀོང་བཙུན་དེ་མོ་བོད་ཁམས་སྐྱོང་། །འབྲོག་བཙན་རྡོ་རྗེ་སྨན་གཅིག་མ། །ཇོ་མོ་ནགས་རྒྱལ་གཡའ་མོ་བསིལ། །དབུས་ན་རྡོ་རྗེ་ཟུ་ལེ་
(༢༢༤)སྨན། །ཀུན་ཀྱང་པདྨའི་བཀའ་ཉན་ཏེ། །དམལ་གནས་ཤིང་རིགས་ལ་འགོ། །ཐ་ཚིག་བཞིན་དུ་གཏོར་མ་ལོངས། །མཐའ་ཡི་དམག་དང་རྒྱ་འདྲེའི་འཚུབ། །མུ་སྟེགས་འགྱུ་བའི་སྒོ་ཕྲང་དང་། །འགོང་པོ་སྤུན་དགུའི་ནད་དལ་སྲུངས། རྟག་ཆད་ཐར་པར་འཁྲུལ་བ་ཡི། །འཇིགས་ཚོགས་ལྟ་བ་དབུ་མར་ཟློག །བདེན་དོན་རྣམ་པ་བཅུ་གཉིས་ཀྱི། །བསྟན་པ་དར་བའི་ཕྲིན་ལས་མཛོད། །ཨཱོཾ་ལ་ལ། ལེ་ལེ། ཏཾ་ཏཾ། ཏེ་ཏེ་ཁ་རགྨམ་མ་སྲིད་འགྲོ་མ་ཧཱུྃ་བྷྱོ་ཧཱུྃ་ཧཱུྃ། གཏོར་གཞོང་རི་རབ་ཏུ་བསམ་པ་ཁ་སྤུབ་ལ། ཧཱུྃ། དམ་སྲི་བྱ་བའི་སྡིག་ཅན་ཁྱོད། །འགྲོ་བ་ཡོངས་ཀྱི་རྒྱུད་ལ་རྒོལ། །བྱང་ཆུབ་སེམས་ཀྱི་བརྟུལ་ཞུགས་བྲོས། །མནན་ནོ་སྟོང་ཆེན་འོག་ཏུ་མནན། །གཏད་དོ་ཆུ་སྲིན་གྲེ་བར་གཏད། །བསྒྱུར་རོ་གཤིན་རྗེའི་ཁ་རུ་བསྐྱུར། །བསྲེག་གོ་ཡེ་ཤེས་མེ་ཡིས་བསྲེག །བདག་ཏུ་ལྟ་བ་མ་ཞིག་པར། །བསྐལ་པ་ཞིག་ཀྱང་མི་གཏང་ངོ་། །ཨོཾ་ཨཱཧཱུྃ་སྟྭཾ་བྷ་ཡ་ལཾ་ནན། དེ་ནས་དངོས་གྲུབ་བླང་བ་ནི། སྔར་བཞིན་མཆོད་ཅིང་བསྟོད་ལ། ༈ །ཧཱུྃ། བྱིན་རླབས་ཀུན་གྱི་རྩ་བ་བླ་མ་ནི། དངོས་གྲུབ་སྩོལ་ཕྱིར་དཔལ་ཆེན་རོལ་པའི་ལྷ། །རྣམ་ཐར་སྒོ་གསུམ་ཐུགས་ཀྱི་དཀྱིལ་འཁོར་ནས། །རང་བཞིན་ཡོངས་གྲུབ་བྱང་ཆུབ་སེམས་ཀྱི་དངོས། །ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྩོལ། །ས་བཅུ་ལམ་ལྔ་དབང་བཅུ་ཕྱི་ནང་གཉིས། །རིག་འཛིན་བཞི་དང་སྐུ་ལྔ་ཡེ་ཤེས་ལྔ། །གྲུབ་ཆེན་བརྒྱད་དང་ཕྲིན་ལས་རྣམ་པ་བཞི། །འཁོར་བའི་རང་བཞིན་གློ་བུར་སྒྲིབ་པ་གཉིས། །ཀུན་གཞིའི་ཁམས་ལ་བགལ་ཉལ་གྱི་ཚུལ། །ཤིན་ཏུ་རྣམ་དག་རྣམ་ཀུན་མཆོག་ལྡན་གྱི། །དངོས་གྲུབ་དམ་པ་དེང་འདིར་སྩལ་དུ་གསོལ། །
(༢༢༥)རྩ་སྔགས་མཐར། དྷརྨ་ཀཱ་ཡ། སམྡྷོ་ཀཱ་ལ། ནི་རྨཱ་ཀཱ་ཡ། ཙིཏྟ་སིདྡྷི་ཕ་ལ་ཧཱུྃ། ཞེས་སྒྲུབ་རྫས་གནས་གསུམ་དུ་གཏུགས་ཤིང་མྱང་ངོ་། །སླར་ཡང་གཏང་རག་གི་མཆོད་བསྟོད་ཕུལ་ལ། བཤགས་པ་བྱ་བ་ནི། ཧོ། སྔགས་ཀྱི་དངོས་གྲུབ་མ་ལུས་པ། །དམ་ཚིག་ཉིད་ལ་བརྟེན་གྱུར་ཀྱང་། །རྨོངས་དང་མ་རིག་ཉོན་མོངས་པས། །ཟིལ་གྱིས་ནོན་པ་བདག་ཅག་ནི། །ཉེས་པ་དུ་མའི་སྣོད་ལགས་ཏེ། །མགོན་པོ་ཐུགས་རྗེ་ཆེ་རྣམས་ཀྱིས། །ཐུགས་ལ་ཁྲོ་བོ་མི་མངའ་ཡང་། །ལེགས་ཉེས་སྟངས་འཛིན་བདག་པོ་རྣམས། །སྐྱོན་མཐོང་ཙམ་ནས་ཆད་པ་གཅོད། །འགལ་ཞིང་ནོངས་པ་ཅི་མཆིས་པ། །མཐོལ་ལོ་བཤགས་སོ་ཚངས་བར་སྩོལ། །ཡི་གེ་བརྒྱ་པ་ལན་གསུམ་གྱིས་སྙིང་ནས་བཤགས་པར་བྱའོ། །ཉེར་བསྡུ་ནི། ཧཱུྃ། སྣོད་བཅུད་ལྷ་དང་གཞལ་ཡས་སུ། །ཤར་བ་དག་པའི་སྣོད་བཅུད་ཀྱང་། །རྟེན་ཉིད་བརྟེན་པ་ལྷ་རྣམས་ཀྱང་། །གཙོ་བོ་ལ་ཐིམ་དེ་ཡང་ཧཱུྃ། །ཞབས་ཀྱུ་ནས་བཟུང་ནཱ་དའི་བར། །རིམ་ཡལ་གདོད་མའི་གཤིས་སུ་ཨཱ། །ཞེས་མཉམ་པར་བཞག །སྤྱོད་ལམ་གྱི་རྣལ་འབྱོར་དུ་ལྡང་བ་ནི། སླར་ཡང་རིག་པ་བྱང་ཆུབ་སེམས། །རྗེས་ཐོབ་གཉུག་མའི་ཧེ་རུ་ཀ །ཕྱག་རྒྱ་གཅིག་པའི་གནས་གསུམ་དུ། །ཡི་གེས་མཚན་པས་རྣམ་རྟོག་བསྲུང་། བཛྲ་རཀྵ་ཧཾ ཞེས་རྡོ་རྗེའི་གོང་གོ་ཞིག་ཡི་གེ་བརྒྱ་པས་བརྟན་པར་བྱའོ། །དེ་ནས་བསྔོ་སྨོན་ནི། ཧཱུྃ། སྣང་གྲགས་རིག་པ་དཀྱིལ་འཁོར་གསུམ་གྱི་ངང་། །བསོད་ནམས་ཡེ་ཤེས་རིམ་གཉིས་རྣལ་འབྱོར་ཚོགས། །མི་གནས་ཡེ་ཤེས་མྱ་ངན་འདས་པར་བསྔོ། །ཀུན་ཀྱང་དཔལ་ཆེན་གོ་འཕང་ཐོབ་པར་ཤོག །ལན་གསུམ། བཀྲ་ཤིས་ནི། ཧཱུྃ། གདོད་མའི་མགོན་པོ་རིགས་ལྔ་གང་ཆེན་མཚོ།
(༢༢༦)སྐུ་ལྔ་ལྷུན་རྫོགས་སྤྲུལ་པའི་ཞིང་ཁམས་ལ། །བསྐལ་བཟང་སངས་རྒྱས་སྟོང་རྩ་བྱོན་པ་ཡི། །སྒྲོན་མའི་བསྐལ་བ་བཟང་པོའི་བཀྲ་ཤིས་ཤོག །སྟོང་གསུམ་མི་མཛོད་རྡོ་རྗེ་ཐེག་པའི་ཞིང་། །འཕུར་འགྲོའི་བསྟན་པ་འབྱུང་གནས་ཨུ་རྒྱན་ཡུལ། །གངས་རིའི་ཁྲོད་དུ་འབོད་པ་ཁྲི་སྲོང་རྗེའི། །ཐུགས་བསྐྱེད་བསྟན་པ་མཐའ་རྒྱས་བཀྲ་ཤིས་ཤོག །འཛམ་གླིང་ས་ཡི་ལྟེ་བ་རྡོ་རྗེའི་གདན། །པཎ་གྲུབ་ཆོས་རྒྱལ་མཛོམ་པ་ཆོས་འཁོར་གསུམ། །མདོ་སྔགས་བསྟན་པ་དར་བ་གངས་ཅན་ལྗོངས། །རྒྱལ་བསྟན་ཡུན་དུ་གནས་པའི་བཀྲ་ཤིས་ཤོག །ཆོས་སྐྱོང་རྒྱལ་པོ་ཚངས་པའི་མེ་ཏོག་གིས། །ལོ་པཎ་སྤྱན་དྲངས་དཀའ་བས་བཙལ་བའི་རྒྱུད། །ཅི་གར་དོར་ནས་རང་བཟོའི་སྔགས་རྒྱུད་ཀྱིས། །གངས་རིའི་ཁྲོད་འདི་སྐལ་བ་ངན་པར་བྱས། །རྒྱུད་ལས་ལུང་དང་ལུང་ལས་མན་ངག་ཏུ། །བསྡེབས་ནས་སྒྲུབ་ཐབས་ཕྲིན་ལས་སྟོན་པ་འདི། །ཨོ་རྒྱན་མཁན་པོའི་བཞེད་གཞུང་མ་ནོར་བྱིན། །ལུང་བསྟན་དུས་བབས་བསྟན་པ་འབའ་ཞིག་བསམ། །གསང་སྔགས་རང་གར་བླངས་དང་ཆོས་མཚུངས་རྒྱལ་རིགས་གང་ཟག་ལྷན་བརྒྱུད་ཀྱི། དབང་དང་བྱིན་རླབས་ཆུ་རྒྱུན་མ་ཉམས་དེ་ཡང་རྣམ་པར་རིག་པ་ཙམ། །ངོ་བོ་གཉིས་མེད་ཡེ་གྲོལ་ཆེན་པོ་ཆོས་ཉིད་ཕུར་བུའི་དབང་ཐོབ་པའི། །བྱིན་རླབས་ལྐོག་ཏུ་མ་གྱུར་ཡིན་ཅེས་འདི་ལ་ཉམས་ལེན་མཛོད་དང་གསམ། །ད་ལྟ་ཆོས་ཀྱི་བྱིན་རླབས་མ་ཉམས་ཀྱང་། །བསོད་ནམས་སྙིགས་མར་གྱུར་པའི་ལོ་གཤེས་ཀྱིས། །སྔགས་ཀྱི་དངོས་གྲུབ་བཟུང་བར་མི་ནུས་དུས། །ལས་ཅན་གཅིག་སྲིད་དེ་ཡིས་འཛིན་པར་ཤོག །ཅེས་པའང་རིག་འཛིན་གྱི་སློབ་དཔོན་པདྨ་སབྦྷ་ཝས་བྱིན་གྱིས་བརླབས་པའི་རྫོགས་ཆེན་པ་རང་བྱུང་རྡོ་རྗེ་འཇིགས་མེད་གླིང་པས་སོ།། །།དགེའོ། དགེའོ། དགེའོ། །
(༢༢༧)སྔ་འགྱུར་བཀའ་མའི་བདུད་རྩི་གསང་ནན་གྱི་འབྲེལ་བ་བཞུགས། །
(༢༢༨)དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །བདུད་རྩི་གསང་ནན་གྱི་དོན་ནི། །རྐང་པ་དང་པོ། མི་བསྐྱོན་ཡེ་ཤེས་བདེ་བའི་མཆོག་དང་ལྡན་པའི་རོལ་བསྣམ་དུ་གསོལ། །ཞེས་མི་བསྐྱོད་པ་ནི་མི་འགྱུར་བའི་དོན་དང་། དེའི་རང་བཞིན་ཡེ་ཤེས་ལས་གཞན་དུ་མི་འཕོ་བས་སྡུག་བསྔལ་མཐའ་དག་དང་བྲལ་བའི་བདེ་བ་ཆེན་པོ་སྟེ། གང་གི་བླ་ན་འཕྲོ་བའི་ཆོས་གཞན་མེད་པས་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའི་རོལ་ཟག་པ་མེད་པའི་ཤེས་རབ་ཀྱིས་མྱོང་བའི་རྐྱེན་གྱིས། ཐོབ་བྱ་ཐོབ་པའི་དོན་ལ་བསྣམ་དུ་གསོལ། །ཞེས་སངས་རྒྱས་རྣམས་ལ་དགྱེས་པ་བསྐྱེད་པའོ། །རྐང་པ་གཉིས་པ་སོགས་པ་ནི། བྱང་ཆུབ་སེམས་དཔའི་བདེ་མཆོག་དེ་ཉིད་འགོག་པ་རྣམས་ལས་བསླང་བའི་ཕྱིར། །ཆགས་པ་མེད་པའི་བདེ་མཆོག་ཀུན་ཏུ་མྱོང་མཛད་བཞེས་ཤིང་བསྣམ་
(༢༢༩)དུ་གསོལ། །ཞེས་པའི་དོན། བྱང་ཆུབ་སེམས་དཔའི་སྡེ་སྣོད་སྤྱི་དང་། ཁྱད་པར་རྡོ་རྗེ་ཐེག་པའི་དཔང་གསུམ་ལས་བྱུང་བའི་བདེ་མཆོག་དེ་ཉིད། ཐབས་དང་ཤེས་རབ་གཉིས་ཀས་སྤངས་པའི་ཉན་ཐོས་རྣམས་གོག་བདེན་ཅམ་པོ་པའི་བྱང་ཆུབ་ལས་སད་ཅིང་བསླང་བའི་ཕྱིར། རང་རང་གི་རིགས་ཀྱི་ཡུམ་དང་མཉམ་པར་རོལ་ནས་མ་ཆགས་མི་ཆགས་ཆགས་པ་མེད་པའི་བདེ་བ་ཆེན་པོའི་ཡེ་ཤེས་མཆོག་གི་བདག་ཉིད་ཅན་དུས་རེ་འགའ་བ་ལས་འདས་པའི་རྣམ་པ་ཀུན་ཏུ་ཁ་སྦྱོར་ཡན་ལག་བདུན་གྱི་བདག་ཉིད་དུ་ཉམས་སུ་མྱོང་བར་བསྐུལ་བའི་དོན་དུ་དམ་ཚིག་བདུད་རྩི་སྒྲ་བཅས་སུ་འཕྱར་ནས་བཞེས་ཤིང་བསྣམ་དུ་གསོལ། །ཞེས་གོ་འཕང་གང་ཞིག་བདག་གིར་མཛད་པར་སྐུལ་བའོ། །མཆོག་ཏུ་གསང་བའི་བདེ་ལ་རོལ་ཞིང་དམ་བཅས་འཇིག་རྟེན་སྒྲོལ། །བྱང་ཆུབ་སྐྱེ་གནས་བདེ་མཆོག་དབྱིངས་ལས་མི་ཉམས་དགའ་བའི་གར་མཛོད་
(༢༣༠)ཅིག །ཅེས་པས་དེ་ལྟ་བུའི་ཐབས་ཀྱི་མཐའ་ཕྱིན་པ་དེ་ཉིད་ཉན་ཐོས་ལ་སོགས་པས་ཐོས་སུའང་མི་རུང་ངས་མཆོག་ཏུ་གསང་བའི་བདེ་བ་ཆེན་པོ་སྟེ། ཆོས་ཉིད་གང་ལ་རྟག་ཏུ་རོལ་ཞིང་། དེ་ལྟར་རོལ་པའི་རྗེས་ཐོབ་ཐམས་ཅད་སྙིང་རྗེ་ཆེན་པོ་འབའ་ཞིག་ཏུ་འཆར་བས་དམ་བཅས་རང་རྒྱལ་རྣམས་གཞན་དོན་ལ་བསྐུལ། གཞན་རྣམས་དབང་དུ་བྱེད་པ་ཉིད་གཙོ་བོར་གྱུར་པའི་ཕྲིན་ལས་རྣམ་པ་བཞིས་འཇིག་རྟེན་སྒྲོལ་བ་ལ་བརྩོན་ནོ། །དེ་ཕྱིར་བྱང་ཆུབ་སྐྱེ་གནས་ཏེ་རྣམ་ཐར་སྒོ་གསུམ་གྱི་བདག་ཉིད་རྡོ་རྗེ་བཙུན་མོའི་བྷགས་བདེ་མཆོག་དམ་པའི་དབྱིངས་ལས་གཞན་དུ་མི་འགྱུར་ཞིང་འཕོ་ཆགས་མེད་པའི་དོན་གྱིས་མི་ཉམས་པ་དགའ་བ་བཞིའི་ཡེ་ཤེས་ལ་རོལ་པ་ཆེན་པོའི་ཟློས་གར་མཛོད་ཅིག་ཅེས་ཞུ་བ་དེའི་ཡེ་ཤེས་བསྐྱེད་པ་ལ་བསྐུལ་བ་ཡིན་ནོ། །ཞེན་ཅིང་ཆགས་པའི་མཐའ་ལ་ཉོན་མོངས་རྣོ་བསྐམས་གཟིར་བ་ཡིས། །མྱོང་བདེ་བདེ་མཆོག་བརྒྱད་དང་ལྡན་པས་ཐབས་ཀྱིས་སྐུལ་སྨྲེ་བར་མཛོད། །འགྲོ་ཀུན་ཚངས་པར་སྤྱོད་པའི་བྱང་ཆུབ་སྒོ་མོར་ལ་མ་སྟོན་ཅིང་། བདེ་མཆོག་བདུད་རྩི་ཁྱད་པར་མེད་པའི་ཚོགས་ལ་བཀའ་སྩོལ་ཅིག །ཅེས་པའི་དོན། སེམས་ཅན་རྣམས་ཀྱི་རང་བཞིན་ནི། གཟུང་འཛིན་ལ་ཞེན། འདོད་པ་ལ་ཆགས་པའི་མཐའ་གཉིས་ཀྱིས་ཉོན་མོངས་པའི་དཔལ་རྣོ་བརྐམས་ཆགས་ཀྱིས་གཟིར་ན། སྲིད་པའི་འདོད་ཆགས་ཀྱི་མྱོང་བདེ་ཐ་མལ་པ་འཁོར་བའི་རང་བཞིན་ཅན་དུ་གནས་པ་དེ་དག་རྡོ་རྗེ་ཐེག་པའི་ཐབས་ལམ་ཟབ་མོའི་དགའ་བཞི་བུགས་འབྱུང་བཞི་དང་ལུག་ལྡོག་བཞི་སྟེ་བདེ་མཆོག་གྱི་བདག་ཉིད་ལ་སྦྱོར་བའི་བྱེད་པོ་ནི་ལྷ་མོ་དགའ་སྟེར་གནས་སྟེར་མ་བྱོད་ལས་གཞན་དུ་མེད་པས་དམ་ཚིག་གི་བདུད་རྩི་གསང་ནམ་འདི་བཞེས་ལ་ཐབས་
(༢༣༡)ཀྱི་སྐུ་ལ་སྨྲེ་བར་མཛོད་ཀྱི་སྒྲས། །ཡུམ་གྱི་ཡབ་ལ་ཞུ་བདེའི་ཡེ་ཤེས་བསྐྱེད་པར་བསྐུལ་ཞིང་། དེ་ལྟར་ངང་དུ་བཞེས་པའི་རྒྱུ་འབྲས་སེམས་ཅན་གྱི་ཁམས་ལ་སྨིན་ཏེ། འགྲོ་བ་ཀུན་གྱི་སྲིད་པའི་འདོད་པ་སྔགས་ཀྱི་ཐབས་ལམ་ཟབ་མོ་ལ་བརྟེན་ནས་ཡང་དག་པར་སྦྱོངས་པའི། མ་ཆགས་པ་ལ་ཆགས་པ་མེད། །དེ་ནི་ཚངས་མཆོག་རྒྱལ་པོ་ཡིན། །ཞེས་པ་ལྟར་འཛག་བདེའི་རྒྱུན་ལམ་བཅད་པ་ཙམ་ལ་མ་ལྟོས་པར་འདོད་ཆགས་རྣམ་དག་སོ་སོར་རྟོག་པའི་ཡེ་ཤེས་སུ་ཤར་བའི་ཚངས་སྤྱོད་ཆེན་པོའི་བྱང་ཆུབ་སྒོ་མོར་ལ་མ་སྟོན་ཅིག་ཅེས། ཐར་བ་བསྟན་པའི་ཆོས་ཀྱི་བདུད་རྩི་ལ་བསྐུལ་བའོ། །དེ་ལྟ་བུའི་བདེ་མཆོག་གི་བདུད་རྩི་ནི་ཐབས་ཁྱད་པར་ཅན་འདི་ལ་མ་བསྟེན་པར་འབྱུང་བ་མེད་པས། ཁྱད་པར་མེད་པ་སེམས་ཅན་གྱི་ཁམས་རྣམ་པ་ཐམས་ཅད་ལ་སྩོལ་ཞིག་ཅེས་པ་སྟེ། ཉིན་བཞིན་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་ནི་བྱེད་པ་ཀུན། །འདི་ཡི་ལམ་གྱིས་གྲོལ་འགྱུར་ཏེ། །ཞེས་བཤད་པ་བཞིན་ནོ། །ཞེས་པ་འདི་ཡང་ཞབས་དྲུང་ཡང་སྟེང་པ་འཇིགས་མེད་དགའ་བའི་ངོར། རིག་པ་འཛིན་པ་འཇིགས་མེད་གླིང་པས་དོན་བསྡུ་གཙོ་བོར་བཏོན་ནས་ཡུད་ཙམ་ལ་བློ་ཐོག་ནས་བཀོད་པའོ། །དགེའོ། །དགེའོ། དགེའོ། མངྒ་ལཾ།། །།
(༢༣༢)བཅོམ་ལྡན་འདས་རྡོ་རྗེ་ཕུར་པ་རྒྱུད་ལུགས་ཀྱི་བསྙེན་པའི་ལས་བྱང་བཀོལ་བའི་དུམ་བུ་ཞེས་བྱ་བ་བཞུགས་སོ།།
(༢༣༣)བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་ཕུར་པ་རྒྱུད་ལུགས་ཀྱི་བསྙེན་པའི་ལས་བྱང་བཀོལ་བའི་དུམ་བུ་ཞེས་བྱ་བ། དཔལ་ཆེན་ཀརྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་ལ་གསུམ། སྔོན་འགྲོ་དངོས་གཞི་རྗེས་སོ། །དང་པོ་ལ་བདུན་ལས། དང་པོ་བདུན་རྣམ་དག་ནི། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པ། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་དབང་ཕྱུག་སེམས་ཅན་ལ། །དགོས་
(༢༣༤)པ་གསུམ་ཕྱིར་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ལན་གསུམ། གཉིས་པ་ཕྱི་རོལ་པ་བསྐྲད་པ་ནི། གཏོར་མ་འབྲུ་གསུམ་གྱིས་བརླབས་ནས། །ཧཱུྃ་ཉོན་ཅིག་བགེགས་དང་ལོག་བདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ལུས་ཀྱང་དུམ་བུ་སྟོང་དུ་གཏུབས། །སྙིང་ཡང་ཚལ་པ་བདུན་དུ་ཁོས། །ཞེས་དང་ཧཱུྃ་བཞིའི་སྔགས་ཀྱིས་བསྐྲད། །གསུམ་པ་མཚམས་གཅོད་ནི། ཧཱུྃ་ཁམས་གསུམ་གདུག་པ་བསྒྲལ་བའི་ཕྱིར། །ཚམ་རྔམས་གཟུགས་ནི་གློག་ལྟར་འབར། །མེ་རླུང་ཆུ་ཡིས་བསྲེགས་གཏོར་བཀྲུས། །ཉེས་བྱེད་གསུམ་ཡང་སྲིད་པར་གྲོལ། །བཛྲ་ཛྭ་ལ་རཾ། རཾ་ཡཾ་ཁཾ།
(༢༣༥)བཞི་པ་བཤགས་པས་རྒྱུད་དག་པར་བྱ་བ་ནི། ཨོཾ་ཡེ་ཤེས་ལྔ་ལྡན་བླ་མ་རྡོ་རྗེ་འཛིན། །རྡོ་རྗེ་རིགས་ཀྱི་ལྷ་ཚོགས་དགོངས་སུ་གསོལ། །ཁྲག་འཐུང་ཁྲོ་བོ་ཁྲོ་མོས་བྱིན་གྱིས་རློབས། །བདག་གི་ལུས་ཀྱིས་སྲོག་གཅོད་མ་བྱིན་བླངས། །མི་ཚངས་སྤྱད་ཅིང་ཏིར་འཛིན་སྒུ་མ་གསལ། །སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཨ བདག་གི་ངག་གིས་རྫུན་དང་ཕྲ་མ་དང་། །ངག་འཁྱལ་ཚིག་རྩུབ་བཟླས་བརྗོད་གྲངས་མ་སྐྱོལ། །རྡོ་རྗེ་བཟླས་པའི་དོན་ནི་མ་རྟོགས་ཏེ། །གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །བཛྲ། བདག་གིས་སྣོད་ལྡན་སེམས་ཅན་ཐམས་ཅད་ལ། །བརྣབ་སེམས་གནོད་སེམས་ལོག་ལྟ་སྐྱེས་པ་དང་། །ཆོས་ཉིད་ཟབ་མོའི་དོན་ནི་མ་རྟོགས་ཏེ། །ལྟ་བ་ཐུགས་ཀྱི་དམ་ཚིག་ཉམས་པ་བཤགས། །ས། སེམས་ཅན་ཐམས་ཅད་ཡེ་ནས་སངས་རྒྱས་རྒྱུ། །མ་རྟོགས་བདག་གིས་བརྔན་དང་སྐྱོན་དུ་བགྲངས། །སངས་རྒྱས་ཡོན་ཏན་མཐའ་ཡས་མ་བརྗོད་ཅིང་། །ཡོན་ཏན་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཏྲ། སངས་རྒྱས་ཕྲིན་ལས་སྣ་ཚོགས་དཔག་མེད་ཀྱི། །སྙིང་རྗེ་ཆེན་པོས་སེམས་ཅན་དོན་མ་བྱས། །བདུད་རྩི་ལྔ་ལ་ལོངས་སྤྱོད་མ་ནུས་ཤིང་། །ཕྲིན་ལས་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། ཧཱུྃ། སྐྱེ་བ་རྣམ་བཞིས་བསྡུས་པའི་སེམས་ཅན་རྣམས། །ཆོས་སྐུ་རྣམ་དག་དབྱིངས་ལས་གཟུགས་སྐུར་སྣང་། །བདེ་བ་ཆེན་པོས་ཀུན་ལ་ཁྱབ་དམིགས་ཏེ། །ཡང་དག་དོན་མ་རྟོགས་པ་མཐོལ་ལོ་བཤགས། །ལྔ་པ་དམ་བཅའ་བ། སྤྲོས་པ་ཆུང་ན་མི་དགོས་ནི་ལྷག་པའི་བསམ་པ་བརྟན་པོས། །ཨོཾ་རྣལ་འབྱོར་དབང་
(༢༣༦)པོ་ཡེ་ཤེས་མཐར་ཕྱིན་པ། །འགྲོ་ལ་ཕན་མཛད་ཐུགས་རྗེས་དབང་བསྒྱུར་ཞིང་། །སྲིད་པ་གསུམ་གྱི་གཉེན་རྒྱུད་གཅིག་པུ་པ། །ལྷ་ཡི་ལྷ་ཁྱོད་བདག་ལ་དགོངས་སུ་གསོལ། །བདེ་བར་གཤེགས་པའི་སྤྲུལ་བརྒྱ་མཚོ་དང་། །རྣལ་འབྱོར་དབང་ཕྱུག་གྲུབ་པའི་ཚོགས་ཆེན་པོ། །ལྷ་དང་ལྟ་མིན་སྔགས་འཆང་དམ་ཚིག་ཅན། །ཀུན་ནས་འདུས་པ་རྣམས་ཀྱང་དགོངས་སུ་གསོལ། །བདག་ནི་རྒྱལ་སྲིད་མཐོ་རིས་ལོངས་སྤྱོད་དང་། །འདོད་པའི་ཡོན་ཏན་བདག་བསྒྲུབ་མ་ལགས་ཏེ། །འགྲོ་ལ་སྙིང་བརྩེ་ཁོ་ནས་དོན་བརྩོན་པ། །འདི་ལ་ཀུན་མཁྱེན་ཁྱོད་ནི་དཔང་དུ་གསོལ། །མགོན་པོ་ཡེ་ཤེས་སྒྲིབ་པ་མི་མངའ་བས། །བདག་གི་ལྷག་པའི་བསམ་པ་ཁྱེད་ཀྱིས་མཁྱེན། །འཕགས་མཆོག་སྤྱན་སྔར་ཇི་ལྟར་དམ་བཅས་པ། །སུན་པར་མི་བགྱི་མགོན་ཁྱོད་བསླུ་མ་ལགས། །སྙིང་ནས་བདག་གིས་ཁེ་དང་གྲགས་ལ་སོགས། །གཡོ་དང་ཟང་ཟིང་སེམས་ནི་གཏན་སྤངས་ནས། །གཞན་དོན་སྒྲུབ་པ་གཅིག་པོའི་སེམས་བཞག་སྟེ། །རྣལ་འབྱོར་སྤྱོད་པ་ཆེན་པོ་བདག་གིས་སྤྱོད། །ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡི། །བྱང་ཆུབ་མཆོག་ཏུ་བདག་གིས་སེམས་བསྐྱེད་དེ། །དོན་དམ་དང་ནི་ཀུན་རྫོབ་བྱང་ཆུབ་སེམས། །དེང་ནས་ཚུལ་བཞིན་ཡོངས་སུ་གཟུང་བར་བགྱི། །སྲོག་ཆགས་ཐམས་ཅད་གལ་ཏེ་བདུད་གྱུར་ནས། །དུམ་བུ་སྟོང་དུ་བདག་གི་ལུས་གཏུབ་ཀྱང་། །བྱང་ཆུབ་སེམས་མཆོག་ཤེས་རབ་སྙིང་རྗེ་དང་། །ཡི་དམ་རྒྱལ་བ་ཁྱོད་ནི་ཡོངས་མི་སྤོང་། །རྡོ་རྗེའི་དམ་ཚིག་ཆེན་པོ་རྣམས་དང་ནི། །རྡོ་རྗེ་སློབ་དཔོན་རྡོ་རྗེ་མཆེད་
(༢༣༧)ལྕམ་དང་། །གཞན་ཡང་ཐེག་པ་མཆོག་ལ་ཞུགས་པ་རྣམས། །སྲོག་གི་ཕྱིར་ཡང་མི་གཏོང་ཅི་ནུས་བསྲུང་། །འཁོར་བ་བདག་མེད་སྒྱུ་མའི་རང་བཞིན་ལ། །བདག་ནི་འཇིགས་པ་ཅི་ཡང་མ་མཆིས་ཏེ། །མ་རིག་སྐྱེ་བོ་རྣམས་ཀྱི་དོན་སླད་དུ། །ཕྱེ་མཐར་ཐུག་གི་བར་དུ་གནས་པར་སྤྲོ། །གཞན་དོན་འཁོར་བ་རྣམས་སུ་སྤྱོད་པ་ན། །བྱང་ཆུབ་སྤྱོད་པ་རླབས་ཆེན་བདག་གིས་སྤྱད། །འགྲོ་དྲུག་སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །རང་དབང་དུ་ནི་སྐྱེ་བ་བླང་བར་བགྱི། །བདག་ནི་ཡོངས་སུ་བཟུང་བའི་འཇིག་རྟེན་ནམ། །མྱ་ངན་འདས་ལ་སྤྲོ་བ་མ་མཆིས་ཏེ། །གང་དང་གང་དུ་སྡུག་བསྔལ་གནས་རྣམས་སུ། །བསྐལ་པ་རྒྱ་མཚོར་གནས་ཤིང་ཕན་པར་བགྱི། །སྲིད་པར་ཡུན་རིང་དུས་སུ་བརྩོན་པ་ནི། །བྱང་ཆུབ་སེམས་དཔའི་ཡི་དམ་ལགས་པས་ན། ཇི་སྲིད་ངན་སོང་སྟོངས་པར་མ་གྱུར་པ། །དེ་སྲིད་བདག་གིས་སྐྱོ་བའི་སེམས་མི་བསྐྱེད། །ཤེས་རབ་ཐབས་ཀྱིས་འགྲོ་བའི་དོན་བགྱིད་པ། །སྙིང་རྗེའི་ལོངས་སྤྱོད་དེ་ལས་མ་མཆིས་པས། །སེམས་དམྱལ་ཡི་དྭགས་གཤིན་རྗེའི་འཇིག་རྟེན་ཡང་། །ལྷ་ཡི་དགའ་ཚལ་ལྟ་བུར་བལྟ་བར་བགྱི། །འགྲོ་ལ་ཐུགས་རྗེ་དཔལ་གྱི་མགུར་ནས་གསུང་། །རྣལ་འབྱོར་དམ་ཆོས་བདུད་རྩི་མཆོག་རྣམས་ནི། །བདག་གིས་འཇིག་རྟེན་ཐུག་པར་མ་མཆིས་པར། །ཇི་ལྟར་འཚམས་པ་བཞིན་དུ་རྒྱས་པར་བགྱི། །སྲིད་པར་ལས་དང་རྐྱེན་གྱི་དབང་གྱུར་ཏེ། །གང་དང་གང་དུ་དམ་ཆོས་འཇིགས་པ་དེར། །མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །ཕྱི་མཐར་ཐུག་གི་བར་དུ་དམ་ཆོས་བཟུང་། །བླ་མེད་བྱང་ཆུབ་མཆོག་ཏུ་
(༢༣༨)སེམས་བསྐྱེད་དེ། །སྒྲུབ་པ་མཆོག་ལ་ཞུགས་པའི་སྐྱེ་བོ་ལ། །ཚེ་རབས་རྣམས་སུ་མཐུ་རྩལ་ཅི་མཆིས་ཀྱིས། །སྐྱེས་ཆེན་རྣམས་ཀྱི་དགོངས་པ་རྟག་ཏུ་བསྐང་། །དམ་པའི་ཆོས་དང་སྒྲུབ་པའི་གེགས་གྱུར་པ། །མི་དང་མི་མིན་གདུག་པ་གང་ཡང་རུང་། །བདག་གིས་ཞི་དང་ཁྲོ་བོའི་ཕྲིན་ལས་ཀྱིས། །ཡོངས་སུ་ཞི་ཞིང་རྣམ་པར་གཞོམ་པར་བགྱི། །རྣལ་འབྱོར་མཆོག་གི་ཐེག་ཆེན་བླ་མེད་དང་། །རྡོ་རྗེ་རྒྱལ་པོ་ཁྱོད་ལ་བརྟེན་ནས་ནི། །སངས་རྒྱས་ཞིང་སྤྱོད་འགྲོ་ལ་སྨན་སླད་དུ། །བྱང་ཆུབ་སྙིང་པོ་བདག་གིས་རྟོགས་པར་བགྱི། །བདག་ནི་འཕགས་མཆོག་ཕྱག་རྒྱ་མངོན་སྤྲུལ་ཏེ། །གལ་ཏེ་སྐབས་མེད་འཆི་བའི་དུས་བྱུང་ཚེ། །གསང་སྔགས་མགོན་པོ་ཡེ་ཤེས་དཀྱིལ་འཁོར་ཅན། །ཁྱེད་ཀྱི་ཞབས་ཀྱི་དྲུང་དུ་མཆི་བར་བགྱི། །སྲིད་གསུམ་སྡུག་བསྔལ་ཅི་འདྲ་ཁྱེད་ཀྱིས་མཁྱེན། །དམྱལ་སོགས་མེ་དཔུང་ཞེ་པར་བགྱིད་ལ་སོགས། །སེམས་ཅན་དོན་ལ་མྱུར་དུ་བདག་མཆི་ན། །དམ་པ་རྣམས་ཀྱིས་ནུས་མཐུ་སྩལ་དུ་གསོལ། །དྲུག་པ་བྱིན་དབབ་པ་ནི། །ཧཱུྃ་འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། །ཁྱད་པར་བསྟན་པའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བྱིན་གྱིས་རློབ་པའི་དུས་ལ་བབ། །དབང་མཆོག་བསྐུར་བའི་དུས་ལ་བབ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དབང་ཆེན་དབང་བསྐུར་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བདག་ཅག་ལས་འབྲས་མཆིས་པར་མཛོད། །
(༢༣༩)ཧཱུྃ་ཧཱུྃ་ཧཱུྃ། བདུན་པ་མཆོད་རྫས་བརླབ་པ་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ནི། །ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་ཧཱུྃ། པུཥྤེ་ཏྲཱཾ། ཨཱ་ལི་ཀི་ཧྲཱི གྷནྡྷེ་ཨ། ལཱ་སྱེ་ཧཱུྃ། མཱ་ལེ་ཏྲཱཾ། གཱི་རྟི་ཧྲཱི། ནཱི་རྟི་ཨཱ། ཝ་ནི་ཧཱུྃ། ཝཾ་སོ་ཏྲཱཾ། མྲྀ་ཏཾ་གི་ཧྲཱི མུ་རཉྒྲེ་ཨ རཱུ་པ་ཧཱུྃ། སྦརེྴ་ཏྲཱཾ། རཱ་ས་ཧྲཱི། དྷརྨ་དྷཱ་ཏུ་ཨཱ ལན་གསུམ། གཉིས་པ་ནི། ཨོཾ་ཨཱཧཱུྃ་སརྦ་བཉྩ་ཨ་མྲི་ཏ་ཧཱུྃ་ཧྲཱི་ཋ ཨོཾ་མ་ཧཱ་བ་ལི༚་ཏ་ཏེ་ཛྭ་བ་ལི༚་ཏ་བ་ལ་བཱ་དྱ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། ཨོཾ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱི་ཋ ལན་གསུམ་རེ་བྱའོ། །གཉིས་པ་དངོས་གཞི་ལ་སྤྱང་གཞི་མ་དག་པ་སྣོད་བཅུད་དུ་འཛིན་པའི་སྣང་ཞེན་དང་། སྐྱེ་གནས་བཞིའི་བག་ཆགས་ཐབས་བསྐྱེད་པའི་རིམ་པས་སྤྱོང་བར་བྱེད་པ་ལ་རྣམ་གྲངས་བཅོ་ལྔ་ལས། དང་པོ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དུ་ལྡང་བ་ནི། །ཧཱུྃ་རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །མཚོན་ཆེན་སྔོན་པོ་འབར་བ་ཡིས། །ནམ་མཁའི་དཀྱིལ་ནས་ཐིག་པ་ཤར། །སྲོག་གི་གོ་རུ་ཤར་བ་དང་། །སྙིང་གི་གོ་རུ་བསྒོམ་པར་བྱ། །གཉིས་པ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀུན་སྣང་དུ་བསྒོམ་པ་ནི། །ཧཱུྃ་བྱམས་དང་སྙིང་རྗེ་དགའ་བ་དང་། །བཏང་སྙོམས་བཞིས་བསྒྲལ་དམ་ཚིག་ནི། །གསད་ཅིང་གནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེས་གཏམ་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །གསུམ་པ་རྣམ་ཤེས་རྡོ་རྗེས་མཚན་ཉིད་རྒྱུའི་ཏིང་འཛིན་ཧཱུྃ་ལས་རྟེན་གཞལ་ཡས་ཁང་བསྐྱེད་པ་ནི། ཧཱུྃ་ཨེ་ཡཾ་རཾ་སུཾ་ཀེ༚་རཾ་བྷྲཱུཾ་བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜལ་བྷྲཱུཾ། སྲོག་ལས་ནམ་མཁའ་གྲུ་གསུམ་དང་། །རླུང་ཁྲག་ཤ་ཆེན་ཀེང་རུས་མེ། །འཇིགས་པའི་དུར་ཁྲོད་
(༢༤༠)གཞལ་ཡས་ཁང་། །སྒྲ་ཡི་རྐྱེན་གྱིས་རབ་ཏུ་རྫོགས། །ཏིང་འཛིན་དཀྱིལ་འཁོར་རྒྱུ་གཉིས་ཀྱིས། །མཛེས་ཤིང་འཇིགས་པར་རབ་ཏུ་གནས། །ཕྱི་ནི་རིན་ཆེན་ལྔ་ལས་གྲུབ། །དབུས་སུ་ནོར་བུ་བཻ་ཌཱུ་རྱ། །ཤར་ནི་ཤེལ་ཡིན་ལྷོ་ནི་གསེར། །ཆུབ་ནི་པདྨ་རཱ་ག་ལ། །བྱང་ནི་ཨིནྡྲ་ནཱི་ལར་གནས། །རིན་ཆེན་ལྔ་ཡི་རྩིག་པས་མཛེས། །འདོད་ཡོན་ལྷ་མོ་རིན་ཆེན་བརྡར། །མེ་ཏོག་ཕྲེང་བ་མུ་ཏིག་ཧར། །ཏྭ་ར་ཎ་ཞིང་འཁོར་ལོ་གདུགས། །བ་དན་ལ་སོགས་རབ་ཏུ་མཛེས། །ཏོག་ནི་རྡོ་རྗེ་རྩེ་དགུ་པའོ། །ནང་ནི་དུར་ཁྲོད་གཞལ་ཡས་ཁང་། །ཀླུ་ཆེན་བརྒྱད་ཀྱི་ཀ་བ་ལ། །ཉི་མ་ཟླ་བ་ལྷ་ཡི་བུ། །ཀ་གདན་ཀ་ཏུ་མཛེས་པར་གནས། །ལྷ་ཆེན་བརྒྱད་ཀྱི་གདུང་ལ་ནི། །ཟླ་བའི་སྐར་ཁུང་ཡང་དག་གནས། །གཟའ་ཆེན་བརྒྱད་ཀྱི་ལྕམ་ལ་ནི། །ཉི་མའི་མཐོངས་ཁུར་བ་ནུ་ཡིས་མཛེས། །ཉི་ཤུ་རྩ་བརྒྱད་རྒྱུ་སྐར་གྱི། །དྲལ་མ་རྣམས་སུ་རབ་ཏུ་མཛེས། །ཐོད་པ་སྐམ་རློན་ར་རིས་ཀྱི། །ཕྱོགས་བཞིའི་རྩིག་པ་རབ་ཏུ་བྱས། །འབྱུང་པོ་བསྣོལ་བས་མ་ཐེམ་བྱས། །ཆུ་སྲིན་ལ་ཐེམ་ཉིད་དུ་བྱས། །རོ་རློན་ལོགས་ཀྱི་སྐྱེས་བུ་ལ། །རིགས་བཞི་ཀླུ་ཡི་སྒོ་བཞི་མཛེས། །དབུས་ཀྱི་གྲུ་གསུམ་མཐིང་ནག་ལ། །ཟླ་གམ་དམར་པོ་གསུམ་དང་ལྡན། །འཁོར་ལོ་རྩིབས་བརྒྱད་ནག་པོར་གནས། །དུར་ཁྲོད་བརྒྱད་དུ་གནས་པ་སྟེ། །མཚོ་དང་རླུང་དང་སྤྲིན་དང་ནི། །ཞིང་སྐྱོང་ཕྱོགས་སྐྱོང་མཆོད་རྟེན་དང་། །བྲག་དང་མེ་ཡི་རྣམ་པར་གནས། །རོ་ནི་རློན་པ་རི་ར་དང་། །ཀེང་རུས་བམ་རུལ་རྣམ་པར་འཐོར། །
(༢༤༡)བྱ་གཅན་འཇིགས་པའི་མ་མོ་དང་། །སྲིད་པའི་མཁའ་འགྲོ་མང་པོ་གནས། །གཞལ་ཡས་མཛེས་ཤིང་འཇིགས་པ་དེར། །བཞི་པ་གདན་བསྐྱེད་པ་ནི། །རཱུ་ཏྲ་ཀྲོ་དྷི་ཏི་ར་བཾ། པཾ་པདྨ་མཎྜལ། མ་སཱུརྱ་མཎྜལ། ཨ་ཙནྡྲ་མཎྜལ། རཱུ་ཏྲ་ཕོ་མོ་དམ་སྲི་བཅུ། །བདུད་བཞི་བགྲེགས་བཞི་ཕོ་མོ་རྣམས། ཁ་སྦུབ་གན་རྐྱལ་བྱི་ཆིངས་མན། །པདྨ་ཉི་ཟླ་ཡོན་ཏན་སྤྲས། །རབ་བསྐྱེད་འོད་ཟེར་རབ་ཏུ་འཁྲུགས། །ལྔ་པ་བརྟེན་པའི་ལྷ་བསྐྱེད་པ་ལ་གསུམ་ལས། དང་པོ་བདག་ཉིད་རྩ་བའི་དཀྱིལ་འཁོར་བསྐྱེད་པ་ལའང་གཉིས་ཀྱི། །དང་པོ་སངས་རྒྱས་ཀྱི་སྲས་སུ་བདག་བྱ་བ་ནི། །ཨོཾ་བཛྲ་སཏྭ་ཧཱུྃ། རྡོ་རྗེ་ཧཱུྃ་ཡིག་ཡོངས་གྱུར་ལས། །རྡོ་རྗེ་སེམས་དཔའ་ཡབ་ཡུམ་ནི། །མཚན་དང་དཔེ་བྱད་ཡང་དག་རྫོགས། །རྡོ་རྗེ་ དྲིལ་བུ ་བདེ་བར་འཁྱུད། །ཀུནྡ་ལྟ་བུར་དཀར་བའི་མདོག ་།རིགས་ལྔ་ཁྲག་འཐུང་ཡབ་ཡུམ་བཅུ། །འདུས་པའི་རྡོ་རྗེ་གཞོན་ནུའི་སྐུ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དཱིཔྟ་ཙརྐ་ཧ་ན་ཧ་ན་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེ་སྡང་ཁྲག་ཐུང་རྒྱལ་པོ་དང་། །བདེ་བར་སྒྲོལ་བར་བྱེད་པའི་ཡུམ། །ཁྲོ་ཞིང་རྔམ་པའི་ཚུལ་བསྐྱེད་པས། །གདུག་པ་མ་ལུས་སྒྲོལ་བར་བྱེད། །ཨ་དང་ཧཱུྃ་ལས་རབ་ཏུ་སྦྱར། །ཡུམ་གྱིས་ཡབ་ཀྱི་ལ་ལྕེ་གཞིབས་ནས། །ཡུམ་གྱིས་ཐུགས་ཀར་ཨུཏྤལ་གཏད། །གདུང་བའི་ང་རོས་འདི་སྐད་བརྗོད། །ཧཱུྃ་རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །སྲིད་པ་རྡོ་རྗེར་གྲུབ་མཛོད་ཅིག །སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོར་གྲུབ་པར་མཛོད། །གཉིས་པ་བདག་གི་སྲས་སུ་སངས་རྒྱས་བྱ་བ་ན། །ཡབ་ཡུམ་སྦྱོར་བ་མཛད་པ་ལས། །དགྱེས་མཆོད་
(༢༤༢)གསང་བ་སོ་སོར་ཐོབ། །སྥ་ར་ཎ་ཕཊ་བརྗོད་པའི། འོད་ཀྱིས་སྲས་བཅས་རྒྱལ་བ་མཆོད། །སེམས་ཅན་ཀུན་གྱི་སྒྲིབ་པ་སྦྱངས། །སཾ་ཧར་ཎ་ཧཱུྃ། བརྗོད་པས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས། །བཀྲུག་ནས་ཡུམ་གྱི་མཁའ་རུ་བསྟིམ། །བདེ་ཆེན་བྱང་ཆུབ་སེམས་སུ་གྱུར། །རྡོ་རྗེའི་དམ་ཚིག་ཨེ་མ་ཧོ། །གཉིས་མེད་དགྱེས་པ་ཆེན་པོའི་ངང་། །ཡབ་ཡུམ་འོད་ཞུ་ཡི་གེ་ཧཱུྃ། །ཡོངས་གྱུར་འབྲས་བུའི་ཉེ་རུ་ཀ །དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི། །སྒེག་པ་དཔའ་བ་གར་དགུ་པ། །རྫུ་འཕྲུལ་ཞབས་བཞི་དོར་སྟབས་བགྲད། །རྣམ་པར་ཐར་པའི་དབུ་གསུམ་གྱིས། །སྐྲག་མཛད་བཞད་གཤེ་ཁྲོ་བོའི་ཞལ། །གཡས་པ་ལྗང་ནག་གཡོན་དམར་ནག །སྤྱན་དམར་སྨིན་མ་སྨ་ར་སེར་ཁྲོ་གཉེར་ཆུ་ཡི་རླབས་བཞིན་འཁྲུག །ཕ་རོལ་ཕྱིན་དྲུག་མཚོན་པ་ཡི། །ཕྱག་དྲུག་གཡས་ཀྱི་དང་པོ་ནི། །གསེར་གྱི་རྡོ་རྗེ་རྩེ་དགུ་དང་། །གཡོན་གྱི་དང་པོ་མེ་དཔུང་བསྣམས། །གཡས་པ་རྡོ་རྗེ་རྩེ་ལྔ་དང་། །དགྲ་སྟྭ་རྡོ་རྗེ་ཐོ་བའོ། ཁ་ཊྲཱཾ་ཐོད་དབྱུག་ལྕགས་ཀྱུ་གཡོན། །གཡས་ཀྱི་ཐམ་ཕུར་པ་དང་། །གཡོན་ན་ཕྲ་མེན་རྦོད་གཏོང་ནི། །ཁྱུང་དང་བུ་རྒོད་འུགུ་པ་དང་། །ཁྲ་དང་བྱ་རོག་ཕོ་ཉར་འགྱེད། །རྡོ་རྗེའི་གཤོག་པས་སྲིད་གསུམ་གནོན། །མཐིང་ནག་སྐུ་ལ་དུར་ཁྲོད་ཆས། །རིགས་ལྔ་ཐོད་པ་ལྔ་ཡིས་བརྒྱན། །ཀླུ་ཆེན་བརྒྱད་དང་ཐོད་པས་བརྒྱན། །འཁོར་ལོ་རྒྱས་བདེ་བས་བེ་བའི་ཡུམ། །སྤྲུལ་དང་ཐོད་པ་གཟིག་གིས་བརྒྱན། །དྲིལ་བུ་ཐོད་ཁྲག་ཕྱག་ན་བསྣམས། །ཨེ་ཀ་ཛ་ཊི་སྒྲོལ་
(༢༤༣)བའི་ཡུམ། །གྲི་གུག་ཐོད་ཁྲག་ཁམས་གསུམ་སྒྲོལ། །རེ་འགའ་ཁ་ཊཱཾ་རྩེ་གསུམ་བསྣམས། །གཡེར་ཁ་ དྲིལ་བུ ་ཉིད་ལས་ཀྱང་། །རྟོག་མེད་ཆོས་ཀྱི་སྒྲ་འབྱིན་མ། །མ་མོ་དྲུག་ཅུ་ཕོ་ཉར་འགྱེད། །ཨོཾ་བཛྲ་ཀཱི་ལ་ཀཱི་ལ་ཡ་ཕཊ་ཛ། མ་ཧཱ་བྷོ་བྷི་ཙིཏྟ་མཎྜལ་ཧཱུྃ་ཕཊ། ཡབ་ཡུམ་འདོད་ཆགས་ང་རོ་བརྗོད། །བྱིན་གཉིས་དམ་དུ་རབ་འཁྱུད་དེ། །ལག་པ་དམ་འཁྱུད་མ་མཆུ་གཞིབས། །རྡོ་རྗེས་དམ་ཚིག་གླུ་ཡིས་བསྐུལ། །ཧཱུྃ་སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པའི། །སྐུ་ཡི་དབྱིག་སུ་སྲས་བསྐྱེད་ཅིག །གཉིས་པ་ཕུར་པ་རྫས་ཀྱི་དཀྱིལ་འཁོར་སྲས་ཀྱི་རང་བཞིན་དུ་བསྐྱེད་པ་ནི། ཨོཾ་བཛྲ་བུདྡྷ་རཏྣ་པདྨ་ཀརྨཱ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ། རྡོ་རྗེ་རིན་ཆེན་པདྨ་ལས། །དེ་བཞིན་རིགས་ཀྱི་སྲས་མཆོག་ལྔ། །སྟོད་ནི་གཙོ་བོ་ཡབ་འདྲ་ལ། །སྨད་ནི་ཆུ་སྲིན་ཕུར་བུ་དཔལ། །དུས་མཐའི་མེ་ལྕེ་འུར་འུར་འབར། །སྐུ་གཅིག་ངང་ལ་སྐུ་གསུམ་རྫོགས། །རྒྱ་མདུད་མང་ནས་སྔགས་ཀྱི་སྒྲ། །འབྲུག་སྟོང་ལྟ་བུར་ལྡིར་ཞིང་སྒྲོགས། །ཆུ་སྲིན་ཁ་ནས་མེ་ལྕེ་འོད། །གློག་ལྟར་འཁྱུག་ཅིང་སྲོང་གསུམ་གསལ། །སྡིག་སྤྲུལ་སྦལ་ལྕོང་ཆོ་འཕྲུལ་འགྱེད། །སྟོང་གསུམ་གང་ཞིང་ཀླུ་རྣམས་འདུལ། །ཐུགས་ཀ་དཔལ་བེའུའི་དཀྱིལ་འཁོར་ན། །བཞི་བཅུ་རྩ་བདུན་ལྷ་ཚོགས་དང་། །དབུ་ལ་རིགས་ལྔ་ཁྲག་འཐུང་རྫོགས། །དཀྱིལ་འཁོར་ཡོངས་རྫོགས་བདག་ཉིད་ཅན། །དགྲ་སྟྭ་གཡས་ལ་རང་རྟགས་གཡོན། །བར་པ་ཁ་ཊཱཾ་གཏུན་ཤིང་དང་། །ཐ་མ་རི་རབ་ཕུར་བུ་དྲིལ། །རྒྱུད་ལྔ་ཡེ་ཤེས་ལྔ་རུ་གྲོལ། །དུག་ལྔ་རྩད་ནས་གཅོད་
(༢༤༤)པར་བྱེད། །སངས་རྒྱས་འདུས་པ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་བྱིན་གྱིས་བརླབ། །ཨོཾ་ཨཱཧཱུྃ་ཀྵ་ཡ་ཝཱཀྐ་ཙིཏྟ་བཛྲ་ནན། གསུམ་པ་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་བསྐྱེད་པ་ནི། །གདུག་པའི་ཕྱོགས་སྐྱོང་ཚར་གཅད་ཕྱིར། །ཡབ་ཡུམ་བདེ་བའི་སྒོ་བ་བཅུ། །ཕྱུང་སྟེ་ཕྱོགས་བཅུར་རབ་ཏུ་སྐྲོ། །ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱར་ཧཱུྃ། གརྫ་ཧཱུྃ་ཕཊ། གརྫ་ཧཱུྃ་ཕཊ། སྟེང་ཕྱོགས་ཉི་ཟླའི་གདན་སྟེང་དུ། །ཁྲོ་བོ་རྡོ་རྗེ་ཧཱུྃ་མཛད་དང་། །ཡུམ་ཆེན་རྡོ་རྗེ་སྒྲ་འབྱིན་མ། །སྤྲུལ་པ་ཕག་དང་རྨིག་བུའི་མགོ། །ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ། ཧ་ན་ཧཱུྃ་ཕཊ། ཧ་ན་ཧཱུྃ་ཕཊ། ཤར་ཕྱོགས་དྲི་ཟའི་གདན་སྟེང་དུ། །ཁྲོ་བོ་རྡོ་རྗེ་རྣམ་པར་རྒྱལ། །ཡུམ་ཆེན་རྡོ་རྗེ་སྙེམས་མ་དང་། །སྤྲུལ་པ་སྟག་དང་བྱ་རྒོད་མགོ། ཨོཾ་བཛྲ་ཀྲོདྷ་ནི་ལ་དཎྜ་ཧཱུྃ། ད་ཧ་ཧཱུྃ་ཕཊ། ད་ཧ་ཧཱུྃ་ཕཊ། ཤར་ལྷོ་མེ་ལྷའི་གདན་སྟེང་དུ། །ཁྲོ་བོ་རྡོ་རྗེ་དབྱུག་སྔོན་ཅན། །ཡུམ་ཆེན་རྡོ་རྗེ་སྡེར་མོ་དང་། །སྤྲུལ་པ་གཡག་དང་བྱ་རོག་མགོ། །ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ། པ་ཙ་ཧཱུྃ་ ཕཊ། པ་ཙ་ཧཱུྃ་ཕཊ། ལྷོ་ཕྱོགས་གཤིན་རྗེའི་གདན་སྟེང་དུ། །ཁྲོ་བོ་རྡོ་རྗེ་གཤིན་རྗེའི་གཤེད། །ཡུམ་ཆེན་དུར་ཁྲོད་བདག་མོ་དང་། །སྤྲུལ་པ་ཤ་བ་འུག་པའི་མགོ། །ཨོཾ་བཛྲ་ཀྲོ་དྷ་ཨཱ་རྱ་ཨ་ཙ་ལ་ཧཱུྃ། བྷནྡྷ་ཧཱུྃ་ཕཊ། བྷཱནྡྷ་ཧཱུྃ་ཕཊ། ལྷོ་ནུབ་སྲིན་པོའི་གདན་སྟེང་དུ། །ཁྲོ་བོ་ཆེན་པོ་མི་གཡོ་མགོན། །ཡུམ་ཆེན་རྡོ་རྗེ་གཏུན་ཁུང་མ། །སྤྲུལ་པ་གཟིག་དང་ཁྭ་ཏའི་མགོ། །ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧྲཱི ཧུ་ལུ་ཧཱུྃ་ཕཊ། ནུབ་ཕྱོགས་ཀླུ་དབང་གདིན་སྟེང་དུ། །ཁྲོ་བོ་ཆེན་པོ་རྟ་མགྲིན་རྒྱལ། །ཡུམ་ཆེན་རྡོ་རྗེ་
(༢༤༥)གཏུམ་མོ་དང་། །སྤྲུལ་པ་བྱི་ལ་པུ་ཤུད་མགོ། །ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཙིཏྟ་ཧཱུྃ། ཏིཥྛ་ཧཱུྃ་ཕཊ། ཏིཥྛ་ཧཱུྃ་ཕཊ། ནུབ་བྱང་རླུང་ལྷའི་གདན་སྟེང་དུ། །ཁྲོ་བོ་ཆེན་པོ་གཞན་མི་ཐུབ། །ཡུམ་ཆེན་རྡོ་རྗེ་མདའ་སྙེམས་མ། །སྤྲུལ་པ་སྤྱང་ཀི་ཁྲ་ཡི་མགོ། །ཨོཾ་བཛྲ་ཀྲོ་བྷས་མྲི་ཏ་ཀུཎྜ་ལཱི་ཧཱུྃ། ཚིནྡྷ་ཧཱུྃ་ཕཊ། ཚིནྡྷ་ཧཱུྃ་ཕཊ། བྱང་ཕྱོགས་གནོད་སྦྱིན་གདན་སྟེང་དུ། །ཁྲོ་བོ་རྡོ་རྗེ་བདུད་རྩི་འཁྱིལ། །ཡུམ་ཆེན་རྡོ་རྗེ་རླུང་འབྱིན་མ། །སྤྲུལ་པ་སེང་གེ་ཕ་ཝ་མགོ། །ཨོཾ་བཛྲ་ཀྲོ་དྷ་ཏྲེ་ལོ་ཀྱ་བི་ཛ་ཡ་ཧཱུྃ། བྷིནྡྷ་ཧཱུྃ་ཕཊ། བྷིནྡྷ་ཧཱུྃ་ཕཊ། བྱང་ཤར་འབྱུང་པོའི་གདན་སྟེང་དུ། །ཁྲོ་བོ་རྡོ་རྗེ་ཁམས་གསུམ་རྒྱལ། །ཡུམ་ཆེན་རྡོ་རྗེ་གསོད་མ་དང་། །སྤྲུལ་པ་དོམ་དང་སྲེ་མོང་མགོ །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ། སྥོ་ཊ་ཧཱུྃ་ཕཊ། སྥོ་ཊ་ཧཱུྃ་ཕཊ། འོག་ཕྱོགས་བདག་གདན་སྟེང་དུ། །ཁྲོ་བོ་རྡོ་རྗེ་སྟོབས་པོ་ཆེ། །ཡུམ་ཆེན་རྡོ་རྗེ་བསྐྱོད་མ་དང་། །སྤྲུལ་པ་དྲེད་དང་བྱི་བའི་མགོ། །ལྷ་ནི་བཞི་བཅུ་འང་རྣམས་ཀྱང་། །ཞལ་གཅིག་ཕྱག་གཉིས་མདོག་ནག་གཟུགས། །སྟག་དང་གཟིག་གི་ཤམ་ཐབས་ཅན། །མཆེ་བ་ཅན་དང་གཤོག་པ་ཅན། །ཕྲ་མེན་མགོ་བརྙན་ཉི་ཤུ་ནི། །སྤྲུལ་དང་ཐོད་པས་རབ་ཏུ་བརྒྱན། །ཕུར་པ་ལྕགས་ཀྱུ་ཕྱག་ན་བསྣམས། །སྐྲ་བརྫེས་སྤྱན་དམར་མཆེ་བ་གཙིགས། །དུས་མཐའ་འོད་ཟེར་འབར་བས་འཁྲུག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བིད་ཡ་བིད་ཡ་ཧཱུྃ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡན་མས་མནྟ་ཧྲི༚་ཧྲི༚་ཧཱུྃ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཕྲ་སུ་རུ་པྲ་སུ་རུ་ཧཱུྃ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་མཱ་ར་ཡ་ཧཱུྃ་ཕཊ། ཉི་ཟླ་ཡི་གེ་བཞི་ཉིད་ལས། །དྲོད་གཤེར་ལས་སྐྱེས་སྒོམ་བཞི། །
(༢༤༦)ཤར་ཕྱོགས་དྲི་ཟའི་གདན་སྟེང་དུ། །སྐྱེ་ཀའི་མགོ་ཅན་ལྕགས་ཀྱུ་མ། །ལྷོ་ཕྱོགས་གྲུལ་བུམ་གདན་སྟེང་དུ། །པུ་ཤུད་མགོ་ཅན་ཞགས་པ་མ། །ནུབ་ཕྱོགས་ཆུ་བདག་གདན་སྟེང་དུ། །སིན་བྱའི་མགོ་ཅན་ལྕགས་སྒྲོག་མ། །བྱང་ཕྱོགས་གནོད་སྦྱིན་གདན་སྟེང་དུ། །ཁྲ་ཡི་མགོ་ཅན་ དྲིལ་བུ ་མ། །འདི་བཞི་ཞལ་གཅིག་ཕྱག་གཉིས་མ། །དཀར་སེར་དམར་དང་ལྗང་བའི་མདོག །གཟིག་དང་ཐོད་སྤྲུལ་རྒྱན་དུ་བྱས། །བསྐུམ་ཞིང་བརྐྱང་པའི་སྟབས་ཀྱིས་མནན། །ཕྱག་གཡོན་ཕུར་པ་འདེབས་པར་མཛད། །མེ་དཔུང་དཀྱིལ་ན་ཁྲོ་ཚུལ་བཞུགས། །ལྷ་ནི་བརྒྱད་དང་བཞི་བཅུ་རྣམས། །དྲག་པོའི་ཚུལ་གྱིས་ཞེ་སྡང་འཇོམས། །མུ་རན་ལ་ནི་ཕུར་སྲུང་སྟེ། །ཨེ་ཡཾ་མ་ཡ་བཞི་ཉིད་ལས། །ཤྭ་ན་མུ་ཁ་བཞི་པོ་གསལ། ཛཡིག་བཞི་ལས་ས་བདག་བཞི། །བྷྱོ་ཡིག་བཞི་ལས་བདག་ཉིད་བཞི། །མཐུ་དང་རྫུ་འཕྲུལ་གློག་ལས་མྱུར། །བསྟན་པ་བསྲུང་ཞིང་ཉམས་པ་བདུན། །ཞེ་ལག་ནག་པའི་སྟོབས་ཀྱིས་སྒྲོལ། །མདོར་ན་འཁོར་དང་མྱང་འདས་ཀུན། །དཔལ་ཆེན་དཀྱིལ་འཁོར་གཅིག་ཏུ་རྫོགས། །བཞི་པ་བྱིན་གྱིས་རློབ་པ་ནི། །སྙིང་ག་མགྲིན་པ་སྤྱི་བོ་རུ། །ཟླ་བའི་དཀྱིལ་འཁོར་བསམ་ནས་ནི། །རྡོ་རྗེ་པདྨ་འཁོར་ལོ་དག །ཧཱུྃ་ཨཱཨོཾ་གྱིས་མཚན་པ་ལས། །ཐུགས་ཀྱི་རྡོ་རྗེ་ལ་སོགས་བསྒོམ། །དེ་ཉིད་ཤེས་རབ་སྐུ་རྒྱས་མ། །ལྷ་མོ་རྣམས་ཀྱི་འོད་ཚོགས་ཀྱིས། །དུས་གསུམ་ཕྱོགས་རྣམས་ཁྱབ་པ་ཡི། །མ་ལུས་སངས་རྒྱས་དྲངས་མཆོད་ནས། །བཀྲ་ཤིས་དོན་བྱེད་རྣམས་ལ་ནི། །རང་གི་ཐུགས་སྲོག་རྡོ་རྗེ་ཡིས། །དེ་
(༢༤༧)ལ་བྱིན་རླབས་བསྐུལ་བར་བྱ། །རང་སྔགས་དང་བསྟུན་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་གནས་སོ་སོར་གཏུག་ཅིང་། སྙིང་གར། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། མགྲིན་པར་དེ་བཞིན་ལས། ཝཱཀྐ་སྦྱར། །སྤྱི་བོར་ཀཱ་ཡ། ལྔ་པ་དབང་བསྐུར་བ་ལ་གསུམ་ལས། དཀྱིལ་འཁོར་གསུམ་གྱི་སྲོག་ཡེ་ཤེས་སུ་དབང་བསྐུར་བ་ནི། སྙིང་གར་བྷྲཱུཾ་ལས་རིན་པོ་ཆེའི་གཞལ་མེད་ཁང་སྒོ་གཅིག་པའི་སྒོ་སྲུང་རྟ་མགྲིན་ཡབ་ཡུམ་དུ་གནས་པའི་ནང་དུ་ཧཱུྃ་ལས་ཡེ་ཤེས་སེམས་དང་འཚོན་གང་བ་གཅིག་བསམས་ལ། ཡེ་ཤེས་དཔའ་བོའི་།ཐུགས་ཀ་ཡི། །འོད་ཀྱིས་མགོན་པོ་རྣམས་བསྐུལ་ནས། །དེ་དག་ཐུགས་ལས་བྱུང་བ་ཡི། །རིག་མས་བདུད་རྩི་བུམ་ཆུ་ཡིས། །དབང་བསྐུར་བྱས་ཏེ་ཐིམ་གྱུར་ནས། །རང་སྔགས་རྡོ་རྗེ་ཅན་གྱིས་གཟུང་། དབུ་རྒྱན་རྣམས་ལ་རིགས་ལྔ་དང་། །རིགས་ཀྱི་བདག་པོ་རྣམས་ཀྱིས་བརྒྱན། །ཡེ་ཤེས་སེམས་དཔའི་ཐུགས་ཀའི་འོད་ཀྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་བས་དེ་རྣམས་ཀྱི་ཐུགས་ཀ་ནས་བྱུང་བའི་རྡོ་རྗེ་བཙུན་མོའི་བྷ་ག་ལ་གདན་གསུམ་ཚང་བའི་དཀྱིལ་འཁོར་རྫོགས་པ་མདུན་གྱི་ནམ་མཁའ་ལ་བྱོན། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བསྐུལ་བས་ལྷ་ཚོགས་རྣམས་བདེ་སྟོང་གི་རོས་ཚམ། རྗེས་ཆགས་གྱི་མིས་འོད་དུ་ཞུ་བའི་བདུད་རྩི་བུམ་པའི་ཆུས་མགོ་བོའི་གནས་ལྔར་དབང་བསྐུར། །ཉོན་མོངས་པ་ལྔའི་དྲི་མ་སྦྱངས། ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་གནས་གྱུར་པ་ནས་བཟུང་སྟེ་ཁམས་དང་སྐྱེ་མཆེད་ཐམས་ཅད་ལྷའི་རང་བཞིན་དུ་རྣམ་པར་དག །དབང་བཞིའི་དམ་ཚིག་ལས་བྱུང་བའི་དགའ་
(༢༤༨)བ་བཞིའི་ཡེ་ཤེས་ཉམས་སུ་མྱོང་། ཆུ་ལྷག་མ་སྤྱི་བོར་བརྟན་པ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་མི་བསྐྱོད་པ་དབུས་སུ་བཞུགས་པའི་རིགས་ལྔས་དབུ་བརྒྱན་པར་གྱུར་པར་བསམས་ལ། དང་པོ་རྗེས་སུ་བསྐུལ་བ་ནི། ཧཱུྃ་ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་པ། །དབང་དང་བྱིན་རླབས་བདག་སྩོལ་ཅིག །རྡོ་རྗེ་ཕྱི་བསྡམས་ལས་གུང་མོ་བརྐྱང་བ་མི་བསྐྱོད་པའི་དབང་རྒྱ་སྤྱི་བོར་བཞག་ལ། །ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྲ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་ལས་མདུབ་མོ་གཉིས་བརྐྱང་བ་རྣམ་སྣང་གི་དབང་རྒྱ་དཔྲལ་བར་བཞག་ལ། ཨོཾ་མ་ཧཱ་ཨཱ་དརྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྲིན་ལག་བརྐྱང་བ་རིན་འབྱུང་གི་དབང་རྒྱ་རྣ་ལྟག་གཡས་སུ་བཞག་ལ། །ཨོཾ་མ་ཧཱ་ས་མ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། མཐེ་བོང་བརྐྱང་བ་སྣང་མཐའི་དབང་རྒྱ་ལྟག་པར་བཞག་ལ། ཨོཾ་མ་ཧཱ་པྲ་དྱ་བེཀྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། མཐེའུ་ཆུང་བརྐྱང་བདོན་འགྲུབ་ཀྱི་དབང་རྒྱ་རྣ་ལྟག་གཡོན། ཨོཾ་མ་ཧཱ་ཀྲཾ་ཏ་ཨ་ནུཥྛ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། གཉིས་པ་དཀྱིལ་འཁོར་གསུམ་གྱིས་ཁམས་གསུམ་གྱི་སྲོག་ལ་དབང་བསྐུར་བ་ནི། ཧཱུྃ་ཧཱུྃ་ཧཱུྃ། འགྲོ་དྲུག་ཉོན་མོངས་བཅིངས་པ་རྣམས། །ཧཱུྃ་གིས་དུག་ཆེན་རབ་སྦྱངས་ཏེ། ཨ་ནིྲ་སུ་ཏྲི་པྲེ་དུར་གྱུར། །རཾ་ཡཾ་ཁཾ་ལས་མ་རླུང་ཆུས། །འགྲོ་བ་རབ་སྦྱངས་ཧཱུྃ་དུ་གྱུར། ཁམས་གསུམ་ཐམས་ཅད་རྡོ་རྗེ་སེམས། །ཏིལ་གྱི་གོང་བུ་ལྟ་བུས་གང་། གསུམ་པ་ཡེ་ཤེས་སེམས་དཔའི་སྲོག་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆེན་པོའི་དབང་བསྐུར་བ་ནི། ཧཱུྃ་རྟ་མགྲིན་རྒྱལ་པོ་
(༢༤༩)ཡེ་ཤེས་ལ། །བསྟིམ་པས་བྱང་ཆུབ་སེམས་རྒྱས་གྱུར། །ཡབ་ཡུམ་གཉིས་མེད་སྦྱོར་བའི་སྒྲས། །ཡེ་ཤེས་ཁྲོ་བོ་སྤྱན་དྲང་ངོ་། །དྲུག་པ་སྤྱན་དྲང་བ་ནི། །སྤོས་རོལ་གདུང་བའི་དབྱངས་དང་བཅས། །ཧཱུྃ་རྡོ་རྗེ་གཞོན་ནུའི་དམ་ཚིག་གིས། །སྲིད་པ་ཕུར་བུར་སྒྲུབ་པ་དང་། །དབང་དང་དངོས་གྲུབ་སྩོལ་བའི་ཕྱིར། །མ་བཅོས་ཐིག་ལེའི་ཆོས་ཉིད་ལས། །གྱུར་མེད་སྐུ་གཅིག་གནས་པ་དེ། ཡེ་ཤེས་ཁྲོ་བོ་ཆེན་པོ་ཡིན། །ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། རྟགས་དང་མཚན་མ་སྟོན་པ་དང་རྡོ་རྗེ་ཕུར་པའི་དངོས་གྲུབ་སྩོལ། སྲས་མཆོག་རིགས་ལྔའི་དམ་ཚིག་གིས། །སྲིད་པ་ཕུར་བུར་སྒྲུབ་པ་དང་། །དབང་དང་དངོས་གྲུབ་སྩོལ་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང་། །རྟག་དང་མཚན་མ་སྟོན་པ་དང་། རྡོ་རྗེ་ཕུར་པའི་དངས་གྲུབ་སྩོལ། །ཕྱོགས་བཅུ་ཁྲོ་བོའི་དམ་ཚིག་གིས། །སྲིད་པ་ཕུར་བུར་སྒྲུབ་པ་དང་། དབང་དང་དངོས་གྲུབ་སྩོལ་པའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་སྟོན་པ་དང་། །རྡོ་རྗེ་ཕུར་པའི་དངོས་གྲུབ་སྩོལ། །ཨེ་ཧྱེ་ཧི་བྷ་ག་ཝཱ་ན། མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོ། །ས་མ་ཡ་སྟྭཾ། །ས་མ་ཡ་ཧོ། །ཨེ་ཨ་ར་ལི་ཧོ། །བདུན་པ་རིག་པའི་མེ་ཏོག་དོར་བ་ནི། ཨོཾ་བཛྲ་ས་མ་ཡ་ཨོཾ། ཨཱབཛྲ་ས་མ་ཡ་ཨཱ ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ས་ལ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ཧཱུྃ་ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བའི། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །
(༢༥༠)ཛཧཱུྃ་བཾ་ཧོ ཧཱུྃ་ཧ་ཧེ་ཕཊ། བརྒྱད་པ་བཞུགས་གསོལ་ནི། ཧཱུྃ་ཐུགས་མཆོག་གསལ་བའི་བྱིན་རླབས་ལས། །ཞེ་སྡང་གནས་སུ་འཇོམས་པ་དང་། མེ་ལོང་ཡེ་ཤེས་འཐོབ་བྱའི་ཕྱིར། །དཀྱིལ་འཁོར་དབུས་སུ་བཞུགས་སུ་གསོལ། །དཀྱིལ་འཁོར་དབུས་སུ་བཞུགས་ནས་ཀྱང་། ཉོན་མོངས་མུན་པ་བསལ་དུ་གསོལ། །ལས་ཀྱི་སྲས་མཆོག་ལྔ་རྣམས་ཀྱང་། །དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་དུ། །ཞིང་བཅུ་བསྒྲལ་བའི་གདན་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །དགྱེས་ཤིང་བརྟན་པར་བཞུགས་ནས་ཀྱང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཕྱོགས་བཅུ་དུར་ཁྲོད་གཞལ་ཡས་སུ། །ཁྲོ་རྒྱལ་སྤྲུལ་པར་བཅས་པ་ཡང་། །ཕྱོགས་སྐྱོང་བསྣོལ་བའི་གདན་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །དགྱེས་ཤིང་བརྟན་པར་བཞུགས་ནས་ཀྱང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ས་མ་ཡ་ཏིཥྛ་ལྷན། །དགུ་པ་ཕྱག་བྱ་བ་ནི། ཧཱུྃ་ཡང་དག་དོན་ལ་སྐུ་ནི་ཅིར་སྣང་ཡང་། །བདུད་དང་སྲིན་པོའི་ང་རྒྱལ་མ་ཡིན་ཏེ། །འདུལ་བའི་དབང་དུ་རབ་རྔམས་མཆེ་བ་གཙིགས། །ཧཱུྃ་དང་ཕཊ་ཀྱི་སྒྲས་ནི་ཀུན་ཀྱང་བཀང་། །ཉོན་མོངས་གདུག་པ་འདུལ་བའི་ཐུགས་རྗེ་ཡིས། །བྱིན་རླབས་སྟེར་བའི་ལྷ་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོ། ཕྲ་ཏཱིཙྪ་ཧོ། །བཅུ་པ་མཆོད་པ་ལ་བརྒྱད་ལས། དང་པོ་ཀུན་བཟང་ནི། ཧཱུྃ་བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱི། །སྲིད་པ་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །སྔགས་རྒྱ་བརྗོད། །
(༢༥༡)གཉིས་པ་ཞབས་བསིལ་ནི། ཧཱུྃ་སྐུ་ལ་དག་བྱ་མི་མངའ་ཡང་། །སེམས་ཅན་རྣམས་ལ་བསོད་ནམས་ཕྱིར། །ཕྱག་ཞབས་ཉེ་རེག་མཛད་ནས་ཀྱང་། །རྡོ་རྗེའི་གདན་ལ་ཏིཥྛ་ལྷན། །ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བི་དྱཱ་དྷ་ར་པཱུ་ཛི་ཏེ་ན་མས་མནྟ་བུདྡྷཱ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། གསུམ་པ་ལྷ་མོ་བཅུ་དྲུག་ནི། ཧཱུྃ་སྙིང་རྗེའི་སྒེག་མོ་བལྟ་ན་སྦུག །བྱམས་པའི་ཕྲེང་ལྡན་འགྲོ་ལ་བརྩེ། །དགའ་བའི་གླུ་མཁན་གཞན་ཡིད་འཕྲོག་མ། །ཀུན་ལ་བཏང་སྙོམས་གར་མ་ཡིས། །དཀྱིལ་འཁོར་དགྱེས་པ་བསྐྱེད་གྱུར་ཅིག །སོ་སོའི་ཕྱག་རྒྱ་དང་བཅས། །ཨོཾ་བཛྲ་ལཱ་སྱ་ཧཱུྃ། ཨོཾ་བཛྲ་མཱ་ལེ་ཏྲཱཾ། ཨོཾ་བཛྲ་གཱི་རྟི་ཧྲཱི ཨོཾ་བཛྲ་ནི་རྟི་ཨ། ཚུལ་ཁྲིམས་སྤོས་ལྡན་ཡིད་དུ་འོང་། །བཟོད་པའི་མེ་རྟོག་བལྟ་ན་མཛེས། །བསམ་གཏན་སྒྲོན་མེ་བཞིན་བཟང་མ། །ཤེས་རབ་དྲི་ལྡན་གྱུག་པ་མོས། །དཀྱིལ་འཁོར་དགྱེས་པ་བསྐྱེད་གྱུར་ཅིག །ཨོཾ་བཛྲ་དྷུ་པཱེ་ཧཱུྃ། ཨོཾ་བཛྲ་པུཥྤེ་ཏྲཱཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱི ཨོཾ་བཛྲ་གྷནྡྷེ་ཨཱ། སྦྱིན་ལག་ཡངས་པའི་པི་ཝཾ་སྒྲེང་། །བརྩོན་འགྲུས་གླིང་བུས་གཞན་སྣང་བསྒྱུར། །སྨོན་པའི་རྔ་ཟླུམ་བཞིན་རས་མཛེས། །འཇུག་པའི་རྫ་རྔ་ཀུན་ཏུ་རྒྱུས། །དཀྱིལ་འཁོར་དགྱེས་པ་བསྐྱེད་གྱུར་ཅིག །ཨོཾ་བཛྲ་ཝི་ནི་ཧཱུྃ། ཨོཾ་བཛྲ་ཝཾ་སེ་ཏྲཱཾ། ཨོཾ་བཛྲ་མྲྀ་ཏཾ་གེ་ཧྲི ཨོཾ་བཛྲ་མུཉྫེ་ཨ། གཏོང་ལ་གོམས་པ་གཟུགས་མའོ། །སྙན་པར་སྨྲ་བ་རེག་པ་སྤྲོད། །དོན་སྤྱོད་རོ་བརྒྱའི་དཔལ་འཛིན་ཅན། །དོན་མཐུན་ཆོས་ཀྱི་འབྱུང་གནས་མས། །དཀྱིལ་འཁོར་དགྱེས་པ་བསྐྱེད་གྱུར་ཅིག །ཨོཾ་བཛྲ་རཱུ་པ་ཧཱུྃ། ཨོཾ་བཛྲ་སྤརྴེ་ཏྲཾ། ཨོཾ་བཛྲ་ར་ས་ཧྲཱི ཨོཾ་བཛྲ་དྷརྨ་དྷཱ་ཏུ་ཨཱ། བཞི་པ་སྨན་མཆོད་ནི།
(༢༥༢)ཧཱུྃ་སངས་རྒྱས་ཀུན་དང་མཉམ་སྦྱོར་ཞིང་། །རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་ཡན་ལག་སྟོང་སྦྱར་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །སྒྲོན་མ་ལྔ་དང་བདུད་རྩི་ལྔ། །རྒྱུད་ལྔ་དུག་ལྔ་འཇོམས་པའི་བདུད། །ཡེ་ཤེས་ལྔ་པོ་གྲུབ་པའི་རྩི། །འཆི་བ་མེད་པའི་དམ་རྫས་ཆེ། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་བཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ལྔ་པ་གཏོར་མ་ནི། ཧཱུྃ་ཧེ་རུ་ཀ་ཡི་གནས་བཅུ་དང་། དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་འཁོར་བཅས་སྤྱན་དྲངས་ཏེ། །དུར་ཁྲོད་མཆོག་གི་གནས་འདི་རུ། །ཞིང་ཆེན་གསར་རྙིང་ཏི་རར་བཅས། །དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ། །མཁའ་འགྲོ་འབར་བའི་ཚོགས་ལ་འབུལ། །མ་ལུས་གཤེགས་ནས་བསྣམ་དུ་གསོལ། །མ་ཧཱ་བ་ལི༚་ཁཱ་ཧི། །དྲུག་པ་རཀྟ་ཚར་གསུམ་ནི། །ཕུད་དང་རཀྟ་བསྲེས། །དང་པོ་ཕོ་ཉ་ལ་བཀའ་བསྒོ་བའི་ཕྱིར་ཕུལ་ནས། ཧཱུྃ་དངོས་གྲུབ་བར་ཆད་བྱེད་པའི་གེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས། །གཏོགས་ཤིག་སྲོག་དང་བྲལ་བར་གྱིས། །རེངས་པར་ཁུག་ལ་སྨྲར་ཆུ་གཅིག །ཕོ་བ་ཅིག་རྣམ་པར་གཟིར་བར་གྱིས། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་འདི་ཉན་པར་བྱོས། །མ་ཧ་རཀྟ་ཁཱ་ཧི། གཉིས་པ་དམ་ཅན་གནད་ལ་དབབ་པའི་ཕྱིར་དབུལ་བ་ནི། ཧཱུྃ་བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཇི་བཞིན་བཅས་པ་ཡི། །མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད། །མ་ཧཱ་རཀྟ་ཁཱ་ཧི།
(༢༥༣)གསུམ་པ་མཐུ་དང་རྫུ་འཕྲུལ་འཕྲོག་པའི་ཆེད་དུ་འབུལ་བ་ནི། ཧཱུྃ་དངོས་གྲུབ་བར་ཆད་བྱེད་པའི་གེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྟ་འམ་འོན་ཏེ་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་ཤོག །མ་ཧཱ་རཀྟ་ཁཱ་ཧི། བདུན་པ་སྦྱོར་སྒྲོལ་གྱི་མཆོད་པ་ནི། ཧཱུྃ་ལག་པ་ཁྲག་འཐུང་ཡབ་ཡུམ་བཅུས། །དུག་གསུམ་རྩད་ནས་གཅད་པའི་ཕྱིར། ཁམས་གསམ་ཡོངས་སྒྲོལ་སྦྱོར་བ་བྱས། །ཧཱུྃ་རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །རྡོ་རྗེ་མེད་པ་ལ་སྙིང་བསྲེགས་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློགས། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུང་བྱས་ནས། །ལྷ་ཡང་རུང་སྟེ་བསྒྲལ་བར་གྱིས། ཁ་ཐཾ་ཁ་ཐཾ་ཁ་ཐཾ། ཁཱ་ཧི་ཁཱ་ཇི་ཁཱ་ཧི། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། ཧ་ཧ་ཧ། བརྒྱད་པ་དོན་དམ་གྱི་མཆོད་པ་ནི། ཧཱུྃ་ཡང་དག་དོན་ནི་གྱི་ཕུར་བ་ནི། །མ་སྤངས་མ་བསྒྲུབས་བཙལ་དུ་མེད། །མ་བསླད་མ་བཅོས་བསྒྱུར་དུ་མེད། །ལྟ་བ་དོན་དམ་རྟོགས་པ་ལ། །རོལ་པ་ཅིར་ཡང་འགག་པ་མེད། །དེ་ཉིད་རྟོགས་ན་ཕུར་པའི་དོན། །དོན་དམ་རྟོགས་པས་ཐུགས་དམ་བསྐང་། །བསྙེན་པའི་ཚེ་དེ་ཙམ་མ་ནུས་ན་མཆོད་པ་ཐམས་ཅད། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །སོགས་ལ་བསྡུས་པས་འཐུས། བཅུ་གཅིག་པ་བསྟོད་པ་ནི། ཧཱུྃ་སྐེག་པ་དཔའ་བ་འཇིགས་སུ་རུང་བ་དང་། དགོད་དང་གཤེ་དང་འཇིགས་པར་བྱེད་པ་དང་། །སྙིང་རྗེ་རྔམ་ཞི་རྡོ་རྗེ་གཞོན་ནུའི་སྐུ། །ཞེ་སྡང་འཇོམས་པའི་ལྷ་ལ་ཕྱག་
(༢༥༤)འཚལ་བསྟོད། །ཡབ་ཀྱི་ཐུགས་དམ་དགྱེས་པ་སྐོང་བའི་ཡུམ། །འཁོར་ལོ་རྒྱས་འདེབས་འདོད་ཆགས་འཇོམས་མ་དང་། །ཨེ་ཀ་ཛ་ཊི་ཞེ་སྡང་འཇོམས་མཛད་མ། །འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས་ལ་བསྟོད། །ཡེ་ཤེས་ལྔ་ལྡན་ཕུར་བུས་དུག་ལྔ་འཇོམས། །ཕྲིན་ལས་ལྔ་ཡིས་དྲེགས་པ་སྒྲོལ་བ་ལ། །ཐོགས་པ་མེད་པའི་ལས་མཛད་འདུས་པ་ལྔ། །སྲས་མཆོག་རིགས་ལྔའི་སྐུ་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་རོལ་པའི་སྟོབས་བཅུས་མི་དགེ་འཇོམས། །སྐུ་གསུང་ཐུགས་ཀྱིས་གདུག་པ་སྒྲོལ་བར་མཛད། །ཡང་དག་དོན་གྱིས་ལོག་འདྲེན་འཇོམས་མཛད་པ། །ཁྲོ་བོ་ཡབ་ཡུམ་བཅུ་ལ་ཕྱག་འཚལ་བསྟོད། །བྱང་ཆུབ་བདེ་ལ་སྒྲོལ་བའི་ཕོ་ཉ་མོ། །ཡེ་ཤེས་དོན་ལ་ཕྲ་ཐངས་གཟུགས་འཛིན་ཅིང་། །དྲེགས་པའི་ཚོགས་རྣམས་མ་ལུས་འདུལ་མཛད་པ། །ཕྲ་མེན་ཕོ་ཉའི་ཚོགས་ལ་ཕྱག་འཚལ་བསྟོད། །བཅུ་གཉིས་པ་དམ་བཅའ་བ་ནི། བསྐལ་པ་དཔག་ཏུ་མེད་པ་ཚུན་ཆོད་ནས། ད་ལྟའི་ལུས་འདི་བསྐྱེད་པ་ཕན་ཆོད་དུ། །ལྷ་མཆོག་ཁྱེད་དང་སྨོན་ལམ་མཐུན་བསྡེབས་ནས། །དུས་འདིར་ཞལ་མཐོང་ཡི་དམ་ལྷར་གསོལ་ན། །དུས་ཚིག་འདི་ནས་བཟུང་ནས་ཡི་དམ་ལྷ། །སྙིང་པོ་བྱང་ཆུབ་མཆོག་ལ་མི་གནས་ཚུན། །ཚེ་རབས་འཁོར་བ་གར་བྱུང་གར་སྐྱེས་ཀྱང་། །གསང་བའི་ལྷ་མཆོག་ཁྱོད་དང་མི་འབྲལ་ཞིང་། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་ལས། མི་འདའ་བ་དང་ཡུན་དུ་བདག་སྲུང་གིས། །ཆད་ལྷག་འགལ་འཁྲུལ་མཆིས་ན་མཐོལ་ལོ་བཤགས། །བར་ཆད་རྐྱེན་གྱི་རྣམ་སྨིན་ཅི་བྱུང་ཡང་། །དཔལ་
(༢༥༥)ཆེན་ཁྱེད་ཀྱིས་མོད་ལ་ཟིལ་གྱིས་གནོན། །དངོས་གྲུབ་མཆོག་སྩོལ་ཤེས་རབ་ལྷ་མོའི་ཚོགས། །བཅུ་གསུམ་བ་འཛབ་དགོངས་ནི། ཧཱུྃ་ཐུགས་ཀ་དཔལ་གྱི་བེའུའི་དཀྱིལ་འཁོར་ནི། །སྒོ་གཅིག་རིན་ཆེན་གཞལ་ཡས་ཁང་། ཁ་དེ་སྟོང་དབྱེར་མེད་ངང་ཉིད་ལས། །ཆོས་ཀྱི་སྐུ་ལས་ལོངས་སྐུར་ཤར། །པདྨ་ཟླ་བའི་གདན་ལ་བཞུགས། །སྐྱོན་གྱིས་མ་གོས་གཏི་མུག་སེལ། །ཡབ་ཡུམ་གཉིས་མེད་ཟག་མེད་སྐུ། །སྐུ་མདོག་དཀར་གསལ་རྣམ་དག་དབྱིངས། །རྡོ་རྗེ་ དྲིལ་བུ ་ཕྱག་ན་བསྣམས། །ཤེས་རང་བྱང་ཆུབ་སེམས་དང་ལྡན། །རྟོག་མེད་མི་འགྱུར་སྐྱིལ་ཀྲུང་བཞུགས། །མཁའ་དབྱིངས་བདེ་ཆེན་སྐུ་ལ་བསྟོད། །ཅེས་བརྗོད་ཅིང་གསལ་ལོ། །བཅུ་བཞི་པ་བཟླས་པ་ལ་བསྙེན་པ་དང་། ཉེ་བསྙེན་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོ་དང་བཞི་ལས། དང་པོ་བསྙེན་པ་ནི། གཙོ་བོའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཞི་བ་ལོངས་སྤྱོད་རྫོགས་སྐུ་ཡུམ་དང་བཅས་པའི་ཐུགས་ཀར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་ངོ་བོ་རྡོ་རྗེ་མཐིང་ནག་རྩེ་ལྔ་དང་། དེའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་ཏིང་འཛིན་སེམས་དཔའ་ཧཱུྃ་མཐིང་ནག་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ། ཞེས་པའི་སྔགས་ཕྲེང་མཐིང་ནག་སྤུས་ཁྲིས་པ་ལྟ་བུར་འཁོར་བར་དམིགས་ལ་ཆོས་ཉིད་དོན་དང་མ་བྲལ་བའི་ཡོངས་གྲུབ་ཀྱི་ལྷར་སྣང་དང་རྒྱལ་བ་རེ་མོས་སུ་སློབ་པ་སྟེ། རྩེ་མོ་ལས། ལྷ་ཡི་ང་རྒྱལ་རབ་གནས་པ། །བརྗེད་པ་མེད་པའི་དྲན་པ་ནི། །འབད་པ་མེད་པའི་ཚོགས་ཆེན་པོ། །མཁས་པས་རྟག་ཏུ་བསམ་པར་བྱ། །ཞེས་
(༢༥༦)པ་ལྟར་རོ། །དེ་ལྟ་བུའི་ལྷར་སྣང་ལ་གསལ་བརྟན་ཅུང་ཟད་ཐོབ་ནས་འོད་ཟེར་སྤྲོ་བསྡུ་ནི། ཐུགས་སྲོག་ཏིང་འཛིན་སེམས་དཔའ་ལས་འོད་ཟེར་བུང་བའི་མཚོན་ཆ་ལྟ་བུ་འཕྲོས་པས་སངས་རྒྱས་ཀྱི་ཞིང་ཞབས་ཐམས་ཅད་གཡོས་ཤིང་མཉེས་པའི་མཆོད་པ་ཕུལ། སེམས་ཅན་གྱི་ཁམས་ལ་འཕྲོས་པས་སྡིག་སྒྲིབ་སྦྱངས། དག་པའི་སྣོད་བཅུད་འབའ་ཞིག་ཏུ་གྱུར་པས་དོན་གཉིས་བྱས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་།ཐུགས་ཀྱི་བྱིན་རླབས་སྐུ་དང་ཡིག་འགྲུ་ཕྱག་མཚོན་གྱི་རྣམ་པར་བྱུང་སྟེ་རང་ཉིད་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་ཤིང་དངོས་གྲུབ་ཐོབ་པར་བསམ་མོ། །བསྙེན་ཚད་ནི་ལས་རུང་ཙམ་ལ་འབུམ་ཕྲག་བཅུ་ཐམ་པའོ། །གཉིས་པ་ཉེ་བསྙེན་ནི། །བསྙེན་པའི་སྔགས་དེ་ཉིད་ལས། །སརྦ་བིག་ནན་བཾ་ཧཱུྃ་ཕཊ། བཏགས་པའི་ཡིག་འབྲུ་བཅུ་བཞི་པ་སྟེ། སྒྲུབ་ཐབས་དཔག་བསམ་ལྗོན་པ་ལྟར་ཛབ་ཁང་དབྱེ་ནས་བདག་མདུན་ཐ་དད་དུ་བྱས་ཏེ་དོ་ལི་ལ་གཙོ་བོར་བསླབ་པར་བྱ་སྟེ། དེའི་ཚུལ་ནི། སྔགས་ཕྲེང་ལས་རང་འདྲ་གཉིས་པ་རེ་ཆད་པ་ལུ་གུ་རྒྱུད་དུ་འབྲེལ། རྡོ་རྗེའི་དབུས་རྭ་ནས་འཐོན་ཡེ་ཤེས་སེམས་དཔའི་སྐུའི་དབྱིབས་བརྒྱུད་ཞལ་དུ་འཐོན། རིམ་བཞིན་བདག་ཉིད་རྩ་བའི་དཀྱིལ་འཁོར་གྱི་ཤངས་བུག་གཡས་པ་ལས་འཐོན། རྡོ་རྗེ་གཞོན་ནུ་ཡེ་ཤེས་པའི་ཤངས་བུག་གཡོན་ནས་ཞུགས་ཏེ་ཐུགས་ཀར་ཐིམ། སྐུ་གསུང་ཐུགས་མཉེས་པའི་མཆོད་པ་ཕུལ། ཅི་འདོད་པའི་དངོས་གྲུབ་བླང་། དེའི་ཤངས་བུག་གཡས་ནས་བརྒྱུད་རང་གི་སྣ་བུག་གཡོན་དུ་ཞུགས།
(༢༥༧)རིམ་པར་བརྒྱུད་བས་བདག་མདུན་གྱི་རྟེན་དང་བརྟེན་པ་ཐམས་ཅད་ཤིན་ཏུ་གསལ་བར་བྱས། དབང་བཞི་ཐོབ། སྒྲིབ་བཞི་དག །དངོས་གྲུབ་རྣམ་པ་གཉིས་བདེ་བླག་ཏུ་ཐོབ་པར་བསམ་མོ། །བསྙེན་ཚད་ནི་འབུམ་ཕྲག་བཅུ་དྲུག་པོ། །གསུམ་པ་སྒྲུབ་པ་ནི། ཡིག་འབྲུ་བཅུ་བཞི་པ་ཉིད་ལ། ཛཧཱུྃ་ཨ། གསུམ་བསྣན་བའི་བཅུ་བདུན་པ་སྟེ་འབུམ་ཕྲག་གཅིག་ལ་སོགས་ཇི་ལྟར་རིག་པའི་གྲངས་དུས་མཚན་མའི་བསྙེན་སྒྲུབ་ཚད་དུ་ཕྱིན་པར་བྱའོ། །བཞི་པ་སྒྲུབ་པ་ཆེན་པོ་ནི། སྐབས་འདིར་སྨད་ལས་ཀྱི་ངོ་བོ་དམ་ཅན་ཉེ་བར་བསྙེན་པ་ལ་བྱ་སྟེ་གཞན་དུ་ཤེས་པར་བྱའོ། །བཅོ་ལྔ་པ་འཛབ་མཇུག་བསྡུ་བ་ནི། མཆོད་བསྟོད་ཀྱི་མཐར་ཡི་གེ་བརྒྱ་པ་ལན་གསུམ་གྱིས་ནོངས་བཤགས་མཐར། བསྐྱེད་རིམ་གྱིས་རྟག་མཐའ་བསལ་བའི་ཉེར་བསྡུ་དང་། ཆད་མཐའ་བསལ་ཕྱིར་གཉུག་མའི་ཧེ་རུ་ཀར་ལྡང་བ་ཡང་ཤེས་པར་བྱའོ། །སྤྱི་དོན་གསུམ་པ་རྗེས་ཀྱི་རིམ་པ་ལ་བཅུ་དྲུག་ལས། དང་པོ་ཚོགས་བྱིན་གྱིས་བརླབ་པ་ནི། ཧཱུྃ་དཔལ་ཆེན་ཐུགས་ལས་རཾ་ཡཾ་ཁཾ། འཕྲོས་པས་ཚོགས་ཀྱི་དངོས་འཛིན་སྦྱངས། །སྣང་སྲིད་བདེ་ཆེན་ཀ་པཱ་ལར། །བཅུད་རྣམས་རིགས་ལྔའི་དམ་རྫས་གྱུར། །ཨོཾ་ཨཱཧཱུྃ་ཧ་ཧོ་ཧྲཱི། གཉིས་པ་ཚོགས་ཞིང་སྤྱན་འདྲེན་པ་ནི། །ཧཱུྃ་འོག་མིན་ཆོས་དབྱིངས་ཕོ་བྲང་དང་། ཡན་ལག་བདུན་ལྡན་ལོངས་སྤྱོད་རྫོགས། །རང་བཞིན་སྤྲུལ་སྐུའི་ཞིང་ཁམས་ནས། །དཔལ་ཆེན་དཀྱིལ་འཁོར་ལྷ་ཚོགས་དང་། །གནས་དང་ཉེ་གནས་རྣམ་པ་གཉིས། །ཡུལ་ནི་རོལ་པ་ཉེ་ཕུལ་
(༢༥༨)རོལ། །ཞིང་དང་ཉེ་པའི་ཞིང་དང་ནི། །འདུ་དང་ཉེ་བའི་འདུ་བ་དང་། །ཚན་བྷོ་ཉེ་བའི་ཚན་དྷོ་སྟེ། །ཧེ་རུ་ཀ་ཡི་གནས་བཅུད་དང་། །དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། །ཨཽ་ཌི་ཡ་ནར་པདྨ་བརྩེགས། །ཟ་ཧོར་ཡུལ་ན་ཁུ་བྱུག་ཀློང་། །སིང་ངའི་ཡུལ་ན་སྐུ་ལ་རྫོགས། ཁ་ཆེའི་ཡུལ་ན་ཧེ་ཆེན་རོལ། །བལ་པོའི་ཡུལ་ན་ཡ་མ་ཁ། །ཐོ་གར་ཡུལ་ན་གསང་ཆེན་རོལ། །ལི་ཡུལ་འཇིག་རྟེན་མངོན་རྫོགས་ཏེ། །དུར་ཁྲོད་ཆེན་པོ་བརྒྱད་རྣམས་ན། །བཞུགས་པའི་དཔའ་བོ་མཁའ་འགྲོ་དང་། །ཤུགས་འགྲོ་རྣལ་འབྱོར་ཞིང་སྐྱོང་རྣམས། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ཚོགས་ཁང་འདི་ནི་སྤྲུལ་པའི་ཞིང་། །ཚོགས་རྫས་འདོད་ཡོན་རོལ་པའི་རྒྱན། །ཐབས་དང་ཤེས་རབ་ལྕམ་དྲལ་ལྡན། །རྡོ་རྗེ་གླུ་གར་བྱིན་རེ་ཆགས། །ཅང་ཏེའུ་ དྲིལ་བུ ་སྙན་ཅིང་འཁྲོལ། །འདི་ནི་དམ་ཚིག་མཆོག་གི་གནས། །ཤགས་དང་རྩོད་པ་ཀུ་ཅོ་མེད། །རིག་པ་བརྟུལ་ཞུགས་ཉམས་དང་ལྡན། །དམ་ཚིག་འདི་ནི་དང་དུ་བཞེས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གུ་རུ་དྷེ་ཝ་ཌཱཀྐི་ནི་དྷརྨ་བཱ་ལ་ས་མ་ཡ་ཛ གསུམ་པ་ཚོགས་ཕུད་དང་པོ་ནི། ཧཱུྃ་སངས་རྒྱས་དམ་ཚིག་བླ་ན་མེད། །ཤ་ལྔ་བདུད་རྩི་རྣམ་པ་ལྔ། །བཟའ་བཅའ་བཏུང་བ་ཕྱི་ཡི་ཚོགས། །འདོད་ཡོན་ལྷ་མོ་རྣམ་པ་ལྔ། །དབང་པོའི་ལོངས་སྤྱོད་ནང་གི་ཚོགས། །བདེ་སྟོང་ཡེ་ཤེས་བླ་ན་མེད། །དགའ་བཞི་རྣམ་རོལ་གསང་བའི་ཚོགས། །དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ། །བཞེས་
(༢༥༩)ནས་དབང་དང་དངོས་གྲུབ་སྩོལ། །ག་ན་ཙ་ཀྲ་པཱུ་ཛ་ཧོ། །བཞི་པ་བར་བ་བཤགས་པ་ནི། ཧཱུྃ་གང་ཞིག་འཁྲུལ་བར་གྱུར་པ་དེ་ནས་བཟུང་། །རྣམ་སྨིན་ལུས་ལ་བརྟེན་པ་དེ་སྲིད་དུ། །མི་དགེ་བཅུ་དང་ཉེ་བ་ལྔ། །ལྕི་བ་བཅུ་དྲུག་ལོག་པ་བརྒྱད་ལ་སོགས། །ཐེག་པ་གསུམ་དང་རིག་པ་འཛིན་པ་ཡི། །སྡོམ་གསུམ་དམ་ཚིག་ཉམས་པ་མཐའ་དག་ཀུན། །ག་ན་ཚོགས་ཀྱི་འཁོར་ལོ་ལ་བརྟེན་ནས། །འཆབ་པ་མེད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །དག་ཚངས་ཆེན་པོའི་དངོས་གྲུབ་བདག་ལ་སྩོལ། །ཧེ་རུ་ཀ་ལི་ཡིག་བརྒྱ་བརྗོད། ལྔ་པ་ཐ་མ་བསྒྲལ་མཆོད་ནི། ཨེ་ལས་ཐར་མེད་སྲིད་པའི་ཟུབ་ཁུང་ནང་། །མ་རིག་འཁྲུལ་བས་བཅིངས་པ་བདག་ལྟའི་དགྲ། །ཡེ་ཤེས་དབྱིངས་ལ་སྒྲིབ་པའི་གཟུང་འཛིན་གེགས། །དག་ཆེན་ཡེ་ཤེས་རིབ་པའི་ལྕགས་ཀྱུས་ཟུང་། །མཉམ་པར་མ་བཞག་མེད་པའི་ཞགས་པས་ཆིངས། །ལྷག་མཐོང་ལུ་གུ་རྒྱུད་ཀྱི་དྲ་བས་སྡོམས། །རྗེས་ཐོབ་འཁྲུལ་པ་མེད་པའི་དྲིལ་བུས་མྱོས། །ཕུང་པོ་ལྔ་ཡི་ཉེ་བར་ལེན་པ་ཀུན། །བདག་མེད་རྟོགས་པའི་མཚོན་གྱིས་རྣམ་པར་གཏུབ། །སྐྱེ་མེད་ཁྲོས་པའི་ལྷ་ཚོགས་ཞལ་དུ་བསྟབ། མཱཾ་ས་རཀྟ་ཙིཏྟ་གོ་རོ་ཙ་ན་བ་སུ་ཏ་ཀེ༚་ནི་རི་ཏི་ཏ་ན་ཙ་ཀྲ་པཱུ་ཙ་ཁ་ཁ་ཁཱ་ཧི་ཁཱ་ཧི། དྲུག་པ་ལྷག་མ་ནི། ཞིང་ལྤགས་ཀྱི་སྟེང་དུ་བཞག་ལ། ཧེ་རུ་ཀའི་དམ་རྒྱས་ཁ་ཕྲུ་དབབ། ཨ་ཀཱ་རོས་བརླབ་ཅིང་། ཧཱུྃ་དང་པོ་ཕུད་ཀྱིས་མི་མཆོད་དུ། །དཔལ་ཆེན་དཀྱིལ་འཁོར་ཚོགས་ཀྱི་བདག །བར་དུ་བཤགས་པ་མི་བགྱི་རུ། །རྣལ་འབྱོར་ལྡན་ལ་དམ་ཚིག་གཉན། །ཐ་མ་བསྒྲལ་བཏབ་
(༢༦༠)མི་བགྱི་རུ། །རྟོགས་པས་བདག་རྒྱུད་སྔོན་བསྒྲལ་ཕྱིར། །ད་ལྟ་ལྷག་མས་མི་མཆོད་དུ། །མ་ཚོགས་དབང་ཕྱུག་གིང་ལང་ཀ །ཕོ་ཉ་ཡུམ་བརྒྱ་དྲུག་ཅུ་སོགས། །ཀུན་ཀྱང་དཔལ་ཆེན་སྤྲུལ་པ་ཡིན། །ལྷག་མ་ཁ་ཆུས་མི་བྲན་དུ། །དམ་ཚིག་གཅིག་ཏུ་བསྲེ་བའི་ཕྱིར། །འབངས་ཐོག་རྗེ་ཡིས་མི་མནན་དུ། །ཅི་བཅོལ་ལས་ལ་བསྐུལ་བའི་ཕྱིར། །རྗེ་ལ་འབངས་ཀྱིས་མི་ཤོལ་དུ། །དྲག་ཤུལ་ལས་ཐབས་མྱུར་བའི་ཕྱིར། །ཧཱུྃ་རྣམ་དག་རང་བཞིན་ཞི་བ་ལས། །བཅོམ་ལྡན་དཔལ་ཆེན་སྤྲུལ་པ་ནི། །ཐབས་ཤེས་ཟླ་གསང་རོལ་པ་ལས། །དཀྱིལ་འཁོར་མུ་རན་སྐྱོང་བ་སྟེ། །ཁྱེད་ཅག་སྔོན་གྱི་ཡལ་གམ་ཅན། །ལག་ན་གློ་སྙིང་ནང་ཁྲོལ་ཐོགས། །ལེགས་ཉིས་ལྟངས་འཛིན་ཚོགས་ཁང་ཉུལ། །མཐུ་དང་རྫུ་འཕྲུལ་དཔག་ཏུ་མེད། །སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས། །དུག་གསུམ་རླུ་དྲ་བསྒྲལ་བའི་ཚེ། ཁས་བླངས་དམ་བཅས་དྲན་གྱིས་ལ། །སྲིན་མོའི་ཟལ་མཆེན་པོ་རུ། །ཕམ་བབས་ལོང་ལ་བསྟན་པ་སྲུངས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བདུན་པ་ཐུགས་དམ་བསྐུལ་བ་ནི། ཧཱུྃ་མི་གནས་ཡེ་ཤེས་ཆོས་སྐུའི་ཕོ་བྲང་ནས། །ལོངས་སྤྱོད་རྫོགས་པ་ཞི་དང་ཁྲོ་བོའི་ལྷ། །ཐུགས་དམ་བསྐུལ་ལོ་འགྲོ་བའི་དོན་ལ་དགོངས། །རིག་པའི་རང་བཞིན་བདེ་གཤེགས་སྙིང་པོ་ཡང་། །མ་རིག་འཛིན་པའི་ཀུན་གཞི་ལུང་མ་བསྟན། །སྒོ་ལྔའི་ཡུལ་དང་རྟེན་ཅིང་འབྲེལ་བ་ལས། །རིགས་དྲུག་རྒྱུད་ལྔའི་གནས་སུ་འཁྱམས་པ་རྣམས། །ལས་དང་ཉོན་མོངས་མཐུ་ཡིས་གཟིར་བའི་མཐུ། །ཕྱིར་རོལ་ཡུལ་ལ་སྨིན་པའི་སྡུལ་བསྔལ་དང་། །ནད་མཚོན་མུ་གེ་དགྲ་བགེགས་འབྱུང་པོའི་གདོན། །འཇིག་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ཀུན། །མངོན་སྤྱོད་དྲག་པོའི་རོལ་
(༢༦༡)པས་ཚར་བཅད་ནས། །ལོག་རྟོག་དངོས་པོར་ཞེན་པའི་སེམས་ཅན་རྣམས། །རྒྱུ་འབྲས་ཐེག་པ་གཞན་གྱིས་གདུལ་དཀའ་བས། །རང་བྱུང་ཡེ་ཤེས་རྟོགས་པའི་ཕྲིན་ལས་མཛོད། །བརྒྱད་པ་ཆད་ཐོ་བསྒྲག་པ་ནི། ཧཱུྃ་དུས་གསུམ་རྣམ་དག་ཀུན་ཏུ་བཟང་པོའི་དུས། །མངོན་རྫོགས་ཡེ་ཤེས་དག་པའི་འོག་མིན་དུ། །ཀུན་གཞི་ཡིད་ཆོས་དག་པའི་སྟོན་པ་ཡིས། །རང་སྣང་རང་བཞིན་མེད་པའི་འཁོར་ཚོགས་ལ། །རྒྱལ་བ་དགོངས་བརྒྱུད་རྫོགས་པའི་ཡོ་ག་གསུམ། །བརྡ་ཚིག་བརྗོད་པ་བྲལ་བར་བསྟན་པའི་ཚེ། །གྲགས་ཆེན་གསལ་བའི་སྟོན་པ་བཅུ་གཉིས་དང་། །དག་རབ་དཔའ་བོ་གསང་འཛིན་རྡོ་རྗེ་ཆོས། །བརྡ་བརྒྱུད་རིག་འཛིན་གྲུབ་པ་མཆོག་རྣམས་ཀྱིས། །སྟོན་འཁོར་དགོངས་པ་གཅིག་པའི་དབང་ཐོབ་བཞིན། །ཚོགས་བརྒྱད་རང་གྲོལ་གཏོར་མ་འདི་བཞེས་ལ། །འཁྲུལ་པ་གཞི་ལ་དག་པའི་ཕྲིན་ལས་མཛོད། །དེ་རྗེས་གསང་སྔགས་བསྟན་པ་བྱུང་བའི་ཚེ། །འོག་མིན་དགའ་ལྡན་རི་རབ་ལྷུན་པོའི་རྩེ། །ལྷ་གནས་གསུམ་དུ་གྲགས་པའི་གནས་མཆོག་དང་། །ཤམྦྷ་ལ་དང་ཨུ་རྒྱན་ཧོར་ཡུ་ལ། །སིངྒ་ལ་དང་གནམ་ལྕགས་འབར་བའི་རྩེ། །མཆོད་རྟེན་ཆེན་པོ་བདེ་བྱེད་པ་བརྩེགས་པ་རུ་རིག་འཛིན་སྡེ་སྣོད་མཐའ་དག་བབས་པའི་ཚེ། །འཇིག་རྟེན་འཇིག་རྟེན་འདས་པའི་མཁའ་འགྲོ་དང་། །དཀྱིལ་འཁོར་མུ་རན་སྐྱོང་བ་ཐམས་ཅད་ཀྱིས། །གཏོར་མ་ལེན་ཅིང་ལེགས་ཉེས་ལྟངས་འཛིན་པའི། ཁས་བླངས་དམ་བཅའ་བཞིན་དུ་ཕྲིན་ལས་མཛོད། །དེ་རྗེས་འགྲོ་དོན་དུས་ལ་བབས་པའི་ཚེ། །ཀླུ་སྒྲུབ་སྙིང་པོ་པདྨ་ཐོད་ཕྲེང་སོགས། །གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད་རྣམས་ཀྱིས། །འཛམ་བུའི་གླིང་དུ་དར་ཞིང་རྒྱས་མཛད་ཅིང་། །ཁྱད་པར་བྲག་དམར་དཔལ་གྱི་མཆིམས་ཕུ་རུ། །རིག་འཛིན་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །ལྷ་སྲས་རྒྱལ་
(༢༦༢)པོ་ཚངས་པའི་མེ་ཏོག་ལ། །སྒྲུབ་པ་བཀའ་བརྒྱད་དཀྱིལ་འཁོར་ཞལ་ཕྱེས་ཤིང་། །སེང་གེ་རྣམ་རོལ་ཁས་ཕུ་རི་ཡི་རྩེར། །གནོད་སྦྱིན་ཐམས་ཅད་དམ་ལ་བཞག་པའི་ཚེ། །སྲོག་སྙིང་ཕུལ་ཏེ་ཆད་ཐོ་བཟུང་བ་ལྟར། །མཆོད་གཏོར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད། །དེ་རྗེས་ཚོགས་བདུན་རོལ་པ་བལ་པོའི་ཡུལ། །རང་སྣང་མཆོད་རྟེན་བྱ་རུང་ཁ་ཤོར་དུ། །རང་བྱུང་རྡོ་རྗེ་འཇིགས་མེད་གླིང་པ་ལ། །དབྱིངས་ཀྱི་མཁའ་འགྲོས་ནམ་མཁའ་མཛོད་ཀྱི་བརྡ། །ཡེ་ཤེས་ལྔ་ལྡན་སྤྲུལ་པའི་ཤོག་སེར་ལས། །བྲག་དམར་བྲེ་གུ་བརྩེགས་པའི་དགེ་འུ་རུ། །ཀུན་ཏུ་བཟང་པོ་དྲི་མེད་འོད་ཟེར་གྱིས། །བཀའ་རྒྱ་ལུང་རྫོགས་གཏད་རྒྱ་བཀྲོལ་བའི་ཚེ། །སྤྱན་གཅིག་ཁྲག་ཏུ་ཁོལ་བའི་མ་མོ་དང་། །བྱ་རོག་གཙུག་ཕུད་འཛིན་པའི་དྲང་སྲོང་གིས། ཁས་བླངས་ཐ་ཚིག་བཞིན་དུ་འཕྲིན་ལས་མཛོད། །དགུ་པ་བཤལ་ཆུས་གཏོར་མ་བྲན་ལ་བརྟན་མ་སྐྱོང་བ་ནི། བྷྱོ་ཚོགས་དང་བཀའ་ཡི་བདག་ཉིད་ནི། །ཁྲག་འཐུང་རྡོ་རྗེ་ནམ་མཁའི་ཡུམ། །གངས་རི་ཅན་གྱི་ཡུལ་ལྷ་ནི། །བདུད་དང་གནོད་སྦྱིན་སྨན་མོ་བཞི། །ཚུར་སྦྱོན་ཚུར་སྦྱོན་གཏོར་མ་ལོང་། །རྟེན་འབྲེལ་ཡན་ལག་བཅུ་གཉིས་དང་། །དུས་སྦྱོར་བཅུ་གཉིས་གནས་དག་པས། །བ་ལ་བོད་མཚམས་ན་ཚེ་རིང་མ། །ལ་སྟོད་རྡོ་རྗེ་གཡའ་མ་སྐྱོང་། །གནོད་སྦྱིན་གངས་ལ་ཀུན་བཟང་མོ། །འབྲོག་ཆེན་འཁོར་འདུལ་བགེགས་ཀྱི་གཙོ། །ཇོ་མོ་གངས་རར་སྤྱན་གཅིག་མ། །བྱང་ན་མཁའ་ལྡིང་ཀླུ་མོ་རྒྱལ། ཁ་རག་རྡོ་རྗེ་ཁྱུང་བརྩུན་མ། །རྨ་ཆེན་སྤོམ་རང་དྲག་མོ་རྒྱལ། །ཀོང་བཙུན་དེ་མོ་བོད་ཁམས་སྐྱོང་། །འབྲོག་བཙན་རྡོ་རྗེ་སྨན་གཅིག་མ། །ཇོ་མོ་ནགས་རྒྱལ་དབྱར་མོ་བསིལ། །དབུས་ན་རྡོ་རྗེ་ཟུ་ལེ་སྨན། །ཀུན་ཀྱང་པདྨའི་བཀའ་ཉན་ཏེ། །དམ་ལ་གནས་ཤིང་
(༢༦༣)རིགས་ལ་འགོ །ཐ་ཚིག་བཞིན་དུ་གཏོར་མ་ལོང་། །མཐའ་ཡི་དམག་དང་རྒྱ་འདྲེའི་འཚུག །མུ་སྟེགས་འགྱུ་བའི་སྒོ་ཕྲང་དང་། །འགོང་པོ་སྤུན་དགུའི་ནད་དལ་སྲུངས། །རྟག་ཆད་ཐར་བར་འཁྲུལ་པ་ཡི། །འཇིག་ཚོགས་ལྟ་བ་དབུ་མར་ཟློག །བདེན་དོན་རྣམ་པ་བཅུ་གཉིས་ཀྱི། །བསྟན་པ་དར་བའི་ཕྲིན་ལས་མཛོད། །ཨོཾ་ལ་ལ་ལེ་ལེ་ཏཾ་ཏཾ་ཏེ་ཏེ་ཁ་རཀྨ་མ་མ་སྲིང་འགྲོ་མ་ཧཱུྃ་བྷྱོ་ཧཱུྃ་ཧཱུྃ། བཅུ་པ་རྟ་བྲོ་བརྡུང་བ་ནི། གཏོར་གཞོང་རི་རབ་ཏུ་བསམ་པ་ཁ་སྦུབས་པ། ཧཱུྃ་དམ་སྲི་བྱ་བའི་སྡིག་ཅན་ཁྱེད། འགྲོ་བ་ཡོངས་ཀྱི་རྒྱུད་ལ་རྒོལ། །བྱང་ཆུབ་སེམས་ཀྱི་བཏུལ་ཞུགས་བྲོས། །མནན་ནོ་སྟོང་ཆེན་འོག་ཏུ་མནན། །གཏད་དོ་ཆུ་སྲིན་གྲེ་བར་གཏད། །བསྐྱུར་རོ་གཤིན་རྗེའི་ཁ་རུ་བསྐྱུར། །བསྲེག་གོ་ཡེ་ཤེས་མེ་ཡིས་བསྲེགས། །བདག་ཏུ་ལྟ་བ་མ་ཞིག་པར། །བསྐལ་བ་ཞིག་ཀྱང་མི་གཏོང་ངོ་། །ཨོཾ་ཨཱཧཱུྃ་སྟྭཾ་བྷ་ཡ་ལཾ་ནན། བཅུ་གཅིག་པ་དངོས་གྲུབ་བླང་བ་ནི། །ཧཱུྃ་བྱིན་རླབས་ཀུན་གྱི་རྩ་བ་བླ་མ་ནི། །དངོས་གྲུབ་སྩོལ་ཕྱིར་དཔལ་ཆེན་རོལ་པའི་ལྷ། །རྣམ་ཐར་སྒོ་གསུམ་ཐུགས་ཀྱི་དཀྱིལ་འཁོར་ནས། །རང་བཞིན་ཡོངས་གྲུབ་བྱང་ཆུབ་སེམས་ཀྱི་དངོས། །ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྩོལ། །ས་བཅུ་ལམ་ལྔ་དབང་བཅུ་ཕྱི་ནང་གཉིས། །རིག་འཛིན་བཞི་དང་སྐུ་ལྔ་ཡེ་ཤེས་ལྔ། །གྲུབ་ཆེན་བརྒྱད་དང་ཕྲིན་ལས་རྣམ་པ་བཞི། །འཁོར་བའི་རང་བཞིན་གློ་བུར་སྒྲིབ་པ་གཉིས། །ཀུན་གཞིའི་ཁམས་ལ་བག་ལ་ཉལ་གྱི་ཚུལ། །ཤིན་ཏུ་རྣམ་དག་རྣམ་ཀུན་མཆོག་ལྡན་གྱི། །དངོས་གྲུབ་དམ་པ་དེང་འདིར་སྩལ་དུ་གསོལ། །རྩ་སྔགས་མཐར། །དྷརྨ་ཀཱ་ཡ། སམྦྷོ་ཀཱ་ཡ། ནི་རྨ་ཀཱ་ཡ། ཙིཏྟ་སིདྡྷི་ཕ་ལ་ཧཱུྃ། གཏང་རག་གི་མཆོད་བསྟོད་ཕུལ་ལ། བཅུ་གཉིས་པ་བཤགས་པ་ནི། ཧོ་སྔགས་ཀྱི་དངོས་གྲུབ་མ་ལུས་པ། །དམ་ཚིག་ཉིད་ལ་བརྟེན་གྱུར་ཀྱང་། །རྨོངས་དང་མ་རིག་ཉོན་མོངས་པས། །ཟིལ་གྱིས་ནོན་པ་བདག་ཅག་ནི། །ཉེས་པ་དུ་མའི་སྣོད་ལགས་ཏེ། །མགོན་པོ་ཐུགས་རྗེ་ཆེ་
(༢༦༤)རྣམས་ཀྱི། །ཐུགས་ལ་ཁྲོ་བ་མི་མངའ་ཡང་། །ལེགས་ཉེས་ལྟངས་འཛིན་བདག་པོ་རྣམས། །སྐྱོན་མཐོང་ཙམ་ནས་ཆད་པ་གཅོད། །གལ་ཞིང་ནོངས་པ་ཅི་མཆིས་པ། །མཐོལ་ལོ་བཤགས་སོ་ཚངས་པར་སྩོལ། །ཡི་གེ་བརྒྱ་པ་ལན་གསུམ་གྱིས་སྙིང་ནས་བཤགས་པར་བྱའོ། །བཅུ་གསུམ་པ་ཉེར་བསྡུ་ནི། །ཧཱུྃ་སྣོད་བཅུད་ལྷ་དང་གཞལ་ཡས་སུ། །ཤར་བདག་པའི་སྣོད་བཅུད་ཀྱང་། །རྟེན་ཉིད་བརྟེན་པ་ལྷ་རྣམས་ཀྱང་། །གཙོ་བོ་ལ་ཐིམ་དེ་ཡང་ཧཱུྃ། །ཞབས་ཀྱུ་ནས་བཟུང་ནཱ་དའི་བར། །རིམ་ཡལ་གདོད་མའི་གཤིས་སུ་ཨ། །ཞེས་མཉམ་པར་གཞག །བཅུ་བཞི་པ་སྤྱོད་ལམ་གྱི་རྣལ་འབྱོར་དུ་ལྡང་པ་ནི། །སླར་ཡང་རིག་པ་བྱང་ཆུབ་སེམས། །རྗེས་ཐོབ་གཉུག་མའི་ཧེ་རུ་ཀ་ཕྱག་རྒྱ་གཅིག་པའི་གནས་གསུམ་དུ། །ཡི་གེའི་མཚན་པས་རྣམ་རྟོག་སྲུངས། བཛྲ་རཀྵ་ཨ་ཧཾ། ཞེས་རྡོ་རྗེའི་གོ་བགོ་ཞིང་ཡི་གེ་བརྒྱ་པས་བརྟན་པར་བྱ། །བཅོ་ལྔ་པ་བསྔོ་སྨོན་ནི། ཧཱུྃ་སྣང་གྲག་རིག་པ་དཀྱིལ་འཁོར་གསུམ་གྱི་ངང་། །བསོད་ནམས་ཡེ་ཤེས་རིམ་གཉིས་རྣལ་འབྱོར་ཚོགས། །མི་གནས་ཡེ་ཤེས་མྱ་ངན་འདས་པར་བསྔོ། །ཀུན་ཀྱང་དཔལ་ཆེན་གོ་འཕང་ཐོབ་པར་ཤོག །ལན་གསུམ། བཅུ་དྲུག་པ་བཀྲ་ཤིས་ནི། ཧཱུྃ་གདོད་མའི་མགོན་པོ་རིགས་ལྔ་གངས་ཆེན་མཚོ། །སྐུ་ལྔ་ལྷུན་རྫོགས་སྤྲུལ་པའི་ཞིང་ཁམས་ལ། །བསྐལ་བཟང་སངས་རྒྱས་སྟོང་རྩ་འབྱོན་པ་ཡི། །སྒྲོན་མའི་བསྐལ་པ་བཟང་པོའི་བཀྲ་ཤིས་ཤོག །སྟོང་གསུམ་མི་མཛེད་རྡོ་རྗེ་ཐེག་པའི་ཞིང་། །འཕུར་འགྲོའི་བསྟན་པ་འབྱུང་གནས་ཨུ་རྒྱན་ཡུལ། །གངས་རིའི་ཁྲོད་དུ་འབོད་པ་ཁྲི་སྲོང་རྗེའི། །ཐུགས་བསྐྱེད་བསྟན་པ་མཐའ་རྒྱས་བཀྲ་ཤིས་ཤོག །འཛམ་གླིང་ས་ཡི་ལྟེ་བ་རྡོ་རྗེའི་གདན། །པཎ་གྲུབ་ཆོས་རྒྱལ་འཛོམ་པ་ཆོས་འཁོར་གསུམ། །མདོ་སྔགས་བསྟན་པ་དར་པ་གངས་ཅན་ལྗོངས། །རྒྱལ་བསྟན་ཡུན་དུ་གནས་པའི་བཀྲ་ཤིས་ཤོག །དགེའོ།
(༢༦༥)ཕུར་བརྒྱུད་ལུགས་ལས་ཛ་པྲ་བསྐུལ་བཞུགས། །
(༢༦༦)ཛ་པྲ་བསྐུལ་ནི། ཚིལ་ཆེན་བསྲེགས་ཤིང་རོལ་ཆན་དབྱངས་དང་བཅས། ཧཱུྃ་སྟོང་གསུམ་སྟོང་གི་འཇིག་རྟེན་ན། །དབུས་ཕྱོགས་སྟོང་གི་འཇིག་རྟེན་ན། །བརྟན་གཡོ་རྩི་ཤིང་ནགས་ཚུལ་ཀུན། །ཀུན་ཀྱང་རྡོ་རྗེ་ཕུར་པའི་ལྷ། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །མཐིང་ནག་མེ་ཡི་འོད་འཕྲོ་ཞིང་། །བཞད་དང་གཤེ་དང་ཁྲོ་བའི་ཚུལ། །ཕྱག་དྲུག་འཇིགས་པའི་མཚོན་ཆ་ཡིས། །འགྲོ་དྲུག་བྷ་གའི་དབྱིངས་སུ་སྦྱོར། །ཞབས་བཞིས་བདུད་བཞི་ཟིལ་གྱིས་གནོན། །ཞལ་ནས་ཀཱི་ལའི་སྔགས་ཟློས་ཤིང་། །ནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །གནས་འདིར་སྤྱན་འདྲེན་གཤེགས་ནས་ཀྱང་། །དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས། །ཕུར་བ་འདི་ལ་དབང་ཞིག་སྐུར། །ཕུར་བ་འདི་ལ་བྱིན་གྱིས་རློབས། །རྟགས་དང་མཚན་མ་དབྱུང་བ་དང་། །རིག་འཛིན་
(༢༦༧)བདག་ལ་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཧཱུྃ་སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཤར་ཕྱོགས་སྟོང་གི་འཇིག་རྟེན་ན། །བརྟན་གཡོ་རྩི་ཤིང་ནགས་ཚལ་ཀུན། །ཀུན་ཀྱང་བུདྡྷ་ཕུར་པའི་ལྷ། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །དཀར་གསལ་མེ་ཡི་འོད་འཕྲོ་ཞིང་། །བཞད་དང་གཤེ་དང་ཁྲོ་བའི་ཚུལ། །ཕྱག་དྲུག་འཇིགས་པའི་མཚོན་ཆ་ཡིས། །འགྲོ་དྲུག་བྷ་གའི་དབྱིངས་སུ་སྦྱོར། །ཞབས་བཞིས་བདུད་བཞི་ཟིལ་གྱིས་གནོན། །ཞལ་ནས་ཀཱི་ལའི་སྔགས་ཟློས་ཤིང་། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །གནས་འདིར་སྤྱན་འདྲེན་གཤེགས་ནས་ཀྱང་། །དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས། །ཕུར་པ་འདི་ལ་དབང་ཞིག་སྐུར། །ཕུར་པ་འདི་ལ་བྱིན་གྱིས་རློབས། །རྟགས་དང་མཚན་མ་དབྱུང་བ་དང་། །རིག་འཛིན་བདག་ལ་དངོས་གྲུབ་སྩོལ། །ཨོཾ་བུདྡྷ་ཀཱི་ལི་ཀཱི་ལ་ཡ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཧཱུྃ་
(༢༦༨)སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ལྷོ་ཕྱོགས་སྟོང་གི་འཇིག་རྟེན་ན། །བརྟན་གཡོ་རྩི་ཤིང་ནགས་ཚལ་ཀུན། །ཀུན་ཀྱང་རཏྣ་ཕུར་པའི་ལྷ། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །སེར་གསལ་མེ་ཡི་འོད་འཕྲོ་ཞིང་། །བཞད་དང་གཤེ་དང་ཁྲོ་བའི་ཚུལ། །ཕྱག་དྲུག་འཇིགས་པའི་མཚོན་ཆ་ཡིས། །འགྲོ་དྲུག་བྷ་གའི་དབྱིངས་སུ་སྦྱོར། །ཞབས་བཞིས་བདུད་བཞི་ཟིལ་གྱིས་གནོན། །ཞལ་ནས་ཀཱི་ལའི་སྔགས་ཟློས་ཤིག །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །གནས་འདིར་སྤྱན་འདྲེན་གཤེགས་ནས་ཀྱང་། །དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས། །ཕུར་པ་འདི་ལ་དབང་ཞིག་སྐུར། །ཕུར་པ་འདི་ལ་བྱིན་གྱིས་རློབས། །རྟགས་དང་མཚན་མ་དབྱུང་བ་དང་། །རིག་འཛིན་བདག་ལ་དངོས་གྲུབ་སྩོལ། །ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཧཱུྃ་སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ནུབ་ཕྱོགས་སྟོང་གི་འཇིག་རྟེན་ན། །བརྟན་གཡོ་རྩི་ཤིང་ནགས་ཚལ་ཀུན། །ཀུན་ཀྱང་པདྨ་ཕུར་པའི་ལྷ། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །དམར་གསལ་མེ་ཡི་འོད་འཕྲོ་ཞིང་། །བཞད་དང་གཤེ་དང་ཁྲོ་བའི་ཚུལ། །ཕྱག་དྲུག་འཇིགས་པའི་མཚོན་ཆ་ཡིས། །འགྲོ་དྲུག་བྷ་གའི་དབྱིངས་སུ་སྦྱོར། །ཞབས་བཞིས་བདུད་བཞི་ཟིལ་གྱིས་གནོན། །ཞལ་ནས་ཀཱི་ལའི་སྔགས་ཟློས་ཤིང་། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །གནས་འདིར་སྤྱན་འདྲེན་གཤེགས་ནས་ཀྱང་། །དཀྱིལ་འཁོར་འདི་ལ་བརྟན་པར་
(༢༦༩)བཞུགས། །ཕུར་པ་འདི་ལ་དབང་ཞིག་སྐུར། །ཕུར་པ་འདི་ལ་བྱིན་གྱིས་རློབས། །རྟགས་དང་མཚན་མ་དབྱུང་བ་དང་། །རིག་འཛིན་བདག་ལ་དངོས་གྲུབ་སྩོལ། །ཨོཾ་པདྨ་ཀཱི་ལོ་ཀཱི་ལ་ཡ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཧཱུྃ་སྟོང་གསུམ་སྟོང་གི་འཇིག་རྟེན་ན། །བྱང་ཕྱོགས་སྟོང་གི་འཇིག་རྟེན་ན། །བརྟན་གཡོ་རྩི་ཤིང་ནགས་ཚལ་ཀུན། །ཀུན་ཀྱང་ལས་ཀྱི་ཕུར་པའི་ལྷ། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །ལྗང་གུ་མེ་ཡི་འོད་འཕྲོ་ཞིང་། །རྔམས་དང་བཞད་དང་ཁྲོ་བའི་ཚུལ། །ཕྱག་དྲུག་འཇིགས་པའི་མཚོན་ཆ་ཡིས། །འགྲོ་དྲུག་བྷ་གའི་དབྱིངས་སུ་སྦྱོར། །ཞབས་བཞིས་བདུད་བཞི་ཟིལ་གྱིས་གནོན། །ཞལ་ནས་ཀཱི་ལའི་སྔགས་ཟློས་ཤིང་། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །གནས་འདིར་སྤྱན་འདྲེན་གཤེགས་ནས་ཀྱང་། །དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས། །ཕུར་པ་འདི་ལ་དབང་ཞིག་སྐུར། །ཕུར་པ་འདི་ལ་བྱིན་གྱིས་རློབས། །རྟགས་དང་མཚན་མ་དབྱུང་བ་དང་། །རིག་འཛིན་བདག་ལ་དངོས་གྲུབ་སྩོལ། །ཨོཾ་ཀརྨཱ་ཀཱི་ལི་ཀཱི་ལ་ཡ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། རྡོ་རྗེ་ཁྲོས་པའི་བཤད་རྒྱུད་ལས་སོ། །མངྒ་ལཾ། དགེའོ།། །།
(༢༧༠) ཕུར་པ་རྒྱུད་ལུགས་ལས་སྒྲུབ་པའི་དུས་ཀྱི་ཉུ་ལེ་སྐྲོད་པའི་ཕོ་ཉ་དགོས་བསྐུལ་བཞུགས། །
(༢༧༡)ཤྲཱི་བཛྲ་ཀུ་མཱ་ར། སྒྲུབ་ཆེན་གྱི་དུས་ཉམས་རྟགས་དྲུག་ཏུ་མངོན་པའི་གཉེན་པོ་གདོང་ཅན་དྲུག་གི་བསྐུལ་བྱ་བ་ནི། གུ་གུལ་བསྲེག །ཉུང་དཀར་བརྡེག །ཕུར་པས་གཟིར་བ་དང་བཅས། ཧཱུྃ་ཡེ་ཤེས་སྐུ་ཡི་སྤྲུལ་པ་སྟེ། །རྫུ་འཕྲུལ་སྟོན་ཅིང་བཀའ་ཉན་པའི། །དཔའ་རྟུལ་སྟག་གི་མགོ་ཅན་ལ། །མ་མོ་སྟག་གི་མགོ་ཅན་ཞོན། །བང་ནི་རླུང་གིས་བསྐྱོད་དུ་མེད། །སྐད་ནི་སྟོང་ཁམས་ཁྱབ་པར་སྒྲོགས། །ལག་པ་གཡས་ན་ཕུར་པ་བསྣམས། །གང་ལ་བྱ་བའི་སྙིང་ལ་ཡ། །ལག་པ་གཡོན་ན་ལྕགས་ཀྱུ་བསྣམས། །གང་ལ་བྱ་བའི་སྙིང་ནས་དྲོངས། ཁམས་གསུམ་དབང་དུ་བསྡུ་བ་དང་། །སྲིད་གསུམ་ཟིལ་གྱིས་གནོན་པ་དང་། །སྒྲུབ་ལ་བར་ཆད་བྱེད་པ་རྣམས། །ཐལ་བ་བཞིན་དུ་རྡུལ་དུ་རློག །ཧཱུྃ་ཡེ་ཤེས་ཐུགས་ཀྱི་སྤྲུལ་པ་གཅིག །སྟོབས་ཀྱི་རྒྱལ་པོ་སེང་གེ་ལ། །མི་མོ་སེང་གེའི་མགོ་ཅན་ཞོན། །
(༢༧༢)བང་ནི་རླུང་གིས་བསྐྱོད་དུ་མེད། །སྐད་ནི་ཁམས་གསུམ་ཁྱབ་པར་སྒྲོགས། །ལག་པ་གཡས་ན་ཕུར་པ་བསྣམས། །གང་ལ་བྱ་བའི་སྙིང་ལ་ཡ། །ལག་པ་གཡོན་ན་ལྕགས་ཀྱུ་བསྣམས། །གང་ལ་བྱ་བའི་སྙིང་ནས་དྲོངས། ཁམས་གསུམ་དབང་དུ་བསྡུ་བ་དང་། །སྲིད་གསུམ་ཟིལ་གྱིས་གནོན་པ་དང་། །སྒྲུབ་ལ་བར་གཅོད་བྱེད་པའི་བགེགས། །ཐལ་བ་བཞིན་དུ་རྡུལ་དུ་རློག །ཧཱུྃ་ཡེ་ཤེས་ཐུགས་ཀྱི་སྤྲུལ་པ་གཅིག །དྲན་བྱེད་མཁའ་ལྡིང་ཕོ་རོག་ལ། །མི་མོ་ཕོ་རོག་མགོ་ཅན་ཞོན། །བང་ནི་རླུང་གིས་བསྐྱོད་དུ་མེད། །སྐད་ནི་སྟོང་ཁམས་ཁྱབ་པར་སྒྲོགས། །ལག་པ་གཡས་ན་ཕུར་པ་བསྣམས། །གང་ལ་བྱ་བའི་སྙིང་ལ་ཡ། །ལག་པ་གཡོན་ན་ལྕགས་ཀྱུ་བསྣམས། །གང་ལ་བྱ་བའི་སྙིང་ནས་དྲོངས། ཁམས་གསུམ་དབང་དུ་བསྡུ་བ་དང་། །སྲིད་གསུམ་ཟིལ་གྱིས་གནོན་པ་དང་། །གྲུབ་
(༢༧༣)ལ་བར་གཅོད་བྱེད་པའི་བགེགས། །ཐལ་བ་བཞིན་དུ་རྡུལ་དུ་རློག །ཧཱུྃ་ཡེ་ཤེས་ཐུགས་ཀྱི་སྤྲུལ་པ་གཅིག །རྫི་སྣོམ་གཡག་གི་མགོ་ཅན་ལ། །མི་མོ་གཡག་གི་མགོ་ཅན་ཞོན། །བང་ནི་རླུང་གིས་བསྐྱོད་དུ་མེད། །སྐད་ནི་སྟོང་ཁམས་ཁྱབ་པར་སྒྲོགས། །ལག་པ་གཡས་ན་ཕུར་པ་བསྣམས། །གང་ལ་བྱ་བའི་སིང་ལ་ཡ། །ལག་པ་གཡོན་ན་ལྕགས་ཀྱུ་བསྣམས། །གང་ལ་བྱ་བའི་སྙིང་ནས་དྲོངས། ཁམས་གསུམ་དབང་དུ་བསྡུ་བ་དང་། །སྲིད་གསུམ་ཟིལ་གྱིས་གནོན་པ་དང་། །སྒྲུབ་ལ་བར་གཅོད་བྱེད་པའི་བགེགས། །ཐལ་བ་བཞིན་དུ་རྡུལ་དུ་རློག །ཧཱུྃ་ཡེ་ཤེས་ཐུགས་ཀྱི་སྤྲུལ་པ་གཅིག །གསོད་བྱེད་ཆེན་མོ་དྲེད་མོ་ལ། །མི་མོ་དྲེད་མོའི་མགོ་ཅན་ཞོན། །བང་ནི་རླུང་གིས་བསྐྱོད་དུ་མེད། །སྐད་ནི་སྟོང་ཁམས་ཁྱབ་པར་སྒྲོགས། །ལག་པ་གཡས་ན་ཕུར་པ་བསྣམས། །གང་ལ་བྱ་བའི་སྙིང་ལ་ཡ། །ལག་པ་གཡོན་ན་ལྕགས་ཀྱུ་བསྣམས། །གང་ལ་བྱ་བའི་སྙིང་ནས་དྲོངས། ཁམས་གསུམ་དབང་དུ་བསྡུ་བ་དང་། །སྲིད་གསུམ་ཟིལ་གྱིས་གནོན་པ་དང་། །སྒྲུབ་ལ་བར་གཅོད་བྱེད་པའི་བགེགས། །ཐལ་བ་བཞིན་དུ་རྡུལ་དུ་རློག །ཧཱུྃ་ཡེ་ཤེས་ཐུགས་ཀྱི་སྤྲུལ་པ་གཅིག །བྲིམས་བྱེད་ཆེན་མོ་གཟིག་མོ་ལ། །མི་མོ་གཟིག་གི་མགོ་ཅན་ཞོན། །བང་ནི་རླུང་གིས་བསྐྱོད་དུ་མེད། །སྐད་ནི་སྟོང་ཁམས་ཁྱབ་པར་སྒྲོགས། །ལག་པ་གཡས་ན་ཕུར་པ་བསྣམས། །གང་ལ་བྱ་བའི་སྙིང་ལ་ཡ། །ལག་པ་གཡོན་ན་ལྕགས་ཀྱུ་བསྣམས། །གང་ལ་བྱ་བའི་སྙིང་ནས་དྲོངས། ཁམས་གསུམ་དབང་དུ་བསྡུ་བ་དང་། །
(༢༧༤)སྲིད་གསུམ་ཟིལ་གྱིས་གནོན་པ་དང་། །སྒྲུབ་ལ་བར་གཅོད་བྱེད་པའི་བགེགས། །ཐལ་བ་བཞིན་དུ་རྡུལ་དུ་རློག །ཉམས་དྲུག་རྟགས་དྲུག་མི་གསལ་བའི། །ཏིང་འཛིན་དྲོད་ཉུལ་ཆེན་མོ་རྣམས། །ཐམས་ཅད་མ་ལུས་དབང་དུ་སྡུད། །ཉི་མའི་ཟེར་ལ་གནོད་བྱེད་པ། །འབྱུང་པོ་ཐེའུ་རང་གནོད་བྱེད་ལྔ། །དྲི་དང་འང་དུ་བཅས་པ་ལྡང་། །ཚེ་ལ་བར་ཆད་བྱེད་པའི་བགེགས། །ཟློག་བྱེད་སྟག་མོའི་ཏིང་འཛིན་གྱིས། །ཐལ་བ་བཞིན་དུ་རྡུལ་དུ་རློག །ཉི་མ་གུང་ལ་གནོད་བྱེད་པ། །ས་བདག་ཆེན་མོ་ལག་ཆེན་ཡིན།།། །ལྕི་ཞིང་ཉམ་ཆུང་དྲོད་དང་བྲལ། །གུང་ལ་བར་ཆད་བྱེད་པའི་བགེགས། །ཟློག་བྱེད་སྟོབས་ལྡན་ཏིང་འཛིན་གྱིས། །ཐལ་བ་བཞིན་དུ་རྡུལ་དུ་རློག །དགོངས་ཀྱི་དུས་ན་གནོད་བྱེད་པ། །བཙན་གྱི་ཕོ་ཉ་རྐང་ཕྲིན་ཡིན། །ཕྱད་ཕྱོད་ཏིང་འཛིན་མི་གསལ་བ། །དགོངས་ལ་བར་ཆད་བྱེད་པའི་བགེགས། །དྲན་བྱེད་ཆེན་མའི་ཏིང་འཛིན་གྱིས། །ཐལ་བ་བཞིན་དུ་རྡུལ་དུ་རློག །སྲོད་ཀྱི་དུས་ན་གནོད་བྱེད་པ། །བདུད་ཀྱི་རྒྱལ་པོ་མ་རུངས་བ། །གྲིབ་སོ་གནག་ཅིང་རྨུག་པར་བྱེད། །ཟློག་བྱེད་གཡག་གི་ཏིང་འཛིན་གྱིས། །ཐལ་བ་བཞིན་དུ་རྡུལ་དུ་རློག །ནམ་ཕྱེད་བར་ཆད་བྱེད་པའི་བགེགས། །མ་བདུད་རྒྱལ་པོ་ཀུན་ཏུ་རྒྱུ། །སྤྱུགས་པ་ལེན་ཅིང་མེ་རུ་འབར། །ནམ་ཕྱེད་བར་ཆད་བྱེད་པའི་བགེགས། །ཐལ་བ་བཞིན་དུ་རྡུལ་དུ་རློག །ཧཱུྃ་ཐོ་རངས་བར་ཆད་བྱེད་པའི་བགེགས། །ཚངས་པ་ཆེན་པོའི་སྤྲུལ་པ་སྟེ། །མེ་འོད་ཀུན་གྱི་
(༢༧༥)བདག་པོ་ཡིས། །ཟློག་བྱེད་དྲེད་ཀྱི་ཏིང་འཛིན་དང་། །སྒྲུབ་པ་རྫས་ཀྱི་དམ་པ་ཡི། །ཐོ་རངས་བར་ཆད་བྱེད་པའི་བགེགས། །ཐལ་བ་བཞིན་དུ་རྡུལ་དུ་རློག ཧཱུྃ་གདུག་བྱེད་གནོད་པའི་བར་ཆད་རྣམས། །དུས་མ་ཡིན་བར་འབྱུང་བར་བྱེད། །ཏིང་འཛིན་མི་གསལ་དྲན་པ་ཉམས། །ཟློག་བྱེད་གཟིག་གི་ཏིང་འཛིན་གྱིས། །ཐལ་བ་བཞིན་དུ་རྡུལ་དུ་རློག །ཉམས་པའི་འོད་དང་བདུད་ཀྱི་འོད། །ཐེ་དྲང་འོད་དང་རྟགས་ཀྱི་འོད། །རྟགས་ཀྱི་དྲི་དང་ཐེ་བྲང་དྲི། །བདུད་ཀྱི་ཉམས་དང་དངོས་གྲུབ་ཉམས། །སྤར་ཤིང་དྲི་དང་རྫས་ཀྱི་དྲི། །བར་ཆད་འོད་དང་མ་མོའི་རྟགས། །བཙན་གྱི་སྒྲ་དང་རིག་འཛིན་གསུང་། །ཐམས་ཅད་དུས་དང་ཉམས་དགའ་དང་། །རྡོ་རྗེ་ཁ་ཊཱཾ་རྗེའུ་ཆུང་དང་། །ཉུང་དཀར་ཕུར་བུ་ཞིང་ལྤགས་དང་། །གུ་གུལ་དུད་པ་བཏང་བས་འབྱུང་། །རབ་རིབ་མེད་པར་རབ་ཤེས་ན། །དེ་ཉིད་ཡེ་ཤེས་ལྷ་ཡི་རྟགས། །གསལ་ལ་རྟོག་མེད་ཉམ་མི་བ། །རབ་རིབ་མི་བརྟན་འགྱུར་བ་ཅན། །རྟགས་མིན་དངོས་གྲུབ་བར་ཆད་བྱེད། །དེ་ཉིད་བཟློག་པར་རབ་ཤེས་བྱ། །ཡང་ན་ཏིང་འཛིན་ཆེན་པོ་དྲུག །གཙོ་བོའི་ཏིང་འཛིན་ཆེན་པོ་དང་། །མཚམས་དང་སྲས་མཆོག་དྲུག་རྣམས་ཀྱི། །སྔགས་དང་ཚིག་དང་ཕུར་པ་ཡིས། །དུས་རྣམས་ཀུན་ཏུ་བཟློག་པར་བྱ། །ཡང་ན་སྲས་མཆོག་དྲུག་རྣམས་ཀྱིས། །རིམ་པ་བཞིན་དུ་ཡང་དག་བཟློག །ཐམས་ཅད་ཀུན་ཏུ་བཟློག་པར་བྱ། །ཞེས་གསུངས་སོ། །
(༢༧༦)ཕུར་བརྒྱུད་ལུགས་ལས། མངོན་རྟོགས་བསྡུས་པ་རྡོ་རྗེ་བཀོད་པའི་རྒྱན་ཞེས་བྱ་བ་བཞུགས། །
(༢༧༧)དེ་བཞིན་གཤེགས་པ་ཁྲག་འཐུང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བསྐྱེད་རིམ་གྱི་གནད་དང་ལྷའི་མངོན་རྟོགས་ལ་ཅུང་ཟད་ངེས་པ་བརྟན་པའི་དོན་དུ་ཕྲིན་ལས་ཀྱི་བྱང་བུ་ཤིན་ཏུ་བསྡུས་པ་ལ་སྦྱོར་དངོས་རྗེས་གསུམ་གྱི་སྦྱོར་བ་ལའང་བདུན་ལས། དང་པོ་བདུན་རྣམ་དག་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་བགེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་དབང་ཕྱུག་སེམས་ཅན་ལ། །དགོས་པ་གསུམ་ཕྱིར་ལུས་
(༢༧༨)དབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །གཉིས་པ་ཕྱི་རོལ་བསྐྲད་པ་ནི། །གཏོར་མ་ཨ་ཀཱ་རོས་བརླབས་ལ། ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ལུས་ཀྱང་དུམ་བུ་སྟོང་དུ་གཏུབ། །སྙིང་ཡང་ཚལ་པ་བདུན་དུ་གཏུབས། །ཧཱུྃ་བཞིའི་སྔགས་བརྗོད། གསུམ་པ་མཚམས་གཅད་པ་ནི། །ཧཱུྃ། བྱང་ཆུབ་སེམས་ལས་འོད་འཕྲོས་པས། ཁམས་གསུམ་དེ་བཞིན་རོལ་པའི་སྐུ། །མ་ལུས་ཕུར་པས་ཐེབས་ཞེས་བྱ། །གང་ཞིག་གནོད་པའི་ཚོགས་རྣམས་ལ། །རྣམ་པར་ཤེས་པའི་ཚོགས་བརྒྱད་ནང་། །རྡོ་རྗེ་ཕུར་པ་མང་ཤར་ཅིང་། །དེ་ཡིས་ཚོགས་བརྒྱད་དག་པར་བྱ། །ཨོཾ་བཛྲ་ཀཱི་ལ་
(༢༧༩)ཡ་ཧཱུྃ་ཕཊ། བཞི་པ་བཤགས་པ་ནི། ཨོཾ་ཡེ་ཤེས་ལྔ་ལྡན་བླ་མ་ཐོ་རྗེ་འཛིན། །རྡོ་རྗེ་རིགས་ཀྱི་ལྷ་ཚོགས་དགོངས་སུ་གསོལ། །ཁྲག་འཐུང་ཁྲོ་བོ་ཁྲོ་མོས་བྱིན་གྱིས་རློབས། །བདག་གི་ལུས་ཀྱིས་སྲོག་གཅོད་མ་བྱིན་བླངས། །མི་ཚངས་སྤྱད་ཅིང་ཏིང་འཛིན་སྐུ་མ་གསལ། །སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཨཱ བདག་གི་ངག་གིས་རྫུན་དང་ཕྲ་མ་དང་། །ངག་འཁྱལ་ཚིག་རྩུབ་བཟླས་བརྗོད་གྲངས་མ་སྐྱོལ། །རྡོ་རྗེ་བཟླས་པའི་དོན་ནི་མ་རྟོགས་ཏེ། །གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། བཛྲ། བདག་གིས་སྣོད་ལྡན་སེམས་ཅན་ཐམས་ཅད་ལ། །བརྣབ་སེམས་གནོད་སེམས་ལོག་ལྟ་སྐྱེས་པ་དང་། །ཆོས་ཉིད་ཟབ་མོའི་དོན་ནི་མ་རྟོགས་ཏེ། །ལྟ་བ་ཐུགས་ཀྱི་དམ་ཚིག་ཉམས་པ་བཤགས། ས། སེམས་ཅན་ཐམས་ཅད་ཡེ་ནས་སངས་རྒྱས་རྒྱུར། །མ་རྟོགས་བདག་གིས་བརྔན་དང་སྐྱོན་དུ་བགྲངས། །སངས་རྒྱས་ཡོན་ཏན་མཐའ་ཡས་མ་བརྗོད་ཅིང་། །ཡོན་ཏན་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཏྭ། སངས་རྒྱས་ཕྲིན་ལས་སྣ་ཚོགས་དཔག་མེད་ཀྱི། །སྙིང་རྗེ་ཆེན་པོས་སེམས་ཅན་དོན་མ་བྱས། །བདུད་རྩི་ལྔ་ལ་ལོངས་སྤྱོད་མ་ནུས་ཤིང་། །ཕྲིན་ལས་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། ཧཱུྃ། སྐྱེ་བ་རྣམས་བཞིས་བསྡུས་པའི་སེམས་ཅན་རྣམས། །ཆོས་སྐུ་རྣམ་དག་དབྱིངས་ལས་གཟུགས་སྐུར་སྣང་། །བདེ་བ་ཆེན་པོས་ཀུན་ལ་ཁྱབ་དམིགས་ཏེ། །ཡང་དག་དོན་མ་རྟོགས་པ་མཐོལ་ལོ་བཤགས། །ཞེས་པས་རྒྱུད་དག་པར་བྱའོ། །ལྡང་བྱིན་འབེས་པ་ནི། ཧཱུྃ། འཕགས་མཆོག་ཐུགས་རྗེའི་དུས་ལ་
(༢༨༠)བབ། །ཁྱད་པར་བསྟན་པའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བྱིན་གྱིས་རློབ་པའི་དུས་ལ་བབ། །དབང་མཆོག་བསྐུར་བའི་དུས་ལ་བབ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དབང་ཆེན་དབང་བསྐུར་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བདག་ཅག་ལས་འབྲས་མཆིས་པར་མཛོད། །ཧཱུྃ་ཧཱུྃ་ཧཱུྃ་གིས་བྱིན་བསྡུ། །བདུན་པ་མཆོད་པ་བྱིན་བརླབ་ནི། ཧཱུྃ། སྣང་སྲིད་ཐམས་ཅད་མཆོད་པའི་སྤྲིན། །ཡེ་ཤེས་བདུད་རྩིར་བྱིན་བརླབས་པས། །ཕྱི་ནང་གསང་བའི་མཆོད་རྫས་ཀུན། །ཀུན་བཟང་རྣམ་འཕྲུལ་ཆེན་པོར་གྱུར། །ཨོཾ་བཛྲ་ཨརྒྷཾ། པདྱཾ། པུཥྤེ། དྷཱུ་པྤེ། ཨཱ་ལི་ཀེ། གྷནྡྷེ། ནཻ་ཝི་ཏྱ། ཤཔྡ་ཨཱཧཱུྃ། སྨན་གཏོར་རཀྟའི་སྔགས་ལན་གསུམ་རེ་བརྗོད། གཉིས་པ་དངོས་གཞི་ལ་བཅུ་གཅིག་ལས། དང་པོ་བསྐྱེད་རིམ་ནི། ཧཱུྃ། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །མཚོན་ཆེན་སྔོན་པོ་འབར་བ་ཡི། །ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར། །སྙིང་གི་གོ་རུ་བསྒོམ་པར་བྱ། ཧཱུྃ། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །གསད་ཅིང་གནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེས་གཏམ་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། ཧཱུྃ། སེམས་དང་ཡིད་དང་རྣམ་ཤེས་ཉིད། །དེ་ཉིད་ལས་ནི་འཁྲུལ་ནས་བཏབ། །རྣམ་རྟོག་བག་ཆགས་སྤང་བའི་ཕྱིར། །བདག་དང་ཕུར་པ་གཞལ་ཡས་ཁང་། །ཧཱུྃ། རཀྟའི་རྒྱ་མཚོ་ཆེན་པོ་འཁྱིལ་བའི་ཀློང་། །ཀེང་
(༢༨༡)རུས་ཆེན་པོའི་རི་རབ་བརྩེགས་པའི་སྟེང་། །རྡོ་རྗེའི་བྲག་ཆེན་གཏམས་པའི་གཞི་ལ། །དུར་ཁྲོད་ཆེན་པོ་འབར་བའི་གཞལ་ཡས་ཁང་། །སུས་ཀྱང་མ་བསྐྱེད་ཡེ་ནས་ཚད་ལས་འདས། །བསྐལ་པ་མེ་ལྟར་འབར་བའི་དཀྱིལ་འཁོར་ནང་། །དྲེགས་པ་ལྷ་ཆེན་བསྣོལ་བའི་གདན་སྟེངས་སུ། །ཉི་ཟླའི་གདན་བཤམས་པདྨའི་གེ་སར་བཅས། །ཚད་དང་མཚན་ཉིད་མ་ལུས་ཡོངས་སུ་རྫོགས། །གཙོ་བོའི་གནས་སུ་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས། འཇིགས་བྱེད་ཀྱི་རྒྱལ་པོ་དཔལ་རྡོ་རྗེ་གཞོན་ནུ་དབུ་གསུམ་ཕྱག་དྲུག་པ། །ཞབས་རྣམ་པ་བཞི་དང་ལྡན་པ། །གཡས་ལྗང་ནག །གཡོན་དམར་ནག །དབུས་མཐིང་ནག་སུ་བཞུགས་པ། གཡས་ཀྱི་དང་པོ་རྡོ་རྗེ་རྩེ་དགུ་པ་དང་། གཡོན་དང་པོ་ན་མེ་དཔུང་འབར་བ་བསྣམས་པ། གཡས་པར་པན་རྡོ་རྗེ་རྩེ་ལྔ་པ་དང་། སྟ་རེ་དང་ཐོ་བའོ། །གཡོན་པར་པཎ་ཁ་ཊཱཾ་དང་ཐོད་དབྱུག་དང་ལྕགས་ཀྱུའོ། །གཡས་ཐ་མན་ཕུར་པ་དང་། གཡོན་ཐ་མ་རྦོད་གཏོང་ཕྲ་མེན་གྱི་ཚོགས་བསྣམས་ཏེ། བྱ་རྒོད་དང་། ཁྱུད་དང་། འུག་པ་དང་། ཕོ་རོག་དང་། ཁྲ་བསྣམས་པའོ། །ཞབས་བཞི་ལས་གཉིས་བརྐྱང་གཉིས་བསྐུམ་སྟེ་དོར་སྟབས་ས་བཞུགས་པའོ། །སྐུ་ལ་བསྐལ་པའི་མེ་རི་དང་། གླང་པོ་ཆེའི་ཀོ་རློན་དང་། སྟག་གི་ཤམ་ཐབས་དང་། ཞིང་ཆེན་གྱི་པགས་པ་དང་། ཐལ་བའི་ཚོམ་བུ་དང་། །ཞག་གི་ཟོ་རིས་དང་། ཁྲག་གི་ཐིག་ལེའོ། །སྤྲུལ་རིགས་ལྔས་བརྒྱན་ཏེ། རྒྱལ་རིགས་དང་། རྗེའུ་རིགས་དང་། བྲམ་ཟིའི་རིགས་དང་། མདངས་རིགས་དང་། གདོལ་པའི་རིགས་སོ། །ཐུགས་རྗེ་ཆགས་པས་
(༢༨༢)ཁྲག་གི་རྒྱ་མཚོ་ལ་གསོལ་བའོ། །ཡུམ་འཁོར་ལོ་རྒྱས་འདེབས་མ་ཞལ་གཅིག་ཕྱག་གཉིས་མ། གཡས་ཡབ་ཀྱི་མགུལ་ནས་འཁྱུད་པ། །གཡོན་བྷནྡྷ་རཀྟས་བཀང་ནས་ཡབ་ཀྱི་ཞལ་དུ་སྟོབ་པ། སྐུ་ལ་དུར་ཁྲོད་ཀྱི་རྒྱན་གྱིས་བརྒྱན་པ། དོ་ཤལ་དང་། དཔུང་རྒྱན་དང་། མགུར་ཆུ་དང་། སྙན་ཆ་དང་། སེ་མོ་དོས་བརྒྱན་ཏེ། ཐབས་དང་ཤེས་རབ་གཉིས་སུ་མེད་པར་བཞུགས་པའོ། །ཧཱུྃ། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །སྲིད་པ་རྡོ་རྗེར་གྲུབ་མཛོད་ཅིག །སྲིད་བརྡ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད། །ཞེས་བསྐུལ་བས་སྲིད་པ་གསུམ་གྱི་སྣང་ཞེན་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་གསུམ་དུ་སྒྲུབ་པའི་ཕྱིར་རྡོ་རྗེ་ཆགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས། ཡབ་ཡུམ་གཉིས་སུ་མེད་པར་རྡོ་རྗེ་ཆགས་པའི་དོན་ལ་བསྐུལ་བར་མཛད་དེ་ཡབ་ཀྱིས་ས་མ་ཡ་ཧོ ཡུམ་གྱིས་ས་མ་ཡ་སྟྭཾ། ཡབ་ཀྱིས་རཱ་ཧོ་ཧཾ། ཡུམ་གྱིས་རཱ་ག་ཡཱ་མི། ཡབ་ཡུམ་གཉིས་སུ་མེད་པར་གྱུར། པདྨོ་ཡོ་གི་ནི་ས་མ་ཡ་པྲ་བེ་ཤ་ཡ་ཕཊ། ཡབ་ཀྱི་བྱང་ཆུབ་ཀྱི་སེམས་ཡུམ་གྱི་མཁར་བབས་ཏེ། ཡུམ་ཡང་བྱང་ཆུབ་ཀྱི་རང་བཞིན་དུ་གྱུར། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་ཏ་ཛྭ་ལ་མཎྜལ་ཧ་ལ་ཧ་ལ་ཧཱུྃ་ཕཊ། ཅེས་བརྗོད་པས་བྱང་ཆུབ་ཀྱི་སེམས་ལན་གཅིག་འཕྲོས་པ་ཁྲོ་བོ་འཆོལ་པའི་རང་བཞིན་དུ་གྱུར། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལྷག་གིས་ཁེངས། ཉོན་མོངས་པ་དང་ལོག་པར་ལྟ་བའི་སེམས་ཅན་ཐམས་ཅད་བསྒྲལ། །སླར་དེ་དག་ཐམས་ཅད་ཡུམ་གྱི་བྷ་ག་ལ་བསྡུས་ཏེ། འོད་ཟེར་ཕྱོགས་བཅུར་འཕྲོས་པས་ཕྱོགས་
(༢༨༣)བཅུའི་དྲེགས་པ་ཅན་ཐམས་ཅད་བསྒྲལ་ཏེ་རྩིབས་བཅུར་གདན་དུ་བྱས་པའི་སྟེང་ཁྲོ་བོའི་དཀྱིལ་འཁོར་འཐོན་པ་ནི། ཧཱུྃ་ཧཱུྃ་ཛཛ ཤར་ཕྱོགས་སུ་ཁྲོ་བོ་རྣམ་པར་རྒྱལ་བ་དབུ་གསུམ་ཕྱག་དྲུག་ཞབས་རྣམ་པ་བཞི་དང་ལྡན་ཞིང་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། ཡུམ་རྡོ་རྗེ་སྙེམས་མ་དང་འཁྲིལ་ནས་བརྒྱ་བྱིན་གྱི་གདན་ལ་བརྐྱང་བསྐུམ་དུ་བཞུགས་པའི་གཡས་སུ་ལབ་ཀྱི་སྤྲུལ་པ་སྟག་གི་མགོ་ཅན་དང་། གཡོན་དུ་ཡུམ་གྱི་སྤྲུལ་བ་བྱ་རྒོད་ཀྱི་མགོ་ཅན་ནོ། ཧཱུྃ་ཧཱུྃ་ཛཛ དེ་བཞིན་དུ་ལྷོར་ཁྲོ་བོ་གཤིན་རྗེའི་གཤེད་དང་། ཡུམ་དུར་ཁྲོད་བདག་མོ་སྤྲུལ་པ་ཤ་བ་དང་འུག་པའི་མགོ་ཅན། ཧཱུྃ་ཧཱུྃ་ཛཛ ནུབ་ཏུ་ཁྲོ་བོ་རྟ་མཆོག་དཔལ་དང་ཡུམ་རྡོ་རྗེ་གཏུམ་མོ། སྤྲུལ་པ་བྱི་ལ་དང་པུ་ཤུད་མགོ་ཅན། ཧཱུྃ་ཧཱུྃ་ཛཛ བྱང་དུ་ཁྲོ་བོ་བདུད་རྩི་འཁྱིལ་པ་དང་ཡུམ་རྡོ་རྗེ་རླུང་འབྱིན་མ། སྤྲུལ་པ་སེང་གེ་དང་ཕ་ཝང་མགོ་ཅན། ཧཱུྃ་ཧཱུྃ་ཛཛ ཤར་ལྷོར་ཁྲོ་བོ་དབྱུག་པ་སྔོན་པོ་དང་ཡུམ་རྡོ་རྗེ་སྡེར་མོ། སྤྲུལ་པ་གཡག་དང་བྱ་རོག་མགོ་ཅན། ཧཱུྃ་ཧཱུྃ་ཛཛ ལྷོ་ནུབ་ཏུ་ཁྲོ་བོ་མི་གཡོ་མགོན་པོ་དང་ཡུམ་རྡོ་རྗེ་གཏུན་ཁུང་མ། སྤྲུལ་པ་གཟིག་དང་ཁྭ་ཏའི་མགོ་ཅན། ཧཱུྃ་ཧཱུྃ་ཛཛ ནུབ་བྱང་དུ་ཁྲོ་བོ་གཞན་གྱིས་མི་ཐུབ་པ་དང་ཡུམ་རྡོ་རྗེ་མདའ་སྙེམས་མ། སྤྲུལ་པ་སྤྱང་ཀི་དང་ཁྲའི་མགོ་ཅན། ཧཱུྃ་ཧཱུྃ་ཛཛ བྱང་ཤར་དུ་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་དང་ཡུམ་རྡོ་རྗེ་གསོད་བྱེད་མ། སྤྲུལ་པ་དོམ་དང་སྲེ་མོང་མགོ་ཅན། ཧཱུྃ་ཧཱུྃ་ཛཛ སྟེང་གི་ཕྱོགས་སུ་ཁྲོ་བོ་ཧཱུྃ་ཀཱ་ར་དང་ཡུམ་རྡོ་རྗེ་སྒྲ་འབྱིན་མ། སྤྲུལ་པ་ཕག་དང་སྨིག་བུའི་མགོ་ཅན། ཧཱུྃ་ཧཱུྃ་ཛཛ འོག་ཕྱོགས་སུ་ཁྲོ་
(༢༨༤)པོ་སྟོབས་པོ་ཆེ་དང་ཡུམ་རྡོ་རྗེ་བསྐྱེད་བྱད་མ། སྤྲུལ་པ་དྲེད་དང་བྱི་བའི་མགོ་ཅན། ཐམས་ཅད་ཀྱང་རྩ་ཕྱག་གཉིས་རྡོ་རྗེ་དང་དུང་ཁྲག །བར་པ་གཉིས་རང་རྟགས། ཐ་མ་གཉིས་ཏི་ར་དབྱུག་དང་འདབ་ཆགས་ཤས་ཆེར་འཛིན་ཅིང་དུར་ཁྲོད་ཀྱི་ཆས་བརྒྱད་དང་ལྡན་པའོ། །ཧཱུྃ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེའི་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པའི། །སྐུ་ཡི་དབྱིག་ཏུ་སྲས་བསྐྱེད་ཅིག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུྃ་ཕཊ། ཅེས་བརྗོད་པས་སྲས་མཆོག་རྫས་ཀྱི་དཀྱིལ་འཁོར་དབུ་གསུམ་ཕྱག་དྲུག་པ། སྐུ་སྨད་ཕུར་པའི་དཔལ་དང་ལྡན་པ་ལྔ་ཟླ་གམ་གསུམ་ལ་བཀའ་ནོད་པའི་ཚུལ་གྱིས་བཞུགས་པའོ། །ཛཧཱུྃ་བཾ་ཧོ ལས་སྒོ་བཞིར་སྒོ་པ་བཞི་དང་། མུ་རན་ལ་ཕུར་སྲུང་དམ་ཅན་གྱི་ཚོགས་རྣམས་མངོན་སུམ་ལྟ་བུར་བཞུགས་པའོ། །གཉིས་པ་གནས་གསུམ་བྱིན་བརླབ་ནི། །སྙིང་ག་མགྲིན་པ་སྤྱི་བོ་རུ། །ཟླ་བའི་དཀྱིལ་འཁོར་བསམས་ནས་ནི། །རྡོ་རྗེ་པདྨ་འཁོར་ལོ་དག །ཧཱུྃ་ཨཱཨོཾ་གྱིས་མཚན་པ་ལས། །ཐུགས་གསུང་སྐུ་ཡི་རྡོ་རྗེར་བསྒོམ། །རྡོ་རྗེའི་ཕྱག་རྒྱ་གནས་གསུམ་དུ་གཏུག་པ་དང་བསྟུན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་བཞིན་དུ་ཝཱཀྐ་དང་ཀཱ་ཡ་སྦྱར། གསུམ་པ་དབང་བསྐུར་བ་ནི། སྙིང་གར་གཞལ་མེད་ཁང་སྒོ་གཅིག་པའི་གོ་སྲུང་རྟ་མགྲིན་ཡབ་ཡུམ་ཅན་གྱི་ནང་དུ་གནས་པའི་ཡེ་ཤེས་སེམས་དཔའ་ཚོན་གང་བ་བསམས་ལ། ཡེ་ཤེས་དཔའ་བོའི་ཐུགས་ཀ་ཡི། །འོད་ཀྱིས་མགོན་པོ་རྣམས་བསྐུལ་ནས། །དེ་དག་ཐུགས་ལས་བྱུང་བ་ཡི། །རིག་མས་
(༢༨༥)བདུད་རྩི་བུམ་ཆུ་ཡིས། །དབང་བསྐུར་བྱས་ཏེ་ཐིམ་གྱུར་ནས། །རང་རིགས་རྡོ་རྗེ་ཅན་གྱིས་གཟུང་། །དབུ་རྒྱན་རྣམས་ལ་རིགས་ལྔ་དང་། །རིགས་ཀྱི་བདག་པོ་རྣམས་ཀྱིས་བརྒྱན། །ཧཱུྃ། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་པ། །དབང་དང་བྱིན་རླབས་བདག་སྩོལ་ཅིག །རིགས་ལྔའི་དབང་རྒྱ་སྤྱི་བོར་བཞག་ལ། །ཨོཾ་མ་ཧཱ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་བཞིན་དུ་ཨ་དརྴ། ས་མ་ཧཱ། པྲ་ཧྱ་བེཀྵན། ཀྲི་ཏ་ཨ་ནུཥྛ། ཞེས་བརྗོད། བཞི་པ་ཁམས་གསུམ་གྱི་སྲོག་ལ་དབང་བསྐུར་བའི་སྒོ་ནས་ཀྱང་སྲིད་པ་ཕུར་བུར་བསྒྲུབ་པ་ནི། ཧཱུྃ་ཧཱུྃ་ཧཱུྃ། འགྲོ་དྲུག་ཉོན་མོངས་བཅིངས་པ་རྣམས། །ཧཱུྃ་གིས་དུག་ཆེན་རབ་སྦྱངས་ཏེ། །ཨ་ནྀྲ་སུ་ཏྲི་པྲེ་དུར་གྱུར། །རཾ་ཡཾ་ཁཾ་ལས་མེ་རླུང་ཆུས། །འགྲོ་བ་རབ་སྦྱངས་ཧཱུྃ་དུ་གྱུར། ཁམས་གསུམ་ཐམས་ཅད་རྡོ་རྗེ་སེམས། །ཏིལ་གྱི་གང་བུ་ལྟ་བུས་གང་། །རྟ་མགྲིན་རྒྱལ་པོ་ཡེ་ཤེས་ལ། །བསྟིམ་པས་བྱང་ཆུབ་སེམས་རྒྱས་བྱུང་། །ཡབ་ཡུམ་གཉིས་མེད་སྦྱོར་བའི་སྒྲས། །ཡེ་ཤེས་ཁྲོ་བོ་སྤྱན་དྲང་ངོ་། །ལྔ་པ་སྤྱན་འདྲེན་ནི། ཧཱུྃ། སྲིད་པ་ཕུར་བུར་བསྒྲུབ་པ་དང་། །དབང་དང་དངོས་གྲུབ་སྩོལ་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །ཏགས་དང་མཚན་མ་སྟོན་པ་དང་། །རྡོ་རྗེ་ཕུར་པའི་དངོས་གྲུབ་སྩོལ། །ཨི་ཧྱ་ཧེ་བྷབ་ཝ་ན། མ་ཧཱ་ཀཱ་རུ་ནི་ཀ་དྲྀ་དྲ་ཤྱ་ཧོ དྲུག་པ་བཞུགས་གསོལ་ནི། ཧཱུྃ། ཐུགས་ཕྱོག་གསལ་བའི་བྱིན་བརླབས་ལས། །ཞེ་སྡང་གནས་སུ་འཇོམས་
(༢༨༦)པ་དང་། །མེ་ལོང་ཡེ་ཤེས་འཐོབ་བྱའི་ཕྱིར། །དཀྱིལ་འཁོར་དབུས་སུ་བཞུགས་སུ་གསོལ། །དཀྱིལ་འཁོར་དབུས་སུ་བཞུགས་ནས་ཀྱང་། །ཉོན་མོངས་མུན་པ་བསལ་དུ་གསོལ། །ས་མ་ཡ་ཏིཥྛ་ལྷན། བདུན་པ་ཕྱག་འཚལ་པ་ནི། ཧཱུྃ། ཡང་དག་དོ་ན་དུ་སྐུ་ནི་ཅིར་སྣང་ཡང་། །བདུད་དང་སྲིན་པོའི་ང་རྒྱལ་མ་ཡིན་ཏེ། །འདུལ་བའི་དབང་དུ་རབ་བརྔམས་མཆེ་བ་གཙིགས། །ཧཱུྃ་དང་ཕཊ་ཀྱི་སྒྲས་ནི་ཀུན་ཀྱང་བཀང་། །ཉོན་མོངས་གདུག་པ་འདུལ་བའི་ཐུགས་རྗེ་ཡི། །བྱིན་རླབས་སྟེར་བའི་ལྷ་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོ། པྲ་ཏཱིཙྪ་ཧོ། བརྒྱད་པ་མཆོད་པ་ལ་སྤྱི་དང་བྱེ་བྲག་གཉིས་ལས་དང་པོ་ནི། ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ས་བཱ་རི་ཝཱ་ར། ཨརྒྷཾ། པདྱཾ། པུཥྤེ། དྷཱུཔྤེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་ཏེ། ཤཔྟ་སརྦ་པཉྩ་རཀྟ་བྷ་ལི༚་ཏ་ཁཱ་ཧི། གཉིས་པ་ཁྱད་པར་རཀྟ་ཚར་གསུམ་ནི། ཕུད་དང་རཀྟ་བསྲེས། ཕོ་ཉ་ལ་བཀའ་བསྒོ་བའི་དོན་དུ་ཕུལ་ལ། ཧཱུྃ། དངོས་གྲུབ་བར་ཆད་བྱེད་པའི་བགེགས། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །རིངས་པར་ཁུག་ལ་སྨྲར་ཆུ་གཅིག །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་ལ་ཉན་པར་གྱིས། །མ་ཧཱ་རཀྟ་ཁཱ་ཧི། དམ་ཅན་གནད་ལས་དབབ་ཕྱིར་ཕུལ་ནས། ཧཱུྃ། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཇི་བཞིན་བཅས་པ་ཡི། །མངོན་སྤྱོད་ཕྲིན་
(༢༨༧)ལས་མྱུར་དུ་མཛོད། །མ་ཧཱ་རཀྟ་ཁཱ་ཧི། མཐུ་དང་རྫུ་འཕྲུལ་དབྲོག་ཕྱིར་དབུལ་པ་ནི། ཧཱུྃ། དངོས་གྲུབ་བར་ཆད་བྱེད་པའི་གེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་འོན་ཏེ་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་མཛོད། །མ་ཧཱ་རཀྟ་ཁཱ་ཧི། དགུ་པ་བསྟོད་པ་ནི། ཧཱུྃ། སྣང་སྲིད་ཐམས་ཅད་ཕུར་པའི་རང་བཞིན་ལ། ཁམས་གསུམ་འཁོར་བ་མིང་ཡང་མི་གྲག་ཀྱང་། །རྒྱལ་བའི་རྫུ་འཕྲུལ་ཆེན་པོ་བསྟན་པའི་ཕྱིར། །རྡོ་རྗེ་མངོན་སྤྱོད་ཕྲིན་ལས་མཛད་ལ་བསྟོད། །བཅུ་བཛབ་དགོངས་ནི། ཧཱུྃ། ཐུགས་ཀ་དཔལ་གྱི་བེའུའི་དཀྱིལ་འཁོར་ནི། །སྒོ་གཅིག་རིན་ཆེན་གཞལ་ཡས་ཁང་། །བདེ་སྟོང་གཉིས་མེད་ངང་ཉིད་ལས། །ཆོས་ཀྱི་སྐུ་ལས་ལོངས་སྐུར་ཤར། །པདྨ་ཟླ་བའི་གདན་ལ་བཞུགས། །སྐྱོན་གྱིས་མ་གོས་གཏི་མུག་སེལ། །ཡབ་ཡུམ་གཉིས་མེད་ཟག་མེད་སྐུ། །སྐུ་མདོག་དཀར་གསལ་རྣམ་དག་དབྱངས། །རྡོ་རྗེ་ དྲིལ་བུ ་ཕྱག་ན་བསྣམས། །ཤེས་རབ་བྱང་ཆུབ་སེམས་དང་ལྡན། །རྟོག་མེད་མི་འགྱུར་སྐྱིལ་ཀྲུང་བཞུགས། །མཁའ་དབྱིངས་བདེ་ཆེན་སྐུ་ལ་བསྟོད། །བཅུ་གཅིག་པ་ཛབ་ལ། །བསྙེན་པ། ཉེ་བསྙེན། སྒྲུབ་པ་གསུམ་ལས། དང་པོ་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། གཉིས་པ་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུྃ་ཕཊ། གསུམ་པ་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ནན་པཾ་ཧཱུྃ་ཕཊ་ཛཧཱུྃ་ཨ། ཞེས་པ་སྟེ་དམིགས་པའི་རིམ་པ་ནི་སྒྲུབ་ཐབས་རྒྱས་འབྲིང་གཉིས་ཀར་བསྟན་པས་ཤེས་སོ། །གསུམ་པ་རྗེས་ཀྱི་རིམ་པ་ལ་བཅུ་གཉིས་ལས། དང་
(༢༨༨)པོ་ཚོགས་བྱིན་གྱིས་བརླབ་པ་ནི། ཧཱུྃ། ཚོགས་ཀྱི་དཀྱིལ་འཁོར་དམ་པ་འདིར། །འབྱོར་པ་ཕུན་སུམ་ཚོགས་བྱས་ལ། །སྣོད་ནི་ཨ་ལས་རྣམ་པར་དག །བཅུད་ནི་ཧཱུྃ་ལས་བསམ་པར་བྱ། །ཡུཾ་གྱིས་འབར་བའི་མེ་བསྐྱོད་ནས། །ཨ་ཞུ་བཅུད་ལ་ཐིམ་པར་གྱུར། །ཕྱོགས་བཅུར་འོད་ཟེར་འཕྲོས་པ་ལས། །དུས་གསུམ་རྒྱལ་བའི་ཐུགས་དམ་བསྐུལ། །སླར་དུས་བདུད་རྩི་ཉིད་དུ་གྱུར། །ཨོཾ་ཨཱཧཱུྃ། །ལན་གསུམ། གཉིས་པ་སྤྱན་འདྲེན་ནི། ཧཱུྃ། ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཀྱིལ་འཁོར་ལྷ་ཚོགས་སྤྱན་འདྲེན་ནོ། །དུར་ཁྲོད་མཆོག་གི་གནས་འདི་རུ། །ཞིང་ཆེན་གསར་རྙིང་ཏི་རར་བཅས། །དམར་གྱི་ཨརྒྷཾ་རྒྱ་མཚོར་འཁྱིལ། །མཁའ་འགྲོ་འབར་བའི་ཚོགས་བཅས་རྣམས། །མ་ལུས་གཤེགས་ནས་བསྣམ་དུ་གསོལ། །བཛྲ་ས་མ་ཡ་ཛ གསུམ་པ་ཕུད་དབུལ་བ་ནི། ཧཱུྃ། མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང་། །ཕྱོགས་བཅུ་ཁྲོ་རྒྱལ་སྲས་མཆོག་ཟ་བྱེད་ཚོགས། །འཁོར་གྱི་དམ་ཅན་བྲན་དང་ཕོ་ཉའི་ཚོགས། །དམ་རྫས་ཚོགས་ཀྱི་མཆོད་པ་འདི་བཞེས་ལ། །བར་ཆད་མེད་ཅིང་གནོད་བཞི་པ་དང་། །ཚོགས་གཉིས་རྫོགས་ནས་འབྲས་བུ་གྲུབ་པར་མཛོད། །གྷན་ཙཀྲ་པཱུ་ཙ་ཁཱ་ཧི། བཞི་པ་བཤགས་པ་ནི། ཧཱུྃ། མཁའ་འགྲོ་མ་དང་ཤ་ཟ་མོ། །ར་རོ་མ་དང་ཁྲག་འཐུང་མ། །ས་བླ་ས་འོག་ས་སྟེང་གི །ལས་ལ་གྲུབ་པའི་མཁའ་འགྲོའི་ཚོགས། །གཏོར་མ་
(༢༨༩)ལེན་ཅིང་ལས་རྣམས་བྱེད། །མཉམ་པར་རོལ་པའི་བདེ་ཆེན་གྱིས། །དཔའ་བོ་དཔའ་མོ་མཉེས་གྱུར་ཅིག །སྤྲོ་དང་བསྡུ་བའི་བདེ་བ་ཡིས། །མཁའ་འགྲོ་མ་ཚོགས་ཚིམ་གྱུར་ཅིག །བདུད་རྩི་ལྔ་ལྡན་ཚོགས་མཆོད་ཀྱིས། །འཇིག་རྟེན་འདས་དང་མ་འདས་པའི། །མཁའ་འགྲོ་མ་ཚོགས་མཉེས་གྱུར་ནས། །དམ་ཚིག་ཉམས་ཆག་དག་པར་མཛོད། །ཡིག་བརྒྱ་བཟླ། །ལྔ་པ་བསྒྲལ་བསྟབ་ནི། ཧཱུྃ། དམ་ཚིག་ཆེན་པོའི་དུས་ལ་བབ། །ཚོགས་ཀྱི་བསྒྲལ་མཆོད་བཞེས་སུ་གསོལ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཚོགས་ཀྱི་བསྒྲལ་མཆོད་བཞེས་སུ་གསོལ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཚོགས་ཀྱི་བསྒྲལ་མཆོད་བཞེས་སུ་གསོལ། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་འོན་ཏེ་བདུད་ཀྱང་རུང་། །ང་ལ་བར་གཅོད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་མཛོད། །ཅེས་བསྟབ། །དྲུག་པ་ལྷག་མ་ནི། །ཧཱུྃ། ཤྭན་མུ་ཁའི་དུས་ལ་བབ། །ལྷག་མའི་གཏོར་མ་བཞེས་སུ་གསོལ། །བཀའ་ཡི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བར་ཆད་བསྲུང་དུ་གསོལ། །ས་བདག་ཆེན་མོའི་དུས་ལ་བབ། །ལྷག་མའི་གཏོར་མ་བཞེས་སུ་གསོལ། །བཀའ་ཡི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བར་ཆད་བསྲུང་དུ་གསོལ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ལྷག་མའི་གཏོར་མ་བཞེས་སུ་གསོལ། །བཀའ་ཡི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བར་ཆད་བསྲུང་དུ་གསོལ། ཁ་ནས་ཁྲག་དང་ཞག་འཛག་ཅིང་། །ལག་པ་ཐོད་ཁྲག་ཐོགས་ནས་ནི། །ཧི་ཧིར་དགོད་ཅིང་སྤྱུགས་པ་འབོད། །མ་བདུན་སྲིང་བཞི་ལ་སོགས་པ། །ཕུར་
(༢༩༠)སྲུང་རྣམས་ཀྱི་དུས་ལ་བབ། །ལྷག་མའི་གཏོར་མ་བཞས་སུ་གསོལ། །བཀའ་ཡི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བར་ཆད་བསྲུང་དུ་གསོལ། །ཅེས་ཀྱི་རོལ་དུ་དོར། །བདུན་པ་སྨོན་ལམ་ནི། །བླ་མ་ལ་གུས་སྙིང་རྗེ་ལྡན། །རྡོ་རྗེ་གཞོན་ནུ་གྲུབ་ནས་ཀྱང་། །སྐྱེ་ཤི་མེད་པར་འགྱུར་བར་ཤོག །ཟབ་མོའི་དོན་ལ་སེམས་པ་དང་། །བཙུན་མོའི་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ཅེས་བརྗོད། ཚོགས་ཀྱི་འཁོར་ལོའི་དུས་འདི་རུ། །རྐང་པ་བརྐྱང་པར་མི་བྱ་ཞིང་། །ཕྱི་རོལ་གཏམ་ཡང་རབ་ཏུ་སྤངས། །མི་དགོད་གསང་བའི་ངག་ལ་གནས། །དམ་ཚིག་མེད་ཅིང་དང་རྒྱུད་ངན། །རྟོག་པ་ཅན་ལ་ཚོགས་འཁོར་གསང་། །རྡོ་རྗེའི་གླུ་ནི་རབ་ཏུ་བླང་། །མཁའ་འགྲོ་རྣམས་ལ་གཏོར་མ་བྱིན། །ཞེས་གསུངས་སོ། །བརྒྱད་པ་ནོངས་གཤགས། །དགུ་པ་ཉེར་བསྡུ། །བཅུ་པ་སྤྱོད་ལམ། བཅུ་གཅིག་པ་བསྔོ་སྨོན། །བཅུ་གཉིས་བཀྲ་ཤིས་རྣམ་སྒྲུབ་ཐབས་འབྲིང་པོ་ལྟར་བྱའོ། །སྐྱེ་གནས་བཞི་ཡི་བག་ཆགས་སྦྱོང་ཚུལ་ལ། །གོ་བ་མ་རྙེད་གོང་ནས་སྤྲོས་པ་འདོར། །སྦྱང་གཞི་སྦྱོང་བྱེད་མེད་པའི་ཀློང་བསྐྱེད་ལ། །བསྔགས་པ་བརྗོད་ལ་འདི་ཡང་མངས་ཀྱི་དོགས། །དེ་ལྟ་ནའང་ལེགས་བྱས་ཉིན་མོའི་དཔལ། །ཡང་དག་ལྟར་སྣང་འབྱེད་པའི་མིག་ལྡན་དུ། །
(༢༩༡)པ། ཕུར་བརྒྱུད་ལུགས་ལས་བསྐྱེད་རིམ་གྱི་དོགས་སེལ་དཀའ་གནད་མདུད་འགྲོལ་བཞུགས། ༈ །འདུས་མ་བྱས་པའི་རྡོ་རྗེ་ནི། །ཆོས་ཉིད་རང་བཞིན་ཕུར་བུ་སྟེ། །ཡོངས་གྲུབ་དོན་དམ་བདེན་པའི་ཞལ། །དཔལ་ཆེན་རྡོ་རྗེ་གཞོན་ནུར་བདུད། །གསང་སྔགས་གསར་སྙིང་མདོ་མཐུན་པར་དཀྱིལ་འཁོར་གྱི་ཆོ་ག་དང་སྒྲུབ་ཐབས་གཉིས་སུ་ཕྱེ་བའི་དང་པོས་ས་ཆོག་ཕྱི་ནང་གསང་གསུམ་གྱི་མཚམས་གཅོད། །སྟ་གོན་གྱི་རིམ་པ། དཀྱིལ་འཁོར་འདུ་བྱ་བའི་ལས་རིམ་སོགས་ཚང་ལ་མ་ནོར་བ་སྟོན་པ་ཡིན་པས། འདིར་ཡང་དབང་གི་ཆོ་ག་དངོས་གྲུབ་རྒྱ་མཚོའི་འཇུག་ངོགས་ལྟར་ཤེས་པར་བྱ་ཞིང་། འོན་ཀྱང་གནས་ཀྱི་མཚན་ཉིད་སོགས་བྱ་བའི་གསེབ་ཚགས་འགའ་ཞིག་བསྙེན་སྒྲུབ་ཐམས་ཅད་ཀྱི་མཛོད་ཁང་ལས་ཤེས་པར་བྱས་ན་སྒྲུབ་ཁོག་ཏུ་མིང་བཏགས་པའི་ལག་ལེན་ཟུར་པ་མི་དགོས་ལ། དེ་བཞིན་དུས་ཆོག་ལ་གདོན་བགེགས་གཟིར་བའི་སླད་དུ་ཁྲོ་བོ་བཅུའི་སྟངས་སྟབས་དང་ཕྱག་རྒྱ་དམིགས་བསལ་རྒྱུད་ནས་བཤད་པ་སྒྲུབ་ཐབས་སུ་བསྡེབས་པ་ལྟར་ཡིན་ལ་དེ་ལས་གཞན་པ་ཕུར་པའི་རྒྱུད་སྡེ་ལས་བཤད་པ་མ་མཐོང་ཡང་སྔོན་གྱི་བླ་མ་དམ་པ་རྣམས་ཀྱིས་སྲོལ་བཏོང་པ་ཉིད་དུ་རིག་པར་བྱས་ནས་གསང་སྔགས་ཀྱི་དོན་པོ་དབང་དང་བསྐྱེད་རིམ་རྫོགས་རིམ་དང་བཤད་པ་སྟེ། སྔ་འགྱུར་བཀའ་བབས་ཀྱི་ཆུ་བོ་བཞིའི་རྒྱུན་ལ་འདྲིས་པར་བྱས་ན་བྱིན་རླབས་ཆེ་ཞིང་དངོས་གྲུབ་འབྱུང་བ་ཡིན་ཡང་། དེང་སང་གསང་སྔགས་གཟུགས་བརྙན་དུ་ལྷུང་བས་ཕྱག་རྒྱ་དམ་རྒྱ་ཆོས་རྒྱ་ཕྱག་རྒྱ་ཆེན་པོ་བཞིའི་མཚན་ཉིད་ཀྱང་རྣལ་མ་དུ་མ་སོན་བཞིན་དུ་རྡོ་རྗེ་འཛིན་པར་སྙེམས་པས་གང་བའི་ཕྱིར་རོ། །ལར་གསང་སྔགས་ནི་དོན་ཟབ་ཅིང་དབྱིངས་ཆེ་བས་དབང་རྟུལ་རྣམས་ལ་ཡེ་གསང་ཆེན་པོར་གྱུར་པར་མ་ཟད་དེང་གི་དུས་གསང་སྔགས་མོས་པས་སྤྱོད་པའི་སྐབས་ཡིན་ཡང་དམ་ཚིག་དག་པ་རྣམས་ལ་ཐུན་མོང་གི་དངོས་གྲུབ་
(༢༩༢)མཐོང་ཆོས་སུ་གྱུར་པས་དམ་ཚིག་ཁོ་ན་ལ་བརྩོན་པ་གཞིར་བཞག་ནས་བསྒྲུབ་པར་བྱའོ། །དེ་ལས་འདིར་མངོན་རྟོགས་ཀྱི་དཀའ་ས་ནས་འདྲི་བའི་ཆ་ལ། ཁྲོ་བོ་འཆོལ་བའི་མཚམས་ཀྱི་དུས། །བསྒྲུབ་པའི་ཡེ་ཤེས་ཚོན་གང་པོ། །ཞེས་པ་ལ་སོགས་པའི་དོན། རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་ཧཱུྃ་ཡིག་ཚོན་གང་བ་དཔག་ཏུ་མེད་པར་སྤྲོས་པའི་རང་སྒྲས་སྟོང་གསུམ་ཐམས་ཅད་རྫུས་སྐྱེས་ཀྱི་ཁྲོ་བོས་གང་། དེ་ཐམས་ཅད་ཀྱང་ཞི་བས་མི་ཐུལ་བའི་གདོན་བགེགས་ལ་ཤིན་ཏུ་ཁྲོས་པའི་ཚུལ་དང་ལྡན་པས་ན་ཐུགས་ལ་འབར་བའི་སྲོག་ཀྱང་ཞུགས་ཞེས་དྲག་པོའི་མངོན་བརྗོད་དང་། དབུ་རྒྱན་ནི་ཡེ་ཤེས་ལྔའི་ངོ་བོ་ཉིད་ཕྱིར་རང་བསྲུང་དང་། ཉི་ཟླ་རི་རབ་ཕུར་བ་ལ་སོགས་གཞན་སྡེ་ཚར་གཅོད་པའི་རྒྱན་གྱིས་བརྒྱན་པའོ། །དེ་ནས་མཚོན་ཆ་འཚོལ་བའི་མཚམས་ལ། རྡོ་རྗེ་རབ་ཏུ་ཀཱི་ལ་ཡ། སོགས་ནི། ཕྱག་མཚན་གྱི་ཕུར་ བུ་དྲིལ ་ཞིང་གསོར་བས་དེ་ལས་ཕུར་བུ་མང་པོ་སྤྲོས། གནོད་བྱེད་རྣམས་ཀྱི་རྣམ་པར་ཤེས་པའི་ཚོགས་བརྒྱད་ཚར་བཅད་པས་འཁོར་བ་མྱང་འདས་སུ་བསྒྲལ། དེའང་བདག་རང་བཞིན་གྱི་དཀྱིལ་འཁོར་དང་། མཚན་མ་རྫས་ཀྱི་དཀྱིལ་འཁོར་དང་། ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་གསུམ་ལྡན་གྱི་བྱང་ཆུབ་སེམས་ལས་ཀྱང་འཕྲོས་པས་གཟུགས་ཅན་རྣམས་ཀྱི་ཕུང་པོ་རྡུལ་ཕྲན་དུ་བཤིགས་པའི་ཤ་ཁྲག་ཁམས་གསུམ་དུ་འཐོར། གཟུགས་བྲལ་རྣམས་ཀྱི་མིང་བཞིའི་ཕུང་པོ་ཧཱུྃ་དང་ཕཊ་ཀྱིས་གཏོར་ནས་ཡེ་ཤེས་ཀྱི་རྡོ་རྗེ་ཚོན་གང་བ་དང་། ཆོས་ཉིད་ཀྱི་ཕུར་བུ་དེ་འདྲ་བས་སྟོང་གསུམ་གང་སྟེ་ཁམས་གསུམ་དུ་འཛིན་པའི་བག་ཆགས་བཤིགས། དེ་དག་འདུས་པ་ལས་
(༢༩༣)མཚོན་ཆ་འཆོལ་བའི་གུར་དུ་གྱུར་པར་བསམ་མོ། །དེ་ནས་རྟེན་གཞལ་ཡས་ཁང་ནི། ཐིག་ཚོན་གྱིས་བསྒྲུབས་པའི་རྣམ་བཅས་དམིགས་རྟེན་ཙམ་ལས་བསྒོམ་བྱ་ནི་བློས་བླངས་ལྟར་ཀྱི་འདོད་སྣམས་རྩིག་པ་ཕ་གུ་ལ་སོགས་པ་ཕལ་ཆེར་མཐུན་ཀྱང་། རྩིག་པ་ཉིས་རིམ་ཡོད་མེད། རྟ་བབས་མང་ཉུང་། དུར་ཁྲོད་དང་རྡོར་གོ་ལྡོག་བྱས་མིན། །གདུང་ཐུང་དང་། གདུང་མའི་འགྲོ་ལུགས། ཡ་ཕུབ་དང་། ཏོག །ཧར་སྒོ་དང་སྒོ་རྒྱན་སོགས་ནི་གསར་རྙིང་ཙམ་མ་ཟད། མདོ་སྒྱུ་སེམས་གསུམ། ཡང་ཕུར་མཉམ་སྦྱོར། བཀའ་བརྒྱད་སོགས་ཀྱང་རྒྱུད་སྡེ་སོ་སོའི་རང་ལུགས་དང་འབྲེལ་དགོས་པ་དཔེར་ན་སྒྱུ་འཕྲུལ་གྱི་འོག་གཞི་འཁོར་ལོས་བྱས་པ་བཞིན་དང་། དེ་བཞིན་དུ་ཕུར་པ་རྒྱུད་ལུགས་ལ་མོ་རྒོད་སོགས་ཀྱི་སྐྱེས་བུར་བཤད་པས་མཚོན་ནོ། །གཞལ་ཡས་ཁང་དངོས་ལའང་རྐྱང་པ་དང་ཉིས་རིམ་སོགས་ལས་ཕུར་པའི་རྒྱུད་ཁ་ཅིག་ལས་ཉིས་རིམ་དུའང་བཤད་པས། སྤྲོས་པ་ཅན་ལ་དེ་ལྟར་རུང་ལ། ཇི་ལྟར་ཡང་དེའི་ནང་གི་འཁོར་ལོའི་རྩིབས་བརྒྱད་ནི་གདན་ཐབས་མ་ཡིན་པའི་ཆ་ནས་རྩིབས་བརྒྱད་དུ་སྨོས་པ་ལས་དོན་ལ་རྩིབས་བཅུད་དང་ལྡན་པའི་ཚུལ། དཔེར་ན་ཆུ་བཏགས་ཀྱི་འཁོར་ལོ་ལ་གཤོག་པ་བརྒྱད་དུ་སྨོས་པའི་སྟེང་འོག་གི་སྲོག་ཤིང་ཤུགས་ལ་གོ་བ་ལྟར། འདི་ནི་མཚོན་ཆ་འཁོར་ལོ་སྦུབས་སྟོང་སིལ་སྙན་ལ་སྦྱར་བ་ལྟ་བུ་ཡིན་པས་ཕྱོགས་མཚམས་སུ་རྩིབས་བརྒྱད་དང་། སྟེང་འོག་ཏུ་རེ་རེ་ཡོད་པ་ལ་ཧཱུྃ་ཀཱ་ར་སྟོབས་ཆེན་གཉིས་བཞུགས་པའོ། །གདན་བསྐྱེད་
(༢༩༤)སྐབས་གོ་རིམ་འདོད་རྒྱལ་དུ་བཤད་ཀྱང་འུར་ཏྲད་མགྲི་ལ་སོགས་ཞབས་འོག་ཏུ་ཡོད་པ་ཡིན་ཏེ། རྒྱུད་གཅུས། ལུང་དཀྲུགས། མན་ངག་གབ་ཅེས་པའི་དོན་ཡང་འདི་འདྲ་ལ་དགོངས་པ་ཡིན། དེ་ནས་ལྷ་བསྐྱེད་པ་དོངས་ལ་གཞན་སྲས་དང་བདག་སྲས་གཉིས་ལས། དང་པོ་ནི་སངས་རྒྱས་ཀྱི་སྲས་སུ་བདག་ཉིད་བྱ་བའི་དུས། རྡོ་རྗེ་སེམས་དཔའ་སྟངས་དཔྱལ་གནས་འགྱུར་ལས་དཔལ་ཆེན་ཧེ་རུ་ཀར་བཞེངས་པ་ལ་ཡུམ་གྱིས་གླུས་བསྐུལ་བའི་ཚེ། ཨ་དང་ཧཱུྃ་ལས་རབ་ཏུ་སྦྱར། །ཞེས་པ་རྐང་པ་གསུམ་གྱི་དོན། །ཨ་ནི་སྐྱེ་མེད་ཡུམ་གྱི་མཁའ། །ཧཱུྃ་ནི་འགག་མེད་ཡབ་ཀྱི་མཚན། །དེ་གཉིས་རོལ་པ་ཆེན་པོའི་དང་། །འདོད་པའི་སྒྱུ་རྩལ་རོ་འཛིན་གཞིབས། །ཡུམ་སྤྱན་ཨུཏྤལ་འདྲ་བ་དེ། །ཡབ་ཀྱི་ཐུགས་ཀར་གཏད་པའི་དོན། །གཉིས་པ་བདག་ཉིད་ཀྱི་སྲས་སུ་སངས་རྒྱས་བྱ་བས་འབྲས་བུའི་ཧེ་རུ་ཀ་བསྐྱེད་ནས་འཁོར་བ་དང་རྣམ་པ་མཐུན་པའི་མངལ་འབྱིན་གྱིས་འཁོར་རྣམས་བསྐྱེད་པའི་ཚིག་ལ། འདོད་ཆགས་ཆེན་པོའི་ཚུལ་གྱིས་ནི། །ཡེ་ཤེས་དཀྱིལ་འཁོར་ཀུན་བསྡུས་ཏེ། །ཞེས་པ་ལ་སོགས་པའི་དོན་ཡབ་ཡུམ་རྗེས་ཆགས་ལྷག་པར་རྒྱས་པའི་ཏིང་ངེ་འཛིན་གྱི་རོལ་མོས་ཆོས་དབྱིངས་སྤྲོས་པ་དང་བྲལ་བའི་ཀློང་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་བསྡུས་ཉེ་སྲས་མཆོག་ལྔ་ལ་སོགས་པའི་འཁོར་རྣམས་ཀྱི་ངོ་བོ་ཉིད་དུ་བྱས་པ་ཐབས་ཤེས་གཉིས་ཀའི་ཐུགས་རྡོ་རྗེ་དང་འདྲེས་པས་ཐུགས་ལ་ཞུགས་པའི་སྒྲར་གྱུར་ལ། །དེའི་ཚེ་སྲིད་པའི་འདོད་པ་རྣམ་པར་དག་པའི་ཤེས་རབ་ཀྱི་ཆས་དགའ་བ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བས། ཤེས་རབ་མ་དགའ་བའི་སྒྲས་བསྟན་ལ། དེ་ལ་ཀུན་ཀྱང་ཀུན་རྫོབ་རྒྱུའི་ཐིག་ལེ་དང་། དོན་དམ་བྱང་ཆུབ་ཀྱི་སེམས་
(༢༩༥)གཉིས་འདྲེས་པ་ལས་བྱུང་བས་ན། འདིར་སྤྲུལ་པའི་བསྐྱེད་རིམ་ལ་ལྡན་མིན་འདུ་བྱེད་བཏགས་ཡོད་ཙམ་ལས་གྲུབ་པའི་བྱང་ཆུབ་ཀྱི་སེམས་ཀུན་རྫོབ་པ་དང་པོར་བབས་པས་ཡུམ་མཁའ་རྡོ་རྗེ་བཙུན་མོའི་གཞལ་མེད་ཁང་རྣམ་ཐར་གསུམ་གྱི་བདག་ཉིད་ཅན་དང་། གཉིས་པས་གདན། གསུམ་པས་རླུང་ཁམས་དག་པའི་རྟོག་ཚོགས་ཡི་གེའི་སྤྲིན་དུ་ཤར་བ་དེ་ཡང་ལྷའི་རྣམ་པར་གྲུབ་པར་བསམས་ལ་ཡི་གེ་འཁོར་ལོའི་སྔགས་བརྗོད་པའི་མཐར་ཡུམ་གྱིས་འདོད་པའི་སྒྱུ་རྩལ་དང་བཅས་སྲས་འབྱིན་གྱི་ཞུ་བ་གླུས་བསྐུལ་ལ། ཕྱག་མཚན་གྱི་ངོ་བོ་ཉིད་སྲས་མཆོག་རྫས་ཀྱི་དཀྱིལ་འཁོར་རང་སྔགས་ཀྱི་རྐྱེན་ལས་ལྷུན་གྱིས་གྲུབ་པར་བལྟ་སྟེ། དེ་ཡང་དང་པོར་ཆོས་ཀྱི་དབྱིངས་ཅི་ཡང་མ་ཡིན་པའི་ཀློང་ནས་ལོངས་སྤྱོད་རྫོགས་པ་ཁོ་བོའི་མཚན་དཔེར་རང་ཤར་བ། སྤྲུལ་པའི་བདག་ཉིད་དུ་ཕྱིར་བྱུང་བས་ཡབ་ཀྱི་ཕྱག་སོར་རིགས་ལྔ་ཡབ་ཡུམ་གྱི་བདག་ཉིད་ཆེན་པོའི་བར་དུ་བཟུང་བ་ལ་རོལ་པ་ཆེན་པོའི་བདེ་བའི་རླབས་ཀྱིས་དབང་བསྐུར་བའི་དོན་ནོ། །དེ་ལ་བྱུག་བདུག་བྲབ་གསུམ་གྱི་ཚིག །ལུས་ཀྱི་བ་སྤུའི་བུ་ག་ཀུན། །ཞེས་པ་རྐང་གཉིས་རང་སྔགས་དང་བཅས་པས་ཉུང་དཀར་གྱིས་བྲབ་པ་ཁྲོ་ཆུང་གི་གོ་ཚགས་སུ་བསམ། རཀྟ་ལ་སྔགས་སྔོན་དུ་འགྲོ་བས་བྱུག་པའི་རྫས་ཀྱིས་བཀྲག་དང་གཟི་བྱིན་བསྐྱེད། བ་སྤུའི་བུ་ག་རྡོ་རྗེས་གཏམས། ཨོཾ་མ་གུ་ལ་སོགས་ཀྱིས་གུ་གུལ་གྱིས་བདུག་ནས་བགེགས་བསྲུང་བ་གསུམ་ལ་དོན་ལེགས་པར་ཚང་ངོ་། །དེ་ལ་སྲས་མཆོག་མངལ་སྐྱེས་དང་། ཁྲོ་བཅུ་ཕྱག་སྒོང་སྐྱེས། སྒོམ་བཞི་དྲོད་གཤེར་སྐྱེས། གསོད་བྱེད་རྣམས་རྫུས་སྐྱེས་ཏེ་སྐྱེ་གནས་བཞི་ཀའི་བག་ཆགས་སྦྱང་བ་རྡོ་རྗེ་ཕུར་པའི་རང་
(༢༩༦)ལུགས་ཡིན་ནོ། །དེ་བཞིན་དུ་དཀྱིལ་འཁོར་གསུམ་གྱི་སྲོག་ཡེ་ཤེས་སུ་དབང་བསྐུར་བ་དང་། ཡེ་ཤེས་སེམས་དཔའི་སྲོག་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་དབང་བསྐུར་བ་སོགས་གཞུང་གིས་གོ་དོན་འཕྲོད་ལ། དེ་ནས་ཁམས་གསུམ་སྦྱང་བའི་དམིགས་པ་དང་། །དེ་བཞིན་དུ་ཡེ་ཤེས་སེམས་དཔའི་སྒོ་སྲུང་རྟ་མགྲིན་གྱིས་བྱ་བའི་དགོས་པའང་བསྐྱེད་རིམ་འཕྲོ་ཅན་གྱི་གདོན་བགེགས་བསྲུང་བའི་སླད་དུ་ཡིན་པས་མཐར་བསྐྱེད་རིམ་གྱི་བྱ་བ་རྫོགས་ནས་དབང་བསྐུར་རྒྱས་གདབ་ཟིན་རྗེས་རྟ་མགྲིན་ཡེ་ཤེས་སེམས་དཔའ་ལ་བསྟིམ་པ་ཤེས་པར་བྱའོ། །ཡང་། རྒྱ་དང་བྲལ་བའི་ཞིང་ཁམས་ནི། ཆོས་ཀྱི་དབྱིངས་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་ལ་བཏགས་པའོ། །དེ་ཡང་ནམ་མཁའི་དཀྱིལ་འཁོར་གྱི་ཕན་ཆོད་ཚུན་ཆོད་ཀྱི་བརྡ་ནི། རྟག་ཆད་ཀྱི་མཐའ་གཉིས་ལ་བཏགས་ནས། དབུ་མའི་ལམ་སྟེ་གཉིས་ཀའི་མཐར་མ་ལྷུང་བས་ཐུན་མོང་དུ་བཏགས་ནས་འདུན་པའི་ཁྱད་པར་ཅུང་ཟད་ཀྱིས་སངས་རྒྱས་ཀྱི་ཡེ་ཤེས་ཤིན་ཏུ་གྲགས་པ་བརྟན་པར་བཞིན་གྱི་གནས་ནས་དགུག་ཏུ་རུང་ཞིང་། གཞུག་བྱའི་རྟེན་ལ་དམ་ཚིག་སེམས་དཔའ་ལ་འཇུག་ཏུ་རུང་བས་ཐོབ་པ་ཆེན་པོའི་གབ་ཐིག་གིས་བཤད་པའོ། །ཞེས་དཀའ་འགྲེལ་གྱི་ཚུལ་དུ་སྨོས་པའང་ཡང་སྟེང་ཞབས་དྲུང་པའི་ངོར་རིག་འཛིན་འཇིགས་མེད་གླིང་པས་སོ། །དགེའོ། དགེའོ། དགེའོ།
(༢༩༧) ཕུར་པ་རྒྱུད་ལུགས་ལས་བསྙེན་སྒྲུབ་ཐམས་ཅད་ཀྱི་མཛོད་ཁང་རིག་འཛིན་གཞུང་ལམ་ཞེས་བྱ་བ་བཞུགས།
(༢༩༨)ན་མཤྲཱི་བཛྲ་ཀུ་མཱ་ར་ཡ། འདིར་ཕུར་པ་རྒྱུད་ལུགས་ཀྱི་བསྙེན་སྒྲུབ་ཐམས་ཅད་ཀྱི་མཛོད་ཁང་རིག་འཛིན་གཞུང་ལམ་བསྟན་པ་ལ་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བའི་ཐོག་མར་གནས་ཀྱི་མཚན་ཉིད་ནི། རྒྱུད་ལས། དང་པོ་ཕུར་པ་བསྒྲུབ་པའི་གནས། །ནགས་རི་ཚེར་མ་ཅན་གྱི་ཤིང་། །གཅན་གཟན་གདུག་པ་སྣ་ཚོགས་ཡོད། །གནམ་ནི་རལ་གྲི་མདའ་གྲིའི་ཤུལ། །ས་ནི་གྲུ་གསུམ་མེ་དཔུང་འདྲ། །ལོགས་ལ་དུར་ཁྲོད་ཡོད་པ་རུ། །མཁས་པས་བརྟགས་ཏེ་བཙལ་བྱས་ན། །འདི་ནི་ཕུར་པ་བསྒྲུབ་གནས་ཡིན། །ཞེས་དང་། ཤིང་གཅིག་དྲུང་དང་མ་རུངས་པ། །དུག་ཤིང་གདུག་པ་ཡོད་པ་དང་། མ་བདུན་གནས་པའི་ཁྱིམ་རྣམས་དང་། །སྲོག་གི་རྭ་དང་ཆུ་སྲིན་ཁ། །གཡུལ་ངོ་བཀྱེ་དང་མཚོན་ཕོག་དང་། །བསད་བཅད་ས་དང་མ་རུངས་ས། །འདི་ནི་དྲག་པོ་བསྒྲུབ་པའི་གནས། །ཞེས་སོ། །
(༢༩༩)དེ་ལྟ་ནའང་གནས་ཀྱི་རྟེན་འབྲེལ་འདི་ནུས་པ་ཆེ་བས་ལས་དང་པོ་པ་ཟེར་ཏེ། དྲོད་ཅུང་ཟད་མ་ཐོབ་ཀྱི་རིང་ལ་ཧ་ཅང་དྲག་པོའི་གནས་སུ་གྱུར་པ་དང་། གདོན་ཆེན་མ་རུངས་པ་གནས་པའི་ས་ནི་མི་ལེགས་ཏེ། སེམས་ལ་ཆོས་ཉིད་མི་གསལ་དང་། །ཉམས་དང་ཏིང་འཛིན་གཡེལ་བས་ནི། །གནས་འདི་དག་ཏུ་ཡོངས་མི་བྱ། །ནམ་ཕུགས་རྣལ་འབྱོར་བདག་ལ་གནོད། །དེ་བས་གཞུང་དང་མཐུན་པའི་གནས། །བཀྲ་ཤིས་ས་ཡི་གནས་དག་ཏུ། །ཡུན་རིང་བསྲིངས་ན་དོན་གྲུབ་བོ། །ཞེས་སོ། །དེ་བས་ན་བསྙེན་སྒྲུབ་བྱེད་པའི་གནས་འདི་ལྟ་བུ་བརྟག་པར་བྱ་སྟེ། ནགས་ཚལ་ཆེན་པོ་གང་ན་བར། །དེང་ནི་ལེགས་པར་དཔྱད་ནས་ནི། །ཀླུ་ཡི་མིག་དང་འབྱུང་པོའི་སྲད། །ས་ཡི་གེགས་དང་མ་རུངས་ས། །མི་ཤིས་པ་ཡི་ས་མིན་པར། །ལས་ཀྱི་བྱ་བ་གཞུང་བཤམས་ལ། །བཀྲ་ཤིས་དོན་གྱི་གནས་ཡིན་པས། །ཡུན་རིང་བསྲིངས་ན་འགྲུབ་
(༣༠༠)པར་འགྱུར། །མེ་ཏོག་གླིང་དང་རིན་ཆེན་རི། །དཔག་བསམ་ཤིང་དང་སྐད་སྙན་བྱ། །འབྲུ་སྣ་ཚོགས་དང་གནས་ས་ལེགས། །དབྱིབས་ལེགས་ལུང་པ་རན་པ་རུ། །བཀྲ་ཤིས་གཞུང་བཟང་གནས་ཡིན་པས། །གནས་ཀྱི་དམ་པ་ཡིན་པར་བཤད། །ཅེས་པ་ལས་དངོས་གྲུབ་བརྙེས་པའི་དམ་པ་རྣམས་ཀྱིས་བཅགས་པ་དང་གཞི་བདག་དཀར་ཕྱོགས་ལ་དད་ཅིང་རྒྱུད་འཇམ་པའི་ཕྱོགས་ལ་བརྟེན་པར་བྱའོ། །དེའི་ཐོག་མར་ཡང་། །ཡུལ་ལམ་ས་དེའི་བདག་པོ་ལ། བདེན་པས་བཀྲོལ་ལས་རིན་བཅལ། ཞེས་པས་གཟུགས་ཅན་དང་རྩོད་པ་བྲལ་བར་བྱས་ལ། གྲུབ་ན་ཆ་གསུམ་དང་། མིན་ན་གཞི་བདག་གཏོར་མ་བརྔན་ཚིག་གིས་བཀྲོལ་ལ་གང་ལའང་ཕན་འདོགས་ཀྱི་བསམ་པ་དང་ལྡན་པས་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱའོ། །དེ་ཡང་སྔོན་དུ་སྟོན་པ་ཕུན་སུམ་ཚོགས་པ་རྡོ་རྗེའི་སློབ་དཔོན་མཚན་ཉིད་དང་ལྡན་པ་ལ། བསྟན་པ་ཕུན་སུམ་ཚོགས་པ་རྡོ་རྗེ་ཕུར་པའི་དབང་བསྐུར་ལེགས་པར་མནོས་ནས་དམ་ཚིག་ལ་གནས་ཤིང་བསྐྱེད་རྫོགས་ཀྱི་ལམ་ལ་འཇུག་པའི་ཚུལ་ལུགས་མ་ནོར་བར་ཤེས་པའི་གང་ཟག་ལམ་ཐུན་མོང་བས་རྒྱུད་ལེགས་པར་འབྱོངས་པ་གང་ཞིག་གིས་འགལ་རྐྱེན་མེད་པའི་སྐབས་བཙལ་ཞིང་གཟའ་སྐར་དུས་སྦྱོར་ལེགས་པའི་ཐོག་གནས་ཁང་ལ་བྱི་དོར་བྱ། ཐེག་པ་ཆེན་པོའི་དཀོན་མཆོག་སྤྱན་འདྲེན་པའི་འདུ་ཤེས་བཟང་པོས་ས་རྒྱན་གནམ་རྒྱན་སོགས་དང་། ཡི་དམ་དང་ཆོས་སྐྱོང་གི་རྟེན་བྱིན་རླབས་ཅན་དགྲམ། དེའང་རྡོ་རྗེ་ཐེག་པའི་དམ་ཚིག་གི་རྟེན་ཅིག་ཤོས་རྡོར་དྲིལ་བཅང་དགོས་པས་དེའི་མཚན་ཉིད་ནི། རྡོ་རྗེ་རྩེ་མོ་ལྔ་པ་ནི། ལྟེ་བ་པདྨ་ཉིས་བསྐོར་བྱ། །དེ་ལ་ངེས་པའི་བློ་ཅན་གྱིས། །ཐབས་ཀྱི་ཕྱག་
(༣༠༡)རྒྱ་གསལ་བར་བསམ། །ལྟེ་བ་དཔལ་ཆེན་འབར་བ་ཉིད། །ཡར་གྱི་རྩེ་ལྔ་སྲས་མཆོག་ལྔ། །མར་རྩེ་གསང་བའི་མཚན་ཉིད་དོ། །ཡར་འབུར་མར་བུར་སྟེང་འོག་དང་། །པདྨ་བརྒྱད་ལ་ཁྲོ་བོ་བཅུ། །ཡེ་ཤེས་འབར་བའི་རྡོ་རྗེ་ཆེ། །ཁྲོ་རྒྱལ་འབར་བའི་ཐབས་ཀྱི་སྐུ། །བདེ་ཆེན་ཡབ་རྣམས་སྐུར་བཞུགས་པས། །དགྱེས་པ་མཆོག་གི་ཕྲིན་ལས་མཛད་དུ་གསོལ། །མ་ཧཱ་བཛྲ་ཧཱུྃ་ལན་གསུམ་གྱིས་གསོར། འཁོར་བ་དང་ནི་ལྗོན་དམར་ལ། །དྲིལ་བུ་ཚད་དང་ལྡན་པར་བྱ། །ཤེས་རབ་དག་པའི་གཞལ་ཡས་ཁང་། །རྣལ་འབྱོར་ཁྲོ་མོའི་དཀྱིལ་འཁོར་དགོད། །ལྟེ་བ་འཁོར་ལོ་རྒྱས་འདེབས་མ། །རྭ་ལྔ་རྒྱས་འདེབས་ཡུམ་ལྔ་སྟེ། །ལུང་ནི་བྷ་གའི་མཚན་ཉིད་དེ། །སྤྱི་བོ་རྩེ་ལྔ་ལྕེལ་ནི། །སྟེང་འོག་ཁྲོ་མོ་རྣམ་པར་བསམ། །པདྨ་འདབ་མ་བརྒྱད་པོ་ལ། །ཕྱོགས་མཚམས་ཁྲོ་མོ་བརྒྱད་པོ་བསམ། །རང་བཞིན་ཤེས་རབ་ཁྲོ་ཚོགས་རྣམས། །རྡོ་རྗེ་བཤུགས་པས་སྤྱན་དྲངས་ནས། །ཤེས་རབ་མ་ལ་བསྟིམ་མཆོད་སྒྲུབ། །སྒྲ་བསྒྲགས་དུས་གསུམ་རྒྱལ་བ་མཉེས། །འགྲོ་བའི་སྒྲིབ་པ་དག་པར་བསམ། ཧཱུྃ། ཤེས་རབ་ཆེན་པོའི་རང་བཞིན་ནི། །ཆོས་ཉིད་སྟོང་པ་ཆེན་པོའི་སྒྲས། །འཁོར་བའི་བག་ཆགས་ཟིལ་གྱིས་གནོན། །དུས་གསུམ་རྒྱལ་བ་ཀུན་ཀྱང་མཉེས། །མ་ཧཱ་གྷཎྜེ་ཧོ། །ཞེས་ད་ཁོ་ན་ཉིད་ངེས་པས་འཁྲོལ་བ་ནི་རྣམ་པ་ཐམས་ཅད་དུ་དྲན་པར་བྱའོ། །དེ་ནས་བསྙེན་པའི་ངོ་བོ་བདག་བྱིན་གྱིས་བརླབ་པའི་རིམ་པ་ཡིན་པས། སྟེགས་ཀྱི་ཁར་སྒྲུབ་གཏོར་ཙཀ་ལིས་བརྒྱན་པ་དར་ནག་གི་གདུགས་ཅན་དང་། དམ་
(༣༠༢)ཅན་གྱི་གཏོར་མ་ཤ་ཁྲག་གིས་བརྒྱན་པ། སྨན་རཀ །ཉེར་སྤྱོད་ལ་སོགས་པ་མཐོ་དམའ་གོ་རིམ་ལྟར་བཤམ། །དེ་མ་ཐག་དགོས་པའི་རྒྱལ་ཐོའི་འབུལ་གཏོར་དང་། །གཞི་བདག་གཏོར་མ་སོགས་ཉེ་བར་བསྔོགས། བསྙེན་ཕུར་བྱུག་བདུག་བྲབ་གསུམ་གྱིས་གཟི་བྱིན་བསྐྱེད་ལ། སྒྲུབ་གཏོར་གྱི་མདུན་དུ་ཕུར་གདན་ཟུར་གསུམ་ལ་བཙུགས། སྟན་འོག་ཏུ་ཀུ་ཤ་རྩེ་མོ་མདུན་བསྟན་ཅུང་ཟད་ཀྱང་བཞག་པ་ལ་འདུག་སྟེ། དལ་འབྱོར་རྙེད་དཀའ་ནས་བཟུང་། སྔོན་འགྲོ་ཐུན་མོང་བས་རྒྱུད་ལེགས་པར་སྦྱངས། དེ་ནས་མངོན་རྟོགས་འབྲིང་པོའི་གཞུང་བསྲངས་བའི་ཚིག་དོན་འབྲེལ་བ་ནས་བགེགས་གཏོར་གྱི་མཚམས་སུ་ཕྱི་རོལ་བ་བསྐྲད། གུ་གུལ་གྱིས་བདུག །ཡུངས་ཐུན་གྱིས་བརྡེག །རྒྱལ་ཐོབ་བཙུགས་ལ། ཧཱུྃ་རི་རབ་གླིང་བཞིའི་ཕྱོགས་བཞི་ནས། །དཔལ་དང་ལྡན་པའི་རྒྱལ་ཆེན་བཞི། །ཕྱོགས་སྲུང་རེ་བ་བསྐང་བའི་ཕྱིར། །འདིར་བྱོན་མཆོད་སྦྱིན་གཏོར་མ་བཞེས། །བར་དུ་གཅོད་པ་མཚམས་ཆོད་ཅིག །ཨོཾ་དྷྲི་ཏར་སྟྲ་ཧཱུྃ་ཛ། ཨི་དམ་པ་ལིན་ཏ་ཁཱ་ཧི། བི་རུ་དྷ་ཀ་ཧཱུྃ་ཛ། ཨི་དམ་བ་ལིན་ཏ་ཁཱ་ཧི། བི་རུ་པཱཀྴ་ཧཱུྃ་ཛ། ཨི་དམ་བ་ལིན་ཏ་ཁཱ་ཧི། བེ་ཤྲ་བཎ་ཧཱུྃ་ཛ། ཨི་དམ་བ་ལིན་ཏ་ཁཱ་ཧི། ཞེས་དང་། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། སོགས་ཀྱིས་གཞི་བདག་ལ་བསྔོས། །འདི་ནས་བཟུང་སྒོ་འབྱང་གཅོད་ཕྱི་ནང་གི་རྒྱུ་འགྲུལ་བཅད་ཅིང་། ལྷག་པར་ནང་དུ་སེམས་རྣམ་པར་གཡེང་ཞིང་མཚམས་རལ་ནས་བར་དུ་གཅོད་པ་ཐམས་ཅད་ཀྱི་གྱ་ནི་བུག་སྒོའི་ལྡབ་ལྡིབ་དང་ཡིག་འགྲུལ་ཡིན་པས། མི་ཚེར་འབགས་བསྙེན་བྱས་པ་བསོལ་གསུམ་ས་བཅང་བྱས་པ་ཆོད་ཆེ་
(༣༠༣)བ་མྱོང་བས་གྲུབ་བོ། །སྲུང་འཁོར་ལེགས་པར་བསྒོམ་པ་གཞུང་བཞིན་ནོ། །གཉིས་པ་དངོས་གཞི་ལ། །བསྙེན་སྒྲུབ་ལས་གསུམ་ལས། དང་པོ་ལའང་གཉིས་ཀྱི་དང་པོ་བསྙེན་པ་ནི། རྫོགས་རིམ་འགྲུབ་པའི་ཐབས་སུ་བསྐྱེད་རིམ་སྒོམ་བ་ཡིན་ཏེ། རྫོགས་པའི་རིམ་པ་འདོད་པ་ཡིས། །རྣལ་འབྱོར་ཐབས་ལྡན་རྣམས་ཀྱིས་ནི། །བསྐྱེད་པའི་རིམ་པ་རྨང་ནས་བརྩིགས། །ཞེས་པ་ལྟར། སྲོད་ཐུན་ནས་ལས་གཞུང་བསྲང་བའི་དོན་ལ་སྒོམ་དོན་དང་ཚིག་ཏུ་འབྲེལ་བས་བསྐྱེད་རིམ་གྱི་སྦྱོང་གཞི་སྦྱོང་བྱེད་ལ་དག་པ་ཐོན་པར་མ་བྱས་ན་གསང་སྔགས་ཟབ་ཅིང་ཐབས་ལ་མཁས་པ་ཞེས་བྱ་བ་དེ། ཚིག་ལམ་དང་། འདོད་ཞེན་ཐ་མལ་དུ་གོལ་ནས་ཡོན་ཏན་སྣ་གཅིག་ཀྱང་མ་སྐྱེས་པར་བསྙེན་སྒྲུབ་ཚང་དུ་འཁྱོལ་ལོ་ཞེས་སྣང་བ་འོག་འགྱུ་དང་། བཟླས་བརྗོད་སྟོང་འདྲེན་དུ་ཐལ་བ་དེ་འབྱུང་བའི་ཚུལ། རྒྱུད་ལས། དང་པོར་ཤེས་རབ་རྣམ་གསུམ་གྱིས། །གཏན་ཚིགས་གཏན་ལ་མ་ཕེབས་པས། །རང་བཞིན་མེད་པར་མི་ཤེས་པར། །དངོས་པོ་མཚན་མའི་ཆོས་བཟུང་ནས། །ཐེག་ཆེན་ཁྲོ་བོའི་རྒྱལ་པོ་ཟེར། །དོན་དམ་ཟབ་མོ་རྒྱབ་ཏུ་བོར། །གསང་སྔགས་ཟབ་མོ་བོན་དུ་གྱེར། །སྤྱོད་པ་སྤང་བླང་དང་དུ་བླངས། །གཏི་མུག་དབང་བཙན་རྒྱུ་འབྲས་དོན་མ་རྟོགས། །ང་རྒྱལ་དབང་གིས་རློམ་སེམས་ཆེན་པོར་བསྐྱེད། །ཕྲག་དོག་དབང་གིས་བདག་བསྟོད་གཞན་དམོད་བྱེད། །འདོད་ཆགས་དབང་གིས་བསླུས་འདེབས་ཁྲེལ་འཛེམ་མེད། །ཞེ་སྡང་དབང་གིས་ཁྲོ་བོའི་དཀྱིལ་འཁོར་བསྐྱེད། །རྒྱུད་དང་མན་ངག་སྒྲུབ་ཐབས་བླ་མས་གསང་། །
(༣༠༤)ལོང་བས་ལོང་ཁྲིད་དཾ་གྲོག་གཡང་དུ་ལྷུང་། །རྣམ་སྨིན་བཟློག་པར་དཀའ་བ་སྙིང་རེ་རྗེ། །ཞེས་གསང་སྔགས་གཟུགས་བརྙན་དུ་གོལ་བའི་རྣམ་སྨིན་གྱིས་རཱུ་དྲེ་དང་གདོན་གྱི་ལུས་རྟེན་འགྲུབ་པ་མངོན་སུམ་པའི་ཚུལ། ཁྲོ་བོ་རང་རྒྱུད་རཱུ་དྲ་སྟེ། །རཱུ་དྲ་རང་རྒྱུད་ཁམས་གསུམ་འཁོར། །ཞེས་པ་ལྟར་རོ། །དེ་བས་ན་གཞི་སྟོང་ཉིད་སྙིང་རྗེ་ཆེན་པོ། ལམ་བསྐྱེད་རྫོགས་ཟུང་འཇུག་ཏུ་འབྲེལ་བས་འབྲས་བུ་སྐུ་གཉིས་མངོན་དུ་བྱེད་པའི་དོན་བསྐྱེད་རིམ་གྱི་རྣམ་བཤད་དང་བླ་མའི་མན་ངག་ལས་བྱང་བ་བཞིན་རྒྱུད་ཐོག་ཏུ་འབྱོར་བ་ལ་བསླབ། བཟླ་བྱའི་སྔགས་ནི། འབྲུ་དགུ་མ་ནོར་བདུན་ཁྲི་བཟླས། །འཁོར་ལ་དེ་ཡི་ཕྱེད་ཕྱེད་དོ། །རབ་འབྲིང་ཐ་མའི་རྟགས་ཚང་ན། །དངོས་གྲུབ་བླང་བར་ཤེས་པར་བྱ། །ཞེས་གཙོ་འཁོར་འགྲོས་སྦྱར་བའི་དབང་དུ་བཤད་པ་ལྟར་མ་ནུས་ན་འབྲུ་དགུ་པ་བསྒྲུབ་པའི་དུས་ལས་ཉུང་བར་མི་བྱེད། དེ་ཡང་ལུས་བཟླས་བགྲང་འཕྲེང་ལ་བརྟེན། ངག་བཟླས་མཆུ་ལ་བརྟེན། ཡིད་བཟླས་ཛ་པ་དགོངས་ལ་བརྟེན་པའི་ཕྱིར། བཟླས་པའི་མགོར་ཕྲེང་བ་བྱིན་བརླབ་བྱ་ཞིང་། ཕྲེང་བའི་དེ་ཁོ་ན་ཉིད་ངེས་པར་བྱ་བའང་། རུ་རཀྴ་འམ་ནི་རང་སུ། །ཡང་ན་གདུག་པ་ཚེར་མའི་ཤིང་། །ཕྲེང་བ་ཆེན་པོ་བརྒྱ་རྩ་ནི། །བསུ་ཏའམ་རྒྱུས་ཆེན་ལ། །དགུ་སྒྲིལ་དག་ཏུ་བྱས་ནས་ནི། །བརྒྱུས་པའི་མོད་ལ་ཕུར་པ་གདབས། །མཐེ་བོང་མཐེ་ཆུང་བར་གྱི་བགྲང་། །བདག་ཉིད་མི་ཕྱེད་དཔལ་ཡིན་ཏེ། །ཕུར་པ་སྲས་མཆོག་ཀཱི་ལ་ཡ། །ཕྲེང་བ་ཡི་གེ་འབྲུ་དགུ་སྟེ། །ཕྲེང་ཐག་དབུགས་ཀྱི་རྟ་ཉིད་དོ། །ཕར་འགྲོ་བ་དང་ཚུར་འདུ་བ། །མགལ་མེ་
(༣༠༥)ཀླད་ལ་བསྐོར་བའམ། །ལྕགས་ཀྱི་ཚྭ་ཚྭ་བརྔབས་པ་བཞིན། །ཕར་སྒྲོ་ཚུར་བསྡུ་རྒྱུན་མི་གཅད། །བགྲང་ཕྲེང་དེ་ཉིད་དོན་ལ་གནས། །ཞེས་པ་ལྟར་རོ། །ངག་བཟླས་ལ་སྒྲ་བཅས་དང་ཤུབ་བུ་གཉིས་ལས། དང་པོ་ལ་གསང་སྒྲོག་གི་ཉེས་པ་དང་། གཉིས་པ་ལ་ཚོར་བ་བཏང་སྙོམས་འབྱུང་ཉེ་བས་ཡིད་བཟླས་དང་ཤུབ་བུའི་བཟླས་པ་ཐབས་ཤེས་ཟུང་འཇུག་ཏུ་བགྲངས་པས་འདུ་ཤེས་ལུང་མ་བསྟན་ལས་ལྡོག་པའོ། །དེའི་ཚེ་སྔགས་མ་དག་པ་ལ་སོགས་བཟླས་པའི་སྐྱོན་དྲུག་སྤང་བའང་། རྒྱུད་རྣམས་ཀུན་གྱི་སྔགས་རྣམས་ཀུན། །སྔགས་མཁན་མཁས་པས་བཏུ་བར་བྱ། །ཤད་དང་ཚིག་བར་མ་ནོར་བ། །གཡས་དང་སྤྲིད་པས་བར་མ་གཅད། །གཉིད་ཆང་ལེ་ལོ་སྤངས་ལ་བྱ། །ཡང་དག་དོན་གྱི་བཟླས་པ་ཡིན། །ཞེས་སོ། །དེ་ལ་ཛ་པ་དགོངས་དང་འོད་ཟེར་སྤྲོ་བསྡུ་ལ་ཐོག་མ་ནས་ཧ་ཅང་མི་བསྒྲིམ་པར་དང་པོ་བསྐྱེད་རིམ་ཁོ་ན་ལ་ཤེས་པ་འཇུར། ཤིན་ཏུ་གསལ་དཀའ་ན་བྲིས་སྐུ་ལ་བལྟས་ནས་ཡིད་ཡུལ་དུ་ལོངས་པ་དང་། དེ་སྣང་ལ་རང་བཞིན་མེད་པར་རྩལ་སྦྱོང་བཞིན་དུ་བཟླ་བའི་ཚུལ། སྔགས་ཀྱི་འབྲུ་ནི་ལྷ་ཡིན་ཏེ། །ལྷ་རྣམས་གསལ་ལ་རྟོག་པ་མེད། །ཅེས་སོ། བསྐྱེད་རིམ་ཝལ་གྱིས་གསལ་ནས་ཛ་པ་དགོངས་དང་འོད་ཟེར་སྤྲོ་བསྡུ་ལ་སློབ་པ་རེ་མོས་སུ་བྱ། དེའི་ཚུལ་ནི་སྒྲུབ་ཐབས་ཆེན་མོར་གསལ་བ་བཞིན་ལས་བདག་མདུན་གྱི་ཐ་སྙད་དང་། དོ་ལིའི་བཟླས་པ་ནི་སྒྲུབ་པ་ཆེན་པོའི་ཁོངས་ནས་བསྙེན་སྒྲུབ་ཡན་ལག་བཞི་ཀ་རྫོགས་པར་བྱེད་པའི་དབང་དུ་བཤད་པས་འདིར་ངོའི་དགོས་ཆོས་གཉིས་པོ་དོ་རབས་རུང་ངོ་། །དེ་ཡང་སེམས་
(༣༠༦)ཅན་ཐམས་ཅད་ལ་བདེར་གཤེགས་སྙིང་པོས་མ་ཁྱབ་པ་མེད་ན། སྙིང་པོ་དེ་ཚོགས་བརྒྱད་དུས་བྱས་པས་གློ་བུར་དུ་བསླད་ནས་འཁོར་བ་མཐའ་མེད་པར་སྔར་འཁོར་ཕྱིན་ཆེད་འཁོར་བར་འགྱུར་བས། དེ་ལས་ཐར་བའི་ཕྱིར་གསང་སྔགས་རྡོ་རྗེ་འཐེག་པར་ལམ་བསྐྱེད་རྫོགས་གཉིས་སུ་གསུངས། །དེ་གཉིས་ཀྱང་གཅིག་ལ་གཅིག་ལྟོས་ཀྱི་འབྲེལ་བ་ཅན་གྱིས་ཟུང་འཇུག་ཏུ་མ་བསྒྲུབས་ན། བསྐྱེད་རིམ་རྐྱང་པས་རྟག་མཐའ། རྫོགས་རིམ་རྐྱང་པས་ཆད་མཐའ་སེལ་མི་ནུས་པ་དགོངས་ནས་ཐབས་ཤེས་འབྲེལ་པའམ། ཟུང་འཇུག་གི་ལམ་གསུངས་ཤིང་། དེའང་སྣང་བའི་འཁྲུལ་འཛིན་སྦྱོང་བ་ལ་ཐབས་བསྐྱེད་པའི་རིམ་པ། བསྐྱེད་རིམ་གྱི་བདེན་ཞེན་འཇིག་པ་ལ་ཤེས་རབ་རྫོགས་པའི་རིམ་པས་རྒྱས་ཐེབས་པ་ནི་ཆུ་ཟླ་འམ། སྒྱུ་མ་ལྟ་བུའི་དཔེས་མཚོན་ལ། དེ་ལས་སྣང་བ་ཞེས་བྱ་བ་མི་གཤེས་ཀྱི་དོར་སྣང་བའི་བསྟན་ཡོད་ཐོགས་བཅས་གཅིག་པོ་ལ་ངོས་མི་གཟུང་། ལས་སྦ་མས་བཞག་པའི་བག་ཆགས་ཀྱིས་བསྒོས་ཤིང་། ཕྱི་མ་ཉེ་བར་ལེན་པའི་གཟུང་འཛིན་རང་རྒྱུད་པར་འཆར་བའི་བསྟན་མེད་ཐོགས་བཅས་ཐམས་ཅད་དེ། ཀུན་འབྱུང་གི་རྒྱུ་ལས་རྣམ་རྟོག་རང་དགར་འཆར་བའི་སྣང་ཡུལ་མཐའ་དག་རྟེན་གཞལ་ཡས་ཁང་དང་། བརྟེན་པ་ལྷའི་འཁོར་ལོ་འཆར་བ་ལ་རྟག་ཏུ་གོམས་པར་བྱས་ན་ལྷའི་སྣང་ཆ་ངེས་བསོད་ནམས་ཀྱི་ཚོགས་དང་། དེའི་ཆོས་ཉིད་རང་བཞིན་མེད་པར་རྟོགས་པ་དེས་ཡེ་ཤེས་ཀྱི་ཚོགས་རྫོགས་ནས་སྐྱེ་བ་འདི་ཉིད་ལ་རྣམ་སྨིན་རིག་འཛིན་གྱི་གོ་འཕང་ལ་སྦྱོར་ཞིང་བར་དོར་ཕྱག་རྒྱའི་རིག་འཛིན་འགྲུབ་པའི་ཚུལ་བཀོང་པའི་ལེའུ་གཉིས་པ་ལས། དེ་ནས་རྗེས་སུ་རྣལ་འབྱོར་པས། །ལམ་འདི་
(༣༠༧)དག་ལ་དགོད་པར་བྱ། །ཚོགས་ལམ་སྦྱོར་ལམ་མཐོང་བའི་ལམ། །སྒོམ་ལམ་དང་ནི་རྣམ་གྲོལ་ལམ། །བཅུ་གཅིག་ཀུན་ཏུ་འོད་ཀྱིས། །བཅུ་གཉིས་པདྨ་ཅན་གྱིས། །འཁོར་ལོ་ཚོགས་ཆེན་བཅུ་གསུམ་པ། །ཀུན་བཟང་བཅུ་བཞི་པ་རུ་གྲགས། །དང་པོའི་ས་ནས་རིག་འཛིན་ཏེ། །གཉིས་པ་ཚེ་ལ་དབང་རིག་འཛིན། །ཀུན་རྫོབ་ཕྱག་རྒྱའི་རིག་འཛིན་ཏེ། །རྟོགས་པ་ལྷུན་གྲུབ་རིག་འཛིན་ནོ། །ཕུར་བུའི་རང་བཞིན་དོན་རྟོགས་པ། །རིགས་དག་ཏུ་ནི་ཡང་དག་བཤད། །ལས་བྱས་སྔོན་གྱི་ཚོགས་ཀྱིས་སོ། །ལས་བདུན་བྱས་པས་སྦྱོར་བའོ། །དེ་ཉིད་བསྒོམས་པས་མཐོང་བ་དང་། །འབྱུང་བ་ལྔ་དང་ལྷ་ཡི་གནས། །གདན་དང་བཅས་པ་བསྐྱེད་པར་བསྒོམ། །སྲོག་ཉིད་ཡེ་ཤེས་རྒྱུར་གནས་པས། །བདུད་བཞི་ལས་ནི་རྣམ་པར་གྲོལ། །དཀྱིལ་འཁོར་གསུམ་ལ་སོགས་མཚན་ཉིད། །ཕུང་པོར་མ་གྲུབ་པ་དང་འོད། །གོང་བུར་གནས་དང་འཆི་བདག་དང་། །ཡི་གེས་ཉོན་མོངས་མེད་པར་སྦྱངས། །སྣང་སྲིད་གྲངས་པ་ཅན་དང་ནི། །མི་སྣང་བར་བཅས་ལྷ་བདུད་བཅོམ། །ཉེས་ལྡན་སྲོག་གི་དབང་པོ་དང་། གདགས་གཞི་དྲུག་དང་སྣང་བ་སྟེ། །གནས་སྐབས་དག་ལ་རབ་ཏུ་གྲགས། །དུས་དང་གྲངས་དང་མཚན་མ་ཡི། །བསྙེན་པ་དག་ཏུ་བཤད་པ་ཡིན། །ཞེས་སོ། །དེ་ཡང་ལས་བྱས་ལ་སོགས་པའི་རྐང་པ་གསུམ་གྱིས་བསྙེན་པའི་དོན་བསྟན་པའང་། །དང་པོ་རང་རྒྱུད་ལ་སྔོན་ཡོད་དང་ད་ལྟར་བའི་བསོད་ནམས་ཀྱི་ཚོགས་བསྐྲུན་པ་ཚོགས་ལམ་དང་། གཉིས་པ་རྡོ་རྗེ་སློབ་དཔོན་བཀུར་ཏེ་དབང་བསྐུར་ནོད་པ་ནས་བསྐྱེད་རྫོགས་ཀྱི་ཕམ་
(༣༠༨)ལ་འཇུག་པའི་བྱ་བ་མཐའ་དག་ལས་བདུན་གྱི་སྒྲས་བསྡུས་པའི་སྦྱོར་ལམ་དང་། རྒྱུ་དེ་དག་ལས་སེམས་ཉིད་ལྷའི་སྐུར་སྨིན་ཏེ་རྣམ་སྨིན་རིག་འཛིན་གྱི་ལྡང་ཚད་རྫོགས་པ་ནི་མཐོང་བའི་ལམ་མོ་ཞེས་བདག་ཉིད་ཀྱིས་རྟོགས་པའི་ཚུལ་ལོ། །འདི་ལྟར་མ་རྟོགས་བཞིན་དུ་འོད་ཟེར་སྤྲོ་བསྡུ་ཐག་པའི་བརྐྱང་བསྐུམ་ལྟ་བུས་སེམས་འཁྲུལ་སྣང་གི་གཟེབ་ཏུ་བཞུག་པའི་བསྙེན་ཡིག་ནི་གཟུང་འཛིན་གྱི་རྟོད་ཕུར་དུ་མཐོང་ངོ་། །རྒྱུ་དེས་ན་བསྙེན་པའི་སྐབས་འདིར་དམ་ཚིག་གི་རྟེན་ཙམ་དུ་བསྙེན་ཕུར་བཞག་པ་ལས། བསྒྲུབ་བྱའི་ངོས་ནས་སྣང་གྲག་རིག་གསུམ་ལྷའི་དཀྱིལ་འཁོར་གཅིག་ཏུ་འཆར་བ་ལ་བསླབ་པའི་ཕྱིར་བསྙེན་ཕུར་ལྷར་ཆེད་དུ་གསལ་བ་ལ་སོགས་པའི་རྣམ་ཤེས་གུད་དུ་མི་གཅད་ལ། ཐུན་བཞིའི་མཚམས་འཇོག་ཁ་ཐམས་ཅད་དུ་མཆོད་བསྟོད་མཐར་དབྱངས་གསལ་ཡིག་བརྒྱ་དང་སྒྲེལ་ནས་བཟླས་པས་ཉེས་བྱས་བཤགས་ཤིང་དག་པའི་སྣོད་བཅུད་ལ་རྟག་མཐའ་གཞིག་པའི་ཉེར་བསྡུ་དང་ཆད་མཐའ་གཞིག་པའི་ཐུན་མཚམས་ཀྱི་ལྷར་ལྡང་བ་ནི་ངེས་པར་གཅེས་ལ། ཐུན་ཐ་མ་ལ་ཚོགས་མཆོད་རེ་གྲུབ་ན་ལེགས་ཤིང་། ཇི་ལྟར་ཡང་ཕུར་སྲུང་ལ་སོགས་པའི་ཆོས་སྐྱོང་ལ་གཏོར་འབུལ་དང་ཕྲིན་བཅོལ་བྱའོ། །དེ་ལ་ཐུན་སོ་སོ་ནས་མངོན་རྟོགས་མི་དགོས་པ་སྔ་འགྱུར་གྱི་ལུགས་སོ་ཞེས་མཐའ་གཅིག་ཏུ་གླེང་བའང་བཟང་པོར་མ་མཐོང་སྟེ་ལས་དང་པོ་པ་ཟེར་ཀྱང་དོན་ལ་བསྐྱེད་རིམ་གྱི་སྦྱང་གཞི་སྦྱོང་བྱེད་ལྷོངས་སུ་མ་གྱུར་ཞིང་། སྙིང་པོ་དྲན་པ་ཙམ་གྱིས་མངོན་རྟོགས་ཡིད་ཡུལ་དུ་ལྷུན་གྱིས་མི་གྲུབ་པ་རྣམས་ལ་ཁྱེད་ཀྱང་ནུས་པ་ཐོབ་པའི་གང་ཟག་རྫོགས་པ་ཆེན་པོའི་ཞེས་གླེན་པ་བྲན་པའི་ཕྱིར་རོ། །དེ་བས་ན་མངོན་རྟོགས་ལན་རེའི་མཚན་ཉིད་ལ་ཕན་ཡོན་དཔག་ཏུ་མེད་
(༣༠༩)པའི་ཚུལ། བསྐྱེད་དང་སྤྱན་འདྲེན་ཕྱག་འཚལ་དང་། །མཆོད་བསྟོད་ཆོ་ག་གཞུང་བཞིན་ལ། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ཕ་རོལ་ཕྱིན། །དེ་ལས་ལྡོག་མེད་མ་ཡེངས་པས། །དངོས་གྲུབ་མྱུར་དུ་ཐོབ་པར་ངེས། །ཞེས་པའི་དོན་ལ་རྨོངས་པའོ། །གཉིས་པ་ཉེར་བསྒྲུབ་ལ་གཉིས། རྟེན་འདྲེ་ལ་ལ་བརྟེན་ནས་སྲིད་པ་ཕུར་བུར་བསྒྲུབ་པ་དང་། རྣམ་བྱང་ལ་བརྟེན་ནས་སྲིད་པ་ཕུར་བུར་བསྒྲུབ་པའོ། །དང་པོ་ནི། དཀྱིལ་འཁོར་ཡོངས་རྫོགས་ཀྱི་བདག་ཉིད་བསྙེན་ཕུར་དང་འབྲེལ་བར་བྱ་སྟེ། དེ་ཡང་བདག་ཉིད་རྩ་བའི་དཀྱིལ་འཁོར་དང་། ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་གྱི་བར་ལས་རྣམ་པར་རྒྱལ་བ་ལ་རྒྱབ་ཀྱིས་ཕྱོགས་ཤིང་། གཙོ་བོ་ལ་མདུན་གྱིས་ཕྱོགས་པའི་ཕུར་པ་རྫས་ཀྱི་དཀྱིལ་འཁོར་གྱི་མཚན་ཉིད་ཤེས་པར་བྱ་བའང་རྒྱུད་ལས། རྒྱ་མདུད་དང་པོའི་གཞལ་ཡས་ལ། །རིགས་ལྔའི་རྒྱལ་བ་འཁོར་དང་བཅས། །སྤྱི་འམ་རྩེ་ན་ཡབ་ཡུམ་གཉིས། །རྒྱ་མདུད་འོག་མའི་གཞལ་ཡས་ན། །སྟེང་འོག་ཁྲོ་བོ་འཁོར་དང་བཅས། །ཟུར་བརྒྱད་ཁྲོ་བོ་ཕྲ་མེན་མ། །བཅུ་གཉིས་སྲུང་མ་ཟུར་གསུམ་ལའོ། །སྒོ་མ་བཞི་ནི་རྩིབས་མཆན་ལ། །ཞེས་པ་ལྟར་བསྙེན་ཕུར་དེ་ཉིད་དཀྱིལ་འཁོར་ཡོངས་རྫོགས་ཀྱི་བདག་ཉིད་དུ་གསལ་བཏབ་ལ། སྲིད་པ་གསུམ་གྱིས་བསྡུས་པ་ཀུན། །ཐུགས་ཀྱི་ཡེ་ཤེས་ཕུར་བུ་ཡིས། ཁམས་གསུམ་གདར་ཤ་བ་ཅད་པ་དང་། །སྲིད་པ་ཕུར་བུར་བསྒྲུབ་པར་བྱ། །ཞེས་མྱང་འདས་ལས་གསུངས་པའི་དོན་བདག་མདུན་གཉིས་ཀའི་ཐུག་སྲོག་ལས་འོད་ཟེར་འཕྲོས། སྲིད་པ་གསུམ་གྱི་བརྟན་གཡོ་སྣོད་བཅུད་དང་བཅས་པ་ལ་ཕོག་པས་འོད་དུ་མེར་གྱིས་
(༣༡༠)ཞུ། གཟུགས་མེད་ཀྱི་ཆ་རྒྱ་མདུད་གོང་མ། གཟུགས་ཁམས་རྒྱ་མདུད་འོག་མ། འདོད་ཁམས་དཔལ་གཤམ་ལ་ཐིམ་པས་སྲིད་པའི་རང་བཞིན་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་རྫོགས་པ་ལ་གསལ་བརྟེན་གྱི་ཚད་བརྒྱད་མ་ཐོབ་བར་དུ་སྨན་པར་སློབ་ནས། སྲིད་པ་རྡོ་རྗེར་བསྒྲུབ་པ་ཞེས་པའི་དེ་ཁོ་ན་ཉིད་ལ་མངོན་སུམ་དུ་སྦྱར། འཁོར་འདས་ཀྱི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ལས་སྐྱེ་ཞིང་མཆེད་པ་དང་། འཕོ་ཞིང་འཇིག་པར་བྱེད་པས་སྲིད་པ་གསུམ་དུ་ཉིད་མཚམས་སྦྱོར་བའི་རྟེན་འབྲེལ་འགགས་པའི་བསྐྱེད་རིམ་གྱི་གསལ་སྣང་དང་། རྣམ་དག་དྲན་པའི་ངང་ནས་ཡིག་འབྲུ་བཅུ་བཞི་པ་བཟླ་ཞིང་རེ་འགའ་དོ་ལི་ལ་རྩལ་སྦྱངས་པས་དང་པོར་ཡེ་ཤེས་ལྷའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་ནུས་པ་འཇུག །གཉིས་པར་དེའི་ནུས་པ་ཇེ་ཆེར་བསྐྱེད། གསུམ་པར་འགྱུར་མེད་དུ་བརྟན། བཞི་པར་འཁྲུལ་སྣང་ལས་སྐྱེས་པའི་སྲིད་པ་ཐམས་ཅད་ཕུར་པའི་རང་བཞིན་དུ་བསྒྲུབ་པའི་ནུས་པ་ཐོབ་པའི་ཚུལ། དཀྱིལ་འཁོར་གསུམ་གྱི་བསྐྱེད་རིམ་ནི། དང་པོར་ཐུན་དུ་བཅད་ནས་བསྒོམ། །ནུས་པ་འཇུག་དང་ནུས་པ་བསྐྱེད། །ནུས་པ་བརྟེན་ནས་ནུས་པ་ཐོབ། །ནུབ་པ་བཞི་བ་ཐོབ་ནས་ནི། །གར་མཁན་ལག་པ་ཇི་བཞིན་དུ། །གང་ལྟར་བྱས་པ་དེ་ལྟར་སྣང་། །ཞེས་སོ། །གཉིས་པ་རྣམ་བྱང་གི་སྒོ་ནས་སྲིད་པ་ཕུར་བུར་བསྒྲུབ་པ་ནི། རྒྱུད་ལས། འཛབ་བཟླས་རྣམ་པ་དུ་མ་ཡང་། ཕྱི་ནང་གསང་བ་གསུམ་དུ་འདུས། །ཕྱི་ཡི་བསྒྲུབ་བྱ་བསྙེན་པ་དང་། །ནང་གི་རང་སེམས་སྤྱད་པ་དང་། གསང་བ་དངོས་གྲུབ་བླང་བའོ། །ཞེས་པ་ལས། ནང་རང་སེམས་གཟུང་འཛིན་གྱིས་བསླད་པའི་འཁྲུལ་སྣང་གི་རང་གཟུགས་ལྷའི་དེ་ཁོ་ན་ཉིད་ལ་བརྟེན་ནས་སྤངས་ཀྱང། སྦྱོང་བྱེད་ཀྱི་ལྷ་དེ་
(༣༡༡)ཉིད་རྣམ་ཤེས་ཚོགས་བརྒྱད་ཀྱི་རོལ་པ་རང་རྒྱུད་པར་གཟུང་ན་བསྐྱེད་རིམ་གྱི་རྣམ་པ་གསལ་ཀྱང་འཁོར་བའི་རང་བཞིན་ལས་ལྡོག་པ་མེད་པས་ན་ཆོས་ཉིད་རྣམ་དག་གི་རོལ་པ་ཙམ་དུ་ཤེས་དགོས་པའི་ཚུལ། རྩ་བ་སེམས་ཀྱི་སྣང་གཞི་ལ། །ལྷ་ཡི་རོལ་པ་ཅིར་སྣང་ཡང་། །རོལ་པ་ཕྱོགས་མེད་ཀུན་ལ་ཤར། །དེ་ཉིད་སངས་རྒྱས་བྱང་ཆུབ་སེམས། །ཡང་དག་དོན་ཉིད་དེ་རུ་རྟོགས། །ཞེས་སོ། །དེ་ལྟ་མོད་ཀྱིས་གོམས་པ་གདེང་དུ་མ་གྱུར་གྱི་རིང་ལ་ཀུན་ཏུ་བཏགས་པ་ཅན་གྱི་བསྐྱེད་རིམ་ལས་འཆར་མི་ནུས་ཀྱང་། དེའི་གཉེན་པོར་གཟུང་འཛིན་ལས་འདས་པའི་ཆོས་ཉིད་བརྗོད་བྲལ་གྱི་གནས་ལུགས་དྲན་པར་བྱས་ནས་དེའི་སྣང་ཆ་རྟེན་དང་བརྟེན་པར་རང་ཤར་བ་ལ་གོམས་སུ་བཅུག་པས་རྣམ་པ་གསལ་ཀྱང་རང་གི་ངོ་བོས་མ་གྲུབ་པའི་བསྐྱེད་རྫོགས་ཟུང་འཇུག་ལྷ་དང་བླ་མའི་བྱིན་རླབས་འཕོ་བའི་སྟབས་ཀྱིས་ཐོབ་པ་ནི་སྔགས་ཀྱི་ཁྱད་ཆོས་བླ་ན་མེད་པ་སྟེ། ཨེ་མ་ཧོ། རྡོ་རྗེ་ཕུར་པའི་སྣང་བ་ལ། །སྣང་བའི་ཆོས་རྣམས་ཀུན་འབྱུང་ཡང་། །རང་རྒྱུད་གྲུབ་པ་ཡེ་ནས་མེད། །རོལ་པ་རྣམ་གཉིས་ལྷ་ཡི་སྐུ། །ལྷ་ཉིད་ངེས་པར་གཟུང་དུ་མེད། །ངོས་བཟུང་བྲལ་བའི་ལྷ་ཉིད་ནི། །ཅིར་ཡང་འགྱུར་ཞིབ་ཅིར་ཡང་སྣང་། །ཞེས་སོ། །དེ་ལྟར་བུའི་བསྐྱེད་རྫོགས་ཟུང་འཇུག་གི་ལམ་མ་ནོར་བ་
(༣༡༢)ལ་རིང་དུ་གོམས་པ་བརྟན་པ་ལས་ཁམས་གསུམ་དུ་འཁར་བའི་རྒྱུ་ཀུན་གཞལ་ལས་རླུང་དང་བཅས་པ་ཡེ་ཤེས་ཀྱི་བདག་ཉིད་ཆེན་པོར་གནས་གྱུར་པས་རིག་འཛིན་བཞིས་ས་བཅད་པའི་ས་ལམ་མཐོན་པོའི་ཡོན་ཏན་འཐོབ་ནས་བདུད་བཞི་བཅོམ་པའི་ཚུལ་སྔོན་དུ་དཀྱུས་ལ་དྲངས་ཟིན་ལ། མཐར་གྱིས་བསྐྱེད་རིམ་གྱི་སྤྲོས་པ་མེད་དགག་གི་བློས་སྤངས་པ་མ་ཡིན་པར་རང་བཞིན་ཡོངས་གྲུབ་ཆོས་ཀྱི་དབྱིངས་སུ་རྣམ་པར་བྱང་བའི་ཚེ་ཆོས་ཉིད་ཀྱི་ཕུར་བུའི་གནས་ལུགས་རྟོགས་པ་སྟེ་བཀོད་པའི་གསུམ་པ་ལས། དེ་ལ་ཆོས་ཉིད་ཕུར་པ་ནི། །ཆོས་ཅན་གང་ལའང་མ་དམིགས་ཤིང་། །མ་བཅོས་ངང་དུ་ཐམས་ཅད་འདུས། །ཕུར་པ་ཞེས་ནི་དེ་ལ་བྱ། །དེ་ལ་སེམས་ཀྱི་ཕུར་པ་ནི། །སྐྱེ་མཆེད་ཁམས་ལ་མི་གནས་ཤིང་། །རང་བྱུང་ངང་དུ་ཐམས་ཅད་འདུས། །ཕུར་པ་ཞེས་ནི་དེ་ལ་བྱ། །དེ་ལ་ནམ་མཁའི་ཕུར་པ་ནི། ཁ་དོག་དབྱིབས་ལ་མི་གནས་ཤིང་། །ཁྱབ་གདལ་ངང་དུ་ཐམས་ཅད་འདུས། །ཕུར་བུ་ཞེས་ནི་དེ་ལ་བྱ། །དེ་གསུམ་དབྱེར་མེད་མྱ་ངན་འདས། །ཞེས་པ་ལ་སོགས་རྒྱ་ཆེར་ཡོད་དོ། །གནད་འདི་ནི་ཡེ་ཤེས་ལྷའི་གནང་བ་ཐོབ་པ་ལས་བྱུང་སྟེ་རྒྱུད་ཀྱི་རྡོ་རྗེའི་གནས་ཆེན་པོ་སྔོན་ཆད་པ་ལ་གྱིས་མ་རྟོགས་པ་ཞིག་ཡིན་པས་སྨིན་པར་སློབ་པ་རྣམས་ཉམས་སུ་ལོངས་ཤིག །དེ་ལྟ་བུའི་ཐུན་མཚམས་ཀྱི་བྱ་བ་ནི་བསྙེན་པའི་སྐབས་དང་འདྲ་ལ། འོན་ཀྱང་བཟླས་བརྗོད་ཕུན་སུམ་ཚོགས་པའི་ལེའུ་ལས། །ཕུར་བའི་ཁྲོ་བོ་ལས་ཅི་འདྲ་བ་ཞིག་བྱུང་སྟེ་ཕྱོགས་བཅུ་ཐམས་ཅད་དུ་སེམས་ཅན་གྱི་དོན་བྱས་ནས་ཕུར་པ་
(༣༡༣)ལ་བསྟིམ། བསྙེན་པ་གཏོང་བར་འདོད་ན། ཕུར་པ་ཉིད་སྙིང་གའི་ཧཱུྃ་ལ་བསྡུས་ལ། འདི་ནི་བཟླས་བརྗོད་ཕུན་སུམ་ཚོགས་པའོ། །ཞེས་པ་ལྟར་ཐུན་འཇོག་ཁར་སེམས་བསྐྱེད་ཀྱི་འཕན་པའི་དབང་གིས་གཞན་དོན་ལ་འཇུག་པའི་དམིགས་པའང་བྱ་བ་ཉིད་ལེགས་སོ། །གྲངས་དུས་མཚན་མའི་བསྙེན་ཚད་ནི། །མཚན་མའི་བསྙེན་པའི་དུས་ཚོད་ནི། །རབ་ཀྱིས་ཟླ་གཅིག་གིས་ནི་འགྲུབ། །འབྲིང་གིས་ལོ་གཅིག་དག་ན་འགྲུབ། །ཐ་མས་ལོ་གསུམ་དག་ན་འགྲུབ། །ཅེས་སོ། །གྲངས་བསྙེན་ནི། ས་ཡ་དྲུག་འབུམ་བསྙེན་པའི་ཚད། །ཅེས་པས་ལས་རུང་འབུམ་ཕྲག་བཅུ་དྲུག །དུས་བསྙེན་དེ་ཡི་བཞི་འགྱུར་རོ། །སྐབས་འདིར་བསྙེན་པ་ཁ་སྐོང་བཅུ་ཆའི་སྦྱིན་སྲེག་བྱ་ཞིང་དེ་ལ་དགང་བླུགས་ཀྱི་ཚད་དང་མཚན་ཉིད་ནི། འབར་བ་ལས། དགང་གཟར་བླུག་གཟར་སོ་སོའི་དབྱིབས། །ཡུ་བ་ཁྲུ་གང་ཚད་དུ་བྱ། །དགང་གཟར་སོར་བཞི་སོར་གཉིས་ཟབས། ཁ་རན་སོར་གཅིག་དཀྱིལ་རིན་ཆེན། །ཕོག་ལ་ཡིག་འབྲུ་འབར་བ་བསྒོམ། །བླུག་གཟར་སོར་གཉིས་སོར་གཅིག་ཟབས། ཁ་འཁོར་སོར་གཅིག་དཀྱིལ་རྡོ་རྗེ། །ངོས་ལ་ཡི་གེ་རྣམས་བསྒོམ་མོ། །ཞེས་སོ། །སྔགས་ནི་ཡིག་འབྲུ་བཅུ་བཞི་པ་རང་རྐྱང་ལས་ཁོང་ཁྲ་འཇུག་པ་སོགས་མི་དགོས། རྩ་བའི་ས་བཅད་གཉིས་པ་བསྒྲུབ་པ་ནི། མདུན་དཀྱིལ་རྡུལ་ཚོན་ནམ། རས་བྲིས་སོགས་ལ་རྟེན་ནུས་ན་སོ་སོའི་སྒོས་ཆོས་ཀྱི་འདོར་ལེན་དང་བཅས་པས་མཚན་མ་རྫས་ཀྱི་དཀྱིལ་འཁོར་འདུ་བྱས་པའི་སྟེང་དུ་ཕུར་ཆ་དགོད་པའི་ཚུལ། རི་རྩེ་གངས་ཕུག་གཡའི་
(༣༡༤)རྩེའམ། །བྲག་དང་ཆུ་འཐབ་དུར་ཁྲོད་དམ། །སྡོང་གཅིག་ཤིང་ངམ་བྲག་ཟག་གམ། །ཡང་ན་ཉམས་དགའི་གནས་སུ་བྱ། །ས་ཡི་རོ་ལྔ་མེད་པ་རུ། །སྔོན་གྱི་ལས་རྣམས་ཚད་བྱས་ཏེ། །ཞེས་པས་འབྲུའི་ཚོམ་བུའི་མདུན་དུ་ཉེར་སྤྱོད་དང་ས་ལྷའི་གཏོར་མ་བཤམས་ལ། ཧཱུྃ་སྔོན་ཚེ་དབང་མཛད་ལྷ་མོ་ལ། །སྤྱན་དྲངས་མཆོད་དེ་གསོལ་བ་ནི། །བར་ཆད་བགེགས་རྣམས་ཞི་བ་དང་། །ས་ཡི་དངོས་གྲུབ་སྩལ་དུ་གསོལ། །བྷཱུ་མི་པ་ཏི་ས་པཱ་རི་ཝཱ་རས་གཏོར་མ་ཕུལ་ལ་གཤེགས། སྭ་བྷཱ་ཝའི་སྔགས་དོན་དྲན་པས་གཟུང་བ་ཙམ་བྱ། མཎྜལ་འདོམ་གང་གྲུ་བཞི་བརྩིགས། །བརྐྱང་ནུལ་ཆག་ཆག་གོ་མ་ཡེ། །ཚོན་དང་སྲད་བུ་བྱིན་གྱིས་རློབས། །གནམ་ཐིགས་ཐིག་གཤེར་ཐིག་གསུམ། །བྱེ་བྲག་སོ་སོར་ཤེས་པར་བྱ། །ཤེས་རབ་མ་ཡིས་ཐིག་སྐུད་གཟུང་། །མཚམས་དང་སྟེང་འོག་ཚུལ་བཞིན་བྱ། །ཐིག་ཆེན་རྣམ་པ་བརྒྱད་དུ་བཏབ། །འཁོར་ལོའི་རྩིབས་བརྒྱད་ཨེ་རུ་བཅས། །ཟླ་གམ་གསུམ་དང་རྩིབས་སུ་བཅས། །བར་ཁྱམས་སྒོ་ཁྱམས་གཉིས་སུ་བརྟགས། །སྒོ་བརྒྱད་ཡ་ཕུབས་རྟ་བབས་དང་། དྲྭ་བ་དྲྭ་ཕྱེད་དྲྭ་བ་དང་། །རྒྱན་གྱི་རྣམ་པ་ཐམས་ཅད་བྱ། །འབར་བའི་འཁོར་ལོ་རྩིབས་བརྒྱད་ལ། །རྣམ་པར་རྒྱལ་བ་ལ་སོགས་པ། །ཤར་ནས་བརྩམ་སྟེ་དགོད་པར་བྱ། །དབུས་ཀྱི་ཨེ་ལ་བདུད་འདུལ་ཏེ། །མདུན་རྒྱབ་གཡས་གཡོན་གྲྭ་ཟུར་བཞི། །སྟེང་འོག་ཁྲོ་བོ་ཕྲ་མེན་བཞི། །རིམ་བཞིན་དུ་ནི་དགོད་པར་བྱ། །དེ་ཡི་འཁོར་ལོའི་གོང་རས་ལ། །ཕྲ་མེན་ཕྱི་ནང་
(༣༡༥)པོ་དགོད་པར་བྱ། །ཟླ་གམ་ལ་ནི་སྲས་མཆོག་གསུམ། །ཁྱམས་ལ་ཀེ་སེང་སྤེལ་མར་དགོད། །དེ་བཞིན་སྲུང་མ་བཅུ་གཉིས་སོ། །ལྕགས་རི་ལ་ནི་དབང་ཕྱུག་མ། །དེ་ལྟར་དཀྱིལ་འཁོར་རྫོགས་པ་དང་། །བྱིན་གྱིས་བརླབས་པའི་ཕུར་པ་ཀུན། །བྱེ་བྲག་སོ་སོར་ཤེས་པར་བྱ། །དང་པོ་ཆོས་སྐུར་བྱིན་བརླབ་དང་། །དེ་ནས་ལོངས་སྐུར་བྱིན་བརླབ་དང་། །དེ་ནས་སྤྲུལ་སྐུར་བྱིན་གྱིས་རློབས། །སྐུ་མཆོག་སྤྲུལ་སྐུ་མངོན་བྱང་ཆུབ། །དེ་ནས་བྱིན་བརླབ་དབང་བསྐུར་བྱ། །མཚམས་ཀྱི་ཕུར་པ་མངའ་གསོལ་བའི། །ཕུར་པ་བཅུ་ཡང་བྱིན་གྱིས་བརླབ། །བསྒྲུབ་པའི་ཕུར་པ་རེ་རེ་ལ། །དར་གྱི་ཅོད་པན་རེ་རེ་གདགས། །སྤྱན་དྲངས་བཞུགས་གསོལ་གཉིས་མེད་བསྟིམ། །བྱུག་བདུག་བརྡེག་པའི་ལས་རྣམས་བྱ། །དེ་ནས་མཎྜལ་སྟེང་དུ་བཀོད། །ཅེས་དཀྱིལ་འཁོར་གཉིས་རིམ་ངང་ཆིག་རྐྱང་གཉིས་ཀ་གསུངས་པས་གང་བདེ་བྱས་པ་ལ་ལྷ་མཚན་དང་ཕུར་ཆ་དགོད། །གལ་ཏེ་ཀུ་སུ་ལུ་བའི་སྒྲུབ་པ་བྱང་ན། ཐོད་པའམ་རིན་པོ་ཆེའི་སྣོད་འབྲུས་བཀང་བའི་ནང་དུ་ཕུར་བ་རྒྱས་བསྡུས་ཇི་ལྟར་འབྱོར་པ་དང་། མ་འབྱོར་ན་གཙོ་བོ་དང་ལས་ཕུར་གཉིས་ལ་བསྡུས་པས་རུང་སྟེ། མེ་ཏོག་ཚོམ་བུ་རབ་ཏུ་དགྲམ། སྦམས་པའི་ཕུར་བུ་རབ་ཏུ་དགོད། །ཏིང་འཛིན་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་གསུངས་པས་སོ། །དཀྱིལ་འཁོར་མདུན་དུ་མཉྫིའི་ཁྲི་ལ་སྒྲུབ་གཏོར། གཡས་གཡོན་དུ་སྨན་རཀ །ཤར་དུ་མཆོད་ཡོན། ཤར་ལྷོར་ཞབས་བསིལ་
(༣༡༦)ལྷོར་མེ་ཏོག །ལྷོ་ནུབ་ཏུ་བདུག་སྤོས། ནུབ་ཏུ་མར་མེ། །ནུབ་བྱང་དུ་དྲི་ཆབ། བྱང་དུ་ཞལ་ཟས་ཏེ་སྒོར་མཆོད་དང་། དྲག་པོའི་ཉེར་སྤྱོད། ཁྲག་གི་ཨརྒྷཾ། དབང་པོའི་མེ་ཏོག །གསུར་ཆེན་གྱི་དུག་སྦོས། །ཞུན་ཆེན་གྱི་མར་མེ། མཁྲིས་པའི་དྲི་ཆབ། ཤ་རུས་ཀྱི་ཞལ་ཟས། ཐོད་རྔ་དང་གསང་བའི་རྡེའུ་ཆུང་སོགས་ཀྱང་བཤམ། འཛོམ་ན་བྷནྡྷ་རཀྟ་གཏོར་མ་གསུམ། །མཆོད་དང་བཏབ་པའི་རྫས་སུ་བཞག །ཛ་གད་ཚེ་དང་ཚིམ་བྱེད་གསུམ། །ཀུན་ཏུ་རྒྱུ་དང་གལ་ཕྱི་ལྔ། །ཀ་ར་ཧི་དང་ཟླ་ཚེས་བདུན། །ཟླ་ཕྲམ་ཟླ་རྒྱས་མཱཾ་ས་གསུམ། །སྒྲུབ་པ་ཚོགས་ཀྱི་རྫས་སྲུ་བསག །དམར་གྱི་རཀྟ་ཟོ་བ་གང་། །མ་མོ་མཁའ་འགྲོ་བརྟེན་པའི་རྫས། ཞེས་པ་ལྟར་བསགས། སྲོད་ཐུན་ནས་མགོ་བརྩམས་ཏེ་ཐུན་བཞིར་ལས་གཞུང་བསྡུས་པ་བསྲང་། དེ་ཡང་ནུབ་དང་པོར་མངོན་རྟོགས་རྒྱས་པ་སྒོམ་ནུས་ན་ལེགས། མི་ནུས་ན་སྔོན་འགྲོ་རྣམས་རྫོགས་པར་བླངས་ནས་སྲུང་འཁོར་རྣམས་ཀྱི་དམིགས་པ་གཏན་དུ་དགོས་ཏེ། རྒྱུ་གང་གིས་ན། འགོང་པོ་ཕོ་མོ་འདི་དགས་ནི། །རྣལ་འབྱོར་ཅན་ལ་ལྷ་བཀླུབ་འཛུག །ཕལ་པ་རྣམས་ལ་མི་བཀླུབ་འཇུག །གེགས་དང་འགྲས་ལ་གེགས་བཀླུབ་འཇུག །ཡུལ་བརྒྱུད་གང་ཟག་བརྒྱུད་པར་བྱེད། །སྐྱེ་བ་བརྒྱུད་དང་སྤྲུལ་པ་བརྒྱུད། །དངོས་པོར་བརྒྱུད་ནས་གནོད་པར་བྱེད། །བསླུ་ཞིང་ངོ་སྦེད་སྣ་ཚོགས་སྟོན། །ཞེས་པས་སོ། །དེ་ཡང་བསྐྱེད་རིམ་གྱིས་དུས་བདག་བསྐྱེད་ཀྱི་གཙོ་བོ་དང་། ཁྲོ་བོ་རྣམ་རྒྱལ་གྱི་བར་དུ་མདུན་བསྐྱེད་ཀྱི་གཞལ་ཡས་ཁང་བརྟེན་པའི་ལྷ་དང་བཅས་ཆོག་གཅིག་གིས་གཟུགས་བརྙན་
(༣༡༧)མེ་ལོང་གཉིས་ལ་དུས་གཅིག་ཏུ་ཤར་བ་ལྟར་སྒོམ་པའི་ལུགས་ལྟར་ན་ཛཔྲ་ཁོ་དབྱེ་བ་མ་བྱས་ཀྱང་རུང་སྟེ། ཁྱེད་ན་གསལ་སྐྱོར་ཙམ་དུ་བསྒོམས་ནས་བདག་མདུན་གྱི་རྣམ་དབྱེ་ཕྱེད་པར་བྱ། འོན་ཀྱང་སྒྲུབ་ཐབས་རྒྱས་འབྲིང་ལྟར་བསྐྱེད་རིམ་གྱི་དུས་བདག་མདུན་འཇུག་པ་གཅིག་ལ། བཟླས་པའི་མགོར་ཛཔྲ་ཁ་ཕྱེ་ནས་དམ་ཡེ་རྣམ་པ་ཐ་དད་དུ་བྱེད་པ་འདི་གསང་སྔགས་སྔ་འགྱུར་བའི་རིང་ལུགས་སུ་སྣང་ཞིང་། དོན་གྱི་ཆ་ནས་འགལ་བ་འདུ་བ་མ་ཡིན་ཀྱང་། གསར་མལ་བདག་མདུན་བུམ་གསུམ་ཆོ་ག་ཐ་དད་དུ་བྱེད་པས་ཁ་ཟེར་བར་བྱེད་པ་ནི་དོན་ལ་རྟོན་མི་རྟོན་ལ་དཔྱད་པ་མེད་པའི་རབ་ལྟ་མཆོག་འཛིན་གྱི་ཕྱོགས་སུ་བསླན་ནོ། །དེ་ལྟ་བུའི་བདག་མདུན་ལ་བདག་ཉིད་རྩ་བའི་དཀྱིལ་འཁོར། མཚན་མ་རྫས་ཀྱི་དཀྱིལ་འཁོར། ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་ཏེ་ཕུར་པ་རང་ལུགས་དཀྱིལ་འཁོར་གསུམ་གྱི་ཐ་སྙད་སྒྲ་ཇི་བཞིན་བརྫོགས་ལ། ལར་བསྙེན་ཕུར་བཀོད་ཕྱིན་ཆད་དཀྱིལ་འཁོར་གསུམ་གྱི་བརྡ་ཆད་ཚང་ཞིང་། སྲས་མཆོག་ལ་མང་ཉུང་སྣ་ཚོགས་ཕུར་པའི་རྒྱུད་སྡེ་རྒྱ་མཚོ་ལྟ་བུ་ནས་གསུངས་པས་གང་ཡང་མི་འགལ་ལོ། །བཟླས་བྱའི་སྔགས་ནི། ཛ་ཧཱུྃ་ཨ་གསུམ་བསྣན་པ་མན་ངག་གི་དགོངས་པ་ཡིན་ལ། རྒྱུད་ལས་འདི་ལྟར་བཤད་པ་སྔར་མ་མཐོང་སྟེ། དེའི་ཚུལ་དཀྱིལ་འཁོར་གསུམ་ལ་ཐ་དད་རེ། །དགུག་དང་གསད་དང་གཞོམ་པའོ། །ཀཱི་ལ་ལ་ཧཱུྃ་ཕཊ་བར་དུ། །གཞུག་པའི་སྙིང་པོ་ཐ་དད་དོ། །དགུག་པ་ཛཧཱུྃ་བཾ་ཧོབཞི། །ཡང་ན་ཛ་ལས་རྒྱུར་པའོ། །གསད་པ་མཱ་ར་ཡ་གསུམ་ལ། །གཞོམ་
(༣༡༨)ཞིང་བརྡེག་པ་ཨ་ཀོ་ཊེ། །གཅིག་གིས་གཅིག་བསྐུལ་འོད་ཟེར་ནི། །གློག་འབྲུག་ཆར་གྱི་ཚུལ་དུའོ། །ཞེས་པས་ཁོང་ཁྲ་འཇུག་པའི་སྡོམ་འཔའ་ཞིག་བསྟན་པས་སོ། །དེ་ལ་སྒྲུབ་པ་དང་། ཚོགས་ཀྱི་སྒྲུབ་པ་ཆེན་པོ་ནི་གཞན་དོན་དང་ཕྲིན་ལས་རྣམ་པ་བཞི་སོགས་ལ་དམིགས་པའི་ཕྱིར་ན་ཕྲེང་བའི་རྒྱུའང་ཤེལ་གྱིས་རེངས་པ་ཉིད་ལ་ཡིན། །དབང་ལ་ཙནྡན་དམར་པོ་ཉིད། །ལང་ཐང་གིས་ནི་མངོན་སྤྱོད་དོ། །ནི་རང་སུ་ནི་སྡང་བ་ལ། །རྟ་ཡི་རུས་པས་སྐྲོད་པ་ཉིད། །བྲམ་ཟེའི་རུས་པས་དགུག་པ་ཉིད། །གླང་ཆེན་རུས་པས་སེར་བ་ལ། །མ་ཧེ་ཉིད་ཀྱིས་གསད་པའོ། །རེངས་བར་འོ་མ་བཏུང་བ་ཉིད། དབང་ལ་ར་ཡི་ཤ་ཟའོ། །བསད་པ་ལ་ནི་ཤྭ་ནའི་ཤ། །དགུག་པ་ལ་ནི་བཞི་མཉམ་ཉིད། །བསྐྲད་པ་ལ་ནི་གླང་པོར་བརྗོད། །ཅེས་སོ། །འོད་ཟེར་སྤྲོ་བསྡུའི་དོན་ནི། རྣལ་འབྱོར་རྗེས་སུ་འཇུག་པ་རྣམས། །དམ་ཚིག་སེམས་དཔའི་འོད་ཟེར་སྤྲོས། །ཡེ་ཤེས་སེམས་དཔའི་ཐུགས་རྒྱད་བསྐུལ། །ཐུགས་བསྐྱེད་དམ་བཅའ་རྗེས་དྲན་ནས། །དམ་པའི་ཚུལ་གྱིས་འོད་ཟེར་བཀྱེ། །དམ་ཚིག་མཁའ་ལ་རི་དགས་འགྲོགས་པ་དང་། །མར་མེ་གཉིས་དག་གཅིག་ཏུ་སྡོམ་པ་བཞིན། །དམ་ཚིག་འོད་ཟེར་བསྐུལ་བས་གཉིས་མེད་གཅིག་ཏུ་ཕབ། །དམ་ཚིག་སེམས་དཔའི་འོད་ཟེར་འཕྲོས། །བདེ་བར་གཤེགས་པའི་ཐུགས་དམ་བསྐུལ། །ཐུགས་བསྐྱེད་ཐུགས་དམ་རྫེས་དྲན་ནས། །དམ་པའི་ཚུལ་གྱི་འོད་ཟེར་བཀྱེ། །སྔ་ཆུའི་སྟེང་དུ་ཕྱི་ཆུ་ཕབ། །དཀར་དམར་མཐིང་
(༣༡༩)གསུམ་གནས་སུ་གནས། །སོ་མ་ལ་ལྕགས་ལ་དར་བླུད་བཞིན། །དབང་དང་བྱིན་རླབས་ནུས་པ་ཐོབ་པར་བསྐུལ། །ཞེས་དང་། བདེ་མཆོག་བདེ་སྦྱོར་བྷ་གའི་ཀློང་ཡངས་ནས། །རབ་དགྱེས་བྱང་ཆུབ་སེམས་ཀྱི་དངོས་གྲུབ་བསྐུལ། །འདོད་པའི་ཡོན་ཏན་ལྔ་ནི་ཆར་བཞིན་འབབ། །མཆོད་པའི་བྱེ་བྲག་རྣམས་ལ་མཆོད་པར་བསྐུལ། །ཞེས་པ་ཡན་གྱིས་རང་དོན་དུ་རྒྱལ་བ་མཆོད་ཅིང་ཐུགས་དམ་བསྐུལ་བའི་དོན་བསྟན་ནས། ཁྲོ་བོ་ཆེན་པོ་དེ་དག་གིས། །བཅུད་དང་བར་དུ་གཅོད་པ་རྣམས། །བསྒྲལ་ཏེ་བྱང་ཆུབ་ལམ་ལ་བཀོད། །རྒྱུ་དྲུག་འཁོར་བའི་སེམས་ཅན་རྣམས། །ལུས་སེམས་བྲལ་ཏེ་འཁྱམས་པ་དང་། །ངན་འགྲོའི་སྒོ་དགག་བདེ་ལ་མ་བཀོད། །ཁྲོ་རྒྱལ་སྐུ་ཡི་འོད་ཟེར་གྱི། །སྟེང་འོག་ཕྱོགས་མཚམས་ཀུན་ཏུ་སྤྲོ། །དེ་ནས་སེམས་ཅན་ཐམས་ཅད་ཀྱང་། །རང་རང་ཉོན་མོངས་ཀུན་སྤྱོད་བྱེད། །གྲོལ་བའི་ལམ་ལ་བཀོད་ནས་ཀྱང་། །སྡུག་བསྔལ་ཐམས་ཅད་དེས་འཇོམས་བྱེད། །ཅེས་པས་གཞན་དོན་ཏེ། དོན་གཉིས་བྱེད་པའི་འོད་ཟེར་སྤྲོ་བསྡུའི་དམིགས་པ་སྒྲུབ་ཐབས་སུ་བཤད་པ་ལྟར་དང་། དེ་ཡང་སྒྲུབ་པའི་དུས་གྲངས་མ་རྫོགས་ཀྱང་དངོས་གྲུབ་ཀྱི་རྟགས་གེགས་ཀྱིས་བརྫུས་པ་མ་ཡིན་པར་ངེས་པ་བརྟན་པ་བྱུང་ན་དེ་མ་ཐག་དངོས་གྲུབ་བླང་བ་རེ་བྱེད་པའང་རྟེན་འབྲེལ་གྱི་གནད་དུ་ཆེ་བའི་ཚུལ། སྒྲུབ་པ་དག་ནི་བྱེད་དུས་སུ། །དངོས་གྲུབ་རྟགས་ནི་བྱུང་གྱུར་ན། །ཐེ་ཚོམ་མེད་པའི་རྟོགས་པས་བླངས། །དངོས་གྲུབ་ཆེན་པོ་ཐོབ་ནས་ཀྱང་། །ལས་རྣམས་ཐམས་ཅད་བྱ་བ་ཡིན། །ཞེས་སོ། །རྟགས་ནི། བཟླས་པ་བྱས་པའི་འབྲས་བུ་ནི། །
(༣༢༠)སྒྲུབ་པོ་ནམ་མཁར་འགྲོ་བ་དང་། །ཕུར་པ་འཕར་དང་འཁྲབ་པ་དང་། །ནམ་མཁར་སྒྲ་བརྙན་འབྱུང་བ་དང་། །སྒྲུབ་ཕུར་ཧ་ཧའི་སྒྲ་སྒྲོགས་དང་། །འོད་དང་དུ་བ་འབྱུང་བ་དང་། །བར་སྣང་དག་ཏུ་བརྟན་པར་གནས། །སྲིན་མོའི་ཚོགས་རྣམས་འདུ་བ་དང་། །སྒྲུབ་པའི་མན་ངག་ཕུར་ཚོགས་བཅས། །གཏེར་རྣམས་ཡོད་པར་སྨྲ་བ་དང་། །དྲིལ་བས་རི་རབ་སྙིལ་བ་དང་། །མཚོ་གླིང་ཚལ་རྣམས་སྐེམ་པ་དང་། །བཏབ་པས་ཉི་ཟླ་བརྟན་པར་ནུས། །འདི་རྣམས་བྱུང་ན་དངོས་གྲུབ་རྟགས། །ཞེས་དང་། དེ་ལས་ལྡོག་པ་ནི། འོད་དང་དྲི་དང་སྒྲ་ངན་དང་། །རབ་རིབ་མི་བརྟན་འགྱུར་བ་ཅན། །རྟགས་ནི་ན་དངོས་གྲུབ་བར་ཆད་བྱེད། །རྡོ་རྗེ་ཁ་ཊྭཱཾ་རྡེའུ་ཆུང་དང་། །ཉུང་དཀར་ཕུར་པ་ཞིང་ལྤགས་དང་། །གུ་གུལ་དུད་པ་བཏང་བས་དབྱུང་། །ཞེས་སོ། །གྲངས་བསྙེན་ནི། ཉི་ཁྲི་བདུན་འབུམ་བགྲངས་ནས་ཀྱང་། །ལྷ་རྣམས་ཐུགས་དམ་བསྐུལ་བར་བྱ། །ཁྲོ་བོ་ཆེན་པོ་རྣམས་ལ་ནི། །ཉི་ཁྲི་ལྔ་སྟོང་བསྙེན་པ་དང་། །ཞེས་པ་ལྟར་རོ། །སྲོད་ཐུན་ལ་ཚོགས་མཆོད་རྒྱས་པ་རེ་བྱ་ཞིང་། །བྱེ་བྲག་པ་ཚོགས་ཀྱི་འཁོར་ལོའི་ཐ་སྙད་སྨོས་ན། དེ་ནས་རྡོ་རྗེ་ཕུར་པ་ཡི། །ཚོགས་ཀྱི་འཁོར་ལོ་བཤད་པར་བྱ། །སྐུ་ཡི་དཀྱིལ་འཁོར་བྲི་བར་བྱ། །སྣ་ཚོགས་ཟས་དང་སྣ་ཚོགས་འབྲུ། །སྨན་གྱི་རྣམ་པ་གཏོར་མ་ནི། །གླང་པོའམ་ཤིང་རྟས་འགྲོས་པའི་ཚད། །བརྒྱ་རྩ་བརྒྱད་དམ་ལྷ་གྲངས་བྱ། །ཤ་སྣ་ཁྲག་སྣ་བརྒྱ་རྩ་བརྒྱད། །སྤྱན་གཟིགས་འདོད་ཡོན་སྣ་ཚོགས་བརྒྱན། །སྣ་ཚོགས་འབྲས་བུའི་ཚོགས་རྣམས་བཤམ། །རྣལ་འབྱོར་ཕོ་མོ་གཡས་དང་གཡོན། །
(༣༢༡)ལུས་ངག་བརྡས་མཚོན་སོ་སོར་མཆོད། །ལྷ་ཚོགས་ཕྱི་ནང་གསང་བ་མཆོད། །ཚོགས་ཀྱི་འཁོར་ལོ་བསྐོར་བའི་ཚོ། །བླ་མ་རྡོ་རྗེ་སློབ་དཔོན་ལ། །མཚན་ལྡན་གཟུངས་མ་ཕུལ་ནས་ནི། །གཙོ་བོ་རྣམས་ལ་དེ་བཞིན་མཆོད། །འཁོར་གྱི་རྣལ་འབྱོར་ཐམས་ཅད་ཀྱང་། །རང་རང་གཟུངས་དང་བཅས་ཏེ་མཆོད། །མཆོད་པའི་ལས་བྱེད་དུས་བརྡས་མཚོན། །གང་ཞིག་སྤྱི་བོ་སྟོན་པ་ན། །དེ་ལ་རྐང་མཐིལ་བསྟན་པར་བྱ། །གང་ཞིག་སྨིན་མ་འདེགས་བྱེད་ན། །དེ་ལ་མཛུབ་མོ་བསྟན་པར་བྱ། །གང་ཞིག་ལྕེ་ནི་བསྐྱོད་བྱ་བ། །དེ་ལ་པདྨ་བསྟན་པར་བྱ། །གང་ཞིག་མཛུབ་མོ་སྟོན་པ་ན། །དེ་ལ་ལག་པ་སྦྱིན་པར་བྱ། །གང་ཞིག་བྲང་ནི་སྟོན་པ་ན། །དེ་ལ་ནུ་མ་བསྟན་པར་བྱ། །གང་ཞིག་སོར་མོ་རྣམས་སྟོན་ལ། །དེ་ལ་ལུས་ནི་བསྟན་པར་བྱ། །གང་ཞིག་ཨ་ཧོ་ཞེས་བརྗོད་ན། །ཀྱེ་མ་ཧོ་ཞེས་རབ་ཏུ་བརྗོད། །ཨ་ཏི་བུ་ཧོ་བརྗོད་པ་ལ། །པྲ་ཏི་བུ་ཧོ་བརྗོད་པར་བྱ། །ཨ་ཏི་ཛ་ཞེས་བརྗོད་པ་ལ། །པྲ་ཏཱིཙྪ་ཞེས་བརྗོད་པར་བྱ། །ས་མ་ཡ་སྟྭཾ་བརྗོད་པ་ལ། །ས་མ་ཧོ་ཞེས་བརྗོད་པར་བྱ། །ར་ཧོ་྅་ཧཾ་ཞེས་བརྗོད་པ་ལ། །རཱ་ག་ཡཱ་མི་བརྗོད་པར་བྱ། །ཀྱེ་ཞེས་འབོད་པའི་སྒྲ་སྒྲོགས་ན། །ཨ་ཧོ་ཞེས་པའི་ལན་ལང་བྱིན། །སུ་ར་ཏི་ཞེས་བརྗོད་པ་ལ། །བཟའ་ཞིང་བཏུང་བ་རབ་ཏུ་སྦྱིན། །ས་མ་ཛཞེས་བརྗོད་པ་ལ། །ལྷ་རྣམས་མཆོད་ཅེས་རབ་ཏུ་སྦྱིན། །དུ་དུར་ཞེས་བརྗོད་པ་ལ། །སྤང་བར་བྱ་ཞེས་རབ་ཏུ་བརྗོད། །དེ་བཞིན་ངག་གི་སྒྲ་རྣམས་ཀྱང་། །དུས་འདི་དག་ཏུ་བྱ་བ་ཡིན། །ཞེས་དང་། བདུད་རྩི་ལྔ་
(༣༢༢)ཡང་རྟོག་མེད་བཟའ། །ཤ་དང་ཁྲག་ནི་བཏུང་ཞིང་བཟའ། །དེར་ནི་དམ་ཚིག་ཅན་བཟུང་ཞིང་། །དམ་ཚིག་མེད་དང་ཉམས་པ་སྤངས། །བརྟུལ་ཞུགས་ཆེན་པོའི་སྤྱོད་པ་ཡིས། །ཚོགས་ཀྱི་འཁོར་ལོ་རབ་ཏུ་བྱ། །ཞེས་པ་ལ་སོགས་དང་། དམ་ཚིག་ཉམས་པ་བསྐང་བའི་ཕྱིར། །ནང་གི་ཚོགས་ཀྱི་འཁོར་ལོ་བྱ། །ཚོགས་བསོག་བསོད་ནམས་བསྐྱེད་དུས་ཕྱི། །མི་རྟོག་ཡེ་ཤེས་བསྐྱེད་དུས་སུ། །གསང་བའི་ཚོགས་ཀྱི་འཁོར་ལོ་བྱ། །ཚོགས་འཁོར་དེ་གསུམ་གང་གིས་ཀྱང་། །སྒྲིབ་སྦྱོང་རྣམ་གྲོལ་ལམ་ལ་འགོད། །ཚོགས་ཀྱི་འཁོར་ལོ་ཆེན་པོ་འདིས། །ཡབ་ཡུམ་རིགས་ལྔའི་ཁྲག་འཐུང་དང་། །ཁྲོ་བཅུ་ཡབ་ཡུམ་ཕྲ་མེན་ཚོགས། །མཆོད་པས་དངོས་གྲུབ་ཤུགས་ལ་འབྱུང་། །ཕོ་ཉ་བཀའ་ཉན་བསྒོ་བ་ཉན། ཁམས་གསུམ་ཉོན་མོངས་ཀུན་སྒྲོལ་བྱེད། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ། །རྒྱལ་པོ་བྲམ་ཟེ་ཁྱིམ་བདག་ཚོགས། །དྲེགས་པའི་བསོད་ནམས་དབང་དུ་འདུ། །གནོད་གདུག་ཞི་ཞིང་འབྱོར་པ་འཕེལ། །གདུག་ཅིང་སྡང་སེམས་ལྡན་པ་སྒྲོལ། །དེ་ཕྱིར་ཚོགས་ཀྱི་འཁོར་ལོ་ཡང་། །མཁས་པས་བྱ་བར་བཤད་པ་ཡིན། །ཞེས་སོ། །གསུམ་པ་ལས་སྦྱོར་རམ་སྒྲུབ་པ་ཆེན་པོ་ནི། སྔོན་ལ་དམ་ཅན་ཉེ་བ་བསྙེན་པ་བྱས་ནས། དེ་ནས་སྔགས་དྲུག་གི་ལས་སྦྱོར་བྱ་བའི་ཚུལ་ལོགས་སུ་ཡོད་དོ། །དེ་ལྟ་ནའང་བསྒྲུབ་བྱ་དམིགས་བསལ་མེད་པ་ལ་གཏོར་མ་དང་མཐུན་རྫས་ལ་བརྟེན་ནས་དམ་ཅན་གྱི་བསྙེན་པ་ལས་རུང་ཙམ་བྱེད་ན། བྲུབ་ཁུང་དུ་ཟན་ལིང་བཀོད་པའི་སྟེང་
(༣༢༣)དམ་ཅན་ལྕམ་དྲལ་གྱི་སྤུངས་གཏོར་བཀོད། །མཐུན་རྫས་གང་འགྲུབ་བཤམ། །གཏོར་མ་ལ་ཤེས་པ་གསུམ་དང་ལྡན་པ་ལས་བསྙེན་པའི་ཚེ་དཀྱིལ་འཁོར་གྱི་མུ་ནན་ལ་བཀའ་སྡོད་ལྟར་གནས་པ་ལ་གཙོ་བོའི་འོད་ཟེར་གྱིས་གཟིར་བས་དྲག་པོའི་ཕྲིན་ལས་ཐོགས་མེད་དུ་བྱེད་པར་བསམས་ལ་བཞི་སྙིང་གཅིག་དྲིལ་གསུམ་ཁྲི་ལྔ་སྟོང་བཟླའོ། །དེའི་ཚེ་སྔོན་གྱི་ཕུར་བ་མཁན་པོ་རྣམས་ལ་གྲགས་པའི་ཤེས་པ་གསུམ་གྱི་མན་ངག་ལས། ལྷར་ཤེས་པ་ནི་ཐུགས་སྲོག་སྔགས་ཕྲེང་ལས་བྱུང་བའི་འོད་ཟེར་གྱིས་དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་མུན་ཁང་དུ་སྒྲོན་མེ་བཏེག་པ་ལྟར་ཤིན་ཏུ་གསལ་བ་ཉིད་སྣང་ལ་རང་བཞིན་མེད་པར་རྩལ་སྦྱང་། དགུག་གཞུག་ཏུ་ཤེས་པ་ནི། འོད་ཟེར་གྱི་སྣེ་ལ་ཕོ་ཉ་དཔག་ཏུ་མེད་པ་སྤྲོས། ཕྱག་རྒྱ་བཞིས་འགུགས་འཆིང་བསྡམས་མྱོས་བྱས་ཏེ་ཉ་པོ་ལ་བསྟིམ་མོ། །ཆོས་ཉིད་དུ་ཤེས་པ་ནི། ལྷ་ཚོགས་རྣམས་ལས་བྱུང་བའི་འོད་ཟེར་གྱིས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དང་། ཁྱད་པར་གཟས་པ་པོའི་སྡིག་སྒྲིབ་སྦྱོང་བའི་ངང་ལ་བདག་གཞན་དུ་མ་རོ་གཅིག་ཏུ་བསྲེས་ནས་མཉམ་པར་འཇོག །དེ་ལྟར་སྒྲུབ་པ་ཐོན་པའི་རྗེས་ཐོག་ཏུ། ཚོགས་ཐ་མ་དང་འབྲེལ་བར་ལས་དྲུག་གི་གདབ་ལས། སྤྱིར་བཏང་བ་བསྲེག་འཕང་གཉིས་ནས་བླངས་ལ་ཞལ་བསྟབ་ཡན་རྫོགས་པར་བྱའོ། །གསུམ་པ་རྗེས་ལ། དངོས་གྲུབ་ལེན་ཆོག་གིས་མཚོན་ཆོ་གའི་རྗེས་ཆོག་རྣམས་དང་། རྒྱལ་ཐོ་འགྲོལ་ཞིང་ཐོག་མར་དམ་གཙད་དང་ཕྲད། དེ་ནས་མཚམས་རིམ་པས་སེང་
(༣༢༤)ཞིང་གནས་བསྲུང་བ་སོགས་སྤྱི་དང་མཐུན་ནོ། །གལ་ཏེ་སྙིགས་མ་ལྔའི་རྒུད་པའི་གཞན་དབང་ལས་ལྡང་མི་ནུས་པས། ཡི་དམ་བཟང་པོ་ལ་ལས་འབྲས་འཇོག་པ་ཙམ་གྱིས་མོས་པས་སློབ་པ་དག་ནི་བསྙེན་ཕུར་དང་། སྨན་རཀ་གཏོར་གསུམ་ལ་བརྟེན་ནས། ཟླ་བ་གཅིག་ཏུ་བསྙེན་པའི་དམིགས་པ་ཁོ་ན་དང་། ཟླ་བ་གཉིས་ལ་ཉེར་སྒྲུབ་དང་སྤེལ་ཞིང་། ཟླ་བ་གསུམ་ཀར་བཟླས་པ་ཡིག་འབྲུ་བཅུ་བཞི་པ་ཁོ་ན་འགྲུས་པར་བཟླས་པས་བསྙེན་སྒྲུབ་ཟུང་འབྲེལ་དུ་འགྲུབ་པ་ཡིན་ནོ། །དེ་ཡང་དམ་ཅན་ཉེ་བསྙེན་སྦྲེལ་ན་ཞག་བདུན་ལྷག་པ་ལ་བཞི་སྙིང་དྲིལ་བ་བཟླ་ཞིང་། རྒྱུན་དུ་བཟླས་པ་མ་ཆག་ཙམ་དང་། གཏོར་སྔོ་བྱེད་པ་དམ་ཚིག་གོ། །དེ་དག་སུའང་རུང་སྟེ་རྡོ་རྗེའི་ཐེག་པ་ནི། གསང་ནས་སྤྱད་ན་འགྲུབ་པ་ཡིན་པས་ཡི་དམ་དང་ལྟ་སྤྱོད་གསང་ཞིང་། དེའི་ནང་ཚན་ནས་ཀྱང་། རྟོག་གེ་པ་དང་མིག་རྣོན་མཁན། །གསང་སྔགས་དངོས་གྲུབ་སྣོད་མ་ཡིན། །དེ་ལ་བཤད་ན་ཉམས་ཆེན་ཡིན། །ཞེས་པས་གསང་བ་བསྲུང་བ་ལ་བསྒོམ་ཞིང་། རང་བཞིན་ལྟ་བའི་དམ་ཚིག་བཞི་དྲན་པའི་རྩི་དང་མ་བྲལ་བའི་ངང་ནས་སྤྱོད་པ་རྒྱན་གྱི་དམ་ཚིག་བཞི་ལ། གཉིད་དང་། ཆང་དང་། ལེ་ལོ་སྤང་ཞིང་གསང་སྔགས་བརྡ་བསྲུང་། གལ་མདོ་ངེས་པའི་དམ་ཚིག་དཀོན་མཆོག་དང་། གང་ཟག་གིས་མ་ཁྲེལ་པ་དང་། ཟླས་ཉམས་དང་། ཞོར་ཉམས་དང་། དབང་མེད་དང་། ཀུན་ནས་ཉམས་པ་བཞི་རྣམས་སྤངས་ན། དམ་ཅན་འདུ། །མཐུ་དང་ཕྱིན་
(༣༢༥)རླབས་ཆེ། ཚེ་རིང་། གྲགས་པ་ཐོབ་པ་སོགས་ཤུགས་ལ་འབྱུང་བ་ལ་མཐར་ཕྱིན་གྱི་རྟགས་བཞི་ཞེས་བྱ་སྟེ། མདོར་ན་སྙིང་རྗེ་ཆེན་པོ་དང་། ཐབས་ལ་མཁས་པས་གཞན་ལ་ཕན་འདོགས་པ་ལ་དགའ་བའི་བརྩོན་པ་མི་ལྷོད་པ་ནི་ཐེག་པ་ཆེན་པོ་གསང་སྔགས་ཀྱི་དམ་ཚིག་རྒྱ་མཚོའི་འདུ་སའོ། །བསྟན་པའི་གཟུགས་བརྙན་ཅུང་ཟད་ཡོད་དུས་འདིར། །དད་གུས་བསྐྱེད་ནས་ཉམས་སུ་མ་བླངས་ན། །རིང་པོར་མི་ཐོགས་བསྐྱེད་རྫོགས་ཟབ་མོའི་ལམ། །ནུབ་རིར་ཕྱོགས་པའི་མངོན་རྟོགས་མཐོང་མིན་ནམ། །དེ་ཕྱིར་ལྷག་པའི་བསམ་པ་ག་པུར་རྡུལ། །སྔ་འགྱུར་རྒྱུད་སྡེའི་ནགས་ཀླུང་ལ་སྨན་པའི། །ཆོས་ཚུལ་རི་དྭགས་ལང་ཚོགས་ར་བའི་དཔྱིད། །ཀུན་གྱིས་མཐོང་ནས་ཡང་དག་དོན་རྟོགས་ཤོག །རྭ་སྟོན་སྐུ་སྐྱེ་རིན་པོ་ཆེས་ལྡོན་ཤིང་གི་ཡོལ་གོ་དང་པོ་ལ་ནི་པ་ལའི་དོང་ཙོའི་ཚོམ་བུ་བཀོད་ནས་ནན་ཏན་གྱིས་བསྐུལ་བའི་ངོར་བཀའི་བསྡུ་བ་པོ་རང་ཉིད་ཀྱིས་སོ།། །།དགེའོ། །།དགེའོ། །དགེའོ། །མངྒ་ལཾ།། །།
(༣༢༦) ཕུར་བ་རྒྱུད་ལུགས་ལས་ཚེ་སྒྲུབ་ཉི་ཟླའི་ཟ་མ་ཏོག་ཅེས་བྱ་བ་བཞུགས་སོ། །
(༣༢༧)གཞོམ་བྲལ་རྡོ་རྗེའི་ངོ་བོ་ཉིད། །བགྲེས་རྒུད་སྤངས་པའི་གཞོན་ནུའི་སྐུར། །ཡོངས་གྲུབ་དཔལ་ཆེན་ཚེ་ཡི་ལྷར། །ངེས་པ་རྙེད་པས་ཕྱག་འཚལ་ལོ། །འདིར་རྡོ་རྗེ་ཁྲོས་པའི་བཤད་རྒྱུད་ལེའུ་བརྒྱད་པ་ལས་ཚེའི་རིག་འཛིན་བསྒྲུབ་པའི་དོན་གཏན་ལ་དབབ་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལའང་གཉིས། ཚེའི་རྣམ་དབྱེ་བསྟན་པ་དང་། བསྒྲུབ་པའི་བཅའ་གཞིའོ། །དང་པོ་ནི། རྒྱུད་ལས། ཚེ་ནི་རྣམ་པ་གསུམ་ཡིན་ཏེ། །མི་འགྱུར་མི་འཕྲོགས་རྡོ་རྗེའི་ཚེ། །ཉམས་ཤིང་འཕོ་བ་ཐིག་ལེའི་ཚེ། །འཁྲུལ་ཞིང་རྟོག་པ་སྣང་བའི་ཚེ། །ཞེས་པ་ལས། དང་པོ་ནི་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་མཐོང་བ་རྣམས་ལ་སྐྱེ་འཆི་རང་མཚན་པ་མ་གྲུབ་སྟེ། བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ཆོས་ཉིད་ནི་ཀུན་རྫོབ་དང་། འདུ་བྱས་ལས་འདས་པ་ཡིན་པས།
(༣༢༨)འཕགས་པས་རྒ་དང་ན་བ་དང་། །འཆི་བའི་སྡུག་བསྔལ་རྩད་ནས་སྤངས། །ཞེས་སོ། །གཉིས་པ་ནི། རྣམ་སྨིན་གྱི་ལུས་རྟེན་འདི་དང་པོར་ཡང་ཁམས་ཐིག་ལེའི་འདུ་འཁྲོད་ལ་བརྟེན་ནས་ཆགས། བར་དུ་ཡང་བླ་ཚེ་སྲོག་གསུམ་དེ་ལ་བརྟེན། ཐ་མར་ཡང་ཁམས་དེ་རྒུད་ཅིང་འཕོ་བ་ལས་ལུས་རྟེན་འཇིག་པའི་ཕྱིར་རོ། །དེ་ལྟར་འཇིག་པ་དང་། འཆི་བའི་རྣམ་པར་རྟག་པ་ལ་ཤིན་ཏུའང་བདེན་འཛིན་གྱི་བློ་དང་བཅས་པས་སོ་སོ་སྐྱེ་བོ་རྣམས་ལ་སྐྱེ་འཆི་རང་རྒྱུད་པར་འཆར་བ་ལ་འཁྲུལ་ཞིང་རྟོག་པའི་ཚེ་ཞེས་ངེས་པ་ཅན་དུ་བརྗོད་པའོ། །དེ་ལས་འདིར་ཚེ་བསྒྲུབ་པའི་ངོ་བོ་ནི་ཉམས་ཤིང་འཕོ་བར་བྱེད་པའི་ཐིག་ལེའི་ཚེ་འཕེལ་ཞིང་བརྟེན་པའི་ཐབས་སྒྲུབ་པ་ཡིན་ན། དེའི་སྔོན་དུ་ཉམས་པའི་རྒྱུ་ངོས་བཟུང་ནས་སྤང་བར་བྱ་སྟེ། ཉམས་པའི་རྒྱུ་ནི་འདི་ལྟ་སྟེ། །དམ་ཉམས་བཞིན་འགྱུར་སྤྱོད་ལམ་ཉམས། །དམ་ཅན་འཁྲུག་དང་སེམས་འཁྲུགས་དང་། །ཞེ་སྡང་རྒྱས་དང་བགེགས་དང་ཕྲད། །བྲེད་སྡངས་རྦོད་གཏོང་ཁར་རྦད་དང་། །
(༣༢༩)དམ་ཅན་གཏོར་ཆག་ཚེ་ཉམས་འགྱུར། །ཞེས་སོ། །དེའི་གཉེན་པོ་ནི། བླ་མ་ལ་གུས་རྒྱུད་པ་སྦྱངས། །ཏིང་འཛིན་བརྟན་ཞིང་རིག་སྔགས་འཛིན། །དམ་ཅན་ཉེ་བར་འགྱུར་བ་ཡིན། །འདི་ཡིས་ཚེ་ནི་ཁུག་འགྱུར་ཏེ། །ཞེས་སོ། །གཉིས་པ་ནི། རྡོ་རྗེ་ཐེག་པའི་ལམ་ཐབས་ཀྱི་ཆེ་བས་བསྐྱེད་རྫོགས་ཀྱི་ལམ་གཉིས་ཀ་ནས་ཚེ་སྒྲུབ་པའི་མན་ངག་ཁྱད་པར་ཅན་ཡོད་པ་ལས། འདིར་དང་པོའི་ཕྱོགས་ལྟར་སྟོན་པ་ལ། ཉམས་པ་གསོ་བར་འདོད་པ་ཡིས། །བཀྲ་ཤིས་ས་ལ་མཎྜལ་བྱ། །པདྨ་འཁོར་ལོ་རྒྱ་གྲམ་ལྡན། །ལྷ་ཡི་རྟེན་ནི་མར་མེ་དགུ། །ཁྲོ་བཅུའི་ཕུར་པས་བགེགས་བསལ་ཞིང་། །བདུད་རྩི་ལྔ་དང་སྨན་ལྔ་དང་། །ཕུར་པ་བརྟེན་ཕའི་ཟས་མཆོག་ལ། །ཐོད་པ་ལྕགས་དང་རིན་ཆེན་སྣོད། །བུམ་པ་ཡིད་འོང་མཛེས་པ་རུ། །བསྒྲུབས་པས་ཚེ་ནི་རབ་ཏུ་འཕོལ། །ཞེས་པས་བཀྲ་ཤིས་པའི་ས་ལ་སྟེགས་བུ་བྱས་པའི་སྟེང་མཎྜལ་པདྨ་འདབ་བཞི་རེ་ཁཱ་ཅན་ལ་རིགས་ལྔའི་ཕྱག་མཚན་ཕྱོགས་མ་འཆོལ་བ་བྲིས་པའི་དབུས་སུ་རྡོ་རྗེ་རྒྱ་གྲམ་གྱི་སྟེང་བུམ་པ་བཅུད་ལྡན། །དེའི་མཐའ་སྐོར་དུ་མར་མེ་དགུ། །ར་བའི་ཕྱི་སྐོར་ལ་ཁྲོ་བཅུའི་ཕུར་པ། དེའི་ནང་ཁོང་དུ་ཚེའི་འབྲང་རྒྱས་སམ། ཚེ་རིལ་གྱི་རྩེ་མོར་ཙན་དམ་ནམ། །བཀྲ་ཤིས་པའི་ཤིང་གི་ཕུར་བུ་དཔལ་གྲུ་བཞི་པ་དར་སྣས་བརྒྱན་པ་གཟུག །ཅི་རིགས་པར། །ལྕང་ལོའི་ཐོད་པ་ཁ་སྦྱར་དུ། །བདུད་རྩིའི་རྩ་བ་ལྔ་བསྩལ་ནས། །རྩ་བརྒྱད་སྟོང་ལ་སྦྱར་བའི་རིལ་བུ་གཞུག །དེ་བཞིན་བཟའ་བ་བཅའ་བ་དང་། །བཏུང་དང་བ་ལྡག་དང་གཞི་བ་ལ་སོགས། །ཞེས་པ་ལྟར་ཐོད་ཆད་སྨན་ཕུད་གྱིས་བྲན་པ་དང་། མཆོད་གཏོར་ཉེར་སྤྱོད་ལ་སོགས་པ་ཚང་བར་བསག་
(༣༣༠)གོ །གཉིས་པ་དངོས་གཞི་ལ། དང་པོ་ལས་གཞུང་བསྲང་བ་ནི། །བདག་མདུན་འཇུག་པ་གཅིག་གི་ངང་ནས་ལྷའི་རྣལ་འབྱོར་བསྒོམས་ལ་ཛབ་ཁ་ཕྱེ་ནས། བཟླ་བྱའི་སྔགས་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཧཱུྃ་བཾ་ཧོ ཨཱ་ཡུཛྙཱ།།།ན་ཨཱ་ཀརྵ་ཡ་ཛ རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཨོཾ་ཨཱཧཱུྃ། ཞེས་ཅི་ནུས་བཟླ། །དེས་སྐྱོན། གསང་རྒྱུད་ལས། ཨོཾ་ཧཱུྃ་སྭཱ་མཱཾ་ཧཱ། བྷྲཾཱུ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨ། ཞེས་བཟླས་ཀྱང་རུང་ངོ་། །ཐུན་མཚམས་སུ་ཚེ་བགུགས་བྱ་བ་ནི། གེགས་ཀྱིས་ཚེ་རྣམས་མི་སྟེང་ན། །ཚེ་དཔག་མེད་ཀྱང་ཁྲོ་བ་སྟེ། །ཕྱོགས་བཅུ་ནམ་མཁའ་ཁམས་བཀང་ནས། །སྒྲ་སྐད་དྲག་པོ་བཏོན་ནས་ནི། །ཐམས་ཅད་མ་ལུས་གདུལ་བར་བྱ། །ཞེས་པའི་དམིགས་པ་དང་བཅས། །ཧཱུྃ་དབུས་ནས་རང་བྱུང་གྲུབ་པའི་ལྷ། །དཔལ་ཆེན་རྡོ་རྗེ་ཁྲག་འཐུང་དང་། །ཁྲོ་མོ་རྡོ་རྗེ་དབྱིངས་ཕྱུག་མ། །མཐིང་ནག་མི་འགྱུར་ནམ་མཁའི་མདོག །ཞལ་གཅིག་ཕྱག་གཉིས་ཁྲོ་བོའི་ཚུལ། །རྡོ་རྗེས་གདུག་པ་འདུལ་མཛད་ཅིང་། །བཻ་ཌཱུརྱ་ཡི་བུམ་པ་གཡོན། །ནང་ན་འཆི་མེད་བདུད་རྩིས་བཀང་། །ཀ་ཤི་དར་གྱི་མབུལ་ཆིངས་ལ། །དཔག་བསམ་ལྗོན་པས་ཁ་བརྒྱན་ནས། །ཡབ་ཡུམ་བདེ་བའི་སྦྱོར་བ་ལས། །བྱང་སེམས་མུ་ཏིག་ཁུ་འཕང་འཕེབས། །རྡོ་རྗེ་ཁྲག་འཐུང་དཔག་མེད་ཀྱིས། །སྟོང་གསུམ་སྟོང་གི་འཇིག་རྟེན་བཀའ། །ཞལ་ནས་ཚེ་ཡི་སྔགས་ཟློས་ཤི། །ལྷ་ཀླུ་གནོད་སྦྱིན་གཤིན་རྗེ་དང་། །མཁའ་འགྲོའི་ལག་ནས་ཚེ་ཁུག་ཅིག །དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག །ཚེ་བུམ་འདི་ལ་བྱིན་གྱིས་རློབས། །ཚེ་བུམ་འདི་ལ་རྟགས་ཕྱུང་
(༣༣༡)ཞིག །རིག་འཛིན་སྒྲུབ་པོའི་ཚེ་སྤེལ་ཅིང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཨཱ་ཡུ།།།ན་ཙིཏྟ་བྷཱུཾ། ཧཱུྃ་ཤར་ཕོ་ནུབ་བྱང་ཕྱོགས་བཞི་ནས། །རིགས་བཞིའི་ཁྲག་འཐུང་ཡུམ་དང་བཅས། །རང་རང་རིགས་ཀྱི་སྐུ་མདོག་ཅན། །གཡས་པ་རང་རྟགས་གཡོན་པ་ན། །ཤེལ་གསེར་པདྨ་རཱ་ག་དང་། །ཨིནྡྲ་ནཱི་ལའི་བུམ་པ་བསྣམས། །ནང་ན་འཆི་མེད་བདུད་རྩིས་བཀང་། །ཀ་ཤིའི་དར་གྱི་མགུལ་ཆིངས་ལ། །དཔག་བསམ་ལྗོན་པས་ཁ་བརྒྱན་ནས། །ཡབ་ཡུམ་བདེ་བའི་སྦྱོར་བ་ལས། །བྱང་སེམས་མུ་ཏིག་ཁུ་འཕང་འབེབས། །རིགས་བཞིའི་ཁྲག་འཐུང་དཔག་མེད་ཀྱིས། །སྟོང་གསུམ་སྟོང་གི་འཇིག་རྟེན་བཀང་། །ཞལ་ནས་ཚེ་ཡི་སྔགས་ཟློས་ཤིང་། །ལྷ་ཀླུ་གནོད་སྦྱིན་གཤིན་རྗེ་དང་། །མཁའ་འགྲོའི་ལག་ནས་ཚེ་ཁུག་ཅིག །གྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤོག །ཚེ་བུམ་འདི་ལ་བྱིན་གྱིས་རློབས། །ཚེ་བུམ་འདི་ལ་རྟགས་ཕྱུང་ཞིག །རིག་འཛིན་སྒྲུབ་པོའི་ཚེ་སྤེལ་ཅིག །སྐུ་གསུང་ཐུགས་ཀྱི་དངོས་སྒྲུབ་སྩོལ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། །ཨ་ཡུ་།།།ན་ཙིཏྟ་བྷྲཱུཾ། །ཧཱུྃ་དབུས་ནས་རང་བྱུང་གྲུབ་པའི་ལྷ། །དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གར་དགུའི་རོལ་པས་གནས་མཛད་ཅིང་། །འཁོར་ལོ་རྒྱས་འདེབས་ཡུམ་ལ་འཁྱུད། །ཡབ་ཡུམ་གཉིས་མེད་སྦྱོར་བའི་སྒྲས། །དུས་གསུམ་བུདྡྷ་རབ་མཆོད་ནས། །བྱང་ཆུབ་སེམས་ཀྱི་ཐིག་ལེ་ནི། །མུ་ཏིག་ཁུ་འཕང་དབབ་ཏུ་གསོལ། །ཚེ་བུམ་འདི་ལ་བྱིན་གྱིས་རློབས། །ཚེ་བུམ་འདི་ལ་རྟགས་ཕྱུང་ཞིག །རིག་འཛིན་སྒྲུབ་པོའི་ཚེ་སྤེལ་ཅིག །སྐུ་གསུང་ཐུགས་ཀྱི་དངོས་
(༣༣༢)གྲུབ་སྩོལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཧཱུྃ་བཾ་ཧོ ཨཱ་ཡུ་།།།ན་ཨཱ་ཀརྵ་ཡ་ཛ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཨོཾ་ཨཱཧཱུྃ། སྒྲོལ་ཡུམ་ཨེ་ཀ་ཛ་ཊི་མ། །ཆོས་ཀྱི་དབྱིངས་ཀྱི་མཁའ་འགྲོ་ཡུམ། །ཁྲག་འཐུང་ལྷ་ཚོགས་མཉེས་བྱེད་མ། །བུདྡྷ་ཀུན་དང་མཉམ་སྦྱོར་བའི། །བདེ་འོད་ཉི་མའི་གཟི་བརྗིད་ཀྱིས། །མཁའ་འགྲོ་ཐམས་ཅད་དབང་བསྡུས་ནས། །བྱང་ཆུབ་སེམས་ཀྱི་ཐིག་ལེ་ནི། །མུ་ཏིག་ཁུ་འཕང་དབབ་ཏུ་གསོལ། །ཚེ་བུམ་འདི་ལ་བྱིན་གྱིས་རློབས། །ཚེ་བུམ་འདི་ལ་རྟགས་ཕྱུང་ཞིག །རིག་འཛིན་སྒྲུབ་པོའི་ཚེ་སྤེལ་ཅིག །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཨཱ་ཡུ་།།།ན་ཛ ཧཱུྃ་ཀཽ་རཱི་ལ་སོགས་མ་མོ་བརྒྱད། །སེང་ཧ་ལ་སོགས་ཕྲ་མེན་བརྒྱད། །སྲས་མཆོག་རིགས་ལྔ་ཡུམ་དང་བཅས། །ཁྲོ་བཅུ་ཕྲ་ཕྱག་སྒོམ་རྣམས། །གེགས་ཆེན་འདུལ་ཞིང་ཁྲོ་ཚུལ་སྟོན། །གཡས་ན་ལྕགས་ཀྱུ་ཕུར་པ་བསྣམས། །གཡོན་ན་བདུད་རྩིའི་བུམ་པ་བསྣམས། །ཐུགས་ཀ་ཉི་ཟླ་ཁ་སྦྱོར་ནས། །ཚེ་འཛིན་ཐུགས་ཀྱི་དཔལ་བེའུ་ནས། །བྱང་སེམས་ཐིག་ལེ་ཁུ་འཕང་འབེབས། །ཁུག་ཅིག་ཁུག་ཅིག་ཚེ་ཁུག་ཅིག །དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག །ཕྱོགས་སྐྱོང་ལག་ནས་ཚེ་དྲོངས་ཤིག །ཚེ་བུམ་འདི་ལ་བྱིན་གྱིས་རློབས། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཨཱ་ཡུ་།།།ན་ཙིཏྟ་བྷྲཱུཾ། ཞེས་དང་། རྒྱས་གདབ་ནི། ཧཱུྃ་ཚེ་ཡི་དངོས་གྲུབ་འཆི་མེད་འདི། །ཁྲག་འཐུང་རིགས་ལྔའི་ཐུགས་ཀར་སྦ། །མི་འགྱུར་ཚེ་ཡི་ཐིག་ལེ་ལ། །རྡོ་རྗེས་རྒྱས་གདབ་མི་ཤིགས་དབུས། །འཁོར་ལོས་རྒྱས་གདབ་བདུད་བཞི་འཇོམས། །རིན་ཆེན་རྒྱས་གདབ་བསམས་བཞིན་འགྲུབ། །པདྨས་རྒྱས་གདབ་ཉོན་མོངས་
(༣༣༣)བྲལ། །རྒྱ་གྲམ་རྒྱས་གདབ་དོན་རྣམས་འགྲུབ། །ཡེ་ཤེས་ལྔ་ཡི་རྒྱས་གདབ་པས། །དབྱིངས་ཀྱི་ཐིག་ལེར་མི་ཤིག་ཤོག །ཨཱ་ཡུ་ཨཱ་བེ་ཤ་ཡ་ཨ། ཞེས་ཆོས་ཉིད་ཀྱི་ངང་དུ་ཚེ་སྤའོ། །གྲུབ་པའི་རྟགས་ནི། འོད་དང་འཇའ་དང་དུ་བ་མེ། ཁོལ་བ་ཚོ་ཡི་རྟགས་ཡིན་ནོ། །ཞེས་སོ། །གསུམ་པ་རྗེས་ལ་དངོས་གྲུབ་བླང་བ་ནི། བསྒྲུབ་པ་ཐོན་པའི་དུས་ཚོགས་གཏོར་བཟང་པོ་བྱ། །དམ་ཚིག་ཉམས་ཆག་དག་པར་བྱས་ལ། དཀྱིལ་འཁོར་གྱི་མར་མེ་རྣམས་སྦར། ཧཱུྃ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི། །བདེ་ཆེན་རྒྱས་པའི་བྷ་གའི་དབྱིངས། །ཁྲག་འཐུང་འདུས་པའི་ཁྲོ་རྒྱལ་སྐུ། །འགྱུར་བ་མེད་པ་ཚེ་ཡི་ཐུགས། །ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་པ། །དབང་དང་བྱིན་རླབས་བདག་སྩོལ་ཅིག །ཞེས་པས་སྙན་གསན་དབབ་ལ་བུམ་པ་སྤྱི་བོའི་གནས་ལྔར་འཇོག་ཅིང་། ཧཱུྃ་ཁྲག་འཐུང་ལྔ་ཡི་དབང་བསྐུར་བས། །ཉོན་མོངས་དུག་ལྔ་རབ་དག་ནས། །ཡེ་ཤེས་ལྔ་རྫོགས་ཐིག་ལེ་རྒྱས། །འཆི་མེད་ཚེ་ཡི་རིག་འཛིན་ཤོག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཧཱུྃ་བཾ་ཧོ བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་ཏི་ཤྭ་ཌཱི་སྟྭམ། ཨ་བྷི་ཥིཉྩ་མཱི། བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་ཏི་ཤྭ་རི་སྟྭཾ་ཨ་བྷི་ཥིཉྩ་མཱཾ། རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་ཏི་ཤྭ་རི་སྟྭཾ། ཨ་བྷི་ཥིཉྩ་སྟྭཾ། པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་ཏི་ཤྭ་རི་སྟྭཾ། ཨ་བྷི་ཥིཉྩ་མཱཾ། ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་ཏི་ཤྭ་རི་སྟྭཾ། ཨ་བྷི་ཥིཉྩ་མཱཾ། ཨོཾ་ཨཱཧཱུྃ། ཞེས་བུམ་ཆུ་བཏུང་ཞིང་ཉེ་རེག་བྱ། །དེ་ནས་ཚེའི་དངོས་གྲུབ་བླང་བ་ནི། སྒྲུབ་རྫས་རྣམས་ཕྱོགས་གཅིག་ཏུ་བྱས་ལ། །ཨེ་མ་ཧོ། བཅོམ་ལྡན་འདས་མི་ཁྲོ་རྒྱལ་གཙོ། །རྡོ་རྗེ་སྲིན་པོའི་ནམ་ནི་ལངས་ལ་གསན། །གཟའ་སྐར་རྒྱལ་པོ་ཉི་མ་རྩེ་ཤར་གྱིས། །བཟླས་བརྗོད་བསྙེན་པའི་
(༣༣༤)གྲངས་ནི་ཐེམ་ལགས་ན། །གྲུབ་པའི་རྟགས་ནི་མྱུར་དུ་བསྟན་ནས་ཀྱང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ་རེར་ན། །དབང་དང་བྱིན་རླབས་ཐམས་ཅད་བདག་གསོལ་ཅིག །ཧཱུྃ་བརྗོད་མེད་སྤྲོས་བྲལ་ཆོས་ཀྱི་སྐུ། །སྐུ་གསུམ་རྫོགས་པ་ཁྲོ་རྒྱལ་སྐུ། །མི་གནས་ཡེ་ཤེས་ནམ་མཁའི་ཐུགས། །ཐུན་མོང་མ་ཡིན་ཁྱད་པར་འཕགས། །ཡེ་ཤེས་མི་འགྱུར་དཔལ་བེའུ་ནས། །བདེ་ཆེན་ཐིག་ལེ་བྱང་ཆུབ་སེམས། །བདུད་འདུལ་རྡོ་རྗེ་གཞོན་ནུ་ཡི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྣམས། །མ་ཐོགས་མྱུར་དུ་སྩལ་དུ་གསོལ། །མི་འཆི་ཚེ་ཡི་དངོས་གྲུབ་སྩོལ། །མངོན་པར་ཤེས་པའི་དངོས་གྲུབ་སྩོལ། རྫུ་འཕྲུལ་མཐུ་ཡི་དངོས་གྲུབ་སྩོལ། །རིག་པ་འཛིན་པའི་དངོས་གྲུབ་སྩོལ། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། །རིགས་རྒྱུད་འཕེལ་བའི་དངོས་གྲུབ་སྩོལ། །གྲུབ་མཆོག་བརྒྱད་ཀྱི་དངོས་གྲུབ་སྩོལ། །ནད་གེགས་འཇོམས་པའི་དངོས་གྲུབ་སྩོལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཟག་མེད་བདེ་བའི་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཧཱུྃ་བཾ་ཧོ ཨ་མྲི་ཏ་སིདྡྷི་ཧཱུྃ་ཧྲཱིཥྛ། ཨཱ་བེ་ཤ་ཡ་ཧོ། །ཨ་ལ་ལ་ཧོ། །ཞེས་བརྗོད་ཅིང་དངོས་གྲུབ་ཀྱི་རྫས་ལ་ལོངས་སྤྱོད་དོ། །ཕན་ཡོན་ནི། ཚེ་ཡི་དངོས་གྲུབ་བླང་བ་ཡིས། །ནད་དང་བྲལ་ཞིང་སྡུག་བསྔལ་ཞི། །གེགས་མེད་ཉི་ཟླའི་ཚེ་དང་མཉམ། ཁྲག་འཐུང་སྐུ་དང་དབྱེར་མེད་འགྱུར། །ཞེས་སོ། །དགེའོ།།
(༣༣༥)མ། །ཕུར་པ་རྒྱུད་ལུགས་ལས། སྤྲོས་མེད་རྒྱུན་གྱི་རྣལ་འབྱོར་བཞུགས། ༈ །གདན་གསུམ་ལུས་ཀྱི་ཕུར་བུ་ལ་ཕྱག་འཚལ་ལོ། །ལུང་ཨ་ནུ་ཡོ་ག་དང་མཐུན་པར་ལུས་དཀྱིལ་ལ་བརྟེན་ནས་ཕུར་པ་བསྒྲུབ་པ་ནི། སྐྱབས་སེམས་སྔོན་དུ་བྱས་ལ། ཧཱུྃ། སེམས་དང་ཡིད་དང་རྣམ་ཤེས་ཉིད། །དེ་ཉིད་ལས་ནི་འཁྲུལ་ནས་བཏབ། །རྣམ་རྟོག་བག་ཆག་བསྲེག་པའི་ཕྱིར། །བདག་གི་ལུས་ནི་གཞལ་ཡས་ཁང་། །ཧཱུྃ། རང་ལུས་འདོམ་གང་གྲུ་བཞི་ནི། །དུར་ཁྲོད་གཞལ་ཡས་ཁང་དུ་བསམ། །གྲུ་བཞི་པ་ལ་ཁ་དོག་ལྔ། །དྲི་མ་ནག་པོ་བེ་ཌཱུར་སྔོ། །རྩ་ཆེན་ལྗང་གུ་མར་གད་མདོག །ཁྲག་ནི་པདྨ་རཱ་ག་དམར། །ཚིལ་བུ་སེར་པོ་གསེར་ལྟར་སྣང་། །རུས་པ་དཀར་པོ་ཤེལ་དངུལ་མདོག །ལྔ་ཡི་རྩིག་པ་རབ་ཏུ་མཛེས། །སྒལ་ཚིགས་གདུང་གི་རང་བཞིན་ལ། །རྐང་བརྒྱད་ཀ་བ་བརྒྱད་ཡིན་ནོ། །ཐུར་མ་ལྕམ་ལ་རྩིབ་མ་དྲལ། །རྩ་ཡི་དྲྭ་བས་རབ་འབྲེལ་ཞིང་། །མགོ་བོའི་ཚངས་སྒོ་ཤེལ་ལྟར་དཀར། །མིག་གཡས་ལྷོ་སྒོ་གསེར་ལྟར་སེར། །མིག་གཡོན་བྱང་སྒོ་མར་གད་ལྗང་། །ནུབ་ཀྱི་ཆུ་སྒོ་པད་ལྟར་དམར། །འོག་གི་སྤུ་ནག་སྨིན་མ་དང་། །སྐྲ་རྣམས་སྒོ་ཡི་རྒྱན་ཡིན་ནོ། །རྐང་ལ་གསེན་མོའི་ཕྲེང་བ་རྣམས། །མུ་ཏིག་དྲྭ་བ་ཕྱེད་པས་མཛེས། །ཚིགས་མདུད་རིན་ཆེན་ཕ་གུ་ལ། །པགས་པ་འདོད་ཡོན་ལྷ་མོས་མཛེས། །དུར་ཁྲོད་གཞལ་ཡས་མཛེས་པ་དེར། །ཀུན་གཞི་རྣམ་ཤེས་གནས་གྱུར་པ། །དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི། །སྒེག་པ་དཔའ་བ་འཇིགས་སུ་རུང་། །དགོད་དང་གཤེ་དང་འཇིགས་པ་དང་། །
(༣༣༦)སྙིང་རྗེ་བརྔམ་དང་ཞི་བ་སྟེ། །ཞལ་དང་ཕྱག་མཚན་ཅིར་ཡང་སྟོན། །ཡིད་ཀྱི་རྣམ་ཤེས་གནས་གྱུར་པ། །འཁོར་ལོ་རྒྱས་འདེབས་ཡུམ་དང་འཁྲིལ། །སྒོ་ལྔའི་རྣམ་ཤེས་གནས་གྱུར་བ། །སྲས་མཆོག་རིགས་ལྔ་ཡུམ་དང་བཅས། །གཟུགས་ཀྱི་ཕུང་པོ་རྣམ་པར་རྒྱལ། །ཚོར་བ་གཤིན་རྗེ་གཤེད་པོ་ཉིད། །འདུ་ཤེས་ཧྱ་གྲཱི་ཝའོ། །འདུ་བྱེད་བདུད་རྩི་འཁྱིལ་པ་སྟེ། །རྣམ་ཤེས་ཁྲོ་རྒྱལ་ཧཱུྃ་ཀཱ་ར། །ས་ནི་དབྱུག་པ་སྔོན་པོ་སྟེ། །ཆུ་ནི་མི་གཡོ་མགོན་པོ་ལ། །མེ་ནི་གཞན་གྱིས་མི་ཐུབ་པ། །རླུང་ནི་ཁམས་གསུམ་རྣམ་རྒྱལ་ཏེ། །ནམ་མཁའ་ཁྲོ་རྒྱལ་སྟོབས་པོ་ཆེ། །སྐྱེ་མཆེད་ཡུམ་བཅུའི་ངོ་བོ་སྟེ། །རྣམ་པར་རྟོག་པ་ཕྲ་ཕྱག་ལ། །ཉོན་མོངས་སྒོ་མ་བཞི་ཉིད་དོ། །ཧཱུྃ། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །སྲིད་པ་རྡོ་རྗེར་གྲུབ་མཛོད་ཅིག །སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད། །བསྐྱེད་དུ་མེད་དེ་ཡེ་ནས་ཡིན། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུྃ་ཕཊ། ཅེས་དང་། ཚེ་སྒྲུབ་བྱེད་ན། ཨཱ་ཡུ།།།ན་ཙིཏྟ་བྷྲཱུཾ། གདགས། གསོལ་བའི་ཟས་ནི་ཅི་ཡང་རུང་། །དང་པོར་རཾ་ཡཾ་ཁཾ་གིས་སྦྱངས། །ཨ་དཀར་འོད་དང་བཅས་པ་ལས། །གཡས་ཕྱོགས་འཁྱིལ་ཞིང་འཁོར་བར་བསམ། །འོད་ཟེར་དོན་གཉིས་བྱང་ཆུབ་སེམས། །ཡེ་ཤེས་བདུད་རྩིར་གཉིས་མེད་བསྟིམ། ཨ་མྲྀ་ཏ་ཡི་གསང་སྔགས་ཀྱིས། །འོད་ཞུ་བདུད་རྩི་ཆེན་པོར་གྱུར།
(༣༣༧)ཨོཾ་ས་མ་ཡ་ཨ་མྲྀ་ཏ་ཨོཾ་ཨཱཧཱུྃ་སྭཱ་ཧཱ། ལག་པ་ཡེ་ཤེས་ཧོམ་གཟར་གྱིས། ཁ་ནི་ཧོམ་ཁུང་གཞལ་ཡས་སུ། །དབྱིངས་དང་ཡེ་ཤེས་མཆོད་པར་འབུལ། །མཉམ་པའི་སྒྲུབ་རྫས་ཡོངས་སུ་དག །བདག་དང་མཉམ་པའི་ཚོགས་ལ་འབུལ། །ལོངས་སྤྱོད་ལྔ་ལྡན་བདུད་རྩི་མཆོག །གཉིས་མེད་ཡོངས་སུ་དག་པར་བསྔོ། །གཉིས་སུ་མེད་པའི་མཆོད་པ་ཡིན། །སྐུ་གསུང་ཐུགས་སུ་རྣམ་པར་དག་དམན་པའི་ཟས་ལ་བཟའ་མི་བྱ། །བཏུང་བ་ཏྲཱཾ་ལས་མཱ་ཀིར་བསམ། །སྦོམ་པོ་དབང་མོ་ཐབས་ཤེས་ཀྱིས། །བླངས་ལ་ཨོཾ་ཨཱཧཱུྃ་གིས་མཆོད། །དེ་བཞིན་གོས་དང་རྒྱན་གནས་ཁང་། །དབང་པོ་ལྔ་ཡི་ཁོངས་སྤྱོད་ཀུན། །ཐ་མལ་སྣང་བར་མ་ཡིན་པར། །འདོད་ཡིན་སྒྱུ་མ་ལྟ་བུ་རུ། །དམིགས་ནས་ཡོངས་གྲུབ་དཀྱིལ་འཁོར་མཆོད། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་འགྱུར། །འདི་ནི་རྒྱུན་གྱི་རྣལ་འབྱོར་ཡིན། །འདི་ཡང་རྒྱུད་ལས་བཏུས་པའོ། །
(༣༣༨)ཕུར་པ་རྒྱུད་ལུགས་ལས་བྱུག་བདུག་བྲབ་གསུམ་གྱི་བསྒྲུབ་ཚུལ་བཞུགས།
(༣༣༩)ཤྲཱི་བཛྲཱ་ཀུ་མཱ་ར། བྱུག་བདུག་བྲབ་གསུམ་གྱི་རྫས། བསྒྲུབ་ཚུལ་ལ་དོན་གསུམ་ལས། དང་པོ་ཉུང་དཀར་ལ་རྫས་བསག་པ་དང་། སྒྲུབ་པ་དངོས་ལས། དང་པོ་ནི་གསང་དགོངས་ལས། ཉུང་དཀར་ནང་ནས་ཟུར་བཞི་བ། །ཕྲིན་ལས་རྣམ་བཞི་རྫོགས་པའི་རྟགས། །ཕོ་མོ་གཉིས་ཀྱི་ཐོད་པ་རུ། །གོ་རོ་ཙ་ཎ་མ་བྲལ་བ། །ཐབས་དང་ཤེས་རབ་ཁ་སྦྱར་བ། །བྷནྡྷའི་སྤྱི་བོ་བརྟོལ་བ་ནི། དེ་ཡི་ནང་དུས་བཞག་ལུད། །རོ་བསྲེགས་པ་ཡི་ཐལ་ཆེན་དང་། །ཉུང་དཀར་ས་བོན་གསུམ་དུ་གསལ། །ཞེས་པ་ལྟར་ཕོ་མོའི་ཐོད་པ་ཀླད་ཞག་དང་ལྡན་པ་ཁ་སྦྱར་གྱི་ཕོ་ཐོད་བ་རྟོལ་བའི་ནང་དུ་རོ་ཐལ་བསྲེས་པའི་འཇམ་དང་། བླ་མ་ཡབ་ཡུམ་མམ་སྒྲུབ་པའི་འདྲི་ཆེ་ཆུང་། ཁྲག་ཆེན་བསྲེས་པའི་ལུད་རན་པར་བྱ་སྟེ། ཡབ་ཡུམ་དྲི་ཆེན་དུར་ཁྲོད་ས། །ཁྲག་ཆེན་ཆགས་པའི་ས་བོན་བསྲེས། །ཞེས་པས་སོ། །དེ་དར་མཐིག་ནག་གིས་བཀབ་ལ། ལམ་རྒྱ་གྲམ་མམ་
(༣༤༠)ཤིང་གཅིག་དྲུང་ལ་སོགས་པར་མ་དྷ་ལ་གྲུ་བཞིའི་སྟེང་བཀོད་ལ། མཆོད་པའི་བྱེ་བྲག་ཀྱང་བཤམ་མོ། །གཉིས་པ་ནི། གསང་རྒྱུད་ལས། བྷནྡྷ་ཁང་པ་ས་བོན་ལྷ། །བསྐྱེད་དང་སྤྱན་དྲངས་རིམ་པས་མཆོད། །མཐེབ་མཛུབ་ཉི་ཟླའི་དཀྱིལ་འཁོར་བར། །ཁྲོ་བོ་སྔོ་ནག་མཚོན་ཆ་འཛིན། །ཐུགས་ལས་ཐོན་ཐིམ་སྐུར་བརླབས་ནས། །གསང་སྔགས་འདི་ཉིད་འབུམ་དུ་བཟླས། །ཞེས་པས། སྒྲུབ་ཐབས་བསྡུས་པས་བདག་མདུན་མ་ཉེམ་བསྒྲུབ་བྱས་ལ་མདུན་བསྐྱེད་དམིགས་རྣམས་ཕྱེད་པར་བྱ། །བཟླ་བྱའི་སྔགས་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧྲིལ་ཤག་ཛྭ་ལ་ནཾ་ཧཱུྃ་ཕཊ། ཅེས་ལས་རུང་འབུམ་ཕྲག་བཟླའོ། །དེ་ཡང་བསྙེན་བཞག་བདུན་བཟླས་བརྗོད་བྱ། །བརྒྱ་མཚམས་སྟོང་མཚམས་མཆོད་པ་ཡི། །ཆུ་ལུད་དུ་ནི་བྲན་བཞིན་དབུལ། །ཏིང་འཛིན་སྔགས་དང་ཕྲིན་ལས་ཀྱིས། །ཁྱད་པར་མཆོད་པ་བདུད་རྩི་དང་། །ཕྱག་རྒྱའི་མཆོད་པ་གཞུང་བཞིན་བྱ། །འབྲས་བུ་མ་སྨིན་
(༣༤༡)བར་དུ་དབུལ། །ཁྱད་པར་ཉུང་ད་སྦོམ་པོར་འགྱུར། །ཞེས་དང་། རྟགས་ནི་དུ་བརླངས་དང་མེ་འོད་དང་། །འགུལ་དང་ཁོལ་བ་ལ་སོགས་འབྱུང་། །ཞེས་སོ། །གལ་ཏེ་འབྲས་བུ་མ་སྨིན་བར་དུ་སྒྲུབ་ནུས་ན། །ས་བོན་མྱུ་གུར་གྱུར་པ་དང་། །སྒྲུབ་པོའི་གཡས་སུ་ཉེ་བ་ཡི། །གནས་སུ་མཐོ་གསུམ་མཐུར་དུ་བརྐོ། །ས་ཡི་རོ་རྣམས་བསལ་བ་ཡི། །དཔྱིད་ཟླར་བའི་ཉ་ལ་ནི། །བཟང་པོའི་མཚམས་སུ་བྷནྡྷ་སྦའོ། །ཟླ་བ་ངོ་དྲུག་བར་དུ་ནི། གསལ་གདབ་བཟླས་བརྗོད་པར་མི་གཅད། །སྟོན་ཟླ་ཐ་ཆུང་ཉ་ལ་བརྡའོ། །རུལ་དང་བམ་སུམ་མ་ཤོར་བར། །ཉི་གྲིབ་མཚམས་སུ་ལེག་བསྐམས་ནས། གྲུབ་པའི་འབྲས་བུ་སྲན་མམ་ཤ་ཙམ། དགུན་ཟླར་བའི་ཉ་ལ་ཞལ་དྲོ་དངོས་གྲུབ་བླངས། །དེ་ཡིས་བདེ་གཤེགས་ཐུགས་བསྐུལ་ཞིང་། །སྡང་དགྲ་གནོད་བགེགས་རྡུལ་དུ་རློག །རྣལ་འབྱོར་ལུས་མམ་མགུལ་དུ་གདགས། །རྟག་ཏུ་ལུས་ལ་བཅིངས་པ་ལས། གཡེལ་བར་བྱས་ན་མི་རུང་ངོ་། །ཞེས་པས་མྱུ་གུ་མཐོན་བར་དུ་དཀྱིལ་འཁོར་དུ་བསྒྲུབས་ཤིང་། ཐོན་ནས་ལམ་རྒྱ་གྲམ་ལ་སོགས་པར་སའི་རོ་ལྔ་བསལ་ལ་ཆུ་ལུད་བྲན་ཞིང་། ཟླ་དུས་ཐེམས་པར་བསྒྲུབ་བོ། །ཕན་ཡོན་ནི། ཉུང་དཀར་རྒྱལ་པོའི་དྲག་རྫས་འདི། །གསང་སྔགས་བརྒྱའམ་སྟོང་དུ་ནི། དམ་བཅས་ལུས་ལ་བཅངས་གྱུར་ན། །ལས་དབང་དག་ཀྱང་བཟློག་འགྱུར་ཞིང་། །བར་ཆོད་ཀྱིས་ཀྱང་ཚུགས་མི་འགྱུར། །ཡིད་ལ་དྲན་པས་སྨོན་ལམ་བཙན། །རིག་འཛིན་བྱང་ཆུབ་ས་ནོན་ཅིང་། །གང་ལ་མངགས་པ་ནུས་མཐུར་འགྱུར། །ཞེས་སོ། །གཉིས་པ་གུ་གུལ་སྒྲུབ་ཚུལ་ལ་རྫས་བསག་པ་དང་།
(༣༤༢)སྒྲུབ་པ་དངོས་ཀྱི་དང་པོ་ནི། གསང་རྒྱུད་ལས། གུ་གུལ་སྦྱར་བར་འདོད་པ་ཡིས། །དུར་ཁྲོད་ཆེན་པོ་རབ་དབེན་པར། །དཔྱིད་ཟླར་བའི་ཉ་ལ་འཇུག །མཎྜལ་གྲུ་བཞི་གཅིག་བྱས་ཏེ། །བན་གླང་ཅན་གྱི་བྷནྡྷ་བཤམ། རྭ་མིག་ཉ་འོག་སྐྲ་སྤུའི་གཞོབ། །ཁྱི་སྤྱང་ཕག་པའི་དྲི་ཆེན་དཀར། །སྐྱེའུ་སྣེའུ་འབྲས་བུ་ར་དུག་ལྕི་བ་དང་ །ཟིར་དྷ་དུ་ར་དང་ལྞེ་བོག་མུ་ཟི་ཁྲག་ཆེན་དང་། །འཁྲི་ཤིང་དྲི་ཡོད་པུཥྤེ་དང་། །དུག་གི་མེ་ཏོག་ཐང་ཆུ་དང་། །འུག་པའི་མིག་དང་ཁྲ་ཡི་ཀླད། །སྤང་རྩེ་སྐྱེ་ཆ་གཅན་གཟན་སྡེར་མོ་རྣམས། །ངེས་པར་བསགས་ཏེ་ཆེ་བསྙམས་ལ། །ར་ཕོད་ལུང་ཕོད་བོད་རེང་བྱང་ཆུབ་སེམས་ཀྱིས་བྲན། །ཚོན་གྱི་སྐུད་པས་དམ་བཅིངས་ལ། ཁ་རལ་མ་ཡི་ཞབས་མས་གྲིལ། །ཙནྡྷ་མེ་ལ་དྲོས་པར་བསྲོ། །མཎྜལ་དབུས་སུ་དེ་བཞག་ལ། །བ་སུ་ཏ་ཡི་གཟུངས་ཐག་གདགས། །ཞེས་པ་ལྟར་བྱ་ཞིང་། དེའི་ར་ཕོད་ལུད་ཕོད་བོང་རེང་གསུམ་གྱི་དངས་མས་དྲན་བ་ནི་ཞལ་ལས་ཡེས་པར་བྱ་ཞིང་ཁར་ལམ་ནི་བུད་མེད་ཁ་མང་པོའོ། །གཉིས་པ་ནི། བདག་གཙོ་ལྷ་མོ་བེ་ཏཱ་ཛ། །བསམ་གཏན་གསལ་བར་རབ་བཞུགས་ཏེ། བེ་ཏཱ་ནག་མོ་འཁོར་ལོ་ཅན། །ཉི་མ་ཧཱུྃ་དང་ལྡན་པ་ལ། །སྤྱན་དྲང་བསྟིམ་མཆོད་རིམ་པར་བྱ། །ཞེས་པས་བདག་བསྐྱེད་བསྡུས་པའི་གཞུང་བསྲངས་ལ། བཟླས་པ་ལ་བབ་པ་ན་གཙོ་བོའི་ཡུམ་ལས་འཁོར་ལོ་རྒྱས་འདེབས་མ་གཉིས་པ་འཁོར་ལོ་དང་ཁ་ཊཱཾ་བསྣམས་པ་ཞིག་ཚད་པ་གྲུ་གུལ་དང་གཉིས་སུ་མེད་པར་བསྒོམས་ལ་བཟླས་པ་བྱ་བ་དང་ལྷན་ཅིག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
(༣༤༣)མཐུ་སྟོབས་དང་ནུས་མཐུ་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ནས་རྫས་ལ་བསྟིམ་པ་ཡིན་ཏེ། དེ་ཉིད་ལས། དེ་ནས་བསྙེན་པ་འདི་བཟླས་ཏེ། མ་གྲུབ་བར་དུ་རྒྱུན་མི་གཅད། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། དྷུ་པཱཾ་བཻ་ཏཱ་ལི་མ་ཀུ་ཏ་ལ་བྲ་ཏ་ལ་ཧཱུྃ་ཕཊ། དལ་མེད་རྒྱུན་དུ་བཟླས་པར་བྱ། །ཏིང་འཛིན་འདྲིས་ཤིང་འཕྲོ་འདུ་གསལ་བ་དང་། །འོད་དང་དྲི་དང་དུ་བ་འབྱུང་། རྟགས་བྱུང་ནས་ནི་ངེས་བསམ་སྟེ། །ལྷ་ལ་མཆོད་དེ་ཐིག་ལེ་བྱ། །དེས་ནི་གཟི་བྱིན་འཐོབ་པར་བྱེད། །ལུས་ལ་བཅངས་ན་གདོན་བགེགས་འཇོམས། །དུད་བཏང་དགྲལ་བདུག་གྱུར་ན། །ལྷ་དང་རྒྱབ་རྟེན་འབྲལ་བར་འགྱུར། །རྟགས་དེ་མངོན་དུ་བྱུང་ནས་ནི། །རུལ་དང་སུངས་དང་མ་བམ་བར། །རིལ་བུ་བྱས་ཏེ་རྣལ་འབྱོར་བཅངས། །གུ་གུལ་སྦྱར་མའི་རྫས་སུ་གསུངས། །ཞེས་པས་གསལ་ལོ། །དེའི་བསྒྲུབ་ཚུལ་གཞན་ནི། གསང་དགོངས་ལས། སུན་ཏྲི་ཀ་ཡི་ཐང་ཆུ་དང་། །མི་ཁྱི་གཉིས་ཀྱི་དྲི་མ་དང་། །སྤྱང་ཀི་ལ་དུ་རྟ་ཕུར་མོ། །དམེ་བ་ལྔ་དང་ཟ་འོག་དང་། །འབོབ་མཚུངས་མི་གཙང་སྣ་ཚོགས་དག །འབྲོང་རུ་གཡས་ཀྱི་ནང་དུ་གྲུབ། །ལམ་པོ་ཆེ་ཡི་བཞི་མདོ་རུ། །སྤྲ་ནག་ཕུབ་ལ་ཞག་བདུན་དུ། །གསང་སྔགས་བཟླས་ལ་མཆོད་པ་དབུལ། །ཁྱད་པར་འཕགས་པའི་དྲི་འབྱུང་སྟེ། །ཁྲོ་བོ་རྣམས་ཀྱི་སྔོན་བྱུང་དྲན། །གྲུབ་རྫས་སེམས་བསྐྱེད་ཡིད་དྲན་གྱིས། །སྲས་མཆོག་ཁྲོ་བོ་གཟི་མདངས་བསྐྱེད། །བར་ཆད་རྐྱེན་དང་བྲལ་བར་འགྱུར། །རྣལ་འབྱོར་དམིགས་པ་འགྲུབ་པའི་རྫས། །ཞེས་སོ། །
(༣༤༤)གསུམ་པ་རཀྟ་བསྒྲུབ་པ་ལ་གཉིས། རྫས་བསགས་དང་། སྒྲུབ་པའི་ཚུལ་ལོ། དང་པོ་ནི། གསང་རྒྱུད་ལས། རཀྟ་སྒྲུབ་པར་འདོད་པ་ཡིས། །ཆུ་གླིང་གནས་སུ་འདུག་ནས་ནི། །མཎྜལ་དམར་པོ་ཟླ་གམ་བྱའོ། །དགུན་ཟླར་བའི་ཉ་ལ་འཇུག །པདྨ་ཅན་གྱི་བྷནྡྷ་རུ། །གཞིའི་རཀྟ་དང་། རིགས་ཀྱི་རཀྟ་དང་། སྒྲོལ་བའི་རཀྟ་དང་། མེ་ཏོག་གི་རཀྟ་དང་། རྩིའི་རཀྟ་དང་། རྡོའི་རཀྟ་དང་། འབྲུའི་རཀྟ་དང་། ཤིང་གི་རཀྟ་ལྔ་དང་། ཆུའི་རཀྟ་དང་། རཀྟ་སུམ་ཅུ་རྩ་དྲུག་སོགས། དེ་ལ་སྦྱོར་བའི་རཀྟས་བྲན། །ལེ་བརྒན་དར་གྱིས་ཁ་བཀབ་ནས། །སེང་ལྡེང་མེ་ལ་དྲོད་བསྲོས་ནས། །མཎྜལ་དབུས་སུ་དེ་བཞིན་གནས། །ཞེས་དང་། གསང་དགོངས་ལས། མཱུ་ལ་རཀྟ་རྩ་ཡི་ཁྲག །རྡོ་ཤིང་རྩི་ཤིང་དམར་པོ་བརྒྱ། །པདྨ་རཀྟ་ལྔ་བརྒྱ་དང་། བསྒྲལ་བའི་མ་ཧཱ་རཀྟ་སྟོང་། །ན་ཆུང་མཚན་དང་ལྡན་པ་ཡི། །བྷནྡྷའི་ནང་དུ་རྫས་བླུགས་ལ། །མཚན་ལྡན་གཞོན་ནུའི་པདྨར་བཅས། །ཞེས་པ་ལས། སྤྱིར་འཁོར་བའི་རྒྱུ་ཆགས་སྡང་གཉིས་ལུགས་ལྡོག་ཏུ་དག་པའི་རྟེན་འབྲེལ་དུ་སྨན་ར་ཀ་གི་མཆོད་པ་བསྟན་ལ། དེ་ལས་རཀྟའི་སྒྲ་དོན་ལ་ངོ་བོའི་སྐབས་སུ་ཆགས་པ་དང་། དངོས་པོའི་སྐབས་སུ་ཁྲག་ཆེན། ཁ་དོག་གི་སྐབས་སུ་དམར་པོ་ལ་འཇུག་པ་ལས། མ་རིག་པ་ནས་རྒ་ཤིའི་བར་གྱི་རྟེན་འབྲེལ་ལུགས་འབྱུང་དུ་རྫོགས་པའི་སྙིང་ཁྲག་དང་ཁོག་བརྩི་འཁྲད་ལ་མཱུ་ལ་རཀྟ་ཞེས་བརྗོད་དོ། །ཆུ་དང་མ་འདྲེས་དངས་མའི་ཁྲག །ཅེས་སོ། །རིགས་ཀྱི་རཀྟ་ནི་དུང་ཅན་མ་ལ་སོགས་པའི་རྡུལ་གྱི་ཐོག་མ་སྟེ། རཀྟའོ། །བསྒྲལ་བའི་རཀྟ་ནི་ཞིང་བཅུ་བསྒྲལ་བའི་ཁྲག་གོ། །
(༣༤༥)དེ་ལྟར་བཞི་པོ་རྩ་བར་བྱས་པའི་སྟེང་དུ། ཡན་ལག་རཀྟ་བརྟན་པའི་ཁྲག །ཅེས་པས། ལོང་རྩའི་ཁྲག་དང་། དེ་བཞིན་དུ་འཁོར་བརྒྱའི་རཀྟ་ཁྲག་སྣ་ཚོགས་ཚད་དང་། སྲིད་པ་གཞིའི་རཀྟ་ལྟེ་བའི་ཁྲག་དང་། ཁྲག་ཐམས་ཅད་ཀྱི་ངོ་བོ་ཉིད་ཆུ་སྣ་དང་། སྣང་བ་བརྡའི་རཀྟ་ཁ་དོག་དམར་པོར་གྱུར་ཚད་དང་། ན་ཆུང་གི་པདྨའི་ཟེ་འབྲུ་རྣམས་ལ་སྦོན་ཧེ་རུ་ཀས་རུ་དྲ་བསྒྲལ་བའི་ཚེ་ཁྲག་གི་ཐིག་པ་ས་ལ་ལྟུང་བ་ལས་བྱུང་བའི་སྣོད་ཀྱི་རཀྟ་ལྔ་ཚན་ལྔའི་སྐྱོབས་སྦྱར་བའི་ཚུལ་ལ་རྡོའི་རཀྟ་ལྔ་ནི། མཚལ་དང་ལྡོང་རོས་བཙག་དང་ནི། མདུང་རྩེ་སྦལ་རྒྱབ་རྣམ་པ་ལྔ། །ཞེས་སོ། ཤིང་གི་རཀྟ་ལྔ་ནི། རྒྱ་སྐག་བཙོད་དང་སེང་ལྡེང་དང་། །བཙན་དུག་ཐར་ནུ་རྣམ་པ་ལྔ། །ཞེས་སོ། །རྩི་ལྔ་ནི། གླ་རྩི་གོ་ཆེ་བུ་རམ་དང་། འབྲི་སྨུག་སྦྲང་རྩི་སྣམ་པ་ལྔ། །ཞེས་སོ། །འབྲུ་ལྔ་ནི། རྒུན་འབྲུམ་སྦྱེར་འབུ་སྐྱུ་རུ་ར། ར་གག་དམར་པོ་ནས་ནག་ལྔ། །ཞེས་སོ། །མེ་ཏོག་ལྔ་ནི། །ཨུག་ཆོས་ལུག་རུ་སྨུག་པོ་དང་། །སྲན་མ་རྒྱ་ལྕམ་རམ་ བུ་ལྔ། །ཞེས་སོ། །དེ་ལྟར་སོ་ལྔ་པོ་བཏགས་ཏ་ཁྲག་ཆེན་གྱིས་བྲུས་རིལ་བུར་དྲིལ ་ཏེ་བུད་མེད་པདྨ་ཅན་གྱི་བྷནྡྷར་སྩལ་ལ། །དར་དམར་གྱིས་ཁ་གཅད། སེང་ལྡེང་གི་མེ་ལ་རན་པར་བསྲོས་ཏེ། མཎྜལ་གྱི་དབུས་སུ་ཁྲིའི་སྟེང་གཞག་གོ །གཉིས་པ་ནི། བདག་གསལ་ཆགས་པའི་དབང་ཅན་བསམ། དགུག་བསྟིམ་མཉེས་མཆོད་བསྙེན་པ་བཟླས། །ཞེས་པས། བདག་མདུན་བསྒྲུབ་ཚུལ་སྔ་མ་བཞིན་ལ། སྔགས་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་རཀྟ་རཱ་གསམ་ཡཱ་བུ་བུ་སྭཱ་ཧཱ། ཞེས་འབུམ་མམ་བྱེ་བ་བཟླས། མངོན་དུ་ཁོལ་ལམ་རླངས་པ་འབྱུང་། །ཡང་ན་
(༣༤༦)ལུད་དམ་འཕགས་ན་ནི། །ལྷ་ལ་མཆོད་དེ་བདག་ཉིད་བཏུང་། །ཆགས་པ་བསྐྱེད་ཅིང་མདངས་ཀྱང་དམར། ཁམས་གསུམ་མོ་ཡི་པདྨའི་མདངས། །ཆགས་བསྐྱེད་ནས་ནི་འབུལ་དུ་འོང་། །ཞེས་སོ། །གསང་རྒྱུད་ལས། བསྙེན་པ་ཞག་བདུན་བར་དུ་ནི། །སྐྱེས་པ་དར་མའི་རྡོ་རྗེ་ཡིས། །དཀྲུག་ཅིང་གསང་སྔགས་རྒྱུན་དུ་བཟླས། །འབྲུ་བཅུད་བདུད་རྩིའི་མཆོད་པ་འབུལ། །རཀྟ་ཁོལ་མའི་རྟགས་བྱུང་སྟེ། །རྣལ་འབྱོར་རྣམས་ལ་རྒྱན་བཏབ་ན། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །ལྷ་སྲིན་རྣམས་ཀྱང་བྲན་དུ་ཁཱོལ། །མ་མོ་མཁའ་འགྲོ་དབང་དུ་སྡུད། །དངོས་གྲུབ་སྒྲུབ་ལ་བར་མི་གཅོད། །སྲས་མཆོག་རྣམས་ཀྱང་དེ་བཞིན་དུ། །ཐུགས་དམ་རྗེས་དྲན་གཟི་མདངས་བསྐྱེད། །གང་ལ་ནུས་མཐུ་མཐར་ཕྱིན་པའི། །དབང་དུ་བསྡུ་བའི་རྫས་དྲག་སྟེ། །གང་ལ་དམིགས་པ་འགྲུབ་པར་འགྱུར། །ཞེས་སོ། །གལ་ཏེ་སོ་སོ་ནས་སྒྲུབ་པའི་སྤྲོས་པ་མ་ལྕོགས་ན་གསུམ་ཀའི་རྫས་ཚོགས་པར་བྱས་ལ་ཐོད་པ་གསུམ་དུ་བླུགས་ནས་ཅིག་ཅར་དུ་བསྒྲུབས་ཀྱང་རུང་སྟེ། རྡོ་རྗེ་ཁྲོས་པ་ལས། ཉུང་དཀར་གུ་གུལ་རཀྟ་གསུམ། །མཚན་མ་ངན་པའི་ཐོད་པ་རུ། །གསུམ་པོ་སོ་སོར་བླུག་བྱས་ལ། །ཚེར་མའི་ཤིང་གིས་ཁ་བཅད་ལ། །དཀར་ནག་སྒྲ་ནི་ཕུབ་བྱས་ལ། །ལམ་པོ་ཆེ་ཡི་རྒྱ་གྲམ་དུ། །མཐུབ་བར་དུ་དེ་བཞིན་བྱ། །གཞན་ཡང་གྲུ་གསུམ་མཐིང་ནག་བསྒོམ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཧྲིལ་ཤག་ཛ་ལ་ནི་ཧཱུྃ་ཕཊ། དུ་བརླངས་དང་མེ་འོད་དང་། །འགུལ་དང་འཁོལ་བ་ལ་སོགས་འབྱུང་། །དེ་བཞིན་རྟགས་མ་ཕེབས་པ་དང་། །ཉུང་དཀར་དབང་པོ་སྣ་ལྔར་བྲབ། །དྲི་ཆེན་དྲི་ཆུ་རྐྱེན་ལས་བསྐྱེད། །བདུད་ཀྱི་ཉི་མ་བཀྲ་མི་ཤིས། །ངན་པའི་དུས་སུ་འདི་དག་བསྒྲུབ། །ཅེས་པ་ལྟར་བྱའོ།། དགེའོ།། །།
(༣༤༧)ཕུར་པ་རྒྱུད་ལུགས་ལས་སྨད་ལས་སྤུ་གྲི་རླུང་འཁོར་ཞེས་བྱ་བ་ངན་སྔགས་ཉེ་བར་བསྙེན་པ་མན་ངག་ལྟར་བཀྲལ་བ་ཆིག་བརྒྱུད་མ་ཨྀིྠ་གསང་རྒྱ་དམ་རྒྱ། ཤྭ་ན་མུ་ཁའི་རྒྱ།
(༣༤༨)ན་མཤྲཱི་བཛྲ་ཀུ་མཱ་ར་ཡ། ལྔ་བརྒྱ་ཐ་མའི་ཡང་མཐའ་འདིར། །རྒྱལ་བསྟན་རི་མོའི་མར་མེ་ཡང་། །ཉམས་པ་བདུན་གྱིས་བསུབ་པའི་དུས། །དྲག་སྔགས་རྒྱལ་པོའི་གྲུབ་མཐའ་བསླབ། །བསྟན་འགྲོའི་དོན་ལ་མ་ཡིན་པར། །གཞན་འབྱོར་དཔལ་ལ་མི་བཟོད་པས། །རང་གར་སྤྱོད་ན་ཕུར་སྲུང་གིས། །དེ་ཡི་དོན་སྙིང་ལྐོག་མར་ཕྱུང་། །འདི་ལ་གསུམ། ཀླད་ཀྱི་དོན། གཞུང་གི་དོན། རྗེས་ཀྱི་རིམ་པ་ལས། དང་པོ་ནི། རྡོ་རྗེ་གསང་བའི་རྒྱུད་ལས། ཕུར་པ་རྒྱུད་ཀྱི་རྒྱལ་པོ་ཡིན། །ཕུར་པ་ལུང་གི་བླ་མ་ཡིན། །ཕུར་པ་མན་ངག་ངེས་པའི་དོན། །ཞེས་རྒྱུད་ལུང་མན་ངག་གསུམ་གྱི་བཤད་ཐབས་ཡོད་པ་ལས། འདིར་རྒྱུད་ཀྱི་དགོངས་པ་གཙོ་བོར་བྱས་ནས་ལུང་དང་མན་ངག་གིས་བཀྲལ་བ་ལ། ཕུར་བུའི་ངོ་བོ་ནི། སྟོང་པ་ཉིད་དང་སྙིང་རྗེ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཡིན་ཏེ། བྱམས་པ་ཆེན་
(༣༤༩)པོའི་བྱིན་རླབས་ལས། །ཆོས་ཉིད་ཕུར་པ་ཅིར་ཡང་སྣང་། །རྡོ་རྗེ་ཕུར་པའི་ངོ་བོ་སྟེ། །ཞེས་སོ། །ངེས་ཚིག་ནི། ཕུར་ནི་ཐམས་ཅད་བྱང་ཆུབ་སེམས། །པ་ནི་ཐམས་ཅད་ཀུན་ཏུ་ཁྱབ། །ཕུར་ནི་ཐམས་ཅད་གཙོ་བོ་མཆོག །ཕ་ནི་ཐམས་ཅད་འཁོར་གྱི་ཚུལ། །ཕུར་ནི་ཐམས་ཅད་སྐྱེ་བ་མེད། །ཕ་ནི་རོལ་པ་འགག་པ་མེད། །ཕུར་ནི་བྱང་ཆུབ་སེམས་སུ་གཅིག །པ་ནི་ཐམས་ཅད་དེ་རུ་བསྒྲུབ། །ཅེས་སོ། །དབྱེ་བ་ནི། ཕུར་པ་རྣམ་པ་བཞི་ཡིན་ཏེ། ཆོས་ཉིད་དོན་གྱི་ཕུར་པ་དང་། །རིག་པ་ཡེ་ཤེས་ཕུར་པ་དང་། །འདུས་བྱས་རྫས་ཀྱི་ཕུར་པ་དང་། བརྟེན་པ་ལུས་ཀྱི་ཕུར་པའོ། །ཞེས་སོ། །བྱེད་ལས་ནི། རང་རིག་ཡེ་ཤེས་ཕུར་པ་ནི། གདབ་ཡུལ་ཆོས་ཀྱི་དབྱིངས་ཉིད་དང་། །ཐུགས་རྗེ་ཆེན་པོའི་ཕུར་པ་ཡིས། ཁམས་གསུམ་སེམས་ཅན་ལ་གདབ་དང་། །
(༣༥༠)གསང་བ་བྱང་སེམས་ཕུར་པ་ཡིས། །ཡུམ་གྱི་མཁའ་ལ་གདབ་པ་དང་། །མཚན་མ་རྫས་ཀྱི་ཕུར་པ་ཡིས། །ཉམས་པ་བདུན་ལ་གདབ་པའོ། །ཞེས་སོ། །དེ་ལ་འདིར་སྨད་ལས་ཀྱི་ངོ་བོ་ངན་སྔགས་ཉེ་བར་བསྙེན་པ་ནི་འདུས་བྱས་རྫས་ཀྱི་ཕུར་པ་ལ་བརྟེན་ནས་བསྒྲུབ་པའི་ཚུལ། འདུས་བྱས་རྫས་ཀྱི་ཕུར་པ་ནི། །བསྒྲལ་བའི་ཞིང་བུར་གྱུར་ལ་གདབ། །མན་ངག་ཉི་དུ་བཀོལ་བ་བདུན། །མེད་དུ་མི་རུང་དེ་བཞིན་བཤམས། །བསྙེན་ཕུར་ལ་ཡང་རྣམ་པ་གཉིས། །ཉུང་དཀར་དང་ནི་ཕུར་བུ་དངོས། །ལྕགས་སྣ་ལྔ་འམ་བདུན་ཀྱང་རུང་། །མགོ་བོ་རྒྱ་མདུད་རྩེ་ཐུར་གསུམ། །སྐེད་བརྒྱ་མདུད་གཞལ་ཡས་ཁང་། །ལྕུམ་གཞོགས་ལ་ནི་སོར་བཅུ་གཉིས། །བསྙེན་པའི་ཕུར་པ་དེ་བཞིན་བྱ། །སེང་ལྡེང་ཕུར་པ་སོར་བརྒྱད་ནི། །མཐུ་འཕྲོག་བྱིན་རླབས་ཡོད་པ་ཡིན། །དེ་བཞིན་བྱ་རྒོད་གཤོག་ཕུར་ཡང་། །འགུགས་པར་བྱ་བའི་ནུས་པ་ཡོད། །སེར་པོ་གསེར་རམ་ཡང་ན་ནི། །སྐྱེར་བ་དག་ལ་བྱས་པ་ནི། །ཟིལ་གྱིས་གནོན་པའི་ཕུར་པ་ཡིན། །སྐྱེས་པ་དར་མ་རིགས་ཅན་གྱི། །སྦོམ་པོ་མ་ཡིན་ཐུར་མ་ཕྲ་མོ་ཙམ། །ཟངས་སམ་མཛོ་མོ་ཤིང་དག་གིས། །དམར་པོ་དག་ལ་བྱས་པ་ཡིན། །དབང་དུ་འདུས་པའི་ཕུར་བུར་བསྟན། །ཙནྡན་དག་གམ་རྒྱ་ཤུག་ནི། །གཟི་བྱིན་འཕྲོག་པར་ཡང་དག་བསྟན། །ལྕགས་སམ་ཤིང་ནི་ནག་པོའམ། དྲག་པོར་གྱུར་པ་མཐའ་དག་ལ། །རྡུལ་དུ་བརླག་པར་རབ་ཏུ་བསྟན། །ཞེས་སོ། །ཁྱད་པར་སྲས་ཕུར་ཀྱི་རྒྱུ་ལྕགས་སྣ་ལྔ་ནི་མྱང་འདས་ལས། །གནམ་ལྕགས་ས་ འདི་ས་མདའི་
(༣༥༡)ལྡེའུ་སོགས་སྔོན་ཆད་རྟགས་ཕྱིན་པའི་ལྡེའུ་ཡིན་པར་གསང་དགོངས་ལས་བཤད་ཅིང་གཞན་དུ་ལྷ་ཁང་རྙིང་པའི་སྒོ་གཟེར་ཀྱང་བཤད། ལྕགས་ཁྲོ་ཆུ་གསུམ། །མི་རྟ་བསད་པའི་མཚོན་རྩེ་བཞི། །ཕལ་པའི་ལྕགས་དང་ལྔ་ལ་བྱ། །ཞེས་དང་། ཡེ་ཤེས་རྩེ་མོ་ལས། གསེར་དངུལ་ཟངས་ལྕགས་འཁར་བ་རྣམས། །ཞེས་བཤད་དོ། །གཞན་ཡང་རྒྱུའི་ཁྱད་པར། དེ་བཞིན་ཤེར་ཤིང་རྭ་མཚོན་རྐང་། གླང་པོ་ཆེ་དང་གཅན་གཟན། །གདུག་པ་ཅན་དང་བཀྲ་མི་ཤིས། །ཁྱོ་དགུ་ཤི་བའི་ཡུགས་མོའི་འཕང་། །དེ་ལ་དྲག་པོའི་ཕུར་བ་བྱ། །ཞེས་དང་། རྩ་རྩེའི་ཁྱད་པར་ཡང་། རྩ་བའི་ཕྱོགས་སུ་རྒྱ་མདུད་བྱ། །རྩེ་མོ་རང་རང་གཞུང་བཞིན་གཞོག །ཅེས་དང་། ཚད་དང་དབྱིབས་དང་གྲངས་ངེས་ཀྱི་སྒོ་ནས་བཤད་ན། སོར་བརྒྱད་སོར་དྲུག་བཅུ་གཉིས་དང་། །བཅུ་དྲུག་ཡུང་བུའི་ཚད་ཡིན་ནོ། །ཟླུམ་དང་གྲུ་བཞི་ཟླ་གམ་དང་། ཟུར་གསུམ་དབྱིབས་སུ་ངེས་པ་ཡིན། །གཅིག་དང་ལྷ་གྲངས་མཉམ་པའོ། །ཞེས་པས་ལས་བཞིའི་ཁྱད་པར་ངེས་པར་བྱས་ཤིང་། དེ་ཡང་ཤིང་གཅིག་ནས་བཟོན། །ཞི་རྩེ་རྒྱས་བརྩ་བ་དབང་། དྲག་པོ་ས་ཡི་གཏིང་ལ་བྱ། །ཞེས་སོ། །ཚད་གྱི་ཁྱད་པར་ཞིབ་པ་ནི་རྡོ་རྗེ་ཁྲོས་པའི་བཤད་རྒྱུད་ལས། ཤིང་ལྕགས་གཉིས་ཀྱི་ཚད་དང་དབྱིབས། །སོར་བརྒྱད་ཚད་དུ་རྫོགས་པ་ལ། དབུ་ལི་རྒྱ་མདུད་སོར་གཅིག་སྟེ། །ཟུར་གསུམ་བརྒྱད་དང་གྲུ་བཞི་ལྔ། །ཧཱུྃ་མཛད་ཁྲག་འཐུང་ལྔ་རྫོགས་ཏེ། །སོར་གཉིས་ལྟེ་བ་ཡན་ཆད་ལ། །ལྕུམ་གཞོགས་བརྒྱད་དུ་ཡང་དག་ཤེས། །ཁྲོ་རྒྱལ་མགོ་བརྙན་བཅུ་དྲུག་རྫོགས། །སོར་གཅིག་ལྟེ་བ་གསུས་
(༣༥༢)པ་དེ། །སྒོ་བཞི་སྒོམ་བཞི་དང་ལྡན། །འོག་གི་སྟོབས་ཆེན་དེ་ཉིད་དེ། །སོར་གཅིག་བཙོས་པོ་མཚན་མ་སྟེ། །ཆུ་སྲིན་ཁ་རུ་ཡང་དག་རྫོགས། །དྲག་པོ་མཁའ་འགྲོའི་དཀྱིལ་འཁོར་ཡིན། །སོར་གསུམ་དཔལ་དང་ལྡན་པ་སྟེ། །ཡུམ་ཆེན་ལྔ་ཡི་དཀྱིལ་འཁོར་ཡིན། །བཅུ་གཉིས་ལྡན་ན་དབུས་དེ་གཙོ། །སོར་རེ་ཡིན་ཞིང་སྐུ་སྟོད་ལ། །སོར་གསུམ་ལྡན་པ་རྫོགས་པར་བྱས། །གཞན་དྲུག་དཔལ་དུ་ཤེས་པར་བྱ། །སོར་དྲུག་བརྒྱད་འདྲ་ཆུང་བ་ཉིད། །སོར་ནི་བཅུ་དྲུག་ལྡན་པ་ལ། །སོར་གཉིས་དབུ་ཡིན་སྐུ་སྟོད་བཞི། །ལྟེ་བ་གཉིས་ལ་མཚན་མ་གཉིས། །དྲུག་ནི་དཔལ་དུ་རྫོགས་པ་ཡིན། །ཆ་ཚད་ལྡན་པས་རྟགས་མྱུར་རོ། །རབ་གནས་རྩེ་གཅིག་ཡིད་ཀྱིས་རྫོགས། །རང་གི་ལུས་ཉིད་ཕུར་པ་སྟེ། །མགོ་བོ་རྒྱ་མདུད་གོང་མ་ཡིན། །སྐུ་སྟོད་ལྕམ་གཞོགས་བརྒྱད་ཡིན་ལ། །ལྟེ་བ་རྒྱ་མདུད་ལོག་མ་ཡིན། །བཙོས་པོ་མཚན་མ་ཆུ་སྲིན་ཁ། །རྐང་པ་གཉིས་ནི་དཔལ་དུ་ཤེས། །ལུས་ཀྱི་ནང་དུ་ལྷ་རྫོགས་པས། །ཕུར་པ་གཅིག་ཏུ་བསྒྲུབ་པ་ཡིན། །ལས་རྣམས་འགྲུབ་པར་ཐེ་ཚོམ་མེད། །ཚོན་སྣ་ལྔའམ་བ་སུ་ཏའི། །གཟུངས་ཐག་ལྡན་པ་བཟླས་པ་ནི། །བྱེ་བ་གཅིག་གིས་ལྡིང་བར་འགྱུར། །འཁྲོལ་བ་མེ་དང་འོད་རྣམས་འབྱུང་། །དེ་ཡིས་ལས་རྣམས་ཐམས་ཅད་འགྲུབ། །ཅེས་སོ་དེའང་གསང་བའི་དགོངས་རྒྱུད་སོགས་ལས་རིང་ཚད་སོར་བཅོ་བརྒྱད་དང་། ཐུང་ཚད་སོར་མོ་བཞིར་བཤད་ནས་དེ་ལས་ཐུང་བར་མ་གསུངས་སོ། །དེ་ལས་རིབ་པར་ཡོངས་མ་གསུངས། །ཞེས་བཤད་པའི་དག་པ་ནི། །འབྱུང་བ་བཞི། འགྲོ་བ་དྲུག །
(༣༥༣)རྣམ་ཤེས་བརྒྱད་རྟེན་འབྲེལ་བཅུ་གཉིས། ཐིག་ལེ་བཅུ་དྲུག །ཁམས་བཅོ་བརྒྱད་གནས་སུ་དག་པའི་དོན་དང་སྦྱོར་ན། ཆོས་ཉིད་ཀྱི་ཕུར་པ་ནས་གང་པ་རེ་ཞིག་ཏིང་འཛིན་སེམས་དཔའ་ལ་དམིགས་པར་གོ་ན་ལེགས་ཏེ། གཞན་དུ་རྡོ་རྗེ་བཀོད་པ་ལས་ཀྱང་། དེ་ལ་ཆོས་ཉིད་ཀྱི་ཕུར་པ་ནི། ཆོས་ཅན་གང་ལའང་མི་དམིགས་སོ། །ཞེས་སོ། །དེ་ལྟ་བུའི་ཕུར་པ་འདུ་བྱེད་པའི་གང་ཟག་ཀྱང་། དགེ་སློང་ཤན་པ་དགེ་བསྙེན་དང་། །རྣལ་འབྱོར་རིག་སྔགས་འཆང་དང་ནི། །ལྷ་བཟོས་བླངས་པ་མཆོག་ཡིན་ནོ། །ཞེ་གནག་ཁྲིམས་གཙང་སྡོམ་ལྡན་པ། །དབང་ཐོབ་དད་པ་ལྡན་པས་གཟུངས། །བཟོ་མཁས་ཡོན་ཏན་ལྡན་པས་བྱ། །ཞེས་སོ། །དེ་ལྟར་རྒྱུ་རྐྱེན་རྟེན་འབྲེལ་ཐམས་ཅད་ཚོགས་པའི་ཕུར་བུ་ནི་དཀྱིལ་འཁོར་གྱི་ལྷའི་ཐུགས་ཀྱི་རྟེན་ཡིན་པས་དངོས་གྲུབ་ཀྱི་རྫས་སུ་གཟུང་བའི་ཚུལ། ཕུར་པ་ལྷ་ཡི་དཀྱིལ་འཁོར་ཀྱང་། །ཐུགས་ཀྱི་རྟེན་ལས་ཡང་དག་འགྲུབ། །ཅེས་པས་བསྒྲུབ་ན་དཀྱིལ་འཁོར། །འགྲོ་ན་སྐེད། ཉལ་ན་སྔས་སུ་བལྟར་མི་མངོན་པའི་ཚུལ་གྱིས་འབྲལ་སྤང་བྱ་བ་ཡང་། སྲས་མཆོག་ཕུར་པའི་དམ་ཚིག་ནི། །ཀུན་ལ་བསྟན་པར་མི་བྱའོ། །ཞེས་དང་། ཁྲག་དང་གུ་གུལ་སྐབས་སུ་བདུག །སྔགས་ནི་ཉིན་མཚན་སུམ་སྟོང་རེ། དར་རམ་རས་ཀྱིས་དཀྲིས་ལ་སྦ། །འབྲལ་བར་མི་བྱ་ལུས་ལ་བཅད། །བཏབ་ན་ལྷ་ཡང་བརླག་པར་འགྱུར། །ཡོངས་གྲུབ་དངོས་གྲུབ་མྱུར་དུ་ཐོབ། །ཅེས་སོ། །དེ་ཡང་སྨད་ལས་ཀྱི་སྐབས་འདིར་སྒྲུབ་ཕུར་རམ། ལྷ་ཕུར་མེད་ན་
(༣༥༤)གདབ་ཕུར་ཉི་ཤུ་རྩ་ལྔ་ནི་མེད་དུ་མི་རུང་བ་ཡིན་པས་དཀྱིལ་འཁོར་གྱི་ལྷ་གནས་སོ་སོ་དང་། ཡོད་ན། བདག་ཉིད་བསྲུང་བ་བྱད་བཟློག་པ། །བྲུབ་ཁུང་གོང་བཞིན་མཆོད་རྟེན་བཅའ། །དམ་རྫས་ཚང་པར་ངེས་པ་ཡིན། །ལྷ་ཕུར་རངས་པོ་ཀུན་ལ་ཡང་། །སྔགས་པས་བསྲུང་བཟློག་བཏགས་ལ་བྲི། །བུམ་པ་དག་ལ་དགོད་པར་བྱ། །འོག་ཏུ་གསད་པའི་རིམ་པ་བྱ། །ཞེས་རྣལ་འབྱོར་ཆེན་པོ་ལས་ནང་འགྲས་ལ་སོགས་པའི་བསྲུང་བཟློག་དམིགས་བསལ་གྱི་མཆོད་རྟེན་བཅས་ཆོག་ཀྱང་ཡོད་དེ། འདིར་ལྷ་ཕུར་ལྷ་གནས་དང་གདབ་ཕུར་ཐོད་པར་སྦམས་པའི་ཚུལ། མཚན་དང་ལྡན་པའི་བྷནྡྷ་རུ། །ནག་པོ་འབྲུ་ཡིས་བཀང་ནས་ནི། །རིམ་པར་བཞུགས་ཤིང་བྱིན་བརླབ་བྱ། །མཐིང་ནག་དར་གྱིས་ཁ་བཅད་ལ། །བྱིན་བརླབ་དབང་བསྐུར་གཞུང་བཞིན་བྱ། །མི་འགྱུར་ཕོ་བྲང་རྫས་སུ་དགོད། །ཅེས་དང་། དེའི་མན་ངག་ནི། ཡལ་ག་མེད་པའི་བྷནྡྷ་ནི། །ཐོད་པ་རབ་ཏུ་ལེགས་པ་ལ། །ཡུགས་ས་མོ་ཡི་མངལ་ཁྲག་གིས། །གྲུ་གསུམ་མེ་འོད་འབར་བ་ལས། །ཕྲིན་ལས་བཞི་ཡི་དབྱིབས་བྱའོ། །དེ་ལ་དགྲ་བགེགས་མིང་བྱང་གཞུག །བསྙེན་པའི་ཕུར་པས་གཟིར་ལ་གཞག །ཅེས་པ་ལྟར་བྱའོ། །གཉིས་པ་གཞུང་གི་དོན་ལ་གསུམ་ལས། དང་པོ་བཅའ་གཞི་ནི། དེ་ནས་དྲག་པོའི་ལས་བྱ་བ། །དཀྱིལ་འཁོར་འཁོར་ལོ་རྩིབས་དྲུག་པ། །ཕུར་པ་དྲུག་བཅས་རབ་བཀོད་དེ། །ལིངྒ་ཐུན་རྫས་དྲག་པོའི་རྫས། །གསང་སྔགས་རྫས་སུ་ཤེས་པར་བྱ། །ཞེས་དང་། ལྕགས་ཕུར་
(༣༥༥)དབུས་སུ་དགོད་པར་བྱ། །མི་བཟང་ཕུར་པ་དྲུག་རྣམས་ནི། །གྲུ་གསུམ་དྲུག་ལ་ཤེས་པར་བྱ། །ཞེས་པ་ལ་སོགས་པའི་དོན་ཞིབ་པ་ནི་དམ་ཅན་ཉེ་བར་བསྙེན་པ་དང་འབྲེལ་ན་དེའི་མན་ངག་དང་བསྟུན་ནས་རང་ལུགས་བཙན་པར་བྱ། ལས་དྲུག་ཁོལ་བཏོན་གྱི་ཚེ། དཀྱིལ་འཁོར་གྱི་སྟེགས་བུའི་འོག་ཏུ་བྱེ་སྟེགས་ཟུར་གསུམ་པའི་དབུས་གསད་དཀྱིལ་རྒྱར་ཁྲུ་གང་ཐབས་ཁྲུ་ཕྱེད་པ་ཅན་གྲུ་གསུམ་དུ་གྲུས་པར་ཕུང་ས་དང་རོ་སོལ་གྱིས་ནག་པོར་བྱ། ལོགས་གསུམ་དུ་མདའ་གཞུ་བཀའ་བ་རེ་དང་། ཟུར་གསུམ་ལ་ཟ་བྱེད་ཞལ་རེ་བྲི། དེའི་ཁ་ཁྱེར་རྩིབས་དྲུག་ཏུ་བྱས་པ་ལས་སྲས་མཆོག་ངོ་བོ་མི་བཟད་པའི་ཕུར་པ་དྲུག་དང་། མཐའ་ལ་དམ་ཅན་གྱི་སྣམ་བུ་ལ་ཕུར་པ་བཅུ་གཉིས་ས་མ་ཡང་ན་ཤར་ནས་བརྩམས་དམ་ཅན་གྱི་ཕུར་པ་གསུམ་དང་བྱང་དུ་མིང་པོའི་ཕུར་པ་བཀོད། ཉ་བོའི་རྒྱུ་ནི། གྲོག་མཁར་ས་དང་མི་ཕུག་ས། །གངས་ཀྱི་དུམ་བུ་ཇུ་རྩེའི་ཕུབ། །སྲུབ་ཀའི་ལོ་མ་ཞིང་ཆེན་རས། །སྐྱེ་ཚེ་དང་ནི་ལྡོང་རོས་དང་། །ཐལ་ཆེན་དང་ནི་རཀྟ་དང་། །བཤད་པ་དང་ནི་གཅི་བ་སྟེ། །བཅུ་གཉིས་ཐོད་པའི་ནང་དུ་བླུགས། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། མུཏྐ་ར་ཨ་ཀོ་ཊ་ཡ་ཧཱུྃ་ཕཊ། ར་ཐུག་ལུག་ཐུག་གཅིན་གྱིས་སྦྲུ། །ཞེས་པ་ལྟར་ལས་གྲོག་མཁར་ནི་རྒྱ་གྲོག་དམར་པོ་དང་། ཏིལ་ནག །རྒྱ་མཚོའི་འགྲམ་མམ་ཆུ་ཀླུང་ཆེན་པོའི་འགྲམས། ལན་ཚྭ། ཆུའི་རྦ། བོང་བུའི་ཆུ། སོ་དོག །དྲི་མ་དྲུག་ལ་སོགས་པའང་འདྲེས་པར་བྱས་ནས་ཉ་བོ་སོར་བཅུ་གཉིས་པ་བྱས་པའི་སྲོག་པ་རྩའི་དོན་དུ་དུར་ཁྲོད་ཀྱི་རྩྭ་ཀུ་ཤ་བཅུག་
(༣༥༦)ཅིང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་པ་ཤཾ་བི་ཤོ་དྷ་བཾ་ཁཾ་ཧཱུྃ་ཕཊ། ནྀྲ་དྲི་མཱ་ར་ཡ་ཕཊ། ཅེས་ཀྱང་བཟླས། ཡང་ལེངྒ་རིས་སུ་འབྲི་ན་གང་ཟག་ཞེ་སྡང་ཅན་སྔགས་ཀྱི་ཐེག་པ་ལ་དད་ཅིང་མདོག་ནག་ལ་མིག་དམར་བ། སྨིན་མཚམས་སུ་ཁྲོ་གཉེར་གསུམ་པ་མཆེ་བ་ཅན། ཆུ་བྱའི་ལག་ཅན་གྱིས་སྨིན་དྲུག་ས་འོག་ཏུ་སོང་བའི་དུས་བཙལ་བའི་སྨྱུག་གུ་ཀངྐ་ལ་སོགས་བྱ་ཤ་ཟན་གྱི་སྒྲོ་འམ། མཆོག་གི་རྐང་ལ་བྱ། དཔྱིད་ཟླ་འབྲིང་པོ་ལྷ་མོ་ཨུ་མའི་གསང་བར་ཟླ་གསང་དཀར་དམར་འཆར་བའི་དུས་བཙལ་བའི་སྣག་ཚ་ནི་མ་པའི་ཁུ་བ་དང་བསྲེས་པ་ཉེ་བར་བསྔོགས་ཤིང་ཉི་ནག་ལ་བབ་པའི་ཚེ། གོང་གི་རྒྱུ་དེ་དག་གིས་སྤགས་པའི་གྲོ་གའམ། ཞིང་རས་ལ་སོགས་པར་ལིངྒ་མཚན་ཉིད་ཚང་བར་བྲིས་པའི་སྙིང་གར་ཁྲག་ཆེན་གྱིས་ཧཱུྃ་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བྲི། ཉ་བོ་ཡིན་ན་བཞི་སྙིང་དྲིལ་བས་མགོ་བསྣན་ཏེ་བྲིས་པ་སྙིང་གར་སླ་ན། གཉིས་ཀ་ལ་དཔྲལ་བ་ཀླད་རྒྱས་འཁོར་ལོ་ལ་སོགས་པ་དྲུག་མན་ངག་ལྟར་བྲི་མ་ནུས་ན། སྤྱི་བོར་ཨོཾ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན་དང་། དཔྲལ་བར་ཆེ་གེ་མོ་ཧ་ས་ཡར་ཧྲི་ཏ་ན་ཧཱུྃ་ཕཊ། ཅེས་པས་མཚོན་ཏེ། སྙིང་ག །ཉྭ་བཞི། ལྕེ། ལྟེ་བ། གསང་གནས་རྣམས་ལ་སྔགས་དྲུག་པོ་མིང་སྤེལ་ཅན་བཀོད། གེགས་ཀྱི་རཱུ་པ་ཡིན་ན་མིང་བཞི་འདུས་པའི་ཕུང་པོའི་རྟེན་འབྲེལ་ལས་སྔགས་དྲུག་པོ་རིམ་པ་བཞིན། དཔྲལ་བ། སྤྱི་བོ། ལྟག་པ། ཨོ་ལ་ཀོ །མིག་ལ་སོགས་པའི་དབང་པོ་བཞི། སོ་རྣམས་ལ་བྲི་བ་མན་ངག་ཡིན་ནོ། །ལིངྒའི་མཐའ་ལ་བཞི་སྙིང་དྲིལ་བ་དམོད་པ་དང་བཅས་པ།
(༣༥༧)དེའི་མཐར་ཛ་ཁྲོཾ་གྱིས་བསྐོར། །དྷ་དུ་ར་ལ་སོགས་པའི་དུག་ཁྲག་བྱུག །ལིང་ཁྲུས་ལེགས་པར་བྱ། ཚོན་སྐུད་སྣ་ལྔས་ཅུང་ཟད་དཀྲིས་ལ་ཕུར་ཐོད་དུམ་དྲུག་གམ། རབས་ཆད་དམ། མོན་ནགས་སོགས་པའི་ཐོད་པར་བཅུག །བསྙེན་ཕུར་གྱིས་གཟིར་ནས་བཞག་པ་གསད་དཀྱིལ་དུ་འཇུག་པའི་ཚུལ། དབུས་སུ་བྲུབ་ཁུང་།ཐུར་དུ་བྲུ། དེ་ནས་ཐོད་པར་ལིངྒ་བཅའ། །ཞེས་པའི་དོན་ཏོ། །ཐུན་རྫས་ནི། །ཉུང་དཀར་ཉུང་ནག་སྐྱེ་ཚེ་དང་། །ཤང་ཚེ་ཕྱི་མོ་གསུམ་དང་ལྡན། །རྡོ་དྲེག་ཟིར་ཏིལ་ནག་དང་། །དུག་ཁྲག་ཚོགས་པས་རྣོ་ངར་བསྐྱེད། །ཅེས་དང་། དམ་ཅན་སོ་སོའི་ཐུན་རྫས་ནི། །ཉུང་དཀར་ལ་སོགས་རྫས་བཞི་ལ། །བསེ་མོའི་སྔགས་དང་ཏིང་འཛིན་དང་། །རིམ་གྱི་ཕྱི་མོ་ལ་སོགས་བཞི། །བདག་ཉིད་མ་ཡི་སྔགས་དང་ནི། །ལྕགས་ཕྱེ་ལ་སོགས་རྫས་བཞི་ལ། །ཤྭ་ནའི་སྔགས་དང་ཏིང་འཛིན་དང་། །ཚིག་བཞིས་བདེན་པ་བདར་ལ་དབབ། །ཅེས་པ་ལྟར་འདུ་བྱའོ། །གཉིས་པ་ཆོ་གའི་གཞུང་བསྲང་བ་ལ་གསུམ། རྩ་བ་དཀྱུས་སུ་བསྡེབ་པ་དང་། དཀྱུས་ཁོང་ཁྲར་གཏང་བ་དང་། དངོས་གྲུབ་བླང་པའི་ཁྱད་པར་གཉིས་བསྟན་པའོ། །དང་པོ་ནི། རྒྱུད་ལས། དང་པོ་ཏིང་འཛིན་རྣམ་གསུམ་ནས། །རྫོགས་པས་མཐིང་ནག་འབར་བ་སྟེ། །དེ་ལ་མཆོད་བསྟོད་རྫོགས་པར་བྱ། །འཁོར་ལོ་དྲུག་ལ་དྲེགས་པ་དྲུག །ཁྱམས་ལ་མ་བདུན་སྲུང་མ་གསུམ། །རིམ་པར་རྫོགས་ཚུལ་ཤེས་པར་བྱ། །མཆོད་པ་བསྟོད་པ་
(༣༥༨)ཡན་ཆད་བྱ། །དང་པོ་གཙོ་བོའི་གསང་སྔགས་དང་། །མིང་རུས་བཅས་པའི་ངེས་པ་དང་། །ཧ་ས་ཡ་རའི་ཡི་གེ་དགུ། །སུམ་བརྒྱ་དྲུག་ཅུའི་གཙོ་བོ་སྟེ། །དགྲ་ལྷའི་རྒྱལ་པོའི་སྙིང་པོ་ཡིན། །དང་པོ་ཞག་གཅིག་ལྷ་དང་དབྲལ། དེ་ནས་སྲུང་མ་མ་བདུན་སྔགས། །ཐུན་དང་བཅས་པས་གསད་པར་བྱ། །རྩ་བས་དམ་ཅན་གནད་ལ་དབབ། །ཨཱ་བེ་ཤ་ཡི་ཡི་གེ་བཅུ། །ཀླུ་ཡི་རྒྱལ་པོའི་གསང་སྔགས་ཡིན། །ནུབ་གཉིས་གཟུགས་ལ་དབབ་པའོ། །ཤི་ཀྲི་ཨ་ནའི་ཡི་གེ་བདུན། །ཁུ་ལེ་ལག་དགུའི་གསང་སྔགས་ཏེ། །གསུམ་པ་བྱད་དུ་གཞུག་པའོ། །ཛྭ་ལ་པ་ཡི་ཡི་གེ་བཅུ། །རྒྱལ་པོ་སྤྱན་གཅིག་སྙིང་པོ་སྟེ། །བཞི་པ་སྨྱོ་རུ་གཞུག་པའི་སྔགས། །ཏ་ཐཱ་ཡ་ཡི་ཡི་གེ་བརྒྱད། །བཙན་འགོང་དམར་པོའི་སྙིང་པོ་སྟེ། །ལྔ་པ་རྡུལ་དུ་བརླག་པ་ཡིན། །བྷིནྡྷ་ཡ་ཡི་ཡི་གེ་བཅུ། །རེ་མ་ཏི་ཡི་སྔགས་ཡིན་ཏེ། །དྲུག་པ་ཞལ་དུ་བཏབ་པའི་སྔགས། །ནུབ་དྲུག་དམ་རྫས་ཕོ་ཉ་དང་། །སྲུང་མའི་ཐུན་རྣམས་སྤྱན་པ་ཡི། །ཀླུ་དང་མཛེ་ནད་ཇག་བཅིངས་དང་། །སྤྱོད་དང་འཆིང་དང་རིམས་ནད་ཀྱིས། །ངེས་པ་དག་ཏུ་འཆི་བར་བཤད། །ཅེས་པའི་དོན་སྒྲ་ཇི་བཞིན་པར་ལག་ལེན་ལ་འདེབས་ན། དབྱེ་བའི་གནས་དུར་ཁྲོད་ཤར་བསྟན། །དབབ་པའི་གནས་ས་ཆད་བྱ་རྟའི་གཟུགས། །བཅིང་བའི་གནས་དུར་ཁྲོད་ཀླུ་ཆགས། །སྨྱོར་གཞུག་མི་རེངས་ཁྱི་རྒྱུག་འདྲ་བ་ཐེའུ་བྲང་ཡོད་པའི་གནས། །བརྡུང་བའི་གནས་དུར་ཁྲོད་བྲག་ནག །བཏབ་པའི་གནས་དུར་ཁྲོད་ཆུ་མིག་ཀླུ་ཤིང་སྣ་དགུ་
(༣༥༩)ཡོད་པའི་སར་སོ་སོའི་མཎྜལ་མདའ་གང་རེ་ཁཱ་ཐ་དད་པ་ཅན་ལ་བསྙེན་ཕུར་དང་། གཟས་ཕུར་སོ་སོར་བཀོད་ཅིང་གཏོར་མ་དང་དྲེགས་པའི་མཐུན་རྫས། དམིགས་བྱའི་མིང་རུས་ལ་སོགས་པ་ཚོགས་པར་བྱས་ནས་རང་རང་གི་ཀློང་དང་སྔགས་གསུམ་སྦྲེལ་ནས་བསྐུལ་བའི་མཐར་བསྲེག་གནན་འཕང་གསུམ་གྱིས་མཐའ་བསྡུ་བའི་ཚུལ་བཤད་པའི་རྒྱུད་ཀྱི་ལེའུ་བཅུ་བདུན་པ་ནས་ཉི་ཤུ་རྩ་གསུམ་པའི་བར་གྱིས་སྟོན་ལ་འདིར་རེ་ཞིག་རྩ་རྒྱུད་ལས། བསྙེན་པ་རྣམ་གཉིས་རྫོགས་བྱས་ནས། །དངོས་གྲུབ་བར་ཆད་བསྒྲལ་བའི་ཕྱིར། །དྲག་པོའི་ཕྲིན་ལས་ཞག་བདུན་བྱ། །ཞེས་པའི་དོན་པ་སློབ་དཔོན་ཆེན་པོ་པདྨའི་ཞབས་ཀྱི་དགོངས་པ་ཤེས་པའི་སྔོན་གྱི་ཕུར་པ་མཁན་པོ་རྒྱ་དང་ལག་ལྷག་རྡོ་རྗེ་བྱང་ཆུབ་ལ་སོགས་པ་རྣམས་ཞག་དང་པོ་ལ་དགུག་པ་མགོ་བསྣོན་དུ་སྦྱོར་བའམ། བདུན་པ་ལ་གནན་བསྲེག་འཕང་གསུམ་གྱིས་མཇུག་བསྡུ་བའི་ལུགས་གཉིས་ལས། འདིར་པདྨའི་རིང་ལུགས་དང་རྒྱུད་སྡེ་མང་པོ་ཞལ་མཐུན་པའི་རྗེས་སུ་འབྲངས་ནས་དགུག་གཞུག །གི་ལས་ནི་དམ་ཅན་ཉེ་བར་བསྙེན་པའི་དུས་སོང་བས་ཉིན་དང་པོ་ནས་དྲུག་ཚན་དྲུག་གི་ལས་སྦྱོར་ལ་འཇུག་པའི་གོ་རིམ་ནི་རྒྱུད་ལས། དང་པོས་ལྷ་དབྲལ་གཉིས་པས་དབབ། གསུམ་པས་བྱད་གཞུག་བཞི་པས་སྨྱོ། །ལྔ་པས་རྡུལ་བརླག་དྲུག་པས་བཏབ། །ཅེས་དང་། གབ་པའི་སྔགས་དྲུག་སྦས་པའི་ཚིག །རྫས་དྲུག་ཕོ་ཉ་ཕུར་པ་དྲུག །དུས་དྲུག་ཀུན་ལ་ཤེས་པར་བྱ། །ཞེས་པ་ལས། ཉིན་དང་
(༣༦༠)པོ་ལྷ་དང་དབྲལ་བའི་ལས་དྲུག་གི་དང་པོ་བསྐུལ་ནི། ཧཱུྃ་དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཤྭ་ནམ་མཁའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ཅེས་པ་ནི་ཀུན་གྱི་མགོ་གནོན་ཡིན་ཀྱང་ཕོ་ཉའི་རྣམ་དབྱེ་བྱེད་པ་མགོ་བར་ཟད་དེ། རྒྱུད་ལས། དམ་ཚིག་ཆེན་པོའི་དུས་ལ་བབ། །མགྱོགས་བྱེད་ཡེ་ཤེས་ཕོ་ཉའོ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཐུགས་རྗེ་སྤྲུལ་པའི་ཕོ་ཉའོ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཟ་བྱེད་གསོད་བྱེད་ཕོ་ཉའོ། །ཞེས་སོགས་ཐ་དད་དུ་ཕྲལ་བས། དུས་ལ་བབ་པ་དྲུག་པོ་ནི། །གང་ལ་ཡང་ནི་ཤེས་པར་བྱ། །ཞེས་པ་དང་འགལ་ལོ། །གཉིས་པ་འཕྱང་ལའང་། །དངོས་གྲུབ་བར་གཅོད་ཚིག་བཞི་དང་། །སྔགས་དང་རྫས་སུ་བཅས་པ་ཡི། །ཞེས་པས། ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །དངོས་གྲུབ་བར་ཆད་བྱེད་པའི་གེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །གཏོགས་ཤིགས་གྲོགས་དང་བྲལ་བར་གྱིས། །ཞེས་པས་ཐུན་བཞི་ཀར་བསྐུལ་བར་བྱའོ། །གསུམ་པ་སྔགས་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཧཱུྃ་བཾ་ཧོ ཆེ་གེ་མོ་མཱ་ར་ཡ་ཧ་ས་ཡ་ར་ཧྲི་ཏ་ནས་རྦ་བིག་ནན་བཾ་ཧཱུྃ་ཕཊ། བཞི་པ་རྫས་ནི། གུ་གུལ་ཚིལ་ཆེན་དྲི་ཆེན་གསུམ། །རྐང་དྲེག་སྒྲོ་གཉིས་རྭ་ཡི་གཞོང་། །ཅེས་སོ། །ལྔ་པ་ཏིང་ངེ་འཛིན་ནི། བདག་ཉིད་རྩ་བའི་ཐུགས་ཀ་ནས། རྐང་པ་དང་པོ་གཉིས་འོག་མ་རྣམས་ལའང་འགྲེ །ཛཧཱུྃ་བཾ་ཧོའི་
(༣༦༡)ཕྱག་རྒྱ་བཞིས། །ཡེ་ཤེས་འོད་ཟེར་དྲག་པོར་ཕོབ། །ལྷ་རྣམས་བྱ་ནག་རྡོས་གཏོར་བཞིན། །ཕྱོགས་བཞི་དང་ཏུ་འཐོར་བར་བསམ། །ཞེས་སོ། །སྤྲོ་ན་བཤད་རྒྱུད་ལས་གསུངས་པའི་ཉེ་འབྱེད་ཕྲ་མ་མཁན་གྱི་བསྐུལ་འདི་ཡང་བྱ་སྟེ། དབྱེ་སྒྲོ་གཉིས་ཉ་བོའི་སྟེང་དུ་བསྣོལ་ནས་གདབ་ཅིང་། བྱ་གཉིས་ཀྱི་སྙིང་གར་ལྷ་དང་བསྒྲུབ་བྱ་བསམ་ནས་དབང་མེད་དུ་དགྲ་གཤེད་འཐབ་པར་བསམ་པ་ཁྱད་པར་གྱི་དམིགས་པའོ། །ཧཱུྃ། ཉེ་འབྱེད་རླུང་གི་པྲ་མ་མཁན། །རླུང་ལྷའི་བུ་ལ་སྲིན་པོའི་ཚ། །ཕ་ནི་རླུང་ལྷ་ཁ་སྐྱེས་ཡིན། །མ་ནི་སྲིན་མོ་ཁ་འབར་མ། །གཉིས་མེད་བུ་གཅིག་བྱུང་བ་ནི། །ཉེ་འབྱེད་ཆེན་མོ་ཕྲ་མ་མཁན། །སྐུ་མདོག་དུད་ཁ་ཆེན་པོ་ལ། །འཇིགས་པའི་ཁྲོ་གཉེར་མང་པོས་བརྒྱན། །གཡས་ཀྱི་དང་པོ་བྱ་རོག་གོང་རུ་བསྣམས། །ཉམས་པ་སྤྱན་གྱིས་གཟིགས་པར་བྱེད། །གཡོན་གྱི་དང་པོ་འུག་པའི་གོང་རུ་བསྣམས། །མི་འཆོར་རྟོག་པ་རབ་ཏུ་གསལ། གཡས་འོག་ལྕགས་གྱུ་སྟྭ་རེ་བསྣམས། །ཉམས་པ་མགོ་ལུས་འདྲལ་བའི་རྟགས། །གཡོན་གྱི་འོག་མ་རླུང་གི་རྐྱལ་པ་བསྣམས། །ཉམས་པ་རླུང་ལ་བསྐུར་བའི་རྟགས། །ཁྱོད་ཀྱི་ཕྲག་པ་གཡས་པ་ན། །ལྕགས་ཀྱི་བྱ་ཁྲ་གཡུ་མིག་ཅན། །སྣང་སྲིད་མི་མཐོང་གཅིག་ཀྱང་མེད། །དམ་ཉམས་ཕྲག་པ་གཡས་ཀྱི་ཕོ་ལྷ་ཕྲོལ། །ཁྱོད་ཀྱི་ཕྲག་པ་གཡོན་པ་ན། །ཟངས་ཀྱི་བྱ་ཁྲ་གསེར་མིག་ཅན། །སྲིད་པ་གསུམ་ཡང་དུས་གཅིག་གཟིགས། །
(༣༦༢)ཕྲག་པ་གཡོན་གྱི་མོ་ལྷ་ཕྲོལ། །ཁྱོད་ཀྱི་སྤྱི་བོའི་གཙུག་ཏུ་ནི། །ཤེལ་ཀྱི་བྱ་ཁྱུང་གཡུ་མིག་ཅན། །དགེ་སྡིག་གཉིས་ཀྱི་ལས་ཀྱང་གཟིགས། །འགོ་བང་བྱེད་པའི་ཞང་ལྷ་ཕྲོལ། །ཁྱོད་ཀྱི་རྒྱབ་ཀྱི་སོག་པ་ལ། །སྟག་དང་སྤྱང་ཀི་རྔམ་ཞིང་རྒྱུག །ཉམས་པ་ཟས་སུ་ཟ་བར་བྱེད། །ཉམས་པའི་རྒྱབ་ཀྱི་དགྲ་ལྷ་ཕྲོལ། །ཁྱོད་ཀྱི་མདུན་གྱི་ལྷེན་སྣ་ལ། །སེང་གེ་དཀར་མོ་འགྱིང་ཞིང་འཕྱོང་། །སྣང་སྲིད་དབང་དུ་སྡུད་པར་བྱེད། །དམ་ཉམས་མདུན་གྱི་སྲོག་ལྷ་ཕྲོལ། །ཁྱོད་ནི་སྟོང་གསུམ་ཕྲ་མ་མཁན། །རླུང་ལྷའི་བུ་ལ་སྲིན་པོའི་ཚེ། །མཆུ་ནི་ལྕགས་ཀྱི་གཟོང་བས་རྣོ། །དམ་ཉམས་མི་དང་ལྷའི་བར་དུ་དབྱེན་ཆུག་ཅིང་། །ཁྱོད་ཀྱིས་མ་བྱེད་གང་ཡང་མེད། །ལྷ་དང་ལྷ་མིན་གཡུལ་འགྱེད་ཀྱང་། །འབྱེད་པར་ཁྱོད་ཀྱིས་ནུས་པར་བྱེད། །ཚེ་གསུམ་དྲན་བྱེད་ཕོ་རོག་མ། །ཁྱོད་ཀྱིས་མི་དྲན་ཅི་ཡང་མེད། །བསྟན་པ་གཉན་ལ་གནོད་པ་ཡི། །དམ་ཉམས་བསྒྲལ་བའི་ཞིང་བཅུ་འདི། །འགོ་བར་བྱེད་པའི་ལྷ་དང་ཕྲོལ། །སྟོང་པར་བྱེད་པའི་གཉེན་དང་ཕྲོལ། ཧུ་ལུ་མུན་མཐོང་འུག་པ་མ། །ཁྱོད་ཀྱིས་མི་མཐོང་གང་ཡང་མེད། །བསྟན་པ་གཉན་ལ་གནོད་བྱེད་པའི། །དམ་ཉམས་བསྒྲལ་བའི་ཞིང་བཅུ་འདི། །ཁྱོད་ཀྱིས་བསྒྲལ་བའི་ཕྲིན་ལས་མཛོད། །ཅེས་བསྐུལ་ལོ། །དགྲ་བོ་ལྷ་བཟང་ནས་ཕྱོགས་གཞན་དུ་ལྷ་དབྱེའི་བཅའ་ག་བྱེད་པའི་ཚུལ་རྒྱུད་ལ་བལྟའོ། །དྲུག་པ་སྨོན་ལམ་ནི། །གུ་གུལ་ལ་སོགས་པའི་དབྱེ་རྫས་རྣམས་བདུག་ཅིང་
(༣༦༣)དབྱེ་རྒྱ་དང་བཅས། ཆོས་ཉིད་ཀྱི་བདེན་པའོ། །གསང་སྔགས་ཀྱི་བྱིན་རླབས་སོ། །སངས་རྒྱས་ཀྱི་མཐུའོ། །ཨ་བྷི་ཙརྱའི་དུས་ལ་བབ་པོ། །བརྣག་པའི་ལས་དེ་ཁོ་ན་ཉིད་དོ། །བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་ཕུར་པའི་ལྷ་ཚོགས་ཁྲོ་བཅུ་ཕྲ་ཕྱག་སྒོ་བ་དམ་ཅན་མིང་སྲིང་དྲེགས་པ་དྲུག་དང་བཅས་པས་དམ་ཉམས་པའི་དགྲ་བོ་ཆེ་གེ་མོ་ལ་སྐྱོབ་པའི་ལྷ་དང་འགོ་བའི་ལྷ་ལྔ་རྣམས་བྱ་རོག་རྡོས་བརྡུངས་པ་ལྟར་ཐོང་ཞིག །ཅེས་དང་། རྗེས་འབྲེལ་དུ་གཟས་ཕུར་ལྔ་སོ་སོར་གདབ་པའི་ཚུལ་ཡང་། ལྕགས་ཕུར་སྔགས་ཀྱིས་སྙིང་ལ་གདབ། །སྐྱེར་ཕུར་མཆོག་ཕུར་སེང་ལྡེང་ཕུར། །བྱ་ཕུར་ཙན་དན་ཤེར་ཤིང་རྣམས། །རང་རང་སྔགས་ཀྱིས་གནས་གནས་གདབ། །ཅེས་པས། ཁྲག་གི་གནད་གཅོད་པ་སེང་ལྡེང་གི་ཕུར་པ་སྤྱི་གཙུག་ཏུ་བཏབ་ནས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཙིནྡྷ་ཚིནྡྷ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བཟླས་པས་གནན་གྱི་འཇུ་ཐག་གཅོད་དོ། །གཉིས་པ་གཟུགས་ལ་དབབ་པ་ལ་དྲུག་ལས། དང་པོ་བསྐུལ་ནི། ཧཱུྃ། དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཤྭ་ན་མུ་ཁའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། །གཉིས་པ་འཕྱང་། ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །དངོས་གྲུབ་བར་གཅོད་
(༣༦༤)བྱེད་པའི་གེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །གསུམ་པ་སྔགས་ནི་ཐོག་མཐའ་འདྲ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ། བཞི་པ་རྫས་ནི། དབབ་པ་ཉུང་དཀར་རྒྱལ་པོ་དང་། །སྨད་དཀྲིས་རཀྟ་ཚ་བ་ཡིན། །ཞེས་སོ། །ལྔ་པ་ཏིང་ངེ་འཛིན་ནི། །འོད་ཟེར་དྲག་པོའི་ཚྭ་ཚྭར་བརྡབ། །གཟས་པོའི་རྣམ་ཤེས་མི་འཆོར་བཀུག །ཆུ་དང་འོ་མ་འདྲེས་པའམ། །བྱ་མལ་ནི་མར་ཐིམ་བཞིན། །རྣམ་ཤེས་ལིངྒར་ཐིམ་པར་བསམ། །ཞེས་སོ། །སྤྲོ་ན་གསང་དགོངས་ལས་གསུངས་པའི་བླ་འགུགས་ཀྱི་ཕོ་ཉ་མོ་བཞི་ཡང་བསྐུལ་བ་ནི། ཧཱུྃ་དཔལ་གྱི་ཕོ་ཉ་ལས་མཁན་མོ། །དཀར་མོ་དུང་གི་མཆེ་བ་ཅན། །མཁའ་ལ་འབྱུང་བའི་མཛོད་འཁྱིལ་མ། །ལག་ན་སྤུ་གྲིས་སེམས་ཅན་སྒྲོལ། །ཞལ་དུ་དགྲ་བོའི་སྙིང་ཁྲག་རྡུབ། །སྤྲུལ་པ་ཐོག་དང་སེར་ཆེན་འབེབས། །ཕོ་ཉ་སུམ་བརྒྱ་དྲུག་ཅུ་འགྱེད། །སུམ་བརྒྱ་དྲུག་ཅུའི་གཙོ་མོ་སྟེ། །བསྐལ་པ་བརྒྱད་ཁྲིའི་ཕོ་རོལ་ནས། །དམ་ལས་འདས་པའི་བླ་འདྲེན་མ། །ཉམས་པའི་བླ་ལ་ནན་མ་ཆུང་། །ལྷོ་ཡི་ཕྱོགས་ནས་འབྱུང་བ་ནི། །ནག་མོ་ལྕགས་ཀྱི་ལན་ཚར་ཅན། །ཁྱུང་གི་ཁྲ་ཐོགས་གཡས་པ་ན། །བྷནྡྷ་གྲི་ཐོགས་གསོང་ལ་རྔམས། །ཚངས་པའི་སྦྱིངས་པའི་ཆ་ལུགས་ཅན། །མི་སྡིག་མགོ་ལ་གཅེར་བུའི་ལུས། །ཕོ་ཉ་སུམ་བརྒྱ་དྲུག་ཅུ་འགྱེད། །སུམ་བརྒྱ་དྲུག་ཅུའི་གཙོ་མོ་སྟེ། །བསྐལ་པ་བརྒྱད་ནས་བླ་
(༣༦༥)ཚོལ་ཚོལ། །དཔག་ཚད་བྱེ་བར་སྲོག་འགུགས་འགུགས། །ཉམས་པའི་བླ་དང་སྲོག་ལ་ཡ། །ནུབ་ཀྱི་ཕྱོགས་ནས་འབྱུང་བ་ནི། །དཀར་མོ་ཉི་མའི་འོད་འཕྲོ་མ། །གདུག་པ་འདུལ་ལ་དྲག་པོ་སྟེ། །གསོད་ལ་རྔམ་པའི་ལས་ལ་བརྩོན། །མཆེ་གཙིགས་གཡང་གཞི་གོས་སུ་གྱོན། །སུམ་བརྒྱ་དྲུག་ཅུའི་གཙོ་མོ་སྟེ། །རབ་ཏུ་སྤྲུངས་ནས་བླ་འགུགས་མ། །ཉམས་པའི་བླ་དང་སྲོག་ལ་ཡ། །བྱང་གི་ཕྱོགས་ནས་འབྱུང་བ་ནི། །ལྗང་ནག་འཁྱིལ་པའི་ཐོད་གདེངས་ཅན། །སེར་མོ་རལ་ཅན་འབུམ་གྱིས་བསྐོར། །ཕྱག་ན་རལ་གྲི་གསོད་ལ་རྔམས། སུམ་བརྒྱ་དྲུག་ཅུའི་གཙོ་མོ་སྟེ། །སྔོན་ནས་དགྲ་བོའི་བླ་འགུགས་མ། །ཉམས་པའི་བླ་དང་སྲོག་ལ་ཡ། །ནམ་མཁའི་ལྷ་མོ་ཕུར་བའི་ལྷ། །ལག་བརྒྱ་ལྕགས་ཀྱི་ཕུར་པ་འདྲིལ། །སྤྱན་བརྒྱ་ཁྲག་གི་མཆི་མ་འཛག །ཞལ་བརྒྱ་གདུག་པའི་ངན་སྔགས་ཟློས། །ཚེམས་ཀྱིས་སྐྱེ་ཤི་རྩ་བ་གཅོད། །ཕུར་བའི་ལས་མཁན་ཆེན་མོ་མ། །རབ་ཏུ་མི་བསྲུན་ལས་ལ་བརྩོན། །ཕོ་ཉ་མང་པོ་ཕྱོགས་བཅུར་འགྱེད། །རྡོ་རྗེ་སྐུ་གསུང་ཐུགས་ལས་སྤྲུལ། །ཉམས་པའི་བླ་དང་སྲོག་ལ་ཡ། ཛཧཱུྃ་བཾ་ཧོ ཨོཾ་བཛྲ་ཨཾ་ཀུ་ཤ་ཛ ཆེ་ཀྲེ་མོ་ཧཱུྃ་ཛ ཞེས་རོལ་ཁོངས་སུ་བཟླ་ཞིང་། ཁོའི་གནས་མལ་དང་རྐང་མཐིལ་གཉིས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་རྔ་མོང་གི་གཟུགས་ཅན་དུ་ལངས་ནས་འདར་ཡེད་ཡེད་བཏེགས་ཏེ་ཕོ་ཉའི་ཚོགས་ཀྱིས་ཕྱག་རྒྱ་བཞིས་བཏམ་
(༣༦༦)བས་ལིངྒ་ལ་འདྲེས་པར་བསམ་མོ། །དྲུག་པ་སྨོན་ལམ་ནི། རཱུ་པ་ལ་ཉུང་དཀར་དང་ཁ་ནག་གི་སྐུད་པ་དཀར་ནག་གིས་དབབ་ཅིང་། སྔགས་རྒྱ་བཞི་དང་བཅས། ཆོས་ཉིད་ཀྱི་བདེན་པའོ། །སོགས་ནས། དམ་ཉམས་པའི་དགྲ་བོ་ཆེན་གེ་མོའི་རྣམ་པར་ཤེས་པ་གཟུགས་བརྙན་འདི་ལ་མངོན་སུམ་དུ་ཐོབ་ཅིག །ཅེས་དང་། དབུགས་ཀྱི་གནད་གཅོད་པ་བྱ་ཕུར་རྐང་མཐིལ་དུ་བཏབ་ནས། བྱ་གྲྀ་མུ་ཁ་ཨཾ་ཀུ་ཤ་མཱ་ར་ཡ་ཕཊ། ཅེས་བཟླས་པས་སའི་རྟེན་ཕུར་འབྱིན་ནོ། །གསུམ་པ་བྱད་དུ་གཞུག་པ་ལ་དྲུག་ལས། དང་པོ་བསྐུལ་ནི། ཧཱུྃ། དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཤྭ་ན་མུ་ཁའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། །གཉིས་པ་འཕྱང་ནི། ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །དངོས་གྲུབ་བར་གཅོད་བྱེད་པའི་གེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུང་ཞིག་ཆིངས་ཤིག་རྣམ་པར་ཆིངས། །གསུམ་པ་སྔགས་ནི། ཤི་ཀྲི་ཨ་ན་ཡ་མཱ་ར་ཡ་ཕཊ། བཞི་པ་རྫས་ནི། ཚོན་སྣ་ལྔ་ཡིས་བྱད་དུ་གཞུག །ཅེས་སོ། །ལྔ་པ་ཏིང་ངེ་འཛིན་ནི། ལྕགས་ཐག་ཟངས་ཐག་བྱད་དུ་གཞུག །འགུལ་མི་ཤེས་པར་གྲུ་གུ་འཐུལ། །བྲུབ་ཁུང་དཀྱིལ་འཁོར་ནང་དུ་ནི། གྲུ་གུ་བཞིན་ནུ་སྒོངས་པར་བསྒོམ། ཞེས་སོ། །དྲུག་པ་སྨོན་ལམ་ནི། བྱད་ཐག་དཀྲི་ཞིང་
(༣༦༧)ལྕགས་སྒྲོག་གི་རྒྱ་དང་བཅས། །ཆོས་ཉིད་ཀྱི་བདེན་པའོ། །སོགས་ནས། དམ་ཉམས་པའི་དགྲ་བོ་ཆེ་གེ་མོའི་ཕུང་པོ་ལྔ་དང་རྣམ་པར་ཤེས་པའི་ཚོགས་བརྒྱད་བྱད་དུ་ཆུག་ཅིག །ཅེས་དང་། འབྱུང་བཞིའི་གནད་གཅོད་པ། མཆོག་ཕུར་གསང་གནས་སུ་བཏབ་ནས། བིང་བིང་མཱ་ར་ཡ་ཕཊ། སོགས་བཟླས་པས་སྐྱེ་རྒྱུད་གཅོད་དོ། །བཞི་པ་སྨྱོ་རུ་གཞུག་པ་ལ་དྲུག་ལས། དང་པོ་བསྐུལ་ནི། ཧཱུྃ། དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཤྭ་ན་མུ་ཁའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། །གཉིས་པ་འཕྱང་ནི། ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །དངོས་གྲུབ་བར་གཅོད་བྱེད་པའི་གེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །རེངས་པར་ཁུག་ལ་སྨྲར་ཆུག་ཅིག །གསུམ་པ་སྔགས་ནི། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ བཞི་པ་རྫས་ནི། སྨྱོ་བདུག་གི་ཆུ་ཡིས་སོ། །ཞེས་སོ། །ལྔ་པ་ཏིང་ངེ་འཛིན་ནི། འོད་ཟེར་དྲག་པོས་བརྡབས་ཤིང་གཟིར། །སྨྱོ་བ་སྨྲ་བ་མཚམས་མེད་པའི། །ཐ་མར་མྱོས་ཤིང་ལྐུགས་པ་དང་། ཁ་ནས་མེ་འབར་ཁོང་ནས་ཁྲག །འཕོངས་ནས་ངན་ཁྲག་འཛག་པར་བསམ། །ཞེས་སོ། །དྲུག་པ་སྨོན་ལམ་ནི། ཉ་བོ་ལ་ཐང་ཕྲོམ་པའི་ཁུ་བ་འདེབས་ཤིང་དེའི་རྒྱ་དང་། དུག་གཏོར་ལ་རྨ་
(༣༦༨)བྱའི་སྒྲོ་བཙུགས་པ་ཐོགས་ནས། ཆོས་ཉིད་ཀྱི་བདེན་པའོ། །སོགས་ནས། དམ་ཉམས་པའི་དགྲ་བོ་ཆེ་གེ་མོ་སྨྱོ་རུ་ཆུ་གཅིག །རང་གི་ཉེས་པ་སྨྲ་བའི་འོ་དོད་དྲག་པོ་བོད་དུ་ཆུ་གཅིག །ཅེས་དང་། རྩ་བཞིའི་གནས་གཅོད་པ་ཟངས་མ་ཙནྡན་ནམ། །ཤེར་ཤིང་གི་ཕུར་པ་ལྕེ་ལ་བཏབ་ནས། ན་མས་མནྟ་བི་ཤོ་དྷ་བེ་ར་བེ་ར་མཱ་ར་ཡ། སོགས་བཟླས་པས་དག་འཇོམས་སོ། །ལྔ་པ་བཏུན་དུ་བརྡུང་བ་ལ་དྲུག་ལས། དང་པོ་བསྐུལ་ནི། ཧཱུྃ། དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཤྭ་ན་མུ་ཁའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། གཉིས་པ་འཕྱང་། ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །དངོས་གྲུབ་བར་གཅོད་བྱེད་པའི་གེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློགས། །གསུམ་པ་སྔགས་ནི། ཏ་ཐཱ་ཡ་ཏ་ཐཱ་ཡ། བཞི་པ་རྫས་ནི། །རྡོ་རྗེ་ཐོབས་རྡུལ་དུ་རློག །ཅེས་སོ། །ལྔ་པ་ཏིང་ངེ་འཛིན་ནི། །བདག་ཉིད་རྩ་བའི་ཐུགས་གནས། །ཕོ་ཉ་ཐོབ་ཅན་དག་ནི། །གྲངས་མེད་འོད་ཟེར་བཅས་པ་བྱུང་། །གཟས་པོའི་གཟུགས་ཀྱི་ཕུང་པོ་ནི། །མ་ལུས་རྡུལ་དུ་བརླག་པར་བསམ། །ཞེས་སོ། །དྲུག་པ་སྨོན་ལམ་ནི། ལྕགས་ཟངས་ཕྱེ་མ་འཐོར། །ཐོ་གཏུན་གྱི་རྒྱལ། ཆས་
(༣༦༩)ཉིད་ཀྱི་བདེན་པའོ། །ནས། དམ་ཉམས་པའི་དགྲ་ངོ་ཆེ་གེ་མོའི་གཟུགས་ཕུང་སྐྱེ་མཆེད་དད་བཅས་པ་འབར་བ་ཆེན་པོའི་ཐོ་གཏུན་གྱི་བར་དུ་རྡུལ་དུ་ལྷོགས་ཤིག །བསྡུས་འཇོམས་བཞིན་དུ་བརྡུངས་ནས་ཤ་མྱོག་རུས་མྱོག་ཏུ་ཐོང་ཞིག །ཅེས་དང་། ཚེའི་གནད་གཅོད་པ་ལྕགས་ཕུར་སྙིང་དཀར་ནག་མཚམས་སུ་བཏབ་ནས། སརྦ་དུཥཾྚ་མཱ་ར་ལ། ཞེས་པས་སེམས་ཀྱི་དབྱིས་འབྱིན་ནོ། །དྲུག་པ་ཞལ་དུ་བསྟབ་པའི་ལས་ལ་དྲུག་ལས། དང་པོ་ལས་དྲུག་གི་དཀྱུས་ལྟར་ཏིང་ངེ་འཛིན་གྱིས་བསྟབ་པའི་བསྐུལ་ནི། ཧཱུྃ། དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཤྭ་ན་མུ་ཁའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། །གཉིས་པའི་འཕྱང་། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །དངོས་གྲུབ་བར་ཆད་བྱེད་པའི་གེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་རྣམས་ཉན་པར་བྱོས། །ཞལ་དུ་བསྟབ་པོ་ཁ་རཾ་ཁཱ་ཧི། །སྐུ་ཡི་གཟི་བརྗིད་རྒྱས་པར་མཛོད། །གསུམ་པ་སྔགས་ནི། བིནྡྷ་ཡ་བིནྡྷ་ཡ་ བཞི་པ་རྫས་ནི། བསྟབ་པ་ཧོམ་གཟར་རྒྱ་ཡིས་བྱ། །ཞེས་སོ། །ལྔ་པ་ཏིང་ངེ་འཛིན་ནི། འོད་ཟེར་སྤྲུལ་པ་གྲངས་མེད་ཀྱིས། །གཟས་པོའི་དབང་པོ་འདུ་བ་དང་། །ཤ་
(༣༧༠)ཁྲག་རུས་ཆེན་རྒྱུ་མ་གཟིར། །བསྟབ་པས་རོལ་པར་དེ་བཞིན་བསམ། །ཞེས་སོ། །དྲུག་པ་སྨེན་ལམ་ནི། ལག་གཉིས་ཧོམ་གཟར་གྱི་རྒྱ་དང་བཅས། ཆོས་ཉིད་ཀྱི་བདེན་པའོ། །སོགས་ནས། དམ་ཉམས་པའི་དགྲ་བོ་ཆེ་གེ་མོའི་ཕུང་ཁམས་སྐྱེ་མཆེད་བསོད་ནམས་ཟ་ཐང་དང་བཅས་པ་རྗེས་ཤུལ་ཙམ་ཡང་མེད་པར་ཞལ་དུ་ཐོབ་ཅིག །བཞེས་ཤིག །རོལ་ཅིག །ཁ་རཾ་ཁཱ་ཧི། ཞེས་དང་། བཀྲག་མདངས་ཀྱི་གནད་གཅོད་སྐྱེར་ཕུར་ལྟེ་བར་བཏབ་ལ། སུ་རུ་སུ་རུ་ཨུ་ཙུཥྨ་མ་ཧཱ་ཀྲོ་ཏ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བཟླས་པས་ལྟེ་བ་སྲིད་བསྐྱེད་བྱེད་གཞོམ་མོ། དེ་ལྟར་གསང་བའི་ཚིག་དྲུག་གིས་བསྐུལ་ཞིང་གབ་པའི་སྔགས་དྲུག་ཁོང་ཁྲར་གཏང་བ་ནི། གསད་ལས་ཀྱི་ངོ་བོ་ཉིད་ཡིན་ཏེ། རྒྱུད་ལས། སྔོན་གྱི་དུས་ན་གསང་བའི་ཚིག་དྲུག་པོ་འདི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་མ་གསུངས་པས། ལས་ཀྱི་སེམས་དཔའ་ཡང་སྐྲག་ནས་ས་ལ་འགྱེལ་ཞིང་འཇིག་རྟེན་ཆེར་གཡོས་ཤིང་རབ་ཏུ་གཡོས་པར་གྱུར་ཏོ། །ཞེས་སོ། །གཉིས་པ་ལས་དྲུག་ཆར་གྱི་ཁོང་ཁྲར་གཏང་བ་གདབ་ལས་ལ་དོན་དྲུག་ལས། དང་པོ་ཚེ་ལུང་ནི། རྒྱུད་ལས། དྲུག་རྫོགས་ཕུར་པས་གདབ་པ་ཡང་། །བསྙེན་ཕུར་བཏབ་ལ་ཚེ་ལུང་བྱ། །ཞེས་པས། འཁོར་བའི་རང་བཞིན་རྣམ་པར་ཤེས་པའི་ཚོགས་བརྒྱད་ཀྱི་གནད་གཅོད་ཅིང་། ཁམས་དང་སྐྱེ་མཆེད་ཀྱི་ཉེར་ལེན་དག་པར་བྱེད་པ་ནི་ཕུར་བུ་ཉེར་ལྔའི་གདབ་ལས་ཡིན་ལ། རྣམ་དབྱེའི་ངོས་ནས་ཉམས་པ་བདུན་ལ་གདབ་པའི་
(༣༧༡)མཚན་མ་རྫས་ཀྱི་ཕུར་པ་བྱུག་བདུག་བྲབ་གསུམ་ལ་བརྟེན་ནས་གཟི་བྱིན་བསྐྱེད་པ་ནི། རྒྱུད་ལས། གུ་གུལ་བདུག་ཅིང་ཉུང་དཀར་བརྡེག །ར་ཁྱིའི་ཁྲག་དང་གསུར་ཆེན་གྱིས། །སོ་མོའི་སྙིང་པོ་གདོན་ཅིང་བྱུག །དབང་བསྐུར་བྱིན་རླབས་མཆོག་ཏུ་གསུངས། །ཞེས་པ་ལྟར་བྱ་ཞིང་། མ་གུ་ཏ་ལ་པྲ་ཏ། སོགས་སྒྲུབ་ཐབས་ནང་ལྟར་བཟླའོ། །གཉིས་པ་བསྙེན་ཕུར་བདག་ཉིད་ཆེན་པོའི་རང་བཞིན་དུ་དབང་བསྐུར་ཞིང་བྱིན་གྱིས་བརླབ་པ་ནི། རྒྱུད་ལས། ལག་པ་གཡས་པའི་སྟེང་དུ་མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ། གཡོན་པར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ། གཡས་ཀྱི་སོར་མོ་ལྔ་ལ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་གུང་མོ་ལ་ཨོཾ། མཐེ་བོང་ལ་ཧཱུྃ། མཛུབ་མོ་ལ་ཏྲཱཾ། སྲིན་ལག་ལ་ཧྲཱི མཐེ་ཆུང་ལ་ཨཱ་བསམ། གཡོན་གྱི་སོར་མོ་ལྔ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གུང་མོ་ལ་མཱུཾ། མཐེ་བོང་ལ་ལཱཾ། མཛུབ་མོ་ལ་མཱཾ། སྲིན་ལག་ལ་པཱཾ། མཐེ་ཆུང་ལ་ཏྭཾ། དེ་ནས་སུ་ར་སྟྭཾ་ཞེས་རྡོ་རྗེ་ཐལ་མོ་མཉམ་པར་སྦྱར། བཛྲ་ཨཉྫ་ལི་ཧཱུྃ་ཞེས་སོར་མོ་ཅུང་ཟད་བསྣོལ། བཛྲ་བྷནྡྷ་བཾ་ཞེས་སོར་མོ་རྒྱབ་སྦྱར་ནས་བསྡམ། ས་མ་ཡ་སྟྭཾ་ཞེས་ཕུར་པ་བླངས་ཏེ་ཆང་པར་བཅུག་ལག་པའི་རྟན་པ་ཕྱེ་སྟེ་མཐེ་བོང་གཉིས་དང་། སྲིན་ལག་དང་། མཐེའུ་ཆུང་གི་དབྲག་ཏུ་བཅུག་ལ། མཐེ་བོང་བསྐུལ་ཞིང་བསྒྲིལ་ནས་ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ ཞེས་བརྗོད་པས། ཕྱོགས་བཅུའི་
(༣༧༢)དེ་བཞིན་གཤེགས་པ་ཡབ་ཡུམ་སྲས་དང་བཅས་པ་ཐམས་ཅད་ཞེ་སྡང་རྗེས་སུ་དྲན་པའི་སྤུ་ཉུང་འབྲུ་ཙམ་གྲངས་མེད་པ་བསྡུས་ཤིང་བསྟིམས་ལ། ཧཱུྃ། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་བྱའི་ཕྱིར། །དབང་དང་བྱིན་རླབས་འདིར་སྩོལ་ཅིག །ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཨཱ ཨཱ་བེ་ཤ་ཡ། ཨ་བྷི་ཥིཉྩ་མཱཾ། ཞེས་བརྗོད། སོར་མོ་བཅུ་ཁྲོ་བཅུར་མེས་པའི་བར་དུ་དྲིལ་ནས་བསྙེན་ཕུར་བྱིན་གྱིས་བརླབས། དེ་ཡང་སྐབས་འདི་དག་ཏུ་ཕུར་པའི་ཕྱག་རྒྱ་ལྔ་ནི། རྒྱུད་ལས། ཕུར་བའི་ཕྱག་རྒྱ་ལྔ་རུ་བཤད། །ཕུར་པ་དམ་ཚིག་ཕྱག་རྒྱ་སྟེ། །ལག་པ་གཉིས་ཀྱི་རྟིང་སྦྱར་ནས། །གུང་མོ་ར་ཙི་སྤྲད་བར་དུ་བསྒྲིལ། །དེ་ནས་ཕུར་བུའི་དམ་ཚིག་རྒྱ། །ཨོཾ་བཛྲ་ས་ཏྭ་རྭ་ཛ་ཧཱུྃ། ཚངས་པས་སོར་བརྒྱད་རིམ་པས་གཟུང་། །ལྷག་མ་རྩེ་མོ་མནན་ཆད་པ། །ཕུར་བ་བརྡེག་པའི་ཕྱག་རྒྱ་ཡིན། །ལག་པ་གཉིས་ནི་ཐལ་སྦྱར་ནས། །གུང་མོ་རྩེ་སྤྲད་མཐེའུ་ཆུང་བརྐྱང་། །སྲིན་ལག་མཛུབ་མོ་རྒྱབ་བསྣོལ་ཏེ། །མཐེ་བོང་གཤིབ་སྟེ་བར་དུ་བསྒྲིལ། །འདི་ནི་ཕུར་པ་བསྒྲིལ་བའི་རྒྱ། །ཨོཾ་ཧ་ན་ཧ་ན་དིཔྟ་ཙཀྲ་ཧཱུྃ་ཕཊ། ལག་པ་གཉིས་ཀྱི་རྟིང་སྤྲད་ནས། །སོར་བཅུ་ཁྲོ་བཅུར་བྱིན་བརླབས་ཏེ། །སྲས་མཆོག་དཀྱིལ་དུ་བཞག་ནས་ཀྱང་། །བྱིན་གྱིས་བརླབ་པར་བྱས་པ་ནི། །ཕུར་པ་བྱིན་གྱིས་རློབ་པའི་རྒྱ། །ཨོཾ་ཧྲཱིབྷུ་བ་བྷུ་བ་ཧཱུྃ་ཕཊ། མཐེ་བ་མཚུབ་གཉིས་ཀྱི་བར་
(༣༧༣)དུ་ནི། །ཕུར་པ་བཅུག་ལ་ཡར་འཕངས་ནས། །བབས་པ་བརྡེག་པའི་གཟུགས་ལ་བསྣུན། །འདི་ནི་ཕུར་པ་བསྐུལ་བའི་རྒྱ། །དོན་དུ་ཕྱག་རྒྱ་ལ་སོགས་པ། །ཡང་དག་རྟོགས་ན་ཀུན་ཀྱང་རྒྱ། །མི་རྟོགས་མཚན་མ་རྟོག་པའི་ཞིང་། །ཞེས་པ་ལས། ཕྱིན་གྱིས་བརླབ་པའི་རྒྱས་ཕུར་པ་གྱེན་དུ་གསོར་ཞིང་། ཧཱུྃ། སྲིད་པ་ཕུར་བུར་བསྒྲུབ་པ་དང་། །དབང་དང་དངོས་གྲུབ་སྩོལ་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་བསྟན་པ་དང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཞེས་རྡོ་རྗེའི་ཚིག་དྲུག་གིས་མགོ་བསྣན་ནས། ཧཱུྃ་བཞི་གསལ་འཕྲོ་ཧཱུྃ་བཞི་ཚོགས་ལས་བསྐྱེད། །དབུ་ལ་རྒྱ་མདུད་བསྟན་པ་ཐབས་ཀྱི་རྟགས། །རྩིབས་ལ་ལོགས་བརྒྱད་བསྟན་པས་ཁྲོ་བོ་བརྒྱད། །རིན་ཆེན་ཟུར་བརྒྱད་བསྟན་པས་ཁྲོ་མོ་བརྒྱད། །དབུས་སུ་རྒྱ་མདུད་བསྟན་པས་ཤེས་རབ་རྟགས། །རྩེ་མོ་ཟུར་གསུམ་བསྟན་པས་སྐུ་གསུང་ཐུགས། །སྟེང་འོག་གཉིས་སུ་བསྟན་པས་ཁྲོ་བོ་གཉིས། །ཁོང་སྟོང་བྱང་ཆུབ་སེམས་ཀྱི་རང་བཞིན་ལ། །ཁྲོ་རྒྱལ་འདུས་པའི་སྲས་མཆོག་ཀཱི་ལ་ཡ། །མ་གཡོས་ཆོས་མཆོག་སྐུ་གསུང་ཐུགས་ཀྱི་བདག །སྡུག་བསྔལ་ལོག་པར་འཁྱམས་པའི་སེམས་ཅན་རྣམས། །ཐུགས་རྗེ་གཉིས་མེད་དབྱིངས་སུ་སྒྲོལ་མཛད་པས། །ཐབས་ཀྱིས་བསྒྲལ་བའི་སྐལ་པ་མི་ལྡན་ཡང་། །ཐུགས་ཀྱིས་བསྒྲལ་བའི་ཕྲིན་ལས་
(༣༧༤)མཛད་དུ་གསོལ། །ཞེས་བསྐུལ་ལ་ལོག་རྡུགས་འབྱམས་གསུམ་གྱི་ཉེས་པ་སེལ་ཞིང་། སྒྲོལ་བ་རང་རྒྱུད་པ་ལྡོག་ཕྱིར་བདག་ཉིད་དཔལ་ཆེན་པོ། ཞེ་སྡང་རང་རྒྱུད་པ་ལྡོག་ཕྱིར་བསྙེན་ཕུར་སྲས་མཆོག །གཞན་དོན་ཡལ་བར་མི་མདོར་བས་ཉ་བོ་དམིགས་བྱ་དངོས་ཏེ་གསང་བ་གསུམ་ལྡན་གྱི་རང་བཞིན་སྟོང་ཉིད་སྙིང་རྗེར་ཤར་བའི་ཐུགས་རྗེ་ཆེན་པོའི་ཕུར་པས་ལོག་འདྲེན་ཚར་གཅོད་པ་སྔགས་ལམ་ཐབས་ལ་མཁས་པའི་སྒྲོལ་བ་སྟེ། རྒྱུད་ལས། ཐོག་མར་རྟོགས་གོམས་བདག་ཉིད་བསྒྲལ། །དེ་ནས་གཉིས་མེད་བློ་ཡིས་ནི། །བློ་ངན་སེམས་ཅན་ཡུན་དུ་འཁོར། །གཉིས་སུ་མེད་པར་བསྒྲལ་བར་བྱ། །ཞེས་སོ། །དེ་ལ་ཁྲུས་ལུང་གི་དགོངས་པས་དམིགས་བྱའི་ལས་ཉོན་སྦྱང་བ་ནི། དགོངས་པ་ལྡན་པའི་རྣལ་འབྱོར་པས། །ཁྲུས་ལུང་ཉོན་མོངས་དག་བྱས་ཤིང་། །ཞེས་པས་སྲས་མཆོག་གི་སྤྱི་བོར་ཧཱུྃ་མཛད་དང་། ཧཱུྃ་མཛད་ཀྱི་སྤྱི་བོར་ཨ་དཀར་པོ་གཅིག་བསམ་པ་འོད་དུ་ཞུ་ནས་ཧཱུྃ་མཛད་ལ་ཐིམ། ཧཱུྃ་མཛད་སྲས་མཆོག་ལ་ཐིམ་པའི་རྐྱེན་གྱིས་གཟི་བྱིན་མཆོག་ཏུ་འབར། དེའི་འོད་ཟེར་གྱིས་དམིགས་བྱའི་ལས་ཉོན་སྦྱང་བར་བསམས་ལ། སྲས་མཆོག་གི་ཕུར་པ་དམ་ཚིག་གི་རྒྱས་བཟུང་བ་སྙིང་གར་མ་རེག་ཙམ་དུ་ལན་གསུམ་བསྒྲིལ་ནས། ཧཱུྃ། བྱམས་དང་སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །གསད་ཅིང་གནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེས་གཏམ་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཨོཾ་ལཾ་ཧཱུྃ་ལཾ་སྟཾ་བྷ་ནན། མོ་ཧ་བྷ་
(༣༧༥)ཡ་བྷ་ག་ཝཱ་ན་ཤི་ཀྲི་བི་ཀྲི། ཤྲཱི་བཛྲྭ་ཧཱུྃ་ཀཱ་ར་ཧཱུྃ་ཧཱུྃ་ཕཊ། ཅེས་ལན་གསུམ་བཟླས་ཤིང་། ཡབ་ཡུམ་ཐབས་ཤེས་སུ་སྦྱོར་བའི་ཐབས་ཀྱིས་མིང་རུས་ཚོགས་པའི་རྟེན་གྱི་བག་ཆགས་སྦྱོང་ཞིང་སྟོང་པ་ཆེན་པོ་སྒྲོལ་བའི་ཤེས་རབ་ཀྱིས་ལས་དང་བག་ཆགས་ཀྱི་མཐུས་བསྐྱེད་པའི་རྣམ་སྨིན་གྱི་ཆ་ལྷག་མ་མེད་པར་སྦྱོང་བའི་སྔགས་དོན་དྲན་པར་བྱ་བ་ནི་སྙིང་པོ་སྔགས་ཀྱི་ཁྲུས་ལུང་སྟེ། ཨོཾ་ལཾ་ཧཱུྃ་ལཾ་ཡབ་དང་ཡུམ། །སྟྭཾ་བྷ་ཐབས་དང་ཤེས་རབ་སྔགས། །གཉིས་མེད་སྦྱོར་བས་ཉོན་མོངས་སྦྱོངས། །དྲག་པོ་ཡབ་ཡུམ་སྒྲོལ་བར་བཤད། །མོ་ཧ་མིང་ལ་གྷ་ཡ་རུས། །རྟེན་ལ་དབབ་པའི་ལས་སུ་བཤད། །བྷ་ག་ཝཱ་ན་ནི་བཅོམ་ལྡན་འདས། །སྒྲོལ་བའི་གཙོ་བོ་ཡིན་པར་བཤད། །ཤི་ཀྲི་ཡབ་དང་བི་ཀྲི་ཡུམ། །གཉིས་མེད་ཡབ་ཡུམ་བྱད་དུ་བཤད། །བཛྲ་ཧཱུྃ་དང་ཀཱ་ར་བཅས་པ། །ཡང་དག་དོན་གྱི་འབྲས་བུ་སྟེ། །སྟོང་པ་ཆེན་པོའི་སྒྲོལ་བར་བཤད། །ཅེས་སོ། །དེ་ནས་སྐུ་ཕྱག་རྒྱ་ཆེན་པོའི་ཁྲུས་ལུང་དང་འབྲེལ་བར་རང་རིག་ཡེ་ཤེས་ཀྱི་ཕུར་པ་ཆོས་ཀྱི་དབྱིངས་གདབ་པས་གནས་སྤང་པ་ནི། ཚེ་སྲོག་དབང་སྡུད་སྒྲོལ་བ་ཡི། །རྡོ་རྗེ་ཕུར་པ་རབ་བཏབ་ནས། །སྲིད་པའི་ཚེ་དང་ཕྲལ་ནས་ནི། །རྣམ་ཤེས་རྡོ་རྗེ་གཞོན་ནུར་སྦར། །ཞེས་པས། ཕུར་པ་དམ་རྒྱས་བཟུང་བཞིན་པ་ལས། །བདག་ཉིད་དཔལ་ཆེན་པོའི་ཐུགས་སྲོག་ལས་འོད་ཟེར་འཕྲོས། ཁོའི་སྙིང་ནང་ན་རྣམ་པར་ཤེས་པའི་རྟེན་བླ་ཚེའི་ངོ་བོ་ཡི་གེ་ནྀྲ་གཅིག་གནས་པ་ཕུར་རྩེས་བཤིགས་ནས་ཨར་ཕྱུར་པ་བདག་གི་སྙིང་གར་གཏད་པས་བླ་ཚེའི་སྣོན་མར་ཐོབ་པར་བསམ་པ་ལ་ཚེ་ལུང་ཞེས་ཀྱང་བྱ་སྟེ། སྲན་ཙམ་འོད་ནག་དཀྱིལ་དུ་ནི། །ཁྲག་
(༣༧༦)གི་ནྀྲ་ནི་ཏིལ་འབྲུ་ཙམ། །གནས་པ་དེ་རུ་ཀུན་ཁྱབ་པས། །ཀུན་ལ་དེ་བཞིན་དམིགས་ལ་གདབ། །ཅེས་སོ། །དེ་ནས་ཕུར་པ་བསྐུལ་བའི་རྒྱས། ཧཱུྃ། སྣང་སྲིད་ཐམས་ཅད་ཕུར་པའི་རང་བཞིན་ལ། ཁམས་གསུམ་འཁོར་བ་མིང་ཡང་མི་གྲག་ཀྱང་། །རྒྱལ་བའི་རྫུ་འཕྲུལ་ཆེན་པོ་བསྟན་པའི་ཕྱིར། །རྡོ་རྗེ་མངོན་སྤྱོད་ཕྲིན་ལས་མཛད་དུ་གསོལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཧཱུྃ་བཾ་ཧོ སརྦ་བིག་ནན་བཾ་ཧཱུྃ་ཕཊ། བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་དང་། སྙིང་གར་ཕུར་པ་བསྒྲིལ་བའི་རྒྱ་དང་བཅས། །ཨོཾ་ཧ་ན་ཧ་ན་དིཔྟ་ཙཀྲ་ཧཱུྃ་ཕཊ། ཅེས་བཟླ་ཞིང་བསྒྲིལ་བས་ཁོའི་ཚོགས་དྲུག་འགྱུ་བའི་སྒོ་བཀག །སེམས་དང་སེམས་བྱུང་གི་རྒྱུན་བཅད། ཀུན་གཞིའི་རྣམ་པར་ཤེས་པ་དེ་ཉིད་ཨ་དཀར་པོའི་རྣམ་པར་གསལ། དེ་ཉིད་གནས་སྦར་བ་ནི། ཕུར་བའི་རྩེ་མོ་ལའང་ཨ་དཀར་པོ་འོད་ཟེར་འཕྲོ་བ་གསལ་བདེ་ཨའི་སྒྲ་དྲག་པོར་གྲག་པ་ལས། ཁོའི་རྣམ་ཤེས་ཀྱི་ངོ་བོ་ཨ་དེ་ཉིད་ཕུར་རྩེའི་ཨ་ལ་རྩེ་ན་ཀྱིས་འདུས་པར་བསམས་ལ། ཧཱུྃ། ཐམས་ཅད་ཨ་དཀར་བྱང་ཆུབ་སེམས་སུ་གྱུར། །བསྡུས་པས་གསེར་དངུལ་ཞི་གར་བླུགས་པ་བཞིན། །ཕུར་བའི་རྩེ་མོ་ཨ་ནི་གནས་ལེན་དེས། ཁབ་ལེན་རྡོལ་ལྕགས་རྣམས་འདུས་པ་བཞིན། །བྱང་ཆུབ་སེམས་ཀྱི་རང་བཞིན་དཀར་ལ་འཚོར། །སྐུ་གསུང་ཐུགས་ཀྱི་གནས་སུ་བསྟིམ་པར་བྱ། །སྣང་སྲིད་ཚེ་བཅུད་ཚེ་ཡི་དངོས་གྲུབ་སྩོལ། ཁམས་གསུམ་འཁོར་བའི་བག་ཆགས་གདར་ཤ་གཅད། །
(༣༧༧)ཉོན་མོངས་འཁོར་བ་ཐམས་ཅད་དབྱིངས་སུ་བསྒྲལ། །རྡོ་རྗེ་ཕུར་པས་སྐྱེ་ཤི་རྩད་ནས་གཅོད། །བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཨ་ཨ། །ཞེས་བཟླ་ཞིང་རང་གི་སྙིང་གར་ཕུར་རྩེ་གཏད་པས། ཕུར་རྩེའི་ཨ་ཡང་བདག་ཉིད་ཀྱི་ཐུགས་སྲོག་ལ་དྲེས་པས་བཀྲག་དང་གཟི་མདངས་རྒྱས། །བདག་དང་བསྒྲལ་བྱའི་རིག་པ་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་རང་བཞིན་མེད་པར་རྟོགས་པའི་བདེན་པས་ཁོ་ཡང་འཚེངས་ཤིང་བདག་ལའང་རྣམ་སྨིན་གྱིས་མི་གོས་པས་ན། རྒྱུད་ལས། ཀུན་གཞི་ཉོན་མོངས་ཨར་གསལ་བྱ། །ཨ་དེ་བདག་ལ་རབ་བསྟིམ་པས། །ཚེ་ཞེས་བྱ་སྟེ་དངོས་གྲུབ་བླང་། །ཞེས་དང་། འབྱུང་པོ་ལོག་འདྲེན་ཐམས་ཅད་ཀྱི། །རྣམ་ཤེས་འཕོས་ཤིང་བདེ་བ་ཐོབ། །རྡོ་རྗེ་རིགས་ཀྱི་ལྷ་ཚོགས་ཀྱི། །དག་ཅིང་ཚེ་འཛིན་སྔགས་སུ་གསུངས། །ཞེས་སོ། །གནད་ད་ལྟ་བུ་མི་རིག་པའི་སྔགས་པས་རང་རྒྱུད་ཀྱི་སྡོམ་པ་རྩ་བ་གཅོད་ཅིང་། རྒྱུད་ཐམས་ཅད་ཀྱི་གླེང་གཞི་ལས་སྨོས་པའི་རཱུ་ཏྲའི་གོ་འཕང་ལ་དེ་མ་ཐག་སོན་ནས་མཐར་གྱིས་དམྱལ་བར་འགྲོ་བའི་ཚུལ། ཉམས་པ་བསྒྲལ་ན་མངོན་སངས་རྒྱ། །ཀུན་ལ་བྱས་ན་དམྱལ་བར་ལྟུང་། །ཞེས་སོ། །ད་ནི་གདབ་པའི་ཆོ་ག་ལ་མན་ངག་གི་གནད་མ་ཤེས་ན་དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་ཤན་པའི་སྲོག་ལས་དང་འདྲ་བས། ཐོག་མར་ཁྲོ་བོ་བཅུའི་ཕུར་བས་རྣམ་ཤེས་ཚོགས་བརྒྱད་ཀྱི་གནད་གཅད་པས་ཀུན་གཞི་ལ་འཁོར་བའི་བག་ཆགས་གསོག་པའི་རྒྱུན་ཆད། ཁྲོ་མོ་བཅུའི་ཕུར་པས་སྲིད་པ་ཆགས་བྱེད་ཀྱི་རྟེན་འབྱུང་བ་ལྔ་བཤིགས་
(༣༧༨)པས་ཕུང་པོ་ཐོགས་བཅས་ཀྱི་དངོས་པོ་བཅོམ། །སྒོ་བ་བཞིའི་ཕུར་པས་ལུས་ཀྱི་མཚོ་བཞི་ལ་བཏབ་པས་སྐྱེ་གནས་བཞིའི་སྒོ་དགག་པ་སྟི་རྒྱུད་ལས། ཁྲོ་བོ་ཡབ་ཡུམ་བཅུ་པོ་ཡིས། །གནས་བཅུ་དུག་གསུམ་རྩད་ནས་གཅོད། །སྒོ་བ་བཞི་ཡིས་མཚོ་བཞི་སྐེམ། །ཞེས་སོ། །དེ་ལ་རྒྱུད་ཀྱི་གླེང་གཞི་དང་བསྟུན་ནས་བཏབ་ཀྱང་འགལ་བ་ཡོད་པ་མ་ཡིན་ཏེ། གདབ་ཡུལ་དང་གཉེན་པོ་མ་འཕྲོད་པ་མང་དུ་སྣང་བས་འདིར་ནི་རྒྱུད་ཀྱི་དགོངས་པ་ལྟར་གདབ་པའི་ཚུལ། བསྒྲུབ་བྱ་བསྒྲལ་ཕྱིར་རྣམ་ཤེས་རྟེན། །བྱུང་ཚོར་སྒོ་ནི་དགག་ཕྱིར་གདབ། །ཅེས་དང་། ཧ་ན་ཧ་ན་སོགས་པའི་སྔགས་བཅུའི་གོ་རིམ་བསྟན་པའི་དེ་མཐར། །མིག་གཉིས་རྣ་བ་གཉིས་དང་ནི། །སྣ་བུག་གཉིས་དང་ལྕེ་ལ་གདབ། །མགྲིན་པ་སྙིང་ག་ཁྲག་སྤལ་དང་། །ཉོན་མོངས་ཡིད་ལ་རབ་ཏུ་གདབ། །ཅེས་པས། ཐོག་མར་འཁོར་བའི་རང་བཞིན་རྣམ་པར་ཤེས་པའི་ཚོགས་བརྒྱད་ཀྱི་རྟེན་དང་བརྟེན་པ་གདབ་ཡུལ་དུ་བྱས་ནས། མི་དགེ་བཅུ་གནས་གྱུར་གྱི་ངོ་བོ་ཡེ་ཤེས་ཀྱི་ཁྲོ་བོ་བཅུའི་ཕུར་པས་གདབ་པ་ནི་འགྱིང་ཕུར་སོ་སོ་མ་ནོར་བར་བརྡེག་པའི་རྒྱས་གཟུང་ལ། ཧཱུྃ། བདག་ཅག་རྣལ་འབྱོར་སྒྲུབ་པ་པོ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་གསོབ་པའི། །རིག་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་དང་། དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་
(༣༧༩)ནི་འདིར་ཁུག་ལ། །མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་། །ལུས་ངག་རྡུལ་དུ་བཤིག་ནས་ཀྱང་། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཅེས་དང་། མིག་གཡས་པས་རྣམ་པར་རྒྱལ་བ་གདབ་ཅིང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཧཱུྃ་བཾ་ཧོཧ་ན་ཧ་ན་བཛྲ་སརྦ་བིག་ནན་བཾ་ཧཱུྃ་ཕཊ། གཡོན་པ་ལ་དབྱག་པ་སྔོན་པོ་གདབ་ཅིང་ཐོག་མཐའ་འདྲ། །ད་ཧ་ད་ཧ་བཛྲ་སརྦ་བིག །དེས་མིག་གི་རྣམ་ཤེས་དང་། དེའི་ཉེ་བར་ལེན་པ་ཚར་གཅོད་དོ། །རྣ་བ་གཡས་པ་ལ་གཤིན་རྗེ་གཤེད་པོ་གདབ་ཅིང་། ཁོང་ཁྲ། པ་ཙ་པ་ཙ་བཛྲ །གཡོན་པ་ལ་མི་གཡོ་མགོན་པོ་གདབ་ཅིང་། མ་ཐཱ་མ་ཐཱ་བཛྲ། དེས་རྣ་བའི་རྣམ་ཤེས་དང་། དེའི་ཉེར་ལེན་བཅོམ། །ཧཱ་བུག་གཡས་ལ་རྟ་མགྲིན་རྒྱལ་པོ་གདབ་ཅིང་། ཛྭ་ལ་ཛྭ་ལ་བཛྲ། གཡོན་ལ་གཞན་གྱིས་མི་ཐུབ་པས་བདབ་ཅིང་། སུ་རུ་སུ་རུ་བཛྲ། དེས་སྣའི་རྣམ་ཤེས་དང་། དེའི་ཉེར་ལེན་བཅོམ། ལྕེ་ལ་ཧཱུྃ་མཛད་གདབ་ཅིང་། མུ་རུ་མུ་རུ་བཛྲ། དེས་ལྕེའི་རྣམ་ཤེས་ཀྱི་གཟུང་འཛིན་བཅོམ་མོ། །མགྲིན་པར་སྟོབ་པོ་ཆེ་བཏབ་ཅིང་། ཀ་ཏཾ་ཀ་ཏེ། དེས་ཡིད་ཀྱི་རྣམ་ཤེས་ཀྱི་གཟུང་འཛིན་བཅོམ་མོ། །སྙིང་གར་ཁམས་གསུམ་རྣམ་རྒྱལ་བདབ་ཅིང་། །ཛ་ཡ་ཏ་བི་ཛ་ཡེ་ཏ། དེས་ཀུན་གཞིའི་རྣམ་པར་ཤེས་པ་བག་ལ་ཉལ་སྟོངས་པར་བྱེད་དོ། །ནུ་མ་གཉིས་ལ་བདུད་རྩི་འཁྱིལ་པས་གདབ་ཅིང་། ཨ་ཙི་ཏེ་ཨ་པ་རི་ཙ་ཏེ། དེས་ཉོན་མོངས་པ་ཅན་གྱི་ཡིད་མ་རིག་པ་རྟེན་དང་བཅས་
(༣༨༠)པའི་རྒྱུ་འབྲས་བཅོམ་པ་ལ་བསྒྲལ་བ་རྒྱུའི་ལས་གཙོ་བོར་བྱས་པ་ཞེས་བྱ་སྟེ། ཁྲོ་བཅུས་གཟིར་བ་བཅུས་སྤྱོད་པ། །ལུས་ཀྱི་གནས་བཅུར་གཟིར་ཞིང་སྦྱང་། །ཞེས་སོ། །དེས་ཀུན་གཞི་ལ་ལས་མི་གསོག་པའི་ཐོབ་བྱ་འདྲས་བུའི་གོ་འཕང་ལ་སྦྱོར་བའང་རྣམ་ཤེས་ཚོགས་བརྒྱད་ལ་སོགས་པ། །བསྒྲལ་བ་གནས་སུ་དག་པའི་ཕྱིར། །རྣམ་རྒྱལ་ལ་སོགས་ཁྲོ་བོ་བཅུས། །རགས་པའི་དངོས་པོ་བཅོམ་ནས་ནི། །འཁོར་བ་བསྐྱེད་པའི་རྒྱུ་སྤངས་ནས། །ཡེ་ཤེས་ལྔ་ཡི་རང་བཞིན་དུ། །རྟོགས་པ་མཆོག་གི་བྱང་ཆུབ་ཉིད། །ཅེས་སོ། །འོན་སྟོབས་པོ་ཆེ་ལ་སོགས་པ་གསུམ་དམ་ཅན་གྱི་སྔགས་སུ་འོང་བ་ཇི་ལྟར་ཡིན་སྙམ་ན། ལས་ཀྱི་སེམས་དཔའ་ཉོན་ཅིག །འཁོར་གང་ཡིན་པ་དེ་ཡང་ཉིད་ཡིན་ཏེ། ང་གང་ཡིན་པ་དེ་འཁོར་ནམས་ཡིན་པར་འགྱུར་རོ། །སོ་སོ་མ་ཡིན་ཐ་མི་དད་དོ། །ཞེས་པ་ལྟར་འདིར་རྩ་དུམ་ལྟར་བྱས་སོ། །སྤྱིར་ཁྲོ་བོ་བཅུ་ལ་རྩ་སྔགས་ལས་སྔགས་གཉིས་ལས་བཤད་མ་ཐག་པ་རྣམས་གཉེན་པོ་རང་བཞིན་གྱི་ལས་སྔགས་ཡིན་པས་རྡོ་རྗེ་ཁྲོས་པ་ལ་ཀྲོ་དྷ་ཀྲོ་དྷ་སོགས་གསུམ་པའང་དངོས་བསྟན་ཡོད་དོ། །དེ་སྐད་དུ་རྒྱུད་ལས། དེ་བས་གཉེན་པོའི་སྔགས་འདི་ཡང་ཁྲོ་བོ་བཅུ་རྣམས་ཀྱི་ལས་སྔགས་ཡིན་པར་འགྱུར་རོ། །ཞེས་བཤད་དོ། །དེ་ནས་རྣམ་སྨིན་འདུས་པའི་ཕུང་པོ་ལུས་ཆགས་པའི་གནས་བཅུ་ཁམས་ལྔའི་ཉེར་ལེན་དང་བཅས་པ་གདབ་ཡུལ་དུ་བྱས་ནས། ཀློང་ལྔའི་རང་བཞིན་ཁྲོ་མོ་བཅུའི་ཕུར་པས་རྒྱུད་ཀྱི་གླེང་གཞི་དང་མཐུན་པར་གདབ་པའི་
(༣༨༡)ཚུལ། །བཅོམ་ལྡན་འདས་ཀྱི་ལྟེ་བ་དང་། །ཐུགས་ཀ་དབུང་པ་དཔྱི་མིག་དང་། གཙུག་ཏོར་གསང་བའི་ལམ་དང་ནི། །སྤྱི་བོ་རྐང་མཐལ་གནས་རྣམས་ནས། །གསང་བའི་སྙིང་པོ་འདི་བྱུང་ངོ་། །ཞེས་པས། ཧཱུྃ། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷ་འམ་འོན་ཏེ་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་མཛོད། །ཅེས་བསྐུལ་ལ། །རྡོ་རྗེ་སྙེམས་མའི་ཕུར་པ་ལྟེ་བར་བཏབ་ཅིང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཧཱུྃ་བཾ་ཧོ པར་བིག་ཏ་ན་སརྦ་བིག་ནན་བཾ་ཧཱུྃ་ཕཊ། ཅེས་བཟླས་པས་ལུས་ཆགས་པའི་རྟེན་དང་བྲལ། མིང་གཟུགས་ཀྱི་ཉེར་ལེན་བཅོམ་མེའི་ཁམས་དག་རྒྱུད་དྲུག་གནས་སུ་དག་པ་དཔལ་ཆེན་པོའི་ངོ་བོར་གྱུར་པར་བསམ། སྡེར་མོས་སྙིང་གར་བཏབ་ལ། ཐོག་མཐའ་འདྲ་བ་ལ། ཁོང་ཁྲ། ཚིནྡྷ་ཚིནྡྷ་བཟླས་པས། ལུས་རྒྱས་པའི་རྟེན་རྩ་དང་བྲལ། བརྟན་པ་རླུང་སེམས་ཀྱི་རྒྱུན་གཅད། ནམ་མཁའི་ཁམས་དག །སྐྱེ་མཆེད་བཅུ་གཉིས་ཀྱི་རྩ་བ་གཅད། ཞེ་སྡང་དག་པས་དམྱལ་བའི་སྒོ་བཀག །རྣམ་ཤེས་རྣམ་དག་རྡོ་རྗེ་སེམས་དཔར་གྱུར་པར་བསམ། རྡོ་རྗེ་དུར་ཁྲོད་མས་དཔུང་པ་གཡས་དང་། གཏུན་ཁུང་མས་གཡོན་ལ་བཏབ་ནས། བྷིནྡྷ་བྷིནྡྷ་བཟླས་པས། རྒ་ཤིའི་སྙིགས་མ་སྦྱངས། ཆུའི་ཁམས་དག །སེར་སྣ་སྟོངས་པས་ཡི་དྭགས་ཀྱི་སྒོ་བཀག །ཚོར་བ་རྣམ་པར་དག་པ་རིན་འབྱུང་གི་ངོ་བོར་བསམ་མོ། །
(༣༨༢)རྡོ་རྗེ་གཏུམ་མོས་དཔྱི་གཡས་དང་། མདའ་སྙེམས་མས་གཡོན་ལ་བཏབ་ནས། གྀྷྲ་ཧ་ན་གྀྷྲ་ཧ་ན་བཟླས་པས། ཕུང་པོ་ཐོགས་བཅས་ཀྱི་རྟེན་དང་བྲལ། རླུང་གི་ཁམས་དག །ཕྲག་དོག་སྟོངས་པས་ལྷ་མིན་གྱི་སྒོ་བཀག །འདུ་བྱེད་རྣམ་པར་དག་པ་དོན་གྲུབ་ཏུ་གྱུར་པར་བསམ། རླུང་འབྱིན་མས་གསང་རྩེར་གདབ་དེ་རྒྱུ་སེམས་ཅན་གྱི་དུས་ཡིན་པས་སོ། །ཧ་ན་ཧ་ན་བཟླས་པས། ཕུང་པོ་ཉིད་མཚམས་སྦྱོར་བ་བདག་འཛིན་གྱི་རྟེན་དང་བྲལ། སའི་ཁམས་དག །ཆོས་ཉིད་ཀྱི་དོན་ལ་རྨོངས་པའི་གཏི་མུག་དག །གཟུགས་མེད་དང་དུད་འགྲོའི་སྒོ་བཀག །གཟུགས་ཕུང་རྣམ་པར་དག་པ་རྣམ་པར་སྣང་མཛད་དུ་གྱུར་པར་བསམ། གསོད་བྱེད་མས་གསང་བར་བཏབ་ལ། བྷནྡྷ་བྷནྡྷ་བཟླས་པས་ཁམས་འདུས་པ་ཆ་མ་ཉམས་པས་སྲེད་ལེན་དང་བྲལ། འདོད་པའི་འདོད་ཆགས་ལ་ཞིན་པས་འཁོར་བར་སྐྱེ་བའི་རྒྱུན་གཅད། ལྷ་མིའི་སྒོ་བཀག །འདུ་ཤེས་རྣམ་པར་དག་པ་སྣང་བ་མཐའ་ཡས་སུ་གྱུར་པར་བསམ། སྒྲ་འབྱིན་མས་སྤྱི་བོར་བཏབ་ལ། སརྦ་ཨ་ན་ཡ་བཟླས་པས། ལས་དགེ་བ་ལ་མངོན་པར་འདུ་བྱེད་པའི་བཟང་རྟོག་བཅོམ། སངས་རྒྱས་ལ་ཐོབ་ཏུ་རེ་བའི་བློ་དོར། འཁོར་བ་ལ་རྟག་པར་བལྟ་བའི་མཐའ་བསལ་ནས་རྡོ་རྗེ་གཞོན་ནུའི་ཐུགས་ཡང་དག་པའི་ཡེ་ཤེས་མངོན་སུམ་དུ་བྱས་པའོ། །སྐྱོད་བྱེད་མས་རྐང་མཐིལ་དུ་བཏབ་ནས། ཏ་ཐཱ་ཡ་ཏ་ཐཱ་ཡ། བཟླས་པས་མི་དགེ་བ་རང་རྒྱུད་དུ་སྤྱོད་པའི་རྣམ་རྟོག་བཅོམ། འཁོར་བར་འཁྱམས་ཀྱི་དོགས་
(༣༨༣)པའི་བློ་དོར། །མྱང་འདས་ལ་ཆད་པར་བལྟ་བའི་མཐའ་བསལ་ནས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་གོ་འཕང་ལ་བཞག་པའོ། །དེ་ལྟར་ཆགས་པའི་རྟེན་བརྒྱད་དང་སྟེང་འོག་གཉིས་སུ་བསྒྲལ་བ་རྒྱུའི་ལས་གཙོ་བོར་བྱས་པས་ལུས་ཆགས་པའི་རྒྱུ་འབྱུང་བ་ལྔ་བཅོམ་པས་རྣམ་སྨིན་འདུས་པའི་ལུས་རྟེན་མི་འགྲུབ་པའི་ཕྱིར་རོ། །དེས་དག་བྱ་ཉོན་མོངས་པ་ལྔ་དང་། །ལམ་རྒྱུད་ལྔའི་རྟེན་ཅིང་འབྲེལ་འབྱུང་གི་རྩ་བ་གཅོད་པས་ཐོབ་བྱ་འབྲས་བུའི་རང་བཞིན་རྟེན་ཡེ་ཤེས་ལྔ་དང་བརྟེན་པ་སྐུ་ལྔ་དབྱེར་མེད་ཀྱི་བདག་ཉིད་མངོན་སུམ་དུ་བྱས་པ་ལ་སངས་རྒྱས་ཞེས་ཚིག་བླ་དྭངས་སུ་བྱས་པ་སྟེ། རྩ་རྒྱུད་ལས། དང་པོ་སྲིད་པར་ལུས་གྲུབ་པ། །ལྟེ་བ་ཆགས་པའི་རྟེན་གྱུར་པ། །དངོས་པོ་གང་གིས་ཆགས་པ་ནི། །ལུས་ཀྱི་ཆགས་པའི་རྟེན་བརྒྱད་ལ། །དབྱིངས་ཀྱི་ཁྲོ་མོ་རྣམ་པ་བརྒྱད། །ཆགས་པ་འཇོམས་པའི་ཕུར་པ་གདབ། །དགེ་སྡིག་ལས་ཀྱི་ཆ་མཉམ་པས། །སྤྱི་བོ་རྐང་མཐིལ་རབ་བཏབ་པས། །དེ་ལྟར་བསྒྲལ་བའི་དགོས་པ་ནི། །ལམ་ལྔ་ལས་ཀྱི་རྒྱུད་ལྔ་ཡི། །འགྲོ་བ་ལྔ་སྦྱངས་རིགས་ལྔ་འགྲུབ། །ཅེས་སོ། །དེ་ནས་སྒོམ་བཞིའི་མགྱོགས་ཕུར་མཚོ་བཞི་ལ་གདབ་པ་ནི། ཤར་ནས་ཞི་བའི་ཕྲིན་ལས་མཛད། །སྐྱ་ཀའི་མགོ་ཅན་དུས་ལ་བབ། །དགྲ་བགེགས་ཀུན་གྱི་རུས་པའི་མཚོ། །ཀླད་པའི་རྒྱས་སུ་ཀཱི་ལ་ཡ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཧཱུྃ་བཾ་ཧོ བི་ད་ཡ་བི་ད་ཡ་སརྦ་
(༣༨༤)བིག་ནན་བཾ་ཧཱུྃ་ཕཊ། བྱམས་པ་ཚད་མེད་ཀྱི་ངོ་བོ་བྱ་ཕུར་བཏབ་པས་རྫུས་སྐྱེས་དག །ཞི་བའི་ཕྲིན་ལས་མཐར་ཕྱིན་ནོ། ཧཱུྃ། ལྷོ་ནས་རྒྱས་པའི་ཕྲིན་ལས་མཛད། །སྲིན་བྱའི་མགོ་ཅན་དུས་ལ་བབ། །དགྲ་བགེགས་ཀུན་གྱི་དབུགས་ཀྱི་མཚོ། །གློ་བའི་དཀྱིལ་དུ་ཀཱི་ལ་ཡ། ཐོག་མཐའ་འགྲེ། ན་མས་མནྟ་ཧྲིང་ཧྲིང་། སྙིང་རྗེ་ཚད་མེད་ཀྱི་ངོ་བོ་གསེར་ཕུར་བཏབ་པས་དྲོད་གཤེར་སྐྱེས་དང་། །རྒྱས་པའི་ཕྲིན་ལས་མཐར་ཕྱིན་ནོ། །ཧཱུྃ། ནུབ་ནས་དབང་གི་ཕྲིན་ལས་མཛད། །ཁྲ་ཡི་མགོ་ཅན་དུས་ལ་བབ། །དགྲ་བགེགས་ཀུན་གྱི་ཁྲག་གི་མཚོ། །མཆིན་པའི་དཀྱིལ་དུ་ཀཱི་ལ་ཡ། སུ་རུ་སུ་རུ་པྲ་སུ་རུ། དགའ་བ་ཆེན་པོའི་ངོ་བོ་ཟངས་ཕུར་བཏབ་པས་སྒོ་ང་ལས་སྐྱེས་པ་དག །དབང་གི་ཕྲིན་ལས་མཐར་ཕྱིན་ནོ། ཧཱུྃ། བྱང་ནས་དྲག་པོའི་ཕྲིན་ལས་མཛད། །པུ་ཤུད་མགོ་ཅན་དུས་ལ་བབ། །དགྲ་བགེགས་ཀུན་གྱི་ཤ་ཡི་མཚོ། །མཁལ་མ་གཉིས་ལ་ཀཱི་ལ་ཡ། །མཱ་ར་ཡ་མཱ་ར་ཡ། བཏང་སྙོམས་ཚད་མེད་ཀྱི་ངོ་བོ་ལྕགས་ཕུར་བཏབ་པས་མངལ་སྐྱེས་དག །དྲག་པོའི་ཕྲིན་ལས་མཐར་ཕྱིན་པ་སྟེ། ཀླད་པ་དབུགས་དང་མཆིན་པ་དང་། །མཁལ་མར་བཅས་པའི་ལུས་གནད་ལ། །ཞེས་དང་། མཚོ་བཞི་ཉོན་མོངས་རབ་དག་ནས། །དག་པའི་མཚོ་ནི་རབ་དག་སྟེ། །ཆོས་ཀྱི་དབྱིངས་སུ་རྣམ་པར་དག །ཅེས་སོ། དེ་ནས་ཕུར་པ་དེ་དག་བཏབ་བཞིན་པ་ནས་ལས་ཀྱི་ལྷའི་སྔགས་རྒྱས་མནན་པའི་ཚུལ། རྒྱུད་ལས། ལག་
(༣༨༥)པ་གཉིས་སོར་མོ་བསྣོལ་ཏེ། མཐེ་བོང་དང་། མཐེ་ཆུང་གཉིས་ངོས་ལ་སྦྱར་བ་བརྒྱངས་ཏེ། གཞན་རྣམས་དྲང་པོར་བསྲང་། ཨོཾ་ཀརྨཱ་བཛྲ་ཀྲོ་དྷ་ཧཱུྃ་ཕཊ་སྭཱ་ཧཱ། ལན་ཉི་ཤུ་རྩ་གཅིག་བཟླས་པ། གཡས་ཕྱོགས་ནས་བསྐོར་ལ་ཀཱི་ལ་ཡའི་མགོ་ལ་ལན་གསུམ་གཏུག་གོ། །དེ་ནས་ཕུར་པ་སླར་མི་དབྱུང་ཞིང་། །སུས་ཀྱང་མ་ཕྱིན་པར་སླར་མི་དབྱུང་། ལྷག་པར་ཡང་མ་ཕྱིན་པར་ལྷག་པར་ཡང་ཟུང་ཞིང་། ཐལ་ཕྱིན་པར་བསམ་མོ། །ཞེས་པ་ལྟར་དང་། དེ་ལ་ཕུར་པ་ཐེབས་པའི་ཚད་ནི། བདག་དང་ཕུར་པ་གཟས་པོ་གསུམ། །གཅིག་ཏུ་རྟོགས་ན་ཐེབས་པའོ། །ཞེས་པའི་དོན་ལ་འབྱོར་བ་བྱའོ། །ཞར་ལ་གདབ་པའི་དུས་ཚོད་ལ་སྤྱི་དང་བྱེ་བྲག་གཉིས་ལས། སྔ་མ་ནི། དང་པོར་བསྒྲུབ་པར་ཁས་བླངས་ནས། །མ་ཐོན་བར་དུ་དུས་ཚོད་མིན། །འཛབ་གྲངས་ཉི་ཁྲི་བདུན་འབུམ་གདོན། །བཟླས་བརྗོད་ཉིན་མཚན་རྒྱུན་མི་གཅད། །ཆོ་ག་བཟླས་བརྗོད་ཚད་བྱས་ནས། །རབ་འབྲིང་ཐ་མའི་རྟགས་རྣམས་ཀུན། །དུས་དེར་མི་འབྱུང་མི་སྲིད་དོ། །བརྡེག་པའི་དུས་ཚོད་རབ་མཆོག་ཡིན། །ཞེས་པ་ལས་རབ་ནི་ཕུར་པ་ལྡེག་པའམ། འཕར་བ་ལ་སོགས་དང་། སྤྱིར་བསྟན་པ་ནི། ཉམས་པ་ཁུག་དང་རི་དབགས་གསད། །བླ་ཤིང་གཅད་དང་བྲག་གཤགས་དང་། །སེམས་ཅན་མང་པོ་གསད་པ་སྟེ། །འདི་ནི་ཀུན་ལ་ཤེས་པར་བྱ། །ཞེས་པ་ལྟར་རོ། །ཕྱི་མ་ནི་རྟགས་དང་རྟེན་འབྲེལ་གྱི་ངོས་ནས་དུས་སྒྲིག་པའི་
(༣༨༦)ཚུལ། རྟགས་དང་མཚན་མ་ཕྱིན་པ་དང་། །བརྡེག་པའི་དུས་ལ་བ་བཅེས་བྱ། །ནམ་གྱི་གུང་དང་ཉི་མ་དྲོས། །དེ་ལ་བརྡེག་པར་རབ་ཏུ་ཤིས། །ཞེས་དང་། གནམ་སྟོང་དང་ནི་ཚེས་བརྒྱད་དང་། །བཅོ་ལྔ་ཉི་ཤུ་གཉིས་ལ་བྱ། །མིག་དམར་ཕུར་བུ་གཟའ་རྣམས་དྲག །བརྡེག་པའི་དུས་ལ་བབ་པར་བྱ། །ཞེས་པ་ལྟར་རོ། །དེ་ལྟ་ནའང་ཕུར་བུ་འཇིག་རྟེན་སྣང་བྱེད་ལས་དབང་ཕྱུག་ཡབ་ཡུམ་གྱིས་སྐྱེ་འགྲོ་སྲང་ལ་འདེབས་ཤིང་སྐུལ་བས་ཐེབས་པའི་དུས་དང་དེ་ལས་ལྡོག་པའི་དུས་གཉིས་ལས། ཐེ་བས་དུས་ནི། དཔྱིད་ར་བའི་བཅུ་བཞི་ལ་ཐེབས། བཅུ་བདུན་དང་བཅུ་དགུ་ལ་ལྡོག །དཔྱིད་འབྲིང་བཅུ་དྲུག་ལ་ཐེབས། གཅིག་དང་བརྒྱད་ལ་ལྡོག །ཐ་ཆུང་གི་ཉེར་གཉིས་ལ་ཐེབས། སྟོང་ལ་ལྡོག །དབྱར་ར་བའི་བརྒྱད་ལ་ཐེབས། གཉིས་དང་ལྔ་ལ་ལྡོག །འབྲིང་པོའི་བཅོ་ལྔ་ལ་ཐེབས། བདུན་ལ་ལྡོག །ཐ་ཆུང་བཅུ་གཅིག་ལས་མི་བྱ། སྟོན་ར་བའི་ཉེར་གསུམ་ལ་ཐེབས། ཉེར་ལྔ་ལ་ལྡོག །སྟོན་འབྲིང་གི་བཅུ་བདུན་ནས་གནམ་སྟོང་བར་ཐེབས། གསུམ་ལ་ལྡོག །ཐ་ཆུང་གི་བརྒྱད་ནས་སྟོང་པར་ཐེབས། གཉིས་ལ་ལྡོག །དགུན་རའི་བཅུ་གསུམ་ནས་བཅུ་དྲུག་བར་ཐེབས། བརྒྱད་ལ་ལྡོག །འབྲིང་པོའི་ཉེར་གཉིས་ནས་སྟོང་པར་ཐེབས། ཉེར་དགུ་ལ་ལྡོག །ཐ་ཆུང་གི་ཉེར་གཉིས་ལ་ཐེབས། ཉེར་བདུན་ལ་ལྡོག །དེ་ལྟར་གདབ་ཕུར་ཉི་ཤུ་རྩ་ལྔས་རྣམ་པར་ཤེས་པའི་ཚོགས་བརྒྱད་དང་། ཕུང་པོའི་རྟེན་འབྱུང་བ་ལྔ། སྐྱེ་བའི་གནས་རྣམ་པ་
(༣༨༧)བཞི། དེ་དག་གི་ཉེ་བར་ལེན་པའི་གནད་གཅོད་པས་ན། གདབ་པར་བྱ་བའི་ཕུར་པ་ནི། །ཉི་ཤུ་རྩ་ལྔས་རྫོགས་པར་བྱེད། །ཅེས་སོ། །རྒྱུ་གང་གིས་ཞེན་ཚིག་དོན་ཐམས་ཅད་ངེས་དོན་འབའ་ཞིག་ལ་རྟོན་པ། མྱ་ངན་ལས་འདས་པའི་རྒྱུད་ལས། ཁྲག་འཐུང་གཙོ་བོ་ཡབ་ཡུམ་གཉིས། །ཕྲིན་ལས་ཀུན་གྱི་མཛད་པ་ནི། །གདབ་པའི་ལས་ལ་མི་འཇུག་པར། །རྒྱལ་པོ་ཆེན་པོའི་ཚུལ་དུ་གནས། །ཐབས་ཀྱི་སྒྲུབ་པ་མགོ་བརྙན་རྣམས། །ཕྱོགས་བཅུར་ཕོ་ཉའི་ལས་རྣམས་ཀྱི། །འགུགས་པ་ལ་སོགས་བཀའ་སྡོད་ཚུལ། །སྒྲོལ་བྱེད་རྣམ་དག་མི་འགྱུར་བས། །ཡང་སྤྲུལ་ཕྲ་ཐབས་ཕུར་པ་ནི། །གནས་སུ་གདབ་པར་མ་བསྟན་ཏོ། །ཞེས་སོ། །དེ་ལྟ་ནའང་རྒྱུད་ཁ་ཅིག་ལས་ཕྲ་ཐབས་དང་དམ་ཅན་གྱི་མ་ཕྱོགས་ཕུར་འདེབས་པར་བཤད་པ་ནི་གབ་པའི་སྔགས་དྲུག་དང་འབྲེལ་བར་དམ་ཅན་རྣམས་ཀྱི་སྒོས་སྒྲུབ་ལ་སོགས་དམིགས་བསལ་ཅན་ལ་དགོངས་པ་སྟེ། གལ་ཏེ་སྒྲུབ་ཕུར་དང་གདབ་དུར་སོ་སོར་ནས་མ་ཚང་བའི་དུས་ཀྱང་གདབ་ཕུར་ནི་དཀྱིལ་འཁོར་ཡོད་རྫོགས་ཀྱི་བདག་ཉིད་སྲས་ཕུར་ཁོ་ནས་བྱེད་པའི་ཚུལ་སྦས་པ་ཟབ་མོ་ལས། །རྡོ་རྗེ་གཞོན་ནུ་ཁྲོ་བོ་བཅུ། །སྒྲུབ་ཕུར་དངོས་གྲུབ་ནོད་པའོ། །ཕྲ་མེན་སྲུང་མའི་ཕུར་པ་ནི། །སངས་རྒྱས་རྣམས་ཀྱི་ཕོ་ཉ་ཡིན། །ངེས་ཀྱང་གདབ་པར་བྱ་བ་མིན། །སྐུ་གསུང་ཐུགས་ལས་བྱུང་བ་ཡི། །སྲས་མཆོག་ཀཱི་ལ་ཡ་གསུམ་ནི། །གདབ་པའི་ཕུར་པ་དམ་པ་སྟེ། །ཞེས་པས་གཞན་རྣམས་ལས་བསྐུལ་བའི་རྣམ་དག་མི་རྫོགས་པ་བླ་
(༣༨༨)མའི་མན་ངག་ལ་བརྟེན་ནས་རིག་པར་བྱ་སྟེ། དེ་སྐད་དུ། །རྒྱུད་དཀྲུགས་ལུང་གཅུས་བྱེ་བྲག་རྣམས། །བླ་མའི་ཐུགས་ལ་རག་ལས་པས། །བླ་མ་མཉེས་ན་རིན་ཆེན་རྙེད། །རས་ཆོད་ཅན་ལ་རྒྱུད་ལུང་གཅུས། །ཞེས་སོ། །གསོད་པའི་ཐབས་ལ་རྔོན་པ་མཁས། །མངོན་སྤྱོད་ཀུན་ལ་ཡོད་ཡོད་དེ། །སྔགས་ཀྱི་སྒྲོལ་བ་ཚད་ཕྱིན་པ། །ཕུར་བའི་རྒྱུད་སྡེ་ཁོ་ནར་མཐོང་། །རྗེས་ལ་གསོ་བ་གསུམ་གྱི་ལས་མི་ཤེས་ན། དངོས་གྲུབ་ཀྱི་ནུས་པ་ཉམས་པར་བྱེད་པས། ཐོག་མར་ཕུར་པ་གསོ་བ་ནི། རྒྱུད་ལས། བྷ་གའི་ཐིག་ལེ་དྲངས་ནས་ནི། །ཆུ་སྲིན་ཁ་རུ་ཐིམ་པར་བསམ། །བྷ་ག་རྒྱུན་གྱི་ཐིག་ལེ་དང་། །ཟླ་བའི་དཀྱིལ་འཁོར་སྟེང་གནས་པའི། །ཐིག་ལེ་གཟི་བརྗིད་ཆེན་པོར་གྱུར། །འོད་ཟེར་སྤྲིན་ཕུང་རྣམ་པར་འཁྲུགས། །གཟི་བརྗིད་ཆེན་པོས་བརྟན་པར་བཞུགས། །ཕུར་པ་གསོ་བའི་མཚན་ཉིད་དོ། །ཞེས་གདབ་ཡུལ་རྣམ་ཐར་གསུམ་ལྡན་གྱི་ཡུམ་མཁར་བྱང་ཆུབ་སེམས་ཀྱི་ཕུར་བུ་ལུག་ལྡོག་ཆེན་པོར་གདབ་པས་བསྒྲལ་བྱའི་རྣམ་ཤེས་སྐྱེ་བ་མེད་པའི་དབྱིངས་སུ་སྦྱོར་བའི་སྦས་དོན་གྱི་མཚན་ཉིད་རིག་པར་བྱས་ནས་རྣམ་པ་ཙམ་དུ་ཕུར་པ་བཏོན་ལ་ཀླད་ལ་བསྐོར། ཀཱི་ལ་བཅོ་བརྒྱད་ངེས་པ་ཡིན། །ཁྲོ་བོར་གསལ་བ་ཉི་ཟླར་བཅས། །ཐམས་ཅད་ཕུར་པའི་རྒྱན་གྱུར་པས། །འདི་ནི་ཕུར་པ་གསོ་བའོ། །ཞེས་པས་ཐོག་མར་སྲས་མཆོག་གི་ཕུར་པ་ཉ་བོ་
(༣༨༩)ལས་ཕྱུང་ལ། སྣང་སྲིད་ཐམས་ཅད་རྡོ་རྗེ་གཞོན་ནུའི་སྐུ་འབའ་ཞིག་ཏུ་གསལ་བའི་རྒྱན་དུ་ཉི་ཟླ་གཟའ་སྐར་འོད་བཀྲག་ཏུ་འཚེར་བ་དེ་ཡང་འོད་དུ་ཞུ་ནས་བསྙེན་ཕུར་ལ་ཐིམ་པས་སྔར་བས་གཟི་བྱིན་མཆོག་ཏུ་འབར་བར་བསམས་ལ་རྩ་སྔགས་བརྒྱ་རྩ་བརྒྱད་བཟླ་ཞིང་ཕུར་པ་ཀླད་ལ་ལན་གསུམ་བསྐོར་རོ། །བར་དུ་བསྒྲལ་བ་རང་རྒྱུད་པ་སྤང་ཕྱིར་ཐུགས་རྗེས་བསྒྲལ་བྱ་གསོ་བ་ནི། པདྨའི་ཐིག་ལེ་དྲངས་ནས་ནི། །བསྒྲུབ་བྱའི་ལྟེ་བའི་དབུས་སུ་བསྣུན། །བསྒྲུབ་བྱ་གསོ་བའི་མཚན་ཉིད་དོ། །ཞེས་པའི་དོན་ལའང་མཚོན་པ་ཙམ་དུ་ལས་ཐམས་ཅད་པའི་ཕུར་པ་དཀར་ནག་མཚམས་སུ་དྲིལ་ཞིང་། ཀཱི་ལ་ཡ་ལན་བཅོ་བརྒྱད་བཟླས་པའི་ཕུར་པ་ལས་བྱུང་བའི་འོད་ཟེར་གྱིས་དམིགས་བྱའི་ཁམས་བཅོ་བརྒྱད་ཀྱི་སྲིད་ལེན་སྐད་ཅིག་ལ་བསྲེགས་ནས། ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་པས་རྣམ་ཤེས་ཀྱི་ངོ་བོ་ཡི་གེ་གསུམ་དུ་བསྡུས། ཕཊ་ཕཊ་ཕཊ། ཅེས་བརྗོད་པས་དེ་ཡང་འོག་མིན་དུ་དཔལ་ཆེན་ཡབ་ཡུམ་གྱི་སྦྱོར་མཚམས་སུ་འཕངས་པས་གཟས་པ་པོ་རྡོ་རྗེ་གཞོན་ནུའི་མཚན་དཔེའི་ངོ་བོ་ཉིད་དུ་སངས་རྒྱས་པར་བསམ་པ་སྟེ། དེ་ལྟར་གནས་གསུམ་སླར་བ་ཡིས། ཁོ་ཡང་མི་འཕམ་རྒྱལ་ངོ་ཤེས། །ཞེས་སོ། །ཐ་མལ་མངོན་སྤྱོད་ཀྱི་དགོངས་པ་མཐར་ཕྱིན་པའི་དོན་དུ་བདག་ཉིད་ཀྱི་ནུས་པ་གསོ་བ་ནི། །ཉོན་ཅིག་ལྷ་མོ་རིན་ཆེན་མ། །དབུས་ཀྱི་ཐིག་ལེ་དྲངས་ནས་ནི། །འབར་བའི་དབྱིངས་སུ་
(༣༩༠)ཐིམ་པ་ཡིས། །རོ་མྱོང་བདེ་བའི་གཟུགས་ཅན་ཉིད། །བདག་ཉིད་གསོ་བར་གསུངས་པའོ། །ཞེས་བདེ་ཆེན་ལྷན་ཅིག་སྐྱེས་པའི་དཔེའི་ཡེ་ཤེས་ལ་བརྟེན་ནས་རང་གི་ངོ་བོ་ཉིད་དུ་གསོ་བ་ཉིད་ཀྱང་། ཕྱི་དོན་དུ་གཟས་པ་པོའི་ལུས་ཀྱི་སྟོབས་དང་། སེམས་ཀྱི་རྣམ་རིག་དང་། ངག་གི་ནུས་པ་ཐམས་ཅད་བདག་ལ་ཐིམ་པས་བདག་ཉིད་གཟི་བྱིན་མཆོག་ཏུ་འབར་བར་བསམ་པའི་ཚུལ། བྱང་ཆུབ་རྣམ་གསུམ་བདག་བསྟིམས་པས། །བདག་ཉིད་བཀྲག་མདངས་བསྐྱེད་པ་སྟེ། །སྔགས་བཅས་བདག་ཉིད་གསོ་བའོ། །ཞེས་པས་ཀཱི་ལ་ལན་ཉེ་ཤུ་རྩ་གཅིག་དང་། ཧཱུྃ་ཧཱུྃ་ཧཱུྃ་ཞེས་ལན་ཉི་ཤུ་རྩ་གཅིག་བཟླའོ། །དེ་ལྟར་གསོ་བ་གསུམ་གྱི་མཚན་ཉིད་ཤེས་ན་ཆོས་ཉིད་ལ་རང་བཞིན་མེད་པར་རྟོགས་པས་ཞེ་སྔར་རང་རྒྱུད་པར་མི་འཆར། མ་རིག་པའི་གཞན་དབང་གིས་རྣམ་པ་ཐམས་ཅད་དུ་ངན་སོང་གི་རྒྱུར་གྱུར་པའི་དམིགས་བྱ་ལ་གཞི་སྙིང་རྗེས་གཟུང་སྟེ་ཐབས་ལ་མཁས་པའི་བསྒྲལ་བས་བདག་ལ་རྣམ་སྨིན་གྱིས་མི་གོས། ཕ་རོལ་པོའང་རབ་ཆོས་ཉིད་རྟོགས་པ་རྣམས་ཀྱིས་འཁོར་བའི་སྡུག་བསྔལ་གྱི་རྩ་བ་འབྱིན། འབྲིང་དངོས་གྲུབ་ཀྱི་མཚན་མ་མཐོང་བས་ལས་ངན་གྱི་རྟེན་དང་ཕྲལ་བས་ཕྱི་རྟེན་བཟང་པོ་ལ་སྦྱོར། ཐ་མས་ཀྱང་སྔགས་རྒྱ་ཏིང་ངེ་འཛིན་གྱི་སྒོ་ནས་ལས་ངན་གྱི་རྒྱུན་གཅོད་པས་སྔགས་ཀྱི་ལམ་དུ་དྲག་ཤུལ་གྱི་སྦྱོར་བ་ལ་བསྒྲལ་བའི་དམ་པ་ཞེས་གསུངས་ཏེ། བསྒྲལ་བ་སྙིང་རྗེའི་དབང་གིས་ཏེ། །སེམས་ཀྱི་སྐུ་རུ་རབ་བསྒྱུར་ནས། །བྱང་
(༣༩༡)ཆུབ་སེམས་ཀྱི་བསྒྲལ་བས་ཏེ། །འདི་ནི་བསྒྲལ་བའི་དམ་པ་ཡིན། །ཞེས་སོ། །གསུམ་པ་བསྒྲལ་བའི་ཕུང་པོ་ལྷག་མ་ལ་སྒྲོལ་བྱེད་མཚོན་ཆས་དུམ་བུར་བྱ་བ་ནི། དཔལ་ཆེན་པོའི་ཏིང་ངེ་འཛིན་གྱི་ངང་ལས་གདབ་ཕུར་ཉི་ཤུ་རྩ་བཞི་པོ་གཟེར་བཞིན་པ་ལ། གསད་གྲིས་ཉ་བོ་གཏུབ་ཅིང་། ཧཱུྃ། ཞིང་བཅུ་བསྒྲལ་བའི་ཕུང་པོ་ལ། །ཕོ་ཉ་རོལ་པའི་ལས་བྱ་ཡིས། །དམ་ཚིག་ཆེན་པོའི་དུས་ལ་བབ། །རྡོ་རྗེ་གསང་བའི་བཀའ་ལས་ནི། སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ལས། །མཚོན་ཆེན་སྔོན་པོ་འབར་བ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །ཅེས་དང་། ལས་བྱེད་ཕོ་ཉའི་ཚོགས་ཀྱིས་མཚོན་ཆ་འཁོར་ལོ་དང་། རྡོ་རྗེའི་ཚྭ་ཚྭ་དང་། ཐོ་བ་དང་། ཕུར་བུ་དང་། རལ་གྲི་དང་། རྩེ་གསུམ་ལ་སོགས་པའི་ཆར་ཕབ་པས་ལུས་དུམ་བུ་སྟོང་དུ་འཐོར་བར་བསམས་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཧཱུྃ་བཾ་ཧོ མ་ཐཱ་མ་ཐཱ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། སརྦ་བིག་ནན་བཾ་ཧཱུྃ་ཕཊ། དེ་ནས་ཕུར་བུ་རྣམས་བཏོན་ལ་མདུན་དུ་ཕུར་གདན་ལ་བཞུགས་སུ་གསོལ། །བཞི་པ་ཕུང་པོ་མཐར་བྱེད་ཐུན་དབབ་པའི་ལས་ནི། ཉུང་དཀར། ཉུང་ནག །སྐྱེ་ཚེ། ཏིལ། ཤང་ཚེ་ལྔ་དང་། བཙན་དུག །ར་དུག །སྤྱང་དུག །ཐང་ཕྲོམ་
(༣༩༢)བཞི་དང་། ལྕགས་ཕྱེ། ཟངས་ཕྱེ། རྡོ་ཕྱེ་གསུམ། མི་ཁྲག །རྟ་ཁྲག །ཕག་ཁྲག་ལ་སོགས་པའི་ཁྲག་ཐུན་སྣ་ཚོགས་དབང་ཅིང་། ཧཱུྃ། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཇི་ལྟར་དམ་བཅས་བཞིན། །ཕྱི་རབས་རྣལ་འབྱོར་ཕྲིན་ལས་དང་། །བསྟན་པར་དགྲ་འདྲེ་བྱུང་བའི་ཚེ། །ཤྭ་ན་མུ་ཁའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །དྲེགས་པ་མང་པོའི་དུས་ལ་བབ། །ཁྱོད་ཀྱི་མཐུ་རྩལ་རབ་ཏུ་དབྱུང་། །སངས་རྒྱས་བསྟན་པ་བཤིག་བ་དང་། དཀོན་མཆོག་སྐུ་དགྲ་དབེན་རྩ་འཇོམས། །ཆོས་ཁྲིམས་འདྲལ་དང་སློབ་དཔོན་དགྲ། །རྣལ་འབྱོར་འཇོམས་པ་ལ་སོགས་པ། །གསད་དང་དབབ་དང་ནད་ངན་གྱིས། །ཇི་ནས་བརླག་པར་ཁྱོད་ཀྱིས་གྱིས། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཧཱུྃ་བཾ་ཧོ ཀ་ཏཾ་ཀ་ཏེ། ཛ་ཡེ་ཏ་བི་ཛ་ཡེ་ཏ། ཨ་ཙི་ཏེ། ཨ་པ་ར་ཙི་ཏེ། མ་རསྱཻ་ན་པྲ་མ་རྟ་ནི་ཡེ་ཧཱུྃ། མ་མ་བ་ཤི་ཀུ་རུ་མ་ཏཾ་ཉ་ཀ་ར་ཨི་ན་ན་དྷ་ཏི་མ་མ་ཀརྨ་ཤི་ཀྲཾ་ཀ་ར་ཡ་སརྦ་བིག་ནན་བཾ་ཧཱུྃ་ཕཊ། ཅེས་བརྗོད་པས་ཕུང་པོ་ལྷག་མ་རྣམས་ཀྱང་རུལ་མྱགས་བྱེར་ནས་རྡུལ་ཕྲ་རབ་ཏུ་འཐོར་བར་བསམ་མོ། ལྔ་པ་གཏུན་དུ་བརྡུང་བ་ནི། ཤེས་རབ་རྣམས་ཀྱི་གསང་བའི་གཏུན་ཁུང་དུ། ཐབས་མཆོག་རྣམས་ཀྱི་རིག་པ་ཡེ་ཤེས་ཀྱི་རྡོ་རྗེ་ཐོ་བས་གཟས་བ་པོའི་བག་ཆགས་དང་དངོས་པོར་འཛིན་པའི་རྣམ་རྟོག་ཐམས་ཅད་ཕྱེ་མར་འཐག་པའི་བྱེད་ལས་ཀྱིས་ཕུང་
(༣༩༣)པོའི་ཟག་པ་དངོས་མེད་བདེ་སྟོང་ཆེན་པོའི་ཆོས་ཉིད་དུ་རྟོགས་པའི་སྦྱོར་སྒྲོལ་ཟུང་འཇུག་གི་དོན་རྟོགས་པར་བྱས་ནས། ཧཱུྃ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་ཕྱེད་སྡིག་ཅན་རྣམས། །རྡོ་རྗེ་མེ་དཔལ་སྙིང་བསྲེགས་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་ལྷོགས། ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུང་བྱས་ནས། །ལྷ་ཡང་རུང་སྟེ་བརླག་པར་འགྱུར། ཁ་ཐཾ་ཁ་ཐཾ། ཉི་ཤུ་རྩ་གཅིག་བརྗོད་པ་དང་དེའི་ཕྱག་རྒྱ་བཅིང་བ་སྤེལ་ལོ། །རྔམ་པ་ཞལ་དུ་བསྟབ་པ་ནི། སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ་ཆེ་ཞིང་ཡན་ལག་རགས་པ་གདུག་པ་ཅན་ཟིལ་གྱིས་གནོན་པའི་རྒྱན་བཀོད་ཀྱིས་ཆེ་བ་དང་། གསུང་འཇིགས་པའི་སྒྲ་དབྱངས་ཀྱིས་རི་རབ་ཀྱང་ཐལ་བར་རློག་པའི་བར་རྒྱངས་ཀྱིས་ཆེ་བ་དང་། ཐུགས་ཞི་བ་ཆེན་པོ་ལས་མ་གཡོས་བཞིན་དུ་དྲག་ཤུལ་ཁྲོ་གཏུམ་འབར་བས་དམིགས་བྱ་ཚར་གཅོད་པ་ལ་དཔའ་ཞིང་རྔམ་པའི་ཞལ་དུ་ཞིང་བཅུའི་དགྲ་བགེགས་ཀྱི་ཤ་ཁྲག་ཁ་རྗེ་དབང་ཐང་དང་བཅས་པ་བསྟབ་པར་བསམས་ལ། ཧཱུྃ། བདག་ཉིད་ཆེན་པོའི་དུས་ལ་བབ། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་ནི་ཉན་པར་བྱོས། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་ཡཀྴ་ཀྲོ་དྷ་ཁཱ་ཧི་ཁཱ་ཧི། ཧ་ཧ་ཧ། ཞེས་དང་། དམ་ཅན་སྤྱི་དྲིལ་ལ་སྟོབ་པ། ཤུ་ཤུ་ཚལ་བ་ནི་ཐུམ་ཐུམ། ཨ་ནྀྲ་ཏྲི་མ་ར་སྣ། བཛྲ་བཛྲ་ཐུམ་ཐུམ། ནཱ་ག་རཀྴ་མཱ་ར་ཡ་ཐུམ་ཚལ་པ་ཐུམ་རིལ་ཁཱ་ཧི། ཞེས་པའི་མཐར། ཆོས་ཉིད་ཀྱི་བདེན་པའོ། །
(༣༩༤)གསང་སྔགས་ཀྱི་བྱིན་རླབས་སོ། །སངས་རྒྱས་ཀྱི་མཐུའོ། །ཨ་བྷི་ཙརྱའི་དུས་ལ་བབ་པོ། །བརྣག་པ་དེ་ཁོ་ན་ལའོ། །ཞེས་བདེན་པའི་སྟོབས་ཀྱི་དམོད་པ་དང་། བསམ་བྱའི་ངོས་ནས། ཧཱུྃ་གསུམ་གྱིས་དམིགས་རྒྱལ་སྙིང་རྗེ་ཆེན་པོས་ཁོའི་རྟེན་པ་སེམས་ཀྱི་ངོ་བོ་ཐུགས་ཀྱི་ས་བོན་དུ་བསྡུས། །ཕཊ་གསུམ་གྱིས་ཁྲོ་རྒྱལ་རྣམས་ཀྱི་ལྗགས་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་སྤྲོས་པས་རྟེན་རྣམ་སྨིན་གྱི་ཕུང་པོ་བཀུག་ནས་རང་རང་གི་ཞམ་དུ་བསྟབ། ཁཱ་ཧིའི་མཐའ་ཅན་གྱི་སྒྲས་ལྷག་མ་མེད་པར་གསོལ། ཧ་གསུམ་གྱིས་དགྱེས་པའི་གད་མོ་དང་བཅས་བསྒྲལ་བྱ་སྒྲོལ་བྱེད་ཀྱི་གཉིས་འཛིན་རང་བཞིན་མ་གྲུབ་པའི་དང་ལ་མཉམ་པར་གཞག་གོ །དེ་ནས་གདབ་ཕུར་ཉེར་བཞི་གསོ་བ་ནི། ཕུར་པ་སོ་སོའི་མཚན་བྱང་དང་མཐུན་པའི་ལྷ་དངོས་སུ་སྐད་ཅིག་གིས་གསལ་ལ། ཧཱུྃ། སྲིད་པ་ཕུར་བུར་སྒྲུབ་པ་དང་། །དབང་དང་དངོས་གྲུབ་སྩོལ་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་བསྟན་པ་དང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཞེས་པས་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། ཨོཾ་ཨཧཱུྃ་གིས་སྐུ་གསུང་ཐུགས་སུ་བྱིན་གྱིས་རློབས། ཨོཾ་ཧཱུྃ་སྭཱ་ཨཾ་ཧཱ། ཞེས་པས་རིགས་ལྔའི་རང་བཞིན་དུ་དབང་བསྐུར། ཧཱུྃ། ཐབས་ཀྱི་སྤྱོད་པས་གཞན་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི། །དབང་དང་བྱིན་རླབས་འདིར་སྩལ་ཏོ། །ཤོླ་ཀས་ངེས་ཤེས་བསྐྱེད་
(༣༩༥)བྱུག་བདུག་བྲབ་གསུམ་བྱས་ལ་ལྷ་གནས་སུ་དགོད་པ་ཡན་ཆད་ནི་ཐུན་གཅིག་གི་ངེས་པ་སྟེ། དེ་ལྟ་བུས་ཐུན་བཞི་རང་ན་སྔགས་ཉེ་བར་བསྙེན་པའི་ཚུལ་ནི། རྩ་བ་དཀྱུས་ལྟར་བཤད་ཅད་དཀྱུས་ཁོང་ཁྲར་གཏང་བ་སྟེ་ཕུར་ཚད་ལ་མ་གྲགས་པའི་མན་ངག་ཁྱད་པར་ཅན་ཡིན་པའི་ཚུལ། སྔགས་དྲུག་ཁོང་ཁྲར་གཏང་བ་ལ། ལས་དྲུག་ཀུན་གྱི་མགོ་ལ་སྦྱར། །ལས་དྲུག་ཀུན་གྱི་ཞབས་ལ་གདགས། །ལྔ་པ་ཁོང་ཁྲར་གཏང་བའི་ལས། །དང་པོ་ལྷ་དང་ཕྲལ་བ་ནས། །ལས་བཞི་ཀུན་གྱི་མགོ་ལ་གདོན། །དྲུག་ཚན་དྲུག་གི་སྔོན་འགྲོ་ཡིན། །ལས་དྲུག་ཀུན་གྱི་རྗེས་སུ་སྦྱར། །ཞབས་སུ་གདགས་པའི་མན་ངག་ཡིན། །ལྔ་པ་ཁོང་ཁྲར་གཏང་བ་ནི། །གདབ་ལས་རྫོགས་པའི་དངོས་གཞི་ཡིན། །དང་པོ་ནས་བཟུང་དྲུག་པའི་བར། །ཐུན་བཞིར་སྦྱོར་བའི་རིམ་པ་ལས། །དྲག་པོའི་ལས་དྲུག་རབ་ཏུ་འབད། །དེ་ནས་སོ་སོའི་གསང་སྔགས་ལ། །ཤིན་ཏུ་གསང་སྔགས་དེ་བཟླས་སོ། །ཞེས་པའི་མན་ངག་འདི་བསྟན་པ་ཕྱི་དར་གྱི་སྒང་ནས་སློང་ཤེས་པ་ཙམ་མི་སྣང་ངོ་། །དེ་ལྟར་ཤེས་ན་གཏུན་དུ་བརྡུང་བའི་སྔ་རོལ་པ། ལས་བཞི་པོའི་ཕྱི་རོལ་བ་སྟེ་ལྔ་པར་འོང་བ་དེ་ཕུར་བུའི་གདབ་ལས་ཀྱི་ཁོང་ཁྲར་གཏད་པས། ཞག་དྲུག་གིས་ལས་ལ་ཕུར་བའི་གདབ་ལས་དྲུག་བརྒྱ་འབྱུང་སྟེ། འཇིག་རྟེན་སྣང་བྱེད་ལས། མཚོན་ཆའི་དཔལ་ནི་བསྐྱེད་པའི་ཕྱིར། །བྱུག་བདུག་བརྡེག་པ་ཡང་ཡང་བྱ། །ཕུང་པོ་ལྔ་ལ་བརྒྱ་རྩ་བརྒྱད། །
(༣༩༦)ཁམས་དང་སྐྱེ་མཆེད་དེ་བཞིན་ཏེ། ཉིས་འགྱུར་ཉིས་འགྱུར་གདབ་པར་བྱ། །ཞེས་སོ། །དེ་བཞིན་དུ་མཚོན་དང་། ཐུན་དབབ། བརྡུང་བ་གསུམ་སོ་སོ་ནས་ཉི་ཤུ་རྩ་བཞིས་ངན་སྔགས་ཀྱི་གཞུང་སྲོང་བ་རྩ་བའི་རྒྱུད་ཀྱི་དགོངས་ཕ་ཐུན་མོང་མ་ཡིན་པའི་ཚུལ་ལེའུ་བཅུ་པ་ལས། དགོངས་པ་ལྡན་པའི་རྣལ་འབྱོར་པས། །ཉིན་མཚན་བཅུ་གཉིས་དུས་དག་ལ། བརྒྱ་དྲུག་ཕུར་བའི་གདབ་ལས་ཀྱིས། །གསད་པ་ཡོངས་སུ་རྫོགས་པ་ཡིན། །ཕྲིན་ལས་ཀུན་གྱི་གཙོ་བོ་ཉིད། །གསང་ཆེན་རྨད་དུ་བྱུང་བ་ལ། །འཇིགས་པར་བྱེད་པའི་སྐྱེ་བོ་གང་། །དྲག་པོའི་ལས་ཀྱིས་བསྒྲལ་བར་བྱ། །གཟུགས་ལ་མཚོན་གྱིས་གཏུབ་བྱ་ཞིང་། །ཕུང་པོ་མཐར་བྱེད་ཐུན་གྱི་ལས། །རྣམ་པར་སྒྲོལ་བ་སྦྱོང་བའི་ཐབས། །ཡབ་ཡུམ་འཁྲིལ་སྦྱོར་དགྱེས་པ་ནི། །ཕུང་པོ་བདེ་ཆེན་དབྱིངས་སུ་གྲོལ། །རང་བཞིན་མ་བཅོས་བྱང་ཆུབ་སེམས། །རྣམ་པར་སྤྱོད་བྱེད་རྡོ་རྗེ་ཉིད། །བསྒྲལ་བས་བདེ་བ་ཆེན་པོར་འགྲུབ། །ཅེས་སོ། །དེ་ལྟ་བུ་རི་གསད་ལས་ཀྱི་ཆོ་ག་རྫོགས་པས་ནི་རྡོ་རྗེའི་སྐུ་ཐོ་བ་པ་ཡང་འཇིག་པར་བྱེད་ན། །ཞིང་བཅུ་ལ་སོགས་བའི་དགྲ་བགེགས་རྣམས་ནི་སྨོས་ཅི་དགོས་ཏེ། ཆོ་ག་ལས་ཀྱི་མཐར་བྱས་པ། །བརྣག་པ་ལས་ཀྱི་སྦྱོར་བ་འདིས། །རྡོ་རྗེའི་སྐུ་ཡང་རབ་འཇིག་ན། །སྐྱེ་འགྲོ་གཟུགས་ཅན་སྨོས་ཅི་དགོས། །ཞེས་སོ། །གསུམ་པ་རྗེས་ཀྱི་རིམ་པ་ལ་གཉིས། དངོས་གྲུབ་བླང་བ་དང་ལས་གསུམ་གྱིས་མཇུག་སྡུད་པའོ། །དང་པོ་ནི།
(༣༩༧)བསྙེན་པ་རྣམ་པ་གསུམ་མཐར་ཕྱིན་ནས་དངོས་གྲུབ་བླང་བའི་ཚུལ་གཉིས་ལས། སྐབས་འདིར་བསྒྲལ་བ་གནས་སུ་དག་པའི་ཚུལ་གྱིས་ཐོག་མར་དགྲ་བགེགས་གཉིས་ལས་དངོས་གྲུབ་ཀྱི་བཅུད་བླང་བ་རྩ་རྒྱུད་ཀྱི་དགོངས་པ་ཡིན་ཏེ། སྒྲུབ་པ་ཆེན་པོ་ཐོན་གྱུར་ནས། །བདག་གི་ནུས་པ་བསྟན་པའི་ཕྱིར། །དམིགས་ནས་ཕུར་པ་གདབ་བྱེད་པ། །དངོས་གྲུབ་ལ་དབང་རྒྱལ་ཕོར་འགྱུར། །ཞེས་པས། ཉིན་བདུན་པ་ལ་རཱུ་པ་གསར་དུ་བཅས་ལ། ཡེ་ཤེས་ཀྱི་ལྷ་ཉེ་བར་བསྙེན་པ་དང་། དམ་ཅན་ཉེ་བར་བསྙེན་པའི་བཟླས་ཐབས་སྔོན་དུ་བཏང་ནས། དྲག་པོའི་ཕྲིན་ལས་དུས་གཅིག་ལ་སྨིན་པའི་ཕྱིར་ངན་སྔགས་ཉེ་བར་བསྙེན་པ་སྔགས་དྲུག་སུར་ཕུག་ཏུ་བསྟན་པའི་གདབ་ལས་ཁོང་ཁྲ་ཅན་ཅིག་ཅར་དུ་བྱས་ནས་བཏབ་པའི་བར་ཚང་བར་བྱེད་པ་ནི། སྤོགས་པའི་ཆོ་ག་ཡང་ཡིན་ལ། སྒྲུབ་པ་ཆེན་པོ་ཡང་ཡིན། དངོས་གྲུབ་བསྒྲུབ་པའི་ལས་ཆོག་ཡང་ཡིན་ནོ། །གཉིས་པ་ནི། མཚན་མ་མཐོང་བའི་སྒྲུབ་པ་པོས། །དངོས་གྲུབ་རྫས་དང་དཀྱིལ་འཁོར་གྱི། །ལྷ་རྣམས་སྐུ་གསུམ་རང་བཞིན་གྱིས། །བདག་ལ་རབ་ཏུ་བསྟིམ་གྱུར་ན། །དངོས་གྲུབ་བཅུད་ཀྱི་དམ་པ་ནི། །ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར། །ཞེས་པས་སྒྲུབ་པ་མཐར་ཕྱིན་པའི་ཚུལ་གྱིས་ཡེ་ཤེས་ཀྱི་ལྷ་ལ་དངོས་གྲུབ་བླང་བ་ནི་སྒྲུབ་པ་པོ་རྣམས་རྒྱན་གོས་བཟང་པོར་བྱ། ཚོགས་དང་གཏོར་མ་རྒྱ་ཆེན་པོས་ཚེ་གལ་ལ་སོགས་
(༣༩༨)པས་སྣ་དྲངས་ཏེ་དངོས་གྲུབ་ཀྱི་རྫས་རྣམས་ལག་ཏུ་ཐོགས་ལ། ཧཱུྃ། ཞལ་བུ་མཚན་ལྡན་རྡོ་རྗེ་ཀ་པཱ་ལ། །འཆི་མེད་ཚེ་ཡིག་ཡུང་དྲུང་ཅི་བསམ་འགྲུབ། །འདུན་པ་རིགས་ཀྱི་དངོས་གྲུབ་ཟད་མེད་གཏེར། །བདུད་འདུལ་ལྷ་ཉེ་གེགས་ཞི་རབ་ཏུ་བཟང་། །ཉེ་བ་ཉིད་དུ་བསམ་པ་ད་རེ་རན། །ཡང་དག་བདེན་པའི་དངོས་གྲུབ་དམ་པ་འདི། །ཅི་བསམ་འགྲུབ་ཅིང་རེ་བ་སྐོང་བ་དང་། །རིག་འཛིན་ས་ལ་ངེས་པར་ཕྱིན་པ་དང་། །ཐོགས་པ་མེད་པར་ཅི་བསམ་འགྲུབ་པ་ཡི། །དངོས་གྲུབ་དམ་པ་དེ་ཉིད་སྩལ་དུ་གསོལ། ཧཱུྃ། ཆོས་ཉིད་ནམ་མཁའ་བསམ་མེད་བརྗོད་ལས་འདས། །ཐམས་ཅད་འབྱུང་ཞིང་རེ་བ་མ་ལུས་སྐོང་། །བསྐངས་པ་ཉིད་ནས་རྒྱལ་བའི་དབྱིངས་སུ་ཐིམ། །ཆོས་ཉིད་འགྱུར་བ་མེད་པའི་དངོས་གྲུབ་སྩོལ། ཧཱུྃ། བྱིན་རླབས་ཆེན་པོ་ནམ་མཁའི་སྤྲིན་དང་འདྲ། །བདུད་དང་སྲིན་པོ་འདུལ་ཕྱིར་རྒྱལ་བའི་རིགས་སུ་བྱུང་། །དབང་བསྐུར་བྱིན་རླབས་ནུས་པ་བསམ་མི་ཁྱབ། །སྲས་ཀྱི་དམ་པའི་དངོས་གྲུབ་སྩལ་དུ་གསོལ། །ཧཱུྃ། ཐབས་དང་ཤེས་རབ་བདེ་བ་ཆེན་པོའི་དབྱིངས། །ཡབ་ལ་ཆགས་ཤིང་གཉིས་སུ་མེད་པའི་ཡུམ། །དོན་དམ་ངང་ལ་རིགས་ཀྱི་ཡུམ་དུ་བསྟན། །ཟད་མེད་གཏེར་གྱི་དངོས་གྲུབ་སྩལ་དུ་གསོལ། ཧཱུྃ། གདུག་པ་འདུལ་ཕྱིར་ཡབ་ཀྱི་ཐུགས་ལས་སྤྲུལ། །དྲེགས་པའི་འཁོར་རྣམས་མ་ལུས་འདུལ་མཛད་པ། །ཡབ་ཡུམ་རྒྱུན་དུ་འཛིན་ཅིང་ལས་རྣམས་འགྲུབ། །ཐོགས་མེད་སྒྲོལ་བའི་དངོས་གྲུབ་སྩལ་དུ་གསོལ། །ཧཱུྃ། སྐུ་ལ་དུས་གསུམ་སྐྱེའི་ཆ་མེད། །
(༣༩༩)རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ། །སྟོང་གསུམ་མ་ལུས་རླབས་ཀྱིས་གཅོད། །འཕུར་ལྡན་གཤོག་པའི་དངོས་གྲུབ་སྩོལ། །འཇིག་རྟེན་ཀུན་ལ་དབང་སྒྱུར་བའི། །རྫུ་འཕྲུལ་སྟོབས་ཀྱི་དངོས་གྲུབ་སྩོལ། །རྒྱ་མཚོར་མི་འབྱིང་འཛུལ་བྱེད་པའི། །ཐོགས་མེད་སྟོབས་ཀྱི་དངོས་གྲུབ་སྩོལ། །ཟས་ནོར་གོས་ཀྱི་གཏེར་མཛོད་ལ། །ལོངས་སྤྱོད་དཔག་མེད་དངོས་གྲུབ་སྩོལ། །ཞིང་བཅུའི་དགྲ་བགེགས་ཚར་གཅོད་པའི། །སྒྲོལ་བྱེད་མཐུ་ཡི་དངོས་གྲུབ་སྩོལ། །དྲེགས་པ་ཟིལ་གྱིས་གནོན་མཛད་པའི། །མི་འཇིགས་དཔའ་བོའི་དངོས་གྲུབ་སྩོལ། །འགྲོ་བའི་ཉོན་མོངས་སྤྱོད་བྱེད་པའི། །ལམ་ལ་འགོད་པའི་དངོས་གྲུབ་སྩོལ། །ཕྲིན་ལས་བསམ་གྱིས་མི་ཁྱབ་ལ། །མཛད་པ་རྫོགས་པའི་དངོས་གྲུབ་སྩོལ། །བསྒྲུབ་པའི་རྒྱལ་པོ་བླ་ན་མེད། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །སེམས་ནི་རང་བྱུང་ཡེ་ཤེས་ཀྱི། །རྟོགས་པས་ལྷུན་གྲུབ་དངོས་གྲུབ་སྩོལ། །རྩ་སྔགས་མཐར། ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀྐ་སིདྡྷི་ཨཱ ཙིཏྟ་སིདྡྷ་ཧཱུྃ། ཨོཾ་ཨ་ལ་ལ་ཧོ། །ཨོཾ་ཨ་ལ་ལ་ཧོ། ཨོཾ་ཨ་ལ་ལ་ཧོ། །ཞེས་བརྗོད་ཅིང་ཀུན་ལ་འགྲིམས་ཀྱང་དཀྱིལ་འཁོར་དུ་མི་དབང་བ་ལ་ནི་མི་སྦྱིན་ནོ། །དེ་ནས་གཅོ་ཕུར་བླངས་ལ། ཧཱུྃ། དངོས་གྲུབ་དམ་པ་ཐུགས་མཆོག་ལྷ་ཡི་ལྷ། དུར་ཁྲོད་ཆེན་པོའི་གཞལ་ཡས་དམ་པ་འདིར། །དུར་ཁྲོད་རྫས་ལ་བརྟེན་དེ་བསྒྲུབས་ལགས་ན། །སྣང་སྲིད་བྱམས་པའི་དངོས་གྲུབ་སྩལ་དུ་གསོལ། །ཡེ་ཤེས་ལྷ་ནི་ནམ་མཁའི་རང་བཞིན་ལ། །དངོས་
(༤༠༠)གྲུབ་སྩལ་དང་གསོལ་བར་མི་དམིགས་ཀྱང་། །གདུག་པ་ཆེན་པོ་ཐབས་ཀྱིས་འདུལ་བའི་ཕྱིར། །དྲག་པོས་འདྲེན་པའི་དངོས་གྲུབ་སྩལ་དུ་གསོལ། ཧཱུྃ། ཆོས་ཉིད་ཀུན་ཏུ་བཟང་མོའི་བྱིན་རླབས་ལས། །དྲེགས་པ་འདུལ་ཕྱིར་ཐུགས་རྗེའི་བྱིན་རླབས་འབྱུང་། །བདུད་ཀྱི་རྒྱལ་པོ་རཱུ་དྲ་བཏུལ་བ་ལྟར། །བདུད་རྒྱལ་དྲེགས་པ་འདུལ་བའི་དངོས་གྲུབ་སྩོལ། ཧཱུྃ། བདུད་དཔུང་བཅོམ་ནས་ཆོས་ཉིད་དོན་མཐོང་བས། །བདུད་རྒྱལ་རཱུ་དྲས་ཆོས་ཉིད་དོན་རྟོགས་ནས། །ཐུགས་རྗེའི་བྱིན་རླབས་བདུད་ལ་སྣང་བ་ལྟར། །ཉོན་མོངས་དབྱིངས་སུ་བསྒྲལ་བའི་དངོས་གྲུབ་སྩོལ། །ཞེས་དང་། གཙོ་ཕུར་གནས་གསུམ་དུ་གཏུག་པ་དང་བཅས། རྩ་སྔགས་མཐར། ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀྐ་སིདྡྷི་ཨཱ ཙིཏྟ་སིདྡྷ་ཧཱུྃ། དེ་བཞིན་དུ་སྲས་མཆོག་རྣམས་བླངས་ལ། ཧཱུྃ་རོལ་པ་ཆེན་པོའི་སྲས་མཆོག་རྣམ་ལྔ་ཡང་། །ཞིང་བཅུ་སྟོབས་དང་རབ་ཏུ་འབྲལ་མཛད་པས། །བདུད་རྒྱལ་རཱུ་ཏྲ་གྲོགས་དང་བྲལ་བ་བཞིན། །ཞིང་བཅུ་སྟོབས་དང་བྲལ་བའི་དངོས་གྲུབ་སྩོལ། །ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཀཱི་ལ་ཡ་ཀཱ་ཡ་ཝཱ་ཀྐ་ཙིཏྟ་སརྦ་སིདྡྷ་ཧཱུྃ། ཁྲོ་བོ་བཅུའི་ཕུར་བ་བླངས་ལ། ཧཱུྃ། འཁོར་གྱི་གདུག་པ་མ་ལུས་བསྒྲལ་བའི་ཕྱིར། །ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་འཁོར་དང་བཅས། །ཕྱོགས་སྐྱོང་དྲགས་པ་རབ་ཏུ་བཏུལ་བ་ལྟར། །འཇིག་རྟེན་དྲེགས་པ་འདུལ་བའི་དངོས་གྲུབ་སྩོལ། །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཀཱ་ཡ་སོགས། ཁྲོ་མོ་རྣམས་བླངས་ལ། ཧཱུྃ།
(༤༠༡)སྤྲུལ་པས་སྟོང་ཁམས་རབ་ཏུ་བཀང་ནས་ཀྱང་། །འདུལ་བའི་དབང་གིས་གང་ལ་ཅི་འདུལ་སྟོན། །རྒྱལ་བས་སྟོང་གསུམ་སྤྲུལ་པས་བཀང་བ་ལྟར། །སྤྲུལ་པ་ཁམས་གསུམ་བགེངས་པའི་དངོས་གྲུབ་སྩོལ། །ཧཱུྃ་ཞེས་ལན་བཅུའི་མཐར་ཀཱ་ཡ་སོགས། ཕྲ་ཕྱག་རྣམས་བླངས་ལ། ཧཱུྃ། རོལ་པ་ཆེན་པོའི་བྱིན་རླབས་ཅིར་ཡང་སྣང་། །འདུལ་ཐབས་དྲག་པོ་བདུད་ཀྱི་ཆས་འདྲ་ཡང་། །སྙིང་རྗེ་བྱང་ཆུབ་སེམས་ལས་ཉམས་པ་མེད། །དྲག་པོ་བྱམས་པའི་དངོས་གྲུབ་སྩལ་དུ་གསོལ། །ཛ་ཞེས་བཅུའི་མཐར་ཀཱ་ཡ་སོགས། སྒོ་མ་བཞི་བླངས་ལ། ཧཱུྃ། ཐུགས་རྗེ་བྱམས་པས་འགྲོ་ལ་སྙིང་བརྩེའི་ཕྱིར། །ལ་ལར་ཞི་དང་ལ་ལར་ཁྲོ་བོར་སྣང་། །འདུལ་ཐབས་དྲག་པོས་འགྲོ་བ་འདུལ་ལགས་ན། །ཉོན་མོངས་གནས་སུ་འདྲེན་པའི་དངོས་གྲུབ་སྩོལ། ཛཧཱུྃ་བཾ་ཧོ ཀཱ་ཡ་སོགས། ས་བདག་མའི་བླངས་ལ། ཧཱུྃ། དཔལ་གྱི་བཀའ་ཉན་ལས་ལ་བརྩོན་པ་མོ། །འཇིག་རྟེན་དྲེགས་པ་མ་ལུས་འདུལ་མཛད་མ། །འཇིག་རྟེན་དབང་དུ་སྡུད་པའི་ལས་བྱས་ལྟར། །དམ་ལས་མི་འདའ་བཀའ་ཉན་དངོས་གྲུབ་སྩོལ། ཛཛཛཛ ཀཱ་ཡ་སོགས། ཤྭ་ན་མའི་བླངས་ལ། ཧཱུྃ། འཇིག་རྟེན་ཁམས་ལ་དབང་སྒྱུར་མཐུ་མོ་ཆེ། །ལས་ངན་ཞིང་བཅུ་མ་ལུས་སྒྲོལ་མཛད་པ། །བཅོལ་ཞིང་རྦད་ན་ཕོ་ཉ་མཛད་པ་ལྟར། །གང་དུ་མངགས་པའི་ལས་འགྲུབ་དངོས་གྲུབ་སྩོལ། །ཨེ་ཡཾ་མ་ཡ་ཀཱ་ཡ་སོགས། བདག་
(༤༠༢)ཉིད་མའི་བླངས་ལ། ཧཱུྃ། དྲེགས་པ་སྡེ་བཞི་རབ་ཏུ་འདུལ་མཛད་པ། །ནད་ཀྱི་བདག་མོ་བཀའ་ཉན་གསུང་སྡོད་མ། །བྲན་དང་ཕོ་ཉ་ལས་རྣམས་འགྲུབ་བྱེད་ལྟར། །གང་ལ་བྱ་བའི་ལས་འགྲུབ་དངོས་གྲུབ་སྩོལ། །བྷྱོ་བཞིའི་མཐར་ཀཱ་ཡ་སོགས་དང་། སྤྱིར་དམིགས་ནས། བདུད་དང་སྲིན་པོ་འདུལ་བའི་དངོས་གྲུབ་སྩོལ། །དོན་དམ་ཆོས་ཉིད་རྟོགས་པའི་དངོས་གྲུབ་སྩོལ། །སངས་རྒྱས་ས་ལ་འགྲོ་བའི་དངོས་གྲུབ་སྩོལ། །འཁོར་བ་ངན་སོང་སྦྱོང་བའི་དངོས་གྲུབ་སྩོལ། །ཞེས་བརྗོད་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དངོས་གྲུབ་ཐོབ་པར་བསམ་མོ། །དེ་ནས་མངོན་སྤྱོད་ཀྱི་ཕྲིན་ལས་ཚར་ཕྱིན་པའི་དོན་དུ་ཕུར་སྐོར་གྱི་གདབ་ལས་ནི། ཛཔྲ་ཁ་ཕྱེ་ལ། བཟླས་པ་སྟོང་ཕྲག་གཅིག་བྱས་རྗེས། ཆུ་སྲིན་རྣམ་རོལ་གྱི་རྒྱས་གཙོ་ཕུར་བླངས་ཏེ་དྲིལ་ནས། མགོ་ལ་གཡས་སྐོར་དུ་བསྐོར་བས་རང་གི་ལུས་ལ་བར་དུ་གཅོད་པ་ཐམས་ཅད་ཀྱི་ལུས་རྡུལ་ཕྲ་རབ་ཏུ་སོང་བར་བསམས་ལ། ཧཱུྃ། དངོས་གྲུབ་བར་ཆད་བྱེད་པའི་གེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷ་འམ་འོན་ཏེ་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་ཤོག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། ཅེས་བརྗོད། ཡང་མགྲིན་པར་བསྐོར་བས་ཕ་རོལ་པོའི་དག་གི་ནུས་པ་བཅིང་། རང་གི་ནུས་པ་རྒྱས་པར་བསམས་ལ། ཧཱུྃ། རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་
(༤༠༣)ཚལ་པ་བརྒྱ་རུ་ཁོས། །ཉོན་ཅིག་གེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། ཡང་སྙིང་གནས་མདུན་རྒྱབ་ཏུ་བསྐོར་བས་རང་གི་སེམས་ལ་རྣམ་པར་གཡེངས་པས་བར་དུ་གཅོད་པ་ཐམས་ཅད་ཞི་ཞིང་། ཕ་རོལ་པོའི་སེམས་སྐྲག་ཅིང་མྱོས་པའི་མོད་ལ་རིག་པ་ཆོས་ཉིད་ཀྱི་ཀློང་དུ་བརྒྱལ་བར་བསམས་ལ། ཧཱུྃ། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །གསད་ཅིང་གནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེས་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། དེ་ནས་སྒྲུབ་པ་པོ་ཐམས་ཅད་ཀྱིས་ཀྱང་ཛཔྲ་བཟླ་བཞིན་པར་ཕུར་བསྐོར་བྱས་རྗེས་ཕུར་བ་ས་ལ་མ་རེག་པར་ཉ་བོའི་ཁོག་པ་ལ་གཞུག །དེ་བཞིན་དུ་ཁྲོ་བཅུ་ཡབ་ཡུམ་དང་། སྒོ་བའི་ཕུར་པ་རྣམས་ཀྱང་རྡོ་རྗེ་སློབ་དཔོན་ནས་རིམ་པར་ཕུར་བསྐོར་བྱས་ནས་དཀྱིལ་འཁོར་ལ་བཀོད། ཛཔྲ་བསྟོད་བྱ། །ཚོགས་ཀྱི་འཁོར་ལོས་དགྱེས་པ་བསྐང་། དམ་ཅན་ཆོས་སྐྱོད་རྣམས་ལ་གཏང་རག་དབུལ། ཆད་མདོ་ནས་བཟུང་ཆོ་གའི་རྗེས་ཆོག་རྣམས་དཀྱུས་ལྟར་བྱའོ། །གསུམ་པ་རྗེས་རིམ་པ་ནི། རྒྱུད་ལས། ལས་ཀྱི་མཐའ་བརྟུལ་ངེས་པ་ཡང་། ཧོམ་ལ་བསྒེག་པའི་སྦྱོར་བ་ཡིས། །རྡོ་རྗེ་མེ་དཔལ་སྙིང་བསྲེགས་ནས། །ཐོད་པར་འཕང་བའི་ལས་བྱའོ། །གནན་ས་ངེས་པར་གནན་པ་ཡིས། །ཉམས་པ་འཆི་འགྱུར་ངེས་པ་ཡིན། །ཞེས་ལས་ཀྱི་མཐའ་
(༤༠༤)བསྡུ་བའི་རིམ་པ་གསུམ་ལས། དང་པོ་གསད་པའི་ལས་མཐར་ཕྱིན་པའི་དེ་མ་ཐག་བསྟབ་པའི་ལས་ཀྱིས་མ་ཚང་བ་ཁ་སྐོད་པ་ནི་དྲག་པོའི་སྦྱིན་སྲེག་ཡིན་ཏེ། རྩེ་མོ་ལས། གང་དག་གསད་པའི་དུམ་བུ་དང་། །ཕུང་པོ་སྙོམས་པའི་རྗེས་ཤུན་ཅན། ཤ་ཁྲག་དྲོད་དང་བཅས་པ་ལ། །འབར་བ་འཁོར་བཅས་བོད་པར་བྱ། །ཚ་བའི་མར་དང་ལན་ཚྭ་དང་། །སྐྱེ་ཚེ་དུག་དང་ཁྲག་སྣ་དང་། །ལྕགས་ཕྱེ་ལྡོང་རོས་དམ་རྫས་དང་། །སོལ་ཕྱེས་བསྒོས་པའི་དམ་རྫས་རྣམས། །གསང་སྔགས་བཟླས་པར་རང་འབད་དེ། །གང་གི་གཟུགས་མིང་རུས་བསྲེགས་ན། །མྱུར་དུ་ལས་རྣམས་འགྲུབ་པར་འགྱུར། །ཞེས་པས་དེའི་ཚུལ་ནི་དྲག་པོའི་སྦྱིན་སྲེག་རྟ་གདོང་རྔམ་ཞུགས་ལས་རྟོགས་པར་བྱ་ཞིང་རྫས་ལ་ཞིབ་པར་བསྟན་པ་ནི། རྒྱུད་ལས། དེར་གདུག་པ་ཅན་གྱི་ཤིང་རྣམས་ལ་ཁ་རལ་མའི་སྐྲས་བཅིངས་ཏེ། དུག་ཤིང་སྣ་ཚོགས་པ་ལ་སྙིང་དང་གློ་པས་བརྒྱན་པ་ནི་དྲག་པོ་མེའི་དཀྱིལ་འཁོར་རོ། །ཞེས་དང་བསྟབ་པའི་དཀྱིལ་འཁོར་ནི་བྱང་ཤར་མཚམས་སུ་འཕང་དུ་སོར་བཞི་ལ་སྙིང་པོ་ནྀྲ་ཏྲི་དང་བཅས་པའོ། །དེར་བསྒྲལ་བའི་ལིངྒ་ནི་ར་སོག་དང་། ཁྱི་སོག་དང་། མིའི་སོག་པ་ལ་བྲིས་ལ་མཆོད་པ་ཆེན་པོའི་དུས་སུ་བསྟབ་པོ་ཞེས་དང་། དམ་ཅན་སྤྱི་ དྲིལ་གྱི་བསྲེག་སྔགས། ཤུ་ལཾ་བུ ་ལཾ། དྷི་ཛནི་ཡོ་གཱི་ཤྭ་རི་ནི་ཡ་མ་ཙིཏྟ་སུ་ཏྲེ་བཛྲ་མཱ་ར་ཡ་ཕཊརཾ་རཾ་ཁཱ་ཧི་ཧོ་ཧོ ཞེས་པ་དཀྱིལ་འཁོར་བའི་མཇུག་ཏུ་སྦྱར་ནས་ལན་ལྔ་ཙམ་དབུལ་ལོ། །བདུད་རྩི་འཁྱིལ་པའི་སྦྱོར་བ་ཡིས། །དུམ་བུར་གཏུབས་
(༤༠༥)ནས་སྦྱིན་བསྲེག་བྱ། །ཐལ་བ་རྒྱ་མཚོར་དོར་གྱུར་ན། །ངེས་པ་ཁོ་ནར་སྨྱོ་བར་འགྱུར། །ཁྱི་ཡི་ཁྲག་དང་རྔ་མོའི་ཤ། །དུག་གི་མེ་ལ་བསྲེག་གྱུར་ན། །ངེས་པ་ཁོ་ནར་ཁུག་པར་འགྱུར། །ཙིཏྟའི་ཁྲག་དང་དུར་ཁྲོད་ས། །ཤྭ་ན་རཀྟ་བསྲེས་པ་ཡིས། །གཟུགས་བརྙན་སོར་ནི་བཞི་པ་བྱས། །བྷནྡྷ་སྲུབས་མེད་ནང་དུ་གཞུག །མ་ཀི་ཏ་ཡི་ཁུ་བས་བྱུག །དུར་ཁྲོད་ཤིང་ལ་བསྲེག་གྱུར་ན། །བསྒྲུབ་བྱ་ཚ་བའི་རིམས་ཀྱིས་འདེབས། །དུར་ཁྲོད་དག་གི་སོལ་བ་ལ། །བསྒྲུབ་བྱའི་གཟུགས་བརྙན་ནག་པོར་བྱ། །ར་ཡི་ཁྲག་གིས་བྱུག་ནས་ནི། །དུར་ཁྲོད་ཤིང་གི་མེ་ལ་བསྲེག །ན་རའི་ཕུར་པ་ལྔ་པོས་བདུག །ཧི་ཧིར་བཞད་ཅིང་ཐལ་བརྡབས་པས། །བསྒྲུབ་བྱའི་ལུས་ནི་འགས་པར་འགྱུར། །ཞེས་དང་། དེ་བཞིན་དུ། མི་ཤ་ཁྱི་ཤར་དང་རྟ། །ནྀྲ་དང་གཉིས་སུ་མེད་བསྲེག་ན། །མོད་ལ་སྲོག་ནི་འཕྲོག་པར་འགྱུར། །དེ་མཚོན་ནས། མི་རྟ་ཁྱི་སྤྱང་གླང་དྲེད་ཚིལ་གྱིས་གག་པ། མི་ཁྱི་འཕར་སྤྱང་སྤྲེའུ་ར་དང་བཅས་པའི་ཁྲག་ནད་དེ་དག་གི་རྐང་མར་གྱིས་ཚད་རིམས། ར་སྤྱང་བོད་དུག་བསྲེ་ཞོ་དང་བཅས་པས་ལྐུགས། ལི་ཁྲི་དང་མཚལ་གྱིས་སྐྱེ་རྒྱུན་གཅོད། །གུ་གུལ་དང་ཉུང་དཀར་གྱིས་ལྷ་དང་འབྲལ། ཐང་ཕྲོམ་དང་ལུག་མིག་པས་སྨྱོ་འབོག །ཉུང་དཀར་ནག་སྐྱེ་ཚེ་ཏིལ་གྱིས་སྙིང་གས། ཀནྡྷ་རིས་ཁུས། ཟངས་ཕྱེས་དག །ལྕགས་ཕྱེས་ཡིད། སྨན་ཆེན་གྱིས་ཀུན་གྱི་གྲོགས་གཏའ་གཏོར་རྙིང་
(༤༠༦)པས་བཏབ་པའི་རྫས་དེ་རྣམ་པ་བཅུ་དྲུག་བཤད་པའང་མན་ངག་ཏུ་སྦྱར་རོ། །གཉིས་པ་གསད་པའི་ལས་ཆུད་མི་ཟ་བ་ཟོར་ཀྱི་ལས་ཀྱིས་བྱེད་དེ། །དེའི་ཚུལ་ནོ་ཟོར་ལས་གནམ་ལྕགས་འབར་བ་ལས་རྟོགས་པར་བྱ་ཞིང་ཟོར་རྫས་ལ་མན་ངག་དུ་བསྟན་པ་ནི། །ཉུང་དཀར་ཉུང་ནག་སྐྱེ་ཚེ་མཚེ། །མཆེ་བ་ཅན་གྱི་མཆུ་དགུ་ཁྲག །ཐུན་དུ་བྲབས་ཏེ་ཟོར་འཕངས་ན། །ཁྲག་གཟེར་ནད་གྱིས་འཆི་བར་འགྱུར། །ཉུང་དཀར་ཉུང་ནག་སྐྱེ་ཚེ་མཚེ། །མཛེ་ཕོའི་ཁྲག་ཟོར་ཐུན་འཕངས་ན། །མཛེ་རིམས་ནད་ཀྱིས་འཆི་བར་འགྱུར། །ཉུང་དཀར་ལ་སོགས་མི་ར་ཁྱི། །སྣ་ཚོགས་དུག་དང་ཁྲག་ཐུན་གྱིས། །ཁྱིམ་མམ་ཡུལ་ཕྱོགས་ཟོར་འཕངས་ན། །མྱོས་དང་བརླམས་དང་ལྐུགས་དང་འཆི། །ཉུང་དཀར་ལ་སོགས་མི་ར་ཁྱི། །དྷ་དུ་ར་ཡི་ལུང་མིག་དང་། །སྣ་ཚོགས་དུག་དང་ཁྲག་ཐུན་གྱིས། །ཁྱིམ་མམ་ཡུལ་ཕྱོགས་ཟོར་འཕངས་ན། །སྨྱོ་འབོག་ནད་ཀྱིས་འཆི་བར་འགྱུར། །འབྲུམ་ནད་དག་གིས་ཤི་བའི་ཁྲག་ཉུང་དཀར་དུག་དང་སྦྱར་བ་ཡིས། །ཁྱིམ་མམ་ཡུལ་ཕྱོགས་ཟོར་འཕངས་ན། །ཡུལ་ཁམས་འབྲུམ་ནད་དག་གིས་འཆི། །མཁྲིས་ནད་རྩ་ཡི་ཁྲག་དང་ནི། །ཉུང་དཀར་ཉུང་ནག་དུག་སྣ་ཚོགས། །ཁྱིམ་མམ་ཡུལ་ཕྱོགས་ཟོར་འཕངས་ན། །མཁྲིས་ནད་རིམས་ཀྱིས་འཆི་བར་འགྱུར། །ཉུང་དཀར་ཉུང་ནག་སྐྱེ་ཚེ་མཚེ། །མུ་ཟི་ནག་པོ་ཁྲག་སྣ་ཚོགས། །ཁྱིམ་མམ་ཡུལ་ཕྱོགས་ཟོར་འཕངས་ན། །ཕོ་ལོག་གླང་ཐབས་ནད་ཀྱིས་འཆི། །མྱོས་རིམ་རྩ་ཡི་
(༤༠༧)ཁྲག་དང་ནི། །ཉུང་དཀར་ལ་སོགས་དུག་སྣ་ཚོགས། །ཁྱིམ་མམ་ཡུལ་ཕྱོགས་ཟོར་འཕངས་ན། །རིམས་ནད་ཆེན་པོས་འཆི་བར་འགྱུར། །ཡུལ་མཁར་ས་དང་ཚོན་ཕྱེ་དང་། །ལོ་ཟླར་བཤམས་པའི་གཏོར་མ་དང་། །ཉུང་དཀར་ལ་སོགས་དམེ་ཁྲག་གིས། །ཁྱིམ་མམ་ཡུལ་ཕྱོགས་ཟོར་འཕངས་ན། །ཡུལ་འཁོར་ཤོར་དང་མེ་ཡིས་འཆི། །ཞེས་དང་། དྲེགས་པའི་ལས་སྦྱོར་དང་འབྲེལ་བའི་ཐོད་ཟོར་བྱེ་བྲག་བའི་མན་ངག་ནི། །ནག་པོ་སྤྱི་དཀར་ཐོད་པ་རུ། །དེ་ཉིད་སྙིང་དང་ཁྲག་ཏུ་བཅས། །མོན་པ་ནག་པོའི་སྙིང་ཡང་རུང་། །དེ་ཡི་ནང་དུ་མིང་བྱང་གཞུག །རེ་བའི་ཁུག་མར་བཅུག་ཀྱང་རུང་། །གསལ་བ་ལྷ་ཡི་ང་རྒྱལ་གྱིས། །གང་ཡིན་དམིགས་པ་གསལ་བ་ལས། དཀར་ནག་མཚམས་སུ་དྲག་སྔགས་བརྡེབ། །དེ་ཡིས་རྟགས་ལ་ལས་སྔགས་བྱ། །གྲངས་སུ་བསྟན་པའི་ལས་ཉིད་དེ། །སྲོག་མེད་རྡོ་ཡང་འགས་པར་འགྱུར། །དཀར་པོ་ཕྲུམ་དམར་ཐོད་པ་རུ། །སྙིང་སྣ་ལྔ་ཡང་དེ་བཞིན་བྱ། །མིང་དང་རུས་ཀྱང་བྲི་བར་བྱ། །ཐུན་རྫས་སྣ་ཚོགས་མང་དུ་བསྟར། །གསལ་བའི་ཏིང་འཛིན་དགོངས་པ་ཡིས། །རང་བསྲུང་གནད་ལ་དབབ་པར་བྱ། །ཐུན་རྣམས་དུས་སུ་བྲབ་པར་བྱ། །རྟགས་ནི་མྱུར་དུ་བྱུང་བ་དང་། །གང་ཡིན་དེ་ལ་ཐོད་པ་བརྡེག །དེ་ནི་ས་རུ་རྟགས་བྱུང་ན། །བསམས་པའི་འབྲས་བུ་ཆུད་མི་ཟ། །གང་བྱས་ལས་ལ་ཐེ་ཚོམ་མེད། །མོན་པ་ནག་པོའི་ཐོད་པ་རུ། །གླ་བ་ལུག་དང་བྱ་རྣམས་ཀྱི། །སྙིང་དང་ཁྲག་ཏུ་བཅས་པ་བླུག །
(༤༠༨)དམ་རྫས་ཀུན་ཀྱང་ཚང་གྱུར་ན། །ཡ་མཚན་འཕྲུལ་གྱི་སྔགས་འབྲུ་ལ། །རིམ་པ་སྔགས་ཀྱི་བྱ་བར་ཤེས། །དེ་ཡིས་དོན་འདི་འགྲུབ་པར་འགྱུར། །ཝ་འམ་སྤྱང་ཀིའི་ཐོད་པ་རུ། །རིམས་ཀྱིས་ཤི་བའི་ཁྲག་བླུགས་ལ། །དུག་དང་སྤང་མས་སླང་བར་བྱ། །ཟངས་ཕྱེ་དུག་རྣམས་ཡང་དག་བསྟན། །སྦྱོར་བ་སྔགས་ཀྱི་ན་ཡ་ལ། །གནད་ལ་དབབ་པ་རབ་སྡེབས་ལ། །ནམ་གྱི་འཇིད་ལ་ཐུན་ཡང་བརྡེག །རྟགས་རྣམས་འབྱུང་བར་གདོན་མི་ཟ། ཁམས་གསུམ་གདུག་པ་སྒྲོལ་བའི་ལས། །གང་དུ་བཏབ་པ་འགྲུབ་པར་བྱེད། །བདུད་དང་སྲིན་པོ་གནོད་སྦྱིན་ཡང་། །བསྒྲུབ་པའི་འབྲས་བུ་ཐོབ་པར་འགྱུར། །ཞེས་སོ། །འདི་དམ་ཅན་གྱི་གནད་ཡིག་ལམ་བརྟེན་པར་རང་གར་བྱས་ན་རང་ཉིད་ཕུང་བས་བཤད་རྒྱུད་ལེའུ་ཉི་ཤུ་པ་དང་ཉེར་གཅིག་པ་ལྟར་འབོད་རྦད་གསད་གསུམ་ལ་བརྟེན་པ་གཅེས་ཤིང་། །ཟོར་འཕངས་ཐོད་པ་ལམ་འོག་ཏུའོ། །ཞེས་པའི་དོན་ཡང་རིག་པར་བྱའོ། །འདིར་སྦྱིན་སྲེག་གི་ཐལ་བ་རླུང་ལ་བསྐུར་བ་ཟོར་ནི། རབས་ཆད་དམ། མཚན་ངན་གྱི་ཐོད་པ་བླ་འོག་མ་བྲལ་བ་དང་། མེ་ཆུས་ནུས་པ་མ་གསད་པའི་ཞོལ་གླང་ཐོག་ཅན་ལ་སོགས་པའི་རྭ་ར་བསྲེགས་ཐལ་དང་། ལིང་རོ་དང་། ཁྲག་སྣ་ཚོགས་ཚད་དང་། ཡུགས་སའི་མངལ་ཁྲག་སོགས་བླུགས། །ཐུན་རྫས་གཞན་རྣམས་དང་ཟོར་རྫས་རྣམས་ནི་ཐལ་སོལ་ལ་ཟོར་ཀོང་དང་གཏོར་མ་བྱས་པ་ལ་བརྒྱན། མ་དལ་གྲུ་གསུམ་ཅན་གྱི་སྟེང་དུ་བཀོད། དེའི་མདུན་དུ་སྨན་གཏོར་རཀྟ་མཆོད་པ་དང་བཅས་པ་
(༤༠༩)བཤམ། དཀྱིལ་འཁོར་གཞུང་ལྟར་བསྐྱེད་ལ་ཛཔ་བཟླས་རྫོགས་ནས་མ་མ་པ་ཤཾ་ཀུ་རུ་སོགས་ཅི་ནུས་བཟླ། ཕུར་པའི་དམ་ཅན་གྱི་བསྐུལ་བྱ། དེ་ནས་ནམ་ཕྱེད་ལ་བབ་པ་ན། ཞིང་ཆེན་གྱི་གཡང་གཞི་དང་། སྲིད་པ་སྤྱི་བླུགས་ཀྱི་ཞྭ་སོགས་བདུད་ཆས་སུ་ཞུགས། སྙིང་གར་ཞག་གི་ཟོ་རིས་དབྲལ་བ་ཐལ་ཆེན་གྱི་ཚོམ་བུ། མཁུར་ཚོས་དང་ལྐོག་མ་རྣམས་རཀྟའི་ཐིག་ལེ་བྱ། གཏོར་མ་བཟང་པོ་གསུམ་བཅས་ལ་གཅིག་རང་གི་ཆོས་སྐྱོང་ལ་ཕུལ་ནས་ལས་ལ་བསྐུལ། གཅིག་ཕྱོགས་སྐྱོང་རྣམས་ལ་ཕུལ་ལ་བདེན་པ་བདར། མ་ཉེས་པའི་ཡུས་ཁ་གཟུག །གཅིག་ཕ་རོལ་པོའི་གཞི་བདག་དང་སྐྱོབ་བྱེད་ལ་བྱིན་ནས་ཕྱོགས་གཞན་དུ་གཟུར་བར་བསམ། །དེ་ནས་དམ་ཅན་གྱི་སྔགས་དང་ཟོར་སྔགས་དམིགས་པ་མ་ཡེངས་པར་བཟླ་བཞིན་པས་དགྲ་ཡུལ་མཐོང་བའམ། རི་མཐོན་པོའི་རྩེར་ཕྱོགས་ལ། ཧཱུྃ། ད་ནི་དཔལ་ཆེན་ཁྲག་འཐུང་གཙོ། སོགས་ཀྱིས་ཟོར་ལམ་ཕྱེ། དམ་ཅན་གྱི་ཟོར་སྔགས་གབ་པ་འབུ་ལི་འབུ་ལི་ཁཾ་བཛྲ་ཤིཥྷ་ནི་རི་ཤ་ནི། ཁྱི་ཁྲི་སྙིང་ཟ་ཙིཏྟ་ཡཾ་པ་ཏོ་བྷྱོ་བྷྱོ་ཐུན་ཡཾ། ཞེས་བཟླས་སོ། །ཧཱུྃ། མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ལ། །སོགས་ཀྱི་ཟོར་བསྐུལ་དང་སྦྲག །རབ་དགྲ་བོའི་དུར་མཆད། འབྲིང་མཁར་ཁྱིམ། ཐ་མ་ཡུལ་ཕྱོགས་ལ་འཕང་ན་རིམ་པ་བཞིན་བདུན་རྒྱུད་དང་། ཡུལ་མཁར་དང་། དམིགས་བྱ་ཁ་ཕུང་དུ་འགྲོའོ། །གསུམ་པ་ལས་མཐར་
(༤༡༠)བྱ་བ་ནི་ཀླུ་ལ་གཏད་པ་མནན་པའི་ལས་ཡིན་ཏེ། དེའི་བཅའ་གཞི་ནི། རྒྱུད་ལས། ཕུང་བྱེད་ས་ལ་གཟུགས་བྱས་ཏེ། །དྲི་ཆེན་པོ་ཡིས་བྱུག་ནས་སུ། །ར་མ་ཡ་ཡི་དུད་པས་བདུག །དུར་ཁྲོད་རོ་ཡི་ཤུན་ལྤགས་ལ། །འཁོར་ལོ་བཅུ་གཅིག་རྩིབས་མཆན་བྲི། །དབུས་སུ་བསྒྲུབ་བྱའི་མིང་གིས་བརྒྱན། །མཐར་ནི་མ་ཧཱ་ས་ཡར་ལྡན། །ཕོ་རོག་སྒྲོ་ཡི་མྱུ་གུ་ཡིས། །གདུག་པ་ཅན་གྱི་གཟུགས་བྲིས་ལ། །བྷནྡྷ་ཁ་སྦྱར་ནང་དུ་བཅུག །ཁྲག་ཆེན་པོ་ཡིས་བྱུག་པར་བྱ། །གཟུགས་བརྙན་དེ་ཡི་སྙིང་གར་གཞུག་། །ཙནྡན་མེ་ལ་དྲོས་པར་བསྲོ། །ལམ་ཆེན་རྒྱ་གྲམ་དག་ཏུ་གནན། །ཞེས་པས་སྦྱིན་སྲེག་གི་ཐལ་བ་དང་ལིང་རོ་ཕུངས་རྣམས་བསྲེས་པའི་ལིངྒའི་ཁོག་པར་མིང་རུས་ལྡན་པའི་རཱུ་བ་བཅུག །ཕྱི་ནང་ཐམས་ཅད་ཁྲག་ཆེན་གྱིས་བྱུག །ཕྱི་ཐུམ་རོ་ཤུན་ནམ་ཉ་ལྤགས་ས་མ་རོ་རས་སྐྱེར་ཤུན་ནམ་ཀར་བི་རས་བྱུག །རི་རབ་ཀྱི་རྩེར་རྒྱ་གྲམ་རྭ་གདེངས་དང་ལྟེ་བར་འཁོར་ལོ་རྩིབས་བཅུ་གཅིག་པར་བྲིས་པའི་དབུས་དང་རྩིབས་རྣམས་ལ་བསྒྲུབ་བྱའི་མིང་རུས་མཐར་ཟིལ་གནོན་གྱི་སྔགས། ཨོཾ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ནན། མོ་ཧ་གྷ་ཡ་ནན། ཅེས་བྲིས་རྩིབས་མཆན་ལ་སྡིག་པ་བྲི། མུ་ཁྱུད་ལ་མ་ཏཾ་ཉ་ཀར་དང་། སྔགས་དྲུག་བྲིས་པས་གཏུམས་པའི་ཚེ། ཨོཾ་ལཾ་གྱི་སྔགས་ཡེ་ཤེས་ཀྱི་རི་རབ་རྩེ་བརྒྱད་པར་བསམ་པ་སྤྱི་བོར་བཀབ་སྟེ་དྲིལ། རབས་ཆད་དམ། ར་རོག་ཁྱི་ནག །མཛོ་དྲེལ་གང་རུང་གི་ཐོད་པ་བླ་འོག་ཁ་ཕྲལ་བའི་ནང་དུ་བུག །ཁྲག་སྣ་དུག་སྣ་ཐུན་རྫས་སོགས་ཀྱང་བླུགས་ནས་
(༤༡༡)ཁ་སྦྱར། །དགུག་གཞུག་དྲག་པོ་བྱས་ལ། ཕུང་རེ་དང་ཚོན་སྐུད་ཀྱིས་བཅིངས་ནས་བསྒྲུབ་ལ། ཤུ་ཤུ་རཀྟ་ཚལ་པ་ཨ་བེ་ཤ་ཤུ་ལ་ཀང་ཀེང་མཱ་ར་ཡ་ཕཊ། སྟྲམྦྷ་ནན། ཅེས་པང་མང་བཟླས། དེ་ནས་ནམ་གྱི་སྨད་ཆ་ལ་བབ་པ་ན་གང་དུ་བྱ་བའི་གནས་ནི། མ་མོའི་གནས་དང་ཆུ་བྲག་འཐབ། །ལམ་གྱི་གཞི་མདོ་ཤིང་གཅིག་དྲུང་། ཀླུ་གནས་ཆུ་མིག་ལྐུགས་པ་རུ། །བདུད་རྩི་འཁྱིལ་པའི་ཕུར་པ་ཡིས། །སྔགས་བཟླས་གྲུ་གསུམ་བརྐོས་ནས་ནི། །ཞེས་པ་ལྟར་དོང་གྲུ་གསུམ་རྒྱར་ཁྲུ་གང་ཟབས་སུ་ཁྲུ་དོ་བ་བྲུས་ལ། ཁྲག་སྣ་དང་རོ་སོལ་གྱིས་ནག་པོར་བྱ། དཀར་གཏོར་དམར་གཏོར་གཉིས་བཤམས་ལ། དཀར་གཏོར་གནས་དེའི་གཞི་བདག་ལ་བསྔོས་ཏེ་མཉེས་པའི་དཔང་གཟུག །དམ་པ་དར་ནས་ལས་ཀྱི་སྟོང་གྲོགས་བཅོལ། དམར་གཏོར་དམ་ཅན་རྣམས་ལ་ཕུལ་ནས་ཕྲིན་ལས་བཅོལ། དེའི་ནང་དུ་མནན་ཐོད་ཁ་མཐུར་དུ་སྦུབ་ནས་བཅུག །ཕུར་པ་རྣམས་ཀྱི་སྤྱི་བོ་རུ། །རི་རབ་གླིང་བཞི་བྲིས་ནས་ནི། །སྟེང་དུ་དོན་ཡོད་གྲུབ་པ་ནི། །ཡི་གེ་ཧཱ་ལས་བསྐྱེད་བྱས་ཏེ། རྟག་ཏུ་བརྟན་པར་བཞུགས་པར་བྱ། །ཞེས་པ་ལྟར་བྱ། བསྲེགས་པའི་ཐལ་བ་ལ་སོགས་པ་ཐམས་ཅད་གནན་པར་བྱ་བ་ནི། །ལས་རྣམས་མ་གྲུབ་བར་དུ་བཞག །ལས་རྣམས་གྲུབ་པའི་མོད་ལ་ནི། །མྱུར་དུ་ཞི་བའི་ཐབས་ལ་འབད། །ཅེས་པ་ལྟར་བསྲེགས་ཐལ་ལྷག་མམ་ལུས་པར་བླུག །དགྲ་ལ་རྟགས་བྱུང་ནས་གནན། །ཕུར་པ་བཏོན་ལ་ཁྲུས་གསོལ་དང་། །མནན་ཆས་རྣམས་ལ་ཞི་བའི་སྦྱིན་སྲེག་གམ་ཆུ་གླུང་ལ་སྦྱངས་ཤིང་སྨོན་ལམ་བཟང་པོ་གདབ། རང་རྡོ་རྗེའི་གཞོན་ནུར་གསལ། །
(༤༡༢)སྡེར་མོ་འབྱུང་བའི་སྔགས་འདི་བརྒྱ་རྩ་བརྒྱད་བཟླས། ན་མས་མརྟ་ཆེ་གེ་མོ་ཀཱ་ཡ་ཝཱཀྐ་ཙིཏྟ་བཛྲ་ནཱ་ན། ཨོཾ་གྷ་གྷ། གྷཱ་ཏ་ཡ། གྷཱ་ཏ་ཡ་ཆེ་གེ་མོས་རྦ་དུ་ཥཾྠ་ཕཊ། བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་པཱ་བཾ་ཧཱུྃ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ། བཛྲ་ཀཱི་ལི་ཀཱི་ལ་ཡ། བཛྲ་དྷ་ར་ཨ་ཛྙཱ་པ་ཡ་ཏི། ཆེ་གེ་མོའི་ཀཱ་ཡ་ཝཱ་ཀྐ་ཙིཏྟ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས་བཟླས་པའི་མོད་ལ་རྡོ་རྗེ་རྒྱ་གྲམ་གྱི་འཚུབ་མ་ཕྱོགས་ཀུན་ནས་ལངས་ཏེ་མནན་ཐོད་ཀྱི་སྟེང་དུ་སྤུངས་ལ་རྡུལ་ཕྲ་རབ་ཏུ་འཐས་པའི་རི་རབ་ཆེན་པོ་ལམ་གྱིས་བྱུང་བར་བསམས་ལ་དུར་གཡམ་སྟེང་དུ་རྒྱ་གྲམ་བྲིས་པས་ཁ་གཅད། མེ་ཆུས་བཅད་པའི་རིམ་པ་དགུས་མནན། ཨོཾ་ལཾ་ཧཱུྃ་ལཾ་སུཾ་ལཾ་པྲ་ཏི་སྟྭཾ་བྷཱ་ཡ། ཛམྦྷ་ཡ། མོ་ཧ་གྷ་ཡ། བག་མ། མཱ་ར་སུ་ཤ་ལཾ། ཞེས་བརྒྱ་རྩ་བཟླ། བདག་ཉིད་འབར་ཀྱི་ཟས་སུ་བསྔོ། །བསྐལ་པའི་མེ་ཡི་ཕུང་པོས་བསྲེག །ཡེ་ཤེས་མེ་ཡིས་བག་ཆགས་བསྲེག །ཉོན་མོངས་ལྔ་དང་ལྡན་པ་ཡི། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །བྱང་ཆུབ་སེམས་ནི་མ་སྐྱེས་པར། །ནམ་ཡང་གཏང་བར་མི་བྱའོ། །ཞེས་དང་། ལག་པ་ལུ་གུ་རྒྱུད་དུ་སྦྲེལ་ནས་ལས་བཞི་སོ་སོའི་བྲོར་དང་བཅས། ཧཱུྃ། ཞེ་སྡང་རྡོ་རྗེ་འཁོར་བཅས་པས། །འཇིག་རྟན་ཁམས་ནི་ཐམས་ཅད་ཀུན། །
(༤༡༣)ཁྲོ་བོར་མ་གྱུར་གང་ཡང་མེད། །ཐམས་ཅད་ཐལ་བའི་རྡུལ་དུ་རློགས། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་ཧཱུྃ་ཕཊ། ཧཱུྃ། འདོད་ཆགས་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །དབང་གི་ཁྲོ་བོར་མ་གྱུར་མེད། །ཐམས་ཅད་དབང་དུ་འདུ་བར་མཛོད། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་ཧཱུྃ་ཕཊ། པ་ཤཾ་ཀུ་རུ་སྭཱ་ཧཱ། ཧཱུྃ། ང་རྒྱལ་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །རྒྱས་པར་མ་གྱུར་གང་ཡང་མེད། །ཚེ་དང་བསོད་ནམས་འཕེལ་བར་མཛོད། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་ཧཱུྃ་ཕཊ། །པུཥི༚ྚ་ཀུ་རུ་སྭཱ་ཧཱ། ཧཱུྃ། གཏི་མུག་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །ཞི་བར་མ་གྱུར་གང་ཡང་མེད། །ཐམས་ཅད་མ་ལུས་ཞི་བར་མཛོད། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་ཧཱུྃ་ཕཊ། ཤཱནྟི༚་ཀུ་རུ་སྭཱ་ཧཱ། ནང་དུ་ལོག་ནས་ཚེ་འགུགས་དང་། ཤིས་པ་བརྗོད་པས་མཐའ་བསྡུ་ཞིང་རེ་དོགས་མེད་པའི་ཆོས་ཉིད་ལ་མཉམ་པར་འཇོག་པར་བྱའོ། །ཚུལ་དེ་ལྟ་བུས་ཨ་བྷི་ཙརྱའི་ཕྲིན་ལས་མཐར་ཕྱིན་པ་ལ་སྒྲོལ་པ་ཚད་དུ་འཁྱོལ་བ་ཞེས་བྱ་སྟེ། རྒྱུད་ལས། འཇིག་རྟེན་ཕ་རོལ་དག་ཏུ་ནི། །བསྒྲལ་བ་རྣམས་ཀྱང་མཐོ་རིས་ཐོབ། །བདག་ཀྱང་བྱང་ཆུབ་གཉིས་སུ་མེད། །བསམ་པ་འབྱོར་པའི་ཤེས་རབ་ལགས། །སྡིག་ཅན་གསད་ན་ལས་ངན་འཆད། །
(༤༡༤)ཅེས་སོ། །དེ་བས་ན་སྔགས་ཀྱི་ཐབས་ལ་མཁས་པ་དང་། བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་གྱིས་ཟིན་པས་རྣམ་སྨིན་ངན་པས་མི་གོས་ཤིང་། ཞིང་བཅུ་ཚར་བཅད་པས་བསྟན་འགྲོའི་དོན་ཆེན་པོ་དང་། བདག་ཉིད་བྱང་ཆུབ་བསྒྲུབ་པའི་འགལ་རྐྱེན་ཞི་ནས་ཕྲིན་ལས་བཞི་དང་མཆོག་གི་དངོས་གྲུབ་ཐོབ་པའི་ཚུལ། སངས་རྒྱས་ཀུན་གྱི་མཛད་པ་ཡི། །འགྲོ་བའི་དོན་དུ་ཕྲིན་ལས་བཞི། འདི་ལྟར་ཐོགས་པ་མེད་སྤྱོད་པས། །དངོས་གྲུབ་བར་གཅོད་ཚར་གཅོད་སོགས། །བརྟུལ་ཞུགས་ཅན་གྱི་རྣལ་འབྱོར་ལ། །ཤིན་ཏུ་འགྲུབ་པ་རང་ཡིས་བསྟན། །ཡོན་ཏན་ཕུན་སུམ་ཚོགས་གྲུབ་པས། །རང་བྱུང་ཡེ་ཤེས་རྟོགས་པར་འགྱུར། །འཁོར་དང་ལོངས་སྤྱོད་ཀུན་རྒྱས་ཤིང་། །བཀྲ་ཤིས་དཔལ་ནི་ཡོངས་རྫོགས་བྱེད། །ཅེས་སོ། །དབྱིངས་ལ་བདུད་རྩི་དྲི་མེད་ཟབ། །རྣ་བར་འབུམ་འགྲེལ་བཤད་ཡང་སྙན། །རྒྱུད་ཀྱི་ཁོང་སྙིང་བཏོན་པ་འདི། །པདྨའི་ལུང་བསྟན་ཐོབ་ལས་བྱུང་། །འདི་ལ་བཅོས་སླད་བྱེད་པ་དང་། །གདམས་ངག་བཏུས་ནས་ཁུངས་བཟང་པོར། །འཆོས་པ་བྱུང་ན་དེའི་དོན་སྙིང་། །ཤྭ་ན་མཆེད་བཞིའི་ཞལ་དུ་རོལ། །རྒྱལ་བསྟན་སྤྱི་དང་བྱེ་བྲག་ཏུ། །སྔ་འགྱུར་རྡོ་རྗེ་ཐེག་པ་ཡི། །བསྟན་ལ་འཚེ་དང་བསྟན་འཛིན་གཞོམ། །དེ་འདྲའི་
(༤༡༥)སྲོག་གི་སྤུ་གྲིར་རྒྱ།། །།སློབ་དཔོན་ཆེན་པོ་པདྨ་ཞབས་ཀྱིས་ཇོ་མོ་རྡོ་རྗེ་འཇིགས་བྱེད་ཉི་མ་དབང་ཕྱུག་རྩལ་ལ་གདམས་པའི་མན་ངག་ལག་ལྷག་རྡོ་རྗེ་བྱང་ཆུབ་སློབ་མར་བཅས་པའི་བར་དུ་བཀའ་ནས་བཀར་བརྒྱུད་པའི་མན་ངག་གིས་གཞུང་བསྲངས། རྡོ་རྗེ་ཕུར་པའི་རྒྱུད་སྡེ་རྒྱ་མཚོ་ལྟ་བུའི་བཅུད་ཕྱུང་བ་འདི་ཉིད་འདྲི་བའི་དབུ་བརྩམས་པ་ནས་མ་གྲུབ་བར་དུ་འཚུབས་ལྷོངས་ཀྱང་བལྟར་མངོན་པ་རྒྱུན་ཆགས་སུ་བྱུང་ཞིང་། གྲུབ་འབྲས་ཀྱང་བསླུ་མེད་དུ་མཐོང་བ་ཡིན་པས་ཀུན་ལ་མི་སྟོན་པའི་བཀའ་རྒྱ་ཡོད་དོ།། །།དགེའོ།། །།
(༤༡༦)ཕུར་པ་རྒྱུད་ལུགས་ལས། ཕུར་སྲུང་ལྕམ་དྲལ་གྱི་གནད་ཡིག་དམ་ཅན་བླ་ཆགས་ཞེས་བྱ་བ་བཞུགས།
(༤༡༧)དཔལ་ཆེན་བཛྲ་ཀུ་མཱ་ར་ལ་ནཱ་མ། ཕུར་སྲུང་ལྕམ་དྲལ་གྱི་གནད་ཡིག་ལ་གསུམ། སྐྱེ་རྒྱུད་བཤད་པ་དང་། སྲོག་སྔགས་ཀྱི་རྣམ་དབྱེ་དང་། བསྒྲུབ་པའི་ཚུལ་ལོ། །དང་པོ་ནི། རྣལ་འབྱོར་ཆེན་པོ་ལས། འཇིག་རྟེན་གྱི་ཁམས་འདི་ན་དྲེགས་པ་ཅན་གནས་པ་ནི་འདི་ལྟ་སྟེ། བདུད་ནག་པོ་ཡབ་ཡུམ་རོལ་པའི་སྲས། ལྷ་མོ་ནག་མོ་རེ་མ་ཏི་མཆེད་བཞི་དང་། དེའི་མིང་པོ་མ་ཧཱ་ཀཱ་ལ་སྟེ། དེ་དག་རི་རབ་ཀྱི་བྱང་ཤར་ན་མཚོ་མུ་ལེ་ཏིང་གི་ནང་ནས་ལྕགས་མཁར་ནག་པོའི་ནང་དུ་དུག་ལྔའི་རྟེན་ཅན་ཤིན་ཏུ་དྲེགས་པར་གནས་སོ། །གནོད་སྦྱིན་ཟངས་མདོག་རྒྱལ་པོ་ཡབ་ཡུམ་རོལ་པའི་སྲས་བསེ་མོ་བཞི་དག །མིང་པོ་བསེའི་སྐྱེས་བུ་གདུག་པ་ཅན་བཞི་ནི་རི་རབ་ཀྱི་ལྷོ་ནུབ་མཚམས་བསེ་མཚོ་མེར་བའི་དབུས་ན་བསེ་མཁར་སྨུག་པོའི་དུག་ལྔའི་རྟེན་ཅན་ན་ཡོད་དོ། །སྲིད་པའི་ཕྱྭ་ཧེ་ལ་ཡབ་ཡུམ། བཤོས་པའི་སྲས་ཤྭ་ན་མུ་ཁ་མཆེད་བཞི། མིང་པོ་ཤེལ་
(༤༡༨)གིང་དཀར་པོ་སྟེ་རི་རབ་ན་དུག་མཚོ་མེད་པ་དང་། དུང་མཁར་དཀར་པོའི་ནང་ན་དུག་ལྔའི་རྟེན་ཅན་ཡོད་པ་དེ་ན་དྲེགས་པ་ཡང་དག་པར་གནས་སོ། །གཞན་ཡང་འཇིག་རྟེན་གྱི་མ་བདུན་དང་། སྲིང་མོ་བཞི་དང་། དྲེགས་པ་ཅན་ཆེན་པོ་དྲུག་དང་། འཇིག་རྟེན་པ་མང་པོ་གཞན་གྱི་སྲོག་འཕྲོག་ཅིང་། དྲེགས་པའི་དོན་དང་ལྡན་པར་གནས་སོ། །ཞེས་དང་། དོན་དེ་ལྟ་བུ་གཟིགས་ནས་བཅོམ་ལྡན་འདས་ཀྱིས་དམ་ཅན་གནད་ལ་འབེབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཉོན་ཅིག་ཀརྨཱ་ཧེ་རུ་ཀ །དྲེགས་པ་ཚོ་གསུམ་མིང་སྲིང་འདི། །རབ་ཏུ་ཐུགས་རྗེས་གདུལ་བར་བྱ། །མ་བཏུལ་དྲེགས་པ་དམྱལ་བར་འགྲོ། །བཏུལ་ན་སངས་རྒྱས་བསྟན་པ་ནི། །རབ་ཏུ་བསྲུང་བྱ་ལས་བྱེད་གཞུག །ཅེས་གསུངས་ཏེ་ཉིད་ཀྱི་ཐུགས་ཀ་ནས་སྲས་མཆོག་ཞལ་གཅིག་ཕྱག་གཉིས་པ་ཕྱག་ན་མཚོན་ཆ་སྣ་ཚོགས་པ་
(༤༡༩)ཐོགས་པ་མང་པོ་སྤྲོས་ཏེ། དེས་དྲེགས་པ་ཅན་མང་པོ་རང་དབང་མེད་པར་བཀུག་སྟེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་པ་དང་། ཐམས་ཅད་ཞབས་འོག་ཏུ་བཅུག །སྔགས་ཀྱིས་གཟིར་བས་ཤིན་ཏུ་ཉམ་ཐག་པའི་སྒྲ་ཕྱུང་སྟེ། ཨེ་མ་དཔའ་བོ་ཐུགས་རྗེ་ཅན། །ཐུགས་རྗེ་ཆུང་བས་བདག་ཅག་གཟིར། །རང་རང་ཟས་བསྐལ་སྲོག་གཅོད་ལགས། །དེ་རིང་ཕན་ཆད་ཁྱེད་ཉིད་ཀྱིས། །འབངས་མཆི་བདག་ཅག་རྣམས་ལ་ནི། དཔའ་བོས་འབངས་རྣམས་ཡང་དག་སྩོལ། །ཞེས་ཞུས་པས། དམ་ཚིག་གི་ཕྱག་རྒྱ་དང་། ཟིལ་གྱིས་གནོན་པའི་ཕྱག་རྒྱ་བསྟན། བདུད་རྩི་ལྕེ་ལ་བྱིན། རྡོ་རྗེ་ཕུར་བུ་ལག་ཏུ་གཏད། མིང་སོ་སོར་བཏགས་ཏེ་གསང་བའི་དབང་བསྐུར། ངན་སོང་གི་ཆོས་ལས་ལྡོག་པའི་དོན་བསྟན། ཆོས་ཉིད་ཡང་དག་པའི་ཡེ་ཤེས་བསྟན་ཏེ། དེ་རྣམས་ཀྱིས་རིག་པའི་མེ་ཏོག་ཏུ་སྲོག་སྙིང་ཕུལ་བ་ནི་འདི་ལྟ་སྟེ། ནག་མོས། མ་ཐ་མ་ཐ་བཛྲ། ཏྲ་ཀ་རཀྴ་རེ་མ་ཏི་ཧེ་དུན་བྷྱོ། མ་ཧཱ་ཡཀྴ་ནག་མོ་ཧ་དུན་བྷྱོ། ཞེས་དང་། གཞན་ཡང་རང་རང་གི་སྔགས་མང་པོ་ཕུལ་ལོ། །བསེ་མོས། ཀ་ཏཾ་ཀ་ཏེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏི་ཨ་པ་ར་ཙིཏྟ་སུ་ཀི་བྷ་ཡ་བྷ་ར་ཙིཏྟ་ཏྲཾ་ཡོ་གཱི་ཤྭ་རི་ཡ་མ་ཙིཏྟ་ཧཱུྃ་ཕཊ། ཅེས་དང་། གཞན་ཡང་མང་པོ་ཕུལ་ལོ། །ཤྭ་ན་མས། ཛྭ་ལ་ཛྭ་ལ་བཛྲ། མ་མ་མུཀྟ་ལ་ཡེ། ཛ་ཡ་དུ་མན་དྷཱི་ཤྭ་རི་ནཱི་ལ་སུ་ཙི་ཧཱུྃ་བྷྱོ་ཧཱུྃ་བྷྱོ། ཞེས་དང་། གཞན་ཡང་མང་པོ་ཕུལ་ལོ། །མགོན་པོས་ཕུལ་བ། ཀཱ་ལ་མ་ཏྲཾ། མ་ཧཱ་ཀཱ་ལ་ར་ཏྲི་ཡེ་ཀཱ་ལ་རཱུ་པ་ཧཱུྃ་ཕཊ། ཅེས་དང་། གཞན་ཡང་མང་པོ་ཕུལ་ལོ། །བསེའི་སྐྱེས་བུས། མ་རས་ནི། ར་ཤ་ནི་ར་ཤ་བྷེ་ཀུ་
(༤༢༠)ལན་ཤུ་ལན་ཧཱུྃ་ཕཊ། ཅེས་དང་། གཞན་ཡང་མང་པོ་ཕུལ་ལོ། །རྒྱལ་པོས། ཀཱ་ར་མ་ཀཱ་ར་ཡ། ཏྲི་ཙ་པ་ལ་ཏྲིལ་ཐུན། ཅེས་དང་། གཞན་ཡང་མང་པོ་ཕུལ་ལོ། །མ་བདུན་སྲིང་བཞིས། ཧཱུྃ་མ་མ་པ་ཤི་ཀུ་རུ་མ་ཏཾ་ཉ་ཀ་ར་ཨིན་ན། ཅེས་དང་། འཇིག་རྟེན་པ་དྲུག་ལ་སོགས་པ་མང་པོས། དྷ་ཏི་མ་མ་ཤི་ཀྲཾ་ཀརྨ་ཀ་ཧྱེ་ཡ། པྲ་མ་རྟ་ནི་ཧཱུྃ་ཕཊ། ཅེས་སོ། །ཡང་མདུད་རྩི་དམར་པོའི་རྒྱུད་ལས་དེ་དག་སྒོང་སྐྱེས་སུ་བཤད་ནས། ཤྭ་ན་མས་སུ་རུ་སུ་རུ་བཛྲ། བདག་ཉིད་མས་མུ་རུ། ཡ་བྱིན་གྱིས་ཀ་ཏ་ང་། དེ་བྱིན་གྱིས་ཛ་ཡེ། ཕག་བྱིན་གྱིས་ཨ་པར། བསེ་བྱིན་གྱིས་ཨ་ཛི་ཏེ། མ་བདུན་གྱིས་མ་མ་པ་ཤི་ཀུ་རུ་མ་ཏཾ་ཉ་ཀ་ར་ཨི་ནན། སྲིང་བཞིས་མར་སེ་ན་བྲ་མ་རྟན་ཡེ་ཧཱུྃ་ཕཊ། དང་། སྲུང་མ་ཐམས་ཅད་ཀྱིས་དྷ་ཏི་མ་མ་ཤི་ཀྲཾ་ཀ་རེ་ཡ། ཞེས་ཕུལ་ལོ། །གསང་རྒྱུད་ལས་ནི། བདག་ཉིད་ཆེན་མོས་མ་མ་པ་ཤི། ས་བདག་ཆེན་མོས་ཨ་ཙིཏྟ་ཨ་པར་སོགས། ཤྭ་ན་མས་ཛྭ་ལ་དང་། སུ་རུ་དང་། མུ་རུ་དང་། མ་ཐ་སྦྱར་བ་དང་། སྒོས་བསྒྲུབ་ཤྭ་ན་དཀར་ནག་གི་རྒྱུད་ལས། སྲི་ལ་དང་། ཤྭ་ན་དང་། སི་དྷ་དང་། ཀྲི་ཏ་བཞི་ལ་མུ་ཁའི་མཐའ་རྟེན་གྲང་སྔགས་དང་བཅས་པ་དང་། བསེ་སྒྲོམ་དམར་པོ་ལས། ད་རེའི་མཐའ་ཅན་གྱི་ཀངྐ་དང་། ཀུ་མ་དང་། ཙ་མུན་དང་། ཤུ་ལ་བཞི་ཕུལ་ལོ། །གཉིས་པ་སྔགས་ཀྱི་དེ་ཁོ་ན་ཉིད་བསྟན་པ་ནི། རྣལ་འབྱོར་ཆེན་པོ་ལེའུ་བཅོ་ལྔ་པ་ལས་དམ་ཅན་སྡེ་གསུམ་མིང་པོ་དང་བཅས་པའི་དྲིལ་བསྒྲུབ་ལས་སྤྱིའི་སྲོག་སྙིང་ཡི་གེ་ལྔ་བཅུང་གསུམ། བསེའི་དགུ་བཅུ་གོ་དྲུག །བདག་ཉིད་མའི་བརྒྱ་བཅུ་
(༤༢༡)རྩ་དྲུག །ཤྭ་ན་མའི་ལྔ་བཅུ་རྩ་དྲུག །ཤེལ་གིང་གིང་བདུན་ཅུ་དོན་བརྒྱད། མགོན་པོའི་དགུ་བཅུ་གོ་ལྔ། ས་བདག་མའི་བདུན་ཅུ་རྩ་བདུན། དེ་དག་གིས་གནན་བསྲེག་འཕང་བའི་སྔགས་དང་བཅས་བསྟན་ཅིང་། ཁྱད་པར་སྲོག་སྙིང་རྣམས་ལ་ནི། །ཡང་ན་སྤྱི་རུ་ཤེས་པར་བྱ། ཞེས་པས་ངེས་དོན་ལ་ཡེ་ཤེས་ཀྱི་ལྷ་ཡི་རྩལ་སྣང་གཅིག་ལས་མི་འདང་བའི་ཕྱིར། འདི་ནི་རང་ལ་དྲིལ་བ་སྟེ། །རྩ་བ་གང་ལ་བྱིན་མེད་ན། །འདི་ནི་སྤོགས་པའི་ཁ་བསྐངས་ཡིན། །ཞེས་པ་ལ་སོགས་སྒོས་སྔགས་སྤྱི་ལ་འགྲོ་བ་དང་། སྤྱི་སྔགས་སྒོས་ལ་འཇུག་པ་རྡོ་རྗེ་ཕུར་པའི་རང་ལུགས་ཡིན་ན་རྣལ་འབྱོར་ཆེན་པོའི་ལེའུ་དགུ་པ་ལས། བཟླས་པ་དཔའ་བོ་གཅིག་པའི་སྔགས། །དང་པོ་བཅོམ་ལྡན་ཕུར་པའི་རྫས། །ཐམས་ཅད་འདུས་དང་རི་རབ་དང་། །མནན་པ་ཁྲོ་བོ་འདུས་པ་དང་། །གོང་བཞིན་དམ་ཅན་འདུས་པ་དང་། །ཐབས་དང་ཤེས་རབ་གིང་མཆོག་དང་། །རྟོག་པ་ལས་ཀྱི་སྔགས་བཅས་པ། །རྣམ་བཞི་ཚང་བ་བཞི་སྙིང་སྟེ། །དཔའ་བོ་གཅིག་ལ་དལ་བ་མེད་པར་བཟླས། །ཞེས་པ་ལས། ཐམས་ཅད་འདུས་པའམ་རི་རབ་ནི་སྨད་ལས་གྱི་ངོ་བོ་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་སྒྲོལ་བ་ཡིན་པས་དེའི་བྱེད་ལས་ནི་ཁྲུས་ལུང་དང་། ཟིལ་གནོན་གྱི་བདག་ཉིད་ཅན་སྔགས་དོན་གྱིས་གཏན་ལ་དབབ་པའི་ཚུལ་ལེའུ་སུམ་ཅུ་པ་ལས། ཨོཾ་ལཾ་ཧཱུྃ་ལཾ་ཡབ་དང་ཡུམ། །ཀཱི་ལི་གོང་དང་ཧཱུྃ་ཀཱ་ར། །གདག་པ་འཁོར་བཅས་སྔགས་སུ་བཤད། །ཀཱི་ལི་འོག་མ་བིག་དང་བཅས། །གདུག་བྱེད་སྲས་མཆོག་སྔགས་སུ་བཤད། །སྟྭམ་བྷ་ཐབས་དང་ཤེས་རབ་སྔགས། །གཉིས་མེད་སྦྱོར་བས་ཉོན་མོངས་སྦྱོངས། །དྲག་པོ་ཡབ་ཡུམ་སྒྲོལ་བར་བཤད། །མོ་ཧ་མིང་ལ་གྷ་ཡ་དུས། །རྟེན་ལ་
(༤༢༢)དབབ་པའི་ལས་སུ་བཤད། །ཛཧཱུྃ་བཾ་ཧོའི་ཕྱག་རྒྱ་བཞིས། །རྟེན་དང་གཉིས་སུ་མེད་པར་བཤད། །ཨོཾ་དང་ཧཱུྃ་གིས་བསྡུས་པའི་སྔགས། །ཉོན་མོངས་རང་དབང་མེད་པར་བཤད། །བྷ་ག་ཝཱ་ན་ནི་བཅོམ་ལྡན་འདས། །སྒྲོལ་བའི་གཙོ་བོ་ཡིན་པར་བཤད། །ཤི་ཀྲི་ཡབ་དང་བི་ཀྲི་ཡུམ། །གཉིས་མེད་ཡབ་ཡུམ་བྱང་དུ་བཤད། །བཛྲ་ཧཱུྃ་དང་ཨ་ར་བཅས་པ། །ཡང་དག་དོན་གྱི་འབྲས་བུ་སྟེ། །སྟོང་པ་ཆེན་པོས་སྒྲོལ་བར་བཤད། །རང་རང་འཛིན་པ་ཀུན་བཅོམ་ནས། །དངོས་མེད་ནམ་མཁའི་རང་བཞིན་གནས། །ཞེས་པ་ལ་རྟོགས་པས་བདག་བསྒྲལ་ནས་ཐུགས་རྗེས་གཞན་སྒྲོལ་བའི་མངོན་སྤྱོད་ཀྱི་ལུས་ཡོངས་སུ་རྫོགས་ཤིང་སྔགས་ཀྱི་དེ་ཁོ་ན་ཉིད་ཚད་པས་ཐམས་ཅད་འདུས་པ་དང་། སྲིད་པ་སྤྱི་ནས་གནོན་པས་རི་རབ་ཀྱི་སྒྲ་ཞུགས་པ་སྟེ། སྟོང་པ་ཉིད་ཀྱི་ཡི་གེ་སྟེ། །འཛིན་པ་སྟོང་པར་སྒྲོལ་བར་བཤད། །དེ་ཡིས་ཡང་དག་དོན་རྟོགས་འགྱུར། །དངོས་པོར་འཛིན་པ་རང་རང་སྔགས། །སྟོང་པར་སྒྲོལ་བ་དེ་ཉིད་དོ། །ཞེས་སོ། མནན་པ་ཁྲོ་བོ་འདུས་པའི་དོན་ནི་ཐ་མལ་གྱི་སྣང་ཞེན་ཡེ་ཤེས་ལྷའི་སྐུ་གསུང་ཐུགས་སུ་བྱས་ནས་རང་གི་ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་ཚགས་སུ་འཛུད་པ་སྟོད་ལས་བྱང་ཆུབ་ལ་དམིགས་པས་འཁོར་བ་ཆོས་ཉིད་དུ་གནོན་པ་ལྟར་འདིར་ཡང་ངེས་མནན་པ་ནི། གོང་གནོན་བསྙེན་པ་དང་། ཁྲོ་འདུས་ན་མཇུག་སྡུད་སྒྲུབ་སྔགས་ཏེ། སྤྱི་དཔལ་ཆེན་པོའི་སྙིང་པོ་ནི། བསྙེན་པ་ཡིན་པ་རང་ཡིས་བསྟན། །དེ་ལ་ཁྲོ་བོ་འདུས་པ་ནི། །སྒྲུབ་པ་ཡིན་པ་རང་ཡིས་བསྟན། །ཅེས་པའི་དོན་
(༤༢༣)ཏོ། །དེ་ལ་དམ་ཅན་འདུས་པས་ཁོང་ཁྲར་བཏང་བས་བཞི་སྙིང་གཅིག་ཏུ་དྲིལ་བ་ཞེས་བྱ་སྟེ། དང་པོ་གཙོ་བོའི་གསང་སྔགས་དང་། །ཕྱག་རྒྱ་བཞི་དང་མིང་རུས་དང་། །མ་མོ་འདུས་དང་ཐམས་ཅད་འདུས། །བཞི་སྙིང་དྲིལ་པ་དྲག་ཏུ་བཟླས། །ཞེས་པའི་དོན་སྔོན་ཆད་ངོས་ཟིན་པ་ཉུང་ངོ་། །དེ་ལྟར་བཞི་སྙིང་གཅིག་ཏུ་དྲིལ་བས་ཕུར་པ་བསྒྲུབ་དཀའ་བ་ལ་ངང་ཐུང་ཅན་སྒྲུབ་ཐག་ཉེ་བར་སྟོན་པ་རྩ་རྒྱུད་རྡོ་རྗེ་ཁྲོས་པའི་དོན་སློབ་དཔོན་ཆེན་པོ་པདྨའི་མན་ངག་ཏུ་གཙོ་བོར་བྱེད་པ་ཡིན་ལ། དེ་ལའང་དྷ་ཏི་འདུས་པ་བ་སྦ་ཡིག་གསུམ། །ངན་སྔགས་ཡིན་པ་རང་ཡིས་བསྟན། །ཞེས་པས། གསང་བ་བསྲུ་ཡིག་ལ་བརྟེན་ནས་དམ་ཅན་ཉེ་བར་བསྙེན་ཅིང་འབོད་པ། ནང་འདུས་པ་ལ་བརྟེན་ནས་སོ་སོའི་སྲོག་ནས་དྲངས་ཤིང་ལས་ལ་རྦད་པ། ཕྱི་ཐུན་སྔགས་ལ་བརྟེན་ནས་བསད་པའི་ལས་བྱ་བ་གསུམ་ལས། དང་པོ་ནི། རྣལ་འབྱོར་ཆེན་པོ་ལས་སྲས་མཆོག་ལ་དམིགས་པ་དང་། དམ་ཅན་ལ་དམིགས་པའི་བསྡུ་ཡིག་གཉིས་ལས་ཕྱི་མའི་དོན། ཀ་ནི་སྐུ་ཡི་སྙིང་པོ་སྟེ། གཟུགས་ཅན་བསྒྲལ་བའི་དྲག་སྔགས་ཡིན། །ཛ་ནི་གསུང་གི་སྙིང་པོ་སྟེ། །ངག་ནི་སྒྲོལ་བའི་དྲག་སྔགས་ཡིན། །ཨ་ནི་ཐུགས་ཀྱི་སྙིང་པོ་སྟེ། །ཡིད་ནི་སྒྲོལ་བའི་དྲག་སྔགས་ཡིན། །མ་ནི་མུ་ཀ་ཧ་ཞེས་བྱ། །ཤྭ་ན་མ་ཡི་དྲག་སྔགས་ཡིན། །ར་ནི་རཀྴ་སྲིན་མོ་སྟེ། །བདག་ཉིད་མ་ཡི་དྲག་སྔགས་ཡིན། །བུ་ནི་བདུད་ཀྱི་བུ་མོ་ཡིན། །ན་ནི་བཙན་གྱི་བུ་མོ་ཡིན། །པྲ་ནི་གཟའ་ཡི་བུ་མོ་ཡིན། །མར་ནི་གླུ་ཡི་བུ་མོ་ཡིན། །ཏ་ནི་མིང་པོ་དག་ཡིན་ཏེ། །སྨད་ཀྱི་སྟོད་ཀྱི་དྲག་སྔགས་དང་། །སྟོད་ཀྱི་བར་གྱི་དྲག་སྔགས་ལ། །སྒྲ་ཡི་ཡི་གེ་བཅུ་གཅིག་གིས། །བསྐུལ་བའི་ལས་ཀྱི་དྲག་
(༤༢༤)སྔགས་སྦྱར། །ཞེས་སོ། །དེ་ལྟར་བཞི་སྙིང་དྲིལ་བ་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཆད་པའི་ཚུལ། སྤྱི་རུ་བསྟན་པ་འདི་ལྟ་སྟེ། །ཡེ་ཤེས་ལྷ་ཡི་སྔགས་ཉིད་ནི། །ཐམས་ཅད་ཀུན་གྱི་སྐུ་རུ་བཤད། །རང་རང་རྩ་བའི་སྙིང་པོ་འདི། །ཐམས་ཅད་ཀུན་གྱི་ཐུགས་སུ་བཤད། །རང་རང་སྙིང་པོ་འབྲུ་རེ་ནི། །ཐམས་ཅད་ཀུན་གྱི་གསུང་དུ་བཤད། །རང་རང་པྱི་སྩོར་སྙིང་པོ་ནི། །ཐམས་ཅད་ཀུན་གྱི་ཡོན་ཏན་སྔགས། །དམ་ཅན་བསེ་མོའི་ལས་སྔགས་ནི། །ཐམས་ཅད་ཕྲིན་ལས་སྔགས་སུ་བཤད། །དེ་ནི་དྲིལ་བའི་སྙིང་པོ་ཡིན། །ཞེས་སོ། །གལ་ཏེ་རྒྱུད་ལས་དངོས་བསྟན་གྱི་སྐུ་གསུང་ཐུགས་སྔགས་དམིགས་པས་ཁ་སྦྱོར་ན། སྒྲུབ་ཐབས་ནང་ལྟར། ཨོཾ་བུདྡྷ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་བཛྲ་ནན། ཛྭ་ལ་ཛྭ་ལ་པྲ་ཛྭ་ལ། སྥུ་ཊ་སྥུ་ཊ་སརྦ་ན་ས་པ་ན་ཡེ་ཧཱུྃ་ཕཊ། སོགས་མགོར་སྦྱར་ནས་སོ་སོའི་སྲོག་སྔགས་སམ། བསྡུ་ཡིག་ལྟར་འདྲེན་པ་མན་ངག་ཡིན་ཏེ། ཧཱུྃ་ཀཱ་ར་ཡི་ཡི་གེ་བདུན། །ཐམས་ཅད་སྒྲགས་པ་གསུང་གི་སྔགས། །བདག་ཉིད་གཙོ་བོའི་ཡི་གེ་སྔགས། །གཟུགས་སུ་བསྐྱེད་པ་སྐུ་ཡི་སྔགས། །བདུད་རྩི་འཁྱིལ་བའི་ཡི་གེ་དྲུག །དྲན་།།།སྣང་བ་ཐུགས་ཀྱི་སྔགས། །དེ་རྣམས་གོང་གི་བར་དུའོ། །སྐུ་གསུང་ཐུགས་ལ་གཙོ་བོར་བྱ། །ཞེས་པའི་དོན་ཏོ། །གཉིས་པ་ནང་འདུས་པ་ལྟར་རྦད་པ་ནི། ཡང་ན་བསྐྱེད་པ་མེད་པར་རོ། །བསྙེན་པ་མི་བྱ་རངས་པ་དྲིལ། །དང་པོ་བདག་ཉིད་འབྲུ་བདུན་དང་། །དེ་འོག་ཕྱག་རྒྱ་མནན་ཡིག་གསུམ། །མིང་རུས་ཡི་གེ་གཟས་པར་བཤད། །ཤྭ་ནའི་ཡི་གེ་བཅུ་དྲུག་དང་། རེ་མ་ཏི་ཡི་རྩ་སྔགས་དང་། །བསེ་མོའི་སྙིང་
(༤༢༥)པོ་བཅུ་བདུན་དང་། །འཁོར་བ་རྩད་གཅོད་ཡི་གེ་དགུ། །ཐམས་ཅད་ཚང་བའི་ཡི་གེ་བདུན། །དྲིལ་ཏེ་རབ་ཏུ་བཟླས་པ་ཡི། །མདངས་དང་བྲལ་བར་རབ་ཏུ་ངེས། །ཞེས་པས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཧཱུྃ་བཾ་ཧོཨོཾ་ལཾ་ཧཱུྃ་མོ་ཧ་བྷ་ཡ་སྲིལ་མུ་ཁ་ཛ ཤྭ་ན་མུ་ཁ་ཛ སིདྷ་མུ་ཁ་ཛ ཀྲྀ་ཏ་མུ་ཁ་ཛ མ་ཐཱ་མ་ཐཱ་བཛྲ། ཏྲ་ཀ་རཀྴ་མ་ཧེ་ཧེ་དུན་བྷྱོ། མ་ཧ་ཡ་ཀྴ་ནག་མོ་ཧེ་དུན་བྷྱོ། ཀ་ཏཾ་ཀ་ཡེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ། ཨ་པ་རི་ཛ་ཏེ། མ་རས་ན་པྲ་མ་རྟ་ན་ཡེ། སརྦ་བིག་ནན་བཾ་ཧཱུྃ་ཕཊ། འདི་ནི་ཡང་དག་མན་ངག་སྟེ། །མགོ་མཇུག་དྲིལ་བའི་ངན་སྔགས་ཡིན། །འདི་ནི་ཉམས་པ་གདོན་མི་ཟ། །ཐུགས་རྗེས་གཟུངས་ལ་གནས་སྤར་རོ། །ཞེས་སོ། །གསུམ་པ་ནི། གསང་སྔགས་དང་པོ་གཙོ་བོ་དང་། །མིང་རུས་དངོས་དང་འདུས་པ་དང་། མིང་པོའི་སྔགས་བཅས་བཟླས་པར་བྱ། །དམ་ཅན་ལ་སོགས་ལྷ་རྣམས་ཀྱིས། །རྣམ་པར་གསད་པའི་དགོངས་པ་བྱ། །སྐབས་སུ་ཐུན་སྔགས་བཅུ་གཉིས་ཀྱིས། །ཐུན་པར་ངེས་པར་གསད་པར་བསམ། །ཞེས་པས་བཤད་མ་ཐག་པའི་ཁོལ་བྲ་འབྱིན་འཇུག་བྱས་ལ། སརྦ་བིག་ནན་གྱི་གོང་དུ་མིང་པོའི་སྔགས་དངོས་བསྟན་གཅུན་ཀྱང་རུང་སྟེ། རྩ་རྒྱུད་ལས་དྷ་ཏིའི་མིང་དངོས་སུ་སྨོས་པས་མདུད་རྩེ་དམར་པོའི་དགོངས་པ་ལྟར་མ་མ་པ་ཤི་ཀུ་རུ་སོགས་དང་། དྷ་ཏི་མ་མ་སོགས་ཁོང་ཁྲང་འཇུག་པ་བདེ་བ་ཉིད་པདྨའི་བཞེད་པ་ཡིན་ནོ། །ཐུན་སྔགས་བཅུ་གཉིས་ཀྱི་ངོས་འཛིན་ནི་རྣལ་འབྱོར་ཆེན་པོའི་ལེའུ་བཅོ་ལྔ་པ་ལས་གཞན་དུ་ངོ་འཕྲོད་པ་མི་སྣང་ཞིང་། དེའི་ནང་ཚུན་ནས་ཤུ་ཤུ་རཀྴ་ཚལ་པ་ལ་སོགས་པའི་དུམ་བུ་འདྲ་མིན་རེ་སྔར་ཀྱི་ཡི་གེ་རྙིང་པ་ཚོར་སླེང་ཀྱང་ཡིད་བརྟན་རུང་བ་དཀའ་ཞིང་རྒྱུད་ལ་བཤད་པའང་དུས་ཐོག་ཏ་ཅང་རྙིང་པའི་ཡིག་སྐྱོན་ཆེ་
(༤༢༦)བས་རེ་ཞིག་བཏང་སྙོམས་སོ། །གསུམ་པ་བསྒྲུབ་པ་དངོས་ལ་གཉིས། སྒོས་བསྒྲུབ་དང་། སྤྱི་བསྒྲུབ་པོ། །དང་པོ་ནི་རྣལ་འབྱོར་ཆེན་པོའི་ལེའུ་བཅུ་བཞི་པ་ལས། དང་པོ་ནག་མོ་བསྒྲུབ་བྱ་བ། ཁ་སྐོང་མི་སྐོང་ཤེས་པར་བྱ། །རྣལ་འབྱོར་ཡོན་ཏན་ལྡན་པ་དང་། །ཕུར་པའི་དོན་རྣམས་ཤེས་པ་ཡིས། །རབ་ཏུ་དཔེན་པར་ལེགས་བསྒྲུབ་བོ། །འཁོར་ལོ་རྩིབས་བཞི་ལྡན་པ་ཡི། །དབུས་སུ་བསྙེན་ཕུར་ཕྱོགས་བཞིར་ཕུར། །ནག་མོ་བཞི་ཡི་ཕུར་པ་དགོད། །ཐོད་པ་བཞི་ལ་ཐུན་དང་བཅས། །ཁྱི་ཡི་ལྟེ་ཁྲག་ནལ་བུའི་ཤ། །བུད་མེད་མངལ་ཁྲག་སྦལ་པའི་མགོ། །རིམས་ཀྱི་ཕྱི་མོ་རྡོ་སོལ་དང་། །ཁྲག་ཆེན་མུ་ཟི་གཏོར་མ་སྨན། །གཞན་ཡང་རྫས་རྣམས་མང་པོ་གསོག །རྡོ་རྗེ་ཁྲོས་པ་ལ་སོགས་པས། །དབུས་སུ་བདག་ཉིད་དཔལ་ཆེན་བསྐྱེད། །འཁོར་ལོ་བཞི་ལ་སྤུན་བཞི་སྟེ། །རེ་མ་ཏི་དང་རེ་མ་དུ། །རེ་མ་ཛ་དང་རེ་མ་ཛུ། །སྐུ་མདོག་རང་རང་རིགས་དང་བསྟུན། །ཆིབས་དང་ཡང་ན་རྐྱང་པ་སྟེ། །རང་རང་ཕྱག་མཚན་ཕུར་བུ་བསྣམས། །རྒྱན་དང་ལྡན་པ་རབ་ཏུ་བསྐྱེད། །རང་བཞིན་སྤྱན་དྲང་མཆོད་པ་འབུལ། །བསྟོད་དང་སྨོན་ལམ་ལེགས་པར་བྱ། །དེ་ནས་བདག་ཉིད་སྔགས་དང་ནི། །མཆེད་བཞི་གསང་སྔགས་སྭཱ་ཧཱ་ཅན། །བར་བཅུག་ཐར་བཟླས་སྲོག་སྙིང་དབྲོག །ནུས་པ་དུག་དང་ལྡན་པར་བྱ། །བར་བར་མཆོད་བསྟོད་གནད་ལ་དབབ། །རང་རང་དམ་རྫས་ལེགས་པར་བསྟབ། །དེ་ལ་རྟགས་རྣམས་ངེས་པ་ནི། །བུད་མེད་ནག་མོས་དབང་བསྐུར་དང་། །བདག་ལ་ཕྱག་བྱེད་མར་འོངས་པ། །འདི་ནི་གྲུབ་སྟེ་དངོས་གྲུབ་བླངས། །དེ་ནས་གསད་པའི་ལས་བྱ་བ། །བྲུབ་ཁུང་ལྔ་རུ་ངེས་པར་བྱ། །དེ་ནས་ཐོད་པ་ལིངྒ་
(༤༢༧)དང་། །དྲག་པོའི་རྫས་རྣམས་ལེགས་པར་བྱ། །གབ་པའི་སྔགས་ཀྱི་ལས་བྱའོ། །མིང་པོས་དགུག་སྔགས་ཤེས་པར་བྱ། །རབ་བསྐྱེད་མཐིང་ནག་འབར་བ་ཡིས། །ཉམས་པ་དགུག་པའི་ལས་རྣམས་བྱ། །སྔགས་ལ་གསད་པའི་སྔགས་གདགས་སོ། །གསད་པ་ལ་སོགས་དགོངས་པ་ཡིས། །ཉམས་པ་ངེས་པར་གསད་པར་བྱ། །དང་པོ་དུས་ལ་བབ་དྲུག་དང་། །དེ་འོག་བཅུ་གཅིག་དམོད་པ་ཡི། །རྡོ་རྗེའི་ཚིག་བཞིས་གནད་ལ་དབབ། །ཐུན་ལ་སོགས་པའི་སྦྱོར་བ་བྱ། །རྟགས་བྱུང་ཕུར་གདབ་བསྲེག་འཕང་གནན། །མ་གྲུབ་དུས་ན་ཤི་ས་བསྟན། །འདི་ནི་མིང་པོའི་ལས་ཡིན་ཏེ། །ཉམས་པ་གསད་པའི་མཆོག་ཡིན་ནོ། །ཁ་སྐོང་ལས་ནི་མཆོག་སྒྲུབ་པ། །གཞན་དུ་གསུངས་པ་ངེས་པ་ཡིན། ༈ །ཤྭ་ན་མུ་ཁའི་བསྒྲུབ་པ་ནི། །གོང་བཞིན་ཡོན་ཏན་ལྡན་པར་བྱ། །ཤྭ་ན་བསྒྲུབ་པའི་གནས་སུ་ངེས། །དཀྱིལ་འཁོར་མཆེད་བཞིའི་ཚུལ་དུ་ལ། །གྲུ་གསུམ་བཅས་པ་ལེགས་པར་བྲི། །བསྙེན་ཕུར་ཤྭ་ནའི་ཕུར་པ་ནི། །དབུས་ལ་སོགས་པར་རབ་ཏུ་དགོད། །ཐོད་ཆེན་འཕར་སྤྱང་ཝ་ཁྱི་ལྔ་རྣམས་བསག །རང་རང་སྙིང་དང་ཁྲག་ཆེན་དང་། །ལྕགས་ཕྱེ་ཟངས་ཕྱེ་གསེར་ཕྱེ་དང་། །རྡོ་ཕྱེ་གཏོར་མ་ལྔ་རྣམས་དགྲམ། །དེ་ནས་གོང་བཞིན་བསྐྱེད་པ་ཡང་། །ལྕགས་སྤྱང་འཕར་བ་ཝ་མོ་དང་། །ཁྱི་མོ་རང་རང་གང་རིགས་བྱ། །མཆེ་བ་ཅན་ནི་བཞི་ངེས་པར། །ཆིབས་སམ་ཡང་ན་རྐྱང་པ་སྟེ། །རང་རང་ཅོད་པན་ཕུར་པ་བསྣམས། །ཁྲོས་པའི་ཚུལ་དུ་རབ་ཏུ་བརྟག །སྤྱན་དྲངས་ལ་སོགས་གོང་བཞིན་ནོ། །གསང་སྔགས་གོང་བཞིན་བཅས་པ་ལ། །རབ་ཏུ་ཤྭ་ནའི་སྔགས་བཅས་པ། །ལེགས་པར་བཟླས་ལ་གོང་བཞིན་བྱ། །དེ་ལ་རྟགས་རྣམས་ངེས་པ་ནི། །འཕར་
(༤༢༨)སྤྱང་མང་པོ་འདུས་པ་དང་། །མགོ་བརྙན་ཚོགས་ལ་དབང་བྱེད་པའོ། །ནུས་ཐོབ་དངོས་གྲུབ་བླང་བར་བྱ། །དེ་ནས་གསད་པའི་ལས་བྱ་བ། །གོང་བཞིན་འབྲུབ་ཁུང་བཅས་པའོ། །ལིངྒ་ལེགས་བཅའ་ལས་རྣམས་བྱ། །ཤྭ་ནའི་ཏིང་འཛིན་མང་པོ་ཡིས། །འགུགས་པ་དག་ཏུ་ངེས་པ་ཡིན། །མིང་པོས་ཡང་ནི་དེ་བཞིན་ནོ། །གསང་སྔགས་མཱ་ར་ཡ་བཅས་སམ། །བཟླས་པ་ཤྭ་ནའི་ཚོགས་བཅས་པས། །གཏོད་ཅིང་ཟ་བའི་ཏིང་འཛིན་བྱ། །བར་བར་ཐུན་རྣམས་བྲབ་པ་ཡིས། །རྫས་རྣམས་སྤྲུལ་པ་ཡང་སྤྲུལ་གྱིས། །ངེས་པར་གསོད་པའི་ཏིང་འཛིན་བྱ། །སྨད་སྟོད་དཀྱུས་ཚིག་ལྔ་བཅས་པ། །དེ་འོག་བཅུ་གཅིག་མཐའ་བསྒྱུར་རོ། །སྟོད་སྨད་ཐ་མའི་བཞི་བཅས་པས། །ཐུགས་དམ་གནད་ལ་དབབ་པར་བྱ། །སེམས་ཅན་གསོད་པའི་རྟགས་བྱུང་ན། །རྩ་བ་ཕུར་གདབ་བསྲེག་དང་འཕང་། །གནན་པའི་ལས་རྣམས་བྱས་པ་ཡིས། །ཉམས་པ་ངེས་པར་འཆི་བ་ཡིན། ཁ་སྐོང་གཞན་དུ་ངེས་པར་གསུངས། །ས་བདག་ཆེན་མོའི་བསྒྲུབ་པ་ནི། །གོང་བཞིན་ཡོན་ཏན་ལྡན་པ་ཡིས། །བསེ་མོ་བསྒྲུབ་པའི་གནས་སུ་བྱ། །མཎྜལ་ཟླ་གམ་བཅུ་དྲུག་གམ། །ཡང་ན་བཞིའམ་འབྲུབ་ཁུང་བཅས། །རང་རང་རིགས་དང་མཐུན་ནམ་གཅིག །ཝ་ཐོད་བཞི་ལ་རྩ་སྔགས་བཅས། །མཆོག་ཕུར་ལྕགས་ཕུར་ལྔ་རྣམས་སོ། །མར་ཁུ་ཞག་དང་སྦྲང་རྩི་རྣམས། །འོ་མ་ལ་སོགས་སྐྱོགས་བཞིའོ། །ཉུང་དཀར་ཉུང་ནག་ཟི་ར་དང་། །སྐྱེ་ཚེ་ལ་སོགས་ཐུན་རྫས་བསག །གཞན་ཡང་སྨན་རག་གཏོར་མ་ལྔ། །མཁས་པས་ལེགས་པར་གསོག་པ་ཡིན། །དེ་ནས་ཏིང་འཛིན་བཅས་པ་ཡིས། །དཔའ་བོ་དཔའ་མོ་
(༤༢༩)བསམ་པ་སྟེ། །རང་རང་རིགས་མཐུན་སྐུ་མདོག་ལ། །བསེ་ཁྲབ་རྒྱན་བཅས་ཕྱག་མཚན་ཡང་། །ཞགས་པ་ཕུར་བུ་བསྣམས་པ་ནི། །ཆིབས་སམ་ཡང་ན་རྐྱང་པ་སྟེ། །བློན་མོ་ཡང་བླན་བཅས་པ་བསྐྱེད། །སྤྱན་དྲང་ལ་སོགས་གོང་བཞིན་ནོ། །དཔའ་བོའི་གསང་སྔགས་བཅས་པ་དང་། །བར་དུ་བས་སྔགས་སྭཱ་ཧཱ་བཅས། །བཟླས་ལ་གོང་བཞིན་ནུས་པ་དབྲག །བར་དུ་མཆོད་བསྟོད་གནད་ལ་དབབ། །བལ་མོ་ལ་སོགས་རྟགས་བྱུང་ནས། དངོས་གྲུབ་བླངས་པས་ནུས་པ་ཐོབ། །དེ་ནས་གསད་པའི་ལས་བྱ་བ། །བྲུབ་ཁུང་ལིངྒར་བཅས་པའོ། །ཁྲོས་པས་ལས་བྱ་བ་སེ་མོ་དགུག །དེ་ཡང་མིང་པོའི་བླ་འགུགས་སྔགས། །དེས་ནི་ངེས་པར་ཁུགས་པ་ཡིན། །གསང་སྔགས་མཱ་ར་ཡ་བཅས་ལ། །བཟླས་པས་ཡང་སྤྲུལ་སུམ་སྤྲུལ་གྱིས། །ངེས་པར་གསད་པའི་ཏིང་འཛིན་བྱས། །གོང་བཞིན་དྲུག་དང་བཅུ་གཅིག་དང་། །བཞི་བཅས་གནད་ལ་དབབ་པར་བྱ། །ཐུན་ཕབ་དགོངས་པ་གོང་བཞིན་ནོ། །ཕུར་གདབ་བསྲེག་འཕང་གནན་བྱས་ན། །ཉམས་པ་འཆི་འགྱུར་མཱ་ར་ཡ། །སྤོགས་དང་ཤ་སའི་མན་ངག་ནི། །མ་བྱུང་མཁས་པས་རབ་ཏུ་སྦྱར། ཁ་སྐོང་མན་ངག་གཞན་དུ་གསུངས། །འདི་ནི་མན་ངག་ནང་ན་མཆོག །ཕུར་བུའི་སྲུང་མ་མཐུ་ཆེན་ཡིན། །ཞེས་སོ། །ཚུལ་དེས་སྒོས་སྒྲུབ་ཀྱིས་དཔྱད་ལེགས་པར་ཤེས་ཤིང་། མིང་སྲིང་སོ་སོའི་སྙིང་པོ་སྐྱེ་རྒྱུད་དང་། སྔགས་ཀྱི་དེ་ཁོ་ན་ཉིད་བཤད་མ་ཐག་པས་སྟོན་པར་འགྱུར་ལ། དེའང་དམ་ཅན་སོ་སོའི་བསྙེན་པ་ཐེམ་ནས་གསད་པའི་ལས་ལ་འཇུག་ན། གབ་པའི་སྔགས་ཀྱིས་ལས་བྱའོ། །ཞེས་པ་ལ་སོགས་པས་ཁ་འཕང་བ་ལྟར་ངན་སྔགས་
(༤༣༠)ཉེ་བར་བསྙེན་པ་དང་འབྲེལ་དགོས་པས་དེའི་བཅའ་གཞི་རྣམས་ཚང་བར་བྱས་ལ། །དམ་ཅན་མ་རང་རང་གི་མིང་པོའི་སྔགས་དང་སྤྲེལ་ནས་བླ་འགུགས་གྱི་དམིགས་པ་གཙོ་བོར་འདོན་པ་ལ་སྒྲུབ་པ་ཆེན་པོ་ཞེས་བྱ་སྟེ། མ་མོ་རྣམ་གསུམ་འདུས་པ་ནི། །བསྒྲུབ་པ་ཆེན་པོ་མཆོག་ཡིན་ཏེ། །དགྲ་བོའི་བླ་འགུགས་ཤེས་པར་བྱ། །གབ་སྔགས་མིང་རུས་ཐབས་སྔགས་ཆེན། །ངན་སྔགས་འདུས་པས་བསྒྲུབ་ཆེན་པོ། །གསད་པར་བྱ་བའི་རིམ་པ་ཡིན། །ཞེས་སྒྲུབ་པ་ཆེན་པོའི་ཡང་ཆེན་པོར་ངན་སྔགས་ཉེ་བར་བསྙེན་པ་བསྟན་པ་ཡིན་ནོ། །དེ་ཡང་མིང་སྲིང་སོ་སོའི་སྒོས་བསྒྲུབ་ནི་དམ་རྫས་ཚོགས་པར་དཀའ་ཞིང་། རྩ་སྔགས་ཀྱང་རྣམ་གྲངས་མང་བས་འཛིངས་ཆེ་ལ་བསྒྲུབ་དཀའ། མ་མོ་གྲུབ་ཀྱང་ལས་མི་འདོད་པ་ལ་ཤིས་བསྟན་པ་དང་། གིང་འགྲུབ་ཀྱང་འཁུ་ལྡོག་ཆེ་བ་ལ་ལོག་གནོན་གྱི་མན་ངག་དང་། ཡི་གེ་འབྲུ་བཤིག་གི་སྡེབ་ལ་སོགས་པ་ནི། ཏིང་འཛིན་ལས་སུ་མི་རུང་བས་འཆུན་དཀའ་ལ་རྩུབ་ཅིང་བཀའ་གཉན་པས། ཕྱི་སྒྲུབ་ལག་ལེན་ལ་འདེབས་སླ་ཞིང་། བཀྲ་ཤིས་པ་ཡིན་པས་ལོགས་སུ་བསྟན་པར་བྱའོ། །གལ་ཏེ་མིང་པོའི་སྒོས་སྒྲུབ་ཀྱི་ཁུངས་འདོད་ན་རྣལ་འབྱོར་ཆེན་པོའི་ལེའུ་བཅོ་ལྔ་པ་ལས་རྟོགས་པར་བྱ་ཞིང་། །དེ་བཞིན་དུ་སྤོགས་པའི་ཆོ་གའང་ལེའུ་བཅུ་དྲུག་པས་གསལ་བར་བསྟན་ཀྱང་། ལག་ལེན་ལ་འདེབས་ནུས་པའི་གང་ཟག་འཇིག་རྟེན་ན་དཀོན་པས་ཁྱབ་གདལ་དུ་སྤེལ་བའི་གནས་མ་ཡིན་ནོ། །བདག་ཉིད་འདུན་པ་ལྷོད་པ་མངོན་སྤྱོད་ཀྱང་། །དོན་གཉེར་ཆེས་མང་རྒྱུད་དོན་ནུབ་ལ་སྐྱོ། །བསྟན་དོན་ལ་དམིགས་གསང་པོར་སྨྲས་ནའང་། །ལྡོང་པའི་གུན་དཀྲིས་ཅན་ལ་དམ་དུ་སྦོས།། དགེའོ། །།
(༤༣༡)ཕུར་པ་རྒྱུད་ལུགས་ལས་དམ་ཅན་ཉེ་བར་བསྙེན་པའི་ཕྲིན་ལས་སྨད་ལས་ཀྱི་སྲོག་ཤིང་ཞེས་བྱ་བ་བཞུགས། །
(༤༣༢)དཔལ་ཆེན་བཛྲ་ཀུ་མཱ་ར་ཡ་ནཱ་མ། འདིར་རྩ་བའི་ས་དཔྱད་གཉིས་པ་སྨད་ལས་ཀྱི་དང་པོ་དམ་ཅན་ཉེ་བར་བསྙེན་པ་ནི། རྒྱུད་ལས། བསྒྲུབས་ན་ཆགས་པའི་སྲུང་མ་ནི། །བཅུ་གཉིས་དག་ཏུ་ཤེས་པ་ལ། །ཤྭ་ན་མུ་ཁ་ལྕགས་སྤྱང་མོ། །ཤྭ་ན་མུ་ཁ་ལྕགས་ཁྱི་མོ། །སྲིལ་མུ་ཁ་ཟངས་འཕར་མ། །སྲིལ་མུ་ཁ་ཟངས་ཝ་མོ། །ས་བདག་བཞི་ནི་འགྲུབ་པར་ངེས། །བདག་ཉིད་བཞི་ནི་དཔྱིད་དབྱར་དང་། །སྟོན་དགུན་བཞི་ཡི་རྒྱལ་མོ་སྟེ། །བཞི་ཆེན་གསུམ་པོ་དག་ཏུ་ནི། །བསྟན་ཅིང་བ་ལིན་སྦྱིན་པར་བྱ། །དེ་ལ་དངོས་གྲུབ་མྱུར་བར་འོང་། །ཞེས་པས་འདི་ལ་གསུམ། སྦྱོར་བ། །དངོས་གཞི། །རྗེས་སོ། །དང་པོ་ནི། ཉམས་པ་བདུན་པོ་བསྒྲལ་བའི་ཕྱིར། །དྲག་པོའི་དུས་གཟུང་ཡོ་བྱད་གསོག །རྩ་བའི་མཎྜལ་ལྷོ་ནུབ་ཏུ། །བསེ་བྱང་སྒྲགས་པའི་མཎྜལ་ནི། །དབུས་སུ་གྲུ་གསུམ་མཐུར་དུ་བྲུ། །ཕྱི་རིམ་ཟླ་གམ་མུ་ཁྱུད་
(༤༣༣)བཅའ། །འཁོར་ལོ་དྲུག་ཏུ་ངེས་པའོ། །དེ་ཡི་ཕྱི་རོལ་གྲུ་ཆད་བཞིར། །གྲ་གསུམ་མཐིང་ནག་རེ་རེ་བྱ། །ཞེས་དང་། །དམ་ཅན་གནས་པའི་གྲུ་གསུམ་བཞི། །ཕྱོགས་བཞི་དག་ཏུ་ངེས་པ་ཡིན། །རེ་རེར་ཐོད་ཆེན་རེ་རེ་ལ། །ལིངྒ་བཅས་པ་ངེས་བཅུག་ལ། །རྫས་རྣམས་ངེས་པར་ཚོགས་པར་བསོག །ལྕགས་ཕུར་དབུས་སུ་དགོད་པར་བྱ། །མི་བཟད་ཕུར་པ་དྲུག་རྣམས་ནི། །གྲུ་གསུམ་དྲུག་ལ་ཤེས་པར་བྱ། །དམ་ཅན་མ་ལུས་ཕུར་པ་དང་། །མིང་པོ་གསུམ་འདུས་ཕུར་པ་གཅིག །ཕྱོགས་བཞི་དག་ཏུ་ལེགས་པར་དགོད། །ཅེས་པ་ལས་འཁོར་ལོ་དྲུག་ནི་རྩིབས་དྲུག་དང་། གྲུ་གསུམ་དྲུག་ནི་རྩིབས་མཆན་དུ་དྲི་བར་བྱ་ལ། དེ་ཡང་བྲུབ་ཁུང་ལ་བརྟེན་ནས་དམ་ཅན་ཉེ་བར་བསྙེན་པ་ནི་མཚན་མ་འབྱིན་པའི་ལས་ཡིན་པས་དམིགས་པའི་རྟེན་ལིངྒ་བཅའ་བའི་ཚུལ། ཤིང་ཤུན་རོ་རས་དག་ལ་ནི། །ལིངྒ་གསད་པའི་འཁོར་ལོ་ནི། །དུར་
(༤༣༤)ཁྲོད་སྙུག་གུ་ཁྲག་ཆེན་གྱིས། །ཞེ་སྡང་བཅས་པའི་སེམས་ཀྱིས་བྲིས། །འཁོར་ལོ་རྩིབས་དྲུག་བཅས་པ་ལ། །སྤྱི་བོར་ཨོཾ་དང་ཀཱི་ལ་ཡ། །སྙིང་གར་མིང་དང་དཔལ་བར་རུས། །གཡས་སུ་ཧཱུྃ་ལ་གཡོན་དུ་ཕཊ། །མཱ་ར་ཡ་ནི་འདོམས་སུ་སྟེ། །དྲུག་ལ་སྔགས་དྲུག་བཅས་པའོ། །སྲོག་ལ་འདྲན་པའི་སྙིང་པོ་རྣམས། །མཚམས་ལ་འཕྱོང་དྲུག་ངེས་པ་ཡིན། །ཐམས་ཅད་འདུས་པས་མཐའ་མ་བསྐོར། །ཞེས་པས་འཁོར་ལོ་རྩིབས་དྲུག་གི་ལྟོ་བར་ལིངྒ་དང་། རྩིབས་དྲུག་ལ་མགོ་ཐོག་ནས་བརྩམས་ཏེ་ཧས། ཡར་སོགས་གར་པའི་སྔགས་དྲུག །རྩིབས་མཆན་དྲུག་ལག་དགས་པའི་འཕྱོང་དྲུག །གནད་ཡིག་ཏུ་བསྟན་པའི་ཐམས་ཅད་འདུས་པའི་རི་རབ་ཀྱི་མཐའ་བསྐོར། ཟག་རྫས་ལ་སོགས་བྱུགས་པར་བས་ཆད་ཀྱི་ཐོད་པར་སྩལ་ལ་དབུས་ཀྱི་བྲུབ་ཁུང་དུ་བཅུག་པའི་སྙིང་གར་བསྙེན་ཕུར་གཟུག་ཅིང་ཁ་ཁྱེར་རྩང་གིས་བསྐོར། དེའི་སྟེང་དུ་སྐུ་གསུང་ཐུགས་ཀྱི་རྟེན་བཅས་ནས་གཟིར་བའི་ཚུལ། སྦ་མཁར་ཚིགས་གསུམ་དག་ལ་ཡང་། །བསེ་བྱང་སྙིང་པོ་བཅས་པ་གདགས། །གསེ་བྱང་ནག་པོ་སྙིང་པོར་བཅས། །དེ་འོག་གཉིས་ལ་གདགས་པར་བྱ། །བསེ་བྱང་དཀར་པོ་སྙིང་པོར་བཅས། །དེ་ཡི་འོག་ཏུ་ཤེས་པར་བྱ། །དེ་འོག་བསེ་མོ་ནག་མོ་དང་། །ཤོ་ནིའི་སྐུ་དང་སྙིང་པོར་བཅས། །སྦ་ཚིགས་བཞི་བདག་ལའོ། །ཐ་མར་ལིངྒ་སྐུད་པར་གདགས། །མཎྜལ་ནང་དུ་སྦ་མཁར་གྱིས། །ལིངྒ་འཁོར་ལོར་བཅས་ལ་གཟིར། །ཞེས་པ་ལྟར་སྐུའི་རྟེན་བསེའི་བྱང་བུ་ལ་ན་ལ་བུ་དང་། གཅན་གཟན་བཞི་དང་། ཆུ་སྲིན། ཉའི་བགས་པ་ལས་བྱས་པའི་བསེ་གྲུབ་ན་མཆོག་ཡིན་ནོ། །མ་མོ་བཅུ་གཉིས་ཀྱི་སྐུ་གཏོར་བཟློག་ཏུ་བསྟན་པའི་བསྐུལ་
(༤༣༥)བྱང་གི་མངོན་རྟོགས་ལྟར་རཾ། །ཡང་ན། དམ་ཅན་མ་ནི་འདི་ལྟ་སྟེ། །ནག་མོ་ནག་ལ་བསེ་མོ་དམར། །ཤོ་ན་དཀར་ལྡེམ་མིང་པོ་སེར། །ཞལ་གཅིག་ཕྱག་གཉིས་ལྕགས་ཀྱུ་ཕུར། །རེངས་པ་རྣམས་ལ་ཆིབས་མེད་དོ། །ཞེས་དང་། ཆིབས་སམ་ཡང་ན་རྐྱང་བ་སྟེ། རང་རང་ཕྱག་མཚན་ཕུར་པ་བསྣམས། །ཞེས་པ་ལྟར་རོ། །མིང་པོ་གསུམ་ནི། རྒྱལ་པོ་དཀར་པོ་གིང་དཀར་ཕུར། །མ་ཧཱ་ཀཱ་ལ་མདོག་ནག་སྟེ། །བེ་ཅོན་ཕུར་བརྒྱན་དང་ལྡན། །བསེ་ཡི་སྐྱེས་བུ་དམར་པོ་འཇིགས། །བསེ་མདའ་བསེ་གཞུ་ཕུར་པ་འདྲིལ། །ཆིབས་མ་ཡང་ན་རྐྱང་པ་སྟེ། །ཞེས་པ་ལྟར་གྱི་རྒྱབ་ཏུ་སོ་སོའི་གསུང་ཤི་སྙིང་པོ་སྔགས་བྱང་དང་བཅས་པ་བྲིས་ནས་རབ་ཏུ་གནས་པ་ཐུགས་ཀྱི་རྟེན་སྦ་ལྕག་ཆིགས་གསུམ་པའི་ལྟུ་དང་པོར་ཐབས་ཤེས་ཀྱི་དབང་ལས་བསེའི་སྐྱེས་བུ། གཉིས་པར་ལྕགས་ཀྱི་སྐྱེས་བུ། གསུམ་པར་དུང་གི་སྐྱེས་བུ། བཞི་པར་མ་མོ་བཅུ་གཉིས་པོ་གདགས་པ་བྲུབ་ཁུང་གི་སྟེང་དུ་བཙུགས་བ་ལིངྒ་དང་སྲད་བུས་སྤྲེལ། ཐོད་པ་མཚན་བན་བཞིའི་ནང་དུ་མིང་རུས་དང་ལྡན་པའི་ཉ་བོ་རེ་བཅུག་ལ་དམ་ཅན་གསུམ་དང་མིང་པོ་གསུམ་འདུས་ཀྱི་ཕུར་པ་གཟིར་བ་སོ་སོའི་ལྷ་གནས་སུ་བཀོད། དམ་ཅན་རྣམ་གསུམ་མཐུན་པའི་རྫས། །ཐོད་པ་བཅུ་གཉིས་ཡང་ན་གསུམ། །དེ་རུ་ཐུན་གྱི་སྦྱོར་བ་བྱ། །གཏོར་མ་ལ་སོགས་ངེས་པར་བསག །ཅེས་དང་། དྲག་པོའི་དམ་རྫས་མང་པོ་རྣམས། །ཐོད་པ་ཚལ་བུའི་ནང་དུ་བསག །ཅེས་པ་ལྟར་སོ་སོའི་ཐུན་རྫས་གནད་ཡིག་ལྟར་དང་། མཐུན་པའི་རྫས་ནི། བསེ་ཡི་ལྷ་མོའི་རྫས་རྣམས་ནི། །འོ་མ་ཞག་དང་མར་ཁུ་དང་། །སྦྲང་རྩི་དང་ནི་ཆང་རྣམས་སོ། །སྣོད་པ་མེན་ཀྱི་དྭའོ། །དེ་བཞིན་ཤོ་ན་མུ་ཁའི་ཡང་། །ཁྱི་ཐོད་ཝ་ཐོད་སྤྱང་ཐོད་དང་། །འབར་བའི་ཐོད་པ་དེ་བཞིན་ཏེ། །དེ་ཡི་ནང་དུ་
(༤༣༦)རྫས་བསག་པ། །ཁྲག་སྣ་སྟོང་དང་ཤ་སྣ་སྟོང་། །སྙིང་སྣ་སྟོང་དང་རྐང་སྣ་སྟོང་། །ཤོ་ན་ལ་སོགས་རྫས་སུ་བཞག །རེ་མ་ཏི་ཡི་རྫས་རྣམས་ཀྱང་། །ནལ་བུའི་ཤ་ལ་སོགས་པ་སྟེ། །དུ་མ་ཉིད་དུ་བསག་པར་བྱ། །རྐང་ཆེན་དུང་དང་ཞིང་ཆེན་དང་། །བྷནྡ་རཀྟ་ཙིཏྟ་དང་། །མཚོན་ཆ་དྲུག་ཀྱང་བསག་པར་བྱ། །ཞེས་དང་། མིང་པོའི་མཐུན་རྫས་ནི། །བསེ་མཁར། སེ་པུར། སེ་མདའ། བསེ་བོར། ཁྱི་དམར་སྙིང་། ཟངས་ཁབ། མི་ཐོད་དང་བས་ཕོར་ནང་དུ་ཁྲག་སྣ་ཚོགས་བསེའི་སྐྱེས་བུ་ལའོ། །དྲེའུ་ནག་ཐོད་པ། ལུག་ནག་སྙིང་། རྟ་ནག་གི་རྨི་གང་གཡས། །མདའ་ནག །དར་ནག །གཏོར་མ་དང་། ཕུར་པ་ནག་པོ་མགོན་པོ་ལའོ། །ཐོད་པ་བམ་རིལ། ལུག་དཀར་སྙིང་། སུ་ག་རྒོད། བཤོས་བུ་དཀར་པོ། ཕུར་པ་དཀར་པོ་ལ་སོགས་པ་རྒྱལ་པོའམ་དུང་མི་སྐྱེས་བུའི་མཐུན་རྫས་སོ། །དེ་བཞིན་དུ་སྨན་རཀ་གཏོར་གསུམ། ཐུགས་དམ་བསྐང་བའི་དམ་རྫས་རྣམས་སྒོ་ཐམས་ཅད་ནས་ཚོགས་པར་བྱའོ། །གཉིས་པ་ལ་གཉིས་ལས། དང་པོར་རྩ་བའི་ལྷ་གསུམ་ནི། །གཞུང་བཞིན་ལེགས་པར་བསྐྱེད་པ་ཡིན། །དབང་བསྐུར་བྱིན་དབབ་སྤྱན་དྲང་བྱ། །མཆོད་ཅིང་བསྟོད་དེ་སྨོན་ལམ་གདབ། ཅེས་ཐོག་མར་ཡི་དམ་གྱི་མངོན་རྟོགས་བཟླས་པའི་བར་བྱའོ། །གཉིས་པ་དམ་ཅན་ཉེ་བར་བསྙེན་པ་ལ་གསུམ། བཞི་སྙིང་དྲིལ་ནས་བོད་པ་བསྙེན་པ། གནད་ལ་དབབ་ནས་རྦད་པ་སྒྲུབ་པ། ཐུན་དུ་བསྒྲུབ་ནས་གསད་པ་ལས་སྦྱོར་ལས། དང་པོའི་དོན་དུ་འཛབ་ཁང་བྱེ་བ་ནི། ཧཱུྃ་སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །གསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེར་གཏམ་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཞེས་བརྗོད་པས། སྐུ་གསུང་ཐུགས་ཀྱི་རྟེན་རྣམས་དམ་ཅན་དངོས་ཀྱི་སྣང་ཆར་གསལ་བ་སྟེ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཧཱུྃ་བཾ་ཧོ ཀ་ཏཾ་ཀ་ཡེ་ཛ་ཡེ་བི་ཛ་
(༤༣༧)ཡེ་ཨ་རྩི་ཏེ་ཨ་པ་རི་ཙ་ཏ། མར་སྱཻན་པྲ་མ་རྟན་ཡེ་སརྦ་བིག་ནན་བཾ་ཧཱུྃ་ཕཊ། ཅེས་བཟླ་ཞིང་། བདག་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་དམ་ཅན་རྣམས་ཀྱི་སྲོག་སྙིང་ཕྲོགས་བས་ཅི་བཅོལ་བའི་ལས་ཉན་པར་བསམ་མོ། །དེ་ཡང་། བར་བར་མཆོད་བསྟོད་གནད་ལ་དབབ། །རང་རང་དམ་རྫས་ལེགས་པར་བཏབ། །ཅེས་པས། གཏོར་འབུལ་ཟུར་བཀོལ་ལྟར་ར། ཡང་ན། ཨོཾ་བཛྲ་ཀྲོ་དྷ་ཙིཏྟ་མ་ཧཱ་ལཱི་ཤུ་ར་ཤུ་ར། ཁྱིར་ཁིང་བྷདྷ་ར་ནི། ཤུ་ལ་ཙི་པཱར་ཤུ་པར་ནི། ཡོ་ག་ཤུདྡྷ་ཙིཏྟ་མ་ར་ལི། ཀྲོ་དྷ་ཡོ་གི་ནི་བཛྲ། ཛཱ་ལན་དྷ་རི། ཤཥ་ཎི་ཛཛཨི་དཾ་བ་ལི༚་ཏ་པུ་ཙ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་གྱིས་བསྔོ་ཞིང་ཡང་བཟླས་པ་ལ་འཇུག །ཐུན་བསྡུ་བ་ན། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་འོན་ཏེ་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་།།།འཕྲུལ་མེད་པར་གྱིས། །ཞེས་ཕྲིན་ལས་བཅོལ། །རྟེན་ལ་འོད་ཟེར་གྱི་དྲབས་བཅིང་། །ཐུན་མཐར་ཚོགས་ཀྱི་མཆོད་པ་དང་བསྐང་བ་ཅི་ནུས་བྱ། །ཆོ་གའི་རྗེས་ཆོག་གི་མཐར་ཉལ་བའི་རྣལ་འབྱོར་ལ་འཇུག །རྟགས་མཚན་བྱུང་ནས་དངོས་གྲུབ་ནི། །རབ་ཏུ་བླང་བར་ཤེས་པར་བྱ། །ཞེས་པ་ལས། །བསྙེན་ཚད་གྲངས་ངེས་མ་བཤད་ཅིང་། རྟགས་ནི། རབ་ཀྱིས་ཕུར་པ་འཕར་བར་འགྱུར། །གཉིས་པ་འབྲིང་ལ་མེ་སྟག་འཕྲོ། །ཐ་མ་ཉམས་དང་རྟགས་སུ་བཤད། །ཅེས་པས། རྟགས་མཚན་ཐ་མ་དང་ཉམས་རྨི་ལམ་གསུམ་དུ་གནད་ཡིག་ལྟར་གྱི་དོན་འདུ་བའི་རྟགས་མཐོང་བའམ། བཟླས་པ་འབུམ་ཕྲག་གཅིག་ལ་ལས་རུང་དུ་བྱས་པ་ལ་འབོད་རྦད་གསད་གསུམ་གྱི་དང་པོའི་ཕུར་པ་རང་སྐད་ལ་དྲིལ་ཏེ་བཟླས་པའི་བསྙེན་པ་ཞེས་བྱའོ།
(༤༣༨)གཉིས་པ་རྦད་པའི་ལས་སམ་སྒྲུབ་པ་ནི། ལས་སྔགས་ཁོང་ཁྲར་སྡེབ་པའི་མན་ངག་ལ་བརྟེན་ནས་དམ་ཅན་ལས་ལ་བཀོལ་པས་དགྲ་བོའི་བླ་འགུགས་པ་སྟེ། །དྲག་སྔགས་དྲུག་པ་དམ་ཅན་དང་། །ལས་སྔགས་ཐམས་ཅད་གོང་གི་བར། །མན་ངག་རིམ་པ་ཤེས་པ་ཡི། །བཟླས་པ་བྱས་པས་བླ་ཁུགས་འགྱུར། །ཞེས་དང་། དམར་ཆེན་སྦྲེང་ལ་དམ་ཅན་བསྐུལ། །གབ་པའི་སྔགས་ཀྱིས་རབ་བྱས་ལ། །དམ་ཅན་མང་པོས་དགྲ་བོ་དགུག །མིང་པོའི་བླ་འགུགས་སྔགས་ཀྱིས་སོ། །ཤེས་པ་བསྟིམ་པ་ཡང་ཡང་ངོ་། །ཞེས་པས་གཏོར་མ་ལ་དམར་ཆེན་སྦྲེངས་ཤིང་དམ་ཅན་གྱི་བསྐུལ་པ་རྒྱས་པའམ། མ་ནུས་ན། ཧཱུྃ། བསྟན་པར་དགྲ་འདྲེ་བྱུང་བའི་ཚེ། །ཤྭ་ན་མུ་ཁའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །དྲེགས་པ་མང་པོའི་དུས་ལ་བབ། །ཁྱོད་ཀྱིས་མཐུ་རྩལ་རབ་ཏུ་དབྱུང་། །སངས་རྒྱས་བསྟན་པ་བཤིག་པ་དང་། །དཀོན་མཆོག་སྐུ་དགྲ་དཔེན་རྩ་འཇོམས། །ཆོས་ཁྲིམས་འདྲལ་དང་སློབ་དཔོན་དགྲ། །རྣལ་འབྱོར་འཇོམས་པ་ལ་སོགས་པ། །གསད་དང་དབབ་དང་ནད་ངན་གྱིས། །ཇི་ནས་བརླག་པར་ཁྱོད་ཀྱིས་གྱིས། །ད་ནི་ཁྲག་འཐུང་ཧེ་རུ་ཀ །ཁྱོད་ཀྱི་སྙིང་ཁྲག་ང་ལ་ཡོད། །རྡོ་རྗེ་གསང་བའི་བཀའ་ལས་ནི། །ཁྱོད་ཀྱི་འདས་པར་གྱུར་ན་ནི། །ཁྲོ་བོ་སྟོབས་ཆེན་ཧེ་རུ་ཀས། །མགོ་བོ་རྡོ་རྗེས་ཚལ་པར་རགས། །དེ་བས་བཀའ་ལས་མ་འདའ་ཞིག །ཅེས་བསྐུལ། བཀའ་ཤིན་ཏུ་གཉན་ནོ། །བཟླ་བྱའི་སྔགས་ནི། །ཉིན་མོ་གཏོར་ལ་ནུབ་མོ་དྲིལ། །གང་བབ་དུས་སུ་ཤེས་པར་བྱ། །ཞེས་པས་ཉིན་མོ་གཏོར་ཏེ་བཟླས་པ་ནི། ཐུན་བཞིའི་དང་པོ་ལ་ཤོན་མ་རྦད་པ་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཧཱུྃ་བཾ་ཧོ ཀ་ཏཾ་ཀ་ཡེ་ཆེ་གེ་མོ་
(༤༣༩)ལ་བྷྱོ་བྷྱོ། སརྦ་བིག་ནན་བཾ་ཧཱུྃ་ཕཊ། གཉིས་པ་ལ་བསེ་མོ་རྦད་པ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཧཱུྃ་བཾ་ཧོ ཛ་ཡེ་བི་ཛ་ཡེ་ཆེ་གེ་མོ་ལ་བྷྱོ་བྷྱོ། སརྦ་བིག་ནན་བཾ་ཧཱུྃ་ཕཊ། གསུམ་པ་ལ་རེ་བ་ཏི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཧཱུྃ་བཾ་ཧོ ཨ་ཙི་ཏེ་ཨ་པར་ཙིཏྟ་ཆེ་གེ་མོ་ལ་བྷྱོ་བྷྱོ། ས་རྦ་བིག་ནན་བཾ་ཧཱུྃ་ཕཊ། བཞི་པ་ལ་གིང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡཛ་ཧཱུྃ་བཾ་ཧོ །མར་སྱཻན་པྲ་མ་རྟ་ན་ཡེ་ཆེ་གེ་མོ་ལ་བྷྱོ་བྷྱོ། སརྦ་བིག་ནན་བཾ་ཧཱུྃ་ཕཊ། བཟླའོ། །ནུབ་མོ་དྲིལ་ཏེ་བཟླ་བ་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཧཱུྃ་བཾ་ཧོ ཀ་ཏཾ་ཀ་ཡེ་ཛ་ཡེ་བི་ཛ་ཡེ་ཨ་ཙི་ཏེ་ཨ་པ་ཏི་ཙ་ཏེ། མ་ར་སྱཻན་པྲ་མ་རྟ་ན་ཡི་ཆེ་གེ་མོ་མཱ་ར་ཡ་སརྦ་བིག་ནན་བཾ་ཧཱུྃ་ཕཊ། ཅེས་བཟླས་ཉིན་ནུབ་གང་ཁའང་བར་བར་དུ་དམ་ཅན་གྱི་བསྐུལ་བྱ། དམིགས་པ་ནི། ཐོད་པ་ལྕགས་མཁར་སྒོ་མེད་དུ། །དགྲ་བོ་ངེས་པར་གསལ་མིང་གསལ། །ཞེས་དང་། དེ་ཡི་ཤེས་པ་དགུག་པ་དང་། །དྲག་སྔགས་བཞི་ཡི་སྦྱོར་བ་བྱ། །ཕོ་ཉ་སྔགས་དང་ཏིང་འཛིན་གསུམ། །བྲན་དང་ཕོ་ཉ་བཀའ་ཉན་གྱིས། །ཤེས་པ་ངེས་པར་དགུག་པར་བྱ། །མིང་པོ་སྲིང་མོའི་དགུག་སྔགས་སམ། །ཡང་ན་མིང་པོའི་དྲག་སྔགས་སོ། །ཏིང་འཛིན་རི་དྭགས་ཤ་བ་ཀྱེ་བཞིན། །མ་ཁུགས་བར་དུ་ངེས་པར་སྦྱར། །ཁུགས་ནས་གདབ་པའི་ལས་བྱའོ། །ཞེས་དང་། ཉམས་པར་གྱུར་པའི་དགྲ་བོ་དེ། །གང་དུ་བྲོས་པའི་གནས་ནས་དགུག །སྤྲུལ་པ་མང་པོའི་ཚོགས་ཆེན་གྱིས། །ཤིག་ཤིག་གུལ་གུལ་གནས་པ་ནི། །དཔེར་ན་གྲོག་ཚང་སྦྲུལ་ཚང་བཞིན། །གནས་པ་ཞབས་ཀྱི་ཕུར་པ་ཡིས། །སྡོང་པོ་བསྒྱུར་བཞིན་ཞབས་འོག་ན། །མདངས་བྲལ་གནས་པའི་སྦྱོར་བ་བྱ། །ཞེས་པ་ལྟར་བྱའོ། །གསུམ་པ་གསད་པའི་ཐུན་གྱི་ལས་སྦྱོར་ལ་གསུམ་
(༤༤༠)ཐུན་བཅའ་བ་དང་། ཐུན་བསྒྲུབ་པ་དང་། ཐུན་གྱིས་གསད་པའོ། །དང་པོ་ནི། ཐུན་རྫས་མང་པོ་ཐོད་པར་བསག །ཐོད་ཆེན་བཞི་རུ་ཐུན་ཁྲག་གོ། ཞེས་པས། རབས་ཆད་དང་། མཛེ་ཐོད་དང་། །སྣེལ་གྲི་དང་། ཁྱི་སྦྱང་ལ་སོགས་པའི་ཐོད་པར་དམ་ཅན་སོ་སོའི་ཐུན་རྫས་གནད་ཡིག་ལྟར་འདུ་བྱ་ཞིང་། དེ་ཡང་།ཐུན་སྔགས་བྲིས་པའི་དར་ནག་གིས་གཡོགས་ལ་ཁྲིའུའི་ཁར་བཞག་གོ །གཉིས་པ་ཐུན་བསྒྲུབ་པ་ནི། ཐམས་ཅད་འདུས་པ་གནད་ལ་དབབ། །དཔའ་བོ་གཅིག་པས་དགྲ་འཛབ་བྱ། །མ་མོ་འདུས་པ་དམ་ཅན་ལ། །གཅུན་ལ་དབབ་པ་ཤེས་པར་བྱ། །ཞེས་པའི་དོན་ནི་བཞི་སྙིང་ལ་མ་མོའི་ཐུན་སྔགས་སྡེབ་པ་ཡིན་ལ། །དེ་ཡང་། ལས་ཀྱི་ཐུན་དྲུག་སྔགས་ལ་ཡང་། །ཉིན་མོ་གཏོར་ལ་ནུབ་མོ་དྲིལ། །གང་བབ་དུས་སུ་ཤེས་པར་བྱ། །རྟགས་མྱུར་སྲོག་བཅད་ལ་སོགས་སོ། །ཞེས་པས་ཉིན་མོ་གཏོར་ཏེ་བཟླ་བ་ནི། ཐུན་དང་པོ་ཤོ་ན་མའི་ངོ་བོར་བསྒྲུབ་པ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཧཱུྃ་བཾ་ཧོ ཀ་ཏཾ་ཀ་ཡེ་ཧཱུྃ་མམ་པ་ཤི་ཀུ་རུ་མ་ཏཾ་ཉ་ཆེ་གེ་མོ་བླ་ལ་ཐུན། སརྦ་བིག་ནན་བཾ་ཧཱུྃ་ཕཊ། ཅེས་བཟླས་པས་ཐུན་རྫས་ཤོ་ནམ་བཞིའི་ངོ་བོར་གྱུར་པ་ལས་ནད་མཚོན་ཁྲོ་ཆུང་གི་ཚྭ་ཚྭ་འཕྲོས། །གཟས་པོའི་སྙིང་གནས་བཏབ་བླ་གསད་མདངས་ཕྲོགས་ནས་ཉ་བོ་ལ་བསྟེམ་པ་ནི་འོག་མ་རྣམས་ལའང་འགྲེ་སྟེ། །ཁྲག་དུག་ནང་དུ་གྱུར་པ་ཡིས། །དགྲ་བོ་རིམས་ནད་ཐེབས་པ་བཞིན། །མདངས་དང་ཕྲལ་བར་རབ་ཏུ་བསམ། །དྲག་པོའི་དམ་རྫས་ཐུན་ཕབ་པས། །ཁྲོ་བོར་གྱུར་པས་གསད་པར་བསམ། །དེ་ཡང་བར་པར་ཕྱག་རྒྱ་ཅན། །འཕྲོས་པས་དགུག་པའི་ལས་བྱའོ། །ཞེས་སོ། །ཐུན་གཉིས་པ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཧཱུྃ་བཾ་ཧོ་ ཛ་ཡེ་བི་ཛ་ཡེ་ཀར་ཨིན་ན་ཆེ་གེ་མོ་བླ་ལ་ཐུན། སརྦ་བིག་
(༤༤༡)ནན་བཾ་ཧཱུྃ་ཕཊ། ཐུན་གསུམ་པ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཧཱུྃ་བཾ་ཧོ ཨ་ཙ་ཏེ་ཨ་པ་ར་ཙིཏྟ་ཏི་མ་མ་ཀརྨ་ཆེ་གེ་མོ་བླ་ལ་ཐུན། །སརྦ་བིག་ནན་པཾ་ཧཱུྃ་ཕཊ། ཐུན་བཞི་པ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཧཱུྃ་བཾ་ཧོ མ་ར་སྱ་ན་པྲ་མ་རྟ་ན་ཡེ་ཤི་ཀྲཾ་ཀར་མཱ་ར་ཡ་ཆེ་གེ་མོ་བླ་ལ་ཐུན། སརྦ་བིག་ནན་བཾ་ཧཱུྃ་ཕཊ། ནུབ་མོ་དྲིལ་བ་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཧཱུྃ་བཾ་ཧོ ཀ་ཏཾ་ཀ་ཡེ་ཧཱུྃ་མ་མ་པ་ཤི་ཀུ་རུ་མ་ཏཾ་ཉ་ཛ་ཡེ་བི་ཛ་ཡེ་ཀ་ར་ཨི་ནན། ཨ་ཙི་ཏེ་ཨ་བ་ར་ཙིཏྟ་དྷ་ཏི་མ་མ་ཀརྨ་མར་སྱིན་བྲ་མ་རྟ་ན་ཡེ་ཤི་ཀྲཾ་ཀ་ར་མཱ་ར་ཡ་ཐུན། སརྦ་བིག་ནན་བཾ་ཧཱུྃ་ཕཊ། རྟགས་ནི་ཐུན་འཆག་པ་དང་། ཁོལ་བ་དང་། མེ་སྟག་དང་། རླངས་པ་བྱུང་ན་རབ། དམག་དྲང་བ་དང་། མཚོན་ཆ་འཕེན་པ་རྨི་བ་འབྲིང་། ཐ་མ་གྲངས་བསྙེན་འབུམ་ཕྲག་གཅིག་བཟླའོ། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོས། །བྱང་ཆུབ་མཆོག་ཏུ། དུས་གསུམ་རྒྱལ་བའི། །རིག་འཛིན་བདག་ཅག །གནོད་ཅིང་གདུག་པའི། །བདུད་དང་བར་དུ། །དངོས་གྲུབ་འཕྲོག་ཅིང་། ཁྲོ་བོ་ཆེན་པོའི། །ཡུད་ཙམ་གྱིས་ནི། །མངོན་སྤྱོད་ཚུལ་བཞིན། ལུས་ངག་རྡུལ་དུ། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཅེས་པས་འཛབ་མཇུག་བསྡུའོ། །གསུམ་པ་གསད་པའམ་སྒྲུབ་པ་ཆེན་པོ་ནི། ངན་སྔགས་ཉེ་བར་བསྙེན་པ་གཞུང་བསྲངས་ལ་དེའི་ཁོང་ཁྲར་ག་ཏོང་བ་ཕལ་གྱིས་མི་རིགས་པའི་མན་ངག་ཡིན་ཏེ། གབ་སྔགས་མིང་རུས་ཐབས་སྔགས་ཆེན། །ངན་སྔགས་འདུས་པས་སྒྲུབ་ཆེན་པོ། གསད་པར་བྱ་བའི་རིམ་པ་ཡིན། །ཞེས་པས་ཐུན་གྱི་སྒྲུབ་པ་རྫོགས་རྗེས་ལྷ་དང་དབྲལ་བ་ནས་སྨྱོ་རུ་གཞུག་པའི་བར་ངན་སྔགས་ཉེ་བར་བསྙེན་པ་བཞིན་ལ། ཕུར་གདབ་དང་གསད་གྲིས་གཏུབ། །རྗེས་སུ་ཐུན་གྱིས་གསད་པའི་སྔགས་ཁོང་ཁྲར་བཏང་སྟེ། །
(༤༤༢)གསོད་པ་ཐུན་གྱིད་མོང་མོ་ཡིན། །གབ་སྔགས་ཐབས་དང་ཤེས་རབ་དང་། །ཐུན་དང་ངན་སྔགས་ཁོང་ཁྲར་བཏང་། །ཞེས་པས་གསལ་ལོ། །དེ་ཡང་སྔགས་ཀྱི་མཚོན་ཆ་ནི་ཐུན་གྱི་ལས་ཡིན་པས་ན། །གབ་སྔགས་ཐེམ་པར་བཅས་པ་ལ། །མཱ་ར་ཡ་བཅུག་བཟླས་པ་བྱ། །ལྕགས་ཀྱི་འཁོར་ལོ་རབ་བསྐོར་བས། །དགྲ་བའི་སྲོག་ལྕ་གཅད་པར་བསམ། །ཞེས་པས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཧཱུྃ་བཾ་ཧོཀ་ཏཾ་ཀ་ཡེ་མ་མ་པ་ཤི་ཀུ་རུ་མ་ཏཾ་ཉ་ཛ་ཡེ་བཻ་ཛ་ཡེ་ཀ་ར་ཨི་ནན། ཨ་ཙི་ཏེ་ཨ་པ་ར་ཙི་ཏེ་དྷ་ཏིམ་མ་ཀརྨ་མར་སཻྱན་པྲ་མ་རྟ་ན་ཡེ། ཤཱི་ཀྲཾ་ཀར་ཆེ་གེ་མོ་མཱ་ར་ཡ་སརྦ་བིག་ནན་བཾ་ཧཱུྃ་ཕཊ། དམིགས་པ་ནི། ལྷ་རྣམས་དྲག་པོར་ངེས་བསམས་ལ། །ཡང་སྤྲུལ་སུམ་སྤྲུལ་མང་པོ་ཡིས། །ཤེས་པ་ལིངྒ་ལ་ཞགས་བསད། བར་བར་ཐལ་མོད་མོད་པ་བྱ། །ཞེས་དང་། བར་དུ་ཐུན་རྣམས་བྲབ་པས་ཀྱང་། །ཐོད་ཆེན་ནང་དུ་ངེས་པ་སྟེ། །ལས་ཀྱི་ཐུན་དྲུག་སྔགས་ཀྱིས་བཏབ། །དམ་ཅན་མང་པོས་གསད་པར་བསམ། །གཏད་ཅིང་སྟོབས་ཅིང་ཟ་བར་བརྟག །ཅེས་སོ། །དེ་ལྟར་ན་ངན་སྔགས་ཉེ་བར་བསྙེན་པའི་དུས་ན་ཕུང་པོ་མཐར་བྱེད་ཐུན་གྱི་ལས་ཡོད་ན་འདིའི་དགོས་པ་ཅི་ཡིན་སྙམ་ན། འདི་ནི་དམ་ཅན་ཉེ་བར་བསྙེན་པ་དང་འབྲེལ་པའི་གསད་པ་ཐུན་མོང་མ་ཡིན་པ་ཁོང་ཁྲར་སྡེབ་པའི་ཚུལ། ལས་ཀྱི་ཐུན་སྔགས་གསད་པ་དང་། རྟགས་འབྱིན་ལྷག་པ་ལྷ་ཡིད་མོད། །སྲོག་གི་ཆད་པ་།ཐུན་གྱི་སྔགས། །སྔགས་དྲུག་ཕྱིན་ཡོད་བྱ་བའི་ཕྱིར། །ཁོང་ཁྲར་བཏང་བས་ལས་མྱུར་བཤད། །ཅེས་པའི་མན་ངག་ཡིན་ནོ། །དེ་ལྟར་བསྒྲུབ་པའི་ཐུན་གྱི་ལྷག་མ་ཁྲག་སྣ་དང་བསྲེས་ནས་ཟོར་དུ་འཕེན་པའང་། འཕང་བའི་ཐོད་པར་དམ་རྫས་དང་། །ཁྲག་བཅས་གནས་ལ་ཟོར་དུ་འཕང་། །ཞེས་དང་། ཝ་ཐོད་ནང་དུ་བསེ་བྱང་ནི། །དམར་པོ་བཅུག་ལ་ཕུར་པས་མནན། །ཁྱི་ཐོད་ཁ་ལ་མེ་འབར་ཏེ། །རྫས་རྣམས་སྦྱིན་བྲེག་བྱ་བ་ཡང་། །ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །སྤྱང་ཐོད་ཁ་ལ་ལིངྒ་དང་། །གཏོར་མ་ལྷ་
(༤༤༣)ལ་བསྟབ་པ་བྱ། །མནན་པ་ལུང་གསུམ་མདོ་རུ་ངེས། །དེ་ལྟར་རབ་ཏུ་བྱས་པ་ཡིས། །རྡོ་རྗེའི་བྲག་ཀྱང་འཇིག་གྱུར་ན། །གཟུགས་ཅན་རྣམས་ལ་སྨོས་ཅི་དགོས། །ཞེས་དམ་ཅན་སྤྱི་དྲིལ་གྱི་སྒྲུབ་ཐབས་ལས་བཤད་དོ། །སྤྱིར། །གཤིན་རྗེ་གྲུབ་ནས་འཁོར་ལོ་བསྐོར། །མ་མོ་གྲུབ་ནས་ཟོར་ཐུན་འཕང་། །རྒྱལ་བོ་གྲུབ་ནས་གནན་པ་བྱ། །ཕུར་པ་གྲུབ་ནས་གདབ་ལས་བྱ། །ཟེར་ཡང་། དེའི་དོན་བསྟན་པ་དང་སེམས་ཅན་བསྲུང་བའི་དོན་དུ་ཉམས་པ་བདུན་ལ་དམིགས་པ་ལས་གཞན་དུ་མ་གནང་བའི་ཚུལ་དཔྱང་ཐག་ཆད་པ་།ཐུགས་རྗེ་ཡིས། །གཟུང་ན་ངེས་པར་བསྟན་པ་ཡིན། །ཉམས་པ་བདུན་ལས་གཞན་དུ་མིན། །ཞེས་གསུངས་ན་རང་དགར་ལས་སྦྱོར་དང་མཐུན་གཏད་ལ་དགའ་བ་ནི་རང་རྒྱུད་ཀྱི་སྡོམ་པ་འཇིག་ཅིང་བསོད་ནམས་ཉམས་པའི་རྒྱུར་འགྱུར་བས་ཐོག་མར་འབྲས་བུ་ལ་བར་དུ་གཅོད་པའི་རྒྱུའི་རཱུ་ཏྲ་ཚར་བཅད་ནས། གདོད་མའི་ལམ་གྱི་རཱུ་ཏྲ་ཚར་གཅོད་པའི་ཐབས་ལ་མཁས་པ་དགོས་ཏེ། རྒྱུ་ཡི་རཱུ་ཏྲས་འབྲས་བུ་དང་། །ལམ་གྱི་རཱུ་ཏྲས་བདག་ཉིད་ཕུང་། དུག་ལྔའི་ངེས་པ་རབ་ཤེས་བྱ། །ལས་ཀྱི་རཱུ་ཏྲ་བརྣག་པ་ནི། །སྐྱེ་བོ་ཉམས་པ་ཅན་དེ་སྤྱིར། །ཞེས་སོ། །ཐབས་ལ་མཁས་པའི་རྒྱུ་ཡི་གཙོ་བོ་ཡང་། །གཞི་ནི་སྙིང་རྗེས་བཟུང་བ་དང་། །རྩ་བ་བྱང་སེམས་རྟོགས་པ་དང་། །ཐག་ནི་ལྟབས་བཅད་པ་དང་། །ལ་ནི་སྤྱོད་པས་དོ་རབ་དང་། །དབང་ནི་དམ་ཚིག་སྒྲོལ་བས་ཏེ། །ངོ་བོ་ངེས་ཚིག་དབྱེ་ཤེས་ན། །གང་བྱས་སངས་རྒྱས་འགྲུབ་པར་ངེས། །ཞེས་སོ། །དེ་བས་ན་ཕུར་པའི་ངོ་བོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཡིན་པས་དེ་མངོན་དུ་བྱེད་པའི་ཐབས་སྟོད་ལས་བྱང་ཆུབ་བསྒྲུབ་པའི་ལམ་ཡིན་ན་ལྷ་བསྙེན་ཐེམ་ཚད་ཀྱིས་སླད་ལས་ངེས་པར་བསྒྲུབ་མི་དགོས་ཀྱང་། བྱང་ཆུབ་བསྒྲུབ་པའི་ལམ་གྱི་བར་གཅོད་ཞི་བ་ལ་དམིགས་ནས་དམ་ཅན་ཉེ་བར་བསྙེན་པར་འདོད་ན་བྲུབ་ཁུང་ལ་སོགས་པའི་བཅས་རྣམས་རེ་རེ་ལ། གཏོར་མ་དང་མཐུན་རྫས་ལ་བརྟེན་ནས་བཞི་སྙིང་དྲིལ་བའི་བཟླས་པ་བདུན་ཕྲག་ལ་སོགས་པའི་མཐར་ཚོགས་ཐ་མ་དང་འབྲེལ་བར་ཟན་ལིང་ལ་གདབ་ཁ་དྲུག་གི་ལས་ཐུན་མོང་བ་བཏབ་པ་དང་བཅས་པས་དོན་འགྲུབ་སྟེ། །བལ་མོ་ལ་སོགས་རྟགས་བྱུང་ནས། དངོས་གྲུབ་བླངས་པ་ནུས་པ་ཐོབ། ཅེས་གསུངས་པས་སོ། དགེའོ།། །།
(༤༤༤)ཞ །ལྷ་དབྱེའི་བསྐུལ་བ་བཞུགས། །ཉེ་འབྱེད་རླུང་གི་ཕྲ་མ་མཁན། །རླུང་ལྷའི་བུ་ལ་སྲིན་པོའི་ཚེ། །པ་ནི་རླུང་ལྷ་ཝ་སྐྱེས་ཡིན། །མ་ནི་སྲིན་མོ་ཁ་འབར་མ། །གཉིས་མེད་པུ་གཅིག་བྱུང་བ་ནི། །ཉེ་འབྱེད་ཆེན་མོ་ཕྲ་མ་མཁན། །སྐུ་མདོག་དུང་ཁ་ཆེན་མོ་ལ། །འཇིགས་པའི་ཁྲོ་གཉེར་མང་པོས་བརྒྱན། །གཡས་ཀྱི་དང་པོ་བྱ་རོག་གོང་རུ་བསྣམས། །ཉམས་པ་སྤྱན་གྱིས་གཟིགས་བར་བྱེད། །གཡོན་གྱི་དང་པོ་འུག་རུ་བསྣམས། །མི་འཆོར་རྟོག་པ་རབ་ཏུ་གསལ། །གཡས་འོག་ལྕགས་ཀྱུ་སྟྭ་རེ་བསྣམས། །ཉམས་པ་མགོ་ལུས་འབྲལ་བའི་རྟགས། །གཡོན་གྱི་འོག་མ་རླུང་གི་རྐྱལ་པ་བསྣམས། །ཉམས་པ་རླུང་ལ་བསྐུར་བའི་རྟགས། །ཁྱོད་ཀྱི་ཕྲག་པ་གཡས་པ་ན། །ལྕགས་ཀྱི་བྱ་ཁྲ་གཡུ་མིག་ཅན། །སྣང་སྲིད་མི་མཐོང་གཅིག་ཀྱང་མེད། །དམ་ཉམས་ཕྲག་པ་གཡས་ཀྱི་པོ་ལྷ་ཕྲོལ། །ཁྱོད་ཀྱི་ཕྲག་པ་གཡོན་པ་ན། །ཟངས་ཀྱི་བྱ་ཁྲག་སེར་མིག་ཅན། །སྲིད་པ་གསུམ་ཡང་དུས་གཅིག་གཟིགས། །ཕྲག་པ་གཡོན་གྱི་མོ་ལྷ་ཕྲོལ། །ཁྱོད་གྱི་སྤྱི་བོའི་གཙུག་ཏུ་ནི། །ཤེལ་གྱི་བྱ་ཁྱུང་གཡུ་མིག་ཅན། །དགེ་སྡིག་གཉིས་ཀྱི་ལས་ཀྱང་གཟིགས། །ཁྱོད་ཀྱི་རྒྱབ་ཀྱི་སོག་པ་ལ། སྟག་དང་སྤྱང་ཀི་རྔམ་ཞིང་རྒྱུག །ཉམས་པ་ཟས་སུ་ཟ་བར་བྱེད། །ཉམས་པའི་རྒྱབ་ཀྱི་དགྲ་ལྷ་ཕྲོལ། །ཁྱོད་ཀྱི་མདུན་གྱི་ལྷེན་སྣ་ལ། །སེང་གེ་དཀར་མོ་འགྱིང་ཞིང་འཕྱོ། །སྣང་སྲིད་དབང་དུ་སྡུད་པར་བྱེད། །དམ་ཉམས་མདུན་གྱི་སྲོག་ལྷ་ཕྲོལ། །ཁྱོད་ནི་སྟོང་གསུམ་ཕྲ་མ་མཁན། །རླུང་ལྷའི་བུ་ལ་སྲིན་པོའི་ཚ། །
(༤༤༥)མཆུ་ནི་ལྕགས་ཀྱི་གཟོང་བས་རྣོ། །དམ་ཉམས་མི་དང་ལྷའི་བར་དུ་དབྱེ་ན་ཆུག་ཅིག །ཁྱོད་ཀྱིས་མི་བྱེད་གང་ཡང་མེད། །ལྷ་དང་ལྷ་མིན་གཡུལ་འབྱེད་ཅིང་། །འབྱེད་པར་ཁྱོད་ཀྱིས་ནུས་པར་བྱེད། །ཚེ་གསུམ་དྲན་བྱེད་ཕོ་རོག་མ། །ཁྱོད་ཀྱིས་མི་དྲན་ཅི་ཡང་མེད། །བསྟན་པ་གཉན་ལ་གནོད་པ་ཡི། །དམ་ཉམས་བསྒྲལ་བའི་ཞིང་བཅུ་འདི། །འགོ་བར་བྱེད་པའི་ལྷ་དང་ཕྲོལ། །སྡང་བར་བྱེད་པའི་གཉེན་དང་ཕྲོལ། །ཧུ་ལུ་མུན་མཐོང་འུག་པ་མ། །ཁྱོད་ཀྱིས་མི་མཐོང་གང་ཡང་མེད། །བསྟན་པ་གཉན་ལ་གནོད་བྱེད་པའི། །དམ་ཉམས་བསྒྲལ་བའི་ཞིང་བཅུ་འདི། །ཁྱོད་ཀྱིས་བསྒྲལ་བའི་ཕྲིན་ལས་མཛོད།། མངྒ་ལཾ།།
(༤༤༦)བཅོམ་ལྡན་འདས་རྡོ་རྗེ་ཕུར་པ་རྒྱུད་ལུགས་ཀྱི་སྨད་ལས་དམ་ཅན་ཉེ་བར་བསྙེན་པའི་མན་ངག་མ་མོ་མཁའ་འགྲོའི་ཞལ་ལུང་ཞེས་བྱ་བ་གསང་བའི་རྒྱ་ཅན་བཞུགས། །
(༤༤༧)བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །སྤྱི་དོན་གཉིས་པ་སྨད་ལས་དགྲ་བགེགས་སྒྲོལ་པའི་ས་བཅད་ལ་དམ་ཅན་ཉེ་བར་བསྙེན་པ་དང་། ངན་སྔགས་ཉེ་བར་བསེན་པའོ། །དང་པོ་ནི་རྣལ་འབྱོར་ཆེན་པོའི་རྒྱུད་ལས། ཡལ་ག་མེད་པའི་བྷན་དྷ་ནི། །ཐོད་པ་རབ་ཏུ་ལེགས་པ་ལ། །ཡུགས་ས་མོ་ཡི་མངལ་ཁྲག་གིས། །གྲུ་གསུམ་མི་འོད་འབར་བ་ལ། །ཕྲིན་ལས་བཞི་ཡི་དབྱིབས་བྱའོ། །དེ་ལ་དགྲ་བགེགས་མིང་བྱང་གཞུག །བསྙེན་པ་རིལ་རབས་ཆད་པའི་ཕུར་པས་གཟིར་ལ་བཞག །གཏོར་མ་སྨན་དང་རཀྟར་བཅས། །ཞེས་པས་རྩ་བའི་དཀྱིལ་འཁོར་ལས་ཆེས་དམའ་བའི་ལྷོ་ནུབ་མཚམས་སུ་སྲུང་མའི་སྟེགས་བུ་གྲུ་གསུམ་ནག་པོའི་ལྟོ་བའང་གྲུ་གསུམ་དུ་བྲུས་པའི་ཐོད་པ་ལ། རེ་ཁཱ་གྲུ་གསུམ་མཐིང་ནག་ཟླ་གམ་
(༤༤༨)དམར་པོ། །གྲུ་ཆད་ལྗང་གུ། །སྒོ་རྣམས་དུར་ཁྲོད་མི་རོས་སྤུངས་པའི་མཐའ་ལྕགས་རི་ནག་པོ་མེ་རི་དང་བཅས་བྲིས་པའམ། ཡང་ན་སྒོ་སྣམ་སྤངས་པའི་ནང་དུ་གདབ་པ་དྲུག་གི་ལས་དང་འབྲེལ་ན་སྔ་མ་ལས། ཁྲག་དང་དུག་དང་སྣ་ཚོགས་བྱུག །དྲི་མ་དག་ལས་ཡིངྒ་ནི། །ཐོད་པའི་ནང་དུ་བསྐྱེད་པར་བྱ། །ལྕགས་སྣ་ལྔ་ཚང་སྲས་མཆོག་གཅིག །སྔགས་བྲིས་དབང་བསྐུར་བྱིན་རླབས་གཟུག །ཅེས་པས་རྫས་ཀྱི་བཅའ་གཅན་བཞག་ཅིང་དམ་ཅན་ཉེ་བསྙེན་ཙམ་ལ་ཟན་ལིང་ལ་ཕུར་པ་གཟུག །མཐའ་སྐོར་དུ་སྨན་རག་གཏོར་གསུམ། མདའ་དར་དང་དར་ནག །སྦ་འཁར་ཚིགས་གསུམ་ལ་བསེ་བྱང་དཀར་ནག་སྐུ་དང་སྙིང་པོས་མཚན་པ་དང་། དྲེའུ་ནག་པོ་དང་། ལུག་དཀར་ནག་གི་ཐོད་པ། རི་བོང་དང་། བོང་བུ་དང་། བྱ་ལུག་གི་སྙིང་།
(༤༤༩)ཁྲག་ཞྭག །མི་རྟ་མྱུར་དུ་བསད་པའི་ཁྲག་དང་། འོ་མ་དང་། མར་གྱི་མཚོལ་སོགས་པའི་མཐུན་རྫས་ཀྱང་བཤམ། ལྷ་བསྙེན་གཞུང་བསྲང་བ་ནས་བཟླས་པའི་བར་རྫོགས་པར་བྱས་རྗེས། གཞན་ཡང་ཐོད་པའི་གཞལ་ཡས་སུ། །སྲས་བཅས་དམ་ཅན་བཅས་པ་བསྐྱེད། །ཅེས་པས། བསྙེན་ཕུར་ནི་མཚན་མ་རྫས་ཀྱི་ཕུར་པ་དཀྱིལ་འཁོར་ཡོངས་རྫོགས་ཀྱི་བདག་ཉིད་དྲེགས་པ་དབང་དུ་སྡུད་པའི་གཉེན་པོ་ཡིན་པས། ལྕུམ་གཞོགས་ལྡིར་བའི་ནང་དུ་གཞལ་མེད་ཁང་རྫོགས་པ་ལ་གཙོ་བོ་ཡབ་ཡུམ་དང་ལྕུམ་གཞོགས་བརྒྱད་ལ་ཕྱོགས་མཚམས་ཀྱི་ཁྲོ་བོ་ཡབ་ཡུམ་མགོ་བརྙན་དང་བཅས་པ། རྒྱ་མདུད་གོང་འོག་ནང་ཧཱུྃ་དཀར་སྟོབས་ཆེན་ཡབ་ཡུམ། ལོགས་བཞིར་སྒོ་བ་བཞི། དཔལ་གྱི་དམ་ལ་ཕུར་སྲུང་བཅུ་གཉིས། མིང་པོ་ལས་མཁན་དང་བཅས་པ་རྫོགས་པར་བསྐྱེད་ནས་སྤྱན་དྲང་བ་ནི། བྷྱོ། སྟོང་གསུམ་འདི་ན་དྲེགས་པ་ཅན། །སུས་ཀྱང་དམ་ལ་མ་ཆུད་པ། །རྡོ་རྗེ་གཞོན་ནུའི་བཀའ་ལ་སྡོད། །མ་མོ་མཁའ་འགྲོ་ཡོངས་ཀྱི་གཙོ། །དམ་ཅན་མ་མོ་བཅུ་གཉིས་དང་། །རང་རང་རིགས་ཀྱི་མིང་པོ་ནི། ཁམས་གསུམ་སྲོག་ལ་དབང་ཟ་ཞིང་། །གློ་བུར་ཡེ་འདྲོག་བདག་པོ་སྟེ། །སྲིད་པ་སྐོས་འདེབས་རྒྱལ་པོ་དང་། །ཨེ་ཀ་ད་ཊི་བཤོད་པའི་སྲས། །ཤྭ་ན་སྤྱན་གཅིག་མཆེད་བཞི་དང་། །མིང་པོ་ཤེལ་གིང་དཀར་པོར་བཅས། །རི་རྒྱལ་ལྷུན་པོའི་སྟེང་ཤེད་ན། །དུག་མཚོ་མེར་བའི་ནང་ཤེད་ན། །དུང་མཁར་དཀར་པོའི་ནང་ནས་
(༤༥༠)གཤེགས། །བདུད་ནག་ཡབ་ཡུམ་རོལ་པའི་སྲས། །ལངྒ་མགྲིན་བཅུའི་ཆུང་མའི་ཚུལ། །ནག་མོ་རེ་ཏི་མཆེད་བཞི་དང་། །མིང་པོ་མ་ཧཱ་ཀཱ་ལར་བཅས། །རི་རབ་ཆེན་པོའི་བྱང་ཤར་མཚམས། །མུ་ལེ་མཐིང་གི་མཚོ་ནང་གི །ལྕགས་མཁར་ནག་པོའི་ནང་ནས་གཤེགས། །གནོད་སྦྱིན་ཟངས་མདོག་རྒྱལ་པོ་དང་། ཡུམ་གཅིག་ཟངས་མགྲིན་ལྡེམ་པའི་སྲས། །བསེ་ཡི་ལྷ་མོ་མཆེད་བཞི་དང་། །མིང་པོ་བསེ་ཡི་སྐྱེས་བུར་བཅས། །རི་རབ་ཆེན་པོའི་ལྷོ་ནུབ་མཚམས། །བསེ་མཚོ་མེར་བའི་དབུས་ཤེད་ན། །བསེ་མཁར་སྨུག་པོའི་ནང་ནས་གཤེགས། །རེ་ཏི་ནག་ལ་བསེ་མོ་དམར། །ཤྭ་ན་དཀར་ལྡེམ་མིང་པོ་སེར། །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་ལ། །ལེགས་ཉེས་སྟངས་འཛིན་བདག་པོ་སྟེ། །ལྕགས་ཀྱུས་འགུགས་ཤིང་ཕུར་བུས་སྒྲོལ། །བཞོན་པ་ཅན་དང་རྐྱང་པའི་ཚུལ། །རྣམ་འགྱུར་མ་ངེས་ཅིར་ཡང་སྟོན། །མ་མོ་བདུན་དང་སྲིང་མོ་བཞི། །དྲེགས་པ་ཆེན་པོ་དྲུག་ལ་སོགས། །སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ། །ཁྱེད་རྣམས་སྲོག་སྙིང་ང་ལ་ཡོད། །སྔོན་ཚེ་དཔལ་ཆེན་ཁྲག་འཐུང་གིས། །ཇི་ལྟར་དམ་ལ་བཞག་པ་བཞིན། །སངས་རྒྱས་བསྟན་པ་བསྲུང་བ་དང་། དཀོན་མཆོག་དབུ་འཕང་བསྟོད་པ་དང་། །ཉམས་པ་བདུན་པོ་བསྒྲལ་བའི་ཕྱིར། །དམ་ཅན་མ་གཡེལ་དམ་ལ་འདུས། །གང་ལ་དམིགས་པ་ཁྱོད་ཀྱིས་ཤེས། །རླུང་ལས་མྱུར་བའི་སྟབས་ཀྱིས་གཤེགས། ཨོཾ་བཛྲ་ཀྲོ་དྷ་ཙིཏྟ་མ་ཧཱ་
(༤༥༡)ལི་ཤུར་ཤུར། །ཁྱིར་ཁྱིར། གྷ་དྷ་ར་ནི། ཤུ་ལ་ཙི་པཱར་ཤུ་པར་ནི། ཡོ་ག་ཤུདྡྷ་ཙིདྡྷ་མ་ར་ལི། ཀྲོ་དྷ་ཡོ་གཱི་ནི་བཛྲ། ཛཱ་ལན་དྷ་ར་ནི། ཤཥ་ཎི་ཛ་ཛ དམ་བཞག་ནི། བྷྱོ། བམ་རིལ་ཐོད་པའི་གཞལ་ཡས་ནང་། །མཐུན་རྫས་སྤྱན་གཟིགས་ཚང་ཞིང་མཛེས། །དམ་ཅན་བཞུགས་ཤིང་ཆགས་པའི་གནས། །དམ་ཚིག་ཉིད་ལས་གཞན་མ་ཡིན། །ཐམས་ཅད་དམ་ཚིག་ཆོས་ཤེས་ན། །ཡེ་ཤེས་ལྷ་དང་མཉམ་པར་འགྱུར། །ས་མ་ཡ་མཱ་མ་ཏཾ་ན་རཀྐན། ཞེས་བདུད་རྩི་བླུད་ལ་དམ་བསྲེ་བྱ། །དེ་ནས་གཏོར་མ་འབུལ་བ་ནི། ཨོཾ་ཨཱཧཱུྃ་གིས་བརླབས་ལ། དམར་གྱི་གཏོར་མཆེན་པོ་རང་རང་འདོད་པའི་ལོངས་སྤྱོད་ཀྱི་སྤྲིན་དུ་འཆར་བ་འདི་ཉིད་བསྔོ་བའི་གནས་སུ་གྱུར་པ་ནི་བཅོམ་ལྡན་འདས་རྡོ་རྗེ་ཕུར་པའི་བཀའ་སྟོད་དམ་ཅན་མ་མོ་བཅུ་གཉིས་མིང་པོ་སྤྲུལ་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། ལྕགས་ཀྱི་སྤྱང་མོ་དང་ལྕགས་ཀྱི་ཁྱི་མོ་ལ་ཞོན་པའི་ཤྭ་ན་མ་གཉིས། གསེར་གྱི་འཕར་བ་དང་། ཟངས་ཀྱི་ཝ་མོ་ལ་ཞོན་པའི་སྲི་ལ་མ་གཉིས་ཏེ་མུ་ཁ་ཆེན་མོ་མཆེད་བཞིའི་ཞལ་དུ་འབུལ་ལོ། །ཛྭ་ལ་ཛྭ་ལ་བཛྲ་མ་མ་མུཀྟ་ལ་ཡེ་ཛ་ཡ་དུ་མན་དྷི་ཤྭ་རི་ནཱི་ལ་བུ་ཙི་ཧཱུྃ་བྷྱོ་ཧཱུྃ་ཨི་དམ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཕྱི་ནམ་ཟླ་དུས་བཞི་ལ་དབང་བྱེད་པའི་བདག་ཉིད་ཆེན་མོ་བཞིའི་ཞལ་དུ་འབུལ་ལོ། །མ་ཐ་མ་ཐ་བཛྲ། ཏྲ་ག་རཀྴ་ནག་མོ་ཧེ་དུན་བྷྱོ། ཨི་དམ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། །བསེ་མོ་ཉིས་བརྒྱ་ལྔ་བཅུའི་
(༤༥༢)དབང་མོས་བདག་མ་བཞིའི་ཞལ་དུ་འབུལ་ལོ། ཀ་ཏཾ་ཀ་ཏེ་ཛ་ཡེ་བི་ཛ་ཡེ་ཨ་ཛི་ཏེ་ཨ་པ་ར་ཙི་ཏུ་སུ་ཀི་བྷ་ཡ་བྷ་ར་ཙིཏྟཾ་ཡོ་གཱི་ཤྭ་རི་ཡ་ཙིཏྟ་ཧཱུྃ་ཕཊ་ཨི་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དཔལ་ལྡན་མགོན་པོ་ཆེན་པོའི་ཞལ་དུ་འབུལ་ལོ། །ཀཱ་ལ་མ་ཏྲཾ་མ་ཧཱ་ཀཱ་ལར་ཏི་ཡི་ཀཱ་ལ་རཱུ་པ་ཧཱུྃ་ཕཊ། ཨི་དམ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བསེའི་སྐྱེས་བུའི་ཞལ་དུ་འབུལ་ལོ། །མཱ་ར་སྱཻ་ནི་ར་ཤ་ནི་ར་ཤ་བྷི་ཀུན་ལན་ཤུ་ལན་ཧཱུྃ་ཕཊ། ཨི་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། རྒྱལ་པོ་ཤེལ་གིང་གི་ཞལ་དུ་འབུལ་ལོ། །ཀཱ་ར་མ་ཀཱ་ར་ཡ། ཙི་ཏྲ་པ་ལ་ཏྲི་ལ་ཐུན་ཨི་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་བདུན་སྲིང་བཞིའི་ཞལ་དུ་འབུལ་ལོ། །ཧཱུྃ་མམ་བ་ཤི་ཀུ་རུ་མ་ཏང་ཉ་ཀ་ར་ཨི་ནན། ཨི་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དྲེགས་པ་སྡེ་དྲུག་གི་ཞལ་དུ་འབུལ་ལོ། དྷ་དྷི་མ་མ་ཤཱི་ཀྲཾ་ཀརྨ་ཀདྱེ་ཡ། པྲ་མ་རྟ་ནི་ཧཱུྃ་ཕཊ། ཨི་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཞེས་ནས་སངས་རྒྱས་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། རྣལ་འབྱོར་པའི་གྲོགས་དན་མཛོད། ཕྲིན་ལས་རྣམ་པ་བཞི་སྒྲུབས། འཇིག་རྟེན་གྱི་རྒུད་པ་སོལ། དམག་འཁྲུག་དང་ནད་དལ་ཟློག །ཁྱད་པར་དུ་ཡང་བལ་ཡུལ་ཡང་ལེ་ཤོད་དུ་རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ཀྱིས་བཀའ་དང་དམ་ལ་བཞག །རྡོ་རྗེ་ཕུར་པའི་སྲུང་མར་དབང་བསྐུར། སྲོག་སྙིང་མདོངས་གསོལ་དུ་ཕུལ་ནས་ཇི་ལྟར་ཁས་བླངས་པའི་དམ་ཚིག་གཉན་པོ་དྲན་པར་མཛོད།
(༤༥༣)རྡོ་རྗེ་ཐེག་པའི་བསྟན་པ་དང་དེ་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ལ་ལོག་པར་པ་ལྟ་ཞིང་ཉམས་པ་བདུན་དང་བཅས་པའི་དགྲ་བགེགས་རྣམས་ལྟས་དང་ཆོ་འཕྲུལ་སྣ་ཚོགས་པས་སྦ་བཀོད་ལ། དྲག་ཤུལ་གྱི་ལས་ལ་མངོན་དུ་སྤྱོད་པས་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་མཛོད་ཅིག །ཅེས་དམ་ཚིག་བསྒྲགས་ཤིང་ཕྲིན་ལས་བཅོལ་བ་ནི། བྷྱོ། རྒྱ་བལ་གཉིས་ཀྱི་མཚམས་ཤེད་ན། དགུན་ཡང་མེ་ཏོག་པདྨ་སྐྱེ། །ཆུ་ཡད་བྱང་ཆུབ་བདུད་རྩིའི་ཆུ། །ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ། །ཕུར་པ་གྲུབ་པའི་རིག་འཛིན་གྱིས། བཀའ་དང་དམ་ལས་བཞག་པ་ནི། །དམ་ཅན་ལྷ་མོ་བཅུ་གཉིས་ཏེ། །དངོས་གཅིག་ལ་ཡང་མཚན་སྟོང་མ། །འཇིག་རྟེན་འདས་ཀྱང་འཁོར་བ་ན། །ཤྭ་ན་མུ་ཁ་མཆེད་བཞིར་སྟོན། ལྕགས་ཀྱི་སྤྱང་མོ་མགོ་དགུ་དང་། །ལྕགས་ཀྱི་ཁྱི་མོ་མཚལ་མིག་ཅན། །ཟངས་ཀྱི་ཝ་མོ་རྐང་གསུམ་དང་། །གསེར་གྱི་འཕར་བ་ལྕེ་བརྒྱད་སྟེང་། །མི་མོའི་ལུས་ལ་ཕྲ་མེན་གདོང་། །སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ། །འདས་དང་མ་འདས་མཚམས་ཤེད་ནས། །བདག་ཉིད་ཆེན་མོ་མཆེད་བཞིར་སྟོན། །རེ་མ་ཏི་དང་རེ་མ་དུ། །རེ་མ་ཛ་དང་རེ་མ་ཛུ། །ཁྱུང་དྲེལ་ཤ་བ་ཆུ་གླང་ཞོན། །བར་སྣང་ཀུན་ལ་དབང་བསྒྱུར་ནས། །ནམ་ཟླ་དུས་བཞིའི་བདག་པོ་མཛད། །རང་རྒྱུད་ཅན་དུ་སྟོན་པ་ནི། །ས་བདག་བསོ་ཡི་ལྷ་མོ་སྟེ། །ཚ་བ་རོང་ན་བཞུགས་པའི་ཚེ། །དེ་བྱིན་གཟའ་
(༤༥༤)ཡི་བུ་སོ་སེར། ཞག་གི་མཚོ་ལ་མངའ་དབང་མཛད། ཆིབས་ནི་གཟའ་རྟ་ཞུར་པོ་ཆིབས། །ཤུ་ལན་དྷ་རི་སྲོག་གི་སྙིང་། །མང་ཡུལ་སོ་ན་བཞུགས་པ་ནི། །རཀྟའི་མཚོ་ལ་མངའ་དབང་མཛད། །བསེ་བྱིན་བཙན་གྱི་བུ་མོ་དམར། །ཆིབས་སུ་བཙན་རྟ་དམར་པོ་ཆིབས། །ཙ་མུན་ད་རི་སྲོག་གི་སྙིང་། །སྙེན་མ་ཡུལ་ན་བཞུགས་པ་ནི། །ཕག་བྱིན་ཀླུ་ཡི་བུ་མོ་ལྗང་། །ཆིབས་སུ་ཀླུ་རྟ་ལྗང་བུ་ཆིབས། །ཀི་ཀང་ད་རི་སྲོག་གི་སྙིང། །བལ་ཡུལ་མཐིལ་ན་བཞུགས་པ་ནི། །ཡ་བྱིན་བདུད་ཀྱི་བུ་མོ་མཐིང་། །མར་ཁུའི་མཚོ་ལ་མངའ་དབང་མཛད། །ཆིབས་སུ་བདུད་རྟ་མཐིད་ནག་ཆིབས། །ཀུ་མ་ད་རི་སྲོག་གི་སྙིང་། །ཀུན་ཀྱང་རང་མདོག་བེར་ཆེན་གསོལ། །རལ་པ་ཕུར་པའི་ལན་ཚར་ཅན། །མིང་པོའི་ཚོགས་ལ་ཕྱག་འཚལ་བསྟོད། །ཕྲིན་བཅོད་ནི་རྒྱུད་ལས། བྲན་དང་ཕོ་ཉ་བཀའ་ཉན་ཚོགས། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །ང་ཡི་སྤྱན་སྔར་ཁས་བླངས་བཞིན། །ཕྱིར་པས་རྣལ་འབྱོར་ཕྲིན་ལས་ཀྱི། །བསྟན་པར་དགྲ་འདྲེ་བྱུང་བའི་ཚེ། །ཤྭ་ན་མུ་ཁའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །དྲེགས་པ་མང་པོའི་དུས་ལ་བབ། །ཁྱེད་ཀྱི་མཐུ་རྩལ་རབ་ཏུ་དབྱུང་། །སངས་རྒྱས་བསྟན་པ་བཤིག་པ་དང་། །དཀོན་ཅོག་སྐུ་དགྲ་དཔེན་རྩ་འཇོམས། །ཆོས་ཁྲིམས་འདྲལ་དང་སློབ་དཔོན་དགྲ། །རྣལ་འབྱོར་འཇོམས་ལ་སོགས་པ། །གསད་དང་དབབ་དང་ནད་ངན་གྱིས། །ཇི་ནས་བརླག་པར་ཁྱེད་ཀྱི་གྱིས། །དེ་ནས་བཞི་སྙིང་གཅིག་ཏུ་དྲིལ་བའི་བཟླས་པ་ནི་མི་མཐུན་པ་མང་དུ་སྣང་ཡང་རྣལ་འབྱོར་ཆེན་པོའི་ལེའུ་དགུ་
(༤༥༥)པ་ལས། བཟླས་པ་དཔའ་བོ་གཅིག་པའི་སྔགས། །དང་པོ་བཅོམ་ལྡན་ཕུར་པའི་རྫས། །ཐམས་ཅད་འདུས་དང་རི་རབ་དང་། །མནན་པ་ཁྲོ་བོ་འདུས་པ་དང་། །གོང་བཞིན་དམ་ཅན་འདུས་པ་དང་། །ཐབས་དང་ཤེས་རབ་གིང་མཆོག་དང་། །རྟོག་པ་ལས་ཀྱི་སྔགས་བཅས་པ། །རྣམ་བཞི་ཆང་བ་བཞི་སྙིང་སྟེ། །དཔའ་བོ་གཅིག་ལ་ངལ་བ་མེད་པར་བཟླས། །དོན་ལེའུ་བཅུ་གསུམ་པ་ནས་གསལ་བར་བསྟན་པ་ནི། དང་པོ་བདག་ཉིད་འབྲུ་བདུན་དག །དེ་འོག་ཕྱག་རྒྱ་མནན་ཡིག་གསུམ། །མིང་རུས་ཡི་གེ་གཟས་པར་བཤད། །སློབ་དཔོན་རྣམ་གསུམ་གྱི་དགོངས་པ་དང་འདུམ་འབྲེལ་ལྟར་ཡིན། །ཤྭ་ནའི་ཡི་གེ་བཅུ་དྲུག་དང་། །རེ་མ་ཏི་ཡི་རྩ་སྔགས་དང་། །བསེ་མོའི་སྙིང་པོ་བཅུ་བདུན་དང་། །འཁོར་བརྩེད་གཅོད་ཡི་གེ་དགུ། །ཐམས་ཅད་ཚང་བའི་ཡི་གེ་བདུན། །དྲིལ་ཏེ་རབ་ཏུ་བཟླས་པ་ཡིས། །མདངས་དང་བྲལ་བར་རབ་ཏུ་ངེས། ཞེས་སོ། ཨོཾ་བཛྲ་ཀཱི་ལི་ཀཱི་ལི་ཡ་ཛྭ་ལ་ནི་ཛཧཱུྃ་བཾ་ཧོས་སུ་རུ་སུ་རུ། མུ་རུ་མུ་རུ། ཛྭ་ལ་ཛྭ་ལ། མ་ཐཱ་མ་ཐཱ། དྷ་ཏི་མ་མ་ཀརྨ་ཨི་དིམ་ཏཾ་ཉ་ཀ་ར་ཛ་ཡེ་བི་ཛ་ཡེ་ཨ་ཙི་ཏི་ཨ་པར་ཙི་ཏེ་ཀ་ཏཾ་ཀ་ཏེ་མར་སྱཻ་ན་པྲ་མ་རྟ་ན་ཡེ་སརྦ་བིགྣཾ་བཾ་ཧཱུྃ་ཕཊ། ཅེས་ཡེ་ཤེས་ཀྱི་ལྷ་དང་སྲུང་མ་ཐམས་ཅད་ཀྱི་སྲེག་སྙིང་འདུས་པའི་དྷ་ཏི་འབྲིང་པོ་སྤུ་གྲི་དང་དབྱེ་བ་ལེགས་པར་ཆོད་པ་འདི་དམིགས་གནད་དང་ལྡན་པར་ཆིག་སྒྲིལ་དུ་བཟླས་པས་སྲོག་ཆགས་མང་ པོ་གསང་བ་དང་། བྱ་སྐད་འཚེར་བ་སོགས་སྤྱིའི་རྟགས་དང་གོས་རྟགས་སུ་གཅན་གཟན་གྱི་ཚོགས་རྨིན་ཤྭ་ན་མ་ཉེ། མོ་བཙུན་དང་ནག་མོ་དང་བྱ་ནག་དྲེའུ་རྟ་སོ་བྱ་ལ་སོགས་བྱུང་ན་བདག་ཉིད་མ་ཉེ། ཨ་ཙ་ར་དང་། མོན་མོ་དང་། བུད་མེད་ནག་མོ་དང་། ཉ་སྤྲུལ་བྱུང་ན་བསེ་མོ་ཉེ། མི་རེངས་དཀར་དམར་དང་། རྟ་པའི་ཚོགས་རྨིན་སྐྱེས་བུ་གིང་ཉེ་བས་ཉེ་བ་ལ་མཐིལ་གཏད། དེ་ནི་ཕྱི་དྷ་ཏི་ལྟར་བསྒྲུབ་པ་སྟེ། གཞན་དུན་རྩ་རྒྱུད་ལས། དྷ་ཉི་འདུས་པ་བསྡུ་ཡིག་གསུམ། ངན་སྔགས་ཡིན་པ་རང་ཡིས་
(༤༥༦)བཤད། ཅེས་པས་ཕྱི་དྷ་ཏི། ནང་འདུས་པ། གསང་བ་བསྡུ་ཡིག་ལྟར་བསྒྲུབ་པའི་ཚུལ་སློབ་དཔོན་རྣམ་གསུམ་གྱི་མན་ངག་ཏུ་ཤེས་པར་བྱའོ། །རྣལ་འབྱོར་ཆེན་པོའི་རྒྱུད་ལས། ལྷ་ལ་བསྟོད་ཅིང་སྲུང་མ་བསྐུལ། །དེ་ནས་བསྙེན་པའི་དུས་སུ་སྟེ། །རྟགས་ཚང་གཉིས་མེད་དངོས་གྲུབ་བླང་། །ཞེས་པས་དམ་ཅན་བོད་བའི་རྟགས་ཚང་ནས་བསྐུལ་བ་ནི་གཏོར་མ་བཟང་པོ་བཤམས་ལ། རྒྱུད་ལས། ཧཱུྃ་དཔལ་གྱི་ཕོ་ཉའི་དུས་ལ་བབ། །སོགས་ནས། བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་བསྐུལ་མཐར་ཚོགས་ཐ་མ་དང་འབྲེལ་བར་ལིངྒ་བསྟབ་པ་བྱ། །ལྷག་མ་བཏང་ལ་དངོས་གྲུབ་ལྷ་ལ་བླང་བའི་ཚུལ་གཞུང་བཞིན་ནམ། ཁྱད་པར་རང་གཞུང་གི་ཚེའི་ཆོ་ག་དང་འབྲེལ་བར་བླང་བ་ཉིད་ཟབ་པོ། སོགས་ནས། བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་བསྐུལ་མཐར་ཚོགས་ཐ་མ་དང་འབྲེལ་བར་ལིངྒ་བསྟབ་པ་བྱ། །ལྷག་མ་བཏང་ལ་དངོས་གྲུབ་ལྷ་ལ་བླང་བའི་ཚུལ་གཞུང་བཞིན་ནམ། ཁྱད་པར་རང་གཞུང་གི་ཚེའི་ཆོ་ག་དང་འབྲེལ་བར་བླང་བ་ཉིད་ཟབ་པོ། གཉིས་པ་ངན་སྔགས་ཉེ་བར་བསྙེན་པ་ནི། རྣལ་འབྱོར་ཆེན་པོ་ལས། དྲག་པོ་གསད་པའི་ལས་བྱ་བ། །ཉི་ནག་མར་གྱི་ངོ་ལ་ནི། །དྲག་པོ་ལས་ཀྱི་རིམ་པ་བྱ། །གདབ་སྔགས་དྲུག་གི་ལས་བྱས་ལ། །དམ་ཅན་སྔགས་དང་བཅས་པ་དང་། བཞི་སྙིང་སྔགས་ལ་མིང་བཏགས་ལ། །བཟླས་ཚད་ཚེ་དང་ཁྲུས་ལུང་གིས། །ཕུར་གདབ་རྡུལ་དུ་བརླག་པར་བྱ། །ཞལ་དུ་བསྟབ་ཅིང་གཏོར་མ་གཏད། །ལས་གསུམ་ངེས་པས་ལས་མཐའ་བརྟུལ། དེ་ལ་རྟགས་མཚན་མེད་པ་ན། །ཡིད་དམ་ནར་མ་གཞུང་དུ་བྱའོ། །ལས་ཀྱི་རིམ་པ་རྫོགས་བྱས་པས། །གད་ལ་དམིགས་པ་གདོན་མི་ཟ། །ཞེས་པས་ཕུར་པ་གྲུབ་ན་གདབ་ལས་བྱ་བའི་དོན་གཞན་དུ་ཤེས་པར་བྱ་ཞིང་། དངོས་གྲུབ་དགྲ་ལས་བླང་བའི་མན་ངག་ཉམས་སུ་བསྟར་རོ། །འདི་ནི་རྒྱུད་ལ་མན་ངག་ལྷན་ཐབས་སུ་བསྣན་པའི་ལུགས་སུ་ཤེས་པར་བྱའོ།། །།མངྒ་ལཾ། །
(༤༥༧)ཕུར་པ་རྒྱུད་ལུགས་ལས། །དམ་ཅན་ལྕམ་དྲལ་གྱི་མཆོད་བསྐུལ་བཞུགས་སོ།།
(༤༥༨)དཔལ་ཆེན་ཧེ་རུ་ཀ་ལ་ན་མོ། འདིར་ཕུར་པའི་དམ་ཅན་མཆོད་པ་ནི། གཏོར་མ་དང་སོ་སོའི་མཐུན་རྫས། ཉེར་སྤྱོད་དང་། སྨན་ཕུད་བཟང་པོ་བཤམས་ལ། བདག་ཉིད་ཡི་དམ་ལྷའི་བསྐྱེད་རིམ་དང་ལྡན་པས། བྷྱོ། ཕུར་པའི་སྲུང་མ་དམ་ཚིག་ཅན། །སྲིད་པ་གསུམ་གྱི་ཕྱ་ཆེན་པོ། །ཧེ་ལེ་ཡབ་ཡུམ་རོལ་པའི་སྲས། །ལྕགས་ཀྱི་སྤྱང་མོ་མགོ་དགུ་དང་། །ལྕགས་ཀྱི་ཁྱི་མོ་མཚལ་མིག་ཅན། །ཟངས་ཀྱི་ཝ་མོ་རྐང་གསུམ་མ། །གསེར་གྱི་འཕར་བ་ལྕེ་བརྒྱད་ལ། །རང་རང་མགོ་ཅད་བུད་མེད་ཞོན། །ཕྱག་ན་ཕུར་བ་ལྕགས་ཀྱུ་བསྣམས། །རོལ་དུ་ཁྱི་སྤྱང་འཕར་བ་ཁྲིད། །ཝ་མོའི་དར་སྐད་ལྷངས་སེ་ལྷང་། །མིང་པོ་ཤེལ་གིང་དཀར་པོ་སྟེ། །ཕྱག་ན་སྙིང་དང་ཕུར་པ་བསྣམས། །རི་རབ་ཟོམ་ལ་གནས་བཅས་ཤིང་། །དུག་མཚོ་མེར་བའི་ཀློང་ན་འཕྱོ། །དུང་མཁར་དཀར་པོའི་ནང་ཤེད་ནས།
(༤༥༩)ཤྭ་ནའི་མ་ཚོགས་དམ་ལ་འདུ། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། བྷྱོ། བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ། །འདོད་པ་ཁམས་ཀྱི་དབང་ཕྱུག་མ། །དཔལ་ལྡན་ནག་མོ་རེ་མ་ཏི། །ཆིབས་སུ་དྲེའུ་རྟ་རྐང་གསུམ་ཆིབས། །གཡས་པ་དྲུག་གི་ཕུར་པ་གདེངས། །གཡོན་པ་བདུད་ཀྱི་ཁྲམ་བམ་བསྣམས། །དཔལ་ལྡན་ནག་མོ་རེ་མ་དུ། ཆིབས་སུ་བྱ་རྒྱལ་ཁྱུང་ལ་ཆིབས། །གཡས་པ་མཆོག་གི་ཕུར་པ་འདྲིལ། །གཡོན་པ་འཛིན་བྱེད་ལྕགས་ཀྱུ་བསྣམས། །དཔལ་ལྡན་ནག་མོ་རེ་མ་ཛ། །ཆིབས་སུ་ཤ་བ་ཡུ་མོ་ཆིབས། །གཡས་པ་སེང་ལྡེང་ཕུར་པ་བསྣམས། །གཡོན་པས་སྟོང་ཁམས་ཁྲམ་ལ་འདེབས། །དཔལ་ལྡན་ནག་མོ་རེ་མ་ཛུ། །ཆིབས་སུ་ཆུ་གླང་སྔོན་མོ་ཆིབས། །གཡས་
(༤༦༠)པ་ལྕགས་ཀྱི་ཕུར་པ་གདེངས། །གཡོན་པ་འཛིན་བྱེད་ལྕགས་ཀྱུ་བསྣམས། །ནམ་ཟླ་དུས་བཞིའི་བདག་མོ་མཛོད། །འཇིག་རྟེན་ཁམས་ཀྱི་ནད་བདག་མོ། །ཞིང་སྤགས་རློན་པའི་ན་བཟའ་ཅན། །མིང་པོ་མ་ཧཱ་ཀཱ་ལ་སྟེ། །བེ་ཅོན་ཕུར་བུ་འཇོལ་བེར་གསོལ། །སྐུ་མདོག་ནག་པོ་འབར་བའི་གདོང་། །རི་རབ་ནག་པོའི་བྱང་ཤར་མཚམས། །མུ་ལེ་དིང་གི་ལྕགས་མཁར་ནས། །ནག་པོ་ཆེན་མོད་མ་ལ་འདུ། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །བྷྱོ། གནོད་སྦྱིན་ཟངས་མདོག་རྒྱལ་པོ་ཆེ། །ཡབ་ཡུམ་རོལ་པའི་སྲས་མཆོག་ནི། །དེ་བྱིན་གཟའ་ཡི་བུ་མོ་སེར། །ཆིབས་སུ་གཟའ་རྟ་འུར་བ་ཆིབས། །སྐུ་ལ་བེར་ཆེན་སེར་ནག་གསོལ། །ཕྱག་ན་ཕུར་པ་ལྕགས་ཀྱུ་བསྣམས། །བསེ་བྱིན་བཙན་གྱི་བུ་མོ་ནི། དམར་ནག་བཙན་རྟ་དམར་པོ་ཆིབས། །སྐུ་ལ་བེར་ཆེན་དམར་ནག་གསོལ། །ཕྱག་ན་ཕུར་པ་ལྕགས་ཀྱུ་བསྣམས། །ཕག་བྱིན་ཀླུ་ཡི་བུ་མོ་སྔོ། །ཆིབས་སུ་ཀླུ་རྟ་ལྗང་སྔོན་ཆིབས། །འཇོལ་བེར་སྔོ་ཁྲ་སྤྲུལ་གྱིས་བརྒྱན། །ཕྱག་ན་ཕུར་པ་ལྕགས་ཀྱུ་བསྣམས། །ཡ་བྱིན་བདུད་ཀྱི་བུ་མོ་ནག །སྐུ་ལ་མཐིང་ནག་བེར་ཆེན་གསོལ། །ཆིབས་སུ་བདུད་རྟ་ནག་པོ་ཆིབས། །ཕྱག་ན་ཕུར་པ་ལྕགས་ཀྱུ་བསྣམས། །བློན་མོ་ཡང་བློན་ཚོགས་དང་བཅས། །མིང་པོ་བསེ་ཡི་སྐྱེས་བུ་ནི། །སྐུ་ལ་བསེ་ཡི་ཁྲབ་ཆེན་གསོལ། །བསེ་མདའ་བསེ་གཞུ་ཕུར་པ་འདྲིལ། །ཀུན་ཀྱང་ཤན་པ་ཕོ་མོ་འགྱེད། །རི་རབ་ཆེན་པོའི་ལྷོ་ནུབ་མཚམས། །བསེ་མཚོ་མེར་བའི་ནང་ཤེད་ན། །བསེ་མཁར་སྨུག་པོའི་ཕོ་བྲང་ནས། །ས་བདག་ཆེན་མོ་དམ་ལ་འདུ། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །བྷྱོ།
(༤༦༡)རྡོ་རྗེ་གར་གྱི་དབང་ཕྱུག་མ། །རྡོ་རྗེ་གསལ་བ། བྱིན་མ། རྡོ་རྗེ་ཀུན་བཟང་མཐུ་མོ་ཆེ། །རྡོ་རྗེ་ཡེ་ཤེས་ཆེན་མོ་མ། །རྡོ་རྗེ་གསུང་ཆེན་འོད་འབར་མ། །རྡོ་རྗེ་གསུང་དབྱངས་སྒྲོག་པ་མོ། །རྡོ་རྗེ་སྒྲོལ་མ་པ་བྱེད་མ། །མ་བདུན་སྐུ་མདོག་དམར་ནག་ལ། །རྡོ་རྗེ་ཕུར་འདྲིལ་ཆས་དང་ལྡན། །ཤར་གྱི་རྡོ་རྗེ་སྤྱན་གཅིག་མ། །ལྷོ་ཡི་རྡོ་རྗེ་རལ་གཅིག་མ། །ནུབ་ཀྱི་རྡོ་རྗེ་དབང་སྡུད་མ། །བྱང་གི་རྡོ་རྗེ་ལས་མཁན་མོ། །སྲིང་བཞི་སྨུག་ནག་ཐོད་ཁྲག་དང་། །ཕུར་འདྲིལ་རང་རང་རྒྱན་དང་ལྡན། །དཀར་སེར་དམར་དང་ལྗང་གུའི་མདོག །ཀུན་ཀྱང་ཕུར་པའི་སྲུང་མ་སྟེ། །དེ་རིང་དཔལ་གྱི་དམ་ལ་འདུ། །བོས་པའི་ཚེ་ན་སྙམ་མ་སྲ། །ཁྱོད་དང་ང་གཉིས་དམ་ཚིག་འབྲེལ། །བརྟེན་པའི་ཚེ་ན་རྒྱང་མ་རིང་། །མཐུན་པའི་དམ་རྫས་འདི་ན་མཆིས། །བསྐུལ་བའི་ཚེ་ན་མཐུ་མ་ཆུང་། །ཁྱོད་ཀྱི་སྲོག་སྙིང་ང་ལ་ཡོད། །བ་ལིན་ཤ་ཁྲག་རི་ལྟར་སྤུངས། །མཐུན་རྫས་ལོངས་སྤྱོད་གཅལ་དུ་བཀྲམ། །གླུ་དབྱངས་གདུང་བས་ཁྱོད་འབོད་ན། །ཉམས་པའི་དགྲ་ལ་མཐུ་མ་ཆུང་། །བརྣག་པའི་བགེགས་ལ་རྩལ་མ་ཞན། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཨོཾ་བཛྲ་ཀྲོ་བྷི་ཙིཏྟ་མ་ཧཱ་ལཱི་ཤུ་ར་ཤུ་ར། ཁྱིར་ཁིང་། གྷ་དྷ་ར་ནི། ཤུ་ལ་ཙི་པཱར་ཤུ་པར་ནི་ཡོ་ག་ཤུདྡྷ་ཙིཏྟ་མ་ར་ལི། ཀྲོ་དྷ་ཡོ་གི་ནཱི་བཛྲ། ཛཱ་ལནྡྷ་རི། ཤ་ཥ་ཎི་ཛ་ཛ། ཞེས་བརྗོད་གཏོར་མ་གཙང་སར་འབུལ། །ལས་སྦྱོར་དུས་སུ་དུས་དྲུག་བསྐུལ། །ཕུར་པ་སྒྲུབ་པའི་རིག་འཛིན་ལ། །ཉེ་བའི་གསོལ་ཀ་རྒྱུན་མི་གཅད། །རྒྱ་འདྲེ་འབྱུང་པོ་གསར་སྐྱེས་དང་། །ཉམས་པ་བདུན་གྱི་གཤེད་མ་ཡིན། །དེ་བས་འདི་ལ་གཅེས་པར་ཟུངས། །དགེའོ།།
(༤༦༢)བཅོམ་ལྡན་འདས་རྡོ་རྗེ་ཕུར་པ་རྒྱུད་ལུགས་ཀྱི་ཞི་བའི་སྦྱིན་སྲེག་བདུད་རྩིའི་ཐིགས་པ་ཞེས་བྱ་བ་བཞུགས།
(༤༦༣)བཅོམ་ལྡན་འདས་བཛྲ་ཀུ་མཱ་ར་ལ་ན་མ འདིར་ཞི་བའི་སྦྱིན་སྲེག་གི་རིམ་པ་ནི། རྒྱུད་ལས། ལས་ཀྱི་རིམ་པ་བྱ་བ་ཡང་། །སྦྱིན་སྲེག་དག་ནི་རབ་ཏུ་བྱ། །ཐམས་ཅད་མ་ལུས་ཞི་བྱའི་ཕྱིར། །ཤིན་ཏུ་ཁ་དོག་དཀར་ལ་འཚེར། །ཞི་བའི་ཐབ་ཁུང་དེ་བྱས་ཏེ། །ཁྲུ་གང་ཁྲུ་དེའི་ཚད་དུ་བྱ། །འབྲས་ཐུག་འོ་ཐུག་དཀར་གསུམ་དང་། །མངར་གསུམ་དང་ནི་རབ་ལྡན་ཏེ། །ཞི་བའི་རྫས་ནི་མ་ལུས་བསག །མེ་ཏོག་དཀར་པོ་ཏིལ་དཀར་དང་། །འབྲས་ཆེན་ཏིལ་སོགས་དངུལ་ཕྱེ་བསག །བསྲེག་ཤིང་ཁྲུ་གང་ཚད་བྱས་ཏེ། །ཡམ་ཤིང་མཐོ་གང་སོར་བཞི་བྱ། །ཤིན་ཏུ་དྲི་ཞིམ་དྲི་ཡིས་བྱུག །ཅེས་པས་གཟའ་སྐར་བཟང་པོ་ལ་དུལ་བ་མ་ཡིན་པའི་གནས་སུ་ནི་སའི་ཆོག་ངེས་པར་བྱ་ལ། ས་སྟེགས་ཐབ་རྒྱ་དང་འཚམ་པ་འཐས་པར་བཅགས་ལ་ཐིག་ཆེན་བརྒྱད་བཏབ་པའི་དབུས་སོར་མོ་ཉི་ཤུ་རྩ་གཅིག་གིས་ཟླུམ་སྐོར་གྱི་ནང་དུ་རྩིབས་
(༤༦༤)བརྒྱད་ཀྱི་ལྟེ་བར་ཆོས་འབྱུང་མཐིང་ནག་རྡོ་རྗེས་མཚན་པ། དེའི་ཕྱིར་སོར་བཞི་རེ་ཡོད་པའི་མཆུ་དང་ཁ་ཁྱེར་གསུམ་གྱི་བར་མར་མོ་རི། ཕྱི་མར་རྡོ་རྗེའི་ཕྲེང་བ། ཟུར་བཞིར་ཟླ་རྡོར་བྲིས་པའི་སྟེང་བུད་ཤིང་བཟང་པོ་སྟེ་ཁྲུ་གང་བས་ཟླུམ་སྐོར་དུ་རྒྱ་ལས་ཕྱེད་ཆས་དམན་པའི་དཔངས་སུ་བརྩིག །སློབ་དཔོན་གྱི་གཡོན་ལོགས་སུ་འོ་མ་འབྲས་ཆན་དངུལ་ཕྱེ། མེ་ཏོག་དཀར་པོ་རྣམས་ཀྱི་རྒྱུ་ལས། མཆོད་གཏོར་གཙང་མ་འཇིག་འདས་ཀྱི་རིམ་པ་གཉིས་སུ་བཤམ། གཡས་ངོས་སུ་བསྲེག་རྫས་ནི། འོ་མ་ཅན་གྱི་ཡ་མ་ཤིང་། མར་ཁུ། ཏིལ་དཀར་ནག །དཀར་གསུམ་མངར་གསུམ་དང་འོ་ཐུག་བསྲེས་པའི་ཟས་མཆོག །འབྲས། སོ་བ། ནས། སྲན་མ། གྲོ། དཱུརྦ། ཀུ་ཤ །ཤིང་ཏོག །ཁྱད་པར་གྱི་རྫས་མེ་ཏོག་དཀར་པོ་དང་། ཏིལ་དཀར། ཉུང་དཀར། ཙནྡན་དཀར་དམར། རིན་པོ་ཆེ། སི་ཧླ་སོགས་ཀྱང་འཇིག་འདས་སོ་སོར་བཤམ་མོ། །གཉིས་པ་དངོས་གཞི་ལ་ཞར་ལ་ལས་བུམ་ཡང་བསྒྲུབ་པོ། །གཉིས་པ་རྡོར་དྲིལ་བྱིན་བརླབ་ནི། ཐབས་ཤེས་ཀྱི་དེ་ཁོ་ན་ཉིད་དྲན་
(༤༦༥)པས། ཨོཾ་མ་ཧཱ་བཛྲ་ཧཱུྃ། ཞེས་རྡོ་རྗེ་ལན་གསུམ་གསོར། ཨོཾ་བཛྲ་གནྡྷེ་ཨ། ཞེས་པས་ དྲིལ་བུ ་འཁྲོལ་ཞིང་དཀུར་བརྟེན། ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་ར་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་འཁྱུད་རྒྱ་བྱས་ཏེ་དམ་ཚིག་གསུམ་དང་དུ་བླང་ངོ་། །གསུམ་པ་མཆོད་རྫས་བརླབ་པ་ནི། ཧཱུྃ། རྣམ་དག་ཆོས་དབྱིངས་རང་ཉིད་ལས། །རང་བྱུང་མཆོད་པའི་ཕུང་པོ་ནི། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུར། །དཔག་ཡས་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་ཨརྒྷཾ་སོགས་དང་། སྨན་རག་གཏོར་མའི་སྔགས་ལན་གསུམ་བརྗོད། བཞི་པ་བསྲེག་རྫས་བརླབ་པ་ནི། ལས་བུམ་གྱི་ཆུས་གཏོར་ཞིང་། ཧཱུྃ་བིག་ནཾ་ཏ་ཀྲི་ཏ་ཀྱིས་འགེགས་བསང་། སྭ་བྷཱ་ཝས་སངས། སྟོང་པའི་ངང་ལས་ཡཾ་དང་ཨ་ལས་བྱུང་བའི་ཉི་ཟླའི་གའུའི་སྣོད་དུ་བསྲེག་རྫས་རྣམས་སོ་སོའི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་འོད་དུ་ཞུ་བ་ལས་བྱུང་བའི་བདུད་རྩིའི་དངོས་པོ་སོ་སོའི་བྱེད་ལས་འགྲུབ་པའི་ནུས་པ་ཅན་དུ་གྱུར། ཨོཾ་ཨཱ་ཧཱུྃ། ཨོཾ་ཧཱུྃ་སྭཱཾ་ཨཱཾ་ཧཱཾ། ཞེས་ལན་བདུན། ལྔ་པ་ཐབ་བསྐྱེད་ནས་མེ་ལྷ་ལྷར་ཤེས་པ་ལ་མཆོད་པ་ནི། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རང་མདུན་དུ། །བྷཱུྃ་ཡིག་ཡོངས་སུ་གྱུར་པ་ལས། །ཞི་བའི་ཐབ་ཁུང་དཀར་ལ་ཟླུམ། །མུ་རན་ཁ་ཁྱེར་ཟླ་ཚེས་ཅན། །སྣ་ཚོགས་པདྨའི་ལྟེ་བ་རུ། །རཾ་ལས་ཞི་བའི་མེ་ལྷ་ནི། །སྤུན་ལ་ཁ་དོག་དཀར་པོ་སྟེ། །འོད་ཟེར་དཀར་པོ་འཁྱིལ་ཚུལ་སྤྲོ། །ར་སྐྱེས་དཀར་པོའི་གདན་ལ་བཞུགས། །བགྲང་ཕྲེང་རིལ་བ་ཕྱག་ན་བསྣམས། །ཉོན་མོངས་ཐམས་ཅད་ཞི་མཛད་པས། །དྲང་སྲོང་ཚོགས་ཀྱིས་བསྐོར་བར་གྱུར། །དེ་ལྟར་དུ་
(༤༦༦)གསལ་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱ ཐུགས་ཀར་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། ཤར་ལྷོ་ནས་མེ་ལྷ་འཁོར་དང་བཅས་པ་སྤྱན་དྲངས་པར་གྱུར། །སྤྱན་འདྲེན་པ་ནི། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷའི་དྲང་སྲོང་བྲམ་ཟེའི་མཆོག །སུམ་ཅུ་རྩ་ལྔའི་ལྔ་ཚིགས་ནི། །ལྔ་པ་མེ་ལྷ་ཞེས་ཀྱང་བྱ། །རབ་ཏུ་སྤུན་ལ་སྐུ་མདོག་དཀར། །མགྲིན་པ་རིང་ལ་གསུང་ཡང་སྙན། །ཐུགས་རྗེའི་དབང་གིས་སྤྱན་འདྲེན་ན། །འབར་བའི་ནང་དུ་བཞུགས་ནས་ནི། །སྲེག་བླུགས་ཞལ་ཟས་བཞེས་སུ་གསོལ། །ཁྱོད་ལ་ཕྲིན་ལས་བཅོལ་བ་ནི། །ཐབ་ཁུང་མ་ཉམས་དམ་པ་འདིར། །དྲོངས་ཤིག་དྲོངས་ཤིག་མེ་དྲོངས་ཤིག །སྤོར་ཅིག་སྤོར་ཅིག་མེ་སྤོར་ཅིག །ཟུར་ཕུད་ཅན་གྱིས་མེ་གསོས་ལ། ཁ་འབར་མ་ཡིས་མེ་བུས་ཤིག །བྲན་ཟེའི་བུ་མོ་ལྔ་བརྒྱ་ཡང་། །ཁྱོད་ཀྱིས་གཡོག་དང་བྲན་བུ་ཁཱོལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཅེས་བརྗོད་ལ། བསང་ཆུ་གཏོར་ཞིང་། ལས་སྔགས་ཀྱིས་ཕྱིར་འབྲངས་བགེགས་རྣམས་བསྐྲད། ཛཧཱུྃ་བཾ་ཧོས་བསྟིམ། ཨོཾ་བཛྲ་ཨགྣེ་རཾ་ཙི་རི་ཤག་རཾ། ཏི་བ་ར་ཤག་རཾ། ཡཾ་རཾ། ཞེས་རྗེའུ་རིགས་ཀྱི་ཁྱིམ་ལས་བྱུང་བའི་མེ་སྦར། དེ་ནས་མཆོད་པ་ནི། ཧཱུྃ། མེ་ལྷ་དྲང་སྲོང་ཉོན་མོངས་བསྲེག །འབར་བ་མེ་ལྷ་སྤྱན་འདྲེན་ན། །འབར་བའི་མེ་ཡི་དབྱིངས་ན་བཞུགས། །དྲང་སྲོང་ཆེན་པོ་མེ་ཡི་ལྷ། །མཆོད་པ་འབུལ་ལོ་དི་བཞེས་ལ། །འཁོར་བའི་སྡུག་བསྔལ་འཚིག་པར་མཛོད། །ཨཱོཾ་བཛྲ་ཨཉྫ་མ་ནཾ་ཨཱཧཱུྃ་
(༤༦༧)གིས་ཞལ་བསིལ་དང་། བྱོན་སྐྱེམས་དགང་བླུགས་ཕུལ་ལ། ཨོཾ་ཨ་ག་ན་ཡེ་ཧ་བྱ་ཀ་བྱ་ཧཾ་ཧ་ན་ཡེ་ཏི་བྱ་ཏི་བ་ཡེ་སྭཱ་ཧཱ། ལན་བདུན་དང་། ཨོཾ་བཛྲ་པུཥྦེ་ཨཱཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་ཨཱཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་དཱི་བཾ་ཨཱཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ནཻ་ཝིཏྱ་ཨཱཧཱུྃ་སྭཱ་ཧཱ། ཞེས་ཉེར་སྤྱོད་དབུལ། དེ་ནས་བསྲེག་རྫས་རྣམས་ཡ་མ་ཤིང་ནས་རིམ་པར། ཨོཾ་ཨག་ན་ཡེ་ཧ་བྱ་ཀ་བྱ། ཧཾ་ཧ་ན་ཡེ། ཏི་བྱ་ཏི་བ་ཡེ་ཤཱནྟི༚་ཀུ་རུ་སྭཱ་ཧཱ། ཞེས་པ་ཁོ་ནས་ཕུལ་ཞིང་འདོད་གསོལ་ནི། དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། བྱད་སྟེམས་ཐམས་ཅད་མེད་པར་མཛོད། །ཅེས་རྐང་པ་བཞི་པོ་བརྗོད། རྫས་རྫོགས་པ་དང་དགང་བླུགས་གསུམ་ཕུལ་ལ་གཟི་བྱིན་བསྐྱེད་བསྟོད་པ་ནི། ཧཱུྃ། དྲི་ཟ་དབང་ཕྱུག་མེ་ཡི་ལྷ། །འབྱུང་པོ་འདུལ་མཛད་ཕྱོགས་སྐྱོང་ཚུལ། །བསྲེག་རྫས་ཕུལ་ན་དོན་བསྒྲུབ་པ། །དྲང་སྲོང་ཆེན་པོ་ཁྱོད་ལ་བསྟོད། །དྲུག་པ་མི་ལྷ་གཞལ་ཡས་ཁང་དུ་ཤེས་ནས་དཀྱིལ་གྱི་འཁོར་ལོ་མཆོད་པ་ནི། རྒྱུད་ལས། རྩ་བ་གཙོ་བོའི་དཀྱིལ་འཁོར་དང་། །ཕུར་པ་ལྷ་ཡི་དཀྱིལ་འཁོར་དང་། །ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་རྣམས། །མེ་ལྷའི་སྙིང་གར་རྫོགས་པར་བསྐྱེད། །ཏིང་འཛིན་བརྟན་པས་འགྲུབ་པར་འགྱུར། །ཅེས་པས། ལས་ཆུས་བསང་། མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེའི་དབུས། །རཀྟའི་རྒྱ་མཚོ་ཆེན་པོ་འཁྱིལ་པའི་ཀློང་། །ཀེང་རུས་ཆེན་པོའི་རི་རབ་བརྩེགས་པའི་སྟེང་། །རྡོ་རྗེའི་བྲག་ཆེན་གཏམས་པའི་གཞི་ལ། །དུར་ཁྲོད་ཆེན་པོ་འབར་བའི་གཞལ་ཡས་
(༤༦༨)ཁང་། སུས་ཀྱང་མ་བསྐྱེད་ཡེ་ནས་ཚད་ལས་འདས། །བསྐལ་པའི་མེ་ལྟར་འབར་བའི་དཀྱིལ་འཁོར་ནང་། །དྲེགས་པ་ལྷ་ཆེན་བསྣོལ་བའི་གདན་སྟེངས་སུ། །ཉི་ཟླའི་གདན་བཤམས་པདྨའི་གེ་སར་བཅས། །ཚད་དང་མཚན་ཉིད་མ་ལུས་ཡོངས་སུ་རྫོགས། །ཞེས་པས་མེ་ལྷའི་སྐྱེ་མཆེད་རྟེན་གཞལ་ཡས་ཁང་གི་རང་བཞིན་དུ་བསྐྱེད་ནས། བརྟེན་པའི་ལྷ་གསལ་གདབ་པ་ནི། གཙོ་བོའི་གནས་སུ་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་བ་ལས་འཇིགས་བྱེད་ཀྱེ་རྒྱལ་པོ་དཔལ་རྡོ་རྗེ་གཞོན་ནུ་དབུ་གསུམ་ཕྱག་དྲུག་པ། ཞབས་རྣམ་པ་བཞི་དང་ལྡན་པ། གཡས་ལྗང་ནག །གཡོན་དམར་ནག །དབུས་མཐིང་ནག་ཏུ་བཞུགས་པ། གཡས་ཀྱི་དད་བོན་རྡོ་རྗེ་རྩེ་དགུ་པ་དང་། གཡོན་དང་པོ་ན་མེ་དཔུང་འབར་བ་བསྣམས་པ། གཡས་པར་པ་ན་རྡོ་རྗེ་རྩེ་ལྔ་པ་དང་། སྟ་རེ་དད་ཐོ་བའོ། །གཡོན་པར་པ་ན་ཁ་ཊཾྭ་དང་ཐོད་དབྱུག་དང་། ལྕགས་ཀྱུའོ། །གཡས་ཐ་མ་ན་ཕུར་པ་དང་། གཡོན་ཐམ་ན་རྦོད་གཏོང་ཕྲ་མེན་གྱི་ཚོགས་བསྣམས་ཏེ། བྱ་རྒོད་དང་། ཁྱུད་དང་། འུག་པ་དང་། ཕོ་རོག་དང་། ཁྲ་བསྣམས་པའོ། །ཞབས་བཞི་ལས་གཉིས་བརྐྱངས། གཉིས་བསྐུམས་ཏེ་དོར་སྟབས་སུ་བཞུགས་པའོ། །སྐུ་ལས་བསྐལ་པའི་མེ་རི་དང་། གླང་པོ་ཆེའི་ཀོ་རློན་དང་། སྟག་གི་ཤམ་ཐབས་དང་། ཞིང་ཆེན་གྱི་བགས་པ་དང་། ཐལ་བའི་ཚོམ་བུ་དང་། ཞག་གི་ཟོ་རིས་དང་། ཁྲག་གི་ཐིག་ལེའོ། །སྦྲུལ་རིགས་ལྔས་བརྒྱན་ཏེ། རྒྱལ་རིགས་དང་། རྗེའུ་རིགས་དང་། བྲམ་ཟེའི་རིགས་དང་། དམངས་རིགས་དང་།
(༤༦༩)གདོལ་པའི་རིགས་སོ། །ཐུགས་རྗེས་ཆགས་པས་ཁྲག་གི་རྒྱ་མཚོ་ལ་གསོལ་བའོ། །ཡུམ་འཁོར་ལོ་རྒྱས་འདེབས་མ་ཞལ་གཅིག་ཕྱག་གཉིས་པ། གཡས་ཡབ་ཀྱི་མགུལ་ནས་འཁྱུད་པ། གཡོན་བྷནྡྷ་རཀྟས་བཀང་ནས་ཡབ་ཀྱི་ཞལ་དུ་སྟོབ་པ། སྐུ་ལ་དུར་ཁྲོད་ཀྱི་རྒྱན་གྱིས་བརྒྱན་པ། དོ་ཤལ་དང་། དཔུང་རྒྱན་དང་། མགུར་ཆུ་དང་། སྙན་ཆ་དང་། སེ་མོ་དོས་བརྒྱན་ཏེ། ཐབས་དང་ཤེས་རབ་གཉིས་སུ་མེད་པར་བཞུགས་པའོ། །དེའི་ངང་ལས་རྡོ་རྗེ་ཆགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྡོ་རྗེ་ཆགས་པའི་དོན་ལ་བསྐུལ་བར་མཛད། །ཡབ་ཀྱིས་ས་མ་ཡ་ཧོ། ཡུམ་གྱིས་ས་མ་ཡ་སྟྭཾ། ར་ཧོ་ཧཾ། རཱ་ག་ཡ་མེ། ཡབ་ཡུམ་གཉིས་སུ་མེད་པར་གྱུར། པདྨ་ཡོ་གི་ནི་ས་མ་ཡ་པྲ་བེ་ཤ་ཡ་ཕཊ། ཡབ་ཀྱི་བྱང་ཆུབ་ཀྱི་སེམས་ཡུམ་མཁར་བབས་པས་ཡུམ་་ཡ་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་གྱུར། ཧཱུྃ་ཧཱུྃ་ཧཱུྃ། བི་ཤྭ་བཛྲ་ཀྲོ་ཏ་ཛྭ་ལ་མཎྜལ་ཧ་ལ་ཧ་ལ་ཧཱུྃ་ཕཊ། ཅེས་བརྗོད་པས་བྱང་ཆུབ་ཀྱིས་མས་ལན་ཅིག་འཕྲོས་པས་ཁྲོ་བོ་འཆོལ་བའི་རང་བཞིན་དུ་གྱུར། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལྷག་གིས་ཁེངས། ཉོན་མོངས་པ་དང་ལོག་པར་ལྟ་བའི་སེམས་ཅན་ཐམས་ཅད་བསྒྲལ། སླར་དེ་དག་ཐམས་ཅད་ཡུམ་གྱི་བྷ་ག་ལ་བསྡུས་ཏེ་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ཕྱོགས་སྐྱོང་དྲེགས་པ་ཅན་ཐམས་ཅད་ཀྱང་བསྒྲལ་ཏེ་རྩིབས་བཅུར་གདན་དུ་བྱས་པའི་སྟེང་ཁྲོ་བོའི་དཀྱིལ་འཁོར་འཐོན་པ་ནི། ཧཱུྃ་ཧཱུྃ་ཛཛ ཤར་ཕྱོགས་སུ་ཁྲོ་བོ་རྣམ་པར་རྒྱལ་བ་དབུ་གསུམ་ཕྱག་དྲུག་ཞབས་རྣམ་པ་
(༤༧༠)བཞི་དང་ལྡན་ཞིང་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། ཡུམ་རྡོ་རྗེ་སྙེམས་མ་དང་འཁྲིལ་ནས་བརྒྱ་བྱིན་གྱི་གདན་ལ་བརྐྱངས་བསྐུམས་སུ་བཞུགས་པའི་གཡས་སུ་ཡབ་གྱི་སྤྲུལ་པ་སྟག་གི་མགོ་ཅན་དང་། གཡོན་དུ་ཡུམ་གྱི་སྤྲུལ་པ་བྱ་རྒོད་ཀྱི་མགོ་ཅན་ནོ། །དེ་བཞིན་དུ་ཧཱུྃ་ཧཱུྃ་ཛཛ ལྷོར་ཁྲོ་བོ་གཤིན་རྗེའི་གཤེད་དང་ཡུམ་དུར་ཁྲོད་བདག་མོ། སྤྲུལ་པ་ཤ་བ་དང་འུག་པའི་མགོ་ཅན་ནེ། ཧཱུྃ་ཧཱུྃ་ཛཛ ནུབ་ཏུ་ཁྲོ་བོ་རྟ་མཆོག་དཔལ་དང་ཡུམ་རྡོ་རྗེ་གཏུམ་མོ། སྤྲུལ་པ་བྱི་ལ་དང་པུ་ཤུད་མགོ་ཅན། ཧཱུྃ་ཧཱུྃ་ཛཛ། བྱང་དུ་ཁྲོ་བོ་བདུད་རྩི་འཁྱིལ་པ་དང་། ཡུམ་རྡོ་རྗེ་རླུང་འབྱིན་མ། སྤྲུལ་པ་སེང་གེ་དང་ཕ་ཝང་མགོ་ཅན། ཧཱུྃ་ཧཱུྃ་ཛཛ ཤར་ལྷོར་ཁྲོ་བོ་དབྱུག་བ་སྔོན་པོ་དང་ཡུམ་རྡོ་རྗེ་སྡེར་མོ། སྤྲུལ་པ་གཡག་དང་བྱ་རོག་མགོ་ཅན། ཧཱུྃ་ཧཱུྃ་ཛཛ། ལྷོ་ནུབ་ཏུ་ཁྲོ་བོ་མི་གཡོ་མགོན་པོ་དང་ཡུམ་རྡོ་རྗེ་གཏུན་ཁུང་མ། སྤྲུལ་པ་གཟིག་དང་ཁྭ་ཏའི་མགོ་ཅན། ཧཱུྃ་ཧཱུྃ་ཛཛ ནུབ་བྱང་དུ་ཁྲོ་བོ་གཞན་གྱིས་མི་ཐུབ་པ་དང་ཡུམ་རྡོ་རྗེ་མདའ་སྙེམས་མ། སྤྲུལ་པ་སྦྱང་ཀི་དང་ཁྲའི་མགོ་ཅན། ཧཱུྃ་ཧཱུྃ་ཛཛ བྱང་ཤར་དུ་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་དང་ཡུམ་རྡོ་རྗེ་གསོད་བྱེད་མ། སྤྲུལ་པ་དོམ་དང་སྲེ་མོའི་མགོ་ཅན། ཧཱུྃ་ཧཱུྃ་ཛཛ སྟེང་ཕྱོགས་སུ་ཁྲོ་བོ་ཧཱུྃ་ཀཱ་ར་དང་ཡུམ་རྡོ་རྗེ་སྒྲ་འབྱིན་མ། སྤྲུལ་པ་ཕག་དང་སྨིག་བུའི་མགོ་ཅན། ཧཱུྃ་ཧཱུྃ་ཛཛ འོག་ཕྱོགས་སུ་ཁྲོ་བོ་སྟོབས་པོ་ཆེ་དང་ཡུམ་རྡོ་རྗེ་སྐྱོད་བྱེད་མ། སྤྲུལ་པ་དྲེད་དང་བྱི་བའི་མགོ་ཅན་རྣམས་བཞུགས་པའོ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུྃ་ཕཊ། ཅེས་བརྗོད་
(༤༧༡)པས་སྲས་མཆོག་རྫས་ཀྱི་དཀྱིལ་འཁོར་དབུ་གསུམ་ཕྱག་དྲུག་པ། སྐུ་སྨད་ཕུར་བུའི་དཔལ་དང་ལྡན་པ་ཟླ་གམ་གསུམ་ལ་བཀའ་ནོད་པའི་ཚུལ་དུ་བཞུགས་པའོ། །ཛཧཱུྃ་བཾ་ཧོལས་སྒོ་བཞིར་སྒོ་བ་བཞི་དང་། མུ་རན་ལ་ཕུར་སྲུང་དམ་ཅན་གྱི་ཚོགས་རྣམས་མངོན་སུམ་ལྟ་བུར་བཞུགས་པའོ། །རྡོ་རྗེའི་ཕྱག་རྒྱ་གནས་གསུམ་དུ་གཏུགས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་བཞིན་དུ་ཝཱཀྐ་དང་། ཙིཏྟ་སྦྱར་བས་བྱིན་གྱིས་རློབ། ཧཱུྃ། སྲིད་པ་ཕུར་ཕུར་བསྒྲུབ་པ་དང་། །དབང་དང་དངོས་གྲུབ་སྩལ་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་སྟོན་པ་དང་། །རྡོ་རྗེ་ཕུར་པའི་དངོས་གྲུབ་སྩོལ། །ཨོཾ་ཧཱུྃ་སྭཱ་ཨཾ་ཏཱ། ཨ་བྷི་ཥིཉྩ་མཱཾ། ཞེས་དབང་བསྐུར། དེ་ནས་སྤྱན་འདྲེན་ནི། ཧཱུྃ། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་ཧེ་རུ་ཀ །བསྲེག་ཁང་མེ་ཡི་དཀྱིལ་འཁོར་དུ། །འགྲོ་བའི་དོན་ཕྱིར་སྤྱན་འདྲེན་ན། །བྱིན་གྱིས་རློབ་ཅིང་གཤེགས་སུ་གསོལ། ཛཧཱུྃ་བཾ་ཧོ བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུྃ་ཕཊ། ཨ་གཙྪ་ཡ་ཨ་གཙྪ་ཡ། བྲ་བེ་ཤ་ཡ་པྲ་བེ་ཤ་ཡ། ཤོ་ཏ་ཡ་ཤོ་ར་ཡ། བཛྲ་ཊ་ཀི་ནི་ཧཱུྃ་ཕཊ། དེ་ནས་དམ་ཡེ་གཉིས་མེད་དུ་བྱ་བའི་ཕྱིར། ཨོཾ་བཛྲ་ས་མ་ཡ་ཨོཾ། ཨཱབཛྲ་ས་མ་ཡ་ཨཱ ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱུྃ། ཧཱུྃ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་
(༤༧༢)མཉམ་སྦྱོར་བའི། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཅེས་དང་། མཆོད་པ་ནི། ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །ཡེ་ཤེས་སོགས། ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ས་པཱ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་དབུལ། དེ་ནས་བསྲེག་རྫས་དབུལ་བ་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེའི་སྤུ་གུ་ཅན་གྱིས་སྲེག་བླུགས་ཀྱི་རྒྱུན་དྲངས་ཏེ་གསོལ་བས་ཞི་བའི་ཕྲིན་ལས་མཛད་པར་གྱུར། ཞེས་བརྗོད་ཅིང་བསམས་ལ། རྩ་སྔགས་ལན་བདུན་གྱིས་དགང་བླུགས་བཀང་ལ། ཡེ་ཤེས་རྩེ་མོ་ལས། བཛྲ་ཨགྣེ་ཛྭ་ལ་སྥ་ར་ཎ་མ་ཧཱ་པཱུ་ཛ་ཁཱ་ཧི་ཧཱུྃ་ཕཊ། ལན་གསུམ་གྱིས་བསྐོར་བཞིན་འབུལ། དེ་ནས། ཧཱུྃ། གཏི་མུག་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་ཁམས་ནི་རབས་འབྱམས་ཀུན། །ཡུད་ཙམ་གྱིས་ནི་ཞི་མཛད་པས། །ཞི་མཛད་མཆོད་པ་བཞེས་སུ་གསོལ། །ཞེས་བརྗོད་ལ་རྫས་རྣམས། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཛཧཱུྃ་བཾ་ཧོ སརྦ་བིག་ནན་བཾ་ཧཱུྃ་ཧཱུྃ་ཕཊ། ཤཱནྟི༚་ཀུ་རུ་སྭཱ་ཧཱ། ཞེས་པ་ཁོ་ནས་དབུལ་བ་ནི་རྡོ་རྗེ་ཁྲོས་པའི་བཤད་རྒྱུད་ཀྱི་དགོངས་པ་ཡིན་ལ། རྣམ་པ་གཅིག་ཏུ་སོ་སོའི་སྔགས་ཀྱིས་དབུལ་ན་ཕྲིན་ལས་ཀྱི་རྒྱུད་ལས། དེ་ནས་གཙོ་བོ་ཡབ་ཡུམ་དང་། །ཕྱོགས་ཀྱི་ཁྲོ་བོ་ལྔ་རྣམས་ལ། །བརྒྱ་རྩ་བརྒྱད་ཀྱི་སྲེག་བླུགས་དབུལ། །ཁྲོ་བོ་ཡབ་ཡུམ་ཉི་ཤུ་གཅིག །ཕྲ་མེན་སྒོ་བ་ལ་ནི་བདུན། །སོ་སོའི་སྔགས་ཀྱི་ཤམ་དག་ལ། །འདི་ཞེས་བྱ་བ་བཞི་གྱུར་ཅིག །ཤཱནྟི༚་ཀུ་རུ་སྭཱ་ཧཱ། དེ་བྱས་གདུག་པའི་ཚོགས་རྣམས་ནི། །ཐམས་ཅད་མ་ལུས་ཞི་བར་འགྱུར། །
(༤༧༣)ཞེས་བཤད་པ་ལྟར་བྱའོ། །ཇི་ལྟར་ཡང་། བཟླས་བརྗོད་མེ་དང་འདྲ་བ་ཡིས། །ཉོན་མོངས་རྩྭ་མཆོག་འདྲ་བ་བསྲེག །ཏིང་འཛིན་རྩལ་གྱི་ཁྱད་པར་ལས། །དྲོད་རྣམས་འབྱུང་བར་གདོན་མི་ཟ། །ཞེས་པས་བཟླས་བརྗོད་དང་ཏིང་ངེ་འཛིན་ནི་ལས་འགྲུབ་པའི་རྒྱུའི་གཙོ་བོ་ཡིན་པས་རྫས་མང་ལ་སྔགས་ཉུང་བ་ཡང་མི་ལེགས་སོ། །དེ་ཡང་བརྒྱ་རྩ་རེའི་མཚམས་སུ་ཐུགས་དམ་བསྐུལ་བའི་ཕྱིར། ཐབ་ཏུ་ཉུང་དཀར་འཐོར་ཞིང་། བདག་དང་རྒྱུ་སྦྱོར་ཡོན་བདག་རྣམས། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས། །བྱང་ཕུར་གདོན་འགེགས་རིམས་ནད་དང་། །རྨི་ལྟས་མཚན་ངན་དུས་མིན་འཆི། །འཇིགས་པ་བརྒྱད་དང་བཅུ་དྲུག་སོགས། །མྱུར་དུ་ཞི་ཞིང་མེད་པར་མཛོད། །ཅེས་འདོད་དོན་གསོལ་བས་ལྷ་ཚོགས་རྣམས་ཀྱི་སྐུ་ལས་ཟླ་བ་ཆུ་ཤེལ་ལྟ་བུའི་འོད་ཟེར་འཕྲོས་རང་དང་བསྒྲུབ་བྱ་ལ་རེག་པས་ནད་གདོན་སྡིག་སྒྲིབ་ལ་སོགས་ཞི་བར་བསམ་མོ། །རྫས་རྫོགས་པ་དང་དགང་བླུག་འབུལ་བ་ནི། རྩ་སྔགས་ཤམ་བཛྲ་ཨགྣེ་ཛྭ་ལ་སྥ་ར་ཎ་མ་ཧཱ་ཕཱུ་ཛ་ཁཱ་ཧི་ཧཱུྃ་ཕཊ། །ཅེས་ལན་གསུམ་དང་། དེ་ནས་དེ་ལ་སོགས་དང་། བཛྲ་ཝ་སྟྲ་ཡེ་སྭཱ་ཧཱ་ས་གོས་ཟུང་དང་། བཛྲ་ཏཾ་བུ་ལ་ཡེ་སྭཱ་ཧཱས་སོ་རྩི་དབུལ། དེ་ནས་སྨན་གཏོར་རཀྟ་འབུལ་བ་ནི། ཧཱུྃ། སངས་རྒྱས་ཀུན་དང་མཉམ་སྦྱོར་ཞིང་། །རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་ཡན་ལག་སྟོང་སྦྱར་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །སྒྲོན་མ་ལྔ་དང་བདུད་རྩི་ལྔ། །རྒྱུད་ལྔ་དུག་ལྔ་འཇོམས་པའི་བདུད། །ཡེ་ཤེས་ལྔ་པོ་གྲུབ་པའི་རྩི། །འཆི་བ་མེད་པའི་དམ་རྫས་ཆེ། །དཀྱིལ་
(༤༧༤)འཁོར་ལྷ་ཚོགས་རྣམས་ལ་འབུལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་དང་། ཧཱུྃ། མཐུ་རྩལ་དབྱུང་བའི་དུས་ལ་བབ། །དམ་ཚིག་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །དུག་གསུམ་མཆོད་པར་རབ་ཕུལ་བས། །སངས་རྒྱས་སྐུ་གསུམ་ཐོབ་པར་འགྱུར། །མ་ཧཱ་བ་ལིནྟ་ཁཱ་ཧི། ཞེས་གཏོར་མ་འབུལ། དེ་ནས་རཀྟ་ཚར་གསུམ་ནི། ཧཱུྃ། དངོས་གྲུབ་བར་ཆད་བྱེད་པའི་གེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །རིངས་པར་ཁུག་ལ་སྨྲར་ཆུག་ཅིག །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ང་ཡི་དབང་དུ་གྱུར་ནས་ཀྱང་། བསྒོ་བའི་བཀའ་ལ་ཉན་པར་གྱིས། །མ་ཧཱ་རཀྟ་ཁཱ་ཧི། ཧཱུྃ། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཇི་བཞིན་བཅས་པ་ཡི། །མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད། །མ་ཧཱ་རཀྟ་ཁཱ་ཧི། ཧཱུྃ། དངོས་གྲུབ་བར་ཆད་བྱེད་པའི་གེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་འོན་ཏེ་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་ཤོག །མ་ཧཱ་རཀྟ་ཁཱ་ཧི། དེ་ནས་སྦྱོར་སྒྲོལ་གྱིས་མཆོད་པ་ནི། ཧཱུྃ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །རྡོ་རྗེ་མེ་དཔལ་སྙིང་བསྲེགས་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་ལྷོགས། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་
(༤༧༥)བས་བརྡུངས་བྱས་ནས། །ལྷ་ཡང་རུང་སྟེ་བསྒྲལ་བར་གྱིས། ཁ་ཐཾ་ཁ་ཐཾ་ཁ་ཐཾ། ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། ཧ་ཧ་ཧ། དེ་ནས་བསྟོད་པ་ནི། ཧཱུྃ། སྣང་སྲིད་ཐམས་ཅད་ཕུར་པའི་རང་བཞིན་ལས། ཁམས་གསུམ་འཁོར་བ་མིང་ཡང་མི་གྲག་ཀྱང་། །རྒྱལ་བའི་རྫུ་འཕྲུལ་ཆེན་པོ་བསྟན་པའི་ཕྱིར། །རྡོ་རྗེ་མངོན་སྤྱོད་ཕྲིན་ལས་མཛད་ལ་བསྟོད། །ནོངས་བཤགས་ནི། མ་འབྱོར་པ་དང་སོགས། མཐར་ཡི་གེ་བརྒྱ་པས་བཤགས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱིས་གཤེགས། གསུམ་པ་རྗེས་ཀྱི་རིམ་པ་ལ། ཨོཾ་ཨགྣེ་ཛྭ་ལ་ཧཱུྃ་ཕཊ། ཅེས་བླུགས་གཟར་གྱིས་མེ་གསོས་པས་མེ་ལྷ་སྔར་བཞིན་བསམ། ཨོཾ་ཨགྣ་ཡེ་ཧ་བྱ་ཀ་བྱ་ཧཾ་ཧ་ན་ཡེ་ཏི་བྱ་ཏི་བ་ཡེ་ཤཱནྟི༚་ཀུ་རུ་སྭཱ་ཧཱ། ཞེས་པས་རྫས་ལྷག་རྣམས་དང་། བཛྲ་ཏ་མྦུ་ལས་སོ་རྩི། །བཛྲ་ཝ་སྟས་གོས་དབུལ། ཨོཾ་ཨགྣེ་ཛྭ་ལ་ཧཱུྃ་ཕཊ། ཅེས་བླུགས་གཟར་གྱིས་མེ་གསོས་པས་མེ་ལྷ་སྔར་བཞིན་བསམ། ཨོཾ་ཨགྣ་ཡེ་ཧ་བྱ་ཀ་བྱ་ཧཾ་ཧ་ན་ཡེ་ཏི་བྱ་ཏི་བ་ཡེ་ཤཱནྟི༚་ཀུ་རུ་སྭཱ་ཧཱ། ཞེས་པས་རྫས་ལྷག་རྣམས་དང་། བཛྲ་ཏམྦུ་ལས་སོ་རྩི། །བཛྲ་ཝ་སྟ་ས་གོས་དབུལ། ཨོཾ་ཨགྣེ་དེ་ཝ་རྀ་ཥི་ཨརྒྷཾ་སོགས་ཀྱིས་ཉེར་སྤྱོད་དབུལ། མེ་དེ་བསྲེག་བྱས་བསྟོད། ཨ་ཀཱ་རོས་གཏོར་མ་བསྔོས་ལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ། མ་རྙེད་ཡོངས་སུ་མ་ཚང་དང་། །གཙོ་བོ་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་ནོངས་པ་བཤགས། བདག་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས། །ཇི་ལྟའི་དུས་སུ་ཚུར་བྱོན་ལ། །བདག་གི་དངོས་གྲུབ་ཐམས་ཅད་བསྒྲུབ། །བཛྲ་མུ ཡེ་ཤེས་པ་གཤེགས། དམ་ཚིག་པ་འབར་བའི་རྣམ་པར་གྱུར།
(༤༧༦)ཞེས་བརྗོད་ལ་དགེ་བ་བསྔོ་བ་དང་། ཤིས་པ་བརྗོད་པས་མཐའ་རྒྱས་སུ་བྱ། མེ་རང་ཞིར་བཏང་བ་སོགས་རྗེས་ཀྱི་བྱ་བ་སྤྱི་དང་འདྲའོ། །ཕན་ཡོན་ནི། རྒྱུད་ལས། སྦྱིན་སྲེག་གིས་ནི་ཐམས་ཅད་འགྲུབ། །དམ་ཚིག་ཉམས་པ་སྐོང་འགྱུར་ཞིང་། །མཚམས་མེད་ལྔ་ཡི་སྡིག་བྱས་པ། །འདི་ཡིས་དག་པར་འགྱུར་བ་ཡིན། །ཞེས་སོ། །ཞི་བའི་སྦྱིན་སྲེག་གི་རིམ་པ་རྡོ་རྗེ་ཕུར་པའི་རྒྱུད་སྡེ་རྒྱ་མཚོའི་རང་ལུགས་སོར་བཞག་ཅིང་། མངོན་རྟོགས་རྒྱུད་ཚིག་ལྟར་བཀོད་པ་འདི་ཡང་རིག་འཛིན་འཇིགས་མེད་གླིང་པས་སོ། །བདག་བསྐྱེད་ལ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ་སྔོན་དུ་བཏང་ནས། རཀྟའི་རྒྱ་མཚོ་ཆེན་པོ་འཁྱིལ་པའི་ཀློང་། །སོགས་ནས། སྲིད་པ་ཕུར་བུར་བསྒྲུབ་པ་དང་། །སོགས་མཐར། ཨ་བྷི་ཥིཉྩ་མཱཾ། ཞེས་དབང་བསྐུར་བ་ཡན་བརྗོད་ནས། ཀཱི་ལ་ཡ་བརྒྱ་རྩ་བཟླས་རྗེས། ལས་བུམ་ཨ་མྲྀ་ཏས་བསྒྲུབ་པོ།། དགེའོ།། །།
(༤༧༧)རྡོ་རྗེ་ཕུར་པ་རྒྱུད་ལུགས་ཀྱི་དྲག་པོའི་སྦྱིན་སྲེག་རྟག་དོང་བརྔམས་ཞུགས་ཞེས་བྱ་བ་བཞུགས། །
(༤༧༨)ཤྲཱི་བཛྲ་ཀུ་མཱ་ར་ནཱ་མ། ད་ནི་བསད་པའི་ལས་ཀྱི་མཐའ་བསྡུད་དྲག་པོའི་སྦྱིན་སྲེག་གི་རིམ་པ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། རྡོ་རྗེ་བཀོད་པ་ལས། དེ་ནས་དཀྱིལ་འཁོར་བྱ་བ་ནི། །གྲུ་གསུམ་ཆ་ནི་མཉམ་པ་ལ། །དབུས་སུ་གྲུ་གསུམ་ཁྲུ་གང་བརྐོ། ཁ་ཁྱེར་གསུམ་རྩེ་སོར་བཞིའི་ཚད། །མུ་ཁྱུད་ཟླུམ་པོ་སོར་གསུམ་པ། །གྲུ་ཆད་བཞི་ཡི་རྣམ་པར་བརྒྱན། །ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་པ། །བར་ཁྱམས་དང་ནི་སྒོ་བཞིར་བཅས། །ཕྱི་རིམ་མཐིང་ནག་མེ་རིས་བསྐོར། །ཞེས་དཀྱིལ་འཁོར་དང་འབྲེལ་བའི་དབང་དུ་བྱས་ནས་བཤད་ཅིང་། དེ་ལ་ནི་དབུས་ཀྱི་ཆར་བུད་ཤིང་ཁྲུ་གང་པ་ཟུར་གསུམ་དུ་བརྩིགས་ནས་དེའི་ནང་དུ་ཐལ་ཆེན་དང་། རོ་སོལ་དང་། མ་ཧེའི་རུས་པ་དང་། ཤི་སྐྲ་སོགས་འཇུག་པར་བཤད་པ་ཡིན་ནོ། །སྤྱིར་སྦྱིན་སྲེག་ལ་སྒོ་རྫོགས་སྤང་བའི་མཐའ་མ་མཆིས་ཀྱང་སྲེག་རྒྱང་
(༤༧༩)དཀྱིལ་འཁོར་དང་མ་འབྲེལ་བའི་རིགས་ལ་རྡོ་རྗེ་ཁྲོས་པ་ལས། གན་གཅིང་རྩུབ་པ་དྲག་པོའི་ཐབ། །རིམ་པ་གསུམ་ལྡན་ཞལ་གྱི་དབྱིབས། །ཞེས་པ་དང་མཐུན་པར་ཕུར་པའི་རྒྱུད་སྡེ་གཞན་པ་ནས། ས་གཞི་ཁ་དོག་ནག་པོ་ལ། །གྲུ་གསུམ་ཁྲུ་གང་ཐུར་དུ་བརྐོ། །ཞེས་དང་། དེ་ལ་ཁ་ཁྱེར་གསུམ་དང་ལྡན། །ཟབས་དང་རྒྱར་ཡང་མཉམ་པ་ལ། །ཧོ་མ་ཁུང་སོར་ནི་བཞི་པར་བྱ། །དང་པོ་ལའང་ཐོད་པ་གསུམ། །བར་པ་དག་ལ་མཚོན་ཆ་ལྔ། །ཐ་མར་རྩང་དམར་དག་གིས་བསྐོར། །ཞེས་པས། མངོན་སྤྱོད་ཀྱི་ལས་ལ་འབྲས་བུ་འབྱིན་པའི་སར། ས་ཡི་ཆོག་ལེགས་པར་བྱ་ཞིང་། གཞི་བདག་ལ་གཏོར་མ་བསྔོས་ཏེ་བདེན་ཚིག་གིས་བཀྲོལ། རྒྱལ་པོའི་ཆད་པ་དང་གཡུལ་གྱིས་ཕམ་པའི་ས་ལ་སྟེགས་བུ་གྲུ་གཡུམ་པའི་རྩེ་མོ་ལྷོར་བལྟས་པ་བྱས་ལ་ཁྲག་དང་ཨ་མྲྀ་ཏས་ཆག་ཆག་གདབས་པའི་
(༤༨༠)དབུས་སུ་རྒྱར་ཁྲུ་གང་། ཐབས་སུ་ཁྲུ་གང་དམ་ཕྱེད་ཆ་ཐུར་དུ་བྲུས་པ་ལ། རོ་སོལ་དང་། ཐལ་ཆེན་དང་། དུག་ཁྲག་སྣ་ཚོགས་པས་བྱུག །ཁ་ཁྱེར་སོར་བཞི་ཕྱིར་བསྐྱེད་པ་ལ་ཐོད་པ་ཚར་གསུམ་བྲི། དེ་ནས་སོར་བཞི་གྱེན་དུ་སློང་བ་ལ་ཁྲག་སྣ་ཚོགས་བྱུབ། །དེ་ནས་སྟེང་གི་ཆ་སོར་བཞི་ལ་མདུང་དང་། རལ་གྲི། དགྲ་སྟྭ། མདའ། གཞུ་རྣམས་བྲི། དེའི་ཕྱི་ལྷ་གྲངས་དང་མཉམ་པའི་རྩང་དམར་གྱིས་བསྐོར། ཐབ་ཁུང་གི་དབུས་སུ་གཙོ་བོ་ཡབ་ཡུམ་གྱི་ཕྱག་མཚན་རྡོ་རྗེ་དང་ཐོད་པ་སྟེང་འོག་ཏུ་བྲི། གདུག་པ་ཅན་གྱི་ཤིང་རྣམས་ལ། དྲག་པོའི་སྔགས་ཀྱིས་བཏབ་ནས་ཀྱང་། །དབུས་ཀྱི་གྲུ་གསུམ་ནང་དུ་གཞུག །དམར་གཏོར་དང་ནི་ཉུང་དཀར་དང་། ལྕགས་ཕྱེ་དང་ནི་རྡོ་ཕྱེ་དང་། དུག་གཏོར་ལ་སོགས་འགྲམ་དུ་བཞག །གཟུགས་དང་མིང་རུས་ལ་སོགས་པ། །རལ་གྲིས་དུམ་བུར་གཏུབས་ནས་ནི། །བྷནྡྷའི་ནང་དུ་གཞག་པར་བྱ། །སྐྱེར་ཚེར་དང་ནི་མར་ཁུ་དང་། །རོ་ཤན་རས་ཀྱི་དེས་དག་བྱ། །ཞེས་དང་། ཤ་ཁྲག་རུས་པ་གུ་གུལ་ནག །དུག་ཁྲག་སྙིང་སྣ་ཚོགས་ཚད་རྣམས། །པྲའོ་མར་ཁུ་སྐྱེ་ཚེ་མར། །བོང་བུ་རྔ་མོའི་སྦངས་དང་ནི། །བྱ་རོག་འུག་པའི་ཤ་དང་བཅས། །རྔ་མོ་མ་ཧེ་གླང་ཤི་ཤ། ཆང་དང་མི་ཤ་ཉ་ཡི་ཤ། །སྦལ་པ་ལྕོང་མོ་སྦྲུལ་གྱི་ཤ །བསྲེགས་པས་ལས་རྣམས་ཐམས་ཅད་འགྲུབ། །ཅེས་པ་རྣམས་ལས་གང་འགྲུབ་ཚོགས་པར་བྱ། །ཚེར་མ་ཅན་དང་། དུག་ཤིང་། ཆུ་ཤིང་། སྤྱང་ཤིང་ལ་སོགས་རེག་བྱ་རྩུབ་ལ་ཁ་དོག་ནག་པའི་
(༤༨༡)བུད་ཤིང་ཟུར་གསུམ་པས་ཐབ་ཀྱི་ནང་དུ་ཟུར་གསུམ་དུ་གཅིར། གོང་དུ་ངན་སྔགས་ཉེར་བར་བསྙེན་པའི་ལེང་རེའི་སུམ་ཆ་བཞག་པ་ཡང་ཐབ་ནང་དུ་བཅུག །ཐོད་ངན་གྱི་སྣོད་དུ་དམར་གྱི་ཨརྒྷཾ། དུག་སྣ་ཚོགས་པའི་མེ་ཏོག །ཤ་ཆེན་གྱི་བསུར་དུད། ཞུན་ཆེན་གྱི་མར་མེ། ཙིཏྟའི་དཔལ་བཤོས། དུག་གཏོར། སྨན་རག་ལ་སོགས་པའི་མཆོད་རྫས་བཤམས། རབས་ཆད་ཀྱི་ཐོད་པར་གོང་གི་བསྲེག་རྫས་རྣམས་དང་། དུམ་བུ་དྲུག་པའི་སྣོད་དུ་ལིངྒ་ཆུང་བ་མིང་རུས་ཅན་བརྒྱ་རྩ་བརྒྱད། མཆོག་ཆེན་གྱི་རྐང་པའི་དགང་བླུགས། ཞིང་ཕོ་མོ་ལས་བྱུང་བའི་སྤུད་པའམ། རོ་རས་ཀྱི་རླུང་གཡབ་ཀྱང་བསག་གོ །གཉིས་པ་ནི་རྒྱུད་ལས། ཡང་ན་དཀྱིལ་འཁོར་ཆེན་པོ་དང་། །འབྲེལ་པ་ཉིད་དུ་བྱ་བ་ཡི། །དཀྱིལ་འཁོར་རྣམ་གསུམ་རྫོགས་པ་དང་། །གང་ལ་དམིགས་པའི་ལིངྒ་ལ། །དགུག་གཞུག་ལས་རྣམས་ཤེས་པར་བྱ། །གཅད་དང་གཏུབ་དང་བཏབ་པ་རྣམས། །རྡོ་རྗེ་སྡེར་མོ་ལ་སོགས་བྱ། །དེ་ནས་མེ་ལྷ་སྤྱན་ཡང་དྲང་། །ཞེས་པས། དང་པོ་ལྷ་བསྙེན་གཞུང་བསྲང་བཟླས་པའི་བར་དུ་བྱས་ལ། ཚོགས་ཀྱི་མཆོད་པ་བྱ། ཚོགས་ཐ་མའི་མལ་དུག་དབ་ལས་ནི། སྤྲོ་ན་གསེར་སྐྱེམས་གཟུ་དཔང་གཏད། དེ་ནས། ཧཱུྃ་དམ་ཚིག་ཆེན་པོའི་དུས་ལ་བབ། སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཤྭ་ན་མུ་ཁའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །ཧཱུྃ་དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུང་ཞིག་ཆིངས་ཤིག་རྣམ་པར་ཆིངས། །གཏོགས་ཤིག་སྲོག་དང་བྲལ་བར་གྱིས། །རིངས་པར་ཁུག་ལ་སྨྲར་ཆུག་ཅིག །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ལུས་ངག་རྡུལ་ཕྲན་བཞིན་དུ་ལྷོགས། །ང་ཡི་དབང་དུ་གྱུར་ནས་ཀྱང་། །
(༤༨༢)བསྒོ་བའི་བཀའ་རྣམས་ཉན་པར་བྱོས། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཧཱུྃ་བཾ་ཧོ ཆེ་གེ་མོ་ཧ་ས་ཡ་ར་ཧྲི་ཏ་ན་ཨ་བེ་ཤ་ཡ་ཨ་བེ་ཤ་ཡ། ཤི་ཀྲི་ཨ་ན་ཡཱ། ཤི་ཀྲི་ཨ་ན་ཡ། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ། ཏ་ཐཱ་ཡ་ཏ་ཐཱ་ཡ། བྷནྡྷ་ཡ་བྷནྡྷ་ཡ་སརྦ་བིག་ནན་བཾ་ཧཱུྃ་ཕཊ། ཆོ་ལུང་ཁྲུས་ལུང་གི་དགོངས་པས། ཧཱུྃ། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །གསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེས་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་སྒོམ། །ཨཱོཾ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ནན། མོ་ཧ་གྷ་ཡ་བྷ་ག་ཝན། ཤི་ཀྲི་བི་ཀྲི། ཤྲཱི་བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཕཊ། ཧཱུྃ་བདག་ཅག་རྣལ་འབྱོར་སྒྲུབ་པ་པོས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་གསོབ་པའི། །རིག་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་དང་། །དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་འདིར་ཁུག་ལ། །མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་། །ལུས་ངག་རྡུལ་དུ་བཤིག་ནས་ཀྱང་། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཁྲོ་བཅུའི་བསྒྲལ་དམིགས་དང་ལྡན་པས། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཧཱུྃ་བཾ་ཧོ ཧ་ན་ཧ་ན་ཧཱུྃ་ཕཊ། ད་ཧ་ད་ཧ་ཧཱུྃ་ཕཊ། པ་ཙ་པ་ཙ་ཧཱུྃ་ཕཊ། མ་ཐཱ་མ་ཐཱ་ཧཱུྃ་ཕཊ། ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ། སུ་རུ་སུ་རུ་ཧཱུྃ་ཕཊ། མུ་རུ་མུ་རུ་ཧཱུྃ་ཕཊ། ཀ་ཏང་ཀ་ཏེ་ཡ་ཧཱུྃ་ཕཊ། ཛ་ཡེ་བི་ཛ་ཡེ་ཧཱུྃ་ཕཊ། ཨ་ཙི་ཏ་ཨ་པ་ར་ཙི་ཏ་མ་རསྱ་ནི་པྲ་མརྟ་ནི་ཡེ་སརྦ་བིག་ནན་བཾ་ཧཱུྃ་ཕཊ། ཁྲོ་མོ་བཅུ་ཡི་བསྒྲལ་དམིགས་ཀྱིས། ཧཱུྃ། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་གནོད་སྦྱིན་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་མཛོད། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཧཱུྃ་བཾ་ཧོ པ་ར་བིག་ཏན་ཧཱུྃ་ཕཊ། ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ། བིནྡྷ་བིནྡྷ་ཧཱུྃ་ཕཊ།
(༤༨༣)།གིྷྲ་ཧ་ན་གིྷྲ་ཧ་ན་ཧཱུྃ་ཕཊ། ཧ་ན་ཧ་ན་ཧཱུྃ་ཕཊ། བྷནྡྷ་བྷནྡྷ་ཧཱུྃ་ཕཊ། སརྦ་ཨ་ན་ཡ་ཧཱུྃ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་སརྦ་བིག་ནན་བཾ་ཧཱུྃ་ཕཊ། སྒོམ་བཞིའི། །ཧཱུྃ། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཇི་ལྟར་དམ་བཅས་པའི། །མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད། །གསད་གྲིས་ཉ་བོ་གཏུབ་ཅིང་། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཧཱུྃ་བཾ་ཧོ མ་ཐཱ་མ་ཐཱ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། སརྦ་བིག་ནན་བཾ་ཧཱུྃ་ཕཊ། ཐུན་དབབ་པ་ནི། ཧཱུྃ། རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཧཱུྃ་བཾ་ཧོ ཀ་ཏང་ཀ་ཏེ། ཛ་ཡེ་ཏ་བི་ཛ་ཡེ་ཏ། ཨ་ཙི་ཏེ། ཨ་པ་ར་ཙི་ཏེ། མ་ར་སྱན་པྲ་མརྟ་ནི་ཡ་ཧཱུྃ་མ་མ་པཱ་ཤཾ་ཀུ་རུ་མ་ཏཾ་ཉག་ར་ཨི་ནན་དྷ་ཏཾ་མ་མ་ཀརྨཱ་ཤྲི་ཀྲཾ་ཀ་ཏེ་ཡ་སརྦ་བིག་ནན་བཾ་ཧཱུྃ་ཕཊ། གཏུན་དུ་བརྡུང་བ་ནི། ཧཱུྃ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །རྡོ་རྗེ་མེ་དཔལ་སྙིང་བསྲེགས་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་ལྷོགས། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུངས་བྱས་ནས། །ལྷ་ཡང་རུང་སྟེ་བརླག་པར་འགྱུར། ཁ་ཐམ་ཁ་ཐམ་ཞེས་ཉི་ཤུ་རྩ་གཅིག་བརྗོད། ཞལ་དུ་བསྟབ་པ་ནི། ཧཱུྃ། བདག་ཉིད་ཆེན་པོའི་དུས་ལ་བབ། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་ནི་ཉན་པར་བྱོས། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་ཡཀྴ་ཀྲོ་དྷ་ཁཱ་ཧི། ཧ་ཧ། ཞེས་བརྗོད་ལ།
(༤༨༤)ལིངྒ་རྣམས་བསྲེག་རྫས་ཀྱི་གཙོ་བོར་བཞག་གོ། །དེ་ནས་རྣལ་འབྱོར་པ་རྣམས་ཁྲོས་པའི་སེམས་ཀྱིས་ཁ་ལྷོ་ཕྱོགས་གདོང་ལ་ཐལ་ཆེན་བྱུགས། སྟན་ནག་པོའི་སྟེང་མངོན་སྤྱོད་ཀྱི་ཆས་སུ་ཞུགས་ལ། །གདོལ་ཤན་ནམ། དུར་ཁྲོད་ལས་བྱུང་བའི་མི་རོ་སྐྲ་དང་བཅས་པའི་དཔལ་འབར་གྱིས་སྤར་ཞིང་། རླུང་གཡབ་དང་བཅས། ཛཧཱུྃ་བོ་ཧོ། ཨོཾ་ཨགྣེ་ཛྭ་ལ་རཾ། ཞེས་བརྗོད་པས་རཾ་དམར་ནག་གཅིག་ཏུ་གྱུར། དེ་ཡོངས་སུ་གྱུར་པ་ལས། །ཧཱུྃ། གྲུ་གསུམ་མེ་ཡི་དཀྱིལ་འཁོར་ན། །དྲང་སྲོང་ཆེན་པོ་མེ་ཡི་ལྷ། །ཆིབས་སུ་ར་སྐྱེས་ཁམ་པ་ཆིབས། །སྐུ་ལ་མེ་ཡི་སློག་པ་གསོལ། །ཞལ་གསུམ་ཕྱག་དྲུག་ཁྲོ་ཚུལ་སྟོན། །སྐུ་མདོག་འདོད་དགུར་བསྒྱུར་མཛད་ཅིང་། །ཕྱག་དྲུག་མཛེས་པའི་མཚོན་ཆ་ནི། །གྷུནྡྷེ་མེ་ཐབ་བགྲང་པྲེང་དང་། སྤྱི་བླུགས་སྐྱབས་སྦྱིན་ཕུར་བུ་བསྣམས། །རྡོ་རྗེ་ཕུར་པའི་ཞབས་དང་ལྡན། །དུས་གསུམ་རྒྱལ་བའི་སྐུ་བརྙེས་པ། །གདུག་བྱེད་དྲག་པོ་མེ་ཡི་ལྷ། །གདུག་པའི་ཚོགས་ཀུན་སྲེག་པར་བྱེད། །གང་ཡིན་ཞིང་བཅུ་འཚིག་པར་མཛོད། །ཧཱུྃ། ཕྱོགས་སྐྱོང་རྒྱལ་པོ་མེ་ཡི་ལྷ། །སྟེང་ཕྱོགས་འབར་བ་མེ་ཡི་ལྷ། །ཕྱག་གཡས་མདའ་གཞུ་རང་འགེངས་བསྣམས། །གཡོན་པ་མེ་ཡི་ཕུང་པོ་འབར། །དཀར་བའི་ཞལ་ནི་གཏིང་ནས་མཐིང་། །བུས་ཤིག་བུས་ཤིག་མེ་བུས་ཤིག །རྒྱ་མཚོའི་གཏིང་ནས་མེ་ལོང་ལ། །རི་རབ་རྩེ་ནས་མེ་བུས་ཤིག །ཉམས་པ་གང་ཡིན་འཚིག་པར་མཛོད། །འབྱུང་པོ་གང་ཡིན་འཚིག་པར་མཛོད། ཧཱུྃ། ཕྱོགས་སྐྱོང་རྒྱལ་པོ་མེ་ཡི་
(༤༨༥)ལྷ། །ཤར་ཕྱོགས་འབར་བ་མེ་ཡི་ལྷ། །ཕྱག་གཡས་འཁོར་ལོ་དཀར་པོ་བསྣམས། །གཡོན་པ་མེ་ཡི་ཕུང་པོ་བསྣམས། །སྐུ་མདོག་དཀར་པོ་ཤིན་ཏུ་གསལ། །བུས་ཤིག་བུས་ཤིག་མེ་བུས་ཤིག །རྒྱ་མཚོའི་གཏིང་ནས་མེ་ལོང་ལ། །རི་རབ་རྩེ་ནས་མེ་བུས་ཤིག །ཉམས་པ་གང་ཡིན་འཚིག་པར་མཛོད། །འབྱུང་པོ་གང་ཡིན་འཚིག་པར་མཛོད། །ཧཱུྃ། ཕྱོགས་སྐྱོང་རྒྱལ་པོ་མ་ཡི་ལྷ། །ཤར་ལྷོ་འབར་བ་མེ་ཡི་ལྷ། །ཕྱག་གཡས་དགྲ་སྟྭ་རབ་ཏུ་འདེབས། །གཡོན་པ་མེ་ཡི་ཕུང་པོ་བསྣམས། །དམར་སྔོན་སྐུ་མདོག་རབ་ཏུ་གསལ། །བུས་ཤིག་བུས་ཤིག་མེ་བུས་ཤིག །རྒྱ་མཚོའི་གཏིང་ནས་མེ་ལོང་ལ། །རི་རབ་རྩེ་ནས་མེ་བུས་ཤིག །ཉམས་པ་གང་ཡིན་འཚིག་པར་མཛོད། །འབྱུང་པོ་གང་ཡིན་འཚིག་པར་མཛོད། །ཧཱུྃ། ཕྱོགས་སྐྱོང་རྒྱལ་པོ་མེ་ཡི་ལྷ། །ལྷོ་ཕྱོགས་འབར་བ་མེ་ཡི་ལྷ། །ཕྱག་གཡས་དགྲ་སྟྭ་རབ་ཏུ་འདེབས། །གཡོན་པ་མེ་ཡི་ཕུང་པོ་བསྣམས། །སྐུ་མདོག་སྔོན་མོ་ཤིན་ཏུ་གསལ། །བུས་ཤིག་བུས་ཤིག་མེ་བུས་ཤིག །རྒྱ་མཚོའི་གཏིང་ནས་མེ་ལོང་ལ། །རི་རབ་རྩེ་ནས་མེ་བུས་ཤིག །ཉམས་པ་གང་ཡིན་འཚིག་པར་མཛོད། །འབྱུང་པོ་གང་ཡིན་འཚིག་པར་མཛོད། །ཧཱུྃ། ཕྱོགས་སྐྱོང་རྒྱལ་པོ་མེ་ཡི་ལྷ། །ལྷོ་ནུབ་འབར་བ་མེ་ཡི་ལྷ། །ཕྱག་གཡས་རལ་གྲི་རབ་ཏུ་འདེབས། །གཡོན་པ་མེ་ཡི་ཕུང་པོ་བསྣམས། །ལྗང་སྔོན་སྐུ་མདོག་རབ་ཏུ་གསལ། །བུས་ཤིག་བུས་ཤིག་མེ་བུས་ཤིག །རྒྱ་མཚོའི་གཏིང་ནས་མེ་ལོང་ལ། །རི་རབ་རྩེ་ནས་མེ་བུས་ཤིག །ཉམས་པ་གང་ཡིན་
(༤༨༦)འཚིག་པར་མཛོད། །འབྱུང་པོ་གང་ཡིན་འཚིག་པར་མཛོད། །ཧཱུྃ། ཕྱོགས་སྐྱོང་རྒྱལ་པོ་མེ་ཡི་ལྷ། །ནུབ་ཕྱོགས་འབར་བ་མེ་ཡི་ལྷ། །གཡས་པའི་སྤུ་གྲིས་རབ་ཏུ་གཅོད། །གཡོན་པ་མེ་ཡི་ཕུང་པོ་བསྣམས། །སྐུ་མདོག་དམར་པོ་རབ་ཏུ་གསལ། །བུས་ཤིག་བུས་ཤིག་མེ་བུས་ཤིག །རྒྱ་མཚོའི་གཏིང་ནས་མེ་ལོང་ལ། །རི་རབ་རྩེ་ནས་མེ་བུས་ཤིག །ཉམས་པ་གང་ཡིན་འཚིག་པར་མཛོད། །འབྱུང་པོ་གང་ཡིན་འཚིག་པར་མཛོད། །ཧཱུྃ། ཕྱོགས་སྐྱོང་རྒྱལ་པོ་མེ་ཡི་ལྷ། །ནུབ་བྱང་འབར་བ་མེ་ཡི་ལྷ། །ཕྱག་གཡས་རྡུལ་གཡབ་བ་དན་བསྣམས། །གཡོན་པ་མེ་ཡི་ཕུང་པོ་བསྣམས། །སྐུ་མདོག་དམར་སྐྱ་ཤིན་ཏུ་གསལ། །བུས་ཤིག་བུས་ཤིག་མེ་བུས་ཤིག །རྒྱ་མཚོའི་གཏིང་ནས་མེ་ལོང་ལ། །རི་རབ་རྩེ་ནས་མེ་བུས་ཤིག །ཉམས་པ་གང་ཡིན་འཚིག་པར་མཛོད། །འབྱུང་པོ་གང་ཡིན་འཚིག་པར་མཛོད། །ཧཱུྃ། ཕྱོགས་སྐྱོང་རྒྱལ་པོ་མེ་ཡི་ལྷ། །བྱང་ཕྱོགས་འབར་བ་མེ་ཡི་ལྷ། །ཕྱག་གཡས་རྒྱ་གྲམ་རབ་ཏུ་འཛིན། །གཡོན་པ་མེ་ཡི་ཕུར་པོ་བསྣམས། །ལྗང་ནག་ཤིན་ཏུ་གསལ་བའི་སྐུ། །བུས་ཤིག་བུས་ཤིག་མེ་བུས་ཤིག །རྒྱ་མཚོའི་གཏིང་ནས་མེ་ལོང་ལ། །རི་རབ་རྩེ་ནས་མེ་བུས་ཤིག །ཉམས་པ་གང་ཡིན་འཚིག་པར་མཛོད། །འབྱུང་པོ་གང་ཡིན་འཚིག་པར་མཛོད། ཧཱུྃ། ཕྱོགས་སྐྱོང་རྒྱལ་པོ་མེ་ཡི་ལྷ། །བྱང་ཤར་འབར་བ་མེ་ཡི་ལྷ། །གཡས་པ་ཁ་ཊྭཾ་རྩེ་གསུམ་བསྣམས། །གཡོན་པ་མེ་ཡི་ཕུང་པོ་བསྣམས། །ལྗང་སེར་ཤིན་ཏུ་གསལ་བའི་སྐུ། །བུས་ཤིག་བུས་ཤིག་མེ་
(༤༨༧)བུས་ཤིག །རྒྱ་མཚོའི་གཏིང་ནས་མེ་ལོང་ལ། །རི་རབ་རྩེ་ནས་མེ་བུས་ཤིག །ཉམས་པ་གང་ཡིན་འཚིག་པར་མཛོད། །འབྱུང་པོ་གང་ཡིན་འཚིག་པར་མཛོད། །ཧཱུྃ། ཕྱོགས་སྐྱོང་རྒྱལ་པོ་མེ་ཡི་ལྷ། །འོག་ཕྱོགས་འབར་བ་མེ་ཡི་ལྷ། །ཕྱག་གཡས་ཐོ་བ་གཏུན་ཤིང་བསྣམས། །གཡོན་པ་མེ་ཡི་ཕུང་པོ་བསྣམས། །དུད་ཁ་ཤིན་ཏུ་གསལ་བའི་སྐུ། །བུས་ཤིག་བུས་ཤིག་མེ་བུས་ཤིག །རྒྱ་མཚོའི་གཏིང་ནས་མེ་ལོང་ལ། །རི་རབ་རྩེ་ནས་མེ་བུས་ཤིག །ཉམས་པ་གང་ཡིན་འཚིག་པར་མཛོད། །འབྱུང་པོ་གང་ཡིན་འཚིག་པར་མཛོད། །ཞེས་པས་གསལ་གདབ་པ་ནི། སྦྱིན་སྲེག་གི་ལས་ལ་དབང་བའི་དོན་དུ་མེ་ལྷ་ལྷར་ཤེས་པའི་དགོངས་པ་སྟེ། རྒྱུད་ལས། རྣམ་གསུམ་མཆོད་པ་ལྷ་ལ་འབུལ། །མཉེས་པ་ལྷ་ཡིས་དངོས་གྲུབ་སྟེར། །ལ་ཡང་དྲག་པོ་མེ་ཡི་ཆས། །རབ་ཏུ་འབར་བའི་ནང་ན་བཞུགས། །ཞེས་པའི་དོན་ནོ། །དེ་ནས་སྤྱན་དྲང་པ་ནི། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་མེ་ཡི་རྒྱལ་པོ་ཆེ། །སྲེག་བླུགས་ཞལ་ཟས་བཞེས་སུ་གསོལ། །འབར་བའི་གདན་ལ་བཞུགས་ནས་ཀྱང་། །ལས་རྣམས་འགྲུབ་པར་མཛད་པ་དང་། །དངོས་གྲུབ་ཚུལ་བཞིན་སྩལ་དུ་གསོལ། །ཨགྣ་ཡེ་ར་ཛ་ས་མ་ཡ་ཛ ཞེས་དང་། ཛཧཱུྃ་བཾ་ཧོས་བསྟིམ། ཨོཾ་བཛྲ་ཨཉྫ་ལ་ནཱཾ་ཨཱཧཱུྃ་གིས་ཞལ་བསིལ་དཔུལ། དེ་ནས་སྣུམ་ཆེན་གྱི་དགང་བླུགས་གསུམ་དབུལ་ཞིང་། ཨོཾ་ཨགྣ་ཡེ་ཧ་བྱ་ཀ་བྱ། བྷ་ཧ་མ་ན་ཡེ་ཆེ་གེ་མོ་མཱ་ར་ཡ་ཕཊ། ཅེས་དང་། བསྲེག་རྫས་རྣམས།
(༤༨༨)ཨགྣ་ཡ་ཛྭ་ལ་རཾ་ཆེ་གེ་མོ་མཱ་ར་ཡ་ཕཊ། །ཅེས་རིམ་པ་བཞིན་དུ་དབུལ་རྗེས་སྣུམ་ཆེན་གྱི་དགང་བླུགས་གསུམ་ཕུལ་རྗེས་བསྟོད་པ་ནི། ཧཱུྃ། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །དྲང་སྲོང་ཆེན་པོའི་ཆ་བྱེད་ཅན། །ཚངས་པའི་སྐུད་པས་རབ་དགེ་བ། །རིན་ཆེན་རུས་པའི་རྒྱན་གྱིས་མཛེས། །ཞལ་གསུམ་ཕྱག་དྲུག་ཁྲོ་ཚུལ་སྟོན། །སྐུ་མདོག་འདོད་དགུར་བསྒྱུར་མཛད་ཅིང་། །ཕྱག་དྲུག་མཛེས་པའི་མཚོན་ཆ་ནི། །གྷུནྡྷེ་མེ་ཐབ་བགྲང་ཕྲེང་དང་། །སྤྱི་བླུགས་སྐྱབས་སྦྱིན་ཕུར་བུ་བསྣམས། །རྒྱུད་དྲུག་རྩད་ནས་གཅོད་ལ་བསྟོད། །རྡོ་རྗེ་ཕུར་པའི་ཞབས་དང་ལྡན། །ཆུ་སྐྱེས་ཉི་མའི་སྟེང་ན་བཞུགས། །དག་བྱེད་ར་ཡི་སྟན་ལ་འདུག །བདུད་རྣམས་འདུལ་ལ་བདག་བསྟོད་དོ། །ཞེས་དང་། དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་དགྲ་བོ་བརླག་པར་མཛོད། །ཅེས་ཕྲིན་ལས་བཅོལ། །དེ་ནས་ལས་ཀྱི་དངོས་གྲུབ་ཐོབ་པའི་ཕྱིར། མེ་ལྷ་ཉིད་ཡེ་ཤེས་ལྷའི་ཕོ་བྲང་དུ་ཤེས་པར་བྱས་ནས་མངོན་སྤྱོད་ཀྱི་ལས་བསྒྲུབ་པ་ནི། ལས་ཆུས་བསང་ཞིང་། མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེའི་དབུས། །རཀྟའི་རྒྱ་མཚོ་ཆེན་པོ་འཁྱིལ་པའི་གློང་། །ཞེས་པ་ནས། ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཞེས་པའི་བར་ཞི་བའི་སྦྱིན་སྲེག་ལྟར་དང་། དེ་ནས་བསྲེག་རྫས་དབུལ་བ་ནི། ཁྲག་འཐུང་གི་ལྷ་ཚོགས་རྣམས་ཞལ་ཧོམ་ཁུང་ལྟ་བུར་གདངས་པའི་ནང་དུ་གནོད་བྱེད་དགྲ་བགེགས་ཀྱི་ངོ་བོ་བསྲེག་བླུགས་ཀྱི་རྣམ་པར་ཕུལ་བས་དགྱེས་པའི་གདོམས་སྲིད་གསུམ་ཐམས་ཅད་ཀྱང་གཡོ་ཞིང་འདར་བར་གྱུར། སྣུམ་
(༤༨༩)ཆེན་གྱི་དགང་བླུགས་དབུལ་ཞིང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཧཱུྃ་བཾ་ཧོ་སརྦ་བིག་ནན་བཾ་ཧཱུྃ་ཕཊ། ལན་བདུན་མཐར། སརྦ་ཤ་ཏྲཱུཾ་ཆེ་གེ་མོ་ཨ་མུ་ཀ་བཛྲ་རཱུ་བ་མཱ་ར་ཡ་ཕཊ། ལན་གསུམ་གྱིས་བསྐོར་ནས་དབུལ། དེ་ནས་བསྲེག་རྫས་དབུལ་བ་ནི། ཧཱུྃ། འབྱུང་པོའི་ཤ་ནི་ཟན་པས་ཞིམ། །གཏི་མུག་མཆོད་པ་བླ་ན་མེད། །བླ་མེད་མཆོད་པ་འདི་འབུལ་ཀྱིས། །སྐུ་ཡི་དངོས་གྲུབ་སྩོལ་དུ་གསོལ། །འབྱུང་པོའི་ཁྲག་ནི་ཆང་བས་ཞིམ། །འདོད་ཆགས་མཆོད་པ་བླ་ན་མེད། །བླ་མེད་མཆོད་པ་འདི་འབུལ་ཀྱིས། །གསུང་གི་དངོས་གྲུབ་སྩལ་དུ་གསོལ། །འབྱུང་པོའི་བརླ་རྐང་མར་བས་ཞིམ། །ཞེ་སྡང་མཆོད་པ་བླ་ན་མེད། །བླ་མེད་མཆོད་པ་འདི་འབུལ་གྱིས། །ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །དུག་གསུམ་མཆོད་པ་བླ་ན་མེད། །སྦྱིན་སྲེག་མཆོད་པ་འདི་འབུལ་གྱིས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཧཱུྃ། མེ་ཡི་རྒྱལ་པོ་ཁྲོ་བོའི་སྐུ། །འུར་འུར་ཆེམ་ཆེམ་འབར་བའི་འོད། ཁམས་གསུམ་འཁོར་བ་གཞོམ་པ་དང་། །ཉོན་མོངས་ལོག་ལྟ་བསྲེག་པའི་ཕྱིར། །ཡེ་ཤེས་མེ་ཆེན་འབར་བ་ཡིས། །འཁོར་བའི་བག་ཆགས་བསྲེག་པ་དང་། །དངོས་གྲུབ་འཆེ་བའི་གདུག་པ་ཅན། །ཁྲོ་རྒྱལ་འབར་བའི་མེ་ལ་བསྲེག །ཅེས་བརྗོད་ལ། །སྣུམ་ཆེན་རེ་དང་། ཡ་མ་ཤིང་དང་། ལིངྒ་དང་། བསྲེག་རྫས་རྣམས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་ཅྭ་ལ་རི་མཱ་ར་ཡ་སརྦ་བིག་ནན་བཾ་ཧཱུྃ་ཧཱུྃ་ཕཊ། ཅེས་པའི་སྔགས་རེ་དང་བསྟུན་རྗེས། ཕྲིན་བཅོལ་ནི། ཧཱུྃ། སངས་རྒྱས་བསྟན་པ་བཤིག་པ་དང་། །དཀོན་མཆོག་
(༤༩༠)སྐུ་དགྲ་དབེན་རྩ་འཇོམས། །ཆོས་ཁྲིམས་འབྲལ་དང་སློབ་དཔོན་དགྲ། །རྣལ་འབྱོར་འཇོམས་པ་ལ་སོགས་པ། །གསད་དང་དབབ་དང་ནད་ངན་གྱིས། །ཇི་ནས་བརླག་པར་ཁྱེད་ཀྱིས་གྱིས། །ཞེས་བརྗོད། དེ་བཞིན་དུ། རྫས་སྣ་བཞི་པོའི་མཐར། ཧཱུྃ། སངས་རྒྱས་བསྟན་པ་བཤིག་པ་དང་། །ཞེས་པ་ནས། ཇི་ནས་བརླག་པར་ཁྱེད་ཀྱིས་གྱིས། །ཞེས་པའི་བར་ཚར་ཉི་ཤུ་དང་། དེ་ནས་ཁྲོ་བཅུ་སྤྲུལ་པ་དང་བཅས་པ་ལ་འབུལ་བ་ནི། ཧཱུྃ། སྟེང་ནས་རང་བྱུང་གྲུབ་པའི་ལྷ། །ཁྲོ་བོ་ཆེན་པོ་ཧཱུྃ་མཛད་དང་། །ཡུམ་ཆེན་རྡོ་རྗེ་སྒྲ་འབྱིན་མ། །སྤྲུལ་པ་ཕག་དང་སྨིག་བུའི་མགོ། །ཡང་སྤྲུལ་དམ་ཅན་ཚོགས་བཅས་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །ཕྲིན་ལས་དྲག་པོས་གདུལ་ཕྱིར་དུ། །བསྲེག་རྫས་མཆོད་པ་བཞེས་སུ་གསོལ། །ཨོཾ་བཛྲ་ཀྲོ་ཏ་ཧཱུྃ་ཀཱ་ར་ཧཱུྃ་གརྫ་གརྫ་ཧཱུྃ་ཕཊ། ཨགྣ་ཡེ་ཆེ་གེ་མོ་ཛྭ་ལ་རཾ། ཚར་རེ་དང་རྫས་སྣ་བཞི་སྤེལ་བ་ལན་ལྔ་འབུལ། དམོད་བཅོལ་ནི། ཧཱུྃ། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་གནོད་སྦྱིན་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་གྱིས། །མངོན་སྤྱོད་དྲག་པོས་མྱུར་དུ་སྒྲོལ། །ཧཱུྃ། ཤར་ནས་རང་བྱུང་གྲུབ་པའི་ལྷ། །ཁྲོ་བོ་རྡོ་རྗེ་རྣམ་པར་རྒྱལ། །ཡུམ་ཆེན་རྡོ་རྗེ་སྙེམས་མ་དང་། །སྤྲུལ་པ་སྟག་དང་བྱ་རྒོད་མགོ། །ཡང་སྤྲུལ་དམ་ཅན་ཚོགས་བཅས་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །ཕྲིན་ལས་དྲག་པོས་གདུལ་ཕྱིར་དུ། །བསྲེག་རྫས་མཆོད་པ་བཞེས་སུ་གསོལ། །ཨོཾ་བཛྲ་ཀྲོ་ཏ་བི་ཛ་ཡ་ཧཱུྃ་ཧ་ན་ཧ་ན་ཧཱུྃ་ཕཊ། ཨགྣ་ཡེ་ཆེ་གེ་མོ་མཱ་ར་ཡ་
(༤༩༡)ཧཱུྃ། ཕཊ། ཅེས་གོང་བཞིན་རྫས་སྣ་བཞི་པོ་ཡན་ལྔའི་མཐར། དམོད་བཅོལ་ནི། ཧཱུྃ། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་གནོད་སྦྱིན་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་།རྫུ་འཕྲུལ་མེད་པར་གྱིས། །མངོན་སྤྱོད་དྲག་པོས་མྱུར་དུ་སྒྲོལ། ཧཱུྃ། ལྷོ་ནས་རང་བྱུང་གྲུབ་པའི་ལྷ། །ཁྲོ་བོའི་རྒྱལ་པོ་གཤིན་རྗེའི་གཤེད། །ཡུམ་ཆེན་རྡོ་རྗེ་དུར་ཁྲོད་དང་། །སྤྲུལ་པ་དྲེད་དང་བྱི་ལའི་མགོ། །ཡང་སྤྲུལ་དམ་ཅན་ཚོགས་བཅས་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །ཕྲིན་ལས་དྲག་པོས་གདུལ་ཕྱིར་དུ། །བསྲེག་རྫས་མཆོད་པ་བཞེས་སུ་གསོལ། །ཨོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུྃ་པ་ཙ་པ་ཙ་ཧཱུྃ་ཕཊ། ཨགྣ་ཡེ་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ། ཚར་རེ་དང་རྫས་སྣ་བཞི་སྤྲེལ་བ་ལན་ལྔ་འབུལ། དམོད་བཙོལ་ནི། ཧཱུྃ། གདིག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་གནོད་སྦྱིན་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་གྱིས། །མངོན་སྤྱོད་དྲག་པོས་མྱུར་དུ་སྒྲོལ། ཧཱུྃ། ནུབ་ནས་རང་བྱུང་གྲུབ་པའི་ལྷ། །ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དབང་། །ཡུམ་ཆེན་རྡོ་རྗེ་གཏུམ་མོ་དང་། །སྤྲུལ་པ་བྱི་ལ་པུ་ཤུད་མགོ། །ཡང་སྤྲུལ་དམ་ཅན་ཚོགས་བཅས་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །ཕྲིན་ལས་དྲག་པོས་གདུལ་ཕྱིར་དུ། །བསྲེག་རྫས་མཆོད་པ་བཞེས་སུ་གསོལ། །ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷཱི་ཝ་ཧྲཱིཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨགྣ་ཡེ་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ། ཚར་རེ་དང་རྫས་སྣ་བཞི་སྤེལ་བ་ལན་ལྔ་འབུལ།
(༤༩༢)དམོད་བཅོལ་ནི། ཧཱུྃ། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་གནོད་སྦྱིན་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་གྱིས། །མངོན་སྤྱོད་དྲག་པོས་མྱུར་དུ་སྒྲོལ། ཧཱུྃ། བྱང་ནས་རང་བྱུང་གྲུབ་པའི་ལྷ། །ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ། །ཡུམ་ཆེན་རྡོ་རྗེ་རླུང་འབྱིན་མ། །སྤྲུལ་པ་སེང་གེ་ཕ་ཝང་མགོ། །ཡང་སྤྲུལ་དམ་ཅན་ཚོགས་བཅས་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །ཕྲིན་ལས་དྲག་པོས་གདུལ་ཕྱིར་དུ། །བསྲེག་རྫས་མཆོད་པ་བཞེས་སུ་གསོལ། །ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ། ཨགྣ་ཡེ་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ། ཚར་རེ་དང་རྫས་སྣ་བཞི་སྤེལ་བ་ལན་ལྔ་འབུལ། །དམོད་བཅོལ་ནི། ཧཱུྃ། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷ་འམ་གནོད་སྦྱིན་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་གྱིས། །མངོན་སྤྱོད་དྲག་པོས་མྱུར་དུ་སྒྲོལ། ཧཱུྃ། ཤར་ལྷོ་རང་བྱུང་གྲུབ་པའི་ལྷ། །ཁྲོ་བོ་ཆེན་པོ་དབྱུག་སྔོན་ཅན། །ཡུམ་ཆེན་རྡོ་རྗེ་སྡེར་མོ་དང་། །སྤྲུལ་པ་གཡག་དང་བྱ་རོག་མགོ །ཡང་སྤྲུལ་དམ་ཅན་ཚོགས་བཅས་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །ཕྲིན་ལས་དྲག་པོས་གདུལ་ཕྱིར་དུ། །བསྲེག་རྫས་མཆོད་པ་བཞེས་སུ་གསོལ། །ཨོཾ་བཛྲ་ཀྲོ་ཏ་ནཱི་ལེ་དཎྜ་ཧཱུྃ་ད་ཧ་ད་ཧ་ཧཱུྃ་ཕཊ། ཨགྣ་ཡེ་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ། ཚར་རེ་དང་རྫས་སྣ་བཞི་སྤེལ་བ་ལན་ལྔ་འབུལ། དམོད་བཅོལ་ནི། ཧཱུྃ། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་གནོད་སྦྱིན་བདུད་ཀྱང་རུང་། །ང་ལ་
(༤༩༣)བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་གྱིས། །མངོན་སྤྱོད་དྲག་པོས་མྱུར་དུ་སྒྲལ། ཧཱུྃ། ལྷོ་ནུབ་རང་བྱུང་གྲུབ་པའི་ལྷ། །ཁྲོ་བོ་ཆེན་པོ་མི་གཡོ་མགོན། །ཡུམ་ཆེན་རྡོ་རྗེ་གཏུན་ཁུང་དང་། །སྤྲུལ་པ་གཟིག་དང་ཁྭ་ཏའི་མགོ། །ཡང་སྤྲུལ་དམ་ཅན་ཚོགས་བཅས་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །ཕྲིན་ལས་དྲག་པོས་གདུལ་ཕྱིར་དུ། །བསྲེག་རྫས་མཆོད་པ་བཞེས་སུ་གསོལ། །ཨོཾ་བཛྲ་ཀྲོ་ཏ་ཨཱ་རྱ་ཨ་ཙ་ལ་ཧཱུྃ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ཨགྣ་ཡེ་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ། ཚར་རེ་དང་རྫས་སྣ་བཞི་སྤེལ་བ་ལན་ལྔ་འབུལ། དམོད་བཅོལ་ནི། ཧཱུྃ། གདིག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་གནོད་སྦྱིན་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་གྱིས། །མངོན་སྤྱོད་དྲག་པོས་མྱུར་དུ་སྒྲོལ། ཧཱུྃ། ནུབ་བྱང་རང་བྱུང་གྲུབ་པའི་ལྷ། །ཁྲོ་བོ་ཆེན་པོ་གཞན་ལས་རྒྱལ། །ཡུམ་ཆེན་རྡོ་རྗེ་མདའ་སྙེམས་མ། །སྤྲུལ་པ་སྤྱང་ཀི་ཁྲ་ཡི་མགོ། །ཡང་སྤྲུལ་དམ་ཅན་ཚོགས་བཅས་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །ཕྲིན་ལས་དྲག་པོས་གདུལ་ཕྱིར་དུ། །བསྲེག་རྫས་མཆོད་པ་བཞེས་སུ་གསོལ། །ཨོཾ་བཛྲ་ཀྲོ་ཏ་ཨ་པ་ར་ཙི་ཏ་ཧཱུྃ་ཏིཥིྛ་ཏིཥྛ་ཧཱུྃ་ཕཊ། ཨགྣ་ཡེ་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ། ཚར་རེ་དང་རྫས་སྣ་བཞི་སྤེལ་བ་ལན་ལྔ་འབུལ། དམོད་བཅོལ་ནི། ཧཱུྃ། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་གནོད་སྦྱིན་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་གྱིས། །
(༤༩༤)མངོན་སྤྱོད་དྲག་པོས་མྱུར་དུ་སྒྲོལ། ཧཱུྃ། བྱང་ཤར་རང་བྱུང་གྲུབ་པའི་ལྷ། །ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ། །ཡུམ་ཆེན་རྡོ་རྗེ་གསོད་མ་དང་། །སྤྲུལ་པ་དོམ་དང་སྲེ་མོའི་མགོ། །ཡང་སྤྲུལ་དམ་ཅན་ཚོགས་བཅས་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །ཕྲིན་ལས་དྲག་པོས་གདུལ་ཕྱིར་དུ། །བསྲེག་རྫས་མཆོད་པ་བཞེས་སུ་གསོལ། །ཨོཾ་བཛྲ་ཀྲོ་ཏ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ་བིནྡྷ་བིནྡྷ་ཧཱུྃ་ཕཊ། ཨགྣ་ཡེ་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ། ཚེར་རེ་དང་རྫས་སྣ་བཞི་སྤེལ་བ་ལན་ལྔ་འབུལ། །དམོད་བཅོལ་ནི། ཧཱུྃ། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་གནོད་སྦྱིན་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་།རྫུ་འཕྲུལ་མེད་པར་གྱིས། །མངོན་སྤྱོད་དྲག་པོས་མྱུར་དུ་སྒྲོལ། ཧཱུྃ། འོག་ནས་རང་བྱུང་གྲུབ་པའི་ལྷ། །ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ། །ཡུམ་ཆེན་རྡོ་རྗེ་བསྐྱོད་མ་དང་། །སྤྲུལ་པ་དྲེད་དང་བྱི་བའི་མགོ། །ཡང་སྤྲུལ་དམ་ཅན་ཚོགས་བཅས་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །ཕྲིན་ལས་དྲག་པོས་གདུལ་ཕྱིར་དུ། །བསྲེག་རྫས་མཆོད་པ་བཞེས་སུ་གསོལ། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ་སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ། ཨགྣ་ཡེ་ཆེ་གེ་མོ་མ་རཱ་ཡ་ཧཱུྃ་ཕཊ། ཚར་རེ་དང་རྫས་སྣ་བཞི་སྤེལ་བ་ལན་ལྔ་འབུལ། །དམོད་བཅོལ་ནི། ཧཱུྃ། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་གནོད་སྦྱིན་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་གྱིས། །མངོན་སྤྱོད་དྲག་པོས་མྱུར་དུ་སྒྲོལ། ཧཱུྃ། ཤར་ལྷོ་ནུབ་བྱང་སྒོ་བཞི་ནས། །པུ་ཤུད་མགོ་ཅན་ལ་སོགས་པ། །ཕྲིན་ལས་ཤུགས་ཀྱིས་བྱུང་བའི་ལྷ། །ཡེ་ཤེས་སྒོ་མ་ཆེན་མོ་བཞི། །གྲུ་གསུམ་མཐིང་ནག་དཀྱིལ་འཁོར་དུ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །ཕྲིན་ལས་དྲག་པོས་གདུལ་ཕྱིར་དུ། །བསྲེག་རྫས་མཆོད་པ་བཞེས་སུ་གསོལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་འདི་ལ་བ་དེ་ཡ་ཧཱུྃ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ནན ས་མནྟ་ཧྲིད་ཧྲིད་
(༤༩༥)ཧཱུྃ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སུ་རུ་སུ་རུ་པྲ་སུ་རུ་པྲ་སུ་རུ་ཧཱུྃ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་མཱ་ར་ཡ་ཧཱུྃ་ཕཊ། ཨགྣ་ཡེ་ཆེ་གེ་མོ་ཛྭ་ལ་རཾ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་ལན་བཞི་འབུལ་རྗེས། དམོད་བཅོལ་ནི། ཧཱུྃ། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་གནོད་སྦྱིན་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་གྱིས། །མངོན་སྤྱོད་དྲག་པོས་མྱུར་དུ་སྒྲོལ། །སླར་ཡང་འདོད་པའི་ཕྲིན་ལས་བསྒྲུབ་པའི་ཕྱིར་མེ་ལྷ་ཕྱག་ཆང་བར་ཤེས་ནས། མཆོད་པ་ནི། མེ་ལྷའི་རྣམ་པ་དེ་ཉིད་ལོགས་སུ་ཕྱེ་ནས་བསྲེག་རྫས་འབུལ་བའི་ལས་མཛད་པར་བསམས་ལ། བུད་ཤིང་བསྣན། བསང་ཆུ་གཏོར། སྣུམ་ཆེན་གྱི་དགང་བླུགས་གསུམ་དབུལ་བ་དང་ཆབས་ཅིག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཧཱུྃ་བཾ་ཧོ ཨགྣ་ཡེ་པཱུ་ཙ་ཁཱ་ཧི་སརྦ་བིག་ནན་བཾ་ཧཱུྃ་ཕཊ། ཅེས་གསུམ་གྱིས་མེ་ལྷ་གཟི་མདངས་བསྐྱེད། །སྔར་བཞིན་བསྲེག་རྫས་བཞི་པོ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུྃ་ཕཊ། ཨགྣ་ཡེ་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་ཚར་ཉི་ཤུ་ཐམས་བས་འབུལ་རྗེས་ཧཱུྃ་སངས་རྒྱས་བསྟན་པ་བཤིག་པ་དང་། དཀོན་མཆོག་སྐུ་དགྲ་དཔེན་རྩ་འཇོམས། །ཆོས་ཁྲིམས་འདྲལ་དང་སློབ་དཔོན་དགྲ། །རྣལ་འབྱོར་འཇོམས་པ་ལ་སོགས་པ། །གསད་དང་གནན་དང་ནད་ངན་གྱིས། །ཇི་ནས་བརླག་པར་ཁྱེད་ཀྱིས་གྱིས། །ཞེས་འདོད་དོན་གསོལ། དེ་བཞིན་དུ་ཁྲོ་བོ་སོ་སོ་དང་། སྒོམ་བཞི་པོ་ལ་ལན་རེ་ཕུལ་མཐར། ཧཱུྃ་གདུག་ཅིང་སྡང་སེམས་ལྡན་པ་རྣམས། ལྷའམ་གནོད་སྦྱིན་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་གྱིས། །མངོན་སྤྱོད་དྲག་པོས་མྱུར་དུ་སྒྲོལ། །དམོད་བཅོལ་བྱ། དེས་རཱུ་པ་བརྒྱ་རྩ་བརྒྱད་རྫོགས་པར་འགྱུར་ལ། དེ་ཡང་རྫས་མང་ཞིང་རཱུ་པ་ཉུང་བ་དང་། རཱུ་པ་མང་ཞིང་རཱུ་པ་ཉུང་བ་དང་། མེ་ལྷག་ཅིང་
(༤༩༦)རྫས་རྦད་པ་དང་། བསྲེག་རྫས་ལྷག་ཅིང་མེ་ཟད་པ་དང་བཞི་པོ་ནི་མངོན་སྤྱོད་ཀྱི་ལས་འདིའི་བར་གཅོད་ཀྱི་རྒྱུ་ཡིན་པས། ཐམས་ཅད་མཉམ་རྫོགས་ཡོད་པར་བྱའོ། །དེ་ནས་སྨན་གཏོར་རཀྟ་སོགས་འབུལ་བ་ནི། ཧཱུྃ། སངས་རྒྱས་ཀུན་དང་མཉམ་སྦྱོར་ཞིང་། །རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་ཡན་ལག་སྟོང་སྦྱར་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །སྒྲོན་མ་ལྔ་དང་བདུད་རྩི་ལྔ། །རྒྱུད་ལྔ་དུག་ལྔ་འཇོམས་པའི་བདུད། །ཡེ་ཤེས་ལྔ་པོ་གྲུབ་པའི་རྩི། །འཆི་བ་མེད་པའི་དམ་རྫས་ཆེ། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། གཏོར་མ་མི་ཧཱུྃ་ཧེ་རུ་ཀ་ཡི་གནས་བཅུ་དང་། དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་འཁོར་བཅས་སྤྱན་དྲངས་ཏེ། །དུར་ཁྲོད་མཆོག་གི་གནས་འདི་རུ། །ཞིང་ཆེན་གསར་རྙིང་ཏི་རར་བཅས། །དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ། །མཁའ་འགྲོ་འབར་བའི་ཚོགས་ལ་འབུལ། །མ་ལུས་གཤེགས་ནས་བསྣམ་དུ་གསོལ། མ་ཧཱ་བ་ལིནྟ་ཁཱ་ཧི། རཀྟ་ཚར་གསུམ་ནི་ཕུད་དང་རཀྟ་བསྲེས་ལ་དང་པོ་བཀའ་བསྒོ་བའི་ཕྱིར་ཕུལ། ཧཱུྃ། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །རེངས་པར་ཁུག་ལ་སྨྲར་ཆུག་ཅིག །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་ལ་ཉན་པར་བྱོས། མ་ཧཱ་རཀྟ་ཁཱ་ཧི། གཉིས་པ་དམ་ཅན་གནད་དུ་དབབ་པའི་ཕྱིར་འབུལ་བ་ནི། ཧཱུྃ། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཇི་བཞིན་བཅས་པ་ཡི། །མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད། །མ་ཧཱ་རཀྟ་ཁཱ་ཧི། གསུམ་པ་མཐུ་དང་རྫུ་འཕྲུལ་འཕྲོག་པའི་ཕྱིར་འབུལ་བ་ནི། ཧཱུྃ། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདིག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་འོན་ཏེ་བདུད་ཀྱང་རུང་། །ང་ལ་བར་ཆད་བྱད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་ཤོག །མ་ཧཱ་རཀྟ་ཁཱ་ཧི། གཏུམ་དུ་བརྡུ་བ་ནི། ཧཱུྃ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །རྡོ་རྗེ་མེད་པ་ལ་སྙིང་བསྲེགས་
(༤༩༧)ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློགས། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུང་བྱས་ནས། །ལྷ་ཡང་རུང་སྟེ་བསྒྲལ་བར་གྱིས། ཁ་ཐཾ་ཁ་ཐཾ་ཁ་ཐཾ། ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། ཧ་ཧ་ཧ། ཧཱུྃ། སྣང་སྲིད་ཐམས་ཅད་ཕུར་བའི་རང་བཞིན་ལ། ཁམས་གསུམ་འཁོར་བ་མིང་ཡང་མི་གྲག་ཀྱང་། །རྒྱལ་བའི་རྫུ་འཕྲུལ་ཆེན་པོ་བསྟན་པའི་ཕྱིར། །རྡོ་རྗེ་མངོན་སྤྱོད་ཕྲིན་ལས་མཛད་ལ་བསྟོད། །ཅེས་བསྟོད་ནས་བདག་ཉིད་གསོ་བའི་ཕྱིར་བསྐྱེད་རིམ་གསལ་ལ་ཀཱི་ལ་ཡ་བརྒྱ་རྩ་བརྒྱད་བཟླ། གཏང་རག་གི་དོན་དུ་ཚོགས་ཀྱི་མཆོད་པ་དབུལ། མ་འབྱོར་བ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་གསོལ། །ཡིག་བརྒྱས་བཤགས། རྩ་སྔགས་ཀྱིས་དགང་བླུགས་གསུམ་ཕུལ་ལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུ ཡེ་ཤེས་པ་རྣམས་ཐུགས་ཀར་བསྡུ། ཨོཾ་ཨགྣེ་ཡེ་སྭཱ་ཧཱས་མེ་ལྷ་ལ་དགང་བླུགས་ཀྱི་གཏང་རག་དང་། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་གཏོར་མ་དབུལ་ཞིང་ཕྲིན་ལས་བཅོལ། བཛྲ་མུ མེ་ལྷ་རང་གནས་སུ་གཤེགས། དུག་ཁྲག་གི་ཆུས་མེ་ཅིག་ཅར་དུ་གཞིལ་ལ་ཐལ་བ་ལ་ཟོར་དང་གནན་པའི་ལས་བྱའོ། །ཕན་ཡོན་ནི་རྩ་རྒྱུད་ལས། མངོན་སྤྱོད་ཕྲིན་ལས་ཉེར་བསྡུ་བ། །མཐིང་ནག་གྲུ་གསུམ་དཀྱིལ་འཁོར་དུ། །སྦྱིན་སྲེག་དྲག་པོའི་ལས་བསྟན་པ། །རྫོགས་པའི་དུས་དེ་ཉིད་ལ་ཡང་། །གནོད་པའི་དགྲ་བགེགས་མེད་བྱས་ནས། །ཡེ་ཤེས་ལྷུན་གྲུབ་ཉིད་དུའོ། །ཞེས་སོ། །རྡོ་རྗེ་ཕུར་པའི་རྒྱུད་སྡེ་རྒྱ་མཚོ་དང་། སྔོན་གྱི་བླ་རབ་མཁན་པོ་རྣམས་ཀྱི་གཞུང་ལ་ལེགས་པར་དཔྱད་ནས་དཔལ་ལྡན་པདྨ་འོད་གླིང་དུ་བཀོད་པའོ།། །།
(༤༩༨)ཕུར་པ་རྒྱུད་ལུགས་ལས། སྲི་གནོན་རྒྱ་གྲམ་ནག་པོ་བཞུགས། །
(༤༩༩)ལྕོམ་ལྡན་འདས་མཐུ་སྟོབས་ཀྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཕུར་པའི་སྒོ་ནས་སྲི་གནོན་པའི་ཐབས་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། སྟོབས་པོ་ཆེའི་རྒྱུད་ལས། རྒྱལ་པོ་ཕུང་པའི་ཕུང་སྲི་ནི། །མོན་དང་ཧོར་མོ་སྤྱི་རིང་མགོར། །ཆོས་འཁོར་དབུས་སུ་གནན་པར་བྱས། །ཡང་ན་ཡུལ་གྱི་མདོ་ཉིད་དོ། །དགྲ་སྲི་རྟ་གཡག་ཐོད་པ་རུ། །དགྲ་ཐུན་མཚམས་སུ་གནན་པར་བྱ། །དམ་སྲིག་ལི་སྦྱར་ཐོད་པ་རུ། །གོང་གི་དབུས་སུ་གནན་པར་བྱ། །བློན་པོ་ཕུང་པའི་ཕུང་སྲི་ནི། །སྤྲེའུའམ་ནེ་ཚོ་ཕ་ཝང་ཐོད། །འདུན་མ་འདུ་སར་གནན་པར་བྱ། །ཡུལ་ཁམས་ཕུང་བའི་ཕུང་སྲི་ནི། མཛོ་རྟོལ་དྲེའུའི་ཐོད་པ་རུ། །ཡུལ་གྱི་དབུས་སུ་གནན་པར་བྱ། །དམེ་ཡིས་ཕུང་བའི་ཕུང་སྲི་ནི། །གཡི་དང་གསའ་སྦྱང་ཐོད་པ་རུ། །གྲོང་རྡལ་ཆེན་པོའི་དབུས་སུ་མནན། །ཆུང་སྲི་ཁྱི་ཕག་ཐོད་པ་རུ། །མལ་བྱི་འོག་དུ་གནན་པར་བྱ། །དུར་སྲི་ཝ་ཐོད་གྲུམ་ཐོད་དམ། །ནང་
(༥༠༠)ན་ཟེར་མོའི་ཐོད་པ་རུ། །དུར་གྱིས་དབུས་སུ་གནན་པར་བྱ། །རྣམ་འབྱོར་དམ་སྲི་མི་དང་ཁྱི། །ཕག་ཐོད་ལ་སོགས་སྣོད་དུ་ནི། །མཆོད་རྟེན་འོག་ཏུ་གནན་པར་བྱ། །གོད་སྲི་ར་ལུག་ཐོད་པ་རུ། །ར་བའི་དབུས་སུ་གནན་པར་བྱ། །ཞེས་པས་སྣོད་དང་གནས་བསྟན་ཅིང་། དེའི་ནང་དུ་སྲི་ཅན་སོ་སོའི་ལིངྒ་བཅའ་ཚུལ་ནི། །འཁོར་ལོ་རྩི་བས་དྲུག་བྲིས་པ་ལ། །དབུས་སུ་སྲིད་དང་ཏྲི་བིའོ། །དགྲ་ལ་བྱེད་ན་ནྀྲ་ཡང་བྲི། །རྩིབས་དྲུག་ལ་ནི་སྔགས་དྲུག་བྲི། །ཐ་མ་ཁྲོ་བཅུའི་སྔགས་ཀྱིས་བསྐོར། །དབུས་ཀྱི་ལྟེ་བར་གཟུགས་བྲིས་ལ། །སྙིང་གར་རུས་ལ་དཔྲལ་བར་མིང་། །ཡན་ལག་བཞི་ལ་ཡིག་འབྲུ་བཞི། །མཱ་ར་ཡ་ཡིས་མཐའ་མ་བསྐོར། །སྔོ་དམར་དཀྲི་ཞིང་རེ་བས་གཏུམ། །ཞེས་པས་འཁོར་ལོ་མུ་ཁྱུད་གསུམ་པའི་ལྟེ་བར་དགྲ་སི་མ་གཏོགས་སྲི་ཅན་གྱི་ལིངྒ་ཐམས་ཅད་མི་གཟུགས་བྱ་མཆུ་ཅན་གྱི་སྙིང་གར་དགྲ་ལ་ནྀྲ་དང་། གཞན་རྣམས་ལ་ཏྲི་ཡིག་ཛ་སྤྲོད་ཀྱི་བར་དུ་གཏེམས་པའི་མཐའ་སྐོར་དུ་ཛཧཱུྃ་བཾ་ཧོམོ་ཧ་གྷ་ཡ་ཆེ་གེ་མོ་ཨོཾ་བཛྲ་ཨངྐུ་ཤ་ཛ ཆེ་གེ་མོ་ཧཱུྃ་ཛ ཞེས་པས་བསྐོར། དབྲལ་བར་སྲི་ཅན་གང་ཡིན་གྱི་མིང་སྤེལ་བཅུག་པའི་མནན་སྔགས་དཔེར་ན། ཨོཾ་ལཾ་ཧཱུྃ་ལཾ་རྒྱལ་པོ་ཕུང་བའི་ཕུང་སྲི་སྟྭམྦྷ་ནན། ཞེས་དང་། ཡན་ལག་བཞི་ལ་ཛཧཱུྃ་བཾ་ཧོ གཟུགས་ཀྱི་མཐའ་སྐོར་དུ་མཱ་ར་ཡ་ནན་རྣམས་བྲི། མུ་ཁྱུད་གཉིས་པར་འཁོར་ལོ་རྩིབས་དྲུག་གི་མགོ་ཐོག་ནས་རིམ་པའི་གཡས་བསྐོར་དུ། ཧ་ས་ཡར་སོགས་སྔགས་དྲུག་པོ་བྲི། མུ་ཁྱུད་གསུམ་པར་ཁྲོ་བཅུའི་སྔགས་མཐར་ཆེ་གེ་མོ་སྟམྦྷ་ནན། ཞེས་དང་ཕྱི་རོལ་ཛ་ཁྲམ་གྱིས་བསྐོར། དྷ་དུ་ར་དང་དུག་ཁྲག་གིས་བྱུགས། གཏོར་བཟློག་དང་འབྲེལ་ན་ཟོར་གཏོར་གྱི་
(༥༠༡)འོག་ཏུ་བྱེ་སྟེགས་གྱི་བྲུ་བ་ཁུང་ནང་དུ་བཅུག །གལ་ཏེ་སྲི་གནོན་རྐྱང་པ་བྱེད་ན་ལྕགས་ཀྱི་ཧོམ་ཁུང་ངམ། སླ་ང་བྱེ་མས་བཀང་པར་བྲུབ་ཁུང་གྲུས་པའི་ནང་དུ་ལིངྒ་བཅུག་ལ་ཁ་ཁྱེར་རྩང་གིས་སྲིན་མོ་འགྲོས་སུ་བསྐོར་བའི་སྟེང་བསྙེན་ཕུར་དར་ནག་བཀབ་པས་གཟིར། སྐྱེ་ཤང་ཉུང་དཀར་ལྕགས་ཟངས་ཕྱེ་མ་དུག་ཁྲག་གིས་ངར་བཏགས་པའི་ཐུན་རྫས་དང་། མནན་སྣོད་ཕུང་རེ་སོགས་ཀྱང་ཚོགས་པར་བྱའོ། །གཉིས་པ་དངོས་བཞི་ནི། བསྙེན་བསྒྲུབ་གདབ་ལས་ཚུལ་བཞིན་བྱ། ཟོར་དང་ཧོམ་དང་མནན་པ་དང་། ཐམས་ལས་སུ་གྲུབ་པ་ཡིན། །ཞེས་པའི་དོན་ལས་དང་པོ་བསྙེན་བསྒྲུབ་ནི། སྟེགས་མཐོ་བར་ཡི་དམ་དང་ཆོས་སྲུང་གི་མཆོད་གཏོར་ཚོགས་པར་བྱས་ལ། སྒྲུབ་ཐབས་འབྲིང་བསྡུས་གང་།།།ཀྱི་གཞུང་སྲངས་ནས་བཟླས་པ་ཅི་ནུས་བྱའོ། །གཉིས་པ་གདབ་ལས་ནི། གཏོར་བཟློག་དང་འབྲེལ་ན་གཟུ་དཔང་དང་། དམ་ཅན་གྱི་བསྐུལ། བཞི་སྙིང་དྲིལ་བའི་བཟླས་པ་གསུམ་གྱི་མཇུག་ཏུ་བླ་འགུགས་ཀྱི་ཕོ་ཉ་མོ་བཞིའི་སྒོས་བསྐུལ་དང་སྲི་ཅན་འགུགས་བའི་སྔགས་ཅི་ནུས་རེ་སྤེལ་ནས་ཚར་གང་འོས་ལྡབ། གལ་ཏེ་སྲི་གནོན་རྐྱང་པ་བྱེད་ན། དམ་ཅན་མཆོད་བསྐུལ་བསྡུས་པ་བྱས་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཧཱུྃ་བཾ་ཧོ ཀ་ཏཾ་ཀ་ཡེ་ཛ་ཡེ་བི་ཛ་ཡེ། ཨ་ཙི་ཏེ་ཨ་བ་ར་ཙི་ཏེ། མར་སྱཻ་ན་པྲ་མརྟ་ནི་ཡེ་སརྦ་བིག་ནན་བཾ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་བརྒྱད་བཟླས་སོ། །དེ་ནས་བླ་འགུགས་ཀྱི་ཕོ་ཉ་མོ་བཞི་བསྐུལ་བ་ནི། ཧཱུྃ། དཔལ་གྱི་ཕོ་ཉ་ལས་མཁན་མོ། །དཀར་མོ་དུང་གི་མཆེ་བ་ཅན། །མཁའ་ལ་འབྱུང་བའི་མཛོད་འཁྱིལ་མ། །ལག་ན་སྤུ་གྲིས་སེམས་ཅན་སྒྲོལ། །ཞལ་དུ་དགྲ་བོའི་སྙིང་ཁྲག་རྡུབ། །སྤྲུལ་པ་ཐོག་ཐོག་སེར་
(༥༠༢)ཆེན་འབེབས། །ཕོ་ཉ་སུམ་བརྒྱ་དྲུག་ཅུ་འགྱེད། །སུམ་བརྒྱ་དྲུག་ཅུའི་གཙོ་མོ་སྟེ། །བསྐལ་པ་བརྒྱད་ཁྲིའི་ཕ་རོལ་ནས། །དམ་ལས་འདས་པའི་བླ་འདྲེན་མ། །ཉམས་པའི་བླ་ལ་ནན་མཆུང་། །ལྷོ་ཡི་ཕྱོགས་ནས་འབྱུང་བ་ནི། །ནག་མོ་ལྕགས་ཀྱི་ལན་ཚར་ཅན། །ཁྱུང་གི་ཁྲ་ཐོགས་གཡས་པ་ན། བྷནྡྷ་གྲི་ཐོགས་གསོད་ལ་རྔམས། ཚངས་པ་བསྐྱིངས་པའི་ཆ་ལུགས་ཅན། །མི་སྡིག་མགོ་ལ་གཅེར་བུའི་ལུས། །ཕོ་ཉ་སུམ་བརྒྱ་དྲུག་ཅུ་འགྱེད། །སུམ་རྒྱ་དྲུག་ཅུའི་གཙོ་མོ་སྟེ། །བསྐལ་པ་བརྒྱད་ནས་བླ་ཚོལ་ཚོལ། དཔག་ཚད་བྱེ་བར་བླ་འགུགས་འགུགས། །ཉམས་པའི་བླ་དང་སྲོག་ལ་ཡ། །ནུབ་ཀྱི་ཕྱོགས་ནས་འབྱུང་བ་ནི། །དཀར་མོ་ཉི་མའི་འོད་འཕྲོ་མ། །གདུག་པ་འདུལ་ལ་དྲག་པོ་སྟེ། །གསོད་ལ་རྔམས་པའི་ལས་ལ་བརྩོན། །མཆེ་གཙིགས་གཡང་གཞི་གོས་སུ་གྱོན། །སུམ་བརྒྱ་དྲུག་ཅུའི་གཙོ་མོ་སྟེ། །རབ་ཏུ་བསྒྲུབས་ནས་བླ་འགུགས་མ། །ཉམས་པའི་བླ་དང་སྲོག་ལ་ཡ། །བྱང་གི་ཕྱོགས་ནས་འབྱུང་བ་ནི། །ལྗང་ནག་འཁྱིལ་བའི་ཐོད་གདོངས་ཅན། །སོར་མོ་རལ་ཅན་འབུམ་གྱིས་བསྐོར། །ཕྱག་ན་རལ་གྲི་གསོད་ལ་རྔམས། །སུམ་བརྒྱ་དྲུག་ཅུའི་གཙོ་མོ་སྟོ། །སྔོན་ནས་སྲི་ཅན་བླ་འགུགས་མ། །ཉམས་པའི་བླ་དང་སྲོག་ལ་ཡ། །ནམ་མཁའི་ལྷ་མོ་ཕུར་པའི་ལྷ། །ལག་བརྒྱ་ལྕགས་ཀྱི་ཕུར་པ་འདྲིལ། །སྤྱན་བརྒྱ་ཁྲག་གི་མཆི་མ་འཛག །ཞལ་བརྒྱ་གདུག་པའི་ངན་སྔགས་ཟློས། །ཚེམས་ཀྱིས་སྐྱེ་ཤི་རྩ་བ་བཅོད། །ཕུར་པའི་ལས་མཁན་ཆེན་མོ་མ། །རབ་ཏུ་མི་བསྲུན་ལས་ལ་བརྩོན། །ཕོ་ཉ་མང་པོ་ཕྱོགས་བཅུར་འགྱེད། །རྡ་རྗེ་སྐུ་གསུང་ཐུགས་ལས་སྤྲུལ། །ཉམས་པའི་བླ་དང་སྲོག་ལ་ཡ། །ཞེས་བསྐུལ། བླ་འགུགས་སྔགས་ནི། །ཛཧཱུྃ་བཾ་ཧོ ཨོཾ་བཛྲ་ཨངྐུ་ཤ་ཛ རྒྱལ་སྲི་ཧཱུྃ་ཛ ཞེས་པས་མཚོན་བརྒྱ་འམ་སྟོང་ཕྲག་རེའི་མཚམས་སུ་ཕོ་ཉ་བསྐུལ་བཅི་ནུས་བྱའོ། །དེ་ནས་ཟན་ལིང་རེ་
(༥༠༣)བཤམས་ལ་ཕྱི་དྲོའི་ཐུན་ལ་གདབ་ལས་རེ་བྱ་བའི། །དང་པོ་བསྐུལ་བ་ནི། ཧཱུྃ། དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཤྭ་ན་མུ་ཁའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །མཐུ་རྩལ་འབྱུང་བའི་དུས་ལ་བབ། །དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །གཏོགས་ཤིག་གྲོགས་དང་བྲལ་བར་གིས། །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ཟུང་ཞིག་ཆིངས་ཤིག་རྣམ་པར་ཆིངས། །རེངས་བར་ཁུག་ལ་སྨྲར་ཆུག་ཅིག །ལུས་ངག་རྡུལ་ཕྲན་བཞིན་དུ་རློགས། །ང་ཡི་དབང་དུ་གྱུར་ནས་ནི། །བསྒོ་བའི་བཀའ་རྣམས་ཉན་པར་གྱིས། །ཞེས་དང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཧཱུྃ་བཾ་ཧོཆེ་གེ་མོ་ཧ་ས་ཡ་ར་ཧྲི་ཏ་ན་ཨ་བེ་ཤ་ཡ་ཨ་བེ་ཤ་ཡ། ཤི་ཀྲི་ཨ་ན་ཡ་ཤི་ཀྲི་ཨ་ན་ཡ། ཛྭ་ལ་པ་ལཱ་ཛྭ་བ་ཡཱ། ཏ་ཐཱ་ཡ་ཏ་ཐཱ་ཡ། བནྡྷ་ཡ་བནྡྷ་ཡ་སརྦ་བིག་ནན་བཾ་ཧཱུྃ་ཕཊ། བརྒྱ་རྩ་བཟླ། གསུམ་པ་གནས་ལུང་ནི། ཧཱུྃ། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །གསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེས་གཏམ་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཨོཾ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ནན། མོ་ཧ་གྷ་ཡ་བྷ་ག་ཝཱ་ན་ཤི་གྲི་བི་ཀྲི་ཤྲཱི་བཛྲ་ཧཱུྃ་ཀ་ར་ཧཱུྃ་ཕཊ། བཞི་པ་ཕུར་གདབ་ནི། ཧཱུྃ། བདག་ཅག་རྣལ་འབྱོར་སྒྲུབ་པ་པོས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་གསོབ་པའི། །རིག་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་དང་། །དངོས་གྲུབ་ཕྲོག་ཅིང་འཚེ་བ་རྣམས། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་འདིར་ཁུག་ལ། མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་། །ལུས་ངག་རྡུལ་ཕྲན་བཞིན་དུ་རློགས། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཨོཾ་
(༥༠༤)བཛྲ་ཀཱི་ལི་ཀཱི་ལ་ཛཧཱུྃ་བཾ་ཧོཧ་ན་ཧ་ན་ཧཱུྃ་ཕཊ། ད་ཧ་ད་ཧ་ཧཱུྃ་ཕཊ། པ་ཙ་པ་ཙ་ཧཱུྃ་ཕཊ། མ་ཐཱ་མ་ཐཱ་ཧཱུྃ་ཕཊ། ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ། སུ་རུ་སུ་རུ་ཧཱུྃ་ཕཊ། མུ་རུ་མུ་རུ་ཧཱུྃ་ཕཊ། ཀ་ཏང་ཀ་ཏོ་ཧཱུྃ་ཕཊ། ཛ་ཡི་བི་ཛ་ཡེ་ཧཱུྃ་ཕཊ། ཨ་ཙི་ཏ་ཨ་བར་ཙི་ཏ་མར་སྱིན་པྲ་མརྟ་ན་ཡེ་སརྦ་བིག་ནན་བཾ་ཧཱུྃ་ཕཊ། ཧཱུྃ། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་གནོད་སྦྱིན་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་མཛོད། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཧཱུྃ་བཾ་ཧོཔ་ར་བིག་ནན་སརྦ་བིག་ཏན་ཧཱུྃ་ཕཊ། ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ། བིནྡྷ་བིནྡྷཧཱུྃ་ཕཊ། གྷྲི་ཧ་ན་གྷྲི་ཧ་ན་ཧཱུྃ་ཕཊ། ཧ་ན་ཧ་ན་ཧཱུྃ་ཕཊ། ད་ཧ་ད་ཧ་ཧཱུྃ་ཕཊ། བནྡྷ་བནྡྷ་ཧཱུྃ་ཕཊ། སརྦ་ཨ་ན་ཡ་ཧཱུྃ་ཕཊ། ལྔ་པ་གསད་གྲིས་གཟིར་ཞིང་། ཧཱུྃ། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། ཁྱོད་ཀྱི་དམ་ཚིག་དུས་ལ་བབ། སྔོན་ཆད་ཇི་ལྟར་དམ་བཅས་པའི། །མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཧཱུྃ་བཾ་ཧོ མ་ཐཱ་མ་ཐཱ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། སུ་རུ་སུ་ར་བཛྲ། མུ་རུ་མུ་རུ་བཛྲ། སརྦ་བིག་ནན་བཾ་ཧཱུྃ་ཕཊ། དྲུག་པ་ཐུན་དབབ་པ་ནི། ཧཱུྃ། རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཧཱུྃ་བཾ་ཧོཀ་ཏང་ཀ་ཏེ། ཇོ་ཡེ་བི་ཛ་ཡེ། ཨ་ཙི་ཏ་ཨ་པ་ར་ཙི་ཏེ། མར་སྱཻ་ན་པྲ་མརྟ་ན་ཡེ་ཧཱུྃ་མ་མ་པཱ་ཤཾ་ཀུ་རུ་མ་གཏང་ཉ་ཀ་ར་ཨི་ནན་དྷ་ཏི་མམ་ཀརྨ་ཤི་ཀྲཾ་ཀ་ར་ཡ་སརྦ་བིག་ནན་བཾ་ཧཱུྃ་ཕཊ། བདུན་པ་གཏུན་དུ་བརྡུང་བ་ནི། ཧཱུྃ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །རྡོ་རྗེ་མེ་དཔལ་སྙིང་བསྲེགས་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློགས། །ཁྲོ་མོ་བར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོབས་བརྡུང་བྱས་ནས། ལྷ་ཡང་རུང་སྟེ་བརླག་པར་འབྱུང་། ཁ་ཐཾ་ཁ་ཐཾ། ཉེར་གཅིག་བརྗོད། བརྒྱད་པ་བསྟབ་པ་ནི། ཧཱུྃ། བདག་ཉིད་ཆེན་མོའི་དུས་ལ་བབ། །ཁྱོད་ཀྱི་
(༥༠༥)དམ་ཚིག་དུས་ལ་བབ། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་ནི་ཉན་པར་བྱོས། །ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་ཡཀྴ་ཀྲོ་དྷ་ཁཱ་ཧི་ཁཱ་ཧི། ཧ་ཧ་ཧ། གེལ་ཏེ་གཏོར་བཟློག་དང་འབྲེལ་ན་བཟློག་པའི་ཕྲིན་ལས་གཞུང་བསྲངས་ནས། ཐུན་གཏོར་འཕང་བ་ཡན་ཆད་ཉིན་ལྟར་བྱའོ། །གསུམ་པ་རྗེས་ཀྱི་རིམ་པ་ལ། གཏོར་བཟློག་དང་འབྲེལ་ན་ཉིན་ཐ་མར་ཟོར་ལམ་དབྱེ་བ་ནས་བཟུང་འཕང་བའི་ལས་ཡན་ཆད་སྔོན་དུ་བྱས་ནས་ལས་མཐའ་མནན་པས་བསྡུ་བའི་ཚུལ། ཟོར་དང་ཧོམ་དང་མནན་པ་དང་། །ཐ་མས་ལས་སུ་གྲུབ་པ་ཡིན། །ཞེས་པས་བསྟན་ལ། དེའི་ཚུལ་ཡང་། གང་དུ་བྱེད་པར་གྲུ་གསུམ་བྲུས། །ཨེ་ཡི་ཚོགས་ཀྱི་གཞལ་ཡས་བསྐྱེད། །སྟོབས་པོ་ཆེ་ཡི་ཐུགས་ཀ་ནས། ཛལས་ལྕགས་ཀྱུས་དགུག་ཅིང་བསྟིམ། །ཐོད་པའི་ནང་དུ་སྦས་ནས་ནི། །སྟོབས་པོ་ཆེ་ཡི་ཕུར་པས་གདབ། །རྒྱ་གྲམ་མནན་ཅིང་ལས་བཞིས་བརྡུང་། །གང་ལ་བྱས་ཀྱང་ཐེ་ཚོམ་མེད། །ཅེས་པ་ལྟར་ལྟོ་འཕྱེ་ལ་མི་གནོད་པའི་ཆོགས་དོང་ཚད་དང་ལྡན་པ་བྲུས་ལ། དགྲ་འདྲེ་སོ་སོའི་ལྟེ་བ་ཚུལ་གྱི་རཱུ་བ་རང་སྣོད་དུ་བཅུག །ཚོན་སྐུད་སྔོ་དམར་གྱིས་དཀྲིས། ཕུང་རེས་གཏུམས་ལ་མནན་སར་སླེབ་པ་དང་། གཞི་བདག་དང་ཀླུ་ལ་དཀར་གཏོར་བསྔོས་རྗེས། མནན་དོང་གཤིན་རྗེ་ནག་པོའི་ལྟོ་བར་བསམས་པའི་ནང་དུ་མནན་ཆས་བསྐུར་ལ། ཐུན་བརྡེག །དུག་ཁྲག་གཏིབ། །དུག་གཏོར་སྐྱུར། གུ་གུལ་བདུག །དུར་གཡམ་ལ་རྡོར་རྒྱ་བྲིས་པས་བཀའ་བའི་སྟེང་ཕུར་པ་གཅིག་སྟོབས་པོ་ཆེར་བསམས་ལ་གཟིར་ཧཱུྃ། སྲི་ཅན་བསྒྲལ་བའི་ཞིང་ཡིན་ཏེ། སངས་རྒྱས་བསྟན་པ་ཁྱོད་ཀྱིས་བཤིག །དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་སྨད། དགེ་ལ་རྒྱབ་ཀྱི་ཕྱོགས་པ་ཁྱོད། །ཡོན་བདག་རྣམས་ལ་གནོད་པ་བྱས། །སྔགས་འཆང་རྣམས་ཀྱི་སྐུ་ལ་བསྔོས། །ཚེ་རབས་སྔ་མའི་ལན་ཆགས་པ། །སྡང་བའི་དགྲ་དང་གནོད་པའི་སྲི། །གྲུ་གསུམ་འབར་བ་འདིར་སྩལ་བས། །
(༥༠༦)ནོར་གྱི་དོགས་ནས་མིང་རུས་འདྲི། །རྡོ་རྗེ་ཁྲོ་བོ་འཁོར་བཅས་ཀྱི། །ཟིལ་གྱིས་གནོན་པའི་ཕྲིན་ལས་མཛོད། །སྲི་ཅན་འདི་ལས་འདྲེ་ཆེ་མེད། །སྲི་ཅན་འདི་ལས་ཚེ་རིང་མེད། །ཚ་བའི་དཔལ་དང་གསོན་གྱི་བདུད། །གཤིན་གྱི་ལྕགས་སུ་ཆེ་བའི་སྲི། །ཆུང་སྲི་རྒྱལ་བློན་དམངས་ཀྱི་སྲི། །རྗེ་ཁོལ་ཞེང་ཚ་ཚ་ཡི་སྲི། །ཕ་སྲི་བུ་སྲི་ནུ་བོའི་སྲི། །དགྲ་སྲི་མེ་སྲི་ཕུང་བའི་སྲི། །དུར་སྲི་གོད་སྲི་སྒོ་སྲི་རྣམས། །སྲི་ཅན་མ་ལུས་འདུལ་བའི་ཕྱིར། །དཔལ་ཆེན་ཁྲོ་བོའི་སྐུར་བསྒོམས་ནས། །ཐམས་ཅད་རྡུལ་དུ་བརླག་པར་བྱ། །རྡོ་རྗེ་གཞོན་ནུའི་ཕུར་བུ་བསྟན། །གཤིན་རྗེ་ནག་པོའི་ལྟོ་བར་གཞུག །ཡ་མ་རཱ་ཛའི་ཟས་སུ་སྦྱིན། །མ་མ་རྣམས་ལ་མཆོད་པར་འབུལ། །ཕོ་ཉ་རྣམས་ཀྱི་འགུགས་འདྲེན་བྱ། །རི་རབ་ཆེན་པོའི་རྨད་དུ་སྦ། །གཤིན་རྗེའི་བུ་ཡི་ལག་ཏུ་གཏད། །རྒྱ་མཚོ་ཆེན་པོའི་གཏིང་དུ་བསྐྱུར། །མཚོན་ཆེན་འབར་བའི་རྩེ་མོས་བཅད། །རྡོ་རྗེ་ཕུར་པའི་དཔལ་གྱིས་གདབ། །ཡེ་ཤེས་རྣོན་པོའི་རྩེ་ལ་གཏད། །རཀྟ་འབར་བའི་རྦ་ལ་བཏང་། །ཉུང་དཀར་སེལ་མེད་འབེམ་དུ་གཟུགས། །གུ་གུལ་སྦྱར་བའི་དུད་པས་བདུག །དུག་གི་གཏོར་མས་མྱོས་སུ་འཇུག །ལྕགས་ཕྱེ་ཟངས་ཕྱེའི་དཔལ་གྱིས་གཅད། །གཏུན་ཁུང་རྡོ་རྗེ་ཐོ་བས་བརྡུང་། །ཁྲོ་བོ་རོལ་པའི་ཚོགས་སུ་དབུལ། །དགྲ་བགེགས་སྙིང་ལ་སྙིང་གཟེར་གདབ། །བྱང་ཆུབ་སེམས་ནི་མ་སྐྱེས་བར། །ན་ཡང་གཏང་བར་མི་བྱའོ། །ཨོཾ་ལཾ་ཧཱུྃ་ལཾ་སྟྭ་མྦྷ་ནན། ཞེས་བརྗོད། ས་དང་མེ་ཆུའི་རྒྱས་འདེབས་སྤེལ་རྗེས། སྟེང་དུ་ལག་པ་ལུ་གུ་རྒྱུད་དུ་བྲོ་བརྡུང་། སུམྦྷ་ནི་བརྗོད། ནང་དུ་ལོག་ནས་ཚེ་འགུགས། ཉེར་བསྡུ། ཤིས་བརྗོད་སོགས་སྤྱི་ལྟར་བྱ་བ་ཉིད།། །།དགེའོ།། །།
(༥༠༧)ཕུར་པ་རྒྱུད་ལུགས་ལས་ཕན་གནོད་ལས་ཚོགས་རྡོ་རྗེ་ཕ་ལམ་བཞུགས།།
(༥༠༨)བཅོམ་ལྡན་འདས་དཔལ་ཆེན་ཁྲག་འཐུང་ལ་ཕྱག་འཚལ་ལོ། །ཕན་གནོད་ཀྱི་ལས་ཚོགས་གཉིས་ལས། དང་པོ་ནི། གབ་པ་འཁོར་ལོའི་རྒྱུད་ལས། སེམས་དཔའ་ཆེན་པོས་ཕན་པའི་ལེའུ་བཤད་དུ་གསོལ། །ལས་ཀྱི་སེམས་དཔའ་ཉོན་ཅིག །ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་སྔགས་འདི་བྱིན་གྱིས་བརླབས་ནས་གསུངས་སོ། །ཨོཾ་བྷུར་ཁུང་མ་ཧཱ་པྲ་ན་ཙེ་བྷུ་རྩེ་བྷི་མ་ན་སེ་བྱི་ཏ་ཀྲོ་ཏི། ཨོཾ་ཤི་མ་གོ་ཁུ་ལིང་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་བྷུ་ར་ཁུང་ཧོ་ར་རེ་ནི་ཧོ་ཡ་བྷྱོ། རཏྣ་ཁ་ཧི་བྷི་མ་ན་ས་མོ། ཤིང་མོ་ཀུ་ལུ་ཀུ་ལུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་བྷུ་ར་ཁུང་མ་ཧཱ་པྲ་ན་ཅོ་བི་མ་ན་སེ། ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ། དེ་བཞིན་གཤེགས་པ་རྣམས་ཀྱིས་སྙིང་པོ་འདི་གསུངས་ནས་མི་སྣང་བར་གྱུར་ཏོ། །སེམས་དཔའ་ཆེན་པོ་རྐྱེན་བཟློག་པའི་རྫས་གང་ལགས། ལས་ཀྱི་སེམས་དཔའ་ཉོན་ཅིག །རྫས་འདི་རྣམས་ལགས་ཏེ། གལ་ཏེ་གསོ་བར་འདོད་ན་གུ་གུལ་
(༥༠༩)ལ་སྔགས་ཀྱིས་བཏབ་སྟེ་བསྲེགས་ནས་བརྒྱ་རྩ་བརྒྱད་བཏབ་ན་གསོས་པར་འགྱུར་རོ། །སེར་བ་འོང་ན། བསྡིགས་མཛུབ་ཀྱི་ཕྱག་རྒྱ་བསྟན་ན་སེར་བ་འཆད། འབྲུག་འབྲོས། ཐོག་འཆད་དོ། །རིམས་ནད་ན་བ་ལ་བྱ་མོ་ནག་མོའི་དོང་རུས་ཆུས་བཏབ་བོ། །ཀླུའི་རྟེན་ཡོད་ན་ཐལ་བ་གཙང་མ་ལ་སྔགས་བཏབ་ན་མི་དེ་ལ་སེམས་ངན་མེད་པར་འགྱུར་རོ། །མཆེ་བ་ཅན་ཟ་བ་ཡོད་ན། ཁ་ནས་ཟན་ལ་སྔགས་བཏབ་ལ་སྦྱིན་ནོ། །ཀླད་པ་གཟེར་ན་གང་ན་བ་ལ་ཕུར་པ་ལ་སྔགས་བཏབ་པའམ། ཡང་ན་གུར་གུམ་མམ་ཙནྡན་ལ་སོགས་ལ་བྱའོ། །བལ་ནད་ན་བ་ལ་ཕབ་ཟེར་ཞེས་སྔགས་ཏེ་ཁུ་བ་བཙིར་ལ་བླུད་དོ། །མི་ལོ་ནད་ཀྱིས་ན་བ་ལ། ནད་པའི་མིང་ཤོག་བུ་ལ་བྲིས་ལ། ནད་པའི་ཁྲི་འོག་ཏུ་བཅུག་ལ་སྔགས་གདབ་བོ། །སྐྲངས་པ་ལ་ཉིན་མཚན་དུ་གདབ་པོ། །ཕ་རོལ་སྨྲ་ཤེས་པར་བྱ་ན། ཁོའི་མིང་རུས་ཁར་གཞུག་གོ། །ར་ལུག་ལ་སྤྱང་ཀི་འོང་ན། དོམ་ཕོ་དོམ་མོའི་སྐེ་རུ་སྔགས་བྲིས་ལ་གདགས་སོ། །སྔགས་འདི་འབྲས་དང་ལྷོག་པ་དང་། དེ་རྣམས་ལ་གུ་གུལ་བསྲེགས་ཤིང་བསྒྲུབ་པའོ། །ལིང་ཏོག་ལ་སྔགས་འདི་ཕུས་གདབ་པོ། །ཆུ་འགག་ན་གླ་བ་དང་མར་ལ་གདབ། །སྦོས་ནས་ནན་ཆང་ཁྱེའུའི་ཆུ་ལ་བསྲེས་ནས་གདབ་པོ། །དེ་ཉིད་ལ་སྔགས་དེ་བཏང་ངོ་། །འདྲེའི་གནོད་པ་ཆེ་ན་ཆུ་དང་ཡུངས་ཀར་ལ་བསྔགས་ལ་བླུད་དོ། ནད་པ་སྲུང་བར་བྱེད་ན། སྔགས་བར་མ་ཆད་པར་བཟླས་ན། གདོན་མི་ཡོང་བར་འགྱུར་རོ། །སོས་ཀ་དག་གི་དུས་སུ་ཡུངས་ཀར་ལ་སྔགས་
(༥༡༠)བཏབ་ན་ཆང་ཐུབ་པར་འགྱུར་རོ། །དེས་ཞོ་ཡང་ཐུབ་པར་འགྱུར་རོ། །ལྷ་ཉེ་བར་བྱ་ན། སྒོས་བསྲེགས་ཤིང་སྔགས་བཟླས་སོ། །བ་ལང་ཁོང་ལོག་གཉུང་དཀར་ལ་སྔགས་བཟླས་སོ། །ཞིང་ལ་སྲིན་ཟ་ན་ཉུང་དཀར་དང་ཆེན་སྲས་ཏེ་ཞིང་མཐའ་བསྐོར་ཞིང་བཏབ་ན་ངོས་གཅིག་ཏུ་འགྲོའོ། །སོ་ལ་སྲིན་ཟ་ན་བཅས་ཏེ་ཐད་ཀར་གདབ་པོ། །མིག་ལ་སྲིན་ཟ་ན་བུད་ཤིང་གདབ་བོ། །བང་མཛོད་ལ་གནོད་པར་བྱེད་ན་ཙནྡན་ནམ་ཤུག་པའི་ཕུར་པ་སོར་བཅུ་གཉིས་པ་ལ་བསྔགས་ལ། ཐོད་པ་མཚན་ངན་འབྲུ་ནག་པོས་བཀང་ལ་དར་ནག་པོའི་ཅོད་པན་དང་བཅས་པས་ཧཱུྃ་ཀཱ་རའམ། རྣམ་པར་རྒྱལ་བར་མང་གསོལ་ལ། དབུས་སུ་བཞག་པར་བྱའོ། །ཞེས་སོ། །གཉིས་པ་ནི། གསེང་རྒྱུད་ལས། དེ་ནས་རྡོ་རྗེ་འདུས་པས་འདི་སྐད་ཅེས་གསོལ་ཏོ། དམ་ཆོས་གཞུང་སྤྱོད་རྣལ་འབྱོར་ལ། །བར་ཆོད་སྐུ་དགྲ་བྱུང་གྱུར་ན། །གཞན་ཉིད་སྐྲག་པར་བྱ་བའི་ཕྱིར། །ཐོག་དང་སེར་བ་དབབ་པ་དང་། །མི་ནད་ཕྱུགས་ནད་བཏང་བ་དང་། །སྨྱོ་བ་དང་ནི་འབོག་པ་དང་། །མྱོས་པ་དང་ནི་ལྐུགས་པ་དང་། །འཐབ་ཏུ་གཞུག་དང་སྐྲོད་གྱུར་ན། །ཐབས་དང་རིམ་པ་ཇི་ལྟར་ལགས། །དཔའ་བོ་ཁྱོད་ཀྱིས་བཤད་དུ་གསོལ། །ཞེས་གསོལ་པས། གསོལ་བའི་དོན་ཐུགས་སུ་ཆུད་ནས། གཞན་སྐྲག་པར་བྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་བཀའ་སྩལ་ཏོ། །དེ་ལ་ཐོག་དབབ་པར་འདོད་པས། ལྕགས་སྣ་ལྔ་ལ་དྲག་པོའི་ཕུར་པ་བྱས་ཏེ། ཀླུ་ནག་པོའི་གནས་སུ་དཀྱིལ་འཁོར་ནག་པོ་གྲུ་གསུམ་བྱས་ལ། འབྲས་ཀྱི་ཟ་ན་ལ་ཀླུ་རྒྱལ་གཟུགས་བྱས་ལ། ཀླུ་ཡི་
(༥༡༡)རྒྱལ་པོ་དགུག་གཞུག་བསྟིམ་ནས་ནི། ཕུར་བ་རྡོ་རྗེ་འདུས་པའི་བསྙེན་པ་འབུམ་བྱས་ཏེ། ཀླུའི་རྒྱལ་པོ་ལ་བཏབ་སྟེ། ཀླུ་གནད་ལ་བོར་ན་ཐོག་དུས་སུ་ཕེབས་པར་འགྱུར་རོ། །སེར་བ་དབབ་པར་འདོད་པས་ཤེར་ཤིང་ནག་པོ་ལ་ཕུར་པ་བྱས་ཏེ། འབྲས་སེར་པོའི་ཟ་ན་ལ་ནི། ཁྱབ་འཇུག་གཟའ་རྒྱལ་གཟུགས་བྱས་ལ། བདག་ཉིད་ལྷའི་རྣལ་འབྱོར་གདེངས་དང་ལྡན་པར་བྱས་ལ། ལྕེ་བོག་ནག་པོའི་དུད་པས་བདུག་ཅིང་། ཁྱབ་འཇུག་རྒྱུ་བའི་དུས་སུ། ཁྱབ་འཇུག་ཉིད་གཟུགས་ལ་ཕབ་སྟེ། ཕུར་པས་བཏབ་ལ་གནད་ལ་ཕབ་ན། སེར་བདུས་བཞིན་དུ་ཕེབས་པར་འགྱུར་རོ། །མི་ནད་གཏང་བར་འདོད་པས། མི་གང་རིམས་ཀྱིས་ཤི་བའི་མཆོད་ཕུར་གཡས་པ་ཐོགས་ལ། དབང་གི་དཀྱིལ་འཁོར་ཟླ་གམ་དམར་པོ་བྱས་ཏེ། རིམས་ཀྱིས་ཤི་བའི་རོ་རས་ལ། བྲམ་ཟེ་ནག་མོའི་མངལ་ཁྲག་གིས་མིང་རུས་བྲིས་ཏེ། ཟིར་ནག་པོའི་དུད་པས་བདུག་སྟེ། དགྲ་བགེགས་བཀུག་ལ་བསྟིམ། པདྨ་འདུས་པའི་བསྙེན་པ་འབུམ་བྱས་ཏེ། ཕུར་པ་བཏབ་སྟེ་དགྲ་བོའི་ཉལ་སར་སྦས་ན། མི་ནད་འབེབས་པར་འགྱུར་རོ། །ཕྱུགས་ནད་གཏང་བར་འདོད་པས། སེང་ལྡིང་གི་ཕུར་པ་ཐོགས་ཏེ། ཕྱུགས་ནད་ཀྱིས་ཤི་བའི་ཁྲག་གིས་མ་ཧེའམ་རྟ་མཆོག་གི་པགས་པ་ལ་དགྲ་བོའི་ཕྱུགས་ནོར་གྱི་མིང་བྲིས་ལ་ཕུར་པ་བཏབ་སྟེ། ཕྱུགས་ལྷས་སམ་བྲས་སུ་བཏང་ན། ཕྱུགས་ནད་འབབ་པར་འགྱུར་རོ། །མྱོས་པར་འདོད་པས། བྲམ་ཟེའི་མཆོག་ཕུར་གཡས་པ་ཐོགས་ལ། ནགས་ཚལ་ཆེན་པོའི་གནས་སུ་དཀྱིལ་འཁོར་སེར་པོ་གྲུ་བཞི་
(༥༡༢)གཅིག་བྱས་ལ། རྩྭ་དགུ་ན་མའི་ལོ་མ་ལ་གཟུགས་བྱས་ལ། དྷ་དུ་རའི་དུ་བས་བདུག་སྟེ། རིན་ཆེན་འདུས་པའི་བསྙེན་པ་འབུམ་བྱས་ལ། གཟུགས་ས་ལ་ཕབ་སྟེ། ཕུར་པས་ལྕེ་ལ་བཏབ་སྟེ་ཡི་དྭགས་གནས་པའི་སར་སྦས་ན། མི་དེ་སྨྱོ་པར་འགྱུར་རོ། །འབོག་བར་འདོད་པས། གཡེར་ཤིང་ངམ་སྐྱེར་པའི་ཕུར་པ་ཐོགས་ཏེ། རས་སམ་གྲོག་ལ་ཨ་དཀར་གྱི་ཁུ་བས་མིང་རུས་བྲིས་ནས། གོང་མ་བཞིན་དུ་ལས་བྱས་ཏེ། འབྱུང་པོ་གནས་པའི་སར་སྦས་ན་མི་དེ་བོག་པར་འགྱུར་རོ། །མྱོས་པར་བྱ་བར་འདོད་ན། རྒྱལ་རིགས་ཀྱི་མཆོག་ཕུར་གཡས་པ་ཐོགས་ཏེ། རི་བོ་འདུས་པའི་རྩེར་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བྱས་ཏེ། དུག་ཤིང་གདུག་པའི་ལོ་མ་ལ་གཟུགས་བྱས་ལ། ཙནྡན་དཀར་པོའི་ཐང་ཆུས་མིང་རུས་བྲིས་ལ། མི་ཚིལ་གྱི་དུ་བས་བདུག་ལ། བུདྡྷ་འདུས་པའི་བསྙེན་པ་འབུམ་བྱས་ལ་གཟུགས་ལ་ཕབ་སྟེ། སྤྱི་བོའི་གཙུག་ཏུ་ཕུར་པ་བཏབ་སྟེ། མ་མོའི་གནས་སུ་སྦས་ན། མི་དེ་ཤིན་ཏུ་ཡང་མྱོས་པར་འགྱུར་རོ། །ལྐུགས་པར་བྱ་བར་འདོད་ན། ཤུག་པའམ། འཇག་གི་ཕུར་པ་ཐོགས་ལ། ཤོག་ཤོག་གམ་ཤིང་ཤུན་ལ་སྔར་ལྐུགས་ནས་ཤི་བའི་ཀླད་ཁྲག་གིས་མིང་རུས་བྲིས་ཏེ་གོང་མ་བཞིན་ཕུར་པ་ལྕེ་ལ་བཏབ་ནས། ས་བདག་གནས་པའི་སར་སྦས་ན། མི་དེ་ཤིན་ཏུ་ཡང་ལྐུགས་པར་འགྱུར་རོ། །གང་ཞིག་འཐབ་པར་འདོད་ན་ནི། དམངས་རིགས་ཀྱི་མཆོག་ཕུར་གཡས་པ་ཐོགས་ལ། ཤིང་རྐང་གཅིག་གི་གནས་སུ་དཀྱིལ་འཁོར་ནག་པོ་གླུ་གསུམ་བྱས་ཏེ། འུག་པའི་པགས་པ་ལ་བྱ་རག་གི་ཁྲག་གིས་ཁོ་དང་མཛའ་
(༥༡༣)བའི་མིང་བྲིས་ཏེ། སྦྲུལ་དང་རྨིགས་བུ་ལྟོ་སྦྱར་བའི་བར་དུ་བཀུག་སྟེ། ཚོན་སྐུད་ཀྱིས་བཅིངས་ཏེ། རྡོ་སོལ་ནག་པོའི་མེས་བསྲེགས་ཏེ། ལས་རབ་འདུས་པའི་བསྙེན་པ་འབུམ་བྱས་ཏེ། མིང་བྱང་གཉིས་ཀྱི་མཚམས་སུ་ཕུར་པ་བཏབ་སྟེ། དུར་ཁྲོད་ཀྱི་ཤིང་རིངས་ལ་བཏགས་ཏེ། རླུང་ཆེན་པོ་ལ་ཕྱར་ན། མཛའ་བོ་དང་འཐབ་པར་འགྱུར་རོ། །བསྐྲད་པར་འདོད་པས། སྨྲ་ཤིང་གི་ཕུར་པ་ཐོགས་ཏེ། རླུང་གི་རྔ་མོའི་པགས་པ་ལ། རཀྟས་མིང་རུས་ཡུལ་ཁྱིམ་གྱི་མིང་བྲིས་ལ། གོང་མ་བཞིན་དུ་ལས་བྱས་ཏེ། ཁྱིམ་གྱི་རྩིག་རྨད་དུ་སྦས་ན། མི་དེ་ཡུལ་དབྱུང་བར་འགྱུར་རོ། །གཞན་ཡང་བསྐྲད་པའི་ལས་ཀྱི་རིམ་པ་འདི་ནི། ལས་དང་པོ་པ་རྣམས་ཀྱི་སྤྱོད་ཡུལ་མིན་ནོ། །ཏིང་ངེ་འཛིན་ལས་སུ་རུང་ཞིང་རྟགས་མཐོང་ཞིང་དྲོད་ཚད་ཟིན་པ་རྣམས་ཀྱིས་ནི་གདོན་མི་ཟ་བར་འགྱུར་རོ། །ཞེས་སོ། །མདོར་ན་མནན་པ་དང་། བསྐྲད་པ་དང་། དབྱེ་བ་ལ་སོགས་པའི་དྲག་ཤུལ་གྱི་ལས་ཆེན་རྣམ་པ་ཐ་དད་པའི་ལས་ཚོགས་ཡོད་ཀྱང་ད་ནི་ལྔ་བརྒྱའི་ཐ་མ་ཉིད་ཀྱི་ཕྱིར་ར་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ཕུར་བུའི་དང་དུ་རྣམ་པར་རིག་བྱེད་ཀྱི་ལས་ཉོན་གསད་པ་ལ་བརྩོན་པར་བྱས་པས་ངན་འགྲོའི་གོ་འཕང་ལས་ཕྱིར་ཕྱོགས་པར་འགྱུར་རོ།། །། །དགེའོ། །དགེའོ། །དགེའོ།། །།